rKTs


H259

(e-text produced by ACIP)

see text in transliteration
385a
རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་སྱ་གུ་ཧྱ་སིདྡྷྱ་རྠ་ཨ་བྷི་ས་མ་ཡ་ཧེ་ཏུ་སརྦ་བོ་དྷི་སཏྭ་སྱ་ཙརྱ་ས་མུ་དྲ་དེ་ཤ་བུདྡྷོཥྞྵི་ཥ་ཤཱུ་རངྒ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་
385b
འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཤཱཀྱའི་སྲས་པོ་ཆོས་ལ་དབང་ཐོབ་པ། སྲིད་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། གྲོང་ཁྱེར་གྱི་སྐྱེ་བོ་ལ་སྨན་པར་མཛད་པ། སངས་རྒྱས་དང་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར་བ། ཚོས་ཀྱི་ཚུལ་སྟོན་པར་ནུས་པ། འདུལ་བའི་ཚུལ་གཙང་བ། ཁམས་གསུམ་ལས་འཕགས་པའི་སྤོབས་པ་ཅན། རྫུ་འཕྲུལ་དཔག་ཏུ་མེད་པ། གདུལ་བྱ་སྒྲོལ་བར་བྱེད་པ། མ་འོངས་པའི་འགྲོ་བ་འདྲེན་པ། སྡུག་བསྔལ་གྱི་འོབས་ལས་བརྒལ་བ་ཤ་སྟག་ལ་འདི་ལྟ་སྟེ། གཙོ་བོར་གྱུར་བ་ནི། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ཆེན་པོ་དང ། གསུས་པོ་ཆེ་དང ། གང་པོ་བྱམས་མའི་བུ་དང ། རབ་འབྱོར་དང ། ཉེ་རྒྱལ་སོགས་ཉན་ཐོས་ཆེན་པོ་རྣམས་དང ། གཞན་ཡང་རང་རྒྱལ་སློབ་པ་དང་མི་སློབ་པའི་དགེ་འདུན་དང ། གསར་དུ་ཞུགས་པའི་ཉན་ཐོས་གྲངས་མེད་པ་རྣམས་དང་ལྷན་ཅིག་ཏུ་དབྱར་གནས་པ་ལས་དགག་དབྱེའི་དུས་སུ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཐེ་ཚོམ་གཅོད་པའི་སློད་དུ་བཅོམ་ལྡན་འདས་ལ་ཆོས་སྟོན་པར་གསོལ་བར་ལྷགས་ནས་བཅོམ་ལྡན་འདས་ལ་ཐུགས་བརྩེ་བས་རྗེས་སུ་གདམས་པ་དང ། གསང་བའི་གནས་ཡོངས་སུ་ཞུ་བར་འཁོད་
386a
༄#། །པ་ན།་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གསང་བ་འདི་འཆད་པར་མཛད་པའི་ཕྱིར་གདན་བཤམས་པ་ལ་སྐུ་དྲང་པོར་བསྲངས་ནས་བཞུགས་ཏེ། འཁོར་འདུས་པ་རྣམས་ཀྱིས་ཐོས་པར་དཀའ་བའི་ཆོས་ཀྱི་རྣམ་གྲངས་ངོ་མཚར་རྨད་དུ་བྱུང་བ་འདི། གསུང་ཀ་ལ་པིངྒའི་དབྱངས་ཀྱིས་ཕྱོགས་བཅུར་ཁྱབ་པར་མཛད་དེ་སྟོན་པར་མཛད་དོ། །དེའི་ཚེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་གཙོ་བོར་གྱུར་པའོ། །དུས་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་རང་གི་ཡབ་ཀྱི་དུས་མཆོད་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གདུགས་ཚོད་གསོལ་བར་ཕོ་བྲང་དུ་གདན་དྲངས་སོ། །རང་ཉིད་ཀྱིས་བསུས་ཏེ་ཞལ་ཟས་བླ་ན་མེད་པའི་རོ་མཆོག་དང་ལྡན་པ་རྒྱ་ཆེན་པོ་བཤམས། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐབས་ཅིག་ཏུ་གདན་དྲངས་ཤིང་ཕོ་བྲང་གི་བྲམ་ཟེ་དང ། རིག་བྱེད་མཁས་པ་རྣམས་ཀྱང་དུས་སྟོན་ལ་མགྲོན་དུ་གཉེར་རོ། །དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་རང་རང་གིས་གནས་སུ་དུས་སྟོན་གསོལ་བར་འདོད་པ་ན། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་དབྱངས་ལ་བཀའ་སྩལ་པ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང ། དགྲ་བཅོམ་པ་རྣམས་ལ་སྦྱིན་པ་དག་གི་ཁྱིམ་སོ་སོར་དུས་སྟོན་སྤྱོད་པར་བྱེད་དུ་ཆུ་གཅིག་གསུང་ངོ་
386b
ཀུན་དགའ་བོ་ནི། །སྔ་ལོགས་ཤིག་ནས་གཞན་ཞིག་ཏུ་ཕྱིན་ནས་དུས་སྟོན་དེར་མ་འདུས་པ་ལས་རེ་ཞིག་ན་གནས་བརྟན་དང ། སློབ་དཔོན་གཞན་མེད་པར་རང་ཉིད་གཅིག་པུར་འོངས་པ་ན་གདུགས་ཚོད་ཡོལ་བས་ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ལ་ཁྱིམ་ནས་ཁྱིམ་དུ་རྒྱུ་བ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་ཅི་ནས་ཀྱང་སྦྱིན་བདག་མཆོག་གམ་དམན་པ་ཡང་རུང་སྟེ།་རྒྱལ་རིགས་དང ། གདོལ་བའི་རིགས་སོགས་གཙང་བ་དང ། སྨད་པ་མཐའ་དག་སྙོམས་པར་སེམས་པས། སྦྱིན་པ་པོ་མཐའ་དག་གི་དགེ་བ་དཔག་ཏུ་མེད་པ་རྫོགས་པར་བྱའོ། ། ཅིའི་ཕྱིར་ན། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་དང ། རབ་འབྱོར་ལ་འདི་སྐད་ཅེས་ཉན་ཐོས་ཆེན་པོ་ཁྱེད་ཅག་གིས་སེམས་མི་སྙོམས་པ་མ་བྱེད་ཅིག་ཅེས་ནན་ཏར་ཟློག་པར་མཛད་པས་སོ། །ཞེས་སངས་རྒྱས་ཀྱི་དགོངས་པ་ལ་བརྟེན་ཏེ་སེམས་ཀྱི་སྒྲིབ་པ་བསལ་ཏེ་ཐེ་ཚོམ་དང་སྨད་པར་འགྱུར་བའི་གནས་སྤངས་ཏེ་ལམ་སྲང་མཐར་གྱིས་བགྲོད་ནས་ཕོ་བྲང་གི་སྒོར་སླེབ་པ་ན་གཟུགས་དྲང་པོར་བསྲངས་ཏེ་དྲན་པ་མངོན་དུ་བྱས་ནས་སློང་བའི་སྤྱོད་ལམ་ཞི་བས་རྒྱུ་བའི་ཚེ་སྨད་ཚོང་མའི་སྒོ་ཁང་དུ་སླེབ་པ་ན། སྒྱུ་མའི་གཡོ་ཐབས་ཀྱི་འཕྲུལ་ཅན་མ་ཏིངྒ་དང་ཕྲད་པ་ན་དེས་ཀ་པི་ལ་ཞེས་བྱེ་བའི་ཚངས་པའི་རིག་སྔགས་བཏབ་བས་ཀུན་དགའ་བོ་རང་དབང་མེད་པར་རིག་སྔགས་ཀྱིས་གཟིར་ཏེ་རྗེས་སུ་འབྲངས་ནས་ཁང་པར་སླེབ་པ་ན་ནོམ་ཉུག་
387a
༄#། །བྱེད་པར་བརྩམས་ཤིང ། མི་ཚངས་པར་སྤྱོད་པར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་སྒྱུ་མའི་སྔགས་རྫས་ཀྱིས་གཟིར་བ་མངོན་པར་མཁྱེན་ནས་ལ་འུར་ཞལ་ཟས་གསོལ་ཏེ་ཕྱིར་གཤེགས་སོ། །དེའི་ཚེ་རྒྱལ་པོ་དང ། བློན་པོ་དང ། ཁྱིམ་བདག་དང ། རྗེའུ་རིགས་རྣམས་འདུས་ཏེ་བཅོམ་ལྡན་འདས་ལས་ཆོས་ཉན་པའི་ཕྱིར་སླད་ཀྱིས་འབྲངས་པ་ན། བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ནས་འཇིགས་པ་མེད་པའི་ནོར་བུ་བརྒྱ་པ་ཞེས་བྱ་བའི་འོད་ཟེར་སྤྲོས་པའི་རྩེ་མོར་པདྨ་འདབ་མ་སྟོང་དང་ལྡན་པ་ཞིག་བྱུང་བ་ལ་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་སྐྱིལ་ཀྲུང་གིས་བཞུགས་པས་གསང་སྔགས་ཀྱི་ཚིགས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཁྱོད་ཀྱིས་རིག་སྔགས་འདིས་ཀུན་དགའ་བོ་བསྐྱབ་པར་གྱིས་ལ་སྒྱུ་མའི་སྔགས་རྫས་འཇིག་པར་གྱིས་ཤིག་གསུངས་པ་དང ། འཇམ་དཔལ་གྱིས་བཀའ་ཇི་ལྟ་བ་བཞིན་བགྱིས་པས། མ་ཏིངྒ་དང་ཀུན་དགའ་བོ་ཡང་འཇམ་དཔལ་གྱི་སླད་བཞིན་བཅོམ་ལྡན་འདས་ག་ལ་བར་འོངས་པ་དང ། ཀུན་དགའ་བོས་བཅོམ་ལྡན་འདས་མཐོང་བ་དང་ཕྱག་འཚལ་ཏེ་མཆིམ་བླགས་ནས་ཇི་ལྟར་ན། བདག་སྔོན་ནས་མང་དུ་ཐོས་པ་ལགས་ནའང་རྟོགས་པའི་ཆོས་ཀྱི་རོམ་མྱོང་སྙམ་དུ་འགྱོད་པས་གདུངས་བཞིན་དུ་གུས་པ་ཆེན་པོས་ནན་ཏར་གསོལ་པ། ཕྱོགས་
387b
བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་མངོན་དུ་མཛད་པའི་ཞི་ལྷག་གི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་བདེ་བླག་ཏུ་འཐོབ་པའི་ཐབས་བཤད་དུ་གསོལ་ཞེས་ཞུས་པ་དང ། དེའི་ཚེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང ། གཞན་ཡང་ཕྱོགས་བཅུའི་ཉན་ཐོས་ཆེན་པོ་དང ། རང་སངས་རྒྱས་ཀྱི་རིགས་ལ་ཞུགས་པ་མང་པོ་དག་ཀྱང་ཆོས་སྟོན་པ་ཉན་པར་འདོད་པས་མཆིས་ཤིང ། རྣ་བ་བླགས་ཏེ་ཅང་མི་སྨྲ་བར་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་བདག་དང་རིགས་གཅིག་པ་ལགས་ཏེ། སྔོན་ཆད་ཁྱོད་ཀྱིས་ཁོ་བོའི་བསྟན་པའི་ཚུལ་ལ་ལེགས་པ་ཅི་ཞིག་མཐོང་ནས་དྲིན་དང་ལྡན་ཞིང་སྙིང་དུ་སྡུག་པ་དང་ཕངས་པ་དག་བོར་ནས་རབ་ཏུ་བྱུང་བར་གྱུར། ཀུན་དགའ་བོས་གསོལ་པ། ཁོ་བོས་བཅོམ་ལྡན་འདས་ཀྱིས་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པ་ངོ་མཚར་ཞིང་དག་ཅིང་གསལ་བ་གཞན་ལས་ཁྱད་པར་དུ་འཕགས་པ་མཐོང་ནས་རྟག་ཏུ་འདི་ལྟར་སེམས་ལགས་ཏེ། བཻ་ཌཱུརྱ་ལྟར་རྣམ་པར་དག་པའི་སྐུའི་བཀོད་པ་འདི་ནི། འདོད་པ་དང་སྲེད་པའི་ཟག་པ་དང་འདྲེས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདོད་པ་དང་སྲེད་པ་ནི། དྲི་མ་དང་སྙིགས་མ་མི་གཙང་བས་སྦྲེལ་པ། ཁུ་ཁྲག་འདྲེས་པ་ལས་ནི། ངོ་མཚར་ཞིང་ཁྱད་པར་དུ་འཕགས་པ་གསེར་བཙོམ་ལྟ་བུར་དག་ཅིང་གསལ་བའི་སྐུའི་བཀོད་པ་དེ་ལྟ་བུ་འཁྲུངས་པར་མི་རིགས་སོ། །དེ་བས་ན། རྒྱུ་འདི་
388a
༄#། །སེམས་གུས་པས་དད་ཅིང་སྐྲ་བྲེགས་ཏེ་ཁྱོད་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ཀུན་དགའ་བོ། ཁྱེད་ཅག་གིས་འདི་ལྟར་བལྟ་སྟེ། ཐོག་མ་མེད་པ་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་འཁོར་བ་ན་རང་གི་དེ་ཁོ་ན་ཉིད་དག་ཅིང་འོད་གསལ་བ་རྟག་ཏུ་གནས་པ་མ་རྟོགས་པས་མངོན་ཞེ་ན་ཉེ་བར་བླངས་ཏེ། འདོད་པ་འདི་ནི། གསོག་འབའ་ཞིག་པས་ན་ཀུན་ཏུ་བརྒྱུད་མར་འཁོར་ཞིང་འཕྱན་ཏོ། །ཁྱོད་ད་སྟེ་བླ་ན་མེད་པའི་བྱང་ཆུབ་དོན་དམ་པའི་དེ་ཁོ་ན་ཉིད་ནན་ཏན་དུ་ཚོལ་བར་སེམས་ན། རྣམ་པར་དག་པའི་ཡིད་ཀྱིས་ལན་སྨྲོས་ཤིག་།ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བགྲོད་པ་གཅིག་པའི་དབུ་མའི་ལམ་འདི་ས་སྐྱེ་འཆི་བརྒལ་བ་སྟེ། སེམས་དང་ངག་དབུ་མའི་ལམ་དུ་གནས་པའི་ཕྱིར་རོ། །མཐར་ཐུག་པའི་བར་གྱིས་དང་ལམ་ལ་གནས་པ་ཐམས་ཅད་ཀྱང་དབུ་མའི་ལམ་འདི་ལས་རྣམ་པ་གཞན་དུ་འདྲེན་པ་མ་མཆིས་སོ། །ཀུན་དགའ་བོ། ཁོ་བོས་ཁྱོད་ལ་དྲི་བར་བྱ་སྟེ། ཁྱོད་ཀྱིས་དང་པོར་དེ་བཞིན་གཤེགས་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་ལ་སེམས་ཅན། ཇི་ལྟར་ན་མཚན་བཟང་པོར་བལྟ་བར་བྱ། གང་གིས་ན་བལྟ་བར་བྱ། ཀུན་དགའ་བོས་གསོལ་བ། སྟོན་པ། ཁོ་བོས་མིག་དང་ཡིད་ཀྱིས་མཐོང་ཞིང་འདོད་པ་སྟེ། མིག་གིས་གསལ་བར་བཅོམ་ལྡན་
388b
འདས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་མཐོང་བ་ལས་ཡིད་ཀྱིས་མངོན་པར་འདོད་པ་ལགས་སོ། །དེ་ལྟར་ན་བདག་གིས་སྐྱེ་འཆི་སྤངས་པར་འཁུམས་\?\་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་མིག་གིས་མཐོང་ཞིང་ཡིད་ཀྱིས་འདོད་ན། མིག་དང་ཡིད་གང་ལ་གནས་པ་མ་ཤེས་ན་ཉོན་མོངས་དང་སྡུག་བསྔལ་སྤང་བར་མི་ནུས་ཏེ། དཔེར་ན།་རྒྱལ་པོ་འགའ་ཞིག་ཆོམ་པོ་བ་འོངས་པ་དམག་གིས་བཟློག་པར་འདོད་པ་ན་དམག་གི་དཔུང་དེས་ཀྱང་ཆོམ་པོ་པ་གང་དུ་གནས་པ་ཤེས་པར་བྱ་དགོས་པ་བཞིན་ནོ། །མིག་དང་ཡིད་དག་ཉིད་ཀྱིས་འཁོར་བར་བསྡམས་པ་སྟེ། མིག་དང་ཡིད་དག་ཉིད་གང་དུ་གནས་པ་ཁྱོད་ལ་དྲི་བར་བྱའོ། །ཀུན་དགའ་བོས་གསོལ་པ། སྟོན་པ། འཁོར་བའི་སེམས་ཅན་ཐམས་ཅད་སེམས་ཅན་དུ་གདགས་པའི་རྣམ་གྲངས་བཅུས་བསྡུས་པ་སོ་སོ་བ་ཉིད་ནའང་དེ་དག་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་ལུས་ཀྱི་ནང་དུ་གནས་པར་བལྟའོ། །བཅོམ་ལྡན་འདས་ཀྱི་སྤྱན་མཐོན་མཐིང་པདྨ་ལྟ་བུ་ཡང་ཞལ་གྱི་དཀྱིལ་འཁོར་དུ་མཆིས་པར་བལྟའོ། །བདག་གི་ཡུལ་བཞི་འཛིན་པའི་དབང་པོ་གཟུགས་ཅན་དྭངས་པ་བཞི་ནི། བདག་གི་གཟུགས་ཉིད་ལ་གནས་ཏེ། བདག་གི་རྣམ་པར་ཤེས་པ་ནི། ལུས་ཀྱི་ནང་དུ་གནས་པར་བལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ད་ལྟ་ཁྱོད་སངས་རྒྱས་ཀྱི་ཆོས་ཀྱི་འདུན་སར་
389a
༄#། །གནས་པ་ན་རྒྱལ་བྱེད་ཀྱི་ཚལ་གང་དུ་གནས་པར་བལྟ། ཀུན་དགའ་བོས་གསོལ་པ། སྟོན་པ། ཆོས་ཀྱི་འདུན་ས་རྣམ་པར་དག་པའི་ཀུན་དགའ་ར་བ་འདི་ནི། མགོན་མེད་ཟས་སྦྱིན་གྱི་གནས་ལགས་ཏེ། རྒྱལ་བྱེད་ཀྱི་ཚལ་ནི། ཕྱི་ལོགས་སུ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཆོས་ཀྱི་འདུན་ས་འདིར་ཇེ་ཅི་ཞིག་མཐོང ། ཀུན་དགའ་བོས་གསོལ་པ། སྟོན་པ། བདག་གིས་ཇེ་བཅོམ་ལྡན་འདས་དང ། དེ་ནས་དགེ་འདུན་དང ། ཕྱི་ལོགས་སུ་ཀུན་དགའ་ར་བ་ཚལ་དང་བཅས་པ་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཇི་ལྟར་ན། ཁྱོད་ཀྱིས་ཀུན་དགའ་ར་བ་ཚལ་དང་བཅས་པ་མཐོང་བ་ཡིན། ཀུན་དགའ་བོས་གསོལ་པ། སྟོན་པ། ཀུན་དགའ་ར་བ་གསེང་ཡབ་དང ། མཐོང་རྒྱ་ཆེ་བ་འདིའི་ནང་དུ་བདག་གནས་བཞིན་དུ་མཐོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་མདོག་ཅན་བརྐྱང་ཀྱི་འཁོར་འདུས་པའི་ནང་ནས་ཀུན་དགའ་བོའི་སྤྱི་བོར་བཞག་སྟེ་འཁོར་འདུས་པ་རྣམས་ལ་བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་དཔའ་བར་འགྲོ་བའི་རྒྱལ་པོ་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་རྨད་དུ་བྱུང་བའི་ལམ་འདི་ཉིད་དང ། སྒོ་འདི་ཉིད་ནས་
389b
མངོན་པར་གཤེགས་པ་ཡིན་ནོ། །ཁྱོད་ཀྱིས་ལེགས་པར་ཉོན་ཅིག་གསུངས་པས། ཀུན་དགའ་བོས་ཕྱག་འཚལ་ཏེ་གུས་པས་འདུད་ཅིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཁྱོད་ཀྱིས་ཀུན་དགའ་ར་བ་གསེང་ཡབ་དང ། མཐོང་རྒྱ་ཆེ་བ་འདིའི་ནང་དུ་གནས་བཞིན་དུ་ཕྱིའི་ཀུན་དགའ་ར་བ་ནགས་ཚལ་དང་བཅས་པ་མཐོང་བར་སྨྲ་ན། ཅི་སེམས་ཅན་འགའ་ཞིག་འདིར་གནས་བཞིན་དུ་དེ་བཞིན་གཤེགས་པ་མ་མཐོང་བར་ཀུན་དགའ་ར་བའི་ཕྱི་ལོགས་མཐོང་བ་ལྟ་མཆིས་སམ། ཀུན་དགའ་བོས་གསོལ་པ། སྟོན་པ། སེམས་ཅན་འགའ་ཞིག་འདིར་གནས་བཞིན་དུ་དེ་བཞིན་གཤེགས་པ་མ་མཐོང་བར་ཀུན་དགའ་ར་བའི་ཕྱི་ལོགས་མཐོང་བ་འགའ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ།་ཁྱོད་ཉིད་དེ་ཁོ་ན་ཡིན་ཏེ། ཁྱོད་ཀྱིས་རྣམ་པར་ཤེས་པ་གསལ་བ་ཉིད་ན་ཐམས་ཅད་གསལ་བར་རིགས་ཏེ། ཁྱོད་ཀྱི་རྣམ་པར་ཤེས་པ་གསལ་བ་ལུས་ཀྱི་ནང་ན་ལྟ་མཆིས་སམ། དེ་ལྟ་ན་ལུས་ཀྱི་ནང་ཉིད་གསལ་བར་རིགས་ན། སེམས་ཅན་གྱི་ནང་ན་འགའ་ཞིག་ཐོག་མར་ཤེས་པས་ལུས་ཀྱི་ནང་གསལ་བར་བྱས་ནས་གཟོད་ཕྱིའི་ཡོ་བྱད་གསལ་བར་བྱེད་པ་འགའ་མཆིས་སམ། ཇི་ལྟར་ན། སྙིང ། མཆིན་པ། མཆེར་བ། ཕོ་བ་ལྟ་ཞོག་།སེན་མོ་དང ། སྐྲའི་ཁམས་དང ། ཆུ་རྒྱུས་དང ། རྩ་རྒྱུ་ས་གཡོ་བ་ཡང་མི་གསལ་བར་སྣང་བཞིན་དུ་ཤེས་པ་
390a
༄#། །ཉིད་གསལ་བར་འགྱུར། ཇི་ལྟར་ན། དེ་དག་གསལ་བར་མི་འགྱུར། དེས་ན། ངེས་པར་ནང་གསལ་བ་ཉིད་མ་ཡིན་ན། ཕྱི་གསལ་བ་ཉིད་དུ་ལྟ་ག་ལ་འགྱུར། དེས་ན། འདི་ལྟར་རྟོགས་པར་བྱ་སྟེ། ཁྱོད་ཀྱིས་རྣམ་པར་ཤེས་པ་གསལ་ཞིང་རིག་པ་ལུས་ཀྱི་ནང་དུ་ཡོད་པར་སྨྲས་པ་ནི། གནས་མེད་པའོ། །ཀུན་དགའ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་བཅོམ་ལྡན་འདས་ལ་ཆོས་ཀྱི་དབྱིངས་འདི་འཚལ་བ་ལྟར་ན། གདོན་མི་ཟ་བར་རྣམ་པར་ཤེས་པ་ནི། ལུས་ཀྱི་ཕྱི་ན་གནས་པར་འཁུམས་ལགས་ཏེ། ཅིའི་སླད་དུ་ན། དཔེར་ན། ཁང་པའི་ཕུག་ཏུ་སྦར་བའི་སྒྲོན་མེ་ནང་གསལ་བ་ཉིད་ཀྱིས་སྒོ་ནས་ཁྱམས་ཆེར་གསལ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ནང་གི་བདག་ཉིད་མི་གསལ་བར་ལུས་ཀྱི་ཕྱི་རོལ་གསལ་བ་འདི་ཡང་མར་མེའི་འོད་ཀྱིས་ཕྱིའི་དངོས་པོ་གསལ་བར་བྱེད་ཀྱི་ནང་གི་དངོས་པོ་མ་ཡིན་པ་བཞིན་ནོ། །འདི་ནི། ངེས་པར་འདི་ལྟ་སྟེ། གདོན་མི་ཟ་བར་སྟོན་པའི་དགོངས་པ་ལ་འབབ་པར་འགྱུར་བ་ཁོ་ན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་གང་ངའི་རྗེས་སུ་འབྲངས་ཏེ་མཉན་ཡོད་ནས་ཁམ་གྱི་ཟས་བསོད་སྙོམས་ལ་རྒྱུ་བས་རྒྱལ་བྱེད་ཀྱི་ཚལ་དུ་ཟས་སྤངས་པའི་དགེ་སློང་ལ་ལྟོས་ཤིག་།ཅི་གཅིག་གིས་འཚལ་མ་འཚལ་བས་ཐམས་ཅད་འགྲངས་པར་འགྱུར་ལགས་སམ།
390b
ཀུན་དགའ་བོས་གསོལ་པ། སྟོན་པ། དེ་ལྟར་མ་ལགས་སོ། །ཅིའི་སླད་དུ་ན། དགེ་སློང་འདི་དག་དགེ་སློང་ཉིད་དུ་མཚུངས་ནའང་ལུས་དང་སྲོག་ཐ་དད་པ་ལགས་པས་ཇི་ལྟར་ན། གཅིག་གིས་འཚལ་མ་འཚལ་བས་ཐམས་ཅད་འགྲངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་གསལ་ཞིང་རིག་པ་ཕྱི་རོལ་ཏུ་མཆིས་ན་ལུས་དང་སེམས་ཐ་དད་པས་འབྲེལ་བ་མེད་པར་འགྱུར་ལ། སེམས་ཉིད་ཀྱིས་མཐོང་བ་ན་ལུས་ཀྱིས་མྱོང་བར་མི་འགྱུར་ལ། ལུས་ཉིད་ཀྱིས་མྱོང་བ་ན་སེམས་ཀྱིས་རྟོགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱི་ཕྱག་ཤིང་བལ་ལྟར་འཇམ་པ་འདི་མཐོང་ན་ཁྱོད་ཀྱི་སེམས་བྱེ་བྲག་ཕྱེད་པར་འགྱུར་རམ། ཀུན་དགའ་བོས་གསོལ་པ། སྟོན་པ། དེ་ལྟར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དེ་ལྟར་ན། རྣམ་པར་ཤེས་པ་ཇི་ལྟར་ཕྱི་རོལ་ཏུ་མཆིས་ཞེས་བྱ། དེས་ན། འདི་ལྟར་རྟོགས་པར་བྱ་སྟེ། ཁྱོད་ཀྱིས་རྣམ་པར་ཤེས་པ་ལུས་ཀྱི་ཕྱི་རོལ་ཏུ་གནས་པར་སྨྲས་པ་འདི་ནི།་གནས་མེད་པའོ། །ཀུན་དགའ་བོས་གསོལ་པ། སྟོན་པས་བཀའ་སྩལ་པ་ལྟར་ན། ལུས་ཀྱི་ནང་ཉིད་གསལ་བ་མ་ཡིན་པས་ན་སེམས་ནང་དུ་མི་གནས་ལ། ལུས་སེམས་ཕན་ཚུན་དུ་འབྲེལ་ཞིང་མི་འབྲལ་བས་ན། སེམས་ལུས་ཀྱི་ཕྱི་རོལ་དུ་ཡང་མ་མཆིས་ཏེ། བདག་གིས་འཚལ་བ་ལྟར་ན། གནས་པའི་གནས་གཅིག་མཆིས་ལགས་སོ། །བཅོམ་ལྡན་འདས་
391a
༄#། །ཀྱིས་བཀའ་སྩལ་པ། གང་དུ་གནས་པར་བལྟ། ཀུན་དགའ་བོས་གསོལ་པ། ཤེས་པ་གསལ་ཞིང་རིག་པ་ནང་དུ་ཡང་མ་ཡིན་ཀྱང་ཕྱི་རོལ་མཐོང་ནུས་པ་ལས་ན། བདག་གིས་འཚལ་བ་ལྟར་ན། ཁམས་ཀྱི་ནང་དུ་གབ་པ་སྟེ། དཔེར་ན། འགའ་ཞིག་གིས་བཻ་ཌཱུ་རྱའི་ཀོང་བུ་མིག་གཉིས་ལ་བཀབ་པར་གྱུར་ཀྱང་སྣང་ཡུལ་ལ་སྒྲིབ་པ་མེད་པ་བཞིན་དུ་དབང་པོ་དེས་མཐོང་བར་གྱུར་ལ་བྱེ་བྲག་ཕྱེད་པར་འགྱུར་རོ། །རྣམ་པར་ཤེས་པ་གསལ་ཞིང་རིག་པ་ལུས་ཀྱི་ནང་གསལ་བ་མ་ཡིན་པས་ན་ཁམས་ཀྱི་ནང་དུ་གནས་ཤིང ། ཕྱི་རོལ་རྣམ་པར་གསལ་བར་བྱེད་པ་ལ་མི་སྒྲིབ་པས་ན། དབང་པོའི་སྤུབས་ན་གབ་ཅིང་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྨྲས་པ་ལྟར་མིག་གི་དབང་པོའི་སྦུབས་སུ་བཻ་ཌཱུརྱའི་ཀོང་བུ་མཆིས་ན། འོན་ཏེ་མི་འགའ་ཞིག་བཻ་ཌཱུརྱའི་ཀོང་བུས་མིག་འགེབས་བཞིན་བལྟ་བ་ན་རི་ཀླུང་མཐའ་དག་མཐོང་བས་ཅི་བཻ་ཌཱུརྱའི་ཀོང་བུ་ཉིད་མཐོང་བར་འགྱུར་རམ་མི་འགྱུར། ཀུན་དགའ་བོས་གསོལ་པ། དེ་ལྟར་ལགས་ཏེ། བཻ་ཌཱུརྱ་ཉིད་ཀྱང་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་བཻ་ཌཱུརྱའི་ཀོང་བུ་དང་མཚུངས་པ་ལྟ་ན། རི་ཀླུང་མཐའ་དག་མཐོང་བ་བཞིན་དུ་མིག་ཉིད་ཀྱང་ཅིའི་ཕྱིར་མི་མཐོང ། གལ་ཏེ་མིག་ཉིད་ཀྱང་མཐོང་ན་ནི། མིག་ཉིད་ཡུལ་དུ་འགྱུར་ཏེ། འབྲེལ་
391b
བ་མེད་པར་འགྱུར་རོ། །མིག་ཉིད་མི་མཐོང་ན་ནི། ཇི་ལྟར་ན་དབང་པོའི་སྤུབས་སུ་གནས་ཤིང་བཻ་ཌཱུརྱའི་ཀོང་བུ་དང་མཚུངས་པར་འགྱུར། དེས་ན། འདི་ལྟར་རྟོགས་པར་བྱ་སྟེ། ཁྱོད་ཀྱིས་རྣམ་པར་ཤེས་པ་གསལ་ཞིང་རིག་པ་ཁམས་ཀྱི་ནང་དུ་གནས་ཤིང་བཻ་ཌཱུརྱའི་ཀོང་བུ་དང་མཚུངས་པར་སྨྲས་པ་འདི་ནི། གནས་མེད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། བདག་གིས་ཡང་འདི་ལྟར་སེམས་ཏེ། སེམས་ཅན་གྱི་ལུས་དོན་དང་སྣོད་ནང་ན་གནས་ཤིང ། སྒོ་དང་སྦུབས་ནི། ཕྱི་རོལ་དུ་མཆིས་ལ་ནང་ན་གནས་པས་མུན་པར་རེད་ལ། ཕྱིན་\?\་གནས་པས་གསལ་བ་སྟེ། བདག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་མིག་ཕྱེ་སྟེ་བལྟས་པའི་ཚེ་གསལ་བར་མཐོང་བ་ཉིད་ལ་ཕྱི་རོལ་གསལ་བར་བསྙད་ལ། མིག་བཙུམས་པ་ན་མུན་པ་མཐོང་བ་ཉིད་ལ་ནང་གསལ་བར་བསྙད་པ་སྟེ། ཅི་འདི་ལྟ་བུ་ཡིན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་བཙུམས་པས་མུན་པ་མཐོང་བ་ན་མུན་པའི་ཁམས་དང་མིག་འཕྲད་དམ། མ་འཕྲད་པ་ཞིག་ཡིན་གྲང ། འོན་ཏེ་འཕྲད་ན་ནི། མུན་པ་ཉིད་མིག་གི་མདུན་རོལ་དུ་སྣང་བར་འགྱུར་བས་ཇི་ལྟར་ན་ནང་དུ་གནས་པར་འགྱུར། ཅི་སྟེ་ནང་དུ་གནས་ན་ནི།་དེའི་ཚེ། མུན་པ་འཐུག་པོའི་ཕུག་ཉི་མ་དང་ཟླ་བ་དང་མར་མེའི་སྣང་བ་མི་འཇུག་པའི་མུན་བདེ་ཉིད་ཀྱང་ཁྱོད་ཀྱི་ནང་རོལ་དང་འདྲ་བ་ཉིད་དུ་འགྱུར། གལ་ཏེ་མ་འཕྲད་ན་ནི། ཇི་ལྟར་
392a
༄#། །ན་མཐོང་བར་འགྱུར། ཕྱི་རོལ་མཐོང་བ་དང་བྲལ་བས་ན། ནང་གི་བདག་ཉིད་འཕྲད་པས་གྲུབ་པ་མིག་བཙུམས་པས་མུན་པ་མཐོང་བས་ལུས་ཀྱི་ནང་མཐོང་བར་བསྙད་ལ། མིག་ཕྱེ་བའི་ཚེ་སྣང་བ་མཐོང་ན། ཅིའི་ཕྱིར་བྱད་བཞིན་མི་མཐོང་བར་འགྱུར། བཞིན་མི་མཐོང་བ་ཞིག་ན། ནང་བདག་ཉིད་དང་འཕྲད་པར་འགྱུར་བ་མི་འཐད་དོ། །བཞིན་མཐོང་བ་ཉིད་ན་རྣམ་ཤེས་གསལ་ཞིང་རིག་པ་མིག་གི་ཁམས་དང་བཅས་པ་ཕྱི་རོལ་གྱི་བར་སྣང་ཉིད་དུ་འགྱུར་གྱི་ནང་གི་བདག་ཉིད་དུ་མི་འབྲེལ་བར་འགྱུར་རོ། །འོན་ཏེ་ཕྱི་རོལ་གྱི་བར་སྣང་ན་ཡོད་པ་ཞིག་ན། རང་གི་ལུས་དང་མི་འབྲེལ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཁྱོད་ཀྱི་བཞིན་མཐོང་བས་ཅི་ཁྱོད་ཀྱི་ལུས་དང་འབྲེལ་བར་འགྱུར་བ་ཞིག་གམ། ཁྱོད་ཀྱིས་མིག་གིས་མཐོང་བ་ཙམ་དུ་འགྱུར་གྱི་ཁྱོད་ཉིད་ཀྱིས་ཅི་ཡང་མི་ཤེས་པར་འགྱུར་རོ། །ཅི་སྟེ་ཤེས་པ་དང་ཁྱོད་ཉིད་གཉིས་ཀས་ཤེས་པ་ཞིག་ན། རྒྱུད་གཉིས་སུ་ཐལ་བར་འགྱུར་ལ། ཁྱོད་ཉིད་སངས་རྒྱས་པའི་ཚེ་ཡང་རྒྱུད་གཉིས་སུ་ཐལ་བར་འགྱུར་རོ། །དེས་ན་འདི་ལྟར་རྟོགས་པར་བྱ་སྟེ། ཁྱོད་ཀྱིས་མུན་པ་མཐོང་བ་ཉིད་ལས་ནང་གསལ་བར་བསྙད་པའོ། །ཞེས་སྨྲ་བ་འདི་ནི། གནས་མེད་དོ། །ཀུན་དགའ་བོས་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་འཁོར་རྣམ་བཞི་ལ་བཀའ་སྩལ་པ་ཐོས་པ་ལས་ན་ཤེས་པ་ཡོད་པས་ན་ཤེས་བྱ་
392b
སྣ་ཚོགས་པ་ཡོད་ལ། ཤེས་བྱ་ཡོད་པས་ན་ཤེས་པ་སྣ་ཚོགས་པ་སྐྱེ་བར་གསུངས་པས་ན། བདག་གིས་འདི་ལྟར་སེམས་ཏེ། སེམས་ཀྱི་དངོས་པོ་འདི་ཉིད་ཀ་བདག་གི་སེམས་ཀྱི་རང་བཞིན་ལགས་ཏེ། ཡུལ་དང་འཕྲད་པ་ན་སེམས་རྗེས་སུ་སྐྱེ་བ་ཞིག་ཁོ་ན་ཡིན་གྱི་ཕྱི་དང ། ནང་དང ། བར་ནའང་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཤེས་བྱ་ཡོད་པས་ཤེས་པ་སྣ་ཚོགས་པ་འབྱུང་ལ་ཡུལ་དང་འཕྲད་པ་ན་སེམས་རྗེས་སུ་སྐྱེ་བར་སྨྲ་ན། དེ་ལྟ་ན་ཤེས་པ་དངོས་པོ་མེད་པ་ཉིད་ཀྱིས་ཇི་ལྟར་ཡུལ་དང་འཕྲད་པར་འགྱུར། ཅི་སྟེ་ཤེས་པ་དངོས་པོ་མེད་པ་ཉིད་ཡུལ་དང་འཕྲད་པར་སྨྲ་ན། ཡུལ་བདུན་པ་དང ། ཁམས་བཅུ་དགུ་པ་ཉིད་འཕྲད་པ་ཞིག་ཏུ་འགྱུར་ལ། དོན་འདི་ནི། མེད་པ་ཉིད་དོ། །འོན་ཏེ་ཤེས་པ་དང་དངོས་པོ་ཡོད་པ་ཉིད་ན། ཁྱོད་ཀྱི་ལག་པས་རང་གི་ལུས་ལ་རེག་པ་ཉིད་ན་རྟོགས་པའི་སེམས་དེ་ནང་ནས་འབྱུང་བ་ཉིད་དམ། ཕྱི་རོལ་ནས་འཇུག་པ་ཞིག་ཡིན་གྲང ། ནང་ནས་འབྱུང་བ་ཞིག་ན་ཡང་ལུས་ཀྱི་ནང་ཉིད་གསལ་བར་འགྱུར་རོ། །འོན་ཏེ་ཕྱི་རོལ་ནས་འཇུག་པ་ཞིག་ན་སྔོན་དུ་རང་གི་བཞིན་གསལ་བར་འགྱུར་རོ། །ཀུན་དགའ་བོས་གསོལ་པ། མིག་ཉིད་ཀྱིས་མཐོང་བར་འགྱུར་ལ། ཤེས་པས་ནི། རྟོགས་པར་འགྱུར་མོད་ཀྱི། མིག་ཉིད་ཀྱིས་མ་ཡིན་ལ། ཤེས་པ་ཁོ་ན་ས་\?\་མཐོང་བ་ཡང་གནས་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
393a
༄#། །པ།་གལ་ཏེ་མིག་ཉིད་ཀྱིས་མཐོང་བར་ནུས་པ་ཉིད་ན། ཁྱོད་ཉིད་ཁང་པའི་ནང་དུ་འདུག་པའི་སྒོ་ཉིད་ཀྱིས་ཀྱང་མཐོང་བར་འགྱུར་རམ། ཤི་བའི་རོལ་ཡང་མིག་གི་དབང་པོ་སྣང་བས་དེས་ཀྱང་མཐོང་བར་རིགས་ལ། དེས་ཀྱང་མཐོང་ན་ནི། ཇི་ལྟར་ཤི་བ་ཉིད་ཡིན། ཀུན་དགའ་བོ། གལ་ཏེ་རྣམ་པར་ཤེས་པ་གསལ་ཞིང་རིག་པ་དངོས་བོར་སྨྲ་བ་ཉིད་ན། དངོས་པོ་ངོ་བོ་གཅིག་པ་ཞིག་གམ། འོན་ཏེ་དུ་མ་ཞིག་ཡིན་གྲང ། ད་ལྟ་ཁྱོད་ཀྱི་ལུས་ལ་ཁྱབ་པ་ཉིད་དམ། མ་ཁྱབ་པའི་དངོས་པོ་ཞིག་ཡིན་གྲང ། གལ་ཏེ་དངོས་པོ་གཅིག་པ་ཞིག་ན། ལག་པས་ཡན་ལག་གཅིག་ལ་རེག་པ་ན་ཡན་ལག་བཞི་པོ་ཐམས་ཅད་ཀྱིས་མྱོང་བར་རིགས་ལ། ཐམས་ཅད་ཀྱིས་མྱོང་ན་ནི། རེག་པ་ཉིད་མི་འཐད་པར་འགྱུར་རོ། །རེག་པ་ཡོད་ན་ནི། ངོ་བོ་གཅིག་པ་མི་འགྲུབ་བོ། །གལ་ཏེ་དུ་མ་ཞིག་ཡིན་ན་ནི། ཡང་གང་ཟག་རྒྱུད་དུ་མར་འགྱུར་ལ། དེ་ལྟ་ན་གང་ཞིག་ཁྱོད་ཀྱི་ཡིན་པར་འགྱུར། གལ་ཏེ་ཁྱབ་པ་ཞིག་ཡིན་ན་ནི། སྔོན་དུ་རེག་པའི་ཚེ་བརྗོད་པ་དང་མཚུངས་ལ། གལ་ཏེ་མ་ཁྱབ་པ་ཞིག་ཡིན་ན་ནི། ཁྱོད་ཀྱིས་དུས་གཅིག་ཅར་མགོ་བོ་དང་རྐང་པ་ལ་རེག་པའི་ཚེ་མགོ་བོས་ནི། མྱོང་བར་འགྱུར་ལ། རྐང་པས་ནི། མི་མྱོང་བར་འགྱུར་བ་ཞིག་ན་ཁྱོད་ཀྱི་འདི་མི་འཐད་པ་ཞིག་གོ་།དེས་ན། འདི་ལྟར་རྟོགས་པར་བྱ་སྟེ། ཁྱོད་ཀྱིས་ཡུལ་དང་འཕྲད་པ་ན་སེམས་རྟེན་
393b
སུ་སྐྱེ་བར་སྨྲས་པ་འདི་ནི། གནས་མེད་དོ། །ཀུན་དགའ་བོས་གསོལ་པ། སྟོན་པ། བདག་གིས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་སོགས་པའི་རྒྱལ་བའི་སྲས་རྣམས་ལ་ཡང་དག་པ་ཇི་ལྟ་བ་འཆད་པའི་ཚེ་སྟོན་པས་ཤེས་པ་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན་ཞེས་ཀྱང་གསུངས་པ་ཐོས་པ་ལས་ན། བདག་གིས་འདི་ལྟ་བུ་བསམ་སྟེ། ནང་ན་གསལ་བར་བྱ་བའང་མ་མཆིས་ལ། ཕྱི་རོལ་ཏུ་ཕན་ཚུན་གསལ་བ་ཡང་མ་མཆིས་ལ། ནང་དུ་གསལ་བར་བྱེད་པ་མ་མཆིས་པས་ནང་དུ་ཡོད་པར་མི་འགྲུབ་ལ། ལུས་སེམས་འབྲེལ་བས་ན་ཕྱི་རོལ་ཏུ་ཡང་མི་འགྲུབ་པས། འདི་ལྟར་ན་ནང་དུ་ཡང་གསལ་བར་མ་མཆིས་པས་དབུས་ཉིད་ན་མཆིས་པར་འོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དབུས་ཉིད་དུ་སྨྲས་པ་དེ་དབུས་ཉིད་ཡིན་ན་གསལ་བར་གནས་པ་ཉིད་དུ་མངོན་པས་ན་ཁྱོད་ཀྱི་དབུས་ཉིད་གང་ཞིག་ན་མཆིས། གནས་ག་གེ་མོ་ཞིག་གམ། ལུས་ཉིད་ན་གནས་གྲང ། ཁྱོད་ཀྱིས་དབུས་ཉིད་སྟོན་ཅིག་།གལ་ཏེ་ལུས་ཉིད་ནང་དུ་གནས་པ་ལྟ་ན། དེ་བས་ན་ལོགས་ཤིག་ཏུ་གནས་པས་དབུས་ཉིད་མ་ཡིན་ཏེ། དབུས་ཉིད་ཀྱི་ནང་དུ་ན་ལུས་ཀྱི་ནང་དུ་གནས་པ་དང་མཚུངས་པ་ཉིད་དོ། །འོན་ཏེ་གནས་ཤིག་ན་ཡོད་ན་ནི། དྲང་ཐིག་ཡོད་པ་ཞིག་གམ། དྲང་ཐིག་མེད་པ་ཞིག་གྲང ། དྲང་ཐིག་མེད་པ་ཞིག་ན། གཏན་ནས་མེད་པ་དང་མཚུངས་སོ། །ཡོད་ན་
394a
༄#། །ནི།་ཡང་དྲང་ཐིག་མ་ངེས་པ་ཉིད་དེ། ཅིའི་སླད་དུ་ན། དཔེར་ན། མི་འགའ་ཞིག་གིས་དྲང་ཐིག་བསླབ་ནས་དྲང་ཐིག་དབུས་སུ་བྱས་ཏེ་ཤར་ནས་བལྟས་པའི་ཚེ་ནུབ་ཀྱི་ངོས་སུ་འགྱུར་ལ། ལྷོ་ནས་བལྟས་པའི་ཚེ་བྱང་གི་ངོས་སུ་འགྱུར་བས་དྲང་ཐིག་འཆོལ་བ་ཉིད་ཀྱིས་སེམས་ཀྱང་འཆོལ་བར་འགྱུར་རོ། །ཀུན་དགའ་བོས་གསོལ་པ། བདག་གིས་སྨྲས་པའི་དབུས་ནི། དེ་ལྟ་མ་ལགས་ཏེ། སྟོན་པས་མིག་དང་གཟུགས་འདུས་པ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་གསུངས་པ་ལས་ན་མིག་གིས་ནི། བྱེ་བྲག་འབྱེད་པར་འགྱུར་ལ། གཟུགས་ནི། ཤེས་པ་དང་བྲལ་བ་སྟེ། རྣམ་པར་ཤེས་པ་ནི། དེ་འདི་བུས་ཉིད་ནས་འབྱུང་བས་འདི་ནི། སེམས་ཀྱི་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དབང་པོ་དང་ཡུལ་གྱི་དབུས་སུ་སེམས་གནས་པར་བལྟ་ན། དབང་པོ་ཡུལ་དང་ལྷན་ཅིག་པའམ། ལྷན་ཅིག་པ་མ་ཡིན་པ་ཞིག་ཡིན་གྲང ། ལྷན་ཅིག་པ་ཉིད་ན། དབང་པོ་དང་ཡུལ་འཆོལ་བར་འགྱུར་ཏེ། དབང་པོས་ནི། རྟོགས་ལ་ཡུལ་གྱིས་ནི། མ་ཡིན་པས་ཐ་དད་པ་ཉིད་དུ་ཟད་པས་ན། ཇི་ལྟར་ལྷན་ཅིག་པའི་དབུས་སུ་འགྱུར་རོ། །འོ་ན་ཏེ་གཉིས། ལྷན་ཅིག་པ་མ་ཡིན་ན་ནི། རྟོགས་པ་དང་མི་རྟོགས་པ་མེད་པ་ཉིད་ཀྱིས་དངོས་པོ་རང་བཞིན་མེད་པ་ཉིད་དུ་འགྱུར་བས་དབུས་ན་གནས་བ་ཇི་ལྟར་འཐད་པར་འགྱུར། །
394b
དེས་ན།་འདི་ལྟར་རྟོགས་པར་བྱ་སྟེ། དབུས་ན་གནས་པར་སྨྲ་བ་འདི་ནི། གནས་མེད་དོ། །ཀུན་དགའ་བོས་གསོལ་པ། སྟོན་པ། བདག་གིས་སྔོན་བཅོམ་ལྡན་འདས་མཽངྒལ་གྱི་བུ་ཆེན་པོ་དང ། རབ་འབྱོར་དང ། གང་པོ་དང ། ཤཱ་རིའི་བུ་སྟེ། ཉན་ཐོས་ཆེན་པོ་བཞི་དང་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བ་ན་རྟོགས་ཤིང་ཤེས་ལ་བྱེ་བྲག་ཕྱེད་པའི་སེམས་ཀྱི་རང་བཞིན་ནང་དུ་ཡང་མི་གནས། ཕྱི་རོལ་ན་ཡང་མ་ཡིན། དབུས་ནའང་མེད་ལ། གནས་མེད་པས་ན་ཐམས་ཅད་དུ་ཐོགས་པ་མེད་དོ། །ཞེས་རྟག་ཏུ་གསུངས་པ་ཐོས་པ་ལས་ན། འདི་ནི། སེམས་ཀྱི་གནས་ལགས་ཏེ། ཐམས་ཅད་དུ་ཐོགས་པ་མེད་པ་འདི་ཉིད་ཀ་སེམས་ཀྱི་རང་བཞིན་དུ་བསྙད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་རྣམ་པར་ཤེས་པ་གསལ་ཞིང་རིག་པའི་རང་བཞིན་གནས་མེད་པར་སྨྲ་ན། འཇིག་རྟེན་ན་བར་སྣང་དང ། ཆུ་དང ། སྐམ་ལ་ལྡིང་ཞིང་གཡོ་བ་དང་བརྟན་པའི་དངོས་པོ་ཐམས་ཅད་ཀྱི་རྣམ་པ་འདི་ལ་ཐམས་ཅད་ཅེས་བསྙད་པ་སྟེ། ཁྱོད་ཀྱིས་ཐོགས་པ་མེད་པ་འདི་ལ་གནས་ཡོད་པ་ཞིག་གམ། མེད་པ་ཞིག་ཡིན་གྲང ། གནས་མེད་པ་ཞིག་ན་ནི། རུས་སྤལ་གྱི་སྤུ་དང ། རི་བོང་གི་རཝ་དང་མཚུངས་པས་ཇི་ལྟར་ན་ཡང་ཐོགས་པ་མེད་པར་སྨྲ་བར་བྱེད། འོན་ཏེ་ཐོགས་པ་མེད་པ་འདི་ཡོད་པ་ཞིག་ན་ནི། ཡོད་པས་ན་ཇི་ལྟར་ཡང་མེད་པར་གདགས་པར་བྱ་རིགས། དངོས་པོ་མེད་པ་ནི། མེད་
395a
༄#། །པ་ཉིད་ཡིན་ལ། མེད་པ་མ་ཡིན་པ་ནི། དངོས་པོ་ཡོད་པ་ཉིད་དོ། །དངོས་པོ་ཡོད་པ་ཉིད་ནི། སྡོད་ལུགས་སུ་ཡོད་པ་སྟེ། ཇི་ལྟར་ན་ཐོགས་པ་མེད་པར་གདགས། འདི་ལྟར་རྟོགས་པར་བྱ་སྟེ། ཐམས་ཅད་དུ་ཐོགས་པ་མེད་པ་ཉིད་སེམས་ཀྱི་རང་བཞིན་དུ་སྨྲས་པ་འདི་ནི། གནས་མེད་དོ། །དེའི་ཚེ་ཀུན་དགའ་བོས་དགེ་འདུན་གྱི་དབུས་སུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་གུས་པས་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི།་བཅོམ་ལྡན་འདས་ཀྱི་ནུབ་བོ་ཐ་ཆུང་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་ད་ལྟ་རབ་ཏུ་བྱུང་ནས་ཀྱང་སྙིང་དུ་སྡུག་པ་ཉིད་གློ་བ་ལ་གཅགས་ཤིང་མང་དུ་ཐོས་པ་ལགས་ཀྱང་ཟག་པ་ཟད་པར་མ་གྱུར་པས། ཀ་པི་ལའི་རིགས་སྔས་བཅོམ་ཞིང་གཞིག་པར་མ་ནུས་པས་དེའི་དབང་དུ་གྱུར་ནས་སྨད་ཚོང་མའི་གནས་སུ་འཁྲིད་པར་གྱུར་པ་ལགས་ཏེ། ཡང་དག་པའི་མཐའ་ལ་འཇུག་པའི་ཚུལ་རྟོགས་པར་མ་གྱུར་པས། བཅོམ་ལྡན་འདས་ཀྱིས་ཐུགས་བྱམས་པ་དང ། བརྩེ་བ་ཆེན་པོས་བདག་ཅག་རྣམས་ལ་ཤ་མ་ཐ་ཏིང་ངེ་འཛིན་གྱི་ལམ་རྗེས་སུ་བསྟན་དུ་གསོལ། ལོག་སྲེད་ཅན་རྣམས་དྲང་དུ་གསོལ། ལོག་པར་ལྟ་བ་གཞོམ་དུ་གསོལ་ཞེས་གསོལ་ནས་ཡན་ལག་ལྡས་ས་ལ་གཏུགས་ཏེ་ཕྱག་འཚལ་
395b
ནས་འཁོར་འདུས་པ་ཐམས་ཅད་དང་ལྷན་ཅིག་མངོན་པར་ཕྱོགས་ཏེ་དད་པས་རྩེ་གཅིག་ཏུ་ཆོས་འཆད་པ་ལ་རྣ་བ་བླགས་ཏེ་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱི་དཔྲལ་བ་ནས་འོད་ཟེར་སྣ་ཚོགས་བ་ཁ་དོག་ཐ་དད་པ་ཉི་མ་བརྒྱ་སྟོང་དང་མཚུངས་པ་བཀྱེ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་དང ། དེ་བཞིན་དུ་ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དུས་གཅིག་ཏུ་གསལ་བར་གྱུར་ཏེ། ཞིང་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཀྱི་དཔལ་གྱིས་གཅིག་ཏུ་མཉམ་པར་གྱུར་ཏོ། །ཞིང་དེ་དག་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་རང་རང་གི་ཞིང་ན་འཁོད་བཞིན་དུ་ཐལ་མོ་སྦྱར་ཏེ་ཆོས་སྟོན་པ་ལ་མཉན་པར་སེམས་ཤིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སེམས་ཅན་རྣམས་ཐོག་མ་མེད་པ་ནས་ཤིང་ཏོག་ཨ་ཀྲ་གུ་དང་མཚུངས་པའི་ཕྱིན་ཅི་ལོག་གི་རྣམ་པ་སྣ་ཚོགས་པའི་ལས་ཀྱི་ས་བོན་དང་གིས་སྨིན་པས།་ཀུན་ཏུ་དཀའ་ཐུབ་སྤྱོད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མ་ནུས་ཏེ། ཕྱིར་ཞིང་ཉན་ཐོས་དང ། རང་སངས་རྒྱས་དང ། གཞན་ཡང་མུ་སྟེགས་བྱེད་དང ། ལྷ་དང ། བདུད་ཀྱི་རིས་ཀྱི་དབང་པོ་དང ། བདུད་ཀྱི་སྡེ་ཐམས་ཅད་དུ་འཇུག་གོ་།དེ་ནི། རྒྱུད་ཀྱི་རྣམ་གྲངས་གཉིས་མི་ཤེས་པར་གཞན་དུ་འཁྲུལ་པ་ལ་ཞུགས་པ་དག་།བྱེ་མ་བཙོས་པ་ལ་ཟས་ཀྱི་མཆོག་
396a
༄#། །ཏུ་འགྱུར་བར་རློམ་པ་དང་མཚུངས་པས། རྡུལ་ཕྲ་རབ་སྙེད་ཀྱི་བསྐལ་པའི་བར་དུ་བརྩོན་པར་བྱས་ཀྱང་བྱང་ཆུབ་འཐོབ་པར་མི་ནུས་སོ། །ཇི་ལྟར་ན། རྣམ་གྲངས་གཉིས་ཡིན་ཞེ་ན། ཀུན་དགའ་བོ། རྣམ་གྲངས་གཅིག་ནི། ཐོག་མ་མེད་པའི་སྐྱེ་འཆིའི་རྩ་བ་སྟེ། ད་ལྟ་ཁྱོད་ཅག་སེམས་ཅན་རྣམས་ཀྱི་དམིགས་པ་ཅན་གྱིས་སེམས་ཉིད་རང་གི་སེམས་ཀྱི་རང་བཞིན་དུ་བལྟ་བའོ། །རྣམ་གྲངས་གཞན་ནི། ཐོག་མ་མེད་པ་ནས་འབྲལ་དུ་མེད་པའི་བྱང་ཆུབ་དང ། མྱང་འདས་རྣམ་པར་བྱང་བའི་ངོ་བོ་ཉིད་དེ། ད་ལྟ་ཁྱོད་ཀྱི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཤེས་པའི་ཁམས། རྣམ་འགྱུར་ཐམས་ཅད་སྐྱེད་པར་བྱེད་པ། རང་གི་ངོ་བོ་རྙེད་པར་དཀའ་བ་སྟེ། སེམས་ཅན་རྣམས་ཀྱིས་རང་གི་ངོ་བོ་ཡོངས་སུ་སྟོར་བས་ན། ཉིན་བཞིན་དུ་འབད་པར་བྱས་ཀྱང་ཕྱིན་ཅི་ལོག་གི་རིགས་སྣ་ཚོགས་སུ་དོན་མེད་པར་འཁྱམས་པར་གྱུར་ཏེ་རང་གི་རང་བཞིན་མ་རྟོགས་སོ། །ཀུན་དགའ་བོ།་ད་སྟེ་ཏིང་ངེ་འཛིན་གྱི་ལམ་གྱིས་སྐྱེ་འཆིའི་རང་བཞིན་སྤོང་བར་འདོད་ན། འདི་ཁྱོད་ལ་དྲི་བར་བྱའོ། །ཞེས་བཀའ་སྩལ་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་གསེར་གྱི་མདོག་ཅན་ཁུ་ཚུར་མཛད་ནས་བརྐྱང་སྟེ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་མཐོང་ངམ། ཀུན་དགའ་བོས་གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཇི་ལྟར་
396b
མཐོང་བ་ཡིན། གསོལ་པ། དེ་བཞིན་གཤེགས་པའི་ཁུ་ཚུར་གསེར་གྱི་མདོག་ཅན་གྱིས་བདག་གི་ཡིད་དང་མིག་སྣང་བར་བྱས་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱིས་ཅི་ཞིག་གིས་མཐོང ། གསོལ་པ། བདག་ཅག་འཁོར་འདུས་པས་མིག་གིས་མཐོང་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཁུ་ཚུར་གསེར་གྱི་མདོག་ཅན་གྱིས་ཁྱོད་ཀྱི་མིག་དང་ཡིད་སྣང་བར་བྱས་པར་སྨྲ་ན། ཁྱོད་ཀྱི་མིག་གིས་མཐོང་མོད་ཀྱི། ཁྱོད་ཀྱི་སེམས་གང་ཞིག་བདག་གི་ཕྱག་གིས་སྣང་བར་བགྱི་བའི་ཡུལ་དུ་འགྱུར། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་སེམས་གང་དུ་གནས་པ་འདྲི་ན། བདག་གིས་སེམས་བཙལ་ཏེ་དཔྱད་ཅིང་ནན་ཏར་གཏུགས་པ་ན་དཔྱོད་ཅིང་གཏུགས་པ་འདི་ནི། སེམས་ལགས་སོ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོང ། འདི་ནི། ཁྱོད་ཀྱི་སེམས་ཡིན་ནོ། །ཞེས་སོ། །ཀུན་དགའ་བོ་དངངས་ཏེ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་པ། འདི་ཉིད་བདག་གི་སེམས་མ་ཡིན་ན། ཅི་ཞིག་བདག་གི་སེམས་ཡིན། བཀའ་སྩལ་པ། འདི་ནི། ཕྱི་རོལ་དོན་གྱིས་སྟོངས་པའི་སེམས་ཀྱི་རྣམ་པ་རྫུན་པ་སྟེ། ཡང་དག་པའི་སེམས་ཀྱི་རང་བཞིན་རྙོག་པར་བྱེད་དོ། །ཁྱོད་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྐུན་པོ་ལ་རང་གི་བུར་རློམ་པས། སེམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་སྟོར་བས་ན་འཁོར་བར་འཁོར་
397a
༄#། །རོ། །ཀུན་དགའ་བོས་གསོལ་པ། སྟོན་པ། བདག་ནི། བཅོམ་ལྡན་འདས་ཀྱི་ནུ་བོ་ཐ་ཆུང་ལགས་ཏེ། བདག་གིས་བཅོམ་ལྡན་འདས་ལས་མངོན་པར་དད་པས་རབ་ཏུ་བྱུང་སྟེ། བདག་གིས་བཅོམ་ལྡན་འདས་ཉིད་ལ་བསྙེན་བཀུར་བ་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་ཁམས་ཀྱི་མཐར་ཐུག་པའི་བཅོམ་ལྡན་འདས་བཤེས་གཉེན་ལ་དགེ་བའི་རྩ་བ་སྒྲུབ་པའི་སྙིང་སྟོབས་ཆེན་པོ་བསྐྱེད་དེ་བྱ་བར་དཀའ་བའི་སྤྱོད་པ་སྤྱད་པ་མཐའ་དག་སེམས་འདི་ཁོ་ནའི་བགྱི་བ་ལགས་སོ། །དམ་པའི་ཆོས་ལ་སྐུར་པ་འདེབས་ཤིང་དགེ་བའི་རྩ་བ་སྨད་པར་བྱེད་པ་རྣམས་ཀྱང་སེམས་འདི་ཉིད་ལགས་སོ། །ད་ལྟ་རྣམ་པར་དཔྱོད་པའི་སེམས་འདི་ཉིད་མ་ཡིན་པར་གསུངས་ན། ད་ནི། སེམས་ཉིད་མེད་པར་འགྱུར་ཏེ། ས་དང་ཤིང་ལྟ་བུར་འགྱུར་རོ། །སེམས་གསལ་བ་ཉིད་དང་བྲལ་ན་ནི། གཞན་ཅི་ཞིག་ཡོད་པར་འགྱུར། བཅོམ་ལྡན་འདས། ཇི་ལྟར་ན། འདི་ལྟར་གསུངས་ཏེ། འདི་སེམས་ཉིད་མ་ཡིན་པར་གསུངས་ཏེ། བདག་དངངས་པར་མ་ཟད་ཉན་ཐོས་འདི་དག་ཀྱང་ཐེ་ཚོམ་མེད་པ་མ་མཆིས་སོ། །ཐུགས་རྗེ་ཆེན་པོས་བདག་ཅག་གི་རྨོངས་པ་བསལ་དུ་གསོལ། དེའི་ཚེ་སྟོན་པས་ཀུན་དགའ་བོ་ཉན་ཐོས་ཀྱི་འཁོར་འདུས་པ་དང་བཅས་པ་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་འཆད་པར་མཛད་པས། བཅོམ་ལྡན་འདས་སེངྒེའི་ཁྲི་ལ་བཞུགས་པ་ཉིད་ཀྱིས་ཀུན་དགའ་བོའི་སྤྱི་
397b
བོར་ཕྱག་བཞག་སྟེ་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་འཆད་པ་ན། ཆོས་ཐམས་ཅད་ཀྱི་འབྱུང་བ་ནི། སེམས་ལས་འབྱུང་བ་སྟེ། འཇིག་རྟེན་རྡུལ་ཕྲ་རབ་ཡན་ཆད་ཀྱི་རྒྱུ་དང་འབྲས་བུ་ཐམས་ཅད་ཀྱང་སེམས་ཀྱི་རྒྱུ་ལས་དངོས་པོར་རེད་པར་བཤད་དེ། ཀུན་དགའ་བོ། འཇིག་རྟེན་ན་ཡོད་པའི་ཆོས་ཐམས་ཅད་ཀྱི་ནང་ན་རྩཝ་དང ། ལོ་མ་དང ། སྣལ་མ་དང ། འཇུར་མདུད་ཡན་ཆད་ཀྱང་རྒྱུའི་རྣམ་པ་དང་བཅས་པ་སྟེ། སྟོང་པའི་ངོ་བོ་དག་ཀྱང་མིང་དང ། རྣམ་པ་དང་བཅས་སོ། །འོད་གསལ་བའི་སེམས་རྨད་དུ་བྱུང་བ་རྣམ་པ་སྣ་ཚོགས་པའི་སེམས་ཀྱི་ཁམས་ནི། ཇི་ལྟར་ན་དངོས་པོ་མེད་པར་འགྱུར། གལ་ཏེ་ཁྱོད་ཀྱིས་ཅི་ནས་རྣམ་པར་འབྱེད་པ་རྟོག་ཅིང་དཔྱོད་པའི་སེམས་ཀུན་ཏུ་གསལ་བ་འདི་ཉིད་ག་སེམས་ཀྱི་བདག་ཉིད་དུ་མངོན་པར་ཞེན་ན།་དེ་ལྟ་ན་གཟུགས་དང ། དྲི་དང ། རོ་དང ། རེག་བྱ་སོགས་ལས་སུ་བྱ་བའི་ཡུལ་ཐམས་ཅད་དང་བྲལ་བའི་གཞན་དུ་སེམས་ཀྱི་དངོས་པོ་ཡོངས་སུ་རྫོགས་པ་ཞིག་ཡོད་པར་འགྱུར་རོ། །དེ་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་འཆད་པ་ཉན་པ་ན་རྣམ་པར་འབྱེད་པའི་རྟོག་པ་འདི་ནི། ཆོས་ཀྱི་སྒྲ་ཉིད་ལས་འབྱུང་ཞིང ། ཕྱི་རོལ་གྱི་གཟུགས་དང་སྒྲ་ཡོངས་སུ་ཆད་པའི་ཞི་བའི་སེམས་ཁོ་ནར་ཡོངས་སུ་བརྟགས་པར་གནས་པ་ན་ཡང་ཆོས་ཀྱི་ཡུལ་གྱིས་བཅིངས་ཏེ། རྡུལ་གྱི་གཟུགས་བརྙན་ལ་རྣམ་པར་དཔྱོད་པ་དང་འདྲ་སྟེ། བདག་གིས་ཁྱོད་ལ་སེམས་
398a
༄#། །མེད་པར་བལྟ་བར་བཤད་པ་མ་ཡིན་ཏེ། གཞན་དུ་ན་ཁྱོད་ཀྱིས་སེམས་ཉིད་ལ་སོ་སོར་རྟོག་བས་དཔྱོད་པར་གྱིས་ཤིག་།གལ་ཏེ་ཡུལ་གྱི་རྣམ་པ་དང་བྲལ་བའི་རྣམ་པར་འབྱེད་པའི་སེམས་ཉིད་ཀ་ཁྱོད་ཀྱི་སེམས་ཡིན་ན། རྣམ་པར་འབྱེད་པའི་སེམས་ཡུལ་གྱི་རྣམ་པ་དང་བྲལ་བ་ནི། དངོས་པོ་མེད་པར་འགྱུར་ལ། འོན་ཏེ་འདི་ཉིད་ཀ་ཡུལ་གྱི་རྣམ་པ་རྣམ་པར་རིག་པའི་རྡུལ་གྱི་གཟུགས་བརྙན་དང་འདྲ་ན། ཡུལ་ནི། མི་རྟག་པ་སྟེ། དེ་ཉིད་འགག་པའི་དུས་སུ་ཕྱིན་པ་ན་སེམས་ཉིད་རུས་སྤལ་གྱི་སྤུ་དང ། རི་བོང་གི་རཝ་དང་མཚུངས་པར་འགྱུར་རོ། །ཁྱོད་ཀྱི་ཆོས་ཉིད་ཀྱི་སྐུ་དང་ལྷན་ཅིག་ཆད་པ་དང་འགག་པར་འགྱུར་བས་གང་ཞིག་གིས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་འགྱུར། དེའི་ཚེ་ཀུན་དགའ་བོ་འཁོར་འདུས་པ་དང་བཅས་པ་ཅང་མི་སྨྲ་བར་ངོ་མཚར་ཞིང་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འཇིག་རྟེན་ན་ལམ་ཡོངས་སུ་སློབ་པ་རྣམས་ད་ལྟར་མཐར་གྱིས་སྙོམས་འཇུག་དགུ་ལ་བསླབ་ཀྱང་ཟག་པ་ཟད་པའི་དགྲ་བཅོམ་པར་མི་འགྱུར་ཏེ། སྐྱེ་འཆིའི་རྣམ་པར་རྟོག་པ་སེམས་ཉིད་ལ་བདེན་པར་རློམ་པས་སོ། །དེ་ཡང་ཀུན་དགའ་བོ་ཁྱོད་ཀྱང་མང་དུ་ཐོས་པ་ཉིད་ནའང་འཕགས་པའི་འབྲས་བུ་ཐོབ་པར་མ་གྱུར་རོ། །ཀུན་དགའ་བོས་དེ་སྐད་ཐོས་པ་དང ། ཡང་མཆི་
398b
མ་བླགས་ཏེ་ཡན་ལག་ལྔས་ས་ལ་གཏུགས་ནས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་སྟོན་པའི་ཞམ་འབྲིང་པར་རབ་ཏུ་བྱུང་ནས་སྟོན་པའི་གཟི་བྱིན་གྱི་མཐུ་ལས་རྟག་ཏུ་བསམ་པ་ན་བདག་གིས་ཡོངས་སུ་འབད་པ་མེད་པར་ཅི་ཞིག་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་སྩལ་པར་བགྱིད་དོ་སྙམ་དུ་སེམས་ལགས་ཏེ། ལུས་སེམས་ཐ་དད་དུ་ཡོངས་སུ་མ་རྟོགས་ལགས་པས། བདག་གིས་སེམས་ཀྱི་དེ་ཁོ་ན་ཉིད་སྟོར་བར་གྱུར་ན། ལུས་ཀྱིས་ཚངས་པར་སྤྱད་ནའང་སེམས་ཀྱིས་འབྲས་བུ་མངོན་དུ་མ་བྱས་ཏེ། དཔེར་ན། བུ་དབུལ་པོས་རང་གི་ཕ་བསྐྱུར་ཏེ་བྲོས་པ་བཞིན་ནོ། །ད་སྟེ་མང་དུ་ཐོས་ནའང་བསྒོམས་པས་ཡིད་ལ་མ་བྱས་ན་ནི། མ་ཐོས་པ་དང་མཚུངས་པར་འགྱུར་ཏེ། གཞན་གྱིས་ཟས་བཟང་པོར་བསྙད་ཀྱང་རོ་མ་མྱོང་བ་བཞིན་ནོ། །སྟོན་པ། བདག་ཅག་ནི། ད་ལྟ་སྒྲིབ་པ་གཉིས་ཀྱིས་བཅིངས་པས། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མ་གྱུར་ལགས་ཏེ། བཅོམ་ལྡན་འདས། བདག་ཅག་མ་གོན་མེད་སྐྱབས་མེད་རྣམས་ལ་ཐུགས་བརྩེ་བས་སེམས་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་ཅིང་ཆོས་ཀྱི་མིག་འབྱེད་པར་མཛད་དུ་གསོལ་ཞེས་གསོལ་པ་དང ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཔལ་བེའུ་ལས་འོད་ཟེར་གྱི་ཚོགས་ཁ་དོག་བརྒྱ་སྟོང་འཁྲུག་པ་སྤྲོས་ཏེ། ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུས་གཅིག་ཏུ་བསྐོར་ཏེ། ཞིང་བཀོད་
399a
༄#། །པ་དེ་དག་གི་སངས་རྒྱས་ཀྱི་གཙུག་ཏོར་ལ་རེག་ནས་སླར་འཁྱིལ་ཏེ་ཀུན་དགའ་བ་དང ། འཁོར་འདུས་པ་རྣམས་ཀྱང་སྣང་བར་བྱས་སོ། །ཀུན་དགའ་བོ་ལ་བཀའ་སྩལ་པ། བདག་གིས་ཁྱོད་ཀྱི་སླད་དུ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་ཞིང ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་ཟབ་ཅིང་གསང་བའི་དེ་ཁོ་ན་ཉིད་དང ། དག་ཅིང་གསལ་བའི་སེམས་ཀྱི་རང་བཞིན་གསལ་བར་བྱེད་ཅིང་རྣམ་པར་དག་པའི་མིག་འཐོབ་པར་བྱས་སོ། །ཀུན་དགའ་བོ། ཁྱོད་ཀྱིས་སྔར་ལན་གསོལ་བའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་འོད་འཕྲོ་བའི་ཁུ་ཚུར་རྒྱུ་ཅིས་ན། ཡོད་པར་སྨྲ། ཇི་ལྟར་ན། ཁུ་ཚུར་དུ་གྲུབ། ཅི་ཞིག་གིས་མཐོང་བར་གྱུར། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱི་སྐུ་ཛམྦུ་ཆུ་བོའི་གསེར་གྱི་མདོག་ཅན་རིན་པོ་ཆེའི་རི་བོ་དང་མཚུངས་པ་དག་ཅིང་གསལ་བར་འཁྲུངས་པས་ན། འོད་ཟེར་གྱིས་རྒྱས་ལགས་ཏེ། བདག་ཅག་གི་མིག་ལམ་དུ་སྣང་བ་ན་ཕྱག་སོར་གྱི་འཁོར་ལོ་རྣམ་པར་བཟླུམས་ཏེ་སྟོན་པར་མཛད་པ་ལས་ན། ཁུ་ཚུར་གྱི་རྣམ་པར་སྣང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་ད་སྟེ་བདེ་བའི་བཀའ་ཡིས་གསལ་བར་བགྱི་སྟེ། བློ་གྲོས་དང་ལྡན་པ་རྣམས་ནི། དཔེས་བསྙད་པ་ན་རྟོགས་པར་འགྱུར་ཏེ། ཀུན་དགའ་བོ། །དཔེར་ན། བཅོམ་ལྡན་འདས་ཀྱི་ཁུ་ཚུར་ནི། བཅོམ་
399b
ལྡན་འདས་ཀྱི་ཕྱག་མ་མཆིས་ན། བཅོམ་ལྡན་འདས་ཀྱི་ཁུ་ཚུར་དུ་མི་འགྲུབ་ལ། ཁྱོད་ཀྱི་མིག་མ་མཆིས་ན། ཁྱོད་ཀྱིས་མཐོང་བར་མི་འགྲུབ་སྟེ། ཁྱོད་ཀྱི་མིག་གི་དབང་པོ་བཅོམ་ལྡན་འདས་ཀྱི་ཕྱག་དང་དཔེར་བགྱིས་པ་ན་འདྲ་བར་མཆིས་སམ། ཀུན་དགའ་བོས་གསོལ་པ། དེ་དེ་བཞིན་ཏེ། སྟོན་པ། བདག་གི་མིག་གི་དབང་པོ་དང་བྲལ་ན་ནི། བདག་གིས་མཐོང་བར་མི་འགྲུབ་སྟེ། བདག་གི་མིག་གི་དབང་པོ་བཅོམ་ལྡན་འདས་ཀྱི་ཕྱག་དང་དཔེར་བགྱིས་པ་ནི། དོན་མཚུངས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀལ་སྩལ་པ། ཁྱོད་ཀྱིས་འདྲ་བར་བསྙད་པ་ནི། དོན་འདྲ་བ་མ་ཡིན་ཏེ། ཅིའི་ཕྱིར་ན། ལག་པ་མེད་པའི་མི་ལ་ཁུ་ཚུར་ཉིད་མེད་པར་རིགས་ཏེ། དཔེར་ན། མིག་མེད་པའི་མིས་མཐོང་བ་རྣམ་པ་ཐམས་ཅད་དུ་མེད་པར་མི་རུང་ངོ ། །དེ་ཅིའི་སླད་དུ་ན། ཁྱོད་ཀྱིས་ལམ་དུ་འགྲོ་བའི་ལོང་བ་རྣམས་ལ་ཁྱོད་ཀྱིས་ཅི་ཞིག་མཐོང་ཞེས་བགམ་སྟེ་འདི་བར་བྱ་སྟེ། དེས་ནི། གདོན་མི་ཟ་བར་མུན་པ་ཉིད་མཐོང་བར་འགྱུར་ཏེ་གཞན་མི་མཐོང་ངོ ། །ཞེས་སྨྲ་བ་ལས་བརྩམས་ཏེ་བསམ་པ་ན་ཡུལ་གྱི་རྣམ་པ་ནི། མུན་པ་སྟེ། མཐོང་བ་ནི། དྲི་བ་མེད་དོ། །ཀུན་དགའ་བོས་གསོལ་པ། ལོང་བའི་མདུན་དུ་མུན་པ་སྣང་བ་ལ་ཇི་ལྟར་ན་མཐོང་བར་བསྙད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལོང་བས་མཐོང་བའི་མུན་པ་དང ། མིག་ལྡན་པས་མཐོང་བའི་ཕུག་
400a
༄#། །གི་མུན་པ་གཉིས་ལ་ཁྱད་པར་མཆིས་སམ། འོན་ཏེ་མ་མཆིས། ཀུན་དགའ་བོས་གསོལ་པ། དེ་དེ་བཞིན་ཏེ། སྟོན་པ། ཕུག་ན་གནས་པའི་མུན་པ་དང ། ལོང་བས་མཐོང་བའི་མུན་པ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡང་མ་མཆིས་སོ། །བཀའ་སྩལ་པ། ཀུན་དགའ་བོ། ལོང་བས་མུན་པ་མཐོང་བར་གྱུར་ན། གློ་བུར་དུ་མིག་དང་ལྡན་པར་གྱུར་ན་མདུན་གྱི་ཡུལ་གྱི་རྣམ་པ་ཁ་དོག་སྣ་ཚོགས་པ་མཐོང་བར་འགྱུར་རམ། དེ་ལྟ་ན་མུན་པའི་ཕུག་ན་གནས་པའི་སྐྱེས་བུས་མདུན་གྱི་མུན་པ་མཐོང་བ་ན་བློ་བུར་དུ་སྒྲོན་མེ་སྦར་བའི་ཚེ་ཡུལ་གྱི་རྣམ་པ་ཁ་དོག་སྣ་ཚོགས་པ་མཐོང་བ་ན་སྒྲོན་མེས་མཐོང་བར་བསྙད་པར་རིགས་སོ། །གལ་ཏེ་སྒྲོན་མེ་མཐོང་བར་འགྱུར་ན་ནི། སྒྲོན་མེ་ཉིད་ཀྱིས་མཐོང་བར་ནུས་པས་སྒྲོན་མེར་བསྙད་པར་མི་བགྱིད་ལ། གལ་ཏེ་སྒྲོན་མེ་མཐོང་བར་གྱུར་ནི། མིག་ལ་རག་མ་ལུས་པ་ཉིད་དོ། །དེས་ན། འདི་ལྟར་རྟོགས་པར་བྱ་སྟེ། སྒྲོན་མེས་གཟུགས་སྣང་བར་ནུས་པ་དང་མཐོང་བ་འདི་ནི། མིག་ཉིད་དེ་སྒྲོན་མེས་མ་ཡིན་པ། མིག་གིས་གཟུགས་གསལ་བར་ནུས་པ་ཉིད་ལ་རང་བཞིན་མཐོང་བ་ནི། སེམས་ཀྱིས་མཐོང་བ་ཡིན་གྱི། མིག་གིས་ནི། མ་ཡིན་ནོ། །ཞེས་གསུངས་པ་དང ། ཀུན་དགའ་བོ། །འཁོར་འདུས་པ་དང་བཅས་པས་སྟོན་པའི་བཀའ་འདི་ཡང་ཐོས་པར་འགྱུར་ཏེ་ཆང་མི་སྨྲ་བར་འཁོད་ཀྱང་ད་དུང་སེམས་ཀྱིས་རྟོགས་པར་
400b
མ་གྱུར་ཏེ། སླད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བར་གསོལ་བའི་སླད་དུ་ཐལ་མོ་སྦྱར་ཏེ་གུས་པས་བཏུད་དེ་བཅོམ་ལྡན་འདས་ག་ལ་བ་དེར་ཕྱོགས་ཏེ་བལྟ་ཞིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཤིང་བལ་ལྟར་འཇམ་ཞིང་དྲ་བས་འབྲེལ་བའི་ཕྱག་གསེར་གྱི་འོད་ཅན་བརྐྱང་སྟེ་ཕྱག་སོར་གྱི་འཁོར་ལོ་ཡོངས་སུ་ཕྱེ་སྟེ་འཁོར་འདུས་པ་དང་བཅས་པའི་ཀུན་དགའ་བོ་ལ་བཀའ་སྩལ་པ། བདག་གིས་བདུད་རྩི་ཐོག་མར་རྙེད་ནས་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཀུན་ཤེས་ཀཽནྜི་ནྱ་ལ་སོགས་པ་དགེ་སློང་ལྔ་སྡེ་དང་འཁོར་རྣམ་བཞི་ལ། སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཅིང་དགྲ་བཅོམ་པར་མ་གྱུར་པ་ནི། ཡུལ་གྱི་མགྲོན་པོ་ཉོན་མོངས་པའི་ཚོགས་ཀྱིས་བསླད་པའོ། །ཞེས་འཆད་པར་མཛད་དེ། དེའི་ཚེ་ཇི་ལྟར་ན་ཡོངས་སུ་རྫོགས་པར་ཁྱེད་ཅག་གིས་འཕགས་པའི་འབྲས་བུ་ཐོབ་པར་གྱུར། དེའི་ཚེ་ཀུན་ཤེས་ཀཽནྜི་ནྱ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་ནི། ན་ཚོད་ཡོལ་བ་ལགས་ཏེ། འཁོར་འདུས་པའི་ནང་ན་རྣམ་པར་གྲོལ་བའི་གནས་མངོན་དུ་བྱས་པ་སྟེ། ཡུལ་གྱི་མགྲོན་པོ་ཞེས་པའི་ཐ་སྙད་ལས་འབྲས་བུ་ཐོབ་པ་ལགས་སོ། །སྟོན་པ། དཔེར་ན། མགྲོན་པོ་འགའ་ཞིག་མགྲོན་ཁང་དུ་སླེབ་སྟེ་ཉལ་བའམ་ཟ་བར་བརྩམས་ཏེ་དོན་མངོན་པར་འགྲུབ་པ་ན། བྱེས་ཀྱི་ཆས་རྣམས་བསྣམས་ཏེ་ཡང་ལམ་དུ་འགྲོ་བར་བརྩམས་ནས་འདུག་པར་མི་སེམས་པ་སྟེ། གལ་
401a
༄#། །ཏེ་གཞིར་འཁོད་པ་ཞིག་ན་གཞན་དུ་འགྲོ་བར་མི་བྱེད་དེ། བདག་ནི། འདི་ལྟར་སེམས་ཏེ། མགྲོན་པོ་ནི། མི་སྡོད་ཅིང་གཞིར་འཁོད་པ་ནི། སྡོད་པ་སྟེ། སྡོད་པར་མི་བྱེད་པ་ཉིད་ལ་མགྲོན་པོ། ཞེས་བརྗོད་སྙམ་མོ། །ཡང་དཔེར་ན། ནམ་མཁའ་དྲངས་པ་ན་ཉི་མའི་ཟེར་སྣོད་དུ་ཕོག་པ་ན་རྡུལ་ཕྲ་མོའི་ཚོགས་ནམ་མཁའི་ཁམས་ལ་གསལ་བར་འགྱུར་ཏེ། རྡུལ་ཕྲན་གཡོ་བ་ཉིད་ནའང་ནམ་མཁའི་ཁམས་ཞེས་བྱ་བ་ནི། གཡོ་བ་མེད་དེ། བདག་གིས་འདི་ལྟར་བསམ་སྟེ། དྭངས་ཤིང་མི་སྒྲིབ་པ་ནི། སྟོང་པར་བསྙད་དེ། གཡོ་ཞིང་འགྱུར་བ་ནི།་ཡུལ་དུ་བསྙད་པར་སེམས་ལག་སྟེ། གཡོ་ཞིང་འགྱུར་བ་ཉིད་ལས་ཡུལ་དུ་བརྟགས་པའོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །གསུངས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པའི་ནང་དུ་ཕྱག་སོར་གྱི་འཁོར་ལོ་འབྱེད་པ་དང་སྡུམ་པ་རེས་མོས་སུ་མཛད་བཞིན་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ད་ལྟར་ཇི་ལྟར་མཐོང ། ཀུན་དགའ་བོས་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱིས་རིན་ཆེན་བརྒྱ་ལྟར་མཛེས་པའི་ཕྱག་གི་འཁོར་ལོ་འཁོར་འདས་པའི་ནང་དུ་འབྱེད་སྡུམ་མཛད་པ་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱག་འཁོར་འདུས་པའི་ནང་དུ་འབྱེད་འཛུམ་བྱེད་པར་མཐོང་བ་ནི། བཅོམ་ལྡན་འདས་ཀྱི་ཕྱག་ལ་འབྱེད་སྡུམ་ཡོད་པས་དེ་ལྟར་མཐོང་
401b
བའམ། ཁྱོད་ཀྱི་མཐོང་བ་ཉིད་ལ་འབྱེད་པ་དང་སྡུམ་པ་ཡོད་པ་ལས་དེ་ལྟར་གྱུར། ཀུན་དགའ་བོས་གསོལ་པ། སྟོན་པའི་རིན་པོ་ཆེའི་ཕྱག་འཁོར་འདུས་པའི་ནང་དུ་འབྱེད་ཅིང་སྡུམ་པ་བདག་གིས་མཐོང་བ་ནི། བཅོམ་ལྡན་འདས་ཀྱི་ཕྱག་ཉིད་ལ་འབྱེད་སྡུམ་ཡོད་པ་ལས་ཏེ། བདག་གི་མཐོང་བ་ཉིད་ལ་འབྱེད་སྡུམ་ཡོད་པས་ནི། མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་གང་ཞིག་ནི། གཡོ་བ་ཡིན་ལ། གང་ཞིག་ནི། དྭངས་པར་འགྱུར། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱི་ཕྱག་ནི། གཡོ་བ་སྟེ། བདག་གི་མཐོང་བ་ཉིད་ལ་གནས་པ་ཡང་མ་མཆིས་ན་གཡོ་བ་ལྟ་ག་ལ་ཞིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་ནས་རིན་པོ་ཆེའི་འོད་ཟེར་ཀུན་དགའ་བོའི་གཡས་ལོགས་སུ་སྤྲོས་པ་ལ། ཀུན་དགའ་བོས་གཡས་སུ་ཀྱོགས་ཏེ་བལྟ་ཞིང ། སླར་ཡང་འོད་ཟེར་གཅིག་ཀུན་དགའ་བོའི་གཡོན་ལོགས་སུ་སྤྲོས་པ་ལ་ཀུན་དགའ་བོས་གཡོན་དུ་ཀྱོགས་ཏེ་བལྟ་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱི་མགོ་བོ་ད་ལྟ་ཇི་ལྟར་ན་གཡོ་བར་འགྱུར། གསོལ་པ། བཅོམ་ལྡན་འདས་ཀྱི་རིན་པོ་ཆེའི་འོད་ཟེར་མཛེས་པ་སྤྲོས་པ་བདག་གི་སྣ་མ་ལོགས་གཡས་གཡོན་དུ་འཁྱུག་པ་ན་གཡས་གཡོན་དུ་བལྟ་བའི་སླད་དུ་མགོ་བོ་གཡོ་བར་གྱུར། བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་
402a
༄#། །ཀྱིས་བཅོམ་ལྡན་འདས་ཀྱི་འོད་ཟེར་བལྟ་བར་གཡས་གཡོན་དུ་མགོ་བོ་གཡོ་བ་ན་ཅི་མགོ་བོ་ཉིད་གཡོ་བའམ་མཐོང་བ་ཉིད་གཡོ་བར་འགྱུར། གསོལ་པ། སྟོན་པ།་བདག་གི་མགོ་བོ་ཉིད་གཡོ་བ་སྟེ། མཐོང་བ་ནི། དྭངས་པ་ཡང་མ་དམིགས་ལ་གཡོ་བ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ལ་བཀའ་སྩལ་པ། དེ་ལྟར་ན་སེམས་ཅན་རྣམས་ཀྱིས་གཡོ་བ་ཉིད་ལས་ཡུལ་དུ་བསྙད་ལ། མི་སྡོད་པས་ན་མགྲོན་པོར་བསྙད་པ་སྟེ། ཁྱེད་ཅག་གིས་ཀུན་དགའ་བོའི་མགོ་བོ་ཉིད་གཡོ་བར་བྱེད་ལ་མཐོང་བ་ཉིད་མི་གཡོ་བར་ལྟོས་ཤིག་།ཡང་བཅོམ་ལྡན་འདས་ཀྱི་ཕྱག་འབྱེད་སྡུམ་བྱེད་ལ། མཐོང་བ་ཉིད་ལ་འབྱེད་སྡུམ་མད་པ་ལ་ལྟོས་ཤིག་།ཇི་ལྟ་ན་ད་ལྟ་གཡོ་བས་ནི། ལུས་སུ་བསྙད་ལ། ཡང་གཡོ་བས་ནི། ཡུལ་དུ་བསྙད་པར་འགྱུར། །མགོ་ནས་མཇུག་གི་བར་དྲན་རྟོག་གིས་སྐྱེ་འགག་བྱེད་པས། དེ་ཁོ་ན་ཉིད་སྟོར་བས་ཕྱིན་ཅི་ལོག་ཏུ་སྤྱོད་དོ། །སེམས་ཀྱི་དེ་ཉིད་བདེན་པ་སྟོར་བས་ཕྱི་རོལ་གྱི་ཡུལ་ལ་རང་གི་དེ་ཉིད་དུ་འཁྲུལ་བས་འཁོར་བ་འདིར་རང་ཉིད་འཕྱན་པ་འབའ་ཞིག་ལེན་ཏོ། །དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་
402b
ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེའི་ཚེ་ཀུན་དགའ་བོ་འཁོར་འདུས་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་རྗེས་སུ་སྩལ་པའི་བཀའ་ཐོས་པས་ལུས་སེམས་སིམ་པ་མྱོང་སྟེ། ཐོག་མ་མེད་པ་ནས་རང་གི་དེ་ཁོ་ན་ཉིད་སྟོར་བས། ཕྱི་རོལ་གྱི་ཡུལ་རྫུན་པ་ལ་བདེན་པར་ཞེན་ཏེ་གཟུགས་བརྙན་རྣམ་པར་འབྱེད་པར་གྱུར་པ་ལས། ད་སྟེ་ལེགས་པར་རྟོགས་པས་ནུ་མ་སྟོར་བའི་བྱིས་པ་གློ་བུར་དུ་བརྩེ་བའི་མ་དང་འཕྲད་པ་ལྟར་གྱུར་ཏེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱི་བཀའ་རྗེས་སུ་མཉན་པར་སེམས་པས། ལུས་སེམས་མངོན་དུ་བྱས་ཏེ།་དོན་དམ་དང་ཀུན་རྫོབ་བམ། བདེན་པ་དང་རྫུན་པ་ད་ལྟ་མངོན་སུམ་དུ་མཐོང་བའི་སྐྱེ་འགག་ཡོད་པ་དང ། སྐྱེ་འགག་དང་བྲལ་བའི་རང་བཞིན་རྣམ་པ་གཉིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དུ་གསོལ་ཞེས་རེ་ཞིང་སྡོད་དོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་ལངས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་སྔོན་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་མ་ཐོས་པའི་ཚེ་ཀ་ཏྱཱ་ན་དང་ཡང་དག་རྒྱལ་བ་ཅན་སོགས་ཀྱིས་ཤི་བའི་ཚེ་བེམ་རིག་རྒྱུན་ཆད་པ་ལ་མྱང་འདས་ཞེས་སྨྲ་བ་ཐོས་སོ། །ད་སྟེ་སངས་རྒྱས་མཇལ་བ་ན་བདག་གི་ཡིད་ནེམ་ནུར་དུ་གྱུར་ཏེ། ཇི་ལྟར་ན། ད་ལྟའི་སེམས་འདི་སྐྱེ་འགག་མེད་པའི་གནས་གསལ་བར་མཛད་པར་འགྱུར་སྙམ་སྟེ། འཁོར་འདུས་པའི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་དེ་ཁོ་ན་ལྟར་སེམས་ལགས་སོ། །བཅོམ་ལྡན་འདས་
403a
༄#། །ཀྱིས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། བདག་གིས་ཁྱོད་ལ་འདི་འདྲི་སྟེ། ཁྱོད་ཀྱི་ཤ་རུས་རྡོས་བཅས་ཀྱི་ལུས་འདི་རྡོ་རྗེ་ལྟར་གཞོམ་དུ་མེད་བཞིག་གམ། འོན་ཏེ་འགྱུར་ཞིང་འཇིག་པ་དང་བཅས་གྲང་ཞེས་སྨྲ། གསལ་རྒྱལ་གྱིས་གསོལ་པ། སྟོན་པ། བདག་གི་ལུས་འདི་མཐར་འཇིག་པའི་ཆོས་ཅན་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་གསལ་རྒྱལ་ལ་བཀའ་སྩལ་པ། ཁྱོད་ད་ལྟ་གསོན་བཞིན་དུ་ཇི་ལྟར་འཇིག་པའི་ཆོས་ཅན་དུ་ཤེས། གསལ་རྒྱལ་གྱིས་གསོལ་པ། སྟོན་པ། བདག་གི་ལུས་མི་རྟག་ཅིང་འཇིག་པའི་ཆོས་ཅན་ད་ལྟ་མ་ཞིག་མོད་ཀྱང ། བདག་གི་སེམས་ད་ལྟ་དྲན་རིག་ད་ལྟ་ཡང་སྐྱེ་ཞིང་ཡང་འཇིག་པ་གློ་བུར་གློ་བུར་དུ་འགྱུར་ཞིང་མི་བརྟན་པ། མེས་ཐལ་བར་བྱེད་པ་ལྟར་འཕྲལ་འཕྲལ་དུ་འཇིག་ཅིང་འགག་པ་མཐོང་བ་ལས་ན། འགག་པ་རང་འཇིག་པ་མེད་པར་མི་འགྱུར་བས་ངེས་ན། བདག་གི་ལུས་མཐར་འཇིག་པའི་ཆོས་ཅན་དུ་ངེས་པར་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རྒྱལ་པོ། ཁྱོད་ནི། ད་ལྟ་ལང་ཚོ་ཡོལ་ཏེ་བྱད་བཞིན་དར་ལ་བབས་པའི་སྐབས་ལས་རྣམ་པ་གཞན་དུ་འགྱུར་བ་ལགས་མོད། གསལ་རྒྱལ་གྱིས་གསོལ་པ། སྟོན་པ། བདག་བྱིས་པའི་སྐབས་སུ་ཤ་པགས་འཇམ་ཞིང་འཁྲིལ་ཆགས་ལ། དར་ལ་བབས་པའི་སྐབས་སུ་རྩལ་སྟོབས་ཡོངས་སུ་རྒྱས་པ་ལས། ད་ལྟ་ལང་
403b
ཚོ་ཡོལ་བས་རྩལ་སྟོབས་རྒུད་ཅིང་དྲན་པ་རྨོངས་པ་ལ་ཐུག་པས་ལུས་ཀྱི་རང་བཞིན་འགྱུར་ལ་ཟུངས་དམའ་ཞིང་ཁམས་རྙོག་པས། སྐྲ་དཀར་གཉེར་མ་ལྷགས་པས་རིང་པོར་མི་ཐོགས་ཏེ། ཇི་ལྟར་ན།་སྔོན་གྱི་དར་ལ་བབས་པའི་གནས་སྐབས་དང་འདྲ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ། ཁྱོད་ཀྱི་ལང་ཚོ་གློ་བུར་དུ་རྒས་པར་ལྟ་མཆིས་སམ། གསལ་རྒྱལ་གྱིས་གསོལ་པ། བཅོམ་ལྡན་འདས། ལང་ཚོ་ནི། ཁད་ཀྱིས་ཡོལ་བ་སྟེ། མངོན་པ་མ་ཡིན་པར་དབྱར་དགུ་ན་དུས་ཀྱིས་འགྱུར་བས་རིམ་གྱིས་གཏུགས་པར་གྱུར་ནས་ཚོད་འདིར་སླེབ་སྙམ་ལགས་ཏེ། ཅིའི་ཕྱིར་ཞེ་ན། བདག་ལོ་ཉི་ཤུ་ལོན་པ་ན་གཞོན་པ་ཉིད་ནའང་བྱད་བཞིན་འགྱུར་བས། ལོ་བཅུའི་དུས་ལས་རྒུད་པར་གྱུར་ལ། ལོ་སུམ་ཅུའི་ཚེ་ཉི་ཤུ་ལས་ཀྱང་རྒུད་ལ། ད་ལྟ་ནི།་ལོ་གཉིས་ཀྱིས་ལྷག་པའི་དྲུག་ཅུ་ལགས་ཏེ། སྔོན་ལོ་ལྔ་བཅུའི་གནས་སྐབས་ན་འདི་བས་གཞོན་ཤ་ཅན་ལགས་སོ། །སྟོན་པ། རིམ་གྱིས་ལང་ཚོ་ཡོལ་བའི་རྣམ་འགྱུར་རྗེས་སུ་དཔག་སྟེ།་རེ་ཞིག་ལོ་བཅུ་བཅུ་ན་རྣམ་འགྱུར་མངོན་པར་འགྱུར་རོ། །ཡང་ཞིབ་ཏུ་བརྟགས་ཚེ་ལོ་ཁྱུད་ཀོར་རེ་ལ་འགྱུར་བར་མ་ཟད་ལོ་རེ་བཞིན་འགྱུར་བ་དང ། ལོ་རེར་མ་ཟད་ཟླ་རེར་དང ། ཟླ་རེར་མ་ཟད་ཉིན་རེར་ཡང་འགྱུར་བ་དང ། ཞིབ་ཏུ་ན་སྐད་ཅིག་སྐད་ཅིག་ལ་ཡིད་འགྱུར་བའི་བར་དག་ཏུ་ཡང་མི་བརྟན་པ་སྟེ། དེས་ན་བདག་གི་ལུས་མཐར་འཇིག་པའི་ཆོས་ཅན་དུ་ངས་
404a
༄#། །པར་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་རྣམ་པར་འགྱུར་ཞིང་མི་བརྟན་པའི་ངང་ཚུལ་མཐོང་བས། ཁྱོད་མཐར་འཇིག་པའི་ཆོས་ཅན་དུ་ཤེས་ན། ཅི་ཁྱོད་མཐར་འཇིག་པའི་ཚེ་ན་ཁྱོད་ལ་མི་འཇིག་པའི་ཆོས་འགའ་ཞིག་མཆིས་སམ། རྒྱལ་པོ་གསལ་རྒྱལ་གྱིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་ངེས་པར་མ་འཁུམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་རྟོགས་པར་བྱ་སྟེ། རང་བཞིན་ནི། སྐྱེ་འགག་མ་མཆིས་སོ། །རྒྱལ་པོ།་ཁྱོད་ཀྱིས་སྔོན་ནམ་ཞིག་ན་གངྒཱའི་ཀླུང་མཐོང་བ་ཡིན། རྒྱལ་པོས་གསོལ་པ། བདག་ལོ་གསུམ་ན་མས་བཀུར་ཏེ་ཁྱབ་འཇུག་གི་ལྷ་ཁང་མཇལ་བར་དོང་བའི་ཚེ་ཀླུང་བབས་པ་མཐོང་སྟེ། དེའི་ཚེ་གངྒཱ་ཡིན་པར་འཁུམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ། ཁྱོད་ཀྱིས་སྨྲས་པ་ལྟ་ན་ལོ་ཉི་ཤུ་ན་ལོ་བཅུ་ལས་བརྒལ་བ་ནས་བཟུང་སྟེ་དྲུག་ཅུའི་བར་དུ་ལོ་དང ། ཟླ་བ་དང ། ཉི་མ་དང ། དུས་ཚོད་རེ་རེ་བཞིན་ཡིད་ཙམ་རེ་རྣམ་པར་འགྱུར་བར་སྨྲ་ན། ཁྱོད་ཀྱིས་ལོ་གསུམ་ན་གངྒཱའི་ཀླུང་མཐོང་བ་ལས། ལོ་བཅུ་གསུམ་པའི་ཚེ་མཐོང་བ་ན་ཅི་གངྒཱ་གཞན་དུ་འགྱུར་རམ། གསོལ་པ། ལོ་གསུམ་གྱི་ཚེ་མཐོང་བ་ལས་གཞན་དུ་མ་འགྱུར་ཞིང ། ལོ་དྲུག་ཅུ་ན་ཡང་དེ་ཁོ་ན་ལྟར་ལགས་སོ། །བཅོམ་ལྡན་འདས་
404b
ཀྱིས་བཀའ་སྩལ་པ། ཁྱོད་ད་ལྟ་སྐྲ་དཀར་གཉེར་མ་ལྷགས་པས་ན། བཞིན་བྱིས་པའི་གནས་སྐབས་ཡོས་ངེས་པར་རྒས་པར་གྱུར་མོད། ཁྱོད་ཀྱིས་སྔོན་བྱིས་པའི་གནས་སྐབས་སུ་མཐོང་བ་ལས་གངྒཱ་གཞན་དུ་འགྱུར་བའི་དབྱེ་བ་ལྟ་མཆིས་སམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ། །ཁྱོད་ཀྱི་བཞིན་རྒས་ཤིང ། རང་བཞིན་ནི། རྒས་པ་མེད་དོ། རྒས་པ་ནི། འགྱུར་བ་ཞེས་བྱ་ལ། རྒས་པ་མེད་པ་ནི། མི་འགྱུར་བ་ཞེས་བྱའོ། །འགྱུར་བ་ནི། སྐྱེ་འཆི་ཉམས་སུ་མྱོང་ལ། འགྱུར་བ་མེད་པ་ཉིད་ནི། གདོད་ནས་སྐྱེ་འཆི་མ་མཆིས་ན། དེ་ཇི་ལྟར་ན། ཁྱོད་ཀྱིས་སྐྱེ་འཆི་ཉམས་སུ་མྱོང་བར་འགྱུར། དེས་ན་ཅིའི་ཕྱིར་ཁྱོད་ཀྱིས་ད་དུང་ཀུན་ཏུ་རྒྱུ་སོགས་ཀྱི་རྗེས་སུ་འབྲངས་ཏེ་ཤི་བའི་ཚེ་བེམ་རིག་ཆད་པར་སྨྲ་བར་བགྱིད། རྒྱལ་པོ་གསལ་རྒྱལ་གྱིས་དེ་སྐད་ཐོས་པ་དང ། ལུས་འདི་བརྗེས་པའི་ཚེ་རྟེན་འདི་བོར་ནས་སྐྱེ་བ་གཞན་ལེན་པ། འཁོར་འདུས་པ་དང་ལྷན་ཅིག་སྔོན་མ་ཐོས་པའི་གཏམ་གྱིས་ལྷག་པར་རྩེན་ཞིང་དགའ་བ་ཉམས་སུ་མྱོང་བར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་པུས་མོ་བཙུགས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་གསུང་འདི་འཁུམས་པ་ལམ་ན། རང་བཞིན་ནི། སྐྱེ་འགག་མ་མཆིས་ཏེ། ཇི་ལྟར་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་
405a
༄#། །གི་རང་བཞིན་བརླག་སྟེ་ཕྱིན་ཅི་ལོག་ཏུ་སྤྱོད་པར་གསུངས། དེས་ན་བྱམས་བརྩེས་བདག་གི་དྲི་མ་སྦྱང་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་མདོག་ཅན་འཁོར་ལོ་རྩིབས་སྟོང་དང་ལྡན་པ་འོག་ཏུ་བརྐྱང་སྟེ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བདག་གི་ཕྱག་རྒྱ་འདི་མཐོང་བ་ལས་གྱེན་དུ་བལྟ་བར་སྨྲའམ། ཐུར་དུ་བལྟ་བར་སྨྲ།་ཀུན་དགའ་བོས་གསོལ་པ། འཇིག་རྟེན་རྣམས་ཀྱིས་ནི། འདི་ལ་ཐུར་དུ་བལྟ་བར་སྨྲ་སྟེ། གང་ཞིག་ནི། གྱེན་དང ། གང་ཞིག་ཐུར་དུ་བསྙད་པར་བདག་གིས་མ་འཁུམས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། འཇིག་རྟེན་རྣམས་ཀྱིས་འདི་ལ་ཐུར་དུ་བསྙད་པར་བགྱི་ན། གང་ཞིག་ལ་གྱེན་དུ་བསྙད་པར་བགྱི། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཕྱག་བསྒྲེངས་ཏེ་ཤིང་བལ་ལྟར་འཇམ་པའི་སོར་མོ་སྟེང་དུ་བསྟན་པའི་ཚེ་དེ་ལ་གྱེན་དུ་བསྙད་པར་བགྱི་མོད། བཅོམ་ལྡན་འདས་ཀྱིས་ཕྱག་བསྒྲེངས་ཏེ་ཀུན་དགའ་བོ་ལ་བཀའ་སྩལ་པ། འདི་ལྟར་སྟེང་འོག་ཕན་ཚུན་གོས་བརྗེས་པ་ལ་འཇིག་རྟེན་པ་རྣམས་འདྲ་བར་མཐོང་བ་ཡིན་སྙམ་ན། ཁྱེད་ཅག་གི་ལུས་དང ། བཅོམ་ལྡན་འདས་ཀྱི་དག་གསལ་ཆོས་ཀྱི་སྐུ་གཉིས་དཔེ་མཚུངས་སུ་ཕྱེ་བའི་ཚེ་གོ་བར་ནུས་ཡོད། དེ་བཞིན་གཤེགས་པའི་སྐུ་ནི། ཡང་དག་པར་རྟོགས་ལ། ཁྱེད་ཅག་གི་ལུས་ནི། རང་བཞིན་
405b
ཕྱིན་ཅི་ལོག་ཏུ་བསྙད་པ་དེ་ལ་ཁྱོད་ཀྱིས་དཔྱད་ཅིང་བལྟས་པ་ན་ཁྱོད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལ་དཔེར་བྱས་པའི་ཚེ་ཕྱིན་ཅི་ལོག་ཏུ་བསྙད་ན་ཅི་ཞིག་ཕྱིན་ཅི་ལོག་ཅེས་བརྗོད། དེའི་ཚེ་ཀུན་དགའ་བོ་འཁོར་འདུས་པ་དང་ལྷན་ཅིག་བཅོམ་ལྡན་འདས་ལ་མིག་འབུར་ཚུགས་སུ་མི་འཛུམ་པར་བལྟ་ཞིང་ལུས་སེམས་ཀྱི་ཕྱིན་ཅི་ལོག་གང་ལ་བསྙད་པ་མ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་བརྩེ་བསྐྱེད་དེ་ཀུན་དགའ་བོ་དང ། འཁོར་འདུས་པ་ལ་ཐུགས་ཀྱིས་བསྲང་སྟེ་རྒྱ་མཚོའི་རླབས་དང་མཚུངས་པའི་དབྱངས་ཀྱིས་འདུས་པའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས།་བདག་གིས་རྒྱུན་དུ་བསྟན་ཏེ། གཟུགས་དང ། ཤེས་པ་ཐམས་ཅད་ཀྱི་རྒྱུ། སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྩ་བ། ཀུན་གྱི་རྒྱུའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ནི། སེམས་ཉིད་ལས་བྱུང་བ་སྟེ། ཁྱོད་ཀྱི་ལུས་དང ། སེམས་ཐམས་ཅད་ངོ་མཚར་རྨད་དུ་བྱུང་བའི་སེམས་འོད་གསལ་བ་ལས་བྱུང་བ་ཡིན་ན། ཁྱོད་ཅག་ཇི་ལྟར་རྨད་དུ་བྱུང་བའི་སེམས་འོད་གསལ་བ། དག་པའི་དེ་ཁོན་ཉིད་ཀྱི་རིན་པོ་ཆེ་སྟེར་ནས་ཡེ་ཤེས་ཉིད་ལས་རྨོངས་པ་ཚོལ་བར་བྱེད། རྨོངས་པ་ལས་ནི། སྟོང་པའི་སྐབས་ཕྱེ་ཞིང ། རྨོངས་པ་དང ། སྟོང་པའི་འཇུར་མདུད་ལས་གཟུགས་དང ། དེ་ལས་ཡང་འདུ་ཤེས་སྣ་ཚོགས་པ་འབྱུང་ཞིང ། དེ་ལས་ཕུང་པོར་རེད་པར་འགྱུར་རོ། །རྒྱུའི་རྣམས་འདུས་པ་ལས་ནང་གི་གཡེང་བའི་རྣམ་རྟོག་གིས་བསྐྱོད་པས་ཕྱི་རོལ་གྱི་དོན་ཐམས་ཅད་ལ་
406a
༄#། །རྒྱུག་པས་འཁྲུལ་ཞིང་འཁྱམས་ནས་རྙོག་པའི་རྣམ་པ་ལ་སེམས་ཀྱི་རང་བཞིན་དུ་འཁྲུལ་ལོ། །དེ་ལྟར་གཅིག་ཏུ་རྨོངས་པས་ན། གཟུགས་ཀྱི་དངོས་པོ་ཉིད་ནང་གི་རང་བཞིན་དུ་བཟུང་ནས་རྟག་ཏུ་ཕྱི་རོལ་གྱི་གཟུགས་ཀྱི་དངོས་པོ་རི་ཀླུང་དང་ནམ་མཁའ་སྟོང་པས་ཆེན་པོའི་བར་ཐམས་ཅད་རྨད་དུ་བྱུང་བའི་སེམས་འོད་གསལ་བའི་རང་བཞིན་ཡིན་པ་མ་ཤེས་སོ། །དཔེར་ན། དྭངས་ཤིང་གསལ་བའི་རྒྱ་མཚོ་ཆེན་པོ་སྟོང་ཕྲག་བརྒྱ་པ་ཡོངས་སུ་དོར་ནས་ཆུ་བུར་ཕྲ་མོའི་རྣམ་པ་ལ་རྦ་རླབས་སུ་བལྟས་ཏེ་རྒྱ་མཚོ་ཆེན་པོར་རྟག་ཏུ་འཁྲུལ་པ་བཞིན་ནོ། །ཁྱེད་ཅག་ནི། རྨོངས་པ་ལས་ཀྱང་ཆེར་རྨོངས་པ་སྟེ། ད་གཟོད་བདག་གི་ཕྱག་ཐུར་དུ་བསྟན་པ་བྱེ་བྲག་མ་ཕྱེད་པ་དང་འདྲ་བས་ན། བཅོམ་ལྡན་འདས་ཀྱིས་ཁྱེད་ཅག་ལྷག་པར་བྱམས་པ་དང ། བརྩེ་བར་བྱ་བར་གསུངས་སོ། །དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་ལྷག་པར་བརྩེ་བའི་བཀའ་ལུང་མནོས་ཏེ་མིག་མཆི་མས་གང་བཞིན་དུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱི་གསུང་རྨད་དུ་བྱུང་བ་དེ་ལྟར་ཐོས་པ་ལས་རྨད་དུ་བྱུང་བའི་སེམས་འོད་གསལ་བ། ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་རྟོགས་པར་གྱུར་མོད་ཀྱི། བདག་གིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བཀའ་མཆིད་སྩལ་བརྟོགས་པ་ལས་སེམས་ཀྱི་རྒྱུད་འདི་ཉིད་དྲངས་པས་གཅིག་ཏུ་གུས་ཤིང་པུ་དུད་
406b
དུ་བྱེད་པ་ལ། དེ་ལྟ་བུའི་སེམས་ཙམ་ཞིག་ཐོབ་མོད་ཀྱི། སེམས་དེ་ཉིད་བདེན་པའི་རྩ་བ་ཅན་དུ་ལྟ་བར་མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་ལྷག་པར་བྱམས་པ་དང ། བརྩེ་བས་བདག་གི་ཐེ་ཚོམ་བཅད་ནས་བླ་ན་མེད་པའི་གོ་འཕང་ལ་འགོད་པའི་ཆོས་ཟབ་མོ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱེད་ཅག་རྒྱུ་དངོས་པོའི་སེམས་ཉིད་ཀྱིས་ཆོས་ཀྱི་ཚུལ་ཐོས་པར་གྱུར་ཏེ། ཆོས་ཀྱི་ཚུལ་ལ་བདེན་པར་མངོན་པར་ཞེན་པས་ཆོས་ཀྱི་དེ་ཉིད་མ་རྟོགས་སོ། །འགའ་ཞིག་གིས་སོར་མོའི་རྩེ་མོས་ཟླ་བ་བསྟན་པ་ན་དེ་ལས་ཟླ་བ་ལ་བལྟ་བར་རིགས་ཀྱི།་སོར་མོ་ཉིད་ཟླ་བར་བཟུང་ན། མི་དེས་ཟླ་བར་རིང་དུ་འཁྲུལ་པར་མ་ཟད་སོར་མོ་དེ་ལའང་རིང་དུ་འཁྲུལ་ཏེ། ཅིའི་ཕྱིར་ན། སྟོན་བྱེད་ཀྱི་སོར་མོ་དྭངས་པའི་ཟླ་བ་ཞེས་རིང་དུ་འཁྲུལ་བས་སོར་མོར་རིང་དུ་འཁྲུལ་བ་ལྟ་ཞོག་།སྣང་མུན་ཀྱང་མི་ཕྱེད་པར་འགྱུར་ཏེ། ཅིའི་ཕྱིར་ན། སོར་མོའི་རྩེ་མོ་དྭངས་པའི་ཟླ་བར་བཟུང་བས་སྣང་མུན་ལོག་པར་ནོར་བས་སོ། །ཁྱོད་ཀྱང་དེ་བཞིན་དུ་བལྟའོ། །བདག་གིས་དམ་པའི་ཆོས་འཆད་པའི་བཀའ་རྣམ་པར་འབྱེད་ནུས་པ་ཉིད་དུ་བཟུང་ན། འོན་ཏེ་བདག་གིས་སྩལ་པའི་བཀའ་དང་འབྲེལ་བ་མེད་པའི་ཁྱོད་ཀྱི་སེམས་ཉིད་གཞན་དུ་གྱུར་བ་ལྟ་མཆིས་སམ། དཔེར་ན། མགྲོན་པོ་མགྲོན་ཁང་དུ་འོང་བ་ཅུང་ཟད་འདུག་ཅིང ། འཕྲལ་དུ་འགྲོ་བས་རྒྱུན་དུ་མི་གནས་ལ། ཁྱིམ་གྱི་བདག་པོ་ནི། འགྲོ་བར་མི་བྱེད་པས་ན། ཁྱིམ་
407a
༄#། །གྱི་བདག་པོ་ཟེར་རོ། །དེ་བཞིན་དུ་སེམས་ཀྱི་རང་བཞིན་ཉིད་ཡིན་ན་ནི། གང་དུ་ཡང་འགྲོ་བར་མི་བྱེད་པས། ཇི་ལྟར་ན། སྒྲ་དང་བྲལ་བའི་རྣམ་པར་རིག་པའི་རང་བཞིན་ཡང་མེད་པར་འགྱུར། དེ་ལྟར་ན། སྒྲ་ལ་རྣམ་པར་རིག་པའི་སེམས་ཀྱི་རང་བཞིན་ཡོད་པར་མ་ཟད། བདག་གི་བཞིན་རྣམ་པར་རིག་པ་ཡང་གཟུགས་ཀྱི་རྣམ་པ་ཐམས་ཅད་ལས་གཞན་དུ་ཁྱོད་ཀྱི་རྣམ་པར་རིག་པའི་རང་བཞིན་མེད་པར་འགྱུར་ལ། དེ་ལྟར་ན། སྣ་ཚོགས་པའི་རྣམ་པར་རིག་པ་ཐམས་ཅད་དང་བྲལ་བའི་བར་དང ། གཟུགས་མ་ཡིན་ཞིང་སྟོང་པ་མ་ཡིན་པའི་དངོས་པོ་གནག་ལྷས་ཀྱི་བུ་སོགས་ཀྱིས་ཟབ་མོའི་གནས་སུ་ཞེན་པའི་བར་དང་མཚུངས་སོ། །ཅི་སྟེ་ཆོས་ཐམས་ཅད་དང་བྲལ་བའི་རྣམ་པར་རིག་པའི་རང་བཞིན་མེད་པར་གྱུར་ལ། ཁྱོད་ཀྱི་སེམས་ཀྱི་རང་བཞིན་སོ་སོར་ལྡོག་ཅིང་འགྲོ་བ་ཉིད་ན་གང་ཞིག་གནས་པ་པོ་ཉིད་དུ་གྱུར། ཀུན་དགའ་བོས་གསོལ་པ། བདག་གི་སེམས་ཉིད་སོ་སོར་ལྡོག་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་རྨད་དུ་བྱུང་བའི་སེམས་གསལ་རིག་ཇི་ལྟར་ན་མི་ལྡོག་པར་འགྱུར། ཐུགས་བརྩེབས་དགོངས་ཏེ་བདག་གི་སླད་དུ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱི་མཐོང་བའི་རང་བཞིན་རྨད་དུ་བྱུང་བའི་གསལ་རིག་འདི། རྨད་དུ་བྱུང་བའི་སེམས་ཀྱི་དེ་ཉིད་རང་བཞིན་
407b
མ་ཡིན་ཀྱང་ཟླ་གཉིས་དང་འདྲ་སྟེ། ཟླ་བའི་བརྙན་པོ་དང་མི་འདྲའོ། །ཁྱོད་ཀྱིས་ལེགས་པར་ཉོན་ཅིག་།བདག་གིས་མི་ལྡོག་པའི་རང་བཞིན་ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོ། ཀུན་དགའ་ར་བའི་སྒོ་ཕྱེ་སྟེ་ཤར་ཕྱོགས་ནས་ཉི་མ་ཤར་བ་ན་འོད་འཁྱུག་པར་འགྱུར་ཏེ། ནམ་གུང་ན་ཟླ་སྣང་བྲལ་བའི་ཚེ་སྨག་དང་སྤྲིན་འཐིབས་པས་མུན་པར་འགྱུར་རོ། །སྒོ་དང་སྐར་ཁུང་ནས་ནི་མཐོང་བ་གསལ་བར་འགྱུར་ལ། རྩིག་པ་དང་སྒྲིབ་ཡོལ་གྱིས་ཆོད་པ་ན་མཐོང་བ་སྒྲིབ་པར་འགྱུར་རོ། །རྣམ་པར་འབྱེད་པའི་གནས་སུ་ནི། ཡང་ཡོངས་སུ་རིག་པར་བྱའོ། །བར་སྣང་ལ་ནི། ཅི་ཡང་སྟོང་པ་ཁོ་ན་སྣང་ངོ ། །ཐག་རིང་པོའི་རྡུལ་འཚུབས་པའི་རྣམ་པ་ནི། མུན་པར་གཏིབས་པར་སྣང་ངོ ། །རྡུལ་དྭངས་པའི་ཚེ་ན་ཡང་དྭངས་ཤིང་གསལ་བར་འགྱུར་རོ། །ཀུན་དགའ་བོ། ཁྱེད་ཅག་གིས་འགྱུར་བ་དང་བཅས་པའི་རྣམ་པ་དེ་དག་ཐམས་ཅད་ལ་ལྟོས་ཤིག་།བདག་གིས་དེ་དག་རང་རང་གི་རྒྱུའི་གནས་སུ་ལྡོག་པ་སྟོན་ནོ། །ཇི་ལྟར་ན། རྒྱུའི་གནས་ཡིན་ཞེ་ན། ཀུན་དགའ་བོ། འགྱུར་བ་དང་བཅས་པ་དེ་དག་ལས། སྣང་བ་ནི། ཉི་མའི་དཀྱིལ་འཁོར་ལ་ལྡོག་པར་བགྱིས་ཏེ། ཅིའི་ཕྱིར་ན། ཉི་མ་མེད་ན་སྣང་བ་མེད་དེ། སྣང་བའི་རྒྱུ་ནི། ཉི་མ་ཡིན་ཏེ། དེ་བས་ན། ཉི་མ་ལ་ལྡོག་པར་བགྱིའོ། །མུན་པ་ནི། ནམ་གུང་གི་ཟླ་སྣང་བྲལ་བ་ལ་ལྡོག་པར་བགྱིའོ། །མཐོང་གསལ་བ་ནི། སྐར་ཁུང་ལ་ལྡོག་པར་བགྱིའོ། །སྒྲིབ་པ་ནི། རྩིག་པ་དང་སྒྲིབ་ཡོལ་ལ་
408a
༄#། །ལྡོག་པར་བགྱིའོ། །ཡོངས་སུ་རིག་པ་ནི། རྣམ་པར་འབྱེད་པའི་གནས་སུ་ལྡོག་པར་བགྱིའོ། །བར་སྣང་ནི། སྟོང་པ་ལ་ལྡོག་པར་བགྱིའོ། །གཏིབས་པའི། རྡུལ་འཚུབས་པ་ལ་ལྡོག་པར་བགྱིའོ། །དྭངས་པ་ནི། རྡུལ་དྭངས་པ་ལ་ལྡོག་པར་བགྱིའོ། །འདི་ལྟར་ན། འཇིག་རྟེན་ན་ཡོད་པའི་ཆོས་རྣམས་ནི། སྡེ་ཚན་འདི་རྣམས་ལས་མི་འདའོ། །ཁྱོད་ཀྱི་མཐོང་བའི་སྡེ་ཚན་བརྒྱད་ཀྱི་སྣང་བའི་རང་བཞིན་གསལ་ཞིང་རིག་པ་འདི་གང་དུ་ལྡོག་པར་བགྱི། ཅིའི་ཕྱིར་ན། གལ་ཏེ་སྣང་བ་ལ་ལྡོག་ན་ནི། སྣང་བ་མེད་པའི་ཚེ་མུན་པ་ཡང་མི་མཐོང་བར་འགྱུར་རོ། །སྣང་མུན་སོགས་སྣ་ཚོགས་པའི་ཡུལ་རྣམ་པར་འབྱེད་པ་ཡོད་པའི་ཚེ་མཐོང་བ་ཉིད་རྣམ་པར་འབྱེད་པ་མེད་ལ། ལྡོག་པར་བྱ་བ་ཐམས་ཅད་ནི། ཁྱོད་མ་ཡིན་བ་ཉིད་དོ། །ཁྱོད་ཀྱི་ལྡོག་པ་མེད་པ་ཉིད་ནི། ཁྱོད་མ་ཡིན་པ་གཞན་སུ་ཞིག་ཡིན། འདི་ཉིད་ལས་ཁྱོད་ཀྱི་སེམས་ཡེ་ནས་དག་ཅིང་གསལ་བ་རྟོགས་པར་འགྱུར་བ་ཞིག་ན། ཁྱོད་རང་ཉིད་རྨོངས་པས་རང་བཞིན་བརླག་སྟེ་སྐྱེ་འཆིའི་འཁྲུལ་འཁོར་དུ་ཆུད་པས་རྣམ་པར་འཁྱམས་པར་འགྱུར་རོ། །དེས་ན་དེ་བཞིན་གཤེགས་པས་ཁྱེད་ཅག་སྙིང་རེ་རྗེ་ཞེས་བརྩེ་བར་མཛད་དོ། །ཀུན་དགའ་བོས་གསོལ་པ། བདག་གི་མཐོང་བའི་རང་བཞིན་འདི་ལྡོག་པ་མེད་པ་ཤེས་ཀྱང་གང་ཞིག་བདག་གི་ཡང་དག་པའི་རང་བཞིན་ཡིན་ཇི་ལྟར་ཤེས་པར་འགྱུར། །བཅོམ་
408b
ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱོད་ལ་འདྲི་བར་བྱ་སྟེ། ཁྱོད་ཀྱིས་ད་ལྟ་ཟག་པ་མེད་པའི་རྣམ་པར་དག་པ་མ་ཐོབ་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་བསམ་གཏན་དང་པའི་བར་དུ་སྒྲིབ་ཐོགས་མེད་པར་འགྱུར་རོ། །མ་འགགས་པས་ནི། འཛམ་བུ་གླིང་ལ་ལྟ་བའི་ཚེ་ལག་མཐིལ་གྱི་ཨ་མྲའི་འབྲས་བུ་བཞིན་དུ་སྣང་ངོ ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་སྣང་ངོ ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། ཕྲ་རབ་རྡུལ་སྙེད་ཀྱི་དག་པའི་ཞིང་གི་མཐར་ཐུག་པའི་བར་མི་གཟིགས་པ་ཅི་ཡང་མ་མཆིས་སོ། །སེམས་ཅན་རྣམས་ཀྱིས་ནི། གསལ་བར་བལྟས་པའི་ཚེ་ནས་དང་ཚོན་ལས་མི་འདའོ། །ཀུན་དགའ་བོ། བདག་གིས་ཁྱོད་དང་ལྷན་ཅིག་རྒྱལ་ཆེན་བཞིའི་གཞལ་མེད་ཁང་ལྟ་བ་དང ། དེའི་བར་གྱི་ཆུ་དང ། སྐམ་དང ། བར་སྣང་འགྲོ་བ་རྣམས་ཡོངས་སུ་ལྟ་བ་ན། སྣང་མུན་སྣ་ཚོགས་པའི་རྣམ་པ་ཡོད་ཀྱང་མདུན་རོལ་གྱི་ཡུལ་གྱི་རྣམ་པ་སོ་སོ་དང་ར་ཞིང་བསྒྲིགས་པ་སྟེ། གཞན་མ་མཆིས་པས་ཁྱོད་ཀྱིས་འདིར་རང་དང་གཞན་རྣམ་པར་འབྱེད་པར་རིགས་སོ། །ད་ལྟ་ངས་ཁྱོད་ཀྱི་སླད་དུ་སྣང་བ་དེ་དག་ལས་གང་ཞིག་བདག་གི་རང་བཞིན་ཡིན། གང་ཞིག་དངོས་པོའི་རང་བཞིན་འབྱེད་པར་བགྱིད། ཀུན་དགའ་བོ། ཁྱོད་ཀྱི་ནུས་པ་ཅི་ཡོད་ཀྱིས་ལྟོས་དང ། ཉི་ཟླའི་དཀྱིལ་འཁོར་གྱི་བར་ནི། དངོས་པོ་ཡིན་གྱི། ཁྱོད་མ་ཡིན་ལ་གསེར་གྱི་རི་བདུན་གྱི་བར་ཞི་བ།
409a
༄#། །ཏུ་བརྟགས་པའི་ཚེ་སྣ་ཚོགས་པའི་འོད་བཀྲ་བ་ཡང་དངོས་པོ་ཉིད་ཡིན་གྱི། ཁྱོད་མ་ཡིན་ནོ། །རིམ་གྱིས་ཞིབ་ཏུ་བརྟགས་པ་ན་སྤྲིན་ལྡང་བ། བྱ་འཕུར་བ། རླུང་གཡོ་བ།་རྡུལ་འཚུབས་པ། ནགས་ཚལ། རི། ཀླུང ། རྩཝ་ལྡུམ། མི་དང ། དུད་འགྲོ་ཐམས་ཅད་ཀྱང་དངོས་པོ་ཡིན་གྱི། ཁྱོད་མ་ཡིན་ནོ། །ཀུན་དགའ་བོ། དེ་ལྟར་ཉེ་བ་དང ། རིང་བའི་རྣམ་པ་སྣ་ཚོགས་པའི་དངོས་པོ་ཐམས་ཅད་སོ་སོ་ཐ་དད་པ་ཡིན་ཀྱང་ཁྱོད་ཀྱི་གསལ་ཞིང་རིག་པའི་སྣང་བ་སྟེ། དངོས་པོ་དེ་དེ་དག་ཐམས་ཅད་སོ་སོ་ཐ་དད་པའི་དབྱེ་བ་ཡོད་ཀྱང་སྣང་བའི་རང་བཞིན་ལ་ཐ་དད་མེད་དོ། །འདིའི་རྨད་དུ་བྱུང་བའི་གསལ་ཞིང་རིག་པ་ནི། ཁྱོད་ཀྱི་སྣང་བའི་རང་བཞིན་ནོ། །གལ་ཏེ་སྣང་བ་ཉིད་ཡུལ་གྱི་དངོས་པོ་ཡིན་ན། ཁྱོད་ཀྱིས་ངའི་སྣང་བ་ཡང་མཐོང་བར་འགྱུར་རོ། །གལ་ཏེ་ལྷན་དུ་མཐོང་བ་ལ་ངའི་སྣང་བ་མཐོང་བ་སྨྲ་ན། ངས་མི་མཐོང་བའི་ཚེ་ཅིའི་ཕྱིར་ངའི་མི་མཐོང་བའི་ཡུལ་ཉིད་མི་མཐོང་བར་འགྱུར། གལ་ཏེ་ངའི་མི་མཐོང་བ་ཉིད་མཐོང་ན། རང་ཉིད་མི་མཐོང་བའི་རྣམ་པ་ཅན་མ་ཡིན་པར་འགྱུར་རོ། །གལ་ཏེ་ངའི་མི་མཐོང་བའི་ཡུལ་མི་མཐོང་ན་རང་ཉིད་དངོས་པོ་མ་ཡིན་པར་འགྱུར་བས་ན། ཇི་ལྟར་ན་ཁྱོད་མ་ཡིན་པར་འགྱུར། གཞན་ཡང་ཁྱོད་ཀྱིས་དངོས་པོ་མཐོང་བའི་ཚེ་ཁྱོད་ཀྱིས་དངོས་པོ་མཐོང་བ་དང ། དངོས་པོ་ཀྱང་ཁྱོད་མཐོང་བར་འགྱུར་ལ། དེ་ལྟར་ན་རང་བཞིན་འཁྲུག་པར་གྱུར་པས་
409b
བདག་དང ། ཁྱོད་ཉིད་འཇིག་རྟེན་དང་བཅས་པ་རྣམ་པར་བཞག་པ་མི་འགྲུབ་པར་འགྱུར་རོ། །ཀུན་དགའ་བོ། ཁྱོད་ཀྱིས་མཐོང་བའི་ཚེ་ཁྱོད་ཀྱི་ཡིན་ལ་བདག་གི་མ་ཡིན་པའི་སྣང་བའི་རང་བཞིན་ཁྱབ་པར་གྱུར་པ་ཁྱོད་མ་ཡིན་ན། གཞན་སུ་ཞིག་ཡིན། ཅིའི་ཕྱིར། ཁྱོད་ཀྱི་རང་གི་ཡང་དག་པའི་རང་བཞིན་ལ་ཐེ་ཚོམ་ཟ་བའི་རང་གི་རང་བཞིན་མི་ཤེས་པར་ཅིའི་ཕྱིར་ཕྱིར་ཞིང་བདག་ལ་ཐེ་ཚོམ་ཟ་ཞིང་འདྲི་བར་བགྱིད། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་སྣང་བའི་རང་བཞིན་འདི་ནི། གདོན་མི་ཟ་བར་བདག་གི་ཡིན་ལ་གཞན་གྱི་མ་ཡིན་ན། བདག་གིས་བཅོམ་ལྡན་འདས་དང་ལྷན་དུ་རྒྱལ་ཆེན་བཞིའི་ངོ་མཚར་གཏེར་གྱི་རིན་ཆེན་ཁང་པ་བརྟགས་པ་དང ། ཉི་ཟླའི་དཀྱིལ་འཁོར་གྱི་བར་སྣང་བ་འདིས་ཡོངས་སུ་ཁྱབ་ཅིང་མི་མཇེད་ཀྱི་ཁམས་ཡོངས་སུ་གཏུགས་བར་གྱུར་ཏོ། །ཕྱིར་ལོག་སྟེ་བསམ་གཏན་གྱི་ཁང་པར་སླེབ་པ་ན་ཀུན་དགའ་ར་བ་ཁོ་ན་མཐོང་བར་འགྱུར་རོ། །བསམ་གཏན་གྱི་ཁང་པ་ནས་མཉམ་པར་བཞག་པའི་ཚེ་བྱ་འདབ་ཙམ་ཞིག་མཐོང་བར་སྣང་ངོ ། །སྟོན་པ། སྣང་བ་འདི་རང་གི་ངང་གིས་འཇིག་རྟེན་ཁམས་ཁྱབ་པར་སྣང་ལ། ད་སྟེ་ཁང་པའི་ནང་དུ་གང་བར་སྣང་ངོ ། །སྣང་བ་འདི་ཆེན་པོ་རྣམས་འདུས་ནས་ཆུང་བར་གྱུར་ཏམ། རྩིག་པ་དང་སྒྲིབ་ཡོལ་གྱིས་ཆོད་པས་བསྐལ་པར་གྱུར་ཏམ། འདིའི་དོ་ན་གང་ན་གནས་པ་བདག་གིས་མ་ཤེས་པས་ཐུགས་རྗེ་ཆེན་པོས་བདག་གི་སླད་དུ་རྒྱས་པར་བཀའ་སྩལ་དུ་གསོལ། བཅོམ་
410a
༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། འཇིག་རྟེན་ཐམས་ཅད་ཀྱི་ལས་དོན་ཆེ་ཆུང་ཕྱི་ནང་ཐམས་ཅད་མདུན་རོལ་གྱི་ཡུལ་སྣང་གིས་བསྡུས་པ་སྟེ། མཐོང་བ་འདི་ལ་བཀྲམ་པ་དང ། བཅུམ་པར་སྨྲ་བར་མི་བྱའོ། །དཔེར་ན། སྣོད་གྲུ་བཞི་བའི་ནང་གི་སྟོང་པ་གྲུ་བཞི་པ་མཐོང་བ་དང་མཚུངས་སོ། །ཁོ་བོས་ཁྱོད་ལ་ཡང་འདྲི་བར་བྱ་སྟེ། སྣོད་གྲུ་བཞི་པ་འདིའི་ནང་གི་སྟོང་པ་གྲུ་བཞི་པ་སྣང་བ་དེ་ངེས་པར་གྲུ་བཞི་པ་ཡིན་ནམ། གྲུ་བཞི་པ་མ་ངེས་པ་ཡིན་གྲང ། གལ་ཏེ་ངེས་པར་གྲུ་བཞི་པ་ཡིན་ན་ནི། སྣོད་ཟླུམ་པོ་བཞག་པའི་ཚེ་དེའི་ནང་གི་སྟོང་པ་ཟླུམ་པོར་མི་འགྱུར་ལ། གལ་ཏེ་མ་ངེས་པ་ཡིན་ཚེ་སྣོད་གྲུ་བཞི་པའི་ནང་དུ་ཡང་སྟོང་པ་གྲུ་བཞི་པ་མེད་པར་འགྱུར་རོ། །ཁྱོད་ཀྱིས་དོན་འདི་གང་དུ་གནས་པ་མ་ཤེས་པར་སྨྲ་ན།་དོན་འདིའི་རང་བཞིན་ནི། དེ་ལྟར་ཡིན་ན་ཇི་ལྟར་གནས་པར་སྨྲ་བར་བགྱི། ཀུན་དགའ་བོ། གྲུ་བཞི་དང་ཟླུམ་པོ་མེད་པར་འཇུག་ན་ནི། སྣོད་ཀྱི་གྲུ་བཞི་པ་གསལ་བར་བྱ་ཡི་སྟོང་པའི་དངོས་པོ་ལ་གྲུ་བཞི་པ་མེད་པས། བར་སྣང་སྟོང་པའི་དངོས་པོ་གྲུ་བཞི་པ་ཡོད་པ་གསལ་བར་བྱའོ། །ཞེས་སྨྲ་པར་མི་རིགས་སོ། །གལ་ཏེ་ཁྱོད་ཀྱིས་དྲིས་པ་ལྟར་ཁང་པའི་ནང་དུ་གནས་པའི་ཚེ་མཐོང་སྣང་བཅུམ་ནས་ཆུང་དུར་བྱས་པ་ཡིན་ན། གྱེན་དུ་ཉི་མ་ལ་བལྟས་པའི་ཚེ་ཁྱོད་ཀྱིས་མཐོང་སྣང་འདི་བཏེག་ནས་ཉི་མ་ལ་སླེབ་པར་བྱེད་དམ། གལ་ཏེ་རྩིག་པ་དང་སྒྲིབ་ཡོལ་
410b
གྱིས་བར་དུ་བཅད་དེ། སྒྲིབ་པར་ནུས་ན་སྐར་ཁུང་ཆུང་དུ་བྲུས་པའི་ཚེ་ཅི་མཐོང་སྣང་འཐུད་པར་འགྱུར་ཏམ། དོན་འདི་ཉིད་དེ་ལྟར་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་རང་གི་རང་བཞིན་དངོས་པོ་ལ་ཞེན་པས་དངོས་པོ་འཁྲུལ་པར་འཕྱན་པས་ན། དེ་དག་སྟོར་ཏེ་ལས་ཆེན་པོ་དང་ཆུང་དུ་ཞེས་རློམ་པར་བྱེད་དོ། །གལ་ཏེ་དངོས་པོ་ལས་མངོན་པར་ལོག་པའི་ཚེ་ན་དེ་བཞིན་གཤེགས་པ་དང་མཚུངས་པར་གྱུར་ཏེ། ལུས་དང་སེམས་ཡོངས་སུ་ཡེ་ནས་དག་ཅིང་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལས་གཡོ་བ་མེད་ལ། བ་སྤུའི་ཁུང་བུ་གཅིག་ལ་ཡང་ཕྱོགས་བཅུའི་ཞིང་རབ་འབྱམས་ཆུད་པར་བྱེད་དོ། །ཀུན་དགའ་བོས་གསོལ་པ། སྟོན་པ། གལ་ཏེ་མཐོང་སྣང་འདི་ཉིད་བདག་གི་རྨད་དུ་བྱུང་བའི་རང་བཞིན་ཡིན་ན། རྨད་དུ་བྱུང་བའི་རང་བཞིན་འདི་ནི། བདག་གི་མདུན་ན་གནས་པས་གདོན་མི་ཟ་བར་མཐོང་བ་ཉིད་དུ་བདེན་པས་ད་ནི། བདག་གི་ལུས་དང་སེམས་ཅི་ཞིག་ཏུ་འགྱུར། བདག་གི་ལུས་དང་སེམས་ནི། རྣམ་པར་དབྱེ་བར་བྱར་ཡོད་ཀྱང་མཐོང་བའི་རང་བཞིན་དེས་བདག་གི་ལུས་རྣམ་པར་དབྱེ་བར་མ་མཆིས་སོ། །གལ་ཏེ་བདག་གི་སེམས་བདག་ལ་ལྟ་བ་པོའི་རང་བཞིན་ཡིན་ཚེ་ལྟ་བའི་རང་བཞིན་ནི། ངེས་པར་བདག་གི་ཡིན་པར་འགྱུར་ལ། ལུས་ནི། བདག་གི་མ་ཡིན་པར་འགྱུར་རོ། །འདི་ནི། དེ་བཞིན་གཤེགས་པས་སྔོན་དུ་དངོས་པོ་བདག་ལ་ལྟ་བར་འགྱུར་བ་མི་འཐད་པར་གསུངས་པ་དང་ཅིས་མི་
411a
༄#། །མཚུངས། བརྩེ་བ་ཆེན་པོས་མ་རྟོགས་པའི་གནས་རྣམ་པར་འབྱེད་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་མཐོང་སྣང་འདི་ཁྱོད་ཀྱི་མདུན་དུ་གནས་པར་སྨྲས་པ་ནི། ཡང་དག་པའི་དོན་མ་ཡིན་ནོ། །གལ་ཏེ་ངེས་པར་མཐོང་སྣང་འདི་ཁྱོད་ཀྱི་མདུན་དུ་གནས་ཤིང་མཐོང་བར་ངེས་པ་ཡིན་ན། མཐོང་བའི་རང་བཞིན་འདི་ནི། ཕྱོགས་ཆ་དང་བཅས་པར་འགྱུར་ལ། བསྟན་དུ་མེད་པར་འགྱུར་བ་མ་ཡིན་ནོ། །དེར་མ་ཟད་ད་ལྟ་ཁྱོད་དང་ལྷན་ཅིག་རྒྱལ་བྱེད་ཚལ་དུ་བསྡད་ནས་ནགས་ཚལ་དང ། ཀླུང་རྒྱུན་དང ། ཕོ་བྲང་དང ། ཀུན་དགའ་ར་བ་དང ། ཡར་ཉི་ཟླའི་བར་དང ། མདུན་དུ་གངྒཱ་ལ་ཕྱོགས་ཏེ་ཡོངས་སུ་བལྟས་པ་ན། ཁྱོད་ཀྱིས་བདག་གི་སེངྒེའི་ཁྲིའི་མདུན་ནས་ལག་པ་བརྐྱང་སྟེ་རྣམ་པ་སྣ་ཚོགས་དེ་དག་སྟོན་པར་བྱེད་པ་ན་འཐིབས་པོ་ནི། ནགས་ཚལ་དང ། སྣང་བ་ནི། ཉི་མའི་འོད་དང ། སྒྲིབ་པ་ནི། རྩིག་པ་དང་སྒྲིབ་ཡོལ་དང ། ཐལ་བྱུང་ནི། སྟོང་པ་ཡིན་ཏེ། དེ་ལྟར་རྩཝ་ཤིང་ནས་སྤུ་ཉག་གི་བར་ཆེ་ཆུང་སོ་སོ་ཐ་དད་པ་ཡོད་ཀྱང་གཟུགས་ཀྱང་ཡིན་ཕྱིན་ཆད་བསྟན་དུ་མེད་པ་མ་ཡིན་ནོ། །གལ་ཏེ་མཐོང་སྣང་འདི་ཁྱོད་ཀྱི་མདུན་དུ་ངེས་པར་གནས་པའི་ཚེ་ཁྱོད་གྱིས་མཛུབ་མོས་རིག་པར་བསྟན་ཏེ། གང་ཞིག་མཐོང་སྣང་ཡིན་པ་སྟོན་པར་རིགས་སོ། །ཀུན་དགའ་བོ། རིག་པར་བྱ་སྟེ། གལ་ཏེ་སྟོང་པ་ནི། མཐོང་སྣང་ཡིན་ན། མཐོང་སྣང་དུ་གྲུབ་
411b
པས་ཇི་ལྟར་སྟོང་པར་འགྱུར། །གལ་ཏེ་དངོས་པོ་མཐོང་སྣང་ཡིན་ན། མཐོང་སྣང་དུ་གྲུབ་པས་ཇི་ལྟར་དངོས་པོར་འགྱུར། ཁྱོད་ཀྱིས་དངོས་པོ་ཐམས་ཅད་ལ་ཞིབ་ཏུ་གཞིགས་ཏེ་ཕྲ་ཞིང་གསལ་བ་དག་ཅིང་རྨད་དུ་བྱུང་བའི་མཐོང་སྣང་གི་རང་བཞིན་འདི་དང་འདི་ཞེས་བདག་ལ་བསྟན་ཏེ་དངོས་པོ་དེ་དག་དང་འདྲ་བར་ཕྱེ་སྟེ་གསལ་བར་མ་འདྲེས་པར་གྱིས་ཤིག་།ཀུན་དགའ་བོས་གསོལ་པ། བདག་ད་ལྟ་ཁང་པ་བརྩེགས་པ་ཀུན་དགའ་ར་བ་གནས་ཐག་རིང་པོར་ཆུ་བོ་གངྒཱའི་བར་དང ། ཡར་ཉི་ཟླར་བལྟས་པ་དང ། ལག་པས་བསྟན་ཅིང་མིག་གིས་མཐོང་དུ་རུང་བ་ཐམས་ཅད་དངོས་པོ་ཁོ་ན་དེ་མཐོང་སྣང་མ་ཡིན་ནོ། །བཅོམ་ལྡན་འདས། རྒྱལ་བས་གསུངས་པ་ལྟར་ན། བདག་ལྟ་བའི་ཟག་པ་དང་བཅས་པའི་ཉན་ཐོས་ལས་དང་པོ་པ་ལྟ་ཞོག་།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དངོས་པོའི་རྣམ་པ་ཐམས་ཅད་ལས་ལོགས་སུ་མཐོང་སྣང་ཕྱེ་སྟེ་དངོས་པོ་ཐམས་ཅད་དང་བྲལ་བའི་རང་གི་རང་བཞིན་བསྟན་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཁྱོད་ཀྱིས་མཐོང་སྣང་འདི་དངོས་པོ་ཐམས་ཅད་དང་བྲལ་བ་ལོགས་སུ་རང་གི་རང་བཞིན་མེད་དོ། །ཞེས་སྨྲས་ཀྱང་ཁྱོད་ཀྱིས་བསྟན་པའི་དངོས་པོ་ཐམས་ཅད་ཀྱི་ནང་ན་མཐོང་སྣང་དུ་གདགས་པ་མ་མཆིས་སོ། །ཡང་ཁྱོད་ལ་བཤད་པར་བྱ་སྟེ། ཁྱོད་དེ་བཞིན་གཤེགས་པ་དང་ལྷན་ཅིག་རྒྱལ་བྱེད་ཚལ་ནས་ཡང་ནགས་ཚལ་དང་རབ་ནས་ཉི་
412a
༄#། །ཟླའི་བར་དུ་རྣམ་པ་སྣ་ཚོགས་པ་ལ་སོ་སོར་དཔྱད་པ་ན་ཅི་ཞིག་ལྟར་ནའང་ཁྱོད་ཀྱི་རྨད་དུ་བྱུང་བའི་མཐོང་སྣང་བསྟན་དུ་མེད་ཅིང ། ཁྱོད་ཀྱིས་ཡང་དངོས་པོ་དེ་དག་ལས་གང་ཞིག་མཐོང་སྣང་མ་ཡིན་པ་སྟོན་ཅིག་།ཀུན་དགའ་བོས་གསོལ་པ། བདག་གིས་རྒྱལ་བྱེད་ཚལ་ལ་སོགས་པ་བལྟས་པ་ན་དེ་དག་ལས་གང་ཞིག་མཐོང་སྣང་མ་ཡིན་པ་མ་འཁུམས་སོ། ། ཅིའི་ཕྱིར་ཞེ་ན། ནགས་ཚལ་ཉིད་མཐོང་སྣང་མ་ཡིན་ན། ཇི་ལྟར་ན་ནགས་ཚལ་མཐོང་བར་འགྱུར། ཅི་སྟེ་ནགས་ཚལ་ཉིད་མཐོང་སྣང་ཡིན་ན་ཡང་ཅི་ཞིག་ནགས་ཚལ་མཐོང་བར་འགྱུར། ། ཞེས་པ་ནས་ཇི་ལྟར་སྟོང་པ་མཐོང་སྣང་མ་ཡིན་ན། སྟོང་པ་ཉིད་ཇི་ལྟར་མཐོང་བར་འགྱུར། གལ་ཏེ་སྟོང་པ་ཉིད་མཐོང་སྣང་ཡིན་ན། ཡང་ཅི་ཞིག་སྟོང་པ་མཐོང་བར་འགྱུར། ཡང་བདག་གིས་ཞིབ་ཏུ་བརྟགས་པ་ན་དངོས་པོ་དེ་དག་གི་ནང་ནས་ཕྲ་ཞིབ་ཞིབ་པར་ཕྱེ་བའི་ཚེ་མཐོང་སྣང་མ་ཡིན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། ། དེའི་ཚེ་འཁོར་འདུས་པའི་སློབ་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་བཀའ་འདི་ཐོས་པས་སེམས་བློང་བློང་བོར་འགྱུར་ཞིང ། དོན་དེའི་མཐའ་དང་མུ་མ་ཤེས་པས་ཡུད་ཅིག་དངངས་ཤིང་ནེམ་ནུར་དུ་གྱུར་ཏེ་དྲན་པ་སྟོར་བ་ལྟར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་དག་རྟབ་རྟབ་བོར་གྱུར་པར་གཟིགས་ནས་བྱམས་བརྩེ་མངོན་དུ་མཛད་དེ་ཀུན་དགའ་བོ་དང་འཁོར་འདུས་
412b
པ་རྣམས་ལ་རྗེས་སུ་སྟོན་པའི་སླད་དུ་བཀའ་སྩལ་པ། རིགས་ཀྱི་བུ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་བཀའ་ཡང་དག་པ་བདེན་པ་སྟེ། ཇི་ལྟ་བ་ཉིད་ཇི་བཞིན་དུ་གསུངས་པ། རྫུན་པ་མེད་ཅིང་བསླུ་བ་མེད་ལ།་ཀུན་ཏུ་རྒྱུ་རྣམ་པ་བཞིས་འཆི་བ་མེད་པར་བརླང་པོས་ལོག་པར་སྨྲས་པ་དང་མི་མཚུངས་སོ། །ཁྱེད་ཅག་གིས་ཞིབ་ཏུ་བརྟག་པར་བྱ་སྟེ། བརྩེ་བས་བསྐྱངས་པའི་རེ་བ་མ་བརླག་ཅིག་།དེའི་ཚེ་ཆོས་ཀྱི་རྒྱལ་པོའི་སྲས་འཇམ་པའི་དབྱངས་ཀྱིས་འཁོར་རྣམ་པ་བཞི་ལ་བརྩེ་བའི་སེམས་ཀྱིས་འཁོར་འདུས་པ་མང་པོའི་ནང་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ལག་པ་ཐལ་མོ་སྦྱར་ཏེ་གུས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཁོར་འདུས་པ་འདི་དག་དེ་བཞིན་གཤེགས་པས་གསལ་བར་ཕྱེ་བའི་མཐོང་བ་རྣམ་པར་དག་པ་གཟུགས་དང་སྟོང་པ་གཉིས་ཡིན་མིན་གྱི་དོན་མ་རྟོགས་སོ། །བཅོམ་ལྡན་འདས། འདིའི་མདུན་གྱི་རྐྱེན་གཟུགས་དང་སྟོང་པ་ལ་སོགས་པའི་མཚན་མ་རྣམས་གལ་ཏེ་མཐོང་བ་ཡིན་ན་བསྟན་དུ་ཡོད་པར་རིགས་སོ། །གལ་ཏེ་མཐོང་བ་མ་ཡིན་ན། མཐོང་བར་མི་འགྱུར་བར་རིགས་སོ། །ད་ལྟ་དོན་དེ་ཉིད་ཀྱི་གནས་ལུགས་མི་ཤེས་པའི་ཕྱིར་དེ་ལྟར་ཐེ་ཚོམ་དུ་གྱུར་ཅིང་སྐྲག་པར་གྱུར་ཏེ། སྔོན་གྱི་དགེ་བའི་རྩ་བ་ཆུང་བ་དག་གི་སྤྱོད་ཡུལ་མ་ཡིན་ནོ། །དེས་ན་དེ་བཞིན་གཤེགས་པའི་བརྩེ་བ་ཆེན་པོས་དངོས་པོ་འདི་དག་ཐམས་ཅད་ཀྱི་མཚན་མ་དང ། མཐོང་བའི་རང་བཞིན་རྣམ་པར་དག་པའི་སྡོད་ལུགས་དེ་
413a
༄#། །ཉིད་ལས་གང་ཞིག་ཡིན་པ་དང་མ་ཡིན་པ་མ་འཚལ་ན། དོན་འདི་གསལ་བར་ཕྱེ་ནས་བསྟན་དུ་གསོལ་ཞེས་གསོལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇམ་དབྱངས་ལ་སོགས་པ་འཁོར་འདུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ་སོར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་དེར་མཐོང་བ་དང་མཐོང་བའི་རྐྱེན་སྣང་བའི་མཚན་མ་དག་ནམ་མཁའི་མེ་ཏོག་ལྟར་གདོད་མ་ནས་ཅི་ཡང་མེད་དོ། །མཐོང་བ་འདི་དང་རྐྱེན་འདི་དག་གདོད་མ་ནས་རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་དབྱིངས་རྣམ་པར་དག་ཅིང་གསལ་བའི་ཆོས་ཀྱི་སྐུ་དེར་ཡང་ཡིན་པ་དང་མ་ཡིན་པ་ནི། ཇི་ལྟར་གནས། འཇམ་དཔལ། ངས་ད་ལྟ་ཁྱོད་ལ་དྲི་ཡི། དཔེར་ན། ཁྱོད་འཇམ་དཔལ་ཡིན་ཞིང ། འཇམ་དཔལ་ཞེས་བྱ་བ་གཞན་ཡང་ཡོད་དམ། འོན་ཏེ་འཇམ་དཔལ་དེ་ལྟ་བུ་མེད་བཀའ་སྩལ་པ་དང ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་དེ་བཞིན་ནོ། །བདག་འཇམ་དཔལ་ཡིན་ཞིང་བདག་ལས་གཞན་འཇམ་དཔལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལས་གཞན་འཇམ་དཔལ་ཡོད་ན་གཉིས་སུ་འགྱུར་རོ། །གཞན་ཡང་ད་ལྟ་བདག་གིས་འཇམ་དཔལ་མེད་ཅེས་མ་སྨྲས་སོ། །དེ་ལ་ཡིན་པ་དང་མ་ཡིན་པ་གཉིས་ཀྱི་མཚན་མ་མེད་དོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨད་དུ་བྱུང་བའི་མཐོང་བ་
413b
གསལ་བ་འདི་དང ། ཡུལ་སྟོང་པ་ཉིད་དག་ཀྱང་དེ་ཁོ་ན་བཞིན་ནོ། །གདོད་མ་ནས་རྨད་དུ་བྱུང་བའི་གསལ་བ་བླ་ན་མེད་པའི་བྱང་ཆུབ་ཡང་དག་པའི་སེམས་དམ་པའི་བདེན་པ་ཡིན་ནོ། །རྫུན་པའོ་གཟུགས་དང་སྟོང་པ་ཐོས་པ་དང་མཐོང་བར་གྱུར་པ་ནི། ཟླ་གཉིས་དང་འདྲ་སྟེ། གང་ཞིག་ནི། ཟླ་བ་ཡིན་ལ། གང་ཞིག་ནི། ཟླ་བ་མིན་ཞེས་བྱ། འཇམ་དཔལ། ཟླ་བ་གཅིག་ཏུ་བདེན་ན། དེ་ལ་རང་ངོས་ནས་ཟླ་བ་ཡིན་པ་དང ། མ་ཡིན་པ་གཉིས་མེད་དོ། །དེའི་ཕྱིར་ད་ལྟ་ཁྱོད་ཀྱི་མཐོང་བ་དང་མཐོང་བའི་ཡུལ་ལ་རྣམ་པ་སྣ་ཚོགས་སུ་གསལ་བར་སྣང་བ་འདི་ནི། ལོག་པར་རྟོག་པ་ཞེས་བྱ་སྟེ། འདིའི་ནང་ནས་ཡིན་པ་དང་མ་ཡིན་པ་འབྱེད་པར་མི་ནུས་སོ། །དེ་ཡང་དག་པར་རྨད་དུ་བྱུང་བའི་གསལ་ཞིང་རིག་པའི་རང་བཞིན་ལ་བརྟེན་པས་ན་ཁྱོད་ལ་བསྟན་དུ་ཡོད་པ་དང ། བསྟན་དུ་མེད་པ་ལས་འདའ་བར་ནུས་སོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདེན་པ་གསུང་བ་ཆོས་ཀྱི་རྒྱལ་པོས་བཀའ་སྩལ་བའི་རིག་པའི་རྐྱེན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པར་གསལ་ཞིང་དྭངས་པས་གཏན་དུ་གནས་པའི་རང་བཞིན་སྐྱེ་འགག་མེད་པ་བཅོམ་ལྡན་འདས་བདེན་པ་གསུང་བ་ཆོས་ཀྱི་རྒྱལ་པོས་བཀའ་སྩལ་པ་ལྟར་ན། སྔོན་གྱི་བྲམ་ཟེ་ཀ་པི་ལས་སྨྲས་པའི་གསང་ཚིག་དང ། ཐལ་བ་བྱུག་བ་པོ་ལ་སོགས་པའི་ཕྱི་རོལ་པ་རྣམས་ཀྱིས་བདག་བདེན་བར་ཡོད་ཅིང་ཕྱོགས་བཅུར་བྱ་བ་པ་ཡིན་ཞེས་པ་འདི་དང་ཇི་ལྟར་
414a
༄#། །མི་འདྲ་ལགས། བཅོམ་ལྡན་འདས་ཀྱིས་ལངྐའི་རི་ལ་བློ་གྲོས་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་འདི་རྒྱས་པར་བཀའ་སྩལ་པའི་ཚེ་ཕྱིར་རོལ་པ་དེ་དག་རྟག་པ་རང་བྱུང་དུ་སྨྲ་ལ་བདག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བཀའ་སྩལ་པ་འདི་ནི། དེ་རྣམས་ཀྱི་ཤེས་པར་བྱ་བའི་ཡུལ་མ་ཡིན་ཞེས་བཀའ་སྩལ་ན། ད་ལྟ་གལ་ཏེ་གསལ་ཞིང་རིག་པ་འདིའི་རང་བཞིན་རང་བྱུང་སྐྱེ་བ་མེད་པ་འགག་པ་མེད་པ་གསོབ་དང ། རྫུན་དང ། ཕྱིན་ཅི་ལོག་ཐམས་ཅད་དང་ཡོངས་སུ་བྲལ་བ་འདི་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ལྟ་ན། དེ་དག་གིས་རང་བྱུང་དུ་གྲུབ་ཅེས་སྨྲས་པ་དང་འདྲ་བས་ཇི་ལྟར་ན་རྣམ་པར་ཕྱེ་སྟེ་བསྟན་ནས་ལོག་པའི་ལྟ་བ་གང་ལ་ཡང་མི་འཇུག་ཅིང་ཡང་དག་པའི་སེམས་ཀྱི་གསལ་ཞིང་རིག་པའི་རང་བཞིན་རྟོགས་པར་མཛད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། བདག་གིས་ད་ལྟ་དེ་ལྟ་བུར་ཐབས་ལ་མཁས་པས་ཕྱེ་སྟེ་བསྟན་ནས་ཁྱོད་ལ་ཡང་དག་པར་བཀའ་སྩལ་པ་ན། ཁྱོད་ཀྱིས་མ་རྟོགས་པར་རང་བྱུང་བའོ་སྙམ་དུ་རྟོག་གོ་།ཀུན་དགའ་བོ། གལ་ཏེ་རང་བྱུང་དུ་གྲུབ་པར་བདེན་ན། གོར་མ་ཆག་པར་རང་བྱུང་བའི་དངོས་པོ་ཡོད་པར་གསོལ་བར་འབྱེད་རིགས་སོ། །ཁྱོད་ཀྱིས་ལེགས་པར་དཔྱོད་ཅིག་།རྨད་དུ་བྱུང་བའི་མཐོང་བ་གསལ་བ་འདིའི་ནང་ན་གང་ཞིག་བདག་
414b
མཐོང་བ་འདིའི་སྣང་བ་བདག་གམ། མུན་པ་བདག་གམ། སྟོང་པ་བདག་གམ། བེམ་པོ་བདག་ཡིན། ཀུན་དགའ་བོ། གལ་ཏེ་སྣང་བ་བདག་ཡིན་ན། མུན་པ་མི་མཐོང་བར་འགྱུར་རོ། །གལ་ཏེ་སྟོང་པ་རང་བྱུང་བའི་དངོས་པོ་ཡིན་ན། བེམ་པོ་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེས་མཚོན་ནས་མུན་པའི་མཚན་མ་ལ་སོགས་པའི་བར་བདག་ཡིན་ན། སྣང་བའི་དུས་སུ་མཐོང་བའི་རང་བཞིན་རྒྱུན་ཆད་ནས་ཇི་ལྟར་ན་སྣང་བ་མཐོང་བར་འགྱུར་ཞེས་བཀའ་སྩལ་པ་དང ། ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ད་ལྟ་མཐོང་བ་དམ་པ་འདིའི་རང་བཞིན་ངེས་པར་རང་བྱུང་མིན་པར་བཀའ་སྩལ་བ་ལས་ན། ཡང་བདག་གིས་གསལ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་སྙམ་དུ་སེམས་སོ། །འོན་ཀྱང་ཇི་ལྟ་བ་བཞིན་ལེགས་པར་མ་རྟོགས་པས་དེ་བཞིན་གཤེགས་པ་ལ་དྲི་བ་ཞུའོ། །དོན་འདི་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདྲི་ཞིང་གསོལ་ན་བདག་གིས་སླར་ཡང་ཁྱོད་ལ་འདྲིའོ། །ད་ལྟ་ཁྱོད་ཀྱིས་མཐོང་བའི་རྒྱུ་ཉིད་ཀྱིས་རང་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་སོ་ཞེ་ན། ཡང་མཐོང་བ་འདི་སྣང་བ་ལ་བརྟེན་ནས་མཐོང་ངམ། མུན་པ་ལ་བརྟེན་ནས་མཐོང་ངམ། སྟོང་པ་ལ་བརྟེན་ནས་མཐོང་ངམ། བེམ་པོ་ལ་བརྟེན་ནས་མཐོང ། ཀུན་དགའ་བོ། གལ་ཏེ་སྣང་བ་ལ་བརྟེན་པ་ཡིན་ན། མུན་པ་མི་མཐོང་བར་རིགས་སོ། །མུན་
415a
༄#། །པ་ལ་བརྟེན་པ་ཡིན་ན། སྣང་བ་མི་མཐོང་བར་རིགས་སོ། །དེས་མཚོན་ནས་སྟོང་པ་ལ་བརྟེན་པ་དང ། བེམ་པོ་ལ་བརྟེན་པའི་བར་དུ་སྣང་བ་དང་མུན་པ་ལྟར་རོ། ། ཀུན་དགའ་བོ། ཡང་མཐོང་བ་འདི་སྣང་བ་དང་འབྲེལ་བར་མཐོང་ངམ། མུན་པ་དང་འབྲེལ་བར་མཐོང་ངམ། སྟོང་པ་དང་འབྲེལ་བར་མཐོང་ངམ། བེམ་པོ་དང་འབྲེལ་བར་མཐོང ། ཀུན་དགའ་བོ། གལ་ཏེ་སྟོང་པ་དང་འབྲེལ་བ་ཡིན་ན། བེམ་པོ་མི་མཐོང་བར་རིགས་སོ། །བེམ་པོ་དང་འབྲེལ་བ་ཡིན་ན། སྟོང་པ་མི་མཐོང་བར་རིགས་སོ། །དེ་བཞིན་དུ་སྣང་བ་དང་འབྲེལ་བ་དང ། མུན་པ་དང་འབྲེལ་བའི་བར་དུ་སྟོང་པ་དང་བེམ་པོ་ལྟར་རོ། །འདི་ལྟར་རིགས་པར་བྱ་སྟེ། ཡང་དག་ཅིང་རྨད་དུ་བྱུང་བ་གསལ་ཞིང་རིག་པ་འདི་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་ཡིན། རང་བྱུང་དུ་གྲུབ་པ་ཡང་མ་ཡིན། རང་བྱུང་དུ་མ་གྲུབ་པ་ཡང་མ་ཡིན། མ་ཡིན་པ་ཡང་མ་ཡིན། མ་ཡིན་པ་མིན་པ་ཡང་མ་ཡིན། ཡིན་པ་ཡང་མ་ཡིན། ཡིན་པ་མིན་པ་ཡང་མ་ཡིན་ཞིང་མཚན་མ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །ཁྱོད་ད་ལྟ་ཅིའི་ཕྱིར་འདི་ལ་སེམས་ཞེན་ཅིང་འཇིག་རྟེན་པ་ཐམས་ཅད་ཀྱི་ཚིག་བླ་དྭགས་ཀྱི་མིང་དང་མཚན་མས་ཇི་ལྟར་སོ་སོར་འབྱེད་པར་ནུས། དཔེར་ན། ལག་པས་ནམ་མཁའ་སྟོང་པ་ལ་ཉུག་ཅིང་ནོམ་བ་ཇི་ལྟ་བ་བཞིན་དུ་རང་དགར་རང་ཉིད་སྡུག་
415b
བསྔལ་བར་བྱེད་པ་ཙམ་ལས་ནམ་མཁའ་སྟོང་པ་ལ་ཁྱོད་ཀྱི་འདོད་པ་བཞིན་ཇི་ལྟར་འཛིན་པར་ནུས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་རྨད་དུ་བྱུང་བའི་རིག་པའི་རང་བཞིན་འདི་ངེས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མཐོང་བའི་རང་བཞིན་ལ་རྐྱེན་བཞི་འདི་ལྟ་སྟེ། སྟོང་པ་ལ་བརྟེན་པ་དང ། སྣང་བ་ལ་བརྟེན་པ་དང ། སེམས་ལ་བརྟེན་པ་དང ། མིག་ལ་བརྟེན་པར་བཀའ་སྩལ་བའི་དོན་ཅི་ལྟ་བུ་ལགས། འདི་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། བདག་གིས་འཇིག་རྟེན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཐམས་ཅད་བཀའ་སྩལ་པ་ནི། ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། ངས་ཁྱོད་ལ་སླར་ཡང་འདྲིའོ། །འཇིག་རྟེན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་བདག་གིས་མཐོང་བར་ནུས་སོ། །ཞེས་སྨྲ་མོད་ཀྱང ། ཇི་ལྟར་ན་མཐོང་ལ་ཇི་ལྟར་ན་མི་མཐོང་ཞེས་བཀའ་སྩལ་པ་དང ། ཀུན་དགའ་པོས་གསོལ་པ། འཇིག་རྟེན་གྱི་སྐྱེ་བོ་དག་ཉི་མ་དང་ཟླ་བ་དང་སྒྲོན་མེའི་འོད་ལ་བརྟེན་ནས་དངོས་པོ་སྣ་ཚོགས་མཐོང་བས་ན་མཐོང་བ་ཞེས་བྱ་ལ། གལ་ཏེ་འོད་གསལ་བའི་སྣང་བ་གསུམ་པོ་འདི་མེད་ན།་མཐོང་བར་མ་ནུས་སོ། །ཀུན་དགའ་བོ། །གལ་ཏེ་སྣང་བ་མེད་པའི་ཚེ་མི་མཐོང་ཞེ་ན། མུན་པ་ཉིད་ཀྱང་མི་མཐོང་བར་རིགས་སོ། །གལ་ཏེ་ངེས་པར་མུན་པ་མཐོང་ན། འདི་ལ་སྣང་བ་
416a
༄#། །མེད་ཅས་བྱ་བར་རིགས་ཀྱི། ཇི་ལྟར་ན་མཐོང་བ་མེད་ཅེས་སྨྲ། ཀུན་དགའ་བོ། གལ་ཏེ་མུན་པའི་དུས་སུ་སྣང་བའི་མཚན་མ་མི་མཐོང་ཞེས་ཐ་སྙད་འདོགས་ན་ད་ལྟ་སྣང་བའི་དུས་སུ་མུན་པའི་མཚན་མ་མི་མཐོང་བའི་ཕྱིར་ཡང་མི་མཐོང་བ་ཉིད་ཅེས་ཐ་སྙད་འདོགས་པར་རིགས་སོ། །འདི་ལྟར་ན་མི་མཐོང་བ་ཞེས་བྱ་བ་འདི་ནི། མཚན་མ་གཉིས་ཀ་ལ་འཇུག་པར་རིགས་སོ། །གལ་ཏེ་མཚན་མ་གཉིས་ཡོད་ན་གཅིག་གིས་གཅིག་ཕན་ཚུན་གོ་སྐབས་འཕྲོག་པར་འགྱུར་ལ། ཁྱོད་ཀྱི་མཐོང་བའི་རང་བཞིན་འདི་ཉིད་རེ་ཞིག་ཀྱང་མེད་པར་གྱུར་པ་མ་ཡིན་ནོ། །འདི་ལྟར་ན་གཉིས་པོ་ཐམས་ཅད་ལ་མཐོང་བ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཇི་ལྟར་མི་མཐོང་བར་འགྱུར། དེའི་ཕྱིར་ཀུན་དགའ་བོ། ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ།་སྣང་བ་མཐོང་བའི་ཚེ་མཐོང་བ་དེ་སྣང་བ་མ་ཡིན། མུན་པ་མཐོང་བའི་ཚེ་མཐོང་བ་དེ་མུན་པ་མ་ཡིན། སྟོང་པ་མཐོང་བའི་ཚེ་མཐོང་བ་དེ་སྟོང་པ་མ་ཡིན། བེམ་པོ་མཐོང་བའི་ཚེ་མཐོང་བ་དེ་བེམ་པོ་མ་ཡིན། དོན་འདི་བཞི་དེ་ལྟར་ཡིན་མོད་ཀྱང་སླར་ཡང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། མཐོང་བྱ་མཐོང་བའི་ཚེ་མཐོང་བ་དེ་མཐོང་བྱ་མ་ཡིན། མཐོང་བ་དེ་མཐོང་བྱ་དང་བྲལ་ན་མཐོང་བའི་དོན་ཚང་བར་མི་ནུས་སོ། །ཡང་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང ། རང་བྱུང་དང ། འཕྲད་པ་དང ། ལྟོས་པའི་མཚན་མ་ཞེས་བརྗོད། ཁྱོད་ལ་སོགས་པ་ཉན་
416b
ཐས་རྣམས་གླི་\?\་རྟུལ་ཞིང་རྟོགས་པ་མེད་པས་དག་ཅིང་གསལ་བའི་དོན་དམ་པའི་མཚན་ཉིད་མ་རྟོགས་སོ། །ངས་ཁྱོད་ལ་བསྟན་པར་བྱའོ། །ལེགས་པར་དཔྱོད་ཅིག་།བྱང་ཆུབ་མཆོག་གི་ལམ་ལ་ལེ་ལོ་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་གྱི་སྐྱབས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བསྟན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང ། རང་བྱུང་དང ། འཕྲད་པ་དང་ལྟོས་པའི་མཚན་ཉིད་དང ། འཕྲད་པ་དང་ལྟོས་པ་མ་ཡིན་པའི་མཚན་ཉིད་ལ་སོགས་པ་བཀའ་སྩལ་པ་རྣམས་བདག་ཅག་གི་སེམས་ཀྱིས་གསལ་བར་མ་རྟོགས་ཏེ། ད་ལྟ་གཞན་ཡང་མཐོང་བྱ་མཐོང་བ་ནི། མཐོང་བ་མིན་པའོ། །ཞེས་ཐོས་པས་ཆེས་ཆེར་འཁྱམས་པ་དང ། རྨོངས་པ་རྒྱས་པར་གྱུར་ཏོ། །ཐུགས་རྗེ་ཆེན་པོས་རྗེས་སུ་བརྩེ་བར་དགོངས་ཏེ་བདག་ཅག་ཐམས་ཅད་ལ་དག་ལ་གསལ་ཞིང་རིག་པའི་སེམས་གསལ་བར་ཕྱེ་སྟེ་བསྟན་དུ་གསོལ་ཞེས་ཞུས་ནས་ངུས་ཤིང་མིག་ནས་མཆི་མ་ཕྱུང་སྟེ་གདུང་བའི་ཡིད་ཀྱིས་སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་རྨད་དུ་བྱུང་བའི་བཀའ་ནོད་ཅིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བཅས་པའི་འདུས་པའི་འཁོར་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་གཟུངས་ཆེན་པོ་དང ། ཏིང་ངེ་འཛིན་གྱི་སྤྱོད་པ་རྒྱ་ཆེན་པོ་མཆོག་ཏུ་གྱུར་པ་སྦྱངས་པའི་ལམ་རྒྱས་པར་བཀའ་སྩལ་པར་དགོངས་ཏེ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་
417a
༄#། །སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ནན་ཏན་དུ་སྦྱངས་པས་མང་དུ་ཐོས་པར་གྱུར་མོད་ཀྱི། དོན་འདི་ཟབ་ཅིང་ཕྲ་བའི་བསྒོམས་བྱུང་གིས་ཇི་ལྟ་བ་བཞིན་དུ་མ་རྟོགས་སོ། །ད་ལྟ་ཁྱོད་ཀྱིས་ལེགས་པར་ཉོན་ཅིག་།ངས་ཁྱོད་ལ་གསལ་བར་ཕྱེ་སྟེ་བསྟན་པར་བྱའོ། །དེར་མ་ཟད་ཡང་སླད་མའི་དུས་ཀྱི་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་བྱང་ཆུབ་ཀྱི་གོ་འཕང་ལ་དགོད་ཅིང་གཞག་པའི་ཕྱིར་དུའོ། །ཀུན་དགའ་བོ། སེམས་ཅན་ཇི་སྙེད་བ་དེ་ཐམས་ཅད་འཁོར་བར་འཁོར་བ་ནི། ཕྱིན་ཅི་ལོག་རྣམ་པ་གཉིས་སོ་སོར་འབྱེད་པའི་མཐོང་བ་རྫུན་པའི་རྐྱེན་གྱི་དབང་གིས་སྐྱེ་བ་བླངས་ཏེ། ལས་ཀྱི་དབང་གིས་འཁོར་བར་འཁོར་རོ། །ཕྱིན་ཅི་ལོག་གི་མཐོང་བ་གཉིས་གང་ཞེ་ན། གཅིག་ནི། སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བ་དང ། གཅིག་ཤོས་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བའོ། །སོ་སོའི་ལས་ཀྱི་མཐོང་བ་གང་ཞེ་ན། ཀུན་དགའ་བོ། དཔེར་ན། འཇིག་རྟེན་ན་མི་ཞིག་ནད་ཀྱིས་མིག་དམར་ཞིང་རབ་རིབ་ཏུ་གྱུར་ཏེ་མཚན་མོ་སྒྲོན་མེའི་འོད་ལ་བལྟས་པའི་ཚེ་འོད་ཀོར་ཟླུམ་པོ་ཁ་དོག་ལྔ་པ་རིམ་པར་བཀྲ་བ་མཐོང་བ་ལྟ་བུའོ། །ཁྱོད་ཅི་སྙམ་དུ་སེམས། མཚན་མོ་འབར་བའི་སྒྲོན་མེའི་འོད་ལས་བྱུང་བའི་འོད་ཀོར་ཟླུམ་པོ་འདི་སྒྲོན་མེའི་གཟུགས་སམ། འོན་ཏེ་མཐོང་བའི་གཟུགས་ཞེས་བྱའམ།
417b
ཀུན་དགའ་བོ། །གལ་ཏེ་འདི་ཉིད་སྒྲོན་མེའི་གཟུགས་ཞེ་ན། མིག་ལ་རབ་རིབ་མེད་པ་རྣམས་ཅིའི་ཕྱིར་ཐུན་མོང་དུ་མཐོང་བར་མི་འགྱུར་ཞིང ། མིག་རབ་རིབ་དང་ལྡན་པ་ཁོ་ནས་འོད་ཀོར་ཟླུམ་པོ་མཐོང་བར་འགྱུར། གལ་ཏེ་མཐོང་བའི་གཟུགས་ཞེ་ན། མཐོང་བ་དེ་ཉིད་གཟུགས་སུ་འགྱུར་བ་ཞིག་ན། མིག་རབ་རིབ་དང་ལྡན་པ་དེས་འོད་ཀོར་ཟླུམ་པོ་ཇི་ལྟར་མཐོང ། གཞན་ཡང་ཀུན་དགའ་བོ། །གལ་ཏེ་འོད་ཀོར་ཟླུམ་པོ་འདི་སྒྲོན་མེ་དང་བྲལ་ཞིང་ལོགས་སུ་ཡོད་ན། ཉེ་ལོགས་སུ་ཡོད་པའི་ཡོལ་བ་དང ། བླ་བྲེས་དང ། ཁྲི་དང ། སྟན་ལ་བལྟས་པ་ན་ཡང་གྲིབ་མ་ཟླུམ་པོ་འབྱུང་བར་རིགས་སོ། །གལ་ཏེ་མཐོང་བ་དང་བྲལ་ནས་ལོགས་སུ་ཡོད་ན། མིག་གིས་མཐོང་བ་མ་ཡིན་པར་འགྱུར་ཞིང་མིག་རབ་རིབ་དང་ལྡན་པ་དེའི་མིག་ལ་གྲིབ་མ་ཟླུམ་པོ་གང་ནས་མཐོང་བར་འགྱུར། འདི་འདི་ལྟར་རིག་པར་བྱ་སྟེ། གཟུགས་ངེས་པར་སྒྲོན་མེ་ལ་ཡོད་ལ་མཐོང་བའི་སྐྱོན་གྱིས་འོད་ཀོར་དུ་གྱུར་ཏོ། །འོད་ཀོར་དང་མཐོང་བ་གཉིས་རབ་རིབ་ཀྱི་སྐྱོན་དུ་འགྱུར་གྱི། རབ་རིབ་མཐོང་བ་ཁོ་ནའི་སྐྱོན་མ་ཡིན་ནོ། །མཐར་གཏུགས་ན་སྒྲོན་མེ་འམ། མཐོང་བ་ཞེས་བརྗོད་པར་མི་བྱ་ན། དེ་ལ་སྒྲོན་མེ་མ་ཡིན། མཐོང་བ་མ་ཡིན་ཞེས་བརྗོད་དུ་རུང་ངམ། ཟླ་གཉིས་སུ་སྣང་བ་ཉིད་དང་འདྲ་ཞིང་དངོས་ཀྱང་མ་ཡིན། གཟུགས་བརྙན་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཟླ་གཉིས་སུ་སྣང་བའི་རྒྱུ་མིག་འབྲས་བཙིར་
418a
༄#། །བ་ལས་བྱུང་བའི་ཕྱིར་མཁས་པའི་སྐྱེ་བོ་གང་དག་མིག་འབྲས་བཙིར་བ་ཉིད་གཟུགས་དང་གཟུགས་མ་ཡིན་པ་མཐོང་བ་དང་བྲལ་བ་དང ། མ་བྲལ་བ་ཞེས་མི་བརྗོད་དོ། །འདི་ཡང་དེ་བཞིན་ཏེ། མིག་རབ་རིབ་ཏུ་གྱུར་པ་ལས་བྱུང་བའི་ཕྱིར་ད་ལྟ་གང་ཞིག་སྒྲོན་མེ་ཡིན་ལ། གང་ཞིག་མཐོང་བ་ཡིན་ཞེས་ཐ་སྙད་མི་འདོགས་ན། སྒྲོན་མེ་མ་ཡིན།་མཐོང་བ་མ་ཡིན་ཞེས་སོ་སོར་ཕྱེ་སྟེ་ཅི་ཞིག་བརྗོད། སྤྱི་མཐུན་གྱི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བ་གང་ཞེ་ན། ཀུན་དགའ་བོ། འཛམ་བུ་གླིང་འདིར་རྒྱ་མཚོ་ཆེན་པོའི་ཆུ་བོའི་བར་བར་དུ་གླིང་སྟོང་ཕྲག་གསུམ་ཡོད་ཅིང་དབུས་ཀྱི་གླིང་ཆེན་པོ་ལ་ཤར་ནུབ་ཀྱི་ཕྱོགས་ཐམས་ཅད་ལ་རྒྱལ་ཁམས་སྟོང་ཕྲག་གཉིས་དང་སུམ་བརྒྱ་ཡོད་དོ། །གླིང་ཕྲན་གཞན་ཐམས་ཅད་རྒྱ་མཚོའི་ནང་ན་གནས་སོ། །གླིང་དེ་དག་ལ་ལར་རྒྱལ་ཁམས་བརྒྱ་ཕྲག་གཉིས་གསུམ་དང ། འགའ་ཞིག་ཏུ་རྒྱལ་ཁམས་གཅིག་དང་གཉིས་ནས་བརྩམས་ཏེ་སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུའི་བར་དུ་ཡང་ཡོད་དོ། །ཀུན་དགའ་བོ། སྤྱིར་འདིའི་ནང་དུ་གླིང་ཕྲན་གཅིག་ལ་རྒྱལ་ཁམས་གཉིས་ཡོད་པ་ལས་རྒྱལ་ཁམས་གཅིག་གི་སྐྱེ་བོ་དག་ལ་སྤྱི་མཐུན་གྱི་ལས་ངན་པའི་འབྲས་བུ་མྱ་ངན་དང་འཕྲད་པའི་སྔོན་དུ་གླིང་ཕྲན་གྱི་གནས་དེའི་སེམས་ཅན་ལ་ལྟས་དང་མཚན་མ་ངན་པ་སྣ་ཚོགས་མཐོང་བར་འགྱུར་བ་ན་ཉི་མ་གཉིས་སམ། ཟླ་བ་གཉིས་
418b
མཐོང་བའམ། ཡང་ན་ཉི་ཟླ་གཟས་ཟིན་པ་དང ། འཁྱིམས་པའམ། ཨ་ལོང་དང་ལྕགས་ཀྱུ་ལྟ་བུའི་འོད་འཁྱུག་པ་དང ། གཟའ་དང་སྐར་མ་དུ་བ་ཅན་འཆར་བ་དང ། སྐར་མདའ་རྒྱུག་པ་དང ། ལྟུང་བ་དང ། ཉི་སྙན་དང ། འཇའ་ཟུག་པ་ལ་སོགས་པའི་ལྟས་ངན་པ་སྣ་ཚོགས་མཐོང་བར་འགྱུར་རོ། །རྒྱལ་ཁམས་གཅིག་པུ་དེས་དེ་ལྟར་མཐོང་བ་ལས་གཞན་དུ་རྒྱལ་ཁམས་གཅིག་ཤོས་ཀྱི་སེམས་ཅན་རྣམས་ཀྱིས་གཏན་ནས་མཐོང་བལྟ་ཅི་སྨོས། ཐོས་པར་ཡང་མི་འགྱུར་རོ། །ཀུན་དགའ་བོ། ད་ལྟ་ངས་ཁྱོད་ལ་ལས་གཉིས་ལུགས་འབྱུང་ལྡོག་ཏུ་དཔེ་དོན་སྦྱར་ཞིང་གྲངས་ཏེ་གསལ་བར་བསྟན་པར་བྱའོ། །ཀུན་དགའ་བོ། སེམས་ཅན་དེ་དག་ཐམས་ཅད་ཀྱི་སོ་སོའི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བས་མཐོང་བའི་ཚེ་སྒྲོན་མེའི་འོད་ལས་བྱུང་བའི་འོད་ཀོར་དེ་ཡུལ་མངོན་སུམ་པ་ལྟ་བུར་གྱུར་པ་ནི། གང་ཟག་དེའི་མིག་རབ་རིབ་ཏུ་གྱུར་པ་ལས་བྱུང་ངོ ། །རབ་རིབ་ཏུ་གྱུར་པ་ནི། མཐོང་བ་ཕྱིན་ཅི་ལོག་ཏུ་གྱུར་ཅིང་གཟུགས་ལས་གྲུབ་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རབ་རིབ་མཐོང་བ་ནི། མཐར་གཏུགས་པའི་མཐོང་བའི་སྐྱོན་མ་ཡིན་ནོ། །འདི་ལྟ་སྟེ། ད་ལྟ་ཁྱོད་ཀྱི་མིག་ལ་རི་དང ། ཆུ་ཀླུང་དང ། རྒྱལ་ཁམས་དང ། ཡུལ་དང ། སེམས་ཅན་ཐམས་ཅད་མཐོང་བ་རྣམས་ནི། ཐོག་མ་མེད་པ་ནས་བྱུང་བའི་མཐོང་བའི་སྐྱོན་ནོ། །མཐོང་བ་དང་མཐོང་བའི་རྐྱེན་ནི། ཡུལ་མངོན་སུམ་པ་ལྟར་གྱུར་ཀྱང་
419a
༄#། །གདོད་མ་ནས་བདག་ཅག་གི་གསལ་ཞིང་རིག་པའི་མཐོང་བ་དང་འབྲེལ་བའི་རབ་རིབ་ཡིན་པས་མཐོང་བ་ལྟ་བུར་རིག་པ་ཉིད་རབ་རིབ་ཏུ་གྱུར་ཏོ། །གསོ་ཞིང་རིག་པའི་སེམས་སུ་གྱུར་ཅིང་གདོད་མ་ནས་རིག་པ་རྐྱེན་གྱིས་རབ་རིབ་ཏུ་གྱུར་པ་མ་ཡིན་ནོ། །རབ་རིབ་ཏུ་གྱུར་པ་དེ་རིག་པས་རིག་ན་རིག་པ་དེ་རབ་རིབ་ཅན་དུ་མི་གནས་སོ།། འདི་ནི།་ཡང་དག་པར་མཐོང་བ་མཐོང་ངོ ། །ཞེས་བྱའོ། །ཅིའི་ཕྱིར་ཡང་རིག་པ་དང ། ཐོས་པ་དང ། ཤེས་པ་དང ། མཐོང་བ་པོ་ཞེས་ཐ་སྙད་འདོགས་པར་འགྱུར། དེའི་ཕྱིར་ད་ལྟ་ཁྱོད་ཀྱིས་ང་དང་ཁྱོད་ལ་སོགས་པ་འཇིག་རྟེན་ཐམས་ཅད་ཀྱི་འགྲོ་བ་རིགས་བཅུ་པོ་རྣམས་མཐོང་བ་འདི་ཐམས་ཅད་རབ་རིབ་ཏུ་གྱུར་པས་མཐོང་བ་ཡིན་ནོ། །མཐོང་བས་རབ་རིབ་ཏུ་གྱུར་པ་མ་མཐོང་བ་ཡིན་གྱི། མཐོང་བ་དངོས་གཞི་དེ་ཉིད་ཀྱི་ངེས་པར་དག་པའི་རིག་པའི་རང་བཞིན་གདོད་མ་ནས་རབ་རིབ་ཏུ་གྱུར་པ་མ་ཡིན་པའི་ཕྱིར་དེ་ལ་མཐོང་བ་ཞེས་ཐ་སྙད་མི་འདོགས་སོ། །ཀུན་དགའ་བོ། དཔེར་ན། སེམས་ཅན་དེ་དག་ཐམས་ཅད་སྤྱི་མཐུན་གྱི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བ་དང་ལྡན་པའི་སྐྱེ་བོའི་ནང་དུ་བྱེ་བྲག་གི་ལས་ཀྱི་ཕྱིན་ཅི་ལོག་གི་མཐོང་བ་དང་ལྡན་པའི་སྐྱེ་བོ་གཅིག་གི་མིག་གློ་བུར་དུ་ན་ན་སྐྱེ་བོ་གཅིག་པུ་དེས་རབ་རིབ་ཏུ་གྱུར་པའི་གྲིབ་མ་ཟླུམ་པོ་མཐོང་བ་ལྟར་སྐྱེ་བོ་མང་པོ་འདི་ཐམས་
419b
ཅད་ཀྱིས་ལྟས་ངན་མཐོང་བར་འགྱུར་རོ། །དེ་ཐམས་ཅད་ཀྱི་ལས་ལས་སྡུག་བསྔལ་བསྐྱེད་པའི་དབང་གིས་མཐོང་བར་འགྱུར་རོ། །འདི་དག་ཐམས་ཅད་ཐོག་མ་མེད་པ་ནས་མཐོང་བ་རྫུན་པ་ལས་གྱུར་ཏོ། །དཔེར་ན། འཛམ་བུ་གླིང་གི་གླིང་སྟོང་ཕྲག་གསུམ་དང་བཅས་རྒྱ་མཚོ་ཆེན་པོ་བཞིས་བརྒྱན་པ་མི་མཇེད་ཀྱི་འཇིག་རྟེན་དང ། གཞན་ཡང་ཕྱོགས་བཅུ་ཇི་སྙེད་པའི་ཟག་བཅས་ཀྱི་འཇིག་རྟེན་ཁམས་ནས་སེམས་ཅན་ཐམས་ཅད་ཀྱི་བར་དུ་འདྲ་བར་དེ་དག་ཐམས་ཅད་ཟག་པ་མེད་པའི་གསལ་ཞིང་རིག་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་ཅིང་མཐོང་བ་དང ། ཐོས་པ་དང ། རིག་པ་དང ། ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་སྐྱོན་དང་འབྲེལ་བས་ཀུན་རྫོབ་ཙམ་དུ་འཕྲད་པ་དང་ལྟོས་པ་ལས་སྐྱེ་བ་དང་འཆི་བར་འགྱུར་རོ། །གལ་ཏེ་སྤྱིར་འཕྲད་པ་དང ། ལྟོས་པ་དང ། འཕྲད་པ་དང་ལྟོས་པ་མ་ཡིན་པའི་རྐྱེན་དང་གཏན་དུ་འབྲལ་བར་ནུས་ན། ཁྱད་པར་དུ་སྐྱེ་བ་དང་འགག་པའི་རྐྱེན་ཐམས་ཅད་འགག་ཅིང་སྐྱེ་བ་དང་འགག་པ་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་མངོན་པར་རྫོགས་ནས་དག་ཅིང་གསལ་བའི་སེམས་ཀྱི་རང་བཞིན་དང་རིག་པའི་རང་བཞིན་གཏན་དུ་གནས་པར་འགྱུར་རོ། །ཀུན་དགའ་བོ། ཁྱོད་སྔོན་གདོད་མའི་རིག་པ་རྨད་དུ་བྱུང་བ་གསལ་བའི་རང་བཞིན་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་མཚན་ཉིད་ཅན་མ་ཡིན་པ་རིག་ནའང་གདོད་མའི་རིག་པ་འདི་ཉིད་འཕྲད་པ་དང་ལྟོས་པ་ལས་
420a
༄#། །བྱུང་བ་ཡང་མ་ཡིན། འཕྲད་པ་དང་ལྟོས་པ་ལས་མ་བྱུང་བ་ཡང་མ་ཡིན་པ་གསལ་བར་མ་ཤེས་སོ། །ཀུན་དགའ་བོ། ངས་ད་ལྟར་སླར་ཡང་ཡུལ་མངོན་སུམ་པ་ལས་བརྩམས་ཏེ་ཁྱོད་ལ་འདྲི་བར་བྱའོ། །ཁྱོད་ད་ལྟ་འཇིག་རྟེན་ཐམས་ཅད་ཀྱི་ལོག་པར་རྟོག་པ་འཕྲད་པ་དང་ལྟོས་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་བཟུང་ནས་རང་ཉིད་ཀྱིས་རྣམ་པར་རྟོག་ཅིང་བྱང་ཆུབ་ཀྱི་སེམས་རྫོགས་པ་ནི། འཕྲད་པ་དང་ལྟོས་པ་ལས་བསྐྲུན་པ་ཡིན་སྙམ་དུ་སེམས་མོད། ད་ལྟ་ཁྱོད་ཀྱི་རྣམ་པར་དག་པའི་མཐོང་བའི་རིག་པ་ནི། སྣང་བ་དང་འཕྲད་པ་ཡིན་སྙམ་མམ། མུན་པ་དང་འཕྲད་པ་ཡིན་སྙམ་མམ། ཐོགས་མེད་དང་འཕྲད་པ་ཡིན་སྙམ་མམ། བེམ་པོ་དང་འཕྲད་པ་ཡིན་སྙམ་མམ། གལ་ཏེ་སྣང་བ་དང་འཕྲད་པ་ཡིན་ཞེ་ན།་ད་ལྟ་ཁྱོད་ཀྱིས་སྣང་བ་མཐོང་བའི་ཚེ་སྣང་བ་ཁོ་ན་མངོན་སུམ་དུ་གསལ་བར་མཐོང་བར་རིགས་ཀྱི། མཐོང་བའི་བྱ་བ་སྣ་ཚོགས་འདྲེས་པ་ག་ལ་རིགས། མཐོང་བའི་མཚན་མ་འབྱེད་པར་ནུས་ཀྱི། སྣ་ཚོགས་འདྲེས་པ་ནི། གང་གི་མཚན་མ་ཡིན། གལ་ཏེ་མཐོང་བ་མ་ཡིན་ཞེ་ན། ཅིའི་ཕྱིར་སྣང་བ་མཐོང་བར་འགྱུར། གལ་ཏེ་མཐོང་བ་ཉིད་ཡིན་ཞེ་ན། ཇི་ལྟར་ན།་མཐོང་བ་མཐོང་བར་འགྱུར། གལ་ཏེ་མཐོང་བ་ཉིད་ཀྱིས་ཁྱབ་པ་ཡིན་ཞེ་ན། གང་དུ་སྣང་བ་དང་འཕྲད་པར་འགྱུར། གལ་ཏེ་སྣང་བས་ཁྱབ་པ་ཡིན་ཞེ་ན། གང་དུ་མཐོང་
420b
བ་དང་འཕྲད་པ་ཡིན། གདོན་མི་ཟ་བར་མཐོང་བ་སྣང་བ་དང་ཐ་དད་ཅེ་ན། འདྲེས་པའི་དབང་གིས་གདོད་མ་ཞེས་པའི་མིང་འདོར་བར་འགྱུར་ཏེ། འདྲེས་པ་ཡིན་ན། སྣང་བའི་རང་བཞིན་འདོར་བར་འགྱུར་རོ། །དེས་ན་སྣང་བ་འཕྲད་པ་རིགས་པ་མ་ཡིན་ནོ། །མུན་པ་དང ། ཐོགས་མེད་དང ། བེམ་པོ་ལ་སོགས་པ་དེ་དག་ཀྱང་དེ་ཉིད་དང་འདྲའོ། །སླར་ཡང་ཀུན་དགའ་བོ། ད་ལྟ་ཁྱོད་ཀྱི་རྣམ་པར་དག་པའི་མཐོང་བའི་རིག་པ་དེ་སྣང་བ་ལ་ལྟོས་པ་ཡིན་སྙམ་མམ། མུན་པ་ལ་ལྟོས་པ་ཡིན་སྙམ་མམ། ཐོགས་མེད་ལ་ལྟོས་པ་ཡིན་སྙམ་མམ། བེམ་པོ་ལ་ལྟོས་པ་ཡིན་སྙམ་མ་མམ། གལ་ཏེ་སྣང་བ་ལ་ལྟོས་པ་ཡིན་ཞེ་ན། མུན་པའི་དུས་སུ་སླེབ་པ་ན་སྣང་བའི་མཚན་མ་འགགས་ནས་ཞི་བར་གྱུར་ཅིང་མཐོང་བ་འདི་མུན་པ་ལ་ལྟོས་པ་མ་ཡིན་པའི་ཕྱིར་ཇི་ལྟར་མུན་པ་མཐོང་བར་འགྱུར། གལ་ཏེ་མུན་པ་མཐོང་བའི་ཚེ་མུན་པ་ལ་ལྟོས་པ་མ་ཡིན་གྱི་སྣང་བ་ལ་ལྟོས་པ་ཡིན་སྙམ་ན། དེའི་ཚེ་སྣང་བ་མཐོང་བ་མ་ཡིན་པས། སྣང་བ་མི་མཐོང་ན་ཇི་ལྟར་སྣང་བ་ལ་ལྟོས་ཞེས་བརྗོད་པར་རིགས། དེས་སྣང་བ་མུན་པ་མ་ཡིན་པ་ཡང་ཤེས་སླ་ལ། མུན་པ་དང ། ཐོགས་མེད་དང ། བེམ་པོ་ལ་སོགས་པ་དེ་དག་ཀྱང་དེ་ཉིད་དང་འདྲའོ་དེ་སྐད་ཅེས་བཀའ་སྩལ་པ་དང ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་འཚལ་བ་ལྟར་ན་རྨད་དུ་བྱུང་བའི་གདོད་མའི་རིག་པ་འདི་དང ། ཡུལ་གྱི་རྐྱེན་ཐམས་ཅད་
421a
༄#། །དང ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་འཕྲད་པ་དང་ལྟོས་པ་མ་ཡིན་ལགས་གྲང་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཁྱོད་ཀྱིས་ད་དུང་ཡང་རིག་པ་འདི་འཕྲད་པ་དང་ལྟོས་པ་མ་ཡིན་ཞེས་སྨྲའམ། ངས་སླར་ཡང་ཁྱོད་ལ་འདྲི་བར་བྱའོ། །རྣམ་པར་དག་པའི་མཐོང་བའི་རིག་པ་འདི་འཕྲད་པ་དང་ལྟོས་པ་མ་ཡིན་ཞེ་ན། སྣང་བ་དང་འཕྲད་པ་མ་ཡིན་ཞེས་བྱའམ། མུན་པ་དང་འཕྲད་པ་མ་ཡིན་ཞེས་བྱའམ། ཐོགས་མེད་དང་འཕྲད་པ་མ་ཡིན་ཞེས་བྱའམ། བེམ་པོ་དང་འཕྲད་པ་མ་ཡིན་ཞེས་བྱ།་གལ་ཏེ་སྣང་བ་དང་འཕྲད་པ་མ་ཡིན་ཞེ་ན། མཐོང་བ་དང་སྣང་བ་འདི་གདོན་མི་ཟ་བར་རང་རང་གི་བདག་གིར་གཟུང་བའི་ཡུལ་ཡོད་དགོས་སོ། །ཁྱོད་ཀྱིས་ལེགས་པར་དཔྱོད་ཅིག་།སྣང་བ་གང་ལ་གནས། མཐོང་བ་གང་ལ་གནས། མཐོང་བ་དང་སྣང་བའི་བར་ཡུལ་གྱི་མཚམས་ཇི་ལྟར་འབྱེད། ཀུན་དགའ་བོ། གལ་ཏེ་སྣང་བའི་ནང་དུ་ངེས་པར་མཐོང་བ་མེད་ཅེ་ན།་དེ་གཉིས་ལྷན་ཅིག་མི་གནས་པའི་ཕྱིར་རང་གི་སྣང་བའི་མཚན་མ་ཡོད་པའི་གནས་མི་ཤེས་ན་ཡུལ་འདི་གང་ལས་འགྲུབ། མུན་པ་དང ། ཐོགས་མེད་དང ། བེམ་པོ་དེ་དག་ཀྱང་དེ་ཉིད་དང་འདྲའོ། །གཞན་ཡང་རྣམ་པར་དག་པའི་མཐོང་བའི་རིག་པ་འདི་འཕྲད་པ་དང་ལྟོས་པ་མ་ཡིན་ཞེ་ན། སྣང་བ་ལ་ལྟོས་པ་མ་ཡིན་ཞེས་བྱའམ། མུན་པ་ལ་ལྟོས་
421b
པ་མ་ཡིན་ཞེས་བྱའམ། ཐོགས་མེད་ལ་ལྟོས་པ་མ་ཡིན་ཞེས་བྱའམ། བེམ་པོ་ལ་ལྟོས་པ་མ་ཡིན་ཞེས་བྱ། གལ་ཏེ་སྣང་བ་ལ་ལྟོས་པ་མ་ཡིན་ཞེ་ན། མཐོང་བ་དང་སྣང་བའི་རང་བཞིན་སོ་སོར་ཐ་དད་དུ་འགྱུར་བའི་ཕྱིར་རྣ་བ་སྣང་བ་དང་ཕན་ཚུན་ལྟོས་མེད་དོན་གཞན་ཡིན་པ་བཞིན་དུ་མཐོང་བ་ཡང་སྣང་བའི་མཚན་མ་ཡོད་པའི་གནས་མི་ཤེས་པར་འགྱུར་ན། ལྟོས་པ་དང་མ་ལྟོས་པའི་དོན་ཇི་ལྟར་གསལ་བར་འབྱེད། མུན་པ་དང ། ཐོགས་མེད་དང ། བེམ་པོ་དེ་དག་ཀྱང་དེ་ཉིད་དང་འདྲའོ། །ཀུན་དགའ་བོ། ཁྱོད་ཡང་ཡུལ་ཀུན་རྫོབ་པ་ཐམས་ཅད་དང ། སྒྱུ་མ་དང ། སྤྲུལ་པ་ལ་སོགས་པའི་མཚན་མ་དེ་ཉིད་ལས་སྐྱེ་ཞིང ། དེ་ཉིད་དུ་འགག་ཅིང་ཞི་བ་མ་ཤེས་སོ། །སྒྱུ་མ་རྫུན་པ་ལ་མཚན་མ་ཞེས་ཐ་སྙད་འདོགས་ཏེ། དེའི་རང་བཞིན་ངེས་པར་རྨད་དུ་བྱུང་བའི་གསལ་ཞིང་རིག་པའོ། །འདི་ནས་ཕུང་པོ་ལྔ་དང ། སྐྱེ་མཆེད་དྲུག་དང ། གཟུང་འཛིན་བཅུ་གཉིས་དང ། ཁམས་བཅོ་བརྒྱད་ཀྱི་བར་ཐམས་ཅད་ཀུན་རྫོབ་ཙམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་འཕྲད་པ་དང་ལྟོས་པའི་རྐྱེན་གྱིས་སྐྱེས་པ་ཞེས་བྱ་བ་དང ། ཀུན་རྫོབ་ཙམ་དུ་རྟེན་ཅིང་འབྱུང་བ་དང་བྲལ་བའི་རྐྱེན་གྱིས་འགག་པའི་མིང་ཅན་དུ་འགྱུར་རོ། །མདོར་ན་སྐྱེ་འགག་འགྲོ་འོང་ནི། གདོད་མ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཐེར་ཟུག་ཏུ་གནས་པ་རྣམ་པར་དག་པ་གཡོ་བ་མེད་པ་ཁྱབ་པར་རྫོགས་པ་དེ་བཞིན་ཉིད་དམ་པའི་རང་བཞིན་མ་རྟོགས་པར་བདེན་པའི་རང་བཞིན་གྱི་ནང་
422a
༄#། །ནས་འགྲོ་འོང་འཁྲུལ་རྟོག་སྐྱེ་འགག་བཙལ་བས་ནམ་ཡང་མི་རྙེད་དོ། །ཀུན་དགའ་བོ། ཇི་ལྟར་ན་ཕུང་པོ་ལྔ་གདོད་མ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་དེ་བཞིན་ཉིད་དམ་པའི་རང་བཞིན་ཡིན་ཞེ་ན། ཀུན་དགའ་བོ། དཔེར་ན། སྐྱེ་བོ་ཞིག་མིག་ཤིན་ཏུ་དག་པས་གསལ་ཞིང་དྭངས་པའི་ནམ་མཁའ་ལ་ལྟ་བ་བཞིན་དུ་བར་སྣང་ཉིད་ལས་གཞན་དུ་ཅི་ཡང་མེད། སྐྱེ་བོ་དེ་རང་དགར་མིག་འབྲས་གཡོ་མེད་དུ་གཏད་ནས་བལྟས་པས་ངལ་ཏེ་འཁྲུལ་ན་ནམ་མཁའ་ལ་ར་རི་སྣ་ཚོགས་ཐ་དད་པ་མཐོང་ཞིང ། གཞན་ཡང་རྣམ་པ་སྣ་ཚོགས་པའི་ར་རི་རྫུན་པའི་མཚན་མ་ཞི་ཞིང་འབྱུང་སྟེ། གཟུགས་ཀྱི་ཕུང་པོ་ཉིད་ཀྱང་འདི་ལྟར་ཤེས་པར་བྱའོ། །ཀུན་དགའ་བོ། ར་རི་དེ་དག་ནམ་མཁའ་ལས་བྱུང་བ་མ་ཡིན། མིག་ལས་བྱུང་བ་མ་ཡིན་ནོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ནམ་མཁའ་ལས་བྱུང་བ་ཡིན་ཞེ་ན། ནམ་མཁའ་ལས་བྱུང་བ་དེ་ཉིད་སླར་ཡང་ནམ་མཁའ་ལ་ཐིམ་པར་རིགས་སོ། །གལ་ཏེ་འབྱུང་བ་དང་ཐིམ་པ་ཡོད་ན། ནམ་མཁའ་སྟོང་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་སྟོང་པ་དེ་སྟོང་པ་མ་ཡིན་ཞེ་ན། རང་གི་ར་རིའི་མཚན་མ་དེ་དག་རང་བཞིན་གྱིས་སྤྲོས་པ་དང་ཞི་བའི་གོ་སྐབས་མེད་པའི་ཕྱིར། ཀུན་དགའ་བོའི་ལུས་ལ་ལུས་དེ་ཉིད་ཐིམ་པར་མི་འགྱུར་བ་དང་འདྲའོ། །གལ་ཏེ་མིག་ལས་བྱུང་བ་ཡིན་ཞེ་ན། མིག་ལས་བྱུང་བ་དེ་ཉིད་སླར་ཡང་མིག་ལ་
422b
ཐིམ་པར་རིགས་སོ། །གཞན་ཡང་ར་རི་འདི་དག་གི་རང་བཞིན་ནི། མིག་ལས་བྱུང་བ་ཡིན་ཞེ་ན། མཐོང་བ་ཡོད་པར་རིགས་སོ། །གལ་ཏེ་མཐོང་བ་ཡོད་ཅེ་ན། ནམ་མཁའ་ལ་སོང་ནས་ར་རིར་གྱུར་པ་ཡིན་ན་ཚུར་ལ་མིག་མཐོང་བར་རིགས་སོ། །གལ་ཏེ་མཐོང་བ་མེད་ཅེ་ན། ནམ་མཁའ་ལ་སོང་སྟེ་རབ་རིབ་ཏུ་གྱུར་ནས་ཚུར་མིག་ལ་སྒྲིབ་པར་རིགས་སོ། །ཡང་རབ་རི་མཐོང་བའི་ཚེ་མིག་ལ་གདོད་མ་ནས་རབ་རིབ་ཏུ་གྱུར་པ་མེད་དོ་ཞེ་ན། ཇི་ལྟར་ན། དྭངས་པའི་ནམ་མཁའ་མཐོང་བ་ལ་ནི། ད་གདོད་དག་པའི་མིག་ཅེས་ཐ་སྙད་འདོགས། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་ཀུན་རྫོབ་ཙམ་དུ་གྱུར་ཅིང་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་རྐང་ལག་ལ་ནད་མེད་ཅིང་ལུས་ཁམས་སྙོམས་ཤིང་བདེ་བར་གནས་པ་ལ་ཇི་མི་སྙམ་པར་དྲན་པ་བརྗེད་པ་ལྟར་རང་བཞིན་ལ་ཕན་པ་དང་གནོད་པ་མི་ཚོར་བར་སྐྱེ་བོ་དེ་རང་དགར་ནམ་མཁའ་ལ་ལག་པ་གཉིས་ཀྱིས་ཐལ་མོ་སྦྱར་ནས་མཉེ་བཞིན་པ་ལས་རྫུན་པ་ཙམ་དུ་ལག་པ་གཉིས་ལས་རྩུབ་པ་དང་འཇམ་པ་དང་གྲང་བ་དང་ཚ་བ་ལ་སོགས་པ་སྣ་ཚོགས་པའི་མཚན་མ་འབྱུང་བ་ལྟར་ཚོར་བའི་ཕུང་པོ་དེ་ཁོ་ན་ལྟར་ཤེས་པར་བྱའོ། །ཀུན་དགའ་བོ། རེག་པ་རྫུན་པ་འདི་སྟོང་པ་ལས་བྱུང་བ་མ་ཡིན། ཐལ་མོ་ལས་བྱུང་བ་མ་ཡིན་ནོ། །ཀུན་དགའ་བོ། འདི་ལྟར་རིག་པར་
423a
༄#། །བྱ་སྟེ།་གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། ཇི་ལྟར་ཐལ་མོ་ཙམ་ལ་རེག་ལ་ལུས་ལ་རེག་པར་མི་འགྱུར། བར་སྣང་སྟོང་པ་འདིས་རིས་སུ་བཅད་ནས་རེག་པར་མི་རིགས་སོ། །གལ་ཏེ་ཐལ་མོ་ལས་བྱུང་བ་ཡིན་ཞེ་ན། སྦྱོར་མི་དགོས་སོ། །གཞན་ཡང་ཐལ་མོ་ལས་བྱུང་བ་ཡིན་པས་སྦྱར་བ་ན་ཐལ་མོས་ཚོར་དགོས་སོ། །ཕྱེ་བ་ན་རེག་པ་ཐིམ་པར་འགྱུར་ཞེ་ན། དཔུང་པ་དང་ལག་ངར་དང་རུས་པ་དང་རྐང་ནས་བཟུང་སྟེ་ཐམས་ཅད་ཀྱིས་གང་ནས་བརྒྱུད་དེ་ཐིམ་པའི་ལམ་ཚོར་བར་རིགས་སོ། །གདོན་མི་ཟ་བར་ཚོར་བའི་སེམས་ཡོད་ཅིང་འབྱུང་བ་དང་ཐིམ་པ་ཤེས་སོ་ཞེ་ན། དངོས་པོ་རང་མཚན་པ་ཞིག་ཡོད་ཅིང་ལུས་ལ་ཕན་ཚུན་དུ་འགྲོ་དགོས་པ་ཞིག་ན། ཅིའི་ཕྱིར་སྦྱར་བ་ལ་ལྟོས་ནས་ད་གདོད་རེག་པ་ཞེས་ཐ་སྙད་འདོགས། དེའི་ཕྱིར་ཚོལ་བའི་ཕུང་པོ་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་ཤིང་ཐོག་སྒྱུར་པོ་དེའི་སྒྱུར་བའི་རོ་གླེང་ཞིང་སྨྲ་བ་ན་འགྲམ་ཆུ་ལྡང་བ་དང ། གཡང་ས་མཐོན་པའི་ཁར་འབྲེང་བར་སེམས་པ་ན། སྒྱིད་པ་སྒྱུར་བ་ལྟར་འདུ་ཤེས་ཀྱི་ཕུང་པོ་དེ་ཁོ་ན་ལྟར་ཤེས་པར་བྱའོ། །ཀུན་དགའ་བོ། སྐྱུར་པོ་འདི་གླིང་ཞིང་སྨྲས་པ་དེ་ཤིང་ཐོག་སྐྱུར་པོ་ལས་བྱུང་བ་མ་ཡིན། ཁ་ལ་
423b
ཞུགས་པ་མ་ཡིན་ནོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཤིང་ཐོག་སྐྱུར་པོ་ལས་བྱུང་བ་ཡིན་ཞེ་ན། ཤིང་ཐོག་རང་ཉིད་ཀྱིས་སྨྲ་བར་རིགས་ཀྱི། སྐྱེ་བོས་སྨྲ་བ་ལ་སྒུག་ཅི་དགོས། གལ་ཏེ་ཁ་ལ་ཞུགས་པ་ཡིན་ཞེ་ན། ཁ་རང་ཉིད་ཀྱིས་ཐོས་པར་རིགས་ཀྱི། རྣ་བ་ལ་སྒུག་ཅི་དགོས། གལ་ཏེ་རྣ་བ་ཁོ་ནས་ཐོས་པ་ཙམ་མོ་ཞེ་ན། འགྲམ་ཆུ་དེ་ཅིའི་ཕྱིར་རྣ་བ་ལས་མི་འབྱུང ། གཡང་ས་མཐོན་པོའི་ཁར་འགྲང་བར་སེམས་པ་དེ་སྐྱུར་པོ་གླེང་བ་དང་འདྲ། དེའི་ཕྱིར་འདུ་ཤེས་ཀྱི་ཕུང་པོ་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན།་རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། རྒྱུན་དྲག་ཏུ་འབབ་པ་དང་གཉེར་མ་དང་རླབས་རྒྱུན་མི་འཆད་པར་སྔ་ཕྱི་བསྟུད་མར་མི་འཚོལ་བ་ལྟར་འདུ་བྱེད་ཀྱི་ཕུང་པོ་དེ་ཁོ་ན་ལྟར་ཤེས་པར་བྱའོ། །ཀུན་དགའ་བོ། རྒྱུན་འདིའི་རང་བཞིན་སྟོང་པ་ལ་བརྟེན་ནས་བྱུང་བ་མ་ཡིན། ཆུ་ལ་བརྟེན་ནས་བྱུང་བ་མ་ཡིན། ཆུའི་རང་བཞིན་ཡང་མ་ཡིན། ཡང་སྟོང་པ་དང་ཆུ་དང་བྲལ་བ་ཡང་མ་ཡིན་ནོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་སྟོང་པ་ལ་བརྟེན་ནས་བྱུང་བ་ཡིན་ཞེ་ན། ཕྱོགས་བཅུའི་མཐའ་ཡས་པའི་ནམ་མཁའ་ཐམས་ཅད་རྒྱུན་མཐའ་ཡས་པར་འགྱུར་བའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་ཉིད་བྱིང་བར་འགྱུར་རོ། །གལ་ཏེ་ཆུ་ལ་བརྟེན་ནས་བྱུང་བ་ཡིན་ཞེ་ན། རྒྱུན་དྲག་ཏུ་
424a
༄#། །འབབ་པ་འདིའི་རང་བཞིན་ཆུ་ཡིན་པར་མི་རིགས་ཤིང་དེའི་གནས་དང་དེའི་རྣམ་པ་ད་ལྟ་ཆུ་ལས་ཐ་དད་པར་མངོན་སུམ་དུ་འགྱུར་བར་རིགས་སོ། །གལ་ཏེ་ཆུའི་རང་བཞིན་ཡིན་ཞེ་ན། དྭངས་པའི་ཚེ་ཆུའི་གནས་ལུགས་མིན་ཞེས་བྱ་བར་རིགས་སོ། །གལ་ཏེ་སྟོང་པ་དང་ཆུ་དང་བྲལ་བ་ཡིན་ཞེ་ན། སྟོང་པ་ལས་གཞན་དུ་ཅི་ཡང་མེད་ཅིང ། ཆུ་ལས་གཞན་དུ་རྒྱུན་མི་དམིགས་སོ། །དེའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་བྱ་མ་བུམ་ཐོགས་ནས་དེའི་བུག་པ་གཉིས་བཀག་སྟེ་དེའི་ནང་དུ་ནམ་མཁའ་སྟོང་པས་བཀང་བར་རློམ་ཞིང་ཁྱེར་ནས་ཐག་རིང་དཔག་ཚད་སྟོང་གི་སར་ཕྱིན་ནས་རྒྱལ་ཁམས་གཞན་ལ་སྐྱེལ་བ་ལྟར་རྣམ་ཤེས་ཀྱི་ཕུང་པོ་ཁོ་ན་ལྟར་ཤེས་པར་བྱའོ། །ཀུན་དགའ་པོ། ནམ་མཁའ་སྟོང་པ་ཕྱོགས་དེ་ནས་འོངས་པ་མ་ཡིན། ཕྱོགས་འདི་ནས་ཞུགས་པ་མ་ཡིན་ནོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཕྱོགས་དེ་ནས་འོངས་པ་ཡིན་ཞེ་ན། བུམ་པའི་ནང་དུ་ནམ་མཁའ་སྟོང་པས་བཀང་སྟེ་ཁྱེར་ནས་སོང་བའི་ཕྱིར་བུམ་པ་འདིའི་རྩ་བའི་གནས་ཀྱི་ནམ་མཁའ་ཅུང་ཟད་བྲི་བར་འགྱུར་བར་རིགས་སོ། །གལ་ཏེ་ཕྱོགས་འདི་ནས་ཞུགས་པ་ཡིན་ཞེ་ན། བུམ་པ་ཕྱེ་ནས་བུམ་པ་ཁ་སྦུབ་ན་ནམ་མཁའ་
424b
ཕྱིར་འབྱུང་བ་མཐོང་བར་རིགས་སོ། །དེའི་ཕྱིར་རྣམ་ཤེས་ཀྱི་ཕུང་པོ་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བ་མ་ཡིན་ཞེས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ང་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཀུན་དགའ་བོ། ཇི་ལྟར་ན། སྐྱེ་མཆེད་དྲུག་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་ཞེ་ན། ཀུན་དགའ་བོ། མིག་གིས་གཟུགས་ལ་གཏད་ནས་ངལ་བའི་རྒྱུས་འཁྲུལ་ནས་སྣང་བའི་གཟུགས་བརྙན་དང་མཚུངས་ལ། མིག་དང་བཅས་པ་ངལ་བའི་འཁྲུལ་པ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་གཏད་ནས་འཁྲུལ་པའི་མཚན་མ་ཞེས་བྱ་བ་ནི། སྣང་བ་དང་མུན་པ་གཉིས་བདེན་པ་མ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་བལྟ་བར་བྱ་བ་བྱུང་སྟེ། ཡུལ་གྱི་རྣམ་པ་མྱོང་བའི་ཕྱིར་ལྟ་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །བལྟ་བར་བྱ་བ་འདི་ནི། སྣང་བ་དང་མུན་པ་གཉིས་དང་བྲལ་བ་ན་གཏན་ནས་མེད་དོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། བལྟ་བར་བྱ་བ་འདི་ནི། སྣང་བ་དང་མུན་པ་ལས་བྱུང་བ་མ་ཡིན། དབང་པོ་ལས་བྱུང་བ་མ་ཡིན། སྟོང་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྣང་བ་
425a
༄#། །ལས་བྱུང་བ་ཡིན་ན། དེ་མ་ཐག་ཏུ་མུན་པ་འགག་སྟེ་སླར་མུན་པ་མི་མཐོང་བར་འགྱུར་རོ། །གལ་ཏེ་མུན་པ་ལས་བྱུང་བ་ཡིན་ན། དེ་མ་ཐག་ཏུ་སྣང་བ་འགག་སྟེ་སྣང་བ་མི་མཐོང་བར་འགྱུར་རོ། །གལ་ཏེ་དབང་པོ་ལས་བྱུང་བ་ཡིན་ན། ངོས་པར་སྣང་བ་དང་མུན་པ་མེད་པར་འགྱུར་རོ། །འདི་ལྟར་ན། བལྟ་བར་བྱ་བ་དང་ལྟ་བར་བྱེད་པའི་ཤེས་པ་གདོད་མ་ནས་རང་བཞིན་མེད་དོ། །གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། མདུན་གྱི་ཡུལ་མཐོང་བ་ན་ཕྱིར་ཞིང་དབང་པོ་ཡང་མཐོང་པར་རིགས་སོ། །ཡང་སྟོང་པ་རང་ཉིད་མཐོང་བ་ལ་ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་མེད་དོ། །དེའི་ཕྱིར་ཡིག་གི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་ལག་པ་གཉིས་ཀྱི་སོར་མོས་རྣ་བ་དམ་དུ་བཀག་ནས་རྣ་བའི་དབང་པོ་ངལ་ནས་འཁྲུལ་པ་ན་མགོ་པོའི་ནང་ནས་འུར་སྒྲ་གྲག་པ་དང་འདྲ། རྣ་བ་དང་བཅས་པ་ངལ་བའི་འཁྲུལ་པ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་གཏད་ནས་ང་ལ་ཞིང་འཁྲུལ་པའི་མཚན་མ་ཡིན་ཞིང ། གཡོ་བ་དང་མི་གཡོ་བ་གཉིས་བདེན་པ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་མཉན་པར་བྱ་བ་འབྱུང་སྟེ། ཡུལ་གྱི་རྣམ་པ་མྱོང་བའི་ཕྱིར་མཉན་པའི་རང་བཞིན་ཞེས་
425b
གདགས་སོ། །མཉན་པར་བྱ་བ་འདི་གཡོ་བ་དང་མི་གཡོ་བའི་ཡུལ་དང་བྲལ་བ་ན་གཏན་ནས་མེད་དོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། མཉན་པ་འདི་ནི། གཡོ་བ་དང་མི་གཡོ་བ་ལས་བྱུང་བ་མ་ཡིན། དབང་པོ་ལས་བྱུང་བ་མ་ཡིན། སྟོང་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་མི་གཡོ་བ་ལས་བྱུང་བ་ཡིན་ན། དེ་མ་ཐག་ཏུ་གཡོ་བས་འགགས་ནས་གཡོ་བ་ཐོས་པར་མི་འགྱུར་རོ། །གལ་ཏེ་གཡོ་བ་ལས་བྱུང་བ་ཡིན་ན། དེ་མ་ཐག་ཏུ་མི་གཡོ་བ་འགགས་ནས་མི་གཡོ་བ་ཚོར་བར་མི་འགྱུར་རོ། །གལ་ཏེ་དབང་པོ་ལས་བྱུང་བ་ཡིན་ན། གཡོ་བ་དང་མི་གཡོ་བ་ངེས་པར་མེད་པར་འགྱུར་རོ། །འདི་ལྟར་ན་མཉན་པར་བྱེད་པའི་ཤེས་པ་གདོད་མ་ནས་རང་བཞིན་མེད་དོ། །གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ན། མཉན་པའི་རང་བཞིན་དུ་གྱུར་པས་རང་ཉིད་སྟོང་པ་མ་ཡིན་བར་འགྱུར་རོ། །ཡང་སྟོང་པ་རང་ཉིད་ཐོས་པ་ཡིན་ན་ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་ཆེད་དོ། །དེའི་ཕྱིར་རྣ་བའི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་ཡིན། མང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་སྣ་བུག་ནས་ནང་དུ་རྡུབ་ཅིང་རྡུབ་པས་ངལ་ཏེ་འཁྲུལ་པ་ན་སྣའི་ནང་དུ་གྲང་བའི་རེག་བྱ་ཚེར་བར་འགྱུར་རོ། །རེག་པ་ལས་སྣ་བུག་འབྱེད་པ་དང་འགག་པ་དང་ཁོང་སྟོང་དང་གོང་བུ་ལ་སོགས་པའི་དྲི་བཟང་ངན་སྣ་ཚོགས་པ་གསལ་བར་འབྱེད་དོ། སྣ་དང་
426a
༄#། །བཅས་པ་ངལ་བའི་འཁྲུལ་པ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་གཏད་ནས་ངལ་ཞིང་འཁྲུལ་པའི་མཚན་མ་ཡིན་ཞིང ། །འབྱེད་པ་དང་འགག་པ་གཉིས་བདེན་པ་མ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་སྣོམ་པར་བྱ་བར་འབྱུང་སྟེ། ཡུལ་གྱི་རྣམ་པ་མྱོང་བའི་སྣོམ་པའི་རང་བཞིན་ཞེས་གདགས་སོ། །སྣོམ་པར་བྱ་བ་འདི་འབྱེད་པ་དང་འགག་པ་གཉིས་ཀྱི་ཡུལ་དང་བྲལ་བ་ན་གཏན་ནས་མེད་དོ། །འདི་ལྟར་རིག་པར་བྱ་སྟེ། སྣོམ་པར་བྱ་བ་འདི་ནི། འབྱེད་པ་དང་འགག་པ་ལས་འོངས་པ་མ་ཡིན། དབང་པོ་ལས་བྱུང་བ་མ་ཡིན། སྟོང་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འབྱེད་པ་ལས་འོངས་པ་ཡིན་ཞེ་ན། འགག་པའི་ཚེ་སྣོམ་པར་བྱ་བ་འགག་པར་གྱུར་ཅིང ། ཇི་ལྟར་ན་སྣ་བུག་འགག་པ་ཤེས་པར་འགྱུར། །གལ་ཏེ་འགག་པ་ལས་འོངས་པ་ཡིན་ན། འབྱེད་པའི་ཚེ་སྣོམ་པར་བྱ་བ་མེད་ཅིང་དྲི་བཟང་ངན་ལ་སོགས་པའི་རེག་པ་ཇི་ལྟར་གསལ་བར་འབྱེད། གལ་ཏེ་དབང་པོ་ལས་བྱུང་བ་ཡིན་ཞེ་ན། འབྱེད་པ་དང་འགག་པ་གདོན་མི་ཟ་བར་མེད་པར་འགྱུར་རོ། །འདི་ལྟར་ན་སྣོམ་པར་བྱེད་པའི་རིག་པ་གདོད་མ་ནས་རང་བཞིན་མེད་དོ། །གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། སྣོམ་པར་བྱ་བ་འདི་ཉིད་ཚུར་ཁྱོད་ཀྱི་སྣ་ལ་སྣོམ་པར་རིགས་སོ། །སྟོང་པ་རང་ཉིད་སྣོམ་པར་བྱེད་ན་ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་མེད་དོ། །དེའི་ཕྱིར་སྣའི་སྐྱེ་
426b
མཆོད་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། །རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་ལྕེས་རང་གི་མ་ཆུ་ལ་བལྡག་ཅིང་བལྡག་ནས་ངལ་ཞིང་འཁྲུལ་པ་ན་སྐྱེ་བོ་དེ་ནད་ཅན་ཡིན་ན་ཁ་བའི་རོ་བྲོ་བར་འགྱུར་ལ། སྐྱེ་བོ་ནད་མེད་ཡིན་ན་ཅུང་ཟད་མངར་བའི་རོ་བྲོ་བར་འགྱུར་རོ། །ལྕེ་མ་འགུལ་བའི་དུས་སུ་རོ་མངར་བ་དང་ཁ་བ་ཚོར་བ་ལྟ་ཞོག་རོ་བྲོ་བ་ཙམ་ཡང་མེད་ཅིང་དཀྱུས་མའི་གནས་ཚུལ་མངོན་དུ་གྱུར་པ་དང་འདྲའོ། །ལྕེ་དང་བཅས་པ་ངལ་བའི་འཁྲུལ་པ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་གཏད་ནས་ངལ་ཞིང་འཁྲུལ་པའི་མཚན་མ་ཡིན་ཞིང ། མངར་བ་དང་ཁ་བའི་རོ་དང ། རོ་མོ་བྲོ་བ་སྟེ་རྣམ་པ་གཉིས་བདེན་པ་མ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་ཤེས་པ་སྐྱེ་སྟེ། ཡུལ་གྱི་རྣམ་པ་མྱོང་བའི་ཕྱིར་རོ་ཤེས་པའི་རང་བཞིན་གདགས་ཞེས་བྱའོ། །རོ་ཤེས་པའི་རང་བཞིན་འདི་མངར་བ་དང་ཁ་བའི་རོ་དང ། རོ་མི་བྲོ་བ་སྟེ་ཡུལ་དེ་གཉིས་དང་བྲལ་བ་ན་གཏན་ནས་མེད་དོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། རོ་ཁ་བ་དང་རོ་མི་བྲོ་བ་ཉམས་སུ་མྱོང་བའི་ཤེས་པ་རོ་མངར་བ་དང་ཁ་བ་ལས་བྱུང་བ་མ་ཡིན། རོ་མི་བྲོ་བ་ལས་བྱུང་བ་མ་ཡིན། དབང་པོ་ལས་བྱུང་བ་ཡང་མ་ཡིན། སྟོང་པ་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རོ་མངར་བ་དང་ཁ་བ་ལས་བྱུང་བ་ཡིན་ཞེ་ན། རོ་མེད་པའི་ཚེ་ཤེས་
427a
༄#། །པ་འགག་ཅིང་ཇི་ལྟར་རོ་མེད་པར་ཤེས་པར་འགྱུར། གལ་ཏེ་རོ་མེད་པ་ལས་བྱུང་བ་ཡིན་ཞེ་ན། རོ་ཡོད་པའི་ཤེས་པ་མེད་ཅིང ། མངར་བ་དང་ཁ་བའི་རོ་ཇི་ལྟར་ཤེས་པར་འགྱུར། གལ་ཏེ་ལྕེ་ལས་བྱུང་བ་ཡིན་ཞེ་ན། མངར་བ་དང་ཁ་བའི་རོ་དང་རོ་མི་བྲོ་བ་གདོན་མི་ཟ་བར་མེད་པར་འགྱུར་རོ། །འདི་ལྟར་ན་རོ་འདི་ཤེས་པའི་དབང་པོ་གདོད་མནས་རང་བཞིན་མེད་དོ། །གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། སྟོང་པ་རང་ཉིད་ཀྱིས་མྱོང་བར་འགྱུར་ཞིང་ཁྱོད་ཀྱི་ཁས་ཤེས་པ་མ་ཡིན་པར་འགྱུར་རོ། །ཡང་སྟོང་པ་རང་ཉིད་ཀྱིས་ཤེས་པ་ཡིན་ཞེ་ན། ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་མེད་དོ། །དེའི་ཕྱིར་ལྕེའི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་ལག་པ་གྲང་མོས་ལག་པ་དྲོན་མོལ་རེག་པའི་རྗེས་སུ་གྲང་བའི་རེག་པ་ཤུགས་ཆེ་ན་དྲོ་བ་དེ་གྲང་བར་འགྱུར་བ་དང ། དྲོ་བའི་རེག་པ་ཤུགས་ཆེན་གྲང་བ་དེ་དྲོ་བར་འགྱུར་བ་དང་འདྲ། དེ་བཞིན་དུ་འདི་གཉིས་མཉམ་དུ་འཕྲད་ཅིང་ཚོར་བའི་རེག་པ་འདི་བྲལ་བ་ལས་ཤེས་པ་མངོན་དུ་གྱུར་ཅིང ། ཤུགས་ལ་ལྟོས་པའི་ཕྱིར་ཚོར་བའི་ངལ་བ་འཁྲུལ་པ་ལས་གྱུར་བ་ཡིན་ནོ། །ལུས་དང་བཅས་པ་ངལ་ངའི་འཁྲུལ་པ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་
427b
གཏད་ནས་ངལ་ཞིང་འཁྲུལ་པའི་མཚན་མ་ཡིན་ཞིང ། འབྲལ་བ་དང་འཕྲད་པ་གཉིས་དེན་པ་མ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་ཤེས་པ་སྐྱེ་སྟེ། ཡུལ་གྱི་རྣམ་པ་མྱོང་བའི་ཕྱིར་ཤེས་པའི་རང་བཞིན་ཞེས་གདགས་སོ། །ཤེས་པའི་ཕུང་པོ་འདི་འབྲལ་བ་དང་འཕྲད་པ་དང་ཕན་པ་དང་གནོད་པ་སྟེ་ཡུལ་དེ་གཉིས་དང་བྲལ་བ་ན་གཏན་ནས་མེད་དོ། །ཀུན་དགའ་བོ།་འདི་ལྟར་རིག་པར་བྱ་སྟེ། ཤེས་པ་འདི་འབྲལ་བ་དང་འཕྲད་པ་ལས་བྱུང་བ་མ་ཡིན། ཕན་པ་དང་གནོད་པ་ལས་བྱུང་བ་མ་ཡིན། དབང་པོ་ལས་བྱུང་བ་མ་ཡིན། སྟོང་པ་ལས་བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འཕྲད་པའི་དུས་སུ་བྱུང་བ་ཡིན་ཞེ་ན། བྲལ་མ་ཐག་ཏུ་འགག་པའི་ཕྱིར་བྲལ་བ་ཇི་ལྟར་ཤེས་པར་འགྱུར། ཕན་པ་དང ། གནོད་པའི་མཚན་མ་གཉིས་དེ་ཉིད་དང་འདྲའོ། །གལ་ཏེ་དབང་པོ་ལས་བྱུང་བ་ཡིན་ཞེ་ན། གདོན་མི་ཟ་བར་འབྲལ་བ་དང་འཕྲད་པ་དང་ཕན་པ་དང་གནོད་པའི་མཚན་མ་བཞི་མེད་པར་འགྱུར་རོ། །འདི་ལྟར་ན།་ཁྱོད་ཀྱི་ལུས་ཀྱི་ཤེས་པ་གདོད་མ་ནས་རང་བཞིན་མེད་དོ། །གདོན་མི་ཟ་བར་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། སྟོང་པ་རང་ཉིད་ཀྱིས་ཤེས་པར་འགྱུར་བའི་ཕྱིར་ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་མེད་དོ། །དེའི་ཕྱིར་ལུས་ཀྱི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ།།
428a
༄#། །ཀུན་དགའ་བོ། དཔེར་ན། སྐྱེ་བོ་གང་ཞིག་ངལ་ཞིང་དུ་བ་ནས་གཉིད་ལོག་ལོག་པ་ལས་སད་པར་གྱུར་པ་དང་ཡུལ་མཐོང་ཞིང་སེམས་ཀྱི་ཀུན་རྟོག་འཆར་ལ་སེམས་གཡེངས་ནས་འཕྲལ་དུ་བརྗེད་པ་དང་འདྲ། དེ་ལྟར་ལོག་པར་རྟོག་པས་རིམ་བཞིན་དུ་སྐྱེ་བ་དང ། གནས་པ་དང ། འཕོ་བ་དང ། འགག་པའི་བག་ཆགས་སྨིན་པ་མྱོང་བའི་དབང་གིས་རིམ་པ་མི་འཆོལ་བར་འབྱུང་བ་ནི། ཡིད་ཀྱི་ཤེས་པའི་དབང་པོ་ཞེས་བྱའོ། །ཡིད་དང་བཅས་པ་ངལ་བའི་འཁྲུལ་བ་ཐམས་ཅད་བྱང་ཆུབ་ཀྱི་ཆོས་ཉིད་ཀྱིས་གཏད་ནས་ངལ་ཞིང་འཕྲུལ་བའི་མཚན་མ་ཡིན་ཞིང ། སྐྱེ་འགག་གཉིས་བདེན་པ་མ་ཡིན་པའི་ཡུལ་ལ་བརྟེན་ནས་བར་སྐབས་དེར་ཤེས་པ་འདུས་ཏེ། མཐོང་བ་དང་ཐོས་པ་ནང་དུ་ལོག་ནས་འཇུག་ཏུ་མེད་པའི་ཡུལ་སྐྱེ་ཞིང་འགག་པའི་ནང་གི་དོན་མྱོང་བའི་ཕྱིར་ཤེས་པའི་རང་བཞིན་ཞེས་གདགས་སོ། །ཤེས་པའི་རང་བཞིན་འདི་སད་གཉིད་དང ། སྐྱེ་འགག་སྟེ་ཡུལ་དེ་གཉིས་དང་བྲལ་བ་ན་གཏན་ནས་མེད་དོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱ་སྟེ། ཤེས་པའི་དབང་པོ་འདི་སད་པ་དང་གཉིད་ལོག་པ་ལས་བྱུང་བ་མ་ཡིན། སྐྱེ་འགག་ལས་བྱུང་བ་མ་ཡིན། དབང་པོ་ལས་བྱུང་བ་མ་ཡིན། སྟོང་པ་ལས་བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སད་པ་ལས་བྱུང་བ་ཡིན་ན། གཉིད་ལོག་ནས་འཕྲལ་དུ་འགག་པའི་ཕྱིར་གང་ཞིག་
428b
གཉིད་ལོག་པ་ཡིན་ཞེས་བྱ། གདོན་མི་ཟ་བར་སྐྱེས་པའི་ཚེ་བྱུང་བ་ཡིན་ཞེ་ན། འགག་ན་མེད་པ་ཉིད་དང་འདྲ། འགག་པ་སུ་ཞིག་གིས་ཚོར། གལ་ཏེ་འགག་པ་ལས་བྱུང་བ་ཡིན་ཞེ་ན། སྐྱེས་པས་འགག་པ་གཏན་ནས་མེད་ཅིང ། སྐྱེས་པ་ཤེས་པ་པོ་སུ་ཞིག་།གལ་ཏེ་དབང་པོ་ལས་བྱུང་བ་ཡིན་ཞེ་ན། སད་པ་དང་གཉིད་ལོག་པའི་མཚན་མ་གཉིས་ལུས་ཀྱི་དབང་གིས་འབྱེད་པ་དང་སྡུད་པར་འགྱུར་རོ། །དངོས་པོ་འདི་གཉིས་དང་བྲལ་བ་ན་དེ་ཤེས་པའི་ཤེས་པ་ནམ་མཁའི་མེ་ཏོག་བཞིན་གཏན་ནས་རང་བཞིན་མེད་དོ། །གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། སྟོང་པ་རང་ཉིད་ཤེས་པ་པོར་འགྱུར་བས་ཁྱོད་ཀྱི་སྐྱེ་མཆེད་ལ་ལྟོས་པ་འབྲེལ་མེད་དོ། །དེའི་ཕྱིར་ཡིད་ཀྱི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། །རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །སླར་ཡང་ཀུན་དགའ་བོ། ཇི་ལྟར་ན། སྐྱེ་མཆེད་བཅུ་གཉིས་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དམ་པའི་རང་བཞིན་ཡིན་ཞེ་ན། ཀུན་དགའ་བོ། ཁྱོད་ཀྱིས་ད་ལྟ་ལྟོས་ཤིག་།ཛེ་ཏའི་ཚལ་འདི་དང ། ཡང་ཆུ་མིག་དང་རྫིང་བུ་ལ་སོགས་པ་སྣ་ཚོགས་སུ་མཐོང་བ་འདི་ཇི་སྙམ་དུ་སེམས། འདི་དག་གཟུགས་ལས་མིག་གི་ཡུལ་དུ་གྱུར་པ་ཡིན་ཞེའམ། མིག་གིས་གཟུགས་ཀྱི་མཚན་མར་གྱུར་བ་ཡིན་ཞེའམ། ཀུན་དགའ་བོ། གལ་ཏེ་མིག་གི་དབང་པོ་ལས་གཟུགས་ཀྱི་མཚན་
429a
༄#། །མར་གྱུར་པ་ཡིན་ཞེ་ན། སྟོང་པ་མཐོང་བའི་ཚེ་གཟུགས་མ་ཡིན་ན། གཟུགས་ཀྱི་རང་བཞིན་ཞི་བར་རིགས་སོ། །ཞེ་ན་མངོན་སུམ་དུ་ཡོད་པ་ཐམས་ཅད་ཅི་ཡང་མེད་པར་འགྱུར་རོ། །གཟུགས་ཀྱི་མཚན་མ་མེད་པར་གྱུར་ན། སྤྱིར་སྟོང་པའི་གནས་ལུགས་སུས་ཤེས། སྟོང་པ་ཡང་དེ་ཁོ་ན་དང་འདྲའོ། །གལ་ཏེ་ཡུལ་གཟུགས་ལས་\?\་མིག་གིས་མཐོང་བ་ཡིན་ཞེ་ན། སྟོང་པ་མཐོང་བའི་ཚེ་གཟུགས་མ་ཡིན་པ་ཞིག་ན་མཐོང་བ་ཉིད་འཕྲལ་དུ་ཞི་ཞིང་འགག་གོ་།འགག་ན་ཐམས་ཅད་ཅི་ཡང་མེད་པར་འགྱུར་ཞིང ། སྟོང་པ་དང་གཟུགས་སུས་ཤེས། དེའི་ཕྱིར་ཡུལ་ཅན་མཐོང་བ་དང་ཡུལ་གཟུགས་དང་སྟོང་པ་ཐམས་ཅད་སྐྱེ་ཞིང་མཆེད་པའི་གནས་མེད་དོ། །གཟུགས་དང་མཐོང་བའི་སྐྱེ་མཆེད་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཁྱོད་ལེགས་པར་ཉོན་ལ་དཔྱོད་ཅིག་།ཛེ་ཏའི་ཚལ་འདིའི་ནང་དུ་ཟས་བཤམས་པའི་རྗེས་སུ་རྔ་བརྡུང་བ་དང ། དགེ་འདུན་མང་པོ་འདུ་བ་ལ་དྲིལ་ཆེན་བརྡུང་བའི་ཚེ་རྔ་དང་དྲིལ་ཆེན་གྱི་སྒྲ་སྔ་ཕྱི་བར་མཆད་པར་གྲགས་པར་འགྱུར་རོ། །འདི་ཇི་སྙམ་དུ་སེམས། སྒྲ་འདི་དང་རྣ་བའི་དྲུང་དུ་འོངས་པ་ཡིན་སྙམ་མམ། རྣ་བ་སྒྲའི་གནས་སུ་སོང་བ་ཡིན་སྙམ། ཀུན་
429b
དགའ་བོ། གལ་ཏེ་སྒྲ་འདི་རྣ་བའི་དྲུང་དུ་འོངས་པ་ཡིན་ཞེ་ན། དཔེར་ན། ང་མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསོད་སྙོམས་ལ་ཕྱིན་པ་ན་ཛེ་ཏའི་ཚལ་དུ་ང་མེད་པ་དང་འདྲ། སྒྲ་འདི་གདོན་མི་ཟ་པར་ཀུན་དགའ་བོའི་རྣ་བ་ལ་འོངས་པའི་ཕྱིར་མཽངྒལ་གྱི་བུ་དང་འོད་སྲུང་ལ་སོགས་པ་ཐམས་ཅད་ཀྱི་རྣ་བར་མི་ཐོས་པར་རིགས་ན། འདིའི་ནང་དུ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དག་དྲིལ་ཆེན་གྱི་སྒྲ་ཐོས་མ་ཐག་ཏུ་ཐམས་ཅད་ལྷན་ཅིག་ཏུ་བཀད་སར་འདུས་ནས་འོང་བ་ལྟ་ཅི་སྨོས། སླར་ཡང་ཁྱོད་ཀྱི་རྣ་བ་སྒྲ་དེའི་གནས་སུ་སོང་བ་ཡིན་ཞེ་ན། དཔེར་ན། ང་ཛེ་ཏའི་ཚལ་དུ་འོངས་ནས་འདུག་པ་ན་ང་མཉན་ཡོད་ཀྱི་གྲོང་ཁྱེར་དུ་མེད་པ་དང་འདྲ། ཁྱོད་ཀྱིས་རྔའི་སྒྲ་ཐོས་ནས་རྣ་བ་འཕྲལ་དུ་རྔ་བརྡུང་བའི་སར་སོང་བའི་ཕྱིར་མཉམ་དུ་བྱུང་བའི་དྲིལ་ཆེན་གྱི་སྒྲ་མི་ཐོས་པར་རིགས་ན། དེའི་ནང་དུ་གླང་པོ་ཆེ་དང་རྟ་དང་ཕྱུགས་དང་ལུག་ལ་སོགས་པ་སྣ་ཚོགས་པའི་སྒྲ་སྐད་རྣམས་ལྟ་ཅི་སྨོས། གལ་ཏེ་འགྲོ་བ་དང་འོང་བ་ནི་མེད་ན་ཡང་ཐོས་པ་ཉིད་མེད་དོ། ། དེའི་ཕྱིར་ཐོས་པ་དང་སྒྲའི་གདངས་ཐམས་ཅད་གནས་ཀྱང་མེད། ཐོས་པ་དང་ཡུལ་སྒྲ་གཉིས་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། །ཡང་ཁྱོད་སྤོས་སྣོད་ཀྱི་ནང་དུ་བསྲེགས་པའི་ཙནྡན་གྱི་དྲི་ལ་སྣོམས་ཤིང ། །ཙནྡན་འདི་ལས་ཅུང་ཟད་ཅིག་བསྲེགས་
430a
༄#། །པ་ན་མཉན་ཡོད་ཀྱི་གྲོང་ཁྱེར་གྱི་མཐའ་སྐོར་ཀུན་ནས་རྒྱང་གྲགས་བཞི་བཅུའི་ནང་དུ་དུས་གཅིག་ཏུ་ཐམས་ཅད་ཀྱིས་དྲི་ཚོར་བར་འགྱུར་རོ། །འདི་ཇི་སྙམ་དུ་སེམས།་ཙནྡན་གྱི་དྲི་འདི་ཙནྡན་གྱི་ཤིང་ལས་སྐྱེས་པ་ཡིན་སྙམ་མམ། ཁྱོད་ཀྱི་སྣ་ལས་སྐྱེས་པ་ཡིན་སྙམ་མམ། ཡང་ན་སྟོང་པ་ལས་སྐྱེས་པ་ཡིན་སྙམ་མམ། ཀུན་དགའ་བོ། གལ་ཏེ་ཙནྡན་གྱི་དྲི་འདི་ཁྱོད་ཀྱི་སྣ་ལས་སྐྱེས་པ་ཡིན་ཞེ་ན། སྣ་ལས་སྐྱེས་པ་དེ་ཉིད་སྣ་ལས་འབྱུང་བར་རིགས་ན། སྣ་དེ་ཙནྡན་མ་ཡིན་ནོ། །ཅིའི་ཕྱིར་སྣའི་ནང་དུ་ཙནྡན་གྱི་དྲི་ཡོད་པར་འགྱུར། ཁྱོད་གྱིས་ཙནྡན་གྱི་དྲི་ཚོར་རོ་ཞེ་ན། སྣར་འཇུག་པར་རིགས་པས་སྣའི་ནང་ནས་ཙནྡན་གྱི་དྲི་བྱུང་བ་ལ་ཚོར་རོ་ཞེས་སྨྲ་བར་མི་རིགས་སོ། །གལ་ཏེ་སྟོང་པ་ལས་སྐྱེས་པ་ཡིན་ཞེ་ན། སྟོང་པའི་རང་བཞིན་རྟག་པ་ཡིན་པའི་ཕྱིར་ཙནྡན་གྱི་དྲི་དེ་རྟག་པར་འགྱུར་བར་རིགས་སོ། །སྤོས་ཀྱི་སྣོད་ཀྱི་ནང་དུ་ཤིང་སྐམ་པོ་འདི་བསྲེག་ཅི་དགོས། གལ་ཏེ་ཤིང་ལས་སྐྱེས་པ་ཡིན་ཞེ་ན། ཅིའི་ཕྱིར་ཙནྡན་བསྲེགས་པ་འདི་ལས་ད་གདོད་དུ་བ་བྱུང་བ་ཡིན། སྣས་ཚོར་རོ་ཞེ་ན། ཅིའི་ཕྱིར་དུ་བའི་དྲི་ལ་སྒུག་ཅི་དགོས། དུ་བ་དེ་ནམ་མཁའ་ལ་སོང་ནས་ཐག་རིང་པོར་མ་ཕྱིན་པ་ལ་རྒྱང་གྲགས་བཞི་བཅུའི་བར་དུ་ཐམས་ཅད་ཀྱིས་ཇི་ལྟར་དྲི་ཚོར་བར་འགྱུར། དེའི་ཕྱིར་ཙནྡན་དང་སྣས་དྲི་སྣོམ་པ་ཐམས་ཅད་གནས་ཀྱང་མེད། སྣོམ་པ་དང་ཡུལ་དྲི་གཉིས་ཀུན་རྫོབ་ཙམ་ཡིན་ཞིང །
430b
གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཁྱོད་དུས་གཉིས་སུ་ཚོགས་མང་པོ་དང་མཉམ་དུ་བསོད་སྙོམས་ལ་འགྲོ་བར་འགྱུར་ལ། དེ་ལྟར་འགྲོ་བ་ན་འགའ་ཞིག་ཏུ་ཞོ་འོ་མ་མར་ཁུ་བདུད་རྩི་ལྟ་བུ་རྙེད་ནས་ཟོས་ཏེ་རོ་མཆོག་ཅེས་ཐ་སྙད་འདོགས་སོ། །འདི་ཇི་སྙམ་དུ་སེམས། རོ་འདི་སྟོང་པ་ལས་སྐྱེས་པ་ཡིན་སྙམ་མམ། ལྕེ་ལས་སྐྱེས་པ་ཡིན་སྙམ་མམ། ཡང་ན་ཟས་ལས་སྐྱེས་པ་ཡིན་སྙམ། ཀུན་དགའ་བོ། གལ་ཏེ་རོ་འདི་ཁྱོད་ཀྱི་ལྕེ་ལས་སྐྱེས་པ་ཡིན་ཞེ་ན། ཁྱོད་ཀྱི་ཁའི་ནང་དུ་ལྕེ་གཅིག་ཉིད་ཡིན་ཞིང ། ལྕེ་འདི་ལ་དེའི་ཚེ་འོ་མའི་རོས་ཁྱབ་པར་གྱུར་པ་ཡིན་ལ། ཀ་ར་ཟོས་པ་ན་ཡང་རོ་གཞན་དུ་མི་འགྱུར་བར་རིགས་ན། རོ་གཞན་དུ་མ་གྱུར་པ་དེ་ཉིད་ལ་རོ་ཤེས་པ་ཞེས་བརྗོད་དུ་མི་རུང་ངོ ། །གཞན་དུ་འགྱུར་ན་ལྕེ་མང་པོ་མ་ཡིན་པའི་ཕྱིར་ཇི་ལྟར་ལྕེ་གཅིག་གིས་རོ་དེ་སྙེད་ཅིག་ཤེས་པར་འགྱུར། གལ་ཏེ་ཟས་ལས་སྐྱེས་པ་ཡིན་ཞེ་ན། ཟས་ལ་ཤེས་པ་མེད་ཅིང ། ཇི་ལྟར་རང་གིས་ཤེས་པར་འགྱུར། ཟས་རང་ཉིད་ཀྱིས་ཤེས་པ་ཡིན་ན། གཞན་གྱིས་ཟོས་པ་དང་འདྲ་བས་ཁྱོད་ཀྱིས་རོ་ཤེས་པ་འབྲེལ་མེད་དོ། །གལ་ཏེ་སྟོང་པ་ལས་སྐྱེས་པ་ཡིན་ཞེ་ན། ནམ་མཁའ་སྟོང་པའི་རོ་མྱོང་བར་གྱིས་ཤིག་དང་རོ་ཇི་ལྟར་འཇུག་།གདོན་མི་ཟ་བར་ནམ་མཁའ་སྟོང་པའི་རོ་དེ་ལན་ཚཝའི་རོའོ་ཞེ་ན། ཁྱོད་ཀྱི་ལྕེས་ལན་ཚཝའི་རོ་མྱོང་བར་འགྱུར་ཞིང ། ཁྱོད་ཀྱི་
431a
༄#། །བཞིན་ལ་ཡང་ལན་ཚཝའི་རོ་མྱོང་བར་འགྱུར་རོ། །དེ་ལྟར་ན་འཇིག་རྟེན་འདིའི་སྐྱེ་བོ་ཐམས་ཅད་རྒྱ་མཚོའི་ཉ་དང་འདྲ་བར་རྟག་ཏུ་ལན་ཚཝའི་རོ་ཚོར་བའི་ཕྱིར་རོ་མི་བྲོ་བ་གཏན་མི་ཤེས་པར་འགྱུར་རོ། །རོ་མི་བྲོ་བ་མི་ཤེས་ན་ལན་ཚཝའི་རོ་མི་ཚོར་བར་འགྱུར་རོ། །གདོན་མི་ཟ་བར་ཤེས་པ་མེད་ཅེ་ན། ཇི་ལྟར་རོ་ཞེས་ཐ་སྙད་འདོགས། དེའི་ཕྱིར་རོ་དང་ལྕེ་དང་བྲོ་བ་ཐམས་ཅད་གནས་ཀྱང་མེད། བྲོ་བ་དང་ཡུལ་རོ་གཉིས་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཁྱོད་ནང་རེ་བཞིན་དུ་ལག་བས་མགོ་ལ་བྱུག་པར་བྱེད་པ་དེ་ཇི་སྙམ་དུ་སེམས། བྱུགས་ནས་རེག་ཅིང་ཤེས་པ་དེ་སུས་ཤེས་པ་ཡིན།་ཤེས་པ་དེ་ལག་པ་ལ་ཡོད་དམ། མགོ་ལ་ཡོད་དམ། གལ་ཏེ་ལག་པ་ལ་ཡོད་ཅེ་ན། མགོ་ལ་ཤེས་མ་མེད་པར་འགྱུར་ཞིང ། ཇི་ལྟར་ན་རེག་པ་ཚོར་བ་ཡིན་ཞེས་བྱ། གལ་ཏེ་མགོ་ལ་ཡོད་ཅེ་ན། ལག་པས་བྱུག་མི་དགོས་པའི་ཕྱིར། ཇི་ལྟར་རེག་པ་ཞེས་ཐ་སྙད་འདོགས་སུ་རུང ། གལ་ཏེ་སོ་སོར་ཡོད་ཅེ་ན། ཀུན་དགའ་བོ། ཁྱོད་ཀྱི་ལུས་གཉིས་སུ་འགྱུར་བར་རིགས། གལ་ཏེ་མགོ་དང་ལག་པ་ལྷན་ཅིག་ཏུ་རེག་པར་འགྱུར་བ་ཡིན་ཞེ་ན། མགོ་དང་ལག་པ་གཉིས་ཡན་ལག་གཅིག་ཏུ་འགྱུར་བར་རིགས། གལ་ཏེ་ཡན་ལག་གཅིག་
431b
ཡིན་ན།་རེག་པ་དེ་མི་འབྱུང་བར་འགྱུར་རོ། །གལ་ཏེ་ཡན་ལག་གཉིས་ཡིན་ན། རེག་པ་དེ་གང་ལ་གནས། རེག་བྱེད་ལ་ཡོད་ན་རེག་བྱ་མ་ཡིན། རེག་བྱ་ལ་ཡོད་ན་རེག་བྱེད་མ་ཡིན། སྟོང་པ་དེ་ཁྱོད་ཀྱི་རེག་བྱར་མི་རིགས་སོ། །དེའི་ཕྱིར་ཤེས་པ་དང་རེག་བྱ་ལུས་ཐམས་ཅད་གནས་ཀྱང་མེད། ལུས་དང་ཡུལ་རེག་བྱ་གཉིས་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཁྱོད་ཀྱི་སེམས་རྒྱུད་དང་འབྲེལ་བའི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གསུམ་པོ་དེ་ནི། གདོད་མ་ནས་རང་གྲུབ་པའི་ཆོས་ཀྱི་གནས་ལུགས་ཡིན་ནོ། །ཆོས་འདི་སེམས་ཉིད་ལས་སྐྱེས་པ་ཡིན་སྙམ་མམ། ཡང་ན་སེམས་ལས་ལོགས་སུ་བྲལ་ཏེ་གནས་པའི་གནས་ཡོད་དམ། ཀུན་དགའ་བོ། གལ་ཏེ་སེམས་ཉིད་ལས་སྐྱེས་པ་ཡིན་ཞེ་ན། ཆོས་ཀྱི་གནས་ལུགས་དེ་ཡུལ་མ་ཡིན་ཞིང ། སེམས་རྒྱུད་དང་འབྲེལ་བ་ཡང་མ་ཡིན་པར་འགྱུར་བའི་ཕྱིར་ཇི་ལྟར་གནས་སུ་འགྲུབ་པར་འགྱུར། གལ་ཏེ་སེམས་ལས་ལོགས་སུ་བྲལ་ཏེ་ཐ་དད་དུ་གནས་པའི་གནས་ཡོད་ཅེ་ན། ཆོས་ཀྱི་དེ་ཁོ་ན་ཉིད་དེ་ལ་ཤེས་པ་ཡོད་དམ། ཤེས་པ་མེད། ཤེས་པ་ཡོད་ན་ཤེས་པ་དེ་ལ་སེམས་ཞེས་བྱ་ལ། ཁྱོད་ལས་ཐ་དད་ཅིང་ཡུལ་མ་ཡིན་པར་འགྱུར་ན། གཞན་གྱི་སེམས་སུ་གྱུར་པ་དང་འདྲའོ། །ཁྱོད་ཉིད་ཁྱོད་ཀྱི་སེམས་ཡིན་ཞེ་ན།
432a
༄#། །ཁྱོད་ཀྱི་སེམས་ཇི་ལྟར་ཁྱོད་ལས་ཐ་དད་དུ་འགྱུར། གལ་ཏེ་ཤེས་པ་མེད་ཅེ་ན། ཡུལ་འདི་གཟུགས་སྒྲ་དྲི་རོ་དང་འབྲལ་བ་དང་འཕྲད་པ་དང་གྲང་བ་དང་ཚ་བ་ལ་སོགས་པ་སྟོང་པའི་མཚན་མ་མ་ཡིན་པ་ལ་གང་ལ་གནས་པར་འགྱུར། ད་ལྟ་གཟུགས་དང་སྟོང་པ་ལ་མངོན་སུམ་དུ་བསྟན་དུ་མེད་པའི་ཕྱིར་འཇིག་རྟེན་ན་སྟོང་པ་ལས་གཞན་དངོས་པོ་ཡོད་དམ། སེམས་རྒྱུད་དང་འབྲེལ་བ་ཡང་མ་ཡིན་ན། གནས་གང་ལ་བརྟེན་ནས་གནས། དེའི་ཕྱིར་ཆོས་ཀྱི་གནས་ལུགས་དང་སེམས་ཐམས་ཅད་གནས་ཀྱང་མེད། སེམས་དང་ཡུལ་ཆོས་གཉིས་ཀུན་རྫོབ་ཙམ་ཡིན་ཞིང ། གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །དེ་ནས་ཡང་ཀུན་དགའ་བོ་ཁམས་བཅོ་བརྒྱད་པོ་འདི་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དམ་པའི་རང་བཞིན་ཡིན་ཞེ་ན། ཀུན་དགའ་བོ། ཁྱོད་ཀྱིས་ཤེས་པ་དེ་མིག་དང་གཟུགས་འབྲེལ་བ་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་མིག་ལས་སྐྱེས་ཤིང་མིག་གི་ཁམས་སུ་འགྱུར་བ་ཡིན་ནམ། ཡང་ན་གཟུགས་ལས་སྐྱེས་ཤིང་གཟུགས་ཀྱི་ཁམས་སུ་འགྱུར་བ་ཡིན། ཀུན་དགའ་བོ། གལ་ཏེ་མིག་ལས་སྐྱེས་པ་ཡིན་ཞེ་ན། གཟུགས་དང་སྟོང་པ་རྣམ་པ་གཉིས་མེད་པ་ལ་ཐ་དད་དུ་བྱར་མེད་དོ། །ཁྱོད་ཀྱི་རྣམ་པར་ཤེས་
432b
བ་ཇི་ལྟར་ཡོད་ཀྱང་དགོས་པ་ཅི། ཁྱོད་ཀྱི་མཐོང་བ་ཡང་སྔོ་སེར་དཀར་དམར་མ་ཡིན་ཞིང ། མཚན་མར་བཟུང་ནས་བསྟན་དུ་མི་རུང་ན། ཅི་ཞིག་ཁམས་སུ་འགྱུར། གལ་ཏེ་གཟུགས་ལས་སྐྱེས་པ་ཡིན་ཞེ་ན། སྟོང་པ་ཙམ་ལ་གཟུགས་མེད་པའི་ཚེ་ཁྱོད་ཀྱི་རྣམ་པར་ཤེས་པ་འགག་པར་རིགས། ཇི་ལྟར་རྣམ་པར་ཤེས་པས་སྟོང་པ་ཉིད་ཅེས་ཤེས་པ་ཡིན། གལ་ཏེ་གཟུགས་འགྱུར་བའི་ཚེ་ཁྱོད་ཉིད་ཀྱི་གཟུགས་ཀྱི་མཚན་མ་འཕོ་ཞིང་འགྱུར་བར་ཤེས་པར་རིགས་ཀྱི། ཁྱོད་ཀྱི་རྣམ་པར་ཤེས་པ་མི་འཕོ་བས། ཁམས་ཇི་ལྟར་གྲུབ་པ་ཡིན། མཉམ་དུ་འགྱུར་བ་ཡིན་ཞེ་ན། འཕྲལ་དུ་འགྱུར་བ་ཡིན་པས། ཁམས་ཀྱི་མཚན་མ་རང་ཉིད་མེད་པར་འགྱུར་རོ། །མི་འགྱུར་ཞེ་ན། རྟག་པར་འགྱུར་རོ། །གཟུགས་ལས་སྐྱེས་ན། སྟོང་པའི་གནས་ལུགས་རྣམ་པར་ཤེས་པས་མི་ཤེས་པར་རིགས། གལ་ཏེ་མིག་དང་གཟུགས་རྣམ་པ་གཉིས་འཕྲད་པ་ལས་བྱུང་བ་ཡིན་ཞེ་ན། འཕྲད་པ་ན་དེ་དབུས་དང་བྲལ་བར་འགྱུར། བྲལ་ན་ཐ་དད་པ་གཉིས་འཕྲད་པར་འགྱུར་རོ། །རང་བཞིན་འདྲེས་ཤིང་འཁྲུགས་པས་ཇི་ལྟར་ཁམས་སུ་འགྲུབ་པར་འགྱུར། དེའི་ཕྱིར་མིག་དང་གཟུགས་འབྲེལ་བ་ལས་མིག་གི་རྣམ་པར་ཤེས་པའི་ཁམས་སྐྱེ་བའི་གནས་གསུམ་པོ་ཐམས་ཅད་མེད་དོ། །མིག་དང་གཟུགས་དང་གཟུགས་ཀྱི་ཁམས་རྣམ་པ་གསུམ་གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་ཡིན། རང་བྱུང་བའི་རང་བཞིན་
433a
༄#། །ཡང་མ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ། ཡང་ཁྱོད་ཀྱི་ཤེས་པ་དེ་རྣ་བ་དང་སྒྲ་འབྲེལ་ནས་རྣ་བའི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་རྣ་བ་ལས་སྐྱེས་ནས་རྣ་བའི་ཁམས་སུ་འགྱུར་བ་ཡིན་ནམ། ཡང་ན་སྒྲ་ལས་སྐྱེས་ནས་སྒྲའི་ཁམས་སུ་འགྱུར་བ་ཡིན། ཀུན་དགའ་བོ། གལ་ཏེ་རྣ་བ་ལས་སྐྱེས་པ་ཡིན་ཞེ་ན། གཡོ་བ་དང་མི་གཡོ་བའི་མཚན་མ་གཉིས་མངོན་དུ་མ་གྱུར་པར་དབང་པོས་ཤེས་པར་མི་ནུས་པའི་ཕྱིར་གདོན་མི་ཟ་བར་ཤེས་པ་མེད་པར་འགྱུར་རོ། །ཤེས་པ་ཡང་མེད་པར་འགྱུར་བ་ལ་རྣམ་པར་ཤེས་པའི་མཚན་མ་དང་གཟུགས་ཇི་ལྟ་བུ་ཡིན། གལ་ཏེ་རྣ་བས་ཐོས་པར་ནུས་ཤེ་ན། གཡོ་བ་དང་མི་གཡོ་བ་མེད་པར་ཐོས་པ་འགྲུབ་པར་མི་འགྱུར། ཇི་ལྟར་རྣ་བའི་གཟུགས་དང་རེག་པ་ལ་སོགས་པའི་ཡུལ་འདྲེས་པ་ལ་རྣམ་པར་ཤེས་པའི་ཁམས་ཞེས་ཐ་སྙད་འདོགས་པར་འགྱུར། འདི་ལ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱང་གང་ལ་བརྟེན་ནས་གྲུབ་པ་ཡིན། གལ་ཏེ་སྒྲ་ལས་སྐྱེས་པ་ཡིན་ཞེ་ན། རྣམ་པར་ཤེས་པ་དེ་སྒྲ་ལས་སྐྱེས་པའི་ཕྱིར་ཐོས་པ་ལ་འབྲེལ་མེད་དོ། །ཐོས་པ་མེད་ན། སྒྲའི་མཚན་མ་ཡོད་པའི་གནས་མེད་དོ། །རྣམ་པར་ཤེས་པ་དེ་སྒྲ་ལས་སྐྱེས་པ་ཡིན་ཞེ་ན། སྒྲ་དེ་ཐོས་པ་ལས་བརྟེན་པའི་རྐྱེན་གྱིས་སྒྲའི་མཚན་མ་ཡོད་ཅེས་པར་ཡང་འགྱུར་རོ། །ཐོས་པས་རྣམ་པར་ཤེས་
433b
པ་ཐོས་པར་རིགས། མ་ཐོས་ཤེ་ན། ཁམས་མ་ཡིན་པར་འགྱུར། ཐོས་ཤེ་ན། སྒྲ་དང་འདྲ་བར་འགྱུར་ལ་རྣམ་པར་ཤེས་པ་དེ་ཐོས་པར་འགྱུར་ན་སུ་ཞིག་གིས་རྣམ་པར་ཤེས་པ་ཐོས་ཤིང་ཤེས་པ་ཡིན། གལ་ཏེ་ཤེས་པ་མེད་ཅེ་ན། རྩཝ་དང་ཤིང་འབའ་ཞིག་དང་འདྲ་བར་འགྱུར་བའི་ཕྱིར་སྒྲ་དང་ཐོས་པ་གཉིས་འདྲེས་པས་ཁམས་དེའི་དབུས་འགྲུབ་པར་མི་འགྱུར་རོ། །ཁམས་ལ་གནས་དབུས་མ་མེད་ན། ཕྱི་ནང་གེ་མཚན་མ་གང་ལས་འགྲུབ། དེའི་ཕྱིར་རྣ་བ་དང་སྒྲ་འབྲེལ་ནས་རྣ་བའི་རྣམ་པར་ཤེས་པའི་ཁམས་དང་སྐྱེ་བའི་གནས་གསུམ་པོ་ཐམས་ཅད་མེད། རྣ་བ་དང་སྒྲ་དང་སྒྲའི་ཁམས་རྣམ་པ་གསུམ་པོ་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཡང་ཁྱོད་ཀྱི་ཤེས་པ་དེ་སྣ་དང་དྲི་འབྲེལ་ནས་སྣའི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་སྣ་ལས་སྐྱེས་ཤིང་སྣའི་ཁམས་སུ་གྱུར་པ་ཡིན་ནམ། ཡང་ན་དྲི་ལས་སྐྱེས་ཤིང་དྲིའི་ཁམས་སུ་གྱུར་པ་ཡིན། ཀུན་དགའ་བོ། གལ་ཏེ་སྣ་ལས་སྐྱེས་པ་ཡིན་ཞེ་ན། ཁྱོད་ཀྱིས་གང་ཞིག་སྣ་ཡིན་སྙམ་དུ་སེམས། ཤའི་མཚན་མ་སྣ་གཤོག་གཉིས་པོའི་གཟུགས་དེ་ཡིན་སྙམ་མམ། ཡང་ན་སྣོམ་ནས་ཤེས་པ་པོ། གཡོ་བའི་རང་བཞིན་ཡིན་སྙམ། གལ་ཏེ་ཤའི་མཚན་མ་ཡིན་ཞེ་ན། ཤའི་གཟུགས་ཉིད་ལུས་ཡིན་ཞིང་ལུས་ཀྱི་ཤེས་པ་དེ་ཉིད་རེག་བྱའོ། །ལུས་ཞེས་ཐ་སྙད་འདོག་
434a
༄#། །ན་སྣ་མ་ཡིན་པར་འགྱུར་རོ། །རེག་བྱ་ཞེས་ཐ་སྙད་འདོགས་ན་ཡུལ་ཉིད་དུ་འགྱུར་རོ། །སྣ་ཡང་ཐ་སྙད་འདོགས་པར་འོངས་པའི་གནས་མ་རྙེད་པ་ལ་ཇི་ལྟར་ཁམས་གནས་པར་འགྱུར། གལ་ཏེ་སྣོམ་ནས་ཤེས་པ་དེ་ཡིན་ཞེ་ན། ཡང་ཁྱོད་ཀྱིས་གང་ཞིག་ཤེས་པ་ཡིན་སྙམ་དུ་སེམས། ཤ་དེ་ཤེས་པ་ཡིན་སྙམ་ན། ཤེས་ཤེས་བ་དེ་རེག་བྱར་འགྱུར་གྱི་སྣ་མ་ཡིན་ནོ། །སྟོང་བ་དེ་ཤེས་པ་ཡིན་སྙམ་ན། སྟོང་པ་རང་ཉིད་ཀྱིས་ཤེས་པའི་ཕྱིར་ཤེས་མི་ཚོར་བར་རིགས་སོ། །དེས་ན་སྟོང་པ་ཉིད་ཁྱོད་ཉིད་དུ་འགྱུར་གྱི་ཁྱོད་ཀྱི་ལུས་ཤེས་པ་མ་ཡིན་ན། ད་ལྟ་ཀུན་དགའ་བོ་ཞེས་བྱ་བ་མེད་པར་རིགས་སོ། །དྲི་དེ་ཤེས་པ་ཡིན་སྙམ་ན། ཤེས་པ་དེ་རང་ཉིད་དྲིའི་ནང་དུ་ཚུད་པའི་ཕྱིར་ཁྱོད་ལ་འབྲེལ་ཅི་ཡོད། གལ་ཏེ་དྲི་བཟང་ངན་ངེས་པར་ཁྱོད་ཀྱི་སྣ་ལས་སྐྱེས་པ་ཡིན་ཞེ་ན། དྲི་བཟང་ངན་གཉིས་འབྱུང་བ་དེ། ཨེ་རཎྜ་དང་ཙནྡན་གཉིས་ལས་མི་འབྱུང་བར་རིགས། དྲི་གཉིས་པོ་དེ་མ་བྱུང་བའི་སྔོན་དུ་ཁྱོད་ཀྱིས་སྣས་སྣོམ་ནས་ལྟོས་ཤིག་།དྲི་ཞིམ་པོ་ཡིན་ནམ་དྲི་ང་བ་ཡིན། དྲི་ང་བ་ཡིན་ན། དྲི་ཞིམ་པོ་མ་ཡིན་པར་འགྱུར་རོ། །དྲི་ཞིམ་པོ་ཡིན་ན། དྲི་ང་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་དྲི་བཟང་ངན་གཉིས་པོ་ཐམས་ཅད་སྣོམ་ནུས་ན། ཁྱོད་མི་གཅིག་ལ་སྣ་གཉིས་འབྱུང་བར་རིགས། ང་ལས་ཆོས་དྲི་བ་པོའི་ཀུན་དགའ་བོ་གཉིས་ཡོད་པས་
434b
གང་ཞིག་ཁྱོད་ཀྱི་ལུས་སུ་བྱུང་བ་ཡིན། གལ་ཏེ་སྣ་གཅིག་ཡིན་ཞེ་ན། དྲི་བཟང་ངན་གཉིས་མེད་པར་འགྱུར་བར་རིགས། དྲི་ང་བ་ཡང་དྲི་ཞིམ་པོར་འགྱུར་བ་དང ། དྲི་ཞིམ་པོ་ཡང་དྲི་ང་བར་མི་འགྱུར་ན། རང་བཞིན་གཉིས་མེད་པ་ལ་ཁམས་གང་ལ་བརྟེན་ནས་གནས། གལ་ཏེ་དྲི་ལས་བྱུང་བ་ཡིན་ཞེ་ན། རྣམ་པར་ཤེས་པ་དྲི་ལས་བྱུང་བ་དེ་དཔེར་ན། མིག་གིས་ཡུལ་མཐོང་ལ་ཚུར་མི་གཉིད་མཐོང་མི་ནུས་པ་བཞིན། དྲི་ལས་སྐྱེས་པ་ལ་དྲི་དེ་མི་ཤེས་པར་རིགས། ཤེས་པ་ཡིན་ཞེ་ན། དྲི་ལས་སྐྱེས་པ་མ་ཡིན་ནོ། །མི་ཤེས་ཤེ་ན། རྣམ་པར་ཤེས་པ་མ་ཡིན་ནོ། །དྲི་དེ་ཤེས་པ་ལས་བྱུང་བ་མ་ཡིན་ན། དྲིའི་ཁམས་མི་འགྲུབ་པར་འགྱུར་རོ། །རྣམ་པར་ཤེས་པ་དེས་དྲི་མི་ཤེས་ན། རྣམ་པར་ཤེས་པའི་ཁམས་ཀྱང་དྲི་ལ་བརྟེན་ནས་གནས་པ་མ་ཡིན་པར་འགྱུར་རོ། །དབུས་མ་མེད་ན། ཕྱི་ནང་མི་འགྲུབ་པའི་ཕྱིར་སྣོམ་པའི་རང་བཞིན་དེ་དག་མཐར་གཏུགས་ན་ཀུན་རྫོབ་ཙམ་མོ། །དེའི་ཕྱིར་སྣ་དང་དྲི་འབྲེལ་ནས་སྣའི་རྣམ་པར་ཤེས་པའི་ཁམས་དང་སྐྱེ་བའི་གནས་གསུམ་པོ་ཐམས་ཅད་མེད། སྣ་དང་དྲི་དང་དྲིའི་ཁམས་རྣམ་པ་གསུམ་པོ་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཡང་ཁྱོད་ཀྱི་ཤེས་པ་དེ་ལྕེ་དང་རོ་འབྲེལ་ནས་ལྕེའི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་ལྕེ་ལས་སྐྱེས་ཤིང་ལྕེའི་ཁམས་སུ་གྱུར་པ་
435a
༄#། །ཡིན་ནམ། ཡང་ན་རོ་ལས་སྐྱེས་ཤིང་རོའི་ཁམས་སུ་གྱུར་པ་ཡིན། ཀུན་དགའ་པོ། གལ་ཏེ་ལྕེ་ལས་སྐྱེས་པ་ཡིན་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་བུ་རམ་ཤིང་དང་སྐྱུ་རུ་ར་དང་ཧོང་ལེན་དང་ཚཝ་དང་མིང་ཅན་ནག་པོ་དང་སྒ་དང་ཤིང་ཚཝའི་རོ་ཐམས་ཅད་མེད་པའི་ཚེ་ཁྱོད་ཀྱིས་རང་གི་ལྕེའི་རོ་མྱོང་བ་ལ་ལྟོས། མངར་བར་སྣང་ངམ། ཁ་བར་སྣང ། གལ་ཏེ་ལྕེའི་རང་བཞིན་ཁ་བ་ཡིན་ཞེ་ན། སུ་ཞིག་འོངས་ནས་ལྕེའི་རོ་མྱོང་བ་ཡིན། ལྕེ་རང་ཉིད་ཀྱིས་རོ་མྱོང་བར་མི་ནུས་ཤེ་ན། སུས་རིག་ནས་ཤེས་པ་ཡིན། ལྕེའི་རང་བཞིན་ཁ་བ་མ་ཡིན་ཞེ་ན། རོ་རང་ཉིད་མི་སྐྱེ་བའི་ཕྱིར་ཇི་ལྟར་ཁམས་སུ་གྱུར་ནས་གནས། གལ་ཏེ་རོ་ལས་སྐྱེས་པ་ཡིན་ཞེ་ན། རྣམ་པར་ཤེས་པ་རོ་ཉིད་དུ་འགྱུར་རོ། །ལྕེའི་དབང་པོ་བཞིན་དུ་རང་ཉིད་མྱོང་མི་ནུས་པའི་ཕྱིར་ཇི་ལྟར་རོ་དང་རོ་མ་ཡིན་པ་རིག་ནས་ཤེས་པར་འགྱུར། ཡང་རོ་སྣ་ཚོགས་དངོས་པོ་གཅིག་ལས་སྐྱེས་པ་མ་ཡིན་ཞེ་ན། རོ་མང་པོ་སྐྱེས་པ་ལ་རྣམ་པར་ཤེས་པའི་ཕུང་པོ་ཡང་མང་པོར་འགྱུར་བར་རིགས། གལ་ཏེ་རྣམ་པར་ཤེས་པའི་ཕུང་པོ་གཅིག་ཡིན་ཞིང ། ངེས་པར་ཕུང་པོ་རོ་ལས་སྐྱེས་པ་ཡིན་ཞེ་ན། ལན་ཚཝ་དང་རོ་མི་གྲོ་བ་དང་མངར་བ་དང་རོ་ཚ་བ་རྣམས་སྦྱར་བ་དང་ལྷན་སྐྱེས་དང་འགྱུར་བའི་རོ་སྣ་ཚོགས་པ་སོ་སོའི་མཚན་མ་ཐམས་ཅད་རོ་གཅིག་ཏུ་འགྱུར་བས་ན། སོ་སོར་
435b
དབྱེ་བར་བྱར་མེད་པར་རིགས། སོ་སོར་དབྱེ་བར་བྱར་མེད་ན། རྣམ་པར་ཤེས་པ་ཞེས་ཐ་སྙད་འདོགས་སུ་མི་རུང་ངོ ། །ཅིའི་ཕྱིར་ལྕེ་དང་རོ་དང་རྣམ་པར་ཤེས་པའི་ཁམས་ཞེས་ཐ་སྙད་བཏགས། ནམ་མཁའ་སྟོང་པ་ཁྱོད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོར་སྐྱེ་བར་མི་རིགས་སོ། །ལྕེ་དང་རོ་འདྲེས་ཤིང་འཕྲད་པ་ཡིན་ཞེ་ན། འདིའི་དབུས་སུ་གདོད་མ་ནས་དེ་བཞིན་ཉིད་མེད་པ་ལ་ཇི་ལྟར་ཁམས་སྐྱེ་བར་འགྱུར། དེའི་ཕྱིར་ལྕེ་དང་རོ་འབྲེལ་ནས་ལྕེའི་རྣམ་པར་ཤེས་པའི་ཁམས་སྐྱེ་བའི་གནས་གསུམ་པོ་ཐམས་ཅད་མེད། ལྕེ་དང་རོ་དང་ལྕེའི་ཁམས་རྣམ་པ་གསུམ་པོ་གདོད་མ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཡང་ཁྱོད་ཀྱི་ཤེས་པ་དེ་ལུས་དང་རེག་བྱ་འབྲེལ་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་ལུས་ལས་སྐྱེས་ཤིང་ལུས་ཀྱི་ཁམས་སུ་གྱུར་པ་ཡིན་ནམ། ཡང་ན་རེག་བྱ་ལས་སྐྱེས་ཤིང་རེག་བྱའི་ཁམས་སུ་གྱུར་པ་ཡིན།་ཀུན་དགའ་བོ། གལ་ཏེ་ལུས་ལས་སྐྱེས་པ་ཡིན་ཞེ་ན། ངེས་པར་འཕྲད་པ་དང་འབྲལ་བ་གཉིས་ཤེས་པས་རིག་པ་འབྲེལ་བ་མེད་པར་འགྱུར་བའི་ཕྱིར་ལུས་ཅི་ཞིག་གིས་ཤེས་པ་ཡིན།་གལ་ཏེ་རེག་བྱ་ལས་སྐྱེས་པ་ཡིན་ཞེ་ན། ངེས་པར་ཁྱོད་ཀྱི་ལུས་མེད་པར་འགྱུར་བའི་ཕྱིར་སུས་ལུས་མེད་པ་ལ་འཕྲད་པ་དང་འབྲལ་བ་ཤེས་པར་འགྱུར། ཀུན་དགའ་བོ།
436a
༄#། །དངོས་པོ་དེས་རེག་བྱ་མི་ཤེས་ཤིང ། ལུས་དེས་རེག་བྱ་ཡོད་བར་ཤེས་སོ། །ལུས་ཀྱིས་ཤེས་པ་དེ་རེག་བྱ་ཉིད་དོ། །རེག་བྱ་ཤེས་པ་དེ་ལུས་ཉིད་དོ། །རེག་བྱ་ཡིན་ན་ལུས་མ་ཡིན། ལུས་ཡིན་ན་རེག་བྱ་མ་ཡིན། ལུས་དང་རེག་བྱའི་མཚན་མ་གཉིས་གདོད་མ་ནས་གནས་ཀྱང་མེད། ལུས་དང་འཕྲད་པ་ན་ལུས་ཀྱི་ཕུང་པོའི་རང་བཞིན་ཉིད་དུ་འགྱུར། ལུས་དང་བྲལ་བ་ན་ཁོང་སྟོང་ལ་སོགས་པའི་མཚན་མར་འགྱུར་རོ། །ཕྱི་ནང་མ་གྲུབ་པ་ལ་དབུས་ཇི་ལྟར་གནས། དབུས་མི་གནས་ན་ཕྱི་ནང་གི་རང་བཞིན་སྟོང་པར་འགྱུར་བའི་ཕྱིར་ཁྱོད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་དེ་གང་ལ་བརྟེན་ནས་ཁམས་གནས། དེའི་ཕྱིར་ལུས་དང་རེག་བྱ་འབྲེལ་ནས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྐྱེ་བའི་གནས་གསུམ་པོ་མེད། ལུས་དང་རེག་བྱ་དང་ལུས་ཀྱི་ཁམས་གསུམ་པོ་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོ། ཡང་ཁྱོད་ཀྱི་ཤེས་པ་དེ་ཡིད་དང་ཆོས་འབྲེལ་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་འདི་ཡིད་ལས་སྐྱེས་ཤིང་ཡིད་ཀྱི་ཁམས་སུ་གྱུར་པ་ཡིན་ནམ། ཡང་ན་ཆོས་ལས་སྐྱེས་ཤིང་ཆོས་ཀྱི་ཁམས་སུ་གྱུར་པ་ཡིན། ཀུན་དགའ་བོ། གལ་ཏེ་ཡིད་ལས་སྐྱེས་པ་ཡིན་ཞེ་ན། ཁྱོད་
436b
ཀྱི་ཡིད་ལ་གདོན་མི་ཟ་བར་བསམ་པར་བྱ་བ་ཡོད་པའི་ཕྱིར་ཁྱོད་ཀྱི་ཡིད་མངོན་སུམ་དུ་འབྱུང་བར་འགྱུར་རོ། །གལ་ཏེ་མདུན་གྱི་ཆོས་མེད་ན་ཡིད་སྐྱེ་བ་ཡང་མེད། འབྲེལ་པ་དང་བྲལ་ན་མཚན་མ་མེད་པའི་ཕྱིར་རྣམ་པར་ཤེས་པ་ག་ལ་དགོས། ཡང་ཁྱོད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་སྣ་ཚོགས་པའི་རྟོག་པ་དང་སྤྲོས་པ་ལ་སོགས་ཕྱེ་ནས་ཤེས་པའི་རང་བཞིན་འདྲའོ་སྙམ་མམ། ཐ་དད་དོ་སྙམ་དུ་སེམས་ཡིད་དང་འདྲ་ན་ཡིད་ཉིད་དུ་གྱུར་པས། ཇི་ལྟར་ཡིད་ལས་སྐྱེས་པ་ཞེས་བརྗོད། ཡིད་ལས་ཐ་དད་ཅིང་འདྲ་བ་མ་ཡིན་ཞེ་ན། ཤེས་པར་བྱ་བ་མེད་པར་འགྱུར་བར་རིགས།་གལ་ཏེ་ཤེས་པར་བྱ་བ་མེད་ན་ཇི་ལྟར་ཡིད་ལས་སྐྱེས་པ་ཞེས་བརྗོད། གལ་ཏེ་ཤེས་པར་བྱ་བ་ཡོད་ན་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བརྗོད། འདི་ལ་འདྲ་བ་དང་ཐ་དད་གཉིས་ཀྱི་རང་བཞིན་མི་འགྲུབ་པ་ལ་ཁམས་གང་ལ་གནས། གལ་ཏེ་ཆོས་ལས་སྐྱེས་པ་ཡིན་ཞེ་ན། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཡུལ་ལྔ་དང་མི་འབྲལ་ལོ། །ཁྱོད་ཀྱིས་དཔྱོད་ལ་ལྟོས་ཤིག་།གཟུགས་ཀྱི་ཆོས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་མ་དང་རྣམ་པ་གསལ་བར་དབང་པོ་ལྔ་ལ་སོ་སོར་ངོ་སྐལ་དུ་སྦྱོར་བ་ཡིན་གྱི། ཡིད་ལ་ཡོངས་སུ་སྡུད་པར་བྱ་བ་མ་ཡིན་ནོ། །ཁྱོད་ཀྱི་རྣམ་པར་ཤེས་པ་ངེས་པར་ཆོས་ལ་བརྟེན་ནས་སྐྱེས་པ་ཡིན་ཞེ་ན། ད་ལྟ་ཁྱོད་ཀྱིས་ལེགས་པར་ལྟོས་ཤིག་།སྣ་ཚོགས་པའི་ཆོས་རྣམས་ལ་མཚན་
437a
༄#། །མ་ཇི་ལྟར་ཡོད། གལ་ཏེ་གཟུགས་སྟོང་པ་དང ། གཡོ་བ་དང་མི་གཡོ་བ་དང ། འབྱེད་པ་དང་འགག་པ་དང ། འཕྲད་པ་དང་འབྲལ་བ་དང ། སྐྱེ་བ་དང་འགག་དང་བྲལ་ན། འདི་དག་མཚན་མ་མང་པོ་ལས་གཞན་ཅི་ཡང་མེད་དོ། །སྐྱེས་པ་ན་གཟུགས་དང་སྟོང་པ་ལ་སོགས་པའི་ཆོས་རྣམས་རིམ་གྱིས་སྐྱེས་ལ་འགག་པ་ན་གཟུགས་དང་སྟོང་པ་ལ་སོགས་པའི་ཆོས་རྣམས་རིམ་གྱིས་འགག་གོ་།གདོད་མ་ནས་བརྟེན་པ་མེད་པའི་ཕྱིར་བརྟེན་ནས་སྐྱེས་པ་ཇི་ལྟར་རྣམ་པར་ཤེས་པའི་མཚན་མ་དང་རྣམ་པར་གྱུར་པ་ཡིན། མཚན་མ་དང་རྣམ་པ་མེད་པ་ལ་ཁམས་ཇི་ལྟར་སྐྱེ་བ་ཡིན། དེའི་ཕྱིར་ཡིད་དང་ཆོས་འབྲེལ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྐྱེ་བའི་གནས་གསུམ་པོ་ཐམས་ཅད་མེད། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་པ་གསུམ་པོ་གདོད་མ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རང་བྱུང་བའི་རང་བཞིན་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ཀྱིས་འཕྲད་པ་དང་ལྟོས་པ་དང་བརྟེན་ནས་འབྱུང་བའི་ཆོས་འབའ་ཞིག་གསུངས་པ་ན། འཇིག་རྟེན་དུ་སྣ་ཚོགས་བའི་སྒོ་ནས་རྣམ་པར་འགྱུར་བ་དང ། སྐྱེ་བ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་འཕྲད་ཅིང་ལྟོས་པ་ལས་མངོན་པར་འབྱུང་བའོ་ཞེས་སོ། །ད་ལྟ་དེ་བཞིན་གཤེགས་
437b
པས་བརྟེན་ནས་འབྱུང་བ་དང ། རང་བྱུང་བ་རྣམ་པ་གཉིས་ཅིའི་ཕྱིར་ཡོངས་སུ་སྤངས། ད་ལྟ་འདིའི་རྒྱུ་མཚན་གང་ཡིན་བདག་གིས་མ་འཚལ་ལགས། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་དབུ་མའི་ལམ་ཟབ་མོ་དྲང་དོན་ཙམ་དུ་མ་ཡིན་པར་གསལ་བར་བསྟན་དུ་གསོལ་ཞེས་གསོལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སྔོན་ཐེག་པ་ཆུང་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཡིད་བྱུང་སྟེ་བྲལ་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས་བླ་ན་མེད་པའི་བྱང་ཆུབ་གུས་པས་ཚོལ་བའི་ཕྱིར་ངས་ད་ལྟ་ཁྱོད་ལ་ངེས་པའི་དོན་རྨད་དུ་བྱུང་བ་ཕྱེ་ནས་བསྟན་བཞིན་དུ་ཅིའི་ཕྱིར་འཇིག་རྟེན་གྱི་དྲང་བའི་དོན་དུ་རྣམ་པར་བརྟགས་ནས་བརྟེན་ནས་འབྱུང་བས་རང་ཉིད་དཀྲིས་ཤིང་འཆིང་བར་བྱེད། ཁྱོད་མང་དུ་ཐོས་པ་ཡིན་ནའང་དཔེར་ན། སྨན་གྱི་བྱེ་བྲག་སྨྲ་བ་པོ་འགའ་ཞིག་མིག་སྔར་སྨན་རྣམས་མཐོང་བཞིན་དུ་ཁྱད་པར་ངོ་མི་ཤེས་པ་དང་འདྲའོ། །འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱིར་ཞིང་ཐུགས་བརྩེ་བའི་ཡུལ་ཉིད་དོ། །ཞེས་གསུངས་སོ། །དེང་ཁྱོད་ཀྱིས་ལེགས་པར་ཉོན་ཅིག་།ངས་ཁྱོད་ལ་ཁྱད་པར་ཕྱེ་ཞིང་བཀྲལ་ཏེ་བསྟན་ནས་སླད་མའི་དུས་སུ་ཐེག་པ་ཆེན་པོས་འགྲོ་བ་རྣམས་ལ་དོན་དམ་པའི་མཚན་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་བཀའ་སྩལ་པ་དང ། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་བཀའ་ལ་གུས་པས་ཅང་མི་སྨྲ་བར་འདུག་གོ་།ཀུན་
438a
༄#། །དགའ་བོ། ཁྱོད་ཀྱིས་སྨྲས་པ་ལྟར་ན་འབྱུང་བ་ཆེན་པོ་བཞི་འཕྲད་ཅིང་ལྟོས་པ་ལས་འཇིག་རྟེན་དུ་སྣ་ཚོགས་པའི་སྒོ་ནས་རྣམ་པར་འགྱུར་བ་དང ། སྐྱེ་བ་མངོན་པར་འབྱུང་ངོ་ཞེས་སོ། །ཀུན་དགའ་བོ། གལ་ཏེ་འབྱུང་བ་ཆེན་པོ་དེ་དག་གི་མཚན་ཉིད་དང་གཟུགས་འཕྲད་པ་དང་ལྟོས་པ་མ་ཡིན་ན། འབྱུང་བ་ཆེན་པོ་ཐམས་ཅད་ལྷན་ཅིག་འཕྲད་ཅིང་ལྟོས་པར་མི་ནུས་སོ། །དཔེར་ན། ནམ་མཁའ་སྟོང་པ་བཞིན་དུ་གཟུགས་ཐམས་ཅད་ལ་ལྟོས་པར་མི་འགྱུར་རོ། །གལ་ཏེ་འཕྲད་པ་དང་ལྟོས་པ་ཡིན་ཞེ་ན། རྣམ་པར་འགྱུར་བ་དང ། སྐྱེ་བར་འགྱུར་རོ། །ཐོག་མ་དང་ཐ་མ་གཅིག་ལས་གཅིག་སྐྱེ་ཞིང ། སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེས་ནས་འཆི་ཞིང་ཤི་ནས་སྐྱེ་བ་དང ། སྐྱེ་བཞིན་འཆི་བཞིན་དུ་མགལ་མེའི་འཁོར་ལོ་འཁོར་བ་ལྟར་རྒྱུན་དུ་མི་གནས་སོ། །ཀུན་དགའ་བོ། དཔེར་ན། ཆུ་ཡང་འཁྱགས་པར་གྱུར་ནས་འཁྱགས་པ་ཡང་ཆུར་འགྱུར་བ་བཞིན་ནོ། ། ཁྱོད་དཔྱོད་ལ་ལྟོས་ཤིག་།སའི་ཁམས་རགས་པ་ནི། ས་གཞི་ཆེན་པོར་གྱུར་ཏོ། །ཕྲ་མོ་ནི། ས་རྡུལ་ཕྲ་མོ་ནས་རྡུལ་ཕྲ་རབ་ཀྱི་པར་དུ་གྱུར་ཏོ། །གཟུགས་ཤིན་ཏུ་ཕྲ་བའི་མཐར་ཐུག་དེ་ཆ་བདུན་ལས་གྲུབ་པ་ཡིན་ནོ། །སླར་ཡང་རྡུལ་ཕྲ་རབ་བགོས་ན་ངེས་པར་སྟོང་པར་འགྱུར་རོ། །ཀུན་དགའ་བོ། གལ་ཏེ་རྡུལ་ཕྲ་རབ་འདི་ཉིད་བགོས་པས་ནམ་མཁའ་སྟོང་པར་འགྱུར་
438b
ན།་ནམ་མཁའ་སྟོང་པ་ལས་གཟུགས་ཀྱི་རྣམ་པ་གྲུབ་པར་ཤེས་པར་བྱའོ། །ད་ལྟ་ཁྱོད་ཀྱིས་དྲིས་པ་ནི། འཕྲད་ཅིང་ལྟོས་པའི་རྐྱེན་གྱིས་འཇིག་རྟེན་དུ་སྣ་ཚོགས་པའི་སྒོ་ནས་རྣམ་པར་འགྱུར་བ་དང ། སྐྱེ་བའི་གཟུགས་སྐྱེའོ། །ཞེས་སྨྲས་པ་མ་ཡིན་ནམ། ལེགས་པར་ལྟོས་ཤིག་།རྡུལ་ཕྲ་རབ་གཅིག་པུ་འདི་ཇི་ཙམ་པའི་ནམ་མཁའ་དང་འཕྲད་ཅིང་ལྟོས་པ་ལས་འབྱུང་བར་འགྱུར། རྡུལ་ཕྲ་རབ་རྡུལ་ཕྲ་རབ་ཉིད་དང་ལྟོས་པ་མ་ཡིན་ནོ། །གལ་ཏེ་སླར་ཡང་རྡུལ་ཕྲ་རབ་བགོས་ཏེ་སྟོང་པར་འགྱུར་ན། ཇི་ཙམ་པའི་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་ནམ་མཁའ་སྟོང་པར་འགྱུར། གལ་ཏེ་གཟུགས་ལྟོས་པ་ཡིན་ན། གཟུགས་ལྟོས་པ་ཡིན་གྱི་སྟོང་པ་མ་ཡིན། གལ་ཏེ་སྟོང་པ་ལྟོས་པ་ཡིན་ན་སྟོང་པ་ལྟོས་པ་ཡིན་གྱི་གཟུགས་མ་ཡིན་ནོ། །གཟུགས་ལ་བགོ་བར་ནུས་ཀྱི་སྟོང་པ་ལ་ཇི་ལྟར་ལྟོས་པ་ཡིན། དེ་ལྟ་བས་ན། དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་གཟུགས་ནི། ཡང་དག་པའི་སྟོང་པའོ། །རང་བཞིན་སྟོང་པ་ཉིད་ནི། ཡང་དག་པའི་གཟུགས་སོ། །དེ་ནི། རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པར་རང་རང་གི་བློའི་སྐལ་བ་དང་འཚམ་པར་ལས་ཀྱི་དབང་གིས་མངོན་དུ་འགྱུར་བ་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །སོ་སོ་སྐྱེ་བོ་འཁོར་བ་པ་དག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ནི། ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་སོ་སོར་
439a
༄#། །ཕྱེ་ནས་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། མེའི་ཁམས་ལ་ལུས་མེད་ཅིང ། འབྲེལ་པ་ལ་ལྟོས་པ་ཡིན། ཁྱོད་ལྟོས་ཤིག་།གྲོང་ཁྱེར་གྱི་ནང་དུ་ཟས་མ་ཟོས་པའི་ཁང་པར་གཡོས་བྱེད་པ་ལ་ལག་ཏུ་མེ་ཤེལ་ཐོགས་ནས་ཉི་མའི་ཐད་དུ་གཏད་ནས་མེ་སྔོར་རོ། །ཀུན་དགའ་བོ། འཕྲད་ཅིང་ལྟོས་པ་ཞེས་ཐ་སྙད་བཏགས་པ་ནི། དཔེར་ན། ང་ད་ལྟ་ཁྱེད་ཅག་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་རྣམས་དང་ལྷན་ཅིག་ཏུ་འདུས་པ་དང་འདྲའོ། །འདུས་པ་གཅིག་ཡིན་ཀྱང་དེའི་རིགས་རུས་ཕྱེ་ན་ལུས་སོ་སོར་ཡོད་ཅིང ། ཐམས་ཅད་ལ་ཉེ་དུ་དང་རིགས་དང་རུས་དང་མིང་དག་སོ་སོར་ཡོད་དོ། །དཔེར་ན། ཤཱ་རིའི་བུ་ནི། བྲམ་ཟེའི་རིགས་དང ། ལྟེང་རྒྱས་ནི། འོད་སྲུང་གྱི་རིགས་ཡིན་པ་ནས་ཀུན་དགའ་བོ་གཽ་ཏ་མའི་རིགས་ཡིན་པའི་བར་རོ། །ཀུན་དགའ་བོ། གལ་ཏེ་མེའི་ཁམས་འདི་འཕྲད་ཅིང་ལྟོས་པ་ལས་བྱུང་བ་ཡིན་ཞེ་ན། དེའི་ལག་ཏུ་ཤེལ་ཐོགས་ནས་ཉི་མའི་ཐད་དུ་མེ་སྦོར་བའི་ཚེ་མེ་དེ་ཤེལ་ལས་བྱུང་བ་ཡིན་ནམ། སྤྲ་བ་ལས་བྱུང་བ་ཡིན་ནམ། ཉི་མ་ལས་བྱུང་བ་ཡིན། ཀུན་དགའ་བོ། གལ་ཏེ་ཉི་མ་ལས་བྱུང་བ་ཡིན་ཞེ་ན། ཁྱོད་ཀྱི་ལག་གི་སྤྲ་བ་དེ་ཉི་མ་ཉིད་ཀྱིས་སྦར་བར་ནུས་ན་འོད་དེ་ཕོག་པའི་ཡུལ་ཐམས་ཅད་ཀྱི་ནགས་ཚལ་ཐམས་ཅད་སྲེག་པར་རིགས་སོ། །གལ་ཏེ་ཤེལ་ལས་བྱུང་བ་ཡིན་ཞེ་ན། ཤེལ་
439b
ན།་ཤེལ་ལས་བྱུང་ནས་རང་ཉིད་ཀྱིས་སྤྲ་བ་སྦོར་ནུས་བཞིན་དུ་ཤེལ་རང་ཉིད་ཅིའི་ཕྱིར་ཞུ་བར་མི་འགྱུར། ཁྱོད་ཀྱི་ལག་ཏུ་འཛིན་པ་ན་ཚིག་པའི་རྣམ་པ་ཡང་མེད་ན། ཤེལ་ཞུ་བ་སྨོས་ཅི་དགོས། གལ་ཏེ་སྤྲ་བ་ལས་བྱུང་བ་ཡིན་ཞེ་ན། ཅིའི་ཕྱིར་ཉི་མ་དང་ཤེལ་ལ་བརྟེན་ནས་འོད་དང་ཤེལ་ཕན་ཚུན་འཕྲད་པ་ལས་གདོད་མེ་འབྱུང་བར་འགྱུར། ཁྱོད་སླར་ཡང་དཔྱོད་ལ་ལྟོས་ཤིག་།ཤེལ་ནི།་ལག་ཏུ་བཟུང་བ་དང ། ཉི་མ་ནི། ནམ་མཁའ་ལ་ཤར་བ་ཡིན་ཞིང ། སྤྲ་བ་ནི། ས་ལས་སྐྱེས་པ་ཡིན་པ་ལ་མེ་འདི་གང་ནས་བྱུང་སྟེ་རིམ་པས་འདིར་སླེབ་པ་ཡིན། ཉི་མ་དང་ཤེལ་ཕན་ཚུན་ཐག་རིང་པོས་བར་དུ་ཆོད་ནས་འཕྲད་པ་དང་ལྟོས་པ་མ་ཡིན། མེ་ལྕེ་ནི། རྒྱ་མེད་པར་རང་བྱུང་བ་ཡང་མེད་དོ། །དེ་བས་ན། དེ་བཞིན་གཤེགས་པའི་སྙིང་པཱི་རང་བཞིན་གྱི་མེ་ནི་ཡང་དག་པའི་སྟོང་པའོ། །རང་བཞིན་གྱི་སྟོང་པ་ནི། ཡང་དག་པའི་མེའོ། །དེ་ནི། རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པར་རང་རང་གི་བློའི་སྐལ་བ་དང་འཚམ་པར་སྣང་བ་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །ཀུན་དགའ་བོ། འདི་ལྟར་རིག་པར་བྱའོ། །འཇིག་རྟེན་གྱི་སྐྱེ་བོ་ཡུལ་གང་དུ་ཤེལ་ཐོགས་བའི་ཡུལ་དེར་མེ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དབྱིངས་ཁྱབ་པར་ཀུན་ཏུ་སོང་ན་འཇིག་རྟེན་ཐམས་ཅད་དུ་མཆེད་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་མཆེད་
440a
༄#། །ན་ཕྱོགས་མཚམས་ཡོད་དམ། ལས་ཀྱི་དབང་གིས་མངོན་དུ་གྱུར་པ་ཡིན་གྱི། སོ་སོ་སྐྱེ་བོ་འཁོར་བ་བདག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ནི། ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་སོ་སོར་ཕྱེ་ནས་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། ཆུའི་ཁམས་མི་བརྟན་ཅིང ། འབབ་པ་དང་འཁྱིལ་བ་ནི། སྡོད་དུ་འཇུག་མི་ནུས། དཔེར་ན། མཉན་ཡོད་ཀྱི་གྲོང་ཁྱེར་གྱི་དྲང་སྲོང་ཀ་བི་ལ་དང ། ཙཀྲ་དང ། པདྨ་ཨ་སི་ཏ་ལ་སོགས་པའི་སྒྱུ་མ་མཁན་ཆེན་པོ་དག་ཟླ་བའི་བཅུད་བླངས་ཏེ་སྒྱུ་མའི་རྫས་བསྡེབས་པ་ལ་སྒྱུ་མ་མཁན་དེ་དག་མཚན་གུང་ནམ་མཁའ་དྲངས་པར་ཟླ་བ་རྒྱས་པ་ལ་ལག་ཏུ་ཆུ་ཤེལ་ཐོགས་ཏེ་ཟླ་བ་ལས་ཆུ་བཟེད་དེ་ལེན་ནོ། །ཆུ་འདི་ཤེལ་ལས་བྱུང་བ་ཡིན་ནམ། ནམ་མཁའ་ལ་རང་གི་ངང་གིས་ཡོད་དམ། ཟླ་བ་ལས་བྱུང་ངམ། ཀུན་དགའ་བོ། གལ་ཏེ་ཟླ་བ་ལས་བྱུང་བ་ཡིན་ཞེ་ན། ཐག་རིང་པོ་ནས་འོངས་ཏེ་ཤེལ་ལས་ཆུ་དབྱུང་ནུས་པ་ཡིན་པ་ལ་དེ་བརྒྱུད་ནས་འོངས་པའི་གནས་ཐམས་ཅད་ཀྱི་ནགས་ཚལ་དག་ལས་རྒྱུན་འབབ་པར་རིགས་ཀྱི། རྒྱུན་དེ་ཤེལ་ལས་འབྱུང་བ་ལ་སྒུག་མི་དགོས་སོ། །མི་འབབ་ན། ཆུ་དེ་ཟླ་བ་ལས་བབས་པ་མིན་པར་གསལ་ལོ། །གལ་ཏེ་ཤེལ་ལས་བྱུང་བ་ཡིན་ན། ཤེལ་འདིའི་ནང་ནས་རྒྱུན་དུ་ཆུ་འབབ་པར་རིགས་ཀྱི།
440b
མཚན་གུང་ཟླ་བ་གསལ་བ་ལས་ལེན་པ་ལ་སྒུག་ཅི་དགོས། གལ་ཏེ་ནམ་མཁའ་ལས་བྱུང་ན། ནམ་མཁའི་ཁམས་མཐའ་མེད་པའི་ཕྱིར་ཆུ་ཡང་མཐའ་མེད་པ་འབྱུང་བར་རིགས་ཤིང ། མི་ཡུལ་ནས་ལྷ་ཡུལ་གྱི་བར་དུ་བྱིང་བར་རིགས་ན། ཅིའི་ཕྱིར་ཆུ་དང་སྐམ་དང་ནམ་མཁའ་ལ་འགྲོ་བ་དག་ཡོད་པར་འགྱུར། ཁྱོད་སླར་ཡང་ལེགས་པར་ལྟོས་ཤིག་།ཟླ་བ་ནི། ནམ་མཁའ་ལ་ཤར་བ་ཡིན་ཞིང ། ཤེལ་ནི། ལག་པར་བཟུང་བ་ཡིན་ལ། ཤེལ་ལ་བཟེད་པའི་ཆུའི་སྣོད་ནི། མི་ཡིས་སྟ་གོན་བྱས་པ་ཡིན་པ་ལ། ཆུ་དེ་ཕྱོགས་གང་ནས་བབས་ཏེ་འདིར་འོང ། ཟླ་བ་དང་ཤེལ་ཕན་ཚུན་ཐག་རིང་པོས་བར་དུ་ཆོད་ནས་འཕྲད་པ་དང་ལྟོས་པ་མ་ཡིན། ཆུ་དེའི་བཅུད་ནི། རྒྱུ་མེད་པར་རང་བྱུང་བ་ཡང་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་ཆུ་ནི། ཡང་དག་པའི་སྟོང་པའོ། །རང་བཞིན་གྱི་སྟོང་པ་ནི། ཡང་དག་པའི་ཆུའོ། །དེ་ནི། རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པར་རང་རང་གི་བློའི་སྐལ་བ་དང་འཚམ་པར་སྣང་བ་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །ཡུལ་གང་དུ་ཤེལ་ཐོགས་པའི་ཡུལ་དེ་ལ་ཆུ་འབྱུང་ངོ ། །ཆོས་ཐམས་ཅད་ཀྱི་དབྱིངས་ཁྱབ་པར་སོང་ན་ཆོས་ཀྱི་དབྱིངས་ཐམས་ཅད་སྐྱེའོ། །སྐྱེ་བ་ནི། འཇིག་རྟེན་ཀུན་ཏུ་བཀང་ན་ཕྱོགས་མཚམས་ཡོད་དམ། ལས་ཀྱི་དབང་གིས་མངོན་དུ་འགྱུར་
441a
༄#། །བ་ཡིན་གྱི། སོ་སོ་སྐྱེ་བོ་འཁོར་བ་པ་དག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ནི། ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། རླུང་གི་ཁམས་ལ་ལུས་མེད། གཡོ་བ་དང་མི་གཡོ་བ་ནི། ངེས་པ་མེད། ཁྱོད་སྐབས་འགའ་ཞིག་ཏུ་གོས་ཚགས་བྱས་ཏེ་དགེ་འདུན་གྱི་ཚོགས་ཆེན་པོ་འདུས་པའི་ཚེ་སྣམ་སྦྱར་གྱི་གྲ་བསྐྱོད་ནས་དྲུང་གི་མི་གཞན་ལ་རེག་པ་ཙམ་གྱིས་རླུང་ཆུང་ངུ་དེས་མིའི་གདོང་ལ་ཕོག་པར་བྱེད་དོ། །རླུང་འདི་ནི། སྣམ་སྦྱར་གྱི་གྲ་ལས་བྱུང་བ་ཡིན་ནམ། ནམ་མཁའ་སྟོང་པ་ལས་བྱུང་བ་ཡིན་ནམ། མི་དེའི་གདོང་ལས་བྱུང་བ་ཡིན་ནམ། ཀུན་དགའ་བོ། གལ་ཏེ་རླུང་དེ་སྣམ་སྦྱར་གྱི་གྲ་ལས་བྱུང་བ་ཡིན་ན་ཁྱོད་ཀྱིས་རླུང་གྱོན་པར་འགྱུར་ལ། གོས་དེ་རླུང་གིས་བསྐྱོད་ནས་ཁྱོད་ཀྱི་ལུས་དང་འབྲལ་བར་རིགས་སོ། །ངས་ད་ལྟ་ཚོགས་ཀྱི་ནང་དུ་ཆོས་གསུངས་པ་ན་གོས་ཀྱི་གྲ་རླུང་གིས་བསྐྱོད་པ་ལ་ལྟོས་ཤིག་།ངའི་གོས་ཀྱི་རླུང་གང་དུ་འདུག་།གོས་ཀྱི་ནང་དུ་རླུང་སྦེད་པར་མི་རིགས་སོ། །གལ་ཏེ་ནམ་མཁའ་སྟོང་པ་ལས་སྐྱེས་སོ་ཞེ་ན།་ཁྱོད་ཀྱི་གོས་མི་བསྐྱོད་པའི་ཚེ་ཅིའི་ཕྱིར་རླུང་མི་འབྱུང ། སྟོང་པའི་རང་བཞིན་རྟག་པ་ཉིད་དུ་གནས་པའི་ཕྱིར་རླུང་ནི། རྒྱུན་དུ་འབྱུང་བར་རིགས་ཤིང་རླུང་མེད་ན་
441b
ནམ་མཁའ་སྟོང་པ་ཡང་འགག་པར་རིགས་སོ། །རླུང་འགག་པ་ཤེས་པར་ནུས་ཀྱི། སྟོང་པ་འགག་པ་ཇི་ལྟར་ཤེས་པར་ནུས་གལ་ཏེ་སྐྱེ་བ་དང་འགག་པ་ཡོད་ན་ནམ་མཁའ་སྟོང་པ་ཞེས་བརྗོད་དུ་མི་རུང་ངོ ། །ནམ་མཁའ་སྟོང་པ་ཡིན་པ་ལ་རླུང་ཇི་ལྟར་འབྱུང ། གལ་ཏེ་རླུང་ཕོག་པའི་གདོང་ལས་འབྱུང་བ་ཡིན་ཞེ་ན། དེའི་གདོང་ལས་བྱུང་ཞིང་ཁྱོད་ལ་ཕོག་པར་རིགས་ཀྱི། ཁྱོད་ཀྱི་གོས་ཚགས་བྱས་པ་ལ་ཅིའི་ཕྱིར་ཕ་རོལ་གཞན་གྱི་གདོང་ལ་ཕོག་པར་འགྱུར། ཁྱོད་ཀྱིས་ལེགས་པར་དཔྱོད་ལ་ལྟོས་ཤིག་།གོས་ཚགས་ནི། ཁྱོད་ཀྱི་ཡིན་ཞིང ། གདོང་ནི། གཞན་གྱི་ཡིན་ལ།་ནམ་མཁའ་སྟོང་པ་ནི། གཏན་མི་གཡོ་བ་ལ་རླུང་གང་ནས་བསྐྱོད་དེ་འདིར་སླེབ། རླུང་དང་སྟོང་པའི་རང་བཞིན་ཐ་དད་པའོ། །འཕྲད་པ་དང་ལྟོས་པ་མ་ཡིན། རླུང་གི་ཁམས་རྒྱུ་མེད་པར་རང་བྱུང་བ་ཡང་མེད་དོ། །དེ་བས་ན། དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་རླུང་ནི། ཡང་དག་པའི་སྟོང་པའོ། །རང་བཞིན་གྱི་སྟོང་པ་ནི། ཡང་དག་པའི་རླུང་ངོ ། །དེ་ནི། རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པར་རང་རང་གི་བློའི་སྐལ་བ་དང་འཚམ་པར་སྣང་བ་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །ཀུན་དགའ་བོ། དཔེར་ན། ཁྱོད་མི་གཅིག་པུའི་གྱོན་པའི་གོས་ཅུང་ཟད་བསྐྱོད་པ་ལ་རླུང་ཅུང་ཟད་འབྱུང་བ་ལྟར་ཆོས་ཀྱི་
442a
༄#། །དབྱིངས་ཁྱབ་པར་སོང་བ་ན་ཡུལ་ཁམས་ཐམས་ཅད་འགེངས་པར་འགྱུར་རོ། །འཇིག་རྟེན་ཀུན་ཏུ་ཁྱབ་ན་ཕྱོགས་མཚམས་ཡོད་དམ། ལས་ཀྱི་དབང་གིས་མངོན་དུ་འགྱུར་བ་ཡིན་གྱི། སོ་སོ་སྐྱེ་བོ་འཁོར་བ་པ་དག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ནི། ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། སྟོང་པའི་རང་བཞིན་ལ་གཟུགས་མེད། གཟུགས་དང་སྟོང་པའི་དབང་གིས་ཤེས་ཤིང་གསལ་ལོ། །དཔེར་ན། མཉན་ཡོད་གྲོང་ཁྱེར་གྱི་ཆུ་ཀླུང་ནས་ཐག་རིང་པོའི་སར་རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའི་རིགས་དང ། གདོལ་བའི་རིགས་མང་པོ་དེ་དག་གཞི་གསར་པ་བཟུང་སྟེ་ཁྲོན་པ་བརྐོས་ཏེ་ཆུ་ཚོལ་བའི་སྐབས་སུ་ས་ཁྲུ་གང་བརྐོས་པ་ན་ནང་དུ་སྟོང་པ་ཁྲུ་གང་ཡོད་ལ། དེ་བཞིན་དུ་འདོམ་དོ་བརྐོས་ན་སྟོང་པ་འདོམ་དོ་ཡོད་ཅིང ། སྟོང་པ་ཟབ་མི་ཟབ་ནི། བརྐོས་ཏེ་བླངས་པའི་ས་མང་ཉུང་གི་དབང་གིས་སོ། །སྟོང་པ་འདི་ནི། ས་ལས་བྱུང་བ་ཡིན་ནམ། བརྐོས་པ་ལས་བྱུང་བ་ཡིན་ནམ། ཡང་ན་རྒྱུ་མེད་པར་རང་བྱུང་བ་ཡིན་ནམ། ཀུན་དགའ་བོ། གལ་ཏེ་སྟོང་པ་འདི་རྒྱུ་མེད་པར་རང་བྱུང་བ་ཡིན་ཞེ་ན། ས་བརྐོ་བའི་སྔོན་
442b
དུ་སྟོང་པ་ལ་ཅིའི་ཕྱིར་གཟུང་དུ་མེད། ས་གཞི་ཆེན་པོ་ཉིད་མཐོང་གི་སྟོང་པ་མཐོང་བ་གཏན་ནས་མེད་དོ། །གལ་ཏེ་ས་ལས་བྱུང་བ་ཡིན་ཞེ་ན། ས་བརྐོ་བའི་ཚེ་སྟོང་པ་འཇུག་པ་མཐོང་བར་རིགས་ལ། ས་བརྐོ་བ་ལ་སྟོང་པ་མི་འཇུག་ན། ཅིའི་ཕྱིར་ས་ལས་སྐྱེ་ཞེས་སྨྲ་རུང ། གལ་ཏེ་འབྱུང་བ་དང་འཇུག་པ་མེད་ཅེ་ན། སྟོང་པ་དང་ས་གཏན་ནས་ཐ་མི་དད་དུ་འགྱུར་བར་རིགས། ཐ་དད་མ་ཡིན་ན། གཅིག་ཏུ་འདྲ་བར་འགྱུར་བའི་ཕྱིར་ས་དབྱུང་བའི་ཚེ་སྟོང་པ་ཡང་ཅིའི་ཕྱིར་མི་དབྱུང ། གལ་ཏེ་བརྐོས་པས་བྱུང་ཞེ་ན། བརྐོས་ནས་བྱུང་བ་ནི། སྟོང་པ་ཡིན་གྱི། ས་ཕྱུང་བ་ཡིན་ཞེས་སྨྲ་མི་རུང ། བརྐོས་པས་བྱུང་བ་མ་ཡིན་ཞེ་ན། ས་ཁོ་ན་བརྐོས་ནས་ཕྱུང་བ་ཡིན་པར་རིགས་ཀྱི། ཅིའི་ཕྱིར་སྟོང་པ་མཐོང་བ་ཡིན། ཁྱོད་ཀྱིས་སླར་ཡང་ཞིབ་ཏུ་དཔྱོད་ཅིང ། ལེགས་པར་རྟོག་ལ་ལྟོས་ཤིག་།བརྐོ་བ་ནི། མིའི་ལག་པས་ས་ཇི་ཙམ་བརྐོས་པའི་ཚོད་ཙམ་གྱིས་བསྐྱིས་ནས་ལེན་ནོ། །ས་ནི། ས་ལས་བསྐྱིས་ནས་དབྱུང་བ་ཡིན་པ་ལ། སྟོང་པ་འདི་གང་ནས་བྱུང་བ་ཡིན། བརྐོ་བ་དང་སྟོང་བར་འགྱུར་བ་དང་ཁོང་སྟོང་དང་ཁོང་སྟོང་མ་ཡིན་པ་རྣམས་ཕན་ཚུན་མཚོན་དུ་མི་རུང་ཞིང ། འཕྲད་པ་དང་ལྟོས་པ་མ་ཡིན། སྟོང་པ་རྒྱུ་མེད་པར་རང་བྱུང་བ་ཞེས་སྨྲ་རུ་མི་རུང་ངོ ། །གལ་ཏེ་ནམ་མཁའ་འདིས་སྟོང་པའི་རང་བཞིན་ལ་ཁྱབ་པར་བཀང་ནས་གདོད་མ་ནས་བརྒྱུད་དེ་མི་གཡོ་བར་འགྱུར་ན། གདོན་མི་ཟ་བར་མིག་
443a
༄#། །སྔར་ཡོད་པའི་ས་ཆུ་མེ་རླུང་ཐམས་ཅད་འབྱུང་བ་ཆེན་པོ་ལྔ་ཞེས་ཐ་སྙད་དུ་འདོགས་པ་ཤེས་པར་རིགས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡང་དག་མཐར་ཐུག་ནི།་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་སྐྱེ་བ་དང་འགག་པ་མེད་དོ། །ཀུན་དགའ་བོ། ཁྱོད་ཀྱི་སེམས་མི་གསལ་ཞིང་རྨོངས་པའི་ཕྱིར་འབྱུང་བ་ཆེན་པོ་བཞི་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོར་མ་ཤེས་སོ། །ནམ་མཁའ་སྟོང་པ་ལ་ལྟོས་ཤིག་།འབྱུང་བ་ཡིན་ནམ། འཇུག་པ་ཡིན་ནམ། ཡང་ན་འབྱུང་འཇུག་མ་ཡིན་པའམ། དེ་བས་ན། དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་རིག་པ་ནི། ཡང་དག་པའི་སྟོང་པའོ། །རང་བཞིན་གྱིས་སྟོང་པ་ནི། ཡང་དག་པའི་རིག་པའོ། །དེ་ནི། རང་བཞིན་གྱིས་འོད་གསལ་བའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པར་རང་རང་གི་བློའི་སྐལ་བ་དང་འཚམ་པར་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །ཀུན་དགའ་བོ། དཔེར་ན། ཁྲོན་པ་གཅིག་བརྐོས་ན་ཁྲོན་པ་གཅིག་གི་སྟོང་པ་འབྱུང་ངོ ། །ཕྱོགས་བཅུའི་ནམ་མཁའ་སྟོང་པའི་བར་དུ་ཡང་འདི་ལྟར་ཡིན་གྱིས་ཕྱོགས་བཅུ་ཀུན་ཏུ་ཁྱབ་ན་ཕྱོགས་མཚམས་ཡོད་དམ། ལས་ཀྱི་དབང་གིས་མངོན་དུ་འགྱུར་པ་ཡིན་གྱི། སོ་སོ་སྐྱེ་པོ་འཁོར་བ་པ་དག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་
443b
ནི།་ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། རྣམ་པར་རིག་པ་ལ་ཤེས་པ་མེད།་གཟུགས་དང་སྟོང་པའི་དབང་གིས་སྐྱེའོ། །དཔེར་ན། ད་ལྟ་ཁྱོད་ཀྱི་ལུས་ཛེ་ཏའི་ཚལ་དུ་གནས་པ་ལྟར་ཉིན་མོ་སྣང་བ་དང ། མཚན་མོ་མུན་པར་གནས་ལ། མཚན་གུང་དུ་ཟླ་བ་ཡོད་ན་འོད་དང་ལྡན་ལ། ཟླ་བ་མེད་ན་མུན་པའོ། །སྣང་བ་དང་མུན་པའི་རྐྱེན་གྱིས་རིག་པ་འབྱེད་དོ། །རིག་པ་འདི་སྣང་བ་དང་མུན་པའི་གཟུགས་དང་སླར་ནམ་མཁའ་སྟོང་པ་དང་ལྷན་དུ་ལུས་གཅིག་ཡིན་ཞེའམ། ལུས་གཅིག་མིན་ཞེའམ། འདྲའམ།་མི་འདྲའམ། ཡང་ན་གཞན་ཡིན་ནམ། གཞན་མ་ཡིན་ནམ། ཀུན་དགའ་བོ། རིག་པ་འདི་གལ་ཏེ་སྣང་བ་དང་མུན་པ་དང་ནམ་མཁའ་སྟོང་པ་དང་གདོད་མ་ནས་ལུས་གཅིག་ཡིན་ཞེ་ན། སྣང་བ་དང་མུན་པ་གཉིས་ཀྱི་གཟུགས་ཐམས་ཅད་འགག་པར་འགྱུར་རོ། །མུན་པའི་ཚེ་སྣང་བ་མེད་ཅིང་སྣང་བའི་ཚེ་མུན་པ་མེད་དོ། །གལ་ཏེ་མུན་པ་དང་གཅིག་ཡིན་ཞེ་ན། སྣང་བ་ཡིན་ན་རེག་པ་འགག་པར་འགྱུར་རོ། །གདོན་མི་ཟ་བར་སྣང་བ་དང་ལྷན་དུ་ཡིན་ན་མུན་པའི་དུས་སུ་འགག་པར་རིགས་འགག་ན་དེར་ཟད་ཀྱི་ཡང་ཇི་ལྟར་སྣང་བ་མཐོང་བ་དང་མུན་པ་མཐོང་ཞེས་རུང་ངམ། གལ་ཏེ་སྣང་བ་དང་མུན་པ་ཡིན་ན་ཐ་དད་རིགས་པ་ལ་སྐྱེ་འགག་མེད་པ་ཡིན་ན་ཅིའི་ཕྱིར་གཅིག་ཅེས་
444a
༄#། །རུང ། གལ་ཏེ་རིག་པ་འདིའི་ངང་ཚུལ་མུན་པ་དང་སྣང་བ་དང་ལྷན་དུ་ལུས་གཅིག་ཏུ་གྱུར་པ་ནི། མ་ཡིན་ཞེ་ན། ཁྱོད་སྣང་བ་དང་མུན་པ་དང་ནམ་མཁའ་སྟོང་པ་ལས་ཕྲལ་ཏེ་རིག་པའི་གདོད་མའི་གནས་ལུགས་དབྱེ་བར་ནུས་སམ། སྣང་བ་དང་བྲལ་ཞིང ། མུན་པ་དང་བྲལ་ལ། ནམ་མཁའ་སྟོང་པ་དང་བྲལ་ན། རིག་པ་འདིའི་ངང་ཚུལ་རུས་སྦལ་གྱི་སྤུ་དང ། རི་བོང་གི་རཝ་དང་འདྲའོ། །སྣང་བ་དང་མུན་པ་དང་ནམ་མཁའ་སྟོང་པ་རྣམ་པ་གསུམ་ལ་འདི་སོ་སོར་ཐ་དད་པའི་ཕྱིར་རིག་པ་གང་ནས་གྲུབ། སྣང་བ་དང་སོ་སོར་ཐ་དད་པའི་ཕྱིར་ཇི་ལྟར་འདྲ་ཞེས་རུང་བ་ཡིན། རྣམ་པ་གསུམ་པོ་འདི་ལས་བྲལ་ན། གཏན་ནས་མེད་པ་ལ་ཇི་ལྟར་གཞན་ཞེས་རུང་བ་ཡིན། སྟོང་པ་ལ་ཆ་ཕྱེ་རིག་པ་ལ་ཆ་ཕྱེ་ཞེ་ན། རང་རང་གི་ངོ་སྐལ་གྱི་ཡུལ་འབྱེད་དུ་མེད་ཅིང ། ཇི་ལྟར་མི་འདྲ་ཞེས་སོ། །མུན་པ་མཐོང་བ་དང་སྣང་བ་མཐོང་བའི་རང་བཞིན་དེ་འཕོ་ཞིང་འགྱུར་བ་མ་ཡིན་པ་ཇི་ལྟར་ཐ་དད་ཅེས་སོ། །ཁྱོད་ཀྱིས་སླར་ཡང་ལེགས་པར་སྒྲིམས་ལ་གསལ་བར་གྱིས་ཤིག་།རབ་ཏུ་རྟོག་ཅིང་དཔྱོད་ལ་ལྟོས་ཤིག་།སྣང་བ་ནི། ཉི་མ་ལས་སྤྲོ། །མུན་པ་ནི། ཟླ་བ་མེད་པའི་རྗེས་སུ་འགྲོ་།སྟོང་པ་ནི། ནམ་མཁའ་སྟོང་པར་འགྱུར་ལ། སྟོང་པ་མ་ཡིན་པ་ནི། ས་གཞི་ཆེན་པོར་འགྱུར་ན། རིག་པ་འདིའི་ངང་ཚུལ་གང་གིས་འབྱུང ། རིག་པ་ནི། ཚོར་པ་ཡིན། སྟོང་པ་ནི། ཆད་པ་ཡིན།
444b
འཕྲད་པ་དང་ལྟོས་པ་ཡང་མ་ཡིན། རིག་པའི་ངང་ཚུལ་རྒྱུ་མེད་པར་རང་བྱུང་བ་ཡིན་ཞེས་སྨྲ་མི་རུང ། གལ་ཏེ་མཐོང་བ་དང་ཐོས་པ་དང་ཤེས་པའི་རང་བཞིན་ཀུན་ཏུ་ཁྱབ་ཅིང་གདོད་མ་ནས་གཡོ་འགུལ་མེད་ན། གདོན་མི་ཟ་བར་མཐའ་མེད་ཅིང་མི་གཡོ་བ་ནམ་མཁའ་སྟོང་པ་སླར་ཡང་གཡོ་བ་ས་ཆུ་མེ་རླུང་དང་ལྷན་དུ་འབྱུང་བ་ཆེན་པོ་དྲུག་ཅེས་ཐ་སྙད་འདོགས་པ་ཤེས་པར་རིགས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡང་དག་མཐར་ཐུག་ནི། དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་སྐྱེ་བ་དང་འགག་པ་མེད་དོ། །ཀུན་དགའ་བོ། ཁྱོད་ཐོག་མ་ནས་བླུན་པ་དང་རྨོངས་པས་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་ནི། གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོར་མ་ཤེས་སོ། །ཁྱོད་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་འདི་ལ་ལྟོས་ཤིག་།སྐྱེས་པའམ། འགགས་པའམ། འདྲ་བའམ། མི་འདྲ་བའམ། སྐྱེ་བའམ། འགག་པར་འགྱུར་བའམ། འདྲ་བ་མི་འདྲ་བ་གང་ཡང་མ་ཡིན་ཞེའམ། དེ་བས་ན། དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་རིག་པ་ནི། ཚོར་བའི་སྣང་བ་ཡིན་ནོ། །ཚོར་བའི་ངང་ཚུལ་ནི། སྣང་བའི་རིག་པའོ། །དེ་ནི། རང་བཞིན་གྱིས་འོད་གསལ་པའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དང་མཐུན་པས་རང་རང་གི་བློའི་སྐལ་བ་དང་འཚམ་པར་ཁྱོད་ཀྱིས་གཏན་ནས་མ་རྟོགས་སོ། །དཔེར་ན། མཐོང་བའི་དབང་
445a
༄#། །པོ་གཅིག་གི་མཐོང་བ་ནི། ཆོས་ཀྱི་དབྱིངས་ལ་ཁྱབ་ན་ཐོས་པ་དང་སྣོམ་པ་དང་མྱ་བ་དང་རེག་པ་དང་ཚོར་ཞིང་ཤེས་པའི་ཡོན་ཏན་དམ་པ་ཐམས་ཅད་རྒྱས་པར་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ནས་ཕྱོགས་བཅུ་ཀུན་ཏུ་ཁྱབ་ན་ཕྱོགས་མཚམས་ཡོད་དམ། ལས་ཀྱི་དབང་གིས་མངོན་དུ་འགྱུར་བ་ཡིན་གྱི། སོ་སོ་སྐྱེ་བོ་འཁོར་བ་པ་དགེ་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ནི། ཐམས་ཅད་དུ་རིག་པ་དང་སེམས་ཀྱིས་སོ་སོར་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །ཀུན་དགའ་བོ། རྣམ་པར་ཤེས་པའི་ཁམས་ལ་རྒྱུ་མེད་དབང་པོ་དྲུག་དང་ཡུལ་ལ་བརྟེན་ནས་འཁྲུལ་པ་སྐྱེའོ། །ཁྱོད་ད་ལྟ་འཕགས་པའི་དགེ་འདུན་གྱི་ཚོགས་འདི་དག་ལ་ལྟོས་ཤིག་།ཁྱོད་ཀྱིས་མིག་གིས་ཐམས་ཅད་ལ་རིམ་གྱིས་ལྟ་བ་ནི། མེ་ལོང་དུ་ཤར་བ་བཞིན་དུ་དབྱེ་བ་གཏན་ནས་འབྱེད་ནུས་པ་མེད་དོ། །ཁྱོད་ཀྱི་རྣམ་པར་ཤེས་པ་ནང་གི་རྟོག་པས་རེ་རེ་ནས་འདི་ནི། འཇམ་དཔལ་དབྱངས་སོ། །འདི་ནི། གང་པོའོ། །འདི་ནི། མཽངྒལ་གྱི་བུའོ། །འདི་ནི། རབ་འབྱོར་རོ། །འདི་ནི། ཤཱ་རིའི་བུའོ། །ཞེས་སོ་སོར་ངོས་འཛིན་པར་བྱེད་དོ། །རྣམ་པར་ཤེས་པ་འདིས་གསལ་བར་ཤེས་པ་ནི། རིག་པ་ལས་བྱུང་བའམ། གཟུགས་ལས་བྱུང་བའམ། ནམ་མཁའ་སྟོང་པ་ལས་བྱུང་བའམ། ཡང་ན་རྟེན་མེད་པར་གློ་བུར་དུ་
445b
བྱུང་བའམ། ཀུན་དགའ་བོ། གལ་ཏེ་ཁྱོད་ཀྱི་རྣམ་པར་ཤེས་པའི་ཁམས་རིག་པ་ལས་བྱུང་བ་ཡིན་ཞེ་ན། སྣང་བ་དང་མུན་པ་དང་གཟུགས་དང་སྟོང་པ་བཞི་པོ་འདི་དག་གཏན་ནས་མ་བྱུང་བས།་ཁྱོད་ཀྱི་རིག་པ་གཏན་མེད་པར་འགྱུར་རོ། །རིག་པའི་ཁམས་ཀྱང་མེད་པ་ལ་གང་ནས་རྣམ་པར་ཤེས་པ་སྐྱེ། གལ་ཏེ་ཁྱོད་ཀྱི་རྣམ་པར་ཤེས་པའི་ཁམས་གཟུགས་ལས་བྱུང་བ་དང ། རིག་པ་ལས་བྱུང་བ་མ་ཡིན་ཞེ་ན། སྣང་བ་ལ་ལྟ་མི་དགོས་ཤིང་མུན་པ་ལ་ཡང་ལྟ་མི་དགོས་པའི་ཕྱིར་སྣང་བ་དང་མུན་པ་མ་མཐོང་ལ་དེ་ལྟ་ན་གཟུགས་དང་སྟོང་པ་མེད་པར་འགྱུར་རོ། །གཟུགས་དེ་ཡང་མེད་པ་ལ་རྣམ་པར་ཤེས་པ་གང་ནས་སྐྱེ། གལ་ཏེ་སྟོང་པ་ལས་བྱུང་བ་ཡིན་ཞེ་ན། གཟུགས་མ་ཡིན་ཞིང ། རིག་པ་མ་ཡིན་པར་འགྱུར་ལ་རིག་པ་མ་ཡིན་པར་ཕྱིར་དབྱེ་བར་མི་ནུས་སོ།། རང་བཞིན་གྱིས་སྣང་བ་དང་མུན་པ་དང་གཟུགས་དང་སྟོང་པ་ཤེས་པར་མི་ནུས་སོ། །གཟུགས་མ་ཡིན་པའི་ཕྱིར་འབྲེལ་པ་འགག་ཅིང ། མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་དག་བརྟེན་པའི་གནས་མེད་པར་འགྱུར་རོ། །འདི་གཉིས་གཞན་ལ་གནས་པའི་ཕྱིར་སྟོང་པ་ཡིན་ཞེ་ན། སྟོང་པ་ནི། མེད་པ་དང་འདྲ་ལ། ཡོད་པ་ནི། དངོས་པོ་དང་འདྲ་བ་མ་ཡིན་པར་འགྱུར་རོ། །ཁྱོད་ཀྱི་རྣམ་པར་ཤེས་པ་སྐྱེ་ན་ཡང་ཅི་ཞིག་དབྱེ་བར་འགྱུར། གལ་ཏེ་བརྟེན་པ་མེད་པར་གློ་བུར་དུ་སྐྱེས་པ་ཡིན་ཞེ་ན། ཅིའི་ཕྱིར་ཉིན་མོ་ཟླ་བ་ལོགས་སུ་ངོས་ཟིན་པར་མི་འགྱུར། ཁྱོད་ཀྱིས་སླར་ཡང་
446a
༄#། །བསྒྲིམས་ཏེ་ཕྲ་ཞིང་གསལ་བར་ཞིབ་ཏུ་ཕྱེ་སྟེ་དཔྱོད་ཅིག་།རིག་པ་ནི། ཁྱོད་ཀྱི་མིག་ལ་བརྟེན་ལ། གཟུགས་ནི། མདུན་གྱི་ཡུལ་ལོ། །གཟུགས་ཤར་བ་ལ་ཡོད་པར་འཇོག་ཅིང ། གཟུགས་མ་ཤར་བ་ལ་མེད་པར་འཇོག་གོ་།འདི་ལྟར་རྣམ་པར་ཤེས་པའི་འབྲེལ་པ་གང་ལ་བརྟེན་ནས་སྐྱེས་པ་ཡིན། རྣམ་པར་ཤེས་པ་ནི། གཡོ་ཞིང ། རིག་པ་ནི། མི་གཡོའོ། །འཕྲད་པ་དང་ལྟོས་པ་ཡང་མ་ཡིན། སྣོམ་པ་དང་ཐོས་པ་དང་ཚོར་བ་དང་ཤེས་པའི་བར་ཇི་ལྟ་བ་བཞིན་ནོ། །རྣམ་པར་ཤེས་པའི་འབྲེལ་པ་རྐྱེན་མེད་པར་རང་བྱུང་བ་ཡང་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་འདིའི་ཡིད་གདོད་མ་ནས་བརྟེན་པའི་གནས་མེད་དོ་ཞེ་ན། གདོན་མི་ཟ་བར་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པའི་བར་གསལ་བར་དབྱེ་བ་དང ། ཀུན་ནས་རྣམ་པ་ཐམས་ཅད་དུ་ཁྱབ་པ་དྭངས་ཤིང་འོད་གསལ་བའི་རང་བཞིན་ལ་བརྟེན་པ་མ་ཡིན་ཞེས་ཤེས་པར་རིགས་སོ། །དེ་ལྟར་སྟོང་པ་དང་ས་ཆུ་མེ་རླུང་དང་ལྷན་དུ་འབྱུང་བ་ཆེན་པོ་བདུན་ཞེས་ཐ་སྙད་བཏགས་སོ། །ཆོས་རྣམས་ཀྱི་ཆོས་ཉིད་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་སྐྱེ་བ་དང་འགག་པ་མེད་དོ། །ཀུན་དགའ་བོ། ཁྱོད་ཀྱི་སེམས་རགས་ཤིང་རྫུན་པའོ། །མཐོང་བ་དང་ཐོས་པས་མངོན་པར་བྱུང་བ་ངེས་པར་ཤེས་པ་ནི། གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོར་མ་རྟོགས་སོ། །ཁྱོད་
446b
གདོན་མི་ཟ་བར་ཁམས་དྲུག་པོ་འདི་རྣམ་པར་ཤེས་པའི་སེམས་མཐོང་བར་རིགས། མཉམ་པའམ། མི་མཉམ་པ་ཞེའམ། སྟོང་པ་ཞེའམ། ཡོད་པ་ཞེའམ། མཉམ་པ་དང་མི་མཉམ་པ་མེད་པ་ཞེའམ། ཡང་ན་སྟོང་པ་དང་ཡོད་པ་མ་ཡིན་ཞེའམ། དེ་བས་ན་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་གྱི་རྣམ་པར་ཤེས་པ་ནི། འོད་གསལ་སྣང་བའི་ཤེས་པའོ། །ཚོར་བའི་སྣང་བ་ནི། ཡང་དག་པའི་རྣམ་པར་ཤེས་པའོ། །རྨད་དུ་བྱུང་བའི་ཚོར་བ་རྣམ་པར་དག་པ་དྭངས་པའོ། །ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ནས་ཕྱོགས་བཅུའི་སྟོང་པའི་ནང་དུ་ཆུད་ཅིང་འབྱུང་བ་མ་རྟོགས་སོ། །འདི་ལ་ཕྱོགས་མཚམས་ཡོད་དམ། ལུས་ཀྱི་དབང་གིས་མངོན་དུ་འགྱུར་གྱི། སོ་སོ་སྐྱེ་བོ་འཁོར་བ་པ་དག་རྨོངས་ཏེ་བརྟེན་ནས་འབྱུང་བ་དང ། རང་བྱུང་བའི་རང་བཞིན་ཐམས་ཅད་རིག་པ་དང་སེམས་ཀྱིས་སོ་སོར་འཛིན་པར་བྱེད་དོ། །ཅུང་ཟད་ཙམ་བརྗོད་དུ་ཡོད་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་ནོ། །དེའི་ཚེ་ཀུན་དགའ་བོ་དང་དགེ་འདུན་གྱི་འཁོར་འདུས་པ་དག་དེ་བཞིན་གཤེགས་པས་ཟབ་ཅིང་ཕྲ་བའི་སྒོ་ནས་ཕྱེ་སྟེ་བསྟན་པ་མནོས་ཏེ་ལུས་སེམས་དགའ་བདེ་རྒྱས་ཤིང་ཐོགས་པ་མེད་པ་ཐོབ་པས་དགེ་འདུན་གྱི་འཁོར་འདུས་པ་དེ་དག་རང་རང་གི་སེམས་སོ་སོ་ནས་ཕྱོགས་བཅུར་ཁྱབ་པར་ཤེས་ནས་ཕྱོགས་བཅུར་ནམ་མཁའ་སྟོང་པ་མཐོང་བ་ལ་ལག་ཏུ་ཐོགས་པའི་ལོ་མ་མཐོང་བ་ལྟར་འཇིག་རྟེན་ཐམས་ཅད་
447a
༄#། །ཀྱི་དངོས་པོ་ཇི་སྙེད་པ་ཐམས་ཅད་བྱང་ཆུབ་མཆོག་གི་འོད་གསལ་བའི་སེམས་ཡིན་པའི་ཕྱིར་སེམས་ཀྱི་ངང་ཚུལ་ཡོངས་སུ་ཁྱབ་པའི་ནང་དུ་ཕྱོགས་བཅུ་ཐམས་ཅད་འདུས་ཤིང་ཆུད་དོ། །ཕ་མ་ལས་སྐྱེས་པའི་ལུས་ལ་ཕྱིར་བལྟས་ན། ཕྱོགས་བཅུའི་ནམ་མཁའ་སྟོང་པའི་ནང་དུ་རླུང་གིས་བདས་པའི་རྡུལ་ཕྲན་ལྟར་སྡོད་དུ་མེད། ཡང་མཚོ་ཆེན་པོ་སྣོན་པོའི་སྟེང་དུ་གཡེངས་པའི་ལྦུ་བ་གཅིག་བཞིན་དུ་གནས་པ་དང ། འཇིག་པ་མ་ངེས་སོ། །འདིས་རང་རང་གི་ལུས་ལ་ལེགས་པར་རིག་ཅིང ། རྨད་དུ་བྱུང་བའི་མཆོག་གི་གདོད་མའི་སེམས་རྟག་པར་གནས་ཤིང་འགག་པ་མེད་པའི་དོན་རང་གིས་རྙེད་པའི་ཕྱིར་སངས་རྒྱས་ལ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་སྔར་མ་ཐོས་པའི་ཆོས་ཐོས་སོ། །ཞེས་དེ་བཞིན་གཤེགས་པའི་སྤྱན་སྔར་ཚིགས་སུ་བཅད་པའི་སྒོ་ནས་སངས་རྒྱས་ལ་འདི་སྐད་ཅེས་བསྟོད་དོ། །འགྱུར་མེད་རྨད་བྱུང་འོད་གསལ་ཁྱབ་བདག་རྗེ། །དཔའ་བར་འགྲོ་བའི་རྒྱལ་པོ་སྲིད་ན་དཀོན། །བདག་ཅག་བསྐལ་པ་བྱེ་བའི་ལོག་རྟོག་བསལ། །གྲངས་མེད་ཚོགས་ལ་མ་ལྟོས་ཆོས་སྐུ་ཐོབ། །རེ་འབྲས་རིན་ཆེན་རྒྱལ་པོ་མཆོག་གྲུབ་ནས། །གངྒཱའི་བྱེ་སྙེད་སེམས་ཅན་བསྒྲལ་བར་བྱ། །ཟབ་མོ་སེམས་འདིས་རྡུལ་སྙེད་ཞིང་མཆོད་དེ། །འདི་ཡིས་བརྩེ་ལྡན་རྒྱལ་བའི་བཀའ་དྲིན་གཞལ། །བཅོམ་ལྡན་འདས་ཀྱིས་དབང་པོར་མཛད་དུ་གསོལ། །སྙིགས་མ་
447b
ལྔ་རུ་དཔའ་བའི་དམ་བཅའ་བྱ། །གལ་ཏེ་འགྲོ་གཅིག་སངས་རྒྱས་མ་ཐོབ་པར། །བདག་ནེ་ཅི་ནས་མྱ་ངན་ཡོངས་མི་འདའ། །དཔའ་བ་ཆེན་པོ་མཐུ་ཆེན་སྙིང་རྗེ་ཆེ། །ལྐོག་གྱུར་ཕྲ་མོའི་ཐེ་ཚོམ་བསལ་དུ་གསོལ། །བདག་ནི་བླ་མེད་བྱང་ཆུབ་ལ་བཀོད་ནས། །ཕྱོགས་བཅུའི་ཁམས་སུ་ཆོས་ཀྱི་དགའ་སྟོན་བྱ། །སྟོང་པའི་རང་བཞིན་གཞིག་པར་ནུས་སྲིད་ཀྱང ། །མི་ཕྱེད་སེམས་འདི་ཅིས་ཀྱང་འགྱུར་བ་མེད། །དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། དེའི་ཚེ་བྱམས་མའི་བུ་གང་པོ་དགེ་འདུན་གྱི་འཁོར་འདུས་པའི་ནང་དུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཡོན་པར་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གུས་པས་གསོལ་ཏོ། །དཔལ་ཡོན་ཆེན་པོ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ནི། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་མེད་པའི་དོན་དམ་པའི་དོན་གསལ་བར་མཛད་པ་ལ་མཁས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས། བདག་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྔགས་པ་ལགས་ན། ད་ལྟ་དེ་བཞིན་གཤེགས་པ་རྣམས་ཀྱི་ཟབ་ཅིང་ཕྲ་བའི་ཆོས་ཀྱི་དབྱངས་རྨད་དུ་བྱུང་བ་ཐོས་བ་ན་དཔེར་ན། སྐྱེ་
448a
༄#། །བོ་འོན་བས་གོམ་པ་བརྒྱ་ཙམ་གྱི་ཐག་རིང་པོའི་སར་སྦྲང་བུའི་སྐད་མཉན་པ་ན་དེའི་གཟུགས་ཀྱང་མི་མཐོང་ན། སྐད་ཐོས་པ་སྨོས་ཅི་དགོས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་ནས་བདག་གི་སྒྲོ་འདོགས་སེལ་བར་མཛད་ཀྱང་ད་དུང་ཡང་དོན་འདི་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་དང་བྲལ་ཏེ་གཏིང་མཐའ་རྟོགས་པར་མ་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས། དཔེར་ན། ཀུན་དགའ་བོ་ལ་སོགས་པའི་སྐྱེ་བོ་དག་དོན་ཇི་ཙམ་ཁོང་དུ་ཆུད་ཀྱང་གོམས་པའི་བག་ཆགས་ཀྱི་ཟག་པ་མ་ཟད་ལ། བདག་ལ་སོགས་པ་ཟག་པ་ཟད་པའི་སྐྱེ་བོ་འདུས་པའི་ཚོགས་དག་ཟག་པ་ཟད་ཀྱང་ད་ལྟ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་དབྱངས་ཐོས་མ་ཐག་ཏུ་ཐེ་ཚོམ་མེད་པར་བྱེད་མི་ནུས་སོ། །བཅོམ་ལྡན་འདས། གལ་ཏེ་འཇིག་རྟེན་གྱི་སྣ་ཚོགས་པའི་དབང་པོ་དང ། ཡུལ་དང ། ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ལ་སོགས་པ་ཐམས་ཅད་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོ་འོད་གསལ་བ་ཡིན་ཞེ་ན། ཇི་ལྟར་གློ་བུར་དུ་རི་དང་ཆུ་ཀླུང་དང་ས་ཆེན་པོ་ལ་སོགས་པ་སྣ་ཚོགས་པའི་དངོས་པོའི་རྣམ་པ་སྐྱེས་ནས་རིམ་གྱིས་ཕན་ཚུན་དུ་ཐོག་མ་དང་ཐ་མ་མེད་པར་རེས་མོས་སུ་འཁོར་བ་ལགས། ཡང་དེ་བཞིན་གཤེགས་པས་གསུངས་པའི་ས་ཆུ་མེ་རླུང་གི་རང་བཞིན་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ནས་གསལ་བར་རྟག་ཏུ་གནས་པ་
448b
ཡིན་ཞེས་གསུངས་ལགས་ཏེ། སངས་རྒྱས་བཅོམ་ལྡན་འདས། གལ་ཏེ་སའི་ཁམས་ཀུན་ཏུ་ཁྱབ་པ་ཡིན་ཞེ་ན། ཆུ་ལ་ཇི་ལྟར་ཆུད་པར་འགྱུར། ཆུའི་ཁམས་ཀུན་ཏུ་ཁྱབ་པ་ཡིན་ཞེ་ན། མེ་སྐྱེ་བར་མི་འགྱུར།་ཡང་ཆུ་དང་མེ་གཉིས་ཀྱི་ཁམས་ནམ་མཁའ་སྟོང་པ་ལ་ཀུན་ཏུ་ཁྱབ་ནས་ཇི་ལྟར་ཕན་ཚུན་དུ་གནོད་བྱ་གནོད་བྱེད་དུ་གྱུར་ཏེ་ཉམས་པར་བྱེད་མི་ནུས་ཞེས་བྱར་རུང ། བཅོམ་ལྡན་འདས། སའི་ཁམས་ནི། ཁོང་སྟོང་མ་ཡིན་ལ། ནམ་མཁའི་ཁམས་ནི། ཁོང་སྟོང་ཡིན་ན། ཅིའི་ཕྱིར་འདི་གཉིས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་ཡིན་ཞེས་བྱ། དོན་འདི་བདག་གིས་མ་འཚལ་ཏོ། ། དེ་བཞིན་གཤེགས་པས་བརྩེ་བ་སྙིང་རྗེ་ཆེན་པོའི་སྒོ་ནས་བདག་སོགས་འཁོར་འདུས་པ་རྨོངས་ཤིང་འཁྱམས་པ་རྣམས་ལ་བློ་གྲོས་སྐྱེད་པར་འཚལ་བས་གསོལ་པ་ལགས་སོ། །ཞེས་ཞུས་ཏེ། ཡན་ལག་ལྔ་ས་ལ་གཏུགས་ཏེ་སྐོམ་པས་གདུངས་པ་ལྟར་དེ་བཞིན་གཤེགས་པའི་བླ་ན་མེད་པའི་རྗེས་སུ་བསྟན་པ་ནོད་ཅིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་གང་པོ་དང་བཅས་པ་འདུས་པའི་ནང་དུ་ཟག་པ་ཟད་པ་མི་སློབ་པའི་དགྲ་བཅོམ་པ་རྣམས་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པས་དེ་རིང་འདུས་པ་ལ་དམ་པ་ལས་ཀྱང་དམ་པའི་དོན་གྱི་རང་བཞིན་བསྟན་ནས་འདུས་པ་ཁྱེད་ཅག་རང་བཞིན་གྱི་རིགས་ངེས་པའི་ཉན་ཐོས་དང ། བདག་མེད་པ་གཉིས་མངོན་དུ་མ་གྱུར་པ། རང་གི་ཐེག་པ་ལས་ལོག་སྟེ་ཐེག་པ་མཆོག་ལ་གཞོལ་
449a
༄#། །བའི་དགྲ་བཅོམ་པ་ཐམས་ཅད་ཀྱིས་ཐེག་པ་ཆེན་པོ་ཁོ་ནའི་མྱ་ངན་ལས་འདས་པའི་ས་དང ། རྣམ་པར་དག་པའི་ས་དང ། ཡོངས་སུ་སྦྱོང་བའི་སྤྱོད་པ་མཆོག་གི་གནས་ཐོབ་པར་བྱའོ། །ཁྱེད་ཅག་ལེགས་པར་ཉོན་ཅིག་དང་བཤད་པར་བྱའོ། །ཞེས་བཀའ་སྩལ་པ་དང ། གང་པོ་ལ་སོགས་པ་དེ་དག་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་མཉན་པར་བྱའོ།། ཞེས་གུས་པས་ནོད་ཅིང་འདུག་གོ་།སངས་རྒྱས་ཀྱིས་བཀའ་སྩལ་པ། གང་པོ། ཁྱོད་ཀྱིས་གདོད་མ་ནས་འོད་གསལ་བ་དེ་ཅིའི་ཕྱིར་གློ་བུར་དུ་རི་དང་ཆུ་ཀླུང་དང་ས་གཞིར་གྱུར་པ་ཡིན་ཞེས་སྨྲས་ན། ཡང་ཁྱོད་ཀྱིས་དེ་བཞིན་གཤེགས་པས་གསལ་བང་གསུངས་པའི་ཡང་དག་པའི་རིག་པ་རྨད་དུ་བྱུང་བའི་འོད་གསལ་པ་དེ་གདོད་མ་ནས་རིག་པ་རྨད་དུ་བྱུང་བའི་འོད་གསལ་བྱའོ། །ཞེས་མ་ཐོས་སམ། གང་པོས་གསོལ་པ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས། བདག་གིས་རྒྱུན་དུ་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་པའི་དོ་ན་འདི་ཐོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་རིག་པ་འོད་གསལ་བ་དེ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རིག་པ་ཞེས་བཏགས་པ་འམ། ཡང་ན་རིག་པ་དེ་འོད་གསལ་པ་མེད་པའི་ཕྱིར་འོད་གསལ་བའི་རིག་པ་ཞེས་བཏགས། གང་པོས་གསོལ་པ། གལ་ཏེ་འདི་ཉིད་འོད་གསལ་བ་མེད་པའི་ཕྱིར་རིག་པ་ཞེས་བཏགས་ན།
449b
གསལ་དུ་མེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གསལ་དུ་མེད་པས་འོད་གསལ་བ་ཉིད་རིག་པ་མེད་པར་འགྱུར་རོ་ཞེ་ན། གཟུང་བར་བྱ་བ་ཡོད་ན། རིག་པ་མ་ཡིན་ལ། གཟུང་བར་བྱ་བ་མེད་ན། གསལ་བ་མ་ཡིན་ནོ། །གསལ་བ་མ་ཡིན་ན། རིག་པ་ཡང་དྭངས་ཤིང་གསལ་བའི་རང་བཞིན་མ་ཡིན་ནོ། །རང་བཞིན་གྱི་རིག་པ་ནི། གདོན་མི་ཟ་བར་གསལ་བ་ཡིན་ལ། འཁྲུལ་ནས་འོད་གསལ་བར་གྱུར་ཅིང་སངས་པ་ཞེས་བྱའོ། །གསལ་བར་བྱ་བ་མ་ཡིན་པ་གསལ་བའི་ཕྱིར་གཟུང་བར་བྱ་བ་མངོན་པར་བྱས་སོ།། འཁྲུལ་ཞིང་གཟུང་བར་བྱ་བ་མངོན་པར་བྱས་པས་ན། ཁྱོད་ཅག་གི་འཁྲུལ་པའི་འཛིན་པ་སྐྱེས་སོ། །གདོད་མ་ནས་འདྲ་བ་དང་མི་འདྲ་བ་མེད་པ་ལ་གློ་བུར་དུ་གཞན་དུ་གྱུར་ཏོ། །དེ་ཡང་གཞན་དང་གཞན་ཡིན་པའི་ཕྱིར་སླར་ཡང་འདྲ་བ་མངོན་པར་བྱས་སོ། །འདྲ་བ་དང་མི་འདྲ་བ་ཕྱེ་སྟེ། འདི་ལས་ཡང་མི་འདྲ་བ་དང་གཞན་དུ་མེད་པ་གཟུང་བར་བྱ་བ་མངོན་པར་བྱས་སོ། །དེ་ལྟར་རྨོངས་ཤིང་ལྡོངས་ནས་ཕན་ཚུན་རེས་མོས་སུ་གྱུར་ཏེ་ངལ་ནས་འཁྲུལ་པ་སྐྱེའོ། འཁྲུལ་པ་བརྒྱུད་ནས་ཡུལ་བརྩམས་ཏེ་རང་ཉིད་འཁྱམས་ཤིང་གཡེངས་ནས་དེ་ལས་ཡུལ་གྱི་འཁྲུལ་པ་ཉོན་མོངས་སྐྱ་ཞིང་རྒྱས་པར་འགྱུར་རོ། །སྐྱེས་པ་ནི། འཇིག་རྟེན་གྱི་གནས་སུ་གྱུར་ཏོ། །རང་བཞིན་དུ་གནས་པ་ནི། ནམ་མཁའ་སྟོང་པར་གྱུར་ཏོ། །ནམ་མཁའ་
450a
༄#། །སྟོང་པ་ལ་ནི། འདྲ་བ་ཞེས་བྱ་ལ། འཇིག་རྟེན་གྱི་གནས་ལ་ནི། མི་འདྲ་བ་ཞེས་བྱའོ། །གཏན་ནས་འདྲ་བ་དང་གཞན་དུ་མེད་པ་ཞེས་པ་དེ་ཡང་དག་པའི་དངོས་པོའི་ཆོས་སོ། །སངས་པའི་གསལ་བ་དང་སྟོང་པའི་མུན་པ་གཉིས་ཀ་ཕན་ཚུན་ལྟོས་ནས་རྣམ་པར་འགྱུར་བ་ཅན་དུ་འགྱུར་རོ། །དེའི་ཕྱིར་རླུང་གི་དཀྱིལ་འཁོར་གྱིས་འཇིག་རྟེན་གྱི་མཐའ་བརྟེན་པར་གྱུར་ཏོ། །སྟོང་པ་ལས་གཡོ་བའི་བདག་ཉིད་དུ་གྱུར་ནས་གསལ་བ་རབ་ཏུ་སྒྲིབ་པར་འགྱུར་རོ། །རིན་པོ་ཆེ་གསེར་ཞེས་བྱ་བ་དེ་གསལ་ཞིང་དག་པས་རབ་ཏུ་བཟུང་བ་ལས་བྱུང་བ་ཡིན།་དེའི་ཕྱིར་གསེར་གྱི་དཀྱིལ་འཁོར་གྱིས་ཡུལ་ཁམས་གནས་གཞི་ཐམས་ཅད་བརྟེན་པར་གྱུར་ཏོ། །དག་ཅིང་བརྟེན་པ་ལས་རིན་པོ་ཆེ་གསེར་དུ་གྱུར་ཏོ། །གཡོ་ཞིང་གསལ་བ་ལས་རླུང་འབྱུང་ངོ ། །རླུང་དང་གསེར་གཉིས་ཕན་ཚུན་ལྟོས་པའི་ཕྱི་མའི་འོད་ཀྱིས་འགྱུར་བ་དང་གཡོ་བའི་རང་བཞིན་དུ་འགྱུར་རོ། །རིན་པོ་ཆེ་གསལ་བ་ལས་རླན་བྱུང་སྟེ་མེའི་འོད་སྟེང་དུ་སྤྲོས་བས་ཆུའི་དཀྱིལ་འཁོར་ཕྱོགས་བཅུའི་མཐའི་ཁོངས་སུ་ཆུད་དོ། །མེ་སྟེང་དང་ཆུ་འོག་ཏུ་ཕན་ཚུན་འབྲེལ་ཏེ་བརྟན་པར་གནས་ཤིང་གཤེར་ནི། རྒྱ་མཚོ་ཆེན་པོར་གྱུར་ཏོ། །སྐམ་པའི་ཆ་ནི།་གླིང་དུ་གྱུར་ཏོ། །དེའི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་དུ་མེའི་འོད་འཕགས་པར་གྱུར་ཏེ། གླིང་གི་སྟེང་དུ་ཆུ་བོའི་རྒྱུན་འབབ་བོ། །ཆུའི་ནུས་བ་མེ་ཡིས་ཟིལ་གྱིས་མནན་ནས་
450b
གོང་བུར་ཆགས་ཏེ་རི་བོ་མཐོན་པོར་གྱུར་ཏེ། །དེའི་ཕྱིར་རིའི་རྡེ་ལ་རྒྱབ་ན་མེ་འབྱུང་ལ་བཞུགས་པ་ན་ཆུར་འགྱུར་རོ། །སའི་ནུས་པ་ཆུས་ཟིལ་གྱིས་མནན་པས་གོང་བུར་གྱུར་ནས་རྩི་ཤིང་དུ་གྱུར་ཏོ། །དེའི་ཕྱིར་ནགས་ཚལ་བསྲེགས་བན་སའི་བདག་ཉིད་དུ་འགྱུར་ལ་བཙིར་ན་ཆུ་འབྱུང་ངོ ། །ཕན་ཚུན་དུ་འདྲེས་ནས་ས་བོན་དུ་གྱུར་པའི་ཕྱིར་རྟེན་ཅིང་འབྲེལ་པ་འདི་ལས་འཇིག་རྟེན་གྱི་ཁམས་རྒྱུན་མི་འཆད་པར་གྱུར་ཏོ། །གསལ་བའི་རྫུན་པ་གཞན་མེད་ཀྱི་དག་པའི་གསལ་བ་ལ་འཁྲུལ་ལོ། །རྫུན་པ་གཅིག་ཏུ་གནས་ནགས་ལ་བའི་ངང་ཚུལ་ལས་འདར་མི་རུང་ལ་རྟེན་ཅིང་འབྲེལ་པའི་ཆོས་དག་ལས་ཐོས་པ་ནི། སྒྲ་ལས་མི་འདའོ། །མཐོང་བ་ནི། གཟུགས་ལས་མི་འདའོ། །གཟུགས་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པའི་རྫུན་པ་རྣམ་པ་དྲུག་འདི་ལས་སྐྱེས་ནས་མཐོང་བ་དང་ཚོར་བ་དང་ཐོས་པ་དང་ཤེས་པ་རྣམས་སོ་སོར་བྲལ་ནས་ལས་ཀྱི་བྱེ་བྲག་མཐོང་ནས་འཛིན་པར་བྱེད་དོ། །ཚོགས་པ་དང་གྱེས་པ་ལས་ནི། འགྲུབ་པ་དང་འགྱུར་བའོ། །གསལ་བ་མཐོང་ནས་གཟུགས་མངོན་དུ་འགྱུར་བའོ། །གསལ་ཞིང་རིག་པ་ལས་འདུ་ཤེས་འབྱུང་ངོ ། །མཐོང་བ་མི་མཐུན་པ་ལས་ནི། སྡང་བ་སྐྱེའོ། །འདུ་ཤེས་དང་མཐུན་པ་ལས་ནི། ཆགས་པ་སྐྱེའོ། ། ཆགས་པ་ལས་རིམ་གྱིས་ས་བོན་དུ་གྱུར་ཏེ་འདུ་ཤེས་དང་འབྲེལ་ནས་མངལ་ཆགས་སོ། །འབྲེལ་བ་ལས་སྐྱེ་བ་དང་སྐྱེད་པའི་ལས་གཅིག་ཏུ་མཐུན་པའི་ཕྱིར་རྟེན་ཅིང་འབྲེལ་བའི་དབང་
451a
༄#། །གིས་མངལ་དང ། སྒོ་ང་དང ། དྲོད་གཤེར་དང ། རྫུས་སྐྱེས་ལ་སོགས་པ་མེར་མེར་པོ་དང་ནུར་ནུར་པོར་གྱུར་ནས་རང་རང་གི་སྐལ་བ་ལས་མི་འདའོ། །སྒོ་ང་ལས་སྐྱེས་པ་ཡིན་ན། འདུ་ཤེས་ལས་སྐྱེས་པ་ཡིན་ལ། མངལ་སྐྱེས་ཡིན་ན། འདོད་པའི་རྗེས་སུ་འབྲང་ངོ ། །དྲོད་གཤེར་ལས་སྐྱེས་པ་ཡིན་ན། ཚོར་བ་དང་རེག་པ་ལས་འབྱུང་བ་ཡིན་ཞིང ། རྫུས་སྐྱེས་ཡིན་ན། སྐྱེ་བ་ལས་འབྱུང་བ་ཡིན། བསམ་པ་དབང་འདུ་ཤེས་དང་ཚོགས་པ་དང་འབྲལ་བ་ནི། ཕན་ཚུན་དུ་འགྱུར་ནས་རེས་མོས་སུ་རང་རང་གིས་བསགས་པའི་ལས་ཀྱི་དབང་གིས་སྐྱེ་གནས་བཟང་བ་དང་ངན་པར་འགྲོའོ། །རྟེན་ཅིང་འབྲེལ་པ་འདི་ལ་སེམས་ཅན་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡིན་ནོ། །གང་པོ། འདུ་ཤེས་དང་ཆགས་པ་ལྷན་དུ་འབྲེལ་ནས་འདོད་པས་འབྲལ་བར་མི་ནུས་པའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་ཕ་མ་དང་བུ་དང་ཚེ་བོར་འགྱུར་ཞིང་སྐྱེས་ནས་རྒྱུན་མི་འཆད་དོ། །འདི་དག་གི་རྩ་བ་ནི། འདོད་པ་དང་ཆགས་པའོ། །སྲེད་པ་དང་ཆགས་པ་ལྷན་དུ་རྒྱས་ནས་ཆགས་པ་ལྡོག་ཏུ་མི་རུང་བའི་ཕྱིར། འཇིག་རྟེན་ཐམས་ཅད་ཀྱི་སྒོང་སྐྱེས་དང ། རྫུས་སྐྱེས་དང ། དྲོད་གཤེར་སྐྱེས་དང ། མངལ་སྐྱེས་དག་རང་རང་གི་མཐའི་དབང་གིས་མཐུ་དང་ལྡན་པས་མཐུ་མེད་པ་ཟ་ཞིང་གཙས་སོ། །འདི་དག་གི་རྩ་བ་ནི། གསོད་པ་དང་ཆགས་པའོ། །མིས་ལུགས་ཟོས་པའི་རྗེས་སུ་ལུག་དེ་མིར་སྐྱེས་
451b
ཤིང ། སྔར་གྱི་མི་དེ་ཤི་ནས་ལུག་ཏུ་སྐྱེ་བ་བཞིན་དུ་སེམས་ཅན་གྱི་རིས་བཅུའི་བར་དུ་འཆི་བཞིན་སྐྱེ་བཞིན་དུ་གཅིག་གིས་གཅིག་ལ་རེས་མོས་ཀྱིས་ལན་གློན་ཞིང་ཟ་བཞིན་དུ་ལས་ངན་པ་ལྷན་དུ་རྒྱས་ཤིང་ཕྱི་མའི་མཐའི་བར་དུ་ཐུག་པར་འགྱུར་རོ། །འདི་དག་གི་རྩ་བ་ནི། བཀུ་བ་དང་ཆགས་པའོ། །ཚུར་སྲོག་བཅད་པའི་ལན་དུ་ཕར་ཡང་ལན་འཇལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པ་འདི་ལ་བསྐལ་པ་བརྒྱ་སྟོང་འདས་ན་ཡང་སྐྱེ་འཆི་ལས་ཐར་པར་མི་འགྱུར་རོ། །ཚུར་ཡིད་འཕྲོག་པར་བྱས་པ་ན་ཕར་གཟུགས་ལ་ཆགས་པར་བྱེད་དོ། །རྟེན་ཅིང་འབྲེལ་པ་འདི་ལ་བསྐལ་པ་བརྒྱ་སྟོང་འདས་ན་ཡང་ཀུན་དཀྲིས་ལས་གྲོལ་བར་མི་འགྱུར་རོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། ལོག་པར་གཡེམ་པ་རྣམ་པ་གསུམ་པོ་འདི་ཅི་ནས་ཀྱང་རྩ་བར་གྱུར་བའི་ཕྱིར་རྟེན་ཅིང་འབྲེལ་པ་འདི་ལ་ལས་ཀྱི་འབྲས་བུ་ཕན་ཚུན་དུ་བརྒྱད་པའོ། །གང་པོ། ཕྱིན་ཅི་ལོག་གསུམ་པོ་འདི་བརྒྱུད་པ་ནི།་དག་ཅིང་གསལ་བས་ཡང་དག་པར་ཤེས་པའི་རང་བཞིན་ནོ། །ཤེས་པའི་ཕྱིར་གཟུགས་སུ་གྱུར་ཅིང་རྫུན་པའི་རྗེས་སུ་འབྲངས་ནས་སྣང་བ་མངོན་དུ་འགྱུར་རོ། །རི་དང་ཆུ་ཀླུང་དང་ས་གཞིའི་གཟུགས་དང་ཁ་དོག་ཐམས་ཅད་རིམ་གྱིས་རེས་མོས་སུ་འཁོར་བཞིན་དུ་རྫུན་པའི་འཁྲུལ་པ་འདིའི་རྐྱེན་གྱིས་ཐོག་མ་དང་ཐ་མ་མེད་པར་གཅིག་ཏུ་འཁོར་
452a
༄#། །བའོ། །གང་པོས་གསོལ་བ། གལ་ཏེ་རྨད་དུ་བྱུང་བའི་རིག་པ་འདི་གདོད་མ་ནས་རྨད་དུ་བྱུང་བའི་གསལ་བའི་རིག་པ་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། འཕེལ་བ་ཡང་མ་ཡིན། འབྲི་བ་ཡང་མ་ཡིན་པ་ལ་ཅིའི་ཕྱིར་རྒྱུ་མེད་པར་གློ་བུར་དུ་རི་དང་ཆུ་ཀླུང་དང་ས་ཆེན་པོ་དང་གཟུགས་ཐམས་ཅད་དངོས་སུ་སྐྱེ་ཞེ་ན། དེ་བཞིན་གཤེགས་པས་ད་ལྟ་རྨད་དུ་བྱུང་བའི་སྟོང་པ་དང་གསལ་བ་དང་རིག་པ་བརྙེས་པ་ཡིན་ན། རི་དང་ཆུ་ཀླུང་དང་ས་ཆེན་པོ་སོགས་དངོས་པོ་རྣམས་དང་འབྲེལ་ཞིང་གོམས་པའི་བག་ཆགས་དང་ཟག་པ་ཇི་ལྟར་ཡང་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གང་པོ་ལ་བཀའ་སྩལ་པ། དཔེར་ན། ཕྱོགས་བསླད་པའི་སྐྱེ་བོ་ཞིག་ཡུལ་ལྗོངས་ཤིག་ཏུ་ལྷོ་ལ་བྱང་ངོ་སྙམ་དུ་སེམས་པ་ན། དེ་འཁྲུལ་ནས་ཕྱོགས་བསླད་པའམ། ཡང་ན་མ་འཁྲུལ་པར་ཕྱོགས་བསླད། གང་པོས་གསོལ་པ། ཕྱོགས་བསླད་པའི་སྐྱེ་བོ་འདི་འཁྲུལ་པ་ཡང་མ་ཡིན། མ་འཁྲུལ་པ་ཡང་མ་ཡིན། ཅིའི་ཕྱིར་ཞེ་ན། འཁྲུལ་པ་ལ་རྩ་བ་མེད་ལགས་ན། ཇི་ལྟར་དེ་ལ་འཁྲུལ་པ་ཞེས་བྱ་བར་རུང ། རྟོགས་པ་ན་འཁྲུལ་པ་མི་སྐྱེ་ལགས་ན། ཇི་ལྟར་དེ་ལ་མ་འཁྲུལ་པ་ཞེས་བྱ་བར་རུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁྲུལ་པའི་སྐྱེ་བོ་དེ་འཁྲུལ་བཞིན་པའི་ཚེ་གློ་བུར་
452b
དུ་ཕྱོགས་ཤེས་པའི་སྐྱེ་བོས་བསྟན་ནས་ཤེས་པ་ན་གང་པོ། འདི་ཇི་སྙམ་དུ་སེམས། སྐྱེ་བོ་འདི་ཇི་ཙམ་འཁྲུལ་ཡང་ཡུལ་ལྗོངས་དེར་སླར་ཡང་འཁྲུལ་ལམ་ཞེས་བཀའ་སྩལ་པ་ན་གང་པོས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བོ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །འཕྲུལ་པ་འདི་ལ་གཏན་ནས་རྩ་བ་མེད་ཅིང ། རང་བཞིན་སྟོང་པ་ཉིད་དོ། །གཏན་ནས་འཁྲུལ་པ་མེད་པ་ལ་འཁྲུལ་པའོ་སྙམ་དུ་སེམས་སོ། །འཁྲུལ་པ་རིག་ན་འཁྲུལ་པ་དེ་འགག་པར་འགྱུར་ལ་སླར་ཡང་མི་སྐྱེའོ། །སྐྱེ་བོ་རབ་རིབ་ཅན་བར་སྣང་སྟོང་པ་ལར་རི་མཐོང་བ་དང་འདྲ་སྟེ། ནད་དང་བྲལ་མ་ཐག་ཏུ་བར་སྣང་ལ་ར་རི་མཐོང་བ་མེད་པར་འགྱུར་རོ། །གལ་ཏེ་སྐྱེ་བོ་བླུན་པོ་སྟོང་པའི་ར་རི་དག་ནས་སླར་ཡང་སྟོང་པ་ལས་ར་རི་སྣང་བ་ལ་སྒུག་ན་ཁྱོད་ཀྱིས་དེ་བླུན་པོ་ཞེས་བྱའམ། བློ་དང་ལྡན་པ་ཞེས་བྱ། གང་པོས་གསོལ་པ།་བར་སྣང་སྟོང་པ་ལ་གདོད་མ་ནས་ར་རི་མེད་དོ། །འཁྲུལ་ནས་ར་རི་སྐྱེ་བ་དང ། ར་རི་དང་བྲལ་བ་མཐོང་ངོ ། །ར་རི་སྣང་བའི་སྟོང་པ་ལ་ར་རི་དང་བྲལ་བ་མཐོང་བ་ནི། ཕྱིན་ཅི་ལོག་ཡིན་པ་ལ། སླར་ཡང་དེ་སྣང་དུ་རེ་བ་ན། དེ་ངེས་པར་ཕྱིན་ཅི་ལོག་གི་བླུན་པོ་ཡིན། འདི་ལྟ་བུ་ཕྱིན་ཅི་ལོག་གི་སྐྱེ་བོ་ལ་བླུན་པོའམ་བློ་དང་ལྡན་པ་ཞེས་ཇི་ལྟར་འདྲིར་རུང ། བཅོམ་
453a
༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཕྱེ་སྟེ་སྨྲས་པ་ལྟར་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་རྨད་དུ་བྱུང་བའི་རིག་པ་འོད་གསལ་སྟོང་པ་ལ་ཅིའི་ཕྱིར་ཡང་རི་དང་ཆུ་ཀླུང་ས་ཆེན་པོ་འབྱུང་བར་འགྱུར་ཞེས་འདྲི་བར་བྱེད། ཡང་དཔེར་ན། གསེར་ཁོང་ན་ཡོད་པའི་གསེར་ལྷད་དང་འདྲེས་པ་དེ་བཞུས་པ་ན་སླར་ཡང་གཞན་དུ་མི་འགྱུར་ལ། ཤིང་ཐལ་བར་གྱུར་པ་དེ་སླར་ཡང་ཤིང་དུ་མི་འགྱུར་བ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །གང་པོ།་ཡང་ཁྱོད་ཀྱིས་དྲིས་པའི་ས་ཆུ་མེ་རླུང་གི་རང་བཞིན་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ན་ཆུ་དང་མེའི་ཁམས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་ནས་མི་འགག་གམ་སྙམ་དུ་རྟོག་ཅིང ། ཡང་ནམ་མཁའ་སྟོང་པ་དང་ས་ཆེན་པོ་ལ་སོགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཁྱབ་ནས་ངེས་པར་ཕན་ཚུན་དུ་ཆུད་པར་མི་རིགས་སོ། །ཞེས་སྨྲ་ན།་གང་པོ། དཔེར་ན། ནམ་མཁའ་སྟོང་པ་བཞིན་གཟུགས་ནི། ཐམས་ཅད་ཀྱི་རྣམ་པ་མིན་ཡང་རྣམ་པ་སྣ་ཚོགས་པ་དེ་དག་མངོན་དུ་གྱུར་པ་མི་འགོག་གོ་།ཅིའི་ཕྱིར་ཞེ་ན།་གང་པོ། ནམ་མཁའ་སྟོང་པ་ལ་ཉི་མ་ཤར་ན་སྣང་བར་འགྱུར་རོ། །སྤྲིན་གྱིས་སྒྲིབ་ན་མོག་བོར་འགྱུར་རོ། །རླུང་ལྡང་ན་གཡོ་བ་འབྱུང་ལ། སྤྲིན་དང་བྲལ་ན་དྲངས་
453b
པར་འགྱུར་རོ། །ན་བུན་འཐིབས་ན་མི་གསལ་བར་འགྱུར་ཞིང ། རྡུལ་ལངས་ན་རྙོག་མ་ཅན་དུ་འགྱུར་རོ། །ཆུ་དྭངས་ན་གཟུགས་སྣང་བར་འགྱུར་རོ། །ཁྱོད་ཇི་སྙམ་དུ་སེམས། དེ་ལྟར་ཕྱོགས་ཐམས་ཅད་ཀྱི་རྣམ་པ་དངོས་པོ་རང་རང་གི་གནས་ནས་སྐྱེས་སམ། ཡང་ན་སྟོང་པ་ལ་ཡོད་དམ། གལ་ཏེ་རང་རང་གི་གནས་ལས་སྐྱེས་སོ་ཞེ་ན། གང་པོ། དཔེར་ན་ཉི་མ་ཤར་བའི་ཚེ་འོད་དེ་ངེས་པར་ཉི་མའི་འོད་ཡིན་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འགྱུར་གྱི། ཅིའི་ཕྱིར་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་གཅིག་ཉིད་ལ་ལྟོས།་གལ་ཏེ་ནམ་མཁའི་འོད་ཡིན་ཞེ་ན། ནམ་མཁའ་རང་ཉིད་ལྷམ་མེར་འགྱུར་བར་རིགས་པས། མཚན་གུང་དང་སྤྲིན་དང་ན་བུན་འཐིབས་པའི་ཚེ་ཅིའི་ཕྱིར་འོད་གསལ་བ་མཐོང་བར་མི་འགྱུར། དེས་ན་སྣང་བ་དེ་ཉི་མའི་རྐྱེན་ལས་བྱུང་བ་མ་ཡིན། ནམ་མཁའི་རྐྱེན་ལས་བྱུང་བ་མ་ཡིན། ནམ་མཁའ་དང་ཉི་མ་ཐ་དད་པའི་རྐྱེན་ལས་བྱུང་བ་མ་ཡིན་ཞེས་ཤེས་པར་རིགས། རྣམ་པ་ལ་དཔྱད་ན། གདོད་མ་ནས་རྫུན་པ་ངོས་གཟུང་མེད་པ་ལ་སྟོང་པའི་མེ་ཏོག་ལས་སྟོང་པའི་འབྲས་བུ་ཆགས་པ་ལྟར་ཅིའི་ཕྱིར་དེའི་སྐབས་མེད་པར་ཕན་ཚུན་གནོད་བྱ་གནོད་བྱེད་དུ་འགྱུར་བའི་དོན་འདྲི་རུང་ངམ། རང་བཞིན་ལ་དཔྱད་ན། གདོད་མ་ནས་བདེན་ཞིང་རྨད་དུ་བྱུང་བའི་གསལ་བའི་རིགས་དེ་ཙམ་མོ། །རྨད་དུ་
454a
༄#། །བྱུང་བའི་སེམས་གསལ་རིག་ནི། གདོད་མ་ནས་ཆུ་དང་མེ་མ་ཡིན་པ་ལ་ཅིའི་ཕྱིར་ཕན་ཚུན་དུ་མི་ཆུད་པ་དྲིས། ངེས་པར་རྨད་དུ་བྱུང་བའི་གསལ་རིག་ཀྱང་དེ་བཞིན་ནོ། །ཁྱོད་སྟོང་པ་ཉིད་འདོད་ན་སྟོང་པ་ཉིད་མངོན་དུ་འགྱུར་རོ། །ས་ཆུ་མེ་རླུང་འདོད་ན་དེ་ཡང་སོ་སོར་གསལ་བར་འགྱུར་རོ། །གལ་ཏེ་ཡོད་དོ་ཅོག་གསལ་བར་བྱེད་ན།་དེ་དག་ཀྱང་སོ་སོར་གསལ་བར་འགྱུར་རོ། །ཅིའི་ཕྱིར་ཐམས་ཅད་གསལ་བ་ཡིན་ཞེ་ན། གང་པོ། དཔེར་ན། ཆུའི་ནང་དུ་ཉི་མའི་གཟུགས་བརྙན་མཐོང་བ་ལྟར་སྐྱེ་བོ་གཉིས་ཀྱིས་མཉམ་དུ་ཆུའི་ནང་གི་ཉི་མ་ལ་བལྟ་བཞིན་དུ་གྱེས་ནས་ཕྱོགས་ཤར་ནུབ་ཏུ་སོང་བ་ན་སོ་སོར་ཉི་མའི་གཟུགས་བརྙན་རེ་རེ་རྗེས་སུ་འབྲངས་ནས་འགྲོ་ཡང་ཤར་དུ་གཅིག་དང་ནུབ་ཏུ་གཅིག་གདོད་མ་ནས་མེད་ལ་ཉི་མ་གཅིག་ཉིད་ཀྱང་ཅིའི་ཕྱིར་སོ་སོར་འགྲོ། །ཉི་མ་སོ་སོ་བ་གཉིས་ཡིན་ན། ཅིའི་ཕྱིར་ཉི་མ་གཅིག་གི་གཟུགས་བརྙན་མཐོང་ཞེས་རྒོལ་ཞིང་སྨྲ་བར་མི་རིགས་སོ། །ཡང་དང་ཡང་དུ་བརྟགས་ན་རྫུན་དང་གསོབ་ཁོ་ན་ཡིན་ཞིང་ངེས་པའི་གཏད་སོ་མེད་དོ། །གང་པོ། ཁྱོད་གཟུགས་དང་སྟོང་པ་ཕན་ཚུན་འགལ་ཟླར་བཟུང་ནས་དེ་བཞིན་གཤེགས་པའི་སྙིང་པོར་རྟོག་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་གཟུགས་དང་སྟོང་པར་གྱུར་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་
454b
ཁྱབ་པའོ། །དེས་ན་དེའི་ནང་ནས་རླུང་ནི། གཡོ་ཞིང ། ནམ་མཁའ་ནི། རང་བཞིན་དུ་གནས་སོ། །ཉི་མ་ནི། སྣང་བར་བྱེད་ལ། སྤྲིན་ནི། མོག་པོར་བྱེད་དོ། །སེམས་ཅན་ཐམས་ཅད་རྨོངས་ཤིང་འཁྱམས་ནས་རིག་པ་ལས་གཞན་དུ་གྱུར་ཏེ་ཡུལ་ལ་ལྟོས་པས། དེ་ཡིས་ཡིད་ཉོན་མོངས་ཏེ་འཁྲུལ་པ་བྱུང་སྟེ་འཇིག་རྟེན་གྱི་གཟུགས་སུ་གྱུར་ཏོ། །ངའི་རྨད་དུ་བྱུང་བའི་གསལ་བ་འགག་པ་མེད་པ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ལ་ལྟོས་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྨད་དུ་བྱུང་བའི་གསལ་རིག་གཅིག་པུས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་ནས་གསལ་བར་བྱེད་དོ། །དེའི་ཕྱིར་འདིའི་ནང་ནས་གཅིག་དཔག་ཏུ་མེད་པར་གྱུར་ལ། དཔག་ཏུ་མེད་པ་ཡང་གཅིག་ཏུ་གྱུར་ཏོ། །ཆུང་བ་ལས་ཆེ་བ་མངོན་དུ་གྱུར་ཅིང ། ཆེ་བ་ལས་ཆུང་བ་མངོན་དུ་གྱུར་ཏོ། །ཆོས་ཀྱི་དབྱིངས་ལས་མི་གཡོ་ཞིང ། ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཁྱབ་བོ། །སྐུ་ལ་ཕྱོགས་བཅུའི་མཐའ་མེད་པའི་ནམ་མཁའ་སྟོང་པ་ཆུད་ཅིང ། སྐྲའི་རྩེ་མོ་གཅིག་ཏུ་སངས་རྒྱས་ཀྱི་ཞིང་སྣང་བར་མཛད་དོ། །རྡུལ་གཅིག་གི་ནང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཡུལ་འགག་ནས་རིག་པ་ལ་ལྟོས་པས། དེ་བཞིན་ཉིད་རྨད་དུ་བྱུང་བའི་གསལ་རིག་གི་རང་བཞིན་བྱུང་ངོ ། །དེ་ལྟར་ཡིན་པ་ལ་དེ་བཞིན་
455a
༄#། །གཤེགས་པའི་སྙིང་པོ་རྨད་དུ་བྱུང་བའི་གདོད་མའི་སེམས་ནི། སེམས་མ་ཡིན། སྟོང་པ་མ་ཡིན། ས་མ་ཡིན། ཆུ་མ་ཡིན། རླུང་མ་ཡིན། མེ་མ་ཡིན།་མིག་མ་ཡིན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་མ་ཡིན། གཟུགས་མ་ཡིན། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་མ་ཡིན། མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མ་ཡིན་ནོ། །རིག་པ་དང ། མ་རིག་པ་དང ། རིག་པ་དང་མ་རིག་པ་ཟད་པ་མ་ཡིན་པ་ནས་རྒ་པ་མ་ཡིན། ཤི་བ་མ་ཡིན། རྒ་ཤི་ཟད་པ་མ་ཡིན། སྡུག་བསྔལ་བ་མ་ཡིན། སྐྱེ་བ་མ་ཡིན། འགག་པ་མ་ཡིན། ལམ་མ་ཡིན། ཡེ་ཤེས་མ་ཡིན། ཐོབ་པ་མ་ཡིན།་སྦྱིན་པ་མ་ཡིན། ཚུལ་ཁྲིམས་མ་ཡིན། བརྩོན་འགྲུས་མ་ཡིན། བཟོད་པ་མ་ཡིན། བསམ་གཏན་མ་ཡིན། ཤེས་རབ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་མ་ཡིན། དེ་བཞིན་དུ་དེ་བཞིན་གཤེགས་པ་མ་ཡིན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན། མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན། རྟག་པ་མ་ཡིན། བདེ་བ་མ་ཡིན། བདག་མ་ཡིན། གཙང་བ་མ་ཡིན་ཏེ། འདི་དག་ཐམས་ཅད་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས་
455b
པའི་སྙིང་པོ་རྨད་དུ་བྱུང་བ་གདོད་མའི་གསལ་རིག་འདི་ཉིད་སེམས་ཉིད་དང ། སྟོང་པ་ཉིད་དང ། ས་ཉིད་དང ། ཆུ་ཉིད་དང ། རླུང་ཉིད་དང ། མེ་ཉིད་དང ། མིག་ཉིད་དང ། རྣ་བ་ཉིད་དང ། སྣ་དང ། ལྕེ་དང ། ལུས་དང ། སེམས་ཉིད་དོ། གཟུགས་ཉིད་དང ། སྒྲ་ཉིད་དང ། དྲི་དང ། རོ་དང ། རེག་བྱ་དབང ། ཆོས་ཉིད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཉིད་ནས་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱི་བར་རོ། །རིག་པ་ཉིད་དང ། མ་རིག་པ་ཉིད་དང ། ཡང་རིག་པ་དང་མ་རིག་པ་ཟད་པ་ནས་རྒ་བ་ཉིད་དང ། ཤི་བ་ཉིད་དང ། རྒ་ཤི་ཟད་པའི་བར་ཉིད་དོ། །སྡུག་བསྔལ་ཉིད་དང ། སྐྱེ་བ་ཉིད་དང ། འགག་པ་ཉིད་དང ། ལམ་ཉིད་དང ། ཡེ་ཤེས་ཉིད་དང ། ཐོབ་པ་ཉིད་དོ། །སྦྱིན་པ་ཉིད་དང ། ཚུལ་ཁྲིམས་ཉིད་དང ། བརྩོན་འགྲུས་ཉིད་དང ། བཟོད་པ་ཉིད་དང ། བསམ་གཏན་ཉིད་དང ། ཤེས་རབ་ཉིད་དང ། ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་གཤེགས་པ་ཉིད་དང ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང ། མྱ་ངན་ལས་འདས་པ་ཆེན་པོ་ཉིད་དང ། རྟག་པ་ཉིད་དང ། བདེ་བ་ཉིད་དང ། བདག་ཉིད་དང ། གཅིང་བའི་བར་ཉིད་དོ། །འདི་དག་ཐམས་ཅད་ནི། འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་རྨད་དུ་བྱུང་བ་གདོད་མའི་གསལ་རིག་ཉིད་
456a
༄#། །ཡིན་ཞིང ། ཡིན་པ་དང་བྲལ་བ་དང ། མ་ཡིན་པ་དང་བྲལ་བ་ཉིད་ནི། ཡིན་པ་ཉིད་དང་མ་ཡིན་པ་ཉིད་མ་ཡིན་ནོ། །འཇིག་རྟེན་སྲིད་པ་གསུམ་དུ་འཁྱམས་པའི་སེམས་ཅན་ཐམས་ཅད་དང ། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་རྒྱལ་རྣམས་རང་རང་གི་རྣམ་པར་ཤེས་པ་ལ་དཔགས་ནས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་བྱང་ཆུབ་དང ། །འཇིག་རྟེན་གྱི་གཏམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་བལྟའོ། །ཞེས་ཇི་ལྟར་སྨྲ། དཔེར་ན། པི་ཝང་རྒྱུད་བདུན་པ་དང ། རྒྱུད་ཉེར་ལྔ་པ་དང ། རྒྱུད་བཅུ་བཞི་པ་དང ། རྒྱུད་བཞི་པ་རྣམས་དང་འདྲ་སྟེ། ཇི་ཙམ་དུ་དབྱངས་སྙན་ཀྱང་སོར་མོ་མཉེན་པ་མ་ཡིན་ན་ཇི་ལྟར་ཡང་འབྱིན་མི་ནུས་པ་བཞིན་ནོ། །ཁྱེད་ཅག་སེམས་ཅན་ཐམས་ཅད་འདི་ཉིད་དང་འདྲའོ། །རིན་པོ་ཆེ་ལྟ་བུ་ཡང་དག་པའི་སེམས་གསལ་རིག་སོ་སོར་རྫོགས་པར་ཁྱབ་ན་ཡང་གལ་ཏེ་ངའི་སོར་མོས་མནན་པ་ཙམ་གྱིས་རྒྱ་མཚོ་ལྟ་བུའི་ཕྱག་རྒྱས་འོད་ཟེར་ལྷམ་མེར་མཐོང་ངོ ། །ཁྱོད་ཀྱི་སེམས་གཡོས་མ་ཐག་ཏུ་དང་པོ་ཁོ་ནར་ཡུལ་དང་ཉོན་མོངས་པའི་འཁྲུལ་པ་སྐྱེའོ། །འདི་ཐམས་ཅད་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ནན་ཏན་དུ་མི་བརྩོན་པར་ཐེག་པ་དམན་པ་ལ་མོས་ཤིང་འདོད་ནས་ཅུང་ཟད་ཐོས་པས་ངོམས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །གང་པོས་གསོལ་པ། བདག་
456b
དེ་བཞིན་གཤེགས་པའི་རྨད་དུ་བྱུང་བ་ཡང་དག་པའི་གསལ་རིགས་དྭངས་པའི་སེམས་དེ་བཞིན་གཤེགས་པ་དང་འདྲ་བར་ཀུན་ཏུ་ཁྱབ་པ་ནི། གཞན་དུ་མེད་པ་ལ། བདག་གིས་ཐོག་མ་མེད་པ་ནས་རྟོག་པའི་སེམས་ཀྱིས་བཟུང་ནས་འཁོར་བར་ཡུན་རིང་དུ་འཁྱམས་པས། ད་ལྟ་ཐེག་པ་མཆོག་ཐོབ་ཀྱང་ད་དུང་མཐར་ཐུག་པ་ལ་ཤིན་ཏུ་རིང་ངོ ། །བཅོམ་ལྡན་འདས་ནི། འཁྲུལ་པ་ཐམས་ཅད་ཟད་ནས་གཅིག་པུར་རྨད་དུ་བྱུང་བ་ཡང་དག་པ་བརྙེས་སོ། །དེ་བཞིན་གཤེགས་པ་ལ་སྤྲོ་བ་བསྐྱེད་ནས་གསོལ་པ། སེམས་ཅན་ཐམས་ཅད་ཅིའི་ཕྱིར་འཁྲུལ་པས་བཟུང་ནས་རང་གི་གསལ་རིག་སྒྲིབ་ཅིང་འདི་ལྟར་བྱིང་ནས་སྡིག་པ་མྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་གང་པོ་ལ་བཀའ་སྩལ་པ། ཁྱོད་ཐེ་ཚོམ་ཟད་ཀྱང་གཏན་ནས་མ་ཟད་དོ། །ངས་འཇིག་རྟེན་དུ་གསལ་བའི་དོན་གཅིག་བཟུང་ནས་ཁྱོད་ལ་འདྲི་བར་བྱའོ། །ཁྱོད་ཀྱིས་མཉན་ཡོད་ཀྱི་སྐྱེ་བོ་ཨཱ་ཛྙཱ་ཏ་ཏིའི་ཚུལ་མ་ཐོས་སམ། དེ་སྔ་དྲོ་ཞིག་གློ་བུར་དུ་རང་གི་བྱད་བཞིན་མཐོང་བར་འདོད་ནས་མེ་ལོང་ལ་བལྟས་ཏེ་མཐོང་བ་ན་ཅིའི་ཕྱིར་མ་མཐོང་སྙམ་དུ་སྐྲག་ཅིང་གདུང་བས་མ་བཟོད་ནས་གདོན་གྱི་འཁྲུལ་དུ་བསམ་སྟེ་མྱོས་པ་ལྟ་བུར་ཕྱོགས་ཀུན་ཏུ་གཏོལ་མེད་པར་རྒྱུ་བ་འདི་ལ་ཁྱོད་ཇི་སྙམ་དུ་སེམས། མི་འདི་ཅིའི་ཕྱིར་རྒྱུ་མཚན་མེད་པར་མྱོས་ནས་གཏོལ་
457a
༄#། །མེད་པར་རྒྱུ་བ་ཡིན། གང་པོས་གསོལ་པ། མི་འདིའི་སེམས་མྱོས་པ་ཡིན་གྱི་རྒྱུ་མཚན་གཞན་གཏན་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་རྨད་དུ་བྱུང་བའི་གསལ་རིག་ནི། གདོད་མ་ནས་ལྡན་པའི་རྨད་དུ་བྱུང་བའི་གསོལ་བའོ། །མི་བདེན་ཞེས་པ་ཙམ་དུ་ཟད་ཀྱི་བརྟེན་པའི་རྒྱུ་མཚན་ཅི་ཡོད། །གལ་ཏེ་བརྟེན་པའི་རྒྱུ་མཚན་ཡོད་ཅེ་ན། ཇི་ལྟར་མི་བདེན་ཞེས་བརྗོད་དུ་རུང ། སྣ་ཚོགས་པའི་འཁྲུལ་པའི་རྟོག་པ་གཅིག་ལ་གཅིག་བརྟེན་པས་འཁྱམས་པ་ལས་ཀྱང་འཁྱམས་ཏེ་རྡུལ་སྙེད་ཀྱི་བསྐལ་པ་འདས་སོ། །འདི་ལ་དེ་བཞིན་གཤེགས་པས་ཇི་ཙམ་གསལ་བར་གསུངས་ཀྱང་ཁོང་དུ་ཆུད་པར་མི་ནུས་སོ། །འདི་ལྟར་འཁྱམས་པའི་རྒྱུ་ནི། འཁྲུལ་པ་ལ་བརྟེན་ནས་བྱུང་བ་ཡིན་གྱི། འཁྲུལ་པའི་གཞི་མེད་པར་ཤེས་ན། འཁྲུལ་པའི་རྟེན་མི་རྙེད་དོ། །འདི་ལ་ཕྱིར་ཞིང་སྐྱེ་བ་མེད་པ་ལ་འགག་པ་ཇི་ལྟར་ཡོད་ཅེས་བྱ།་བྱང་ཆུབ་ཐོབ་པ་རྣམས་གཉིད་སད་པའི་མི་རྨི་ལམ་སྨྲ་བ་དང་འདྲའོ། །སེམས་ཇི་ལྟར་གསལ་ཡང་རྟེན་འབྲེལ་གང་ལ་བརྟེན་ནས་རྨི་ལམ་ནང་གི་དངོས་པོ་ལེན་པར་ནུས། འདི་གདོད་མ་ནས་མེད་པ་ལ་བརྟེན་པའི་རྒྱུ་མེད་པར་སྨོས་ཅི་དགོས། ད་ལྟ་ཡང་གྲོང་ཁྱེར་དེའི་ནང་ཨཱ་ཛྙཱ་ཏ་ཏི་རྒྱུ་རྐྱེན་གང་ལས་རང་གི་མགོ་
457b
ལས་འཇིགས་ནས་བྲོས་པ་ཡིན། གློ་བུར་དུ་མྱོས་པ་སངས་པ་ན་མགོ་བོ་གཞན་ནས་རྙེད་པ་མ་ཡིན་ལ། མྱོས་པ་མ་སངས་པ་ན་ཡང་དངོས་པོ་དོར་བ་མེད་དོ། །གང་པོ། འཁྲུལ་བའི་རང་བཞིན་འདི་ལྟར་ན་རྒྱུ་གང་ཞིག་ཡོད། ཁྱོད་གཅིག་པུ་འཇིག་རྟེན་དང ། ལས་ཀྱི་འབྲས་བུ་དང ། སེམས་ཅན་ཐམས་ཅད་སོ་སོར་འབྱེད་པ་རྣམ་པ་གསུམ་པོས་གཅིག་ནས་གཅིག་ཏུ་བརྒྱུད་པའི་དབང་གིས་རྗེས་སུ་ནི་འབྲང་ན། རྣམ་པ་གསུམ་པོའི་འབྲེལ་པ་དང་བྲལ་བས་རྣམ་པ་གསུམ་པོའི་རྒྱུ་མི་འབྱུང་བའི་ཕྱིར་ཨཱ་ཛྙཱ་ཏ་ཏི་མྱོས་པས་སངས་པ་བཞིན་དུ་ཁྱོད་ཀྱི་སེམས་ཀྱི་འཁྲུལ་པ་རང་གི་ངང་གིས་སངས་པར་འགྱུར་ལ། སངས་མ་ཐག་ཏུ་བྱང་ཆུབ་མཆོག་གི་སེམས་གསལ་རིག་ཉིད་མངོན་དུ་འགྱུར་རོ། ། གདོད་མ་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་བཞིན་པར་ཡོད་ཀྱི་གཞན་ལས་རྙེད་པ་མ་ཡིན་ནོ། །འདི་ལ་ཅིའི་ཕྱིར་ལུས་སེམས་ངལ་ཞིང་དུབ་པའི་དཀའ་ཐུབ་\?\་བརྟེན་ཏེ་ཐོབ་པར་འགྱུར། དཔེར་ན། སྐྱེ་བ་འགའ་ཞིག་རང་གི་གོས་ཀྱི་ནང་དུ་ཡིད་བཞིན་གྱི་ནོར་བུ་ཐོགས་ཏེ་རང་ཉིད་ཀྱིས་མ་ཤེས་པར་གནས་གཞན་དུ་སློང་ཞིང་རྒྱུ་བ་དང་འདྲ་སྟེ། དེ་ཇི་ཙམ་དུ་དབུལ་ན་ཡང་ནོར་བུ་དེ་བརླག་པ་མ་ཡིན་ནོ། །གློ་བུར་དུ་སྐྱེ་བོ་མཁས་པས་དེའི་ནོར་བུ་དེ་ལ་བསྟན་པ་ན་རང་ཉིད་ཀྱི་འདོད་པ་ཚིམ་ཞིང་དོན་ཐམས་ཅད་ཡིད་
458a
༄#། །བཞིན་དུ་འགྲུབ་ཅིང་འབྱོར་པ་ཕུན་སུམ་ཚོགས་ནས་གདོད་ཡིད་བཞིན་གྱི་ནོར་བུ་གཞན་ནས་རྙེད་པ་མ་ཡིན་པར་ཤེས་སོ། །ཞེས་བཀའ་སྩལ་པ་དང ། དེའི་ཚེ་ཀུན་དགའ་བོ་འཁོར་འདུས་པའི་ནང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ནས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་ལོག་པར་གཡེམ་པ་དེ་དག་གསུངས་པ་ན། རྣམ་པ་གསུམ་པོའི་འབྲེལ་པ་དང་བྲལ་བས་རྣམ་པ་གསུམ་པོའི་རྒྱུ་མི་འབྱུང་བའི་ཕྱིར་སེམས་ཀྱི་ཨཱ་ཛྙཱ་ཏ་ཏི་མྱོས་པའི་རང་བཞིན་རང་གི་ངང་གིས་སངས་སོ། །སངས་པ་ན་དེ་ཉིད་བྱང་ཆུབ་ཀྱི་གོ་འཕང་ཉིད་ཡིན་གྱི་གཞན་ནས་རྙེད་པ་མ་ཡིན་པ་ཞེས་བྱའོ། །འདི་ལྟར་ན་རྟེན་འབྲེལ་ནི། ཤིན་ཏུ་གསལ་བར་མངོན་དུ་གྱུར་པ་ཡིན་ཞིང ། དེ་བཞིན་གཤེགས་པས་ཅིའི་ཕྱིར་རྟེན་འབྲེལ་གཏན་ནས་འདོར། བདག་གིས་ཐོག་མ་ནས་རྟེན་འབྲེལ་གྱིས་བློ་ཕྱེ་ནས་སད་དོ། །བཅོམ་ལྡན་འདས། དོན་འདི་བདག་ཅག་ཉན་ཐོས་སློབ་པ་ན་ཚོད་མ་ཡོལ་བ་དག་ཁོ་ན་མ་ཡིན་པར་ད་ལྟ་འདུས་པ་འདིའི་མཽངྒལ་ཆེན་པོ་དང ། ཤཱ་རིའི་བུ་དང ། རབ་འབྱོར་ལ་སོགས་པ་བྲམ་ཟེ་རྒན་པོ་དགེ་སངས་རྒྱས་ཀྱི་རྟེན་འབྲེལ་ཐོས་པས་སེམས་བསྐྱེད་
458b
ཅིང་དེ་ཉིད་རྟོགས་ཏེ་ཟག་མེད་ཀྱི་འབྲས་བུ་ཐོབ་པ་མ་ཡིན་ནམ། ད་ལྟ་བྱང་ཆུབ་ཀྱི་གོ་འབང་གསུངས་པ་ལ་རྟེན་འབྲེལ་ལ་མི་ལྟོས་ཤེ་ན། རྒྱལ་པོའི་ཁབ་ཀྱི་ཀླུ་ཤ་ལི་ལ་སོགས་པའི་སྐྱེ་བོ་དག་གིས་སྨྲས་པའི་རང་བྱུང་ཞེས་བྱ་བ་དེ་དོན་དམ་པ་ཞེས་སྨྲ་རུང་ངམ། བརྩེ་བ་ཆེན་པོས་བདག་རྨོངས་ཏེ་འཁྱམས་པ་འདི་འབྱེད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ད་ལྟ་ཡང་གྲོང་ཁྱེར་གྱི་ཨཱ་ཛྙ་དྷ་ཏི་དང་མྱོས་པའི་རང་བཞིན་གྱི་རྟེན་འབྲེལ་འགག་ནས་སངས་ན། མྱོས་པ་མ་ཡིན་པའི་རང་བཞིན་རང་གི་ངང་གིས་བྱུང་ལ། རྟེན་འབྲེལ་དང་རང་བྱུང་བའི་ཚུལ་འདར་ཟད་དོ། །ཀུན་དགའ་བོ། ཨཱཛྙཱ་ཏ་ཏིའི་མགོ་རང་ལ་ཡོད་བཞིན་པ། གཞི་ནས་ཡོད་བཞིན་པ་མེད་བཞིན་པ་མ་ཡིན་པ། འདི་ལ་རྟེན་འབྲེལ་གྱི་རྒྱུ་ཅི་ལས་མགོ་ལ་སྐྲག་ནས་མྱོས་ཏེ་བྲོས། གལ་ཏེ་ཡོད་བཞིན་པའི་མགོ་ནི། རྟེན་འབྲེལ་གྱིས་མྱོས་པ་ཡིན་ཞེ་ན། ཅིའི་ཕྱིར་རྟེན་འབྲེལ་གྱི་དབང་གིས་རང་བྱུང་མི་འདོར། དེའི་མགོ་མ་དོར་བཞིན་དུ་རྒྱུ་མཚན་མེད་པར་མྱོས་ནས་སྐྲག་པ་བསྐྱེད་ན་ཡང་འཕོ་བ་དང་འགྱུར་བ་གཏན་ནས་མེད་དོ། །རྟེན་འབྲེལ་ལ་ཅི་ལྟོས་ཏེ་རང་མྱོས་པ་ཡིན་ཞེ་ན། ལྷན་སྐྱེས་སུ་མྱོས་ནས་སྐྲག་པའི་གནས་ཡོད་དོ། །མྱོས་པའི་སྔོན་དུ་མྱོས་པ་དེ་གང་དུ་སྦས་པ་ཡིན། རང་མ་མྱོས་ཤེ་ན།
459a
༄#། །མགོ་ལ་ཅི་ཡང་མ་བྱུང་བ་ལ། ཅིའི་ཕྱིར་མྱོས་ནས་བྲོས། གལ་ཏེ་ཚུལ་དེ་རིག་ནས་མྱོས་ཏེ་བྲོས་པ་ཡིན་ཞེ་ན། རྟེན་འབྲེལ་དང ། རང་བྱུང་བ་ཞེས་སྨྲ་བ་ནི། རྩེད་མོའི་གཏམ་དུ་འགྱུར་རོ། །དེའི་ཕྱིར་བདག་གིས་འབྲེལ་པ་རྣམ་གསུམ་དང་བྲལ་བ་ནི། བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བསྐྱེད་ན་སྐྱེ་བ་དང་འགག་པའི་སེམས་འགག་གོ། ཞེས་གསུངས་སོ། །འདི་ནི། སྐྱེ་བ་དང་འགག་པ་ཁོ་ན་སྨྲས་པ་ཡིན་གྱི། སྐྱེ་བ་དང་འགག་པ་རྣམ་པར་དག་ན་རྩོལ་བ་བྱ་དགོས་པའི་གནས་མེད་དོ། ། གལ་ཏེ་འདི་ལྟར་རང་སྐྱེ་བའི་གནས་ཡོད་ན། རང་སེམས་བསྐྱེད་ནས་སྐྱེ་བ་དང་འགག་པའི་སེམས་འགག་གོ་ཞེས་གལ་རིགས། འདི་ཉིད་སྐྱེ་བ་དང་འགག་པ་ཡོད་ཀྱི། སྐྱེ་འགག་མེད་པ་ཉིད་ཀྱིས་རང་བྱུང་ཞེས་བཏགས་པར་རིགས་སོ། །དཔེར་ན། འཇིག་རྟེན་གྱི་གཟུགས་ཐམས་ཅད་འཕྲད་ཅིང་ལྟོས་ནས་གཅིག་ཏུ་གྱུར་པ་ལ་འཕྲད་ཅིང་ལྟོས་པ་མ་ཡིན་པ་ནི། རང་བྱུང་བའི་རང་བཞིན་ཞེས་བྱ། རང་བྱུང་བའི་རང་བཞིན་དང་རང་བྱུང་བའི་རང་བཞིན་མ་ཡིན་པ་དང ། འཕྲད་ཅིང་ལྟོས་པ་དང་འཕྲད་ཅིང་ལྟོས་པ་མ་ཡིན་པ་དང ། འཕྲད་ཅིང་ལྟོས་པ་དང་རང་བྱུང་བའི་རང་བཞིན་ཐམས་ཅད་དང་འབྲལ་བ་དང ། འབྲལ་བ་དང་འཕྲད་པ་ཐམས་ཅད་མ་ཡིན་ནོ། །ཚིག་འདི་གདོད་རྩེད་
459b
མོའི་ཚིག་མ་ཡིན་པར་ཆོས་ཞེས་བྱ་བར་རིགས་སོ། །བྱང་ཆུབ་མྱང་འདས་ད་དུང་ཐག་རིང་ངོ ། །ཁྱོད་གལ་ཏེ་བསྐལ་པ་མང་པོར་བརྩོན་འགྲུས་ཀྱིས་དཀའ་བ་སྤྱད་ནས་མངོན་དུ་མ་བྱས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྨད་དུ་བྱུང་བའི་ལུགས་མི་བརྗེད་པར་བཟུང་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཚད་དུ་གྱུར་ཀྱང་རྩེད་མོའི་ཚིག་ཙམ་དུ་ཟད་དེ་ཉིད་ལ་ཕན་པར་གྱུར། ཁྱོད་རྟེན་འབྲེལ་དང་རང་བྱུང་བའི་ཚུལ་སྨྲས་པ་ནི། ཤིན་ཏུ་གསལ་བས་འཇིག་རྟེན་ན་ཁྱོད་ལ་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཅེས་བསྔགས་ཤིང་བསྐལ་པ་མང་པོར་ཐོས་པའི་སྟོབས་ཀྱིས་བསླབ་ཅིང་སྦྱངས་པ་ལྷག་པར་གྱུར་ན་ཡང་བུ་མོ་མ་ཏངྒིའི་འཇིགས་པ་ལས་ཐར་པར་མ་ནུས་སོ། །དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་རིག་སྔགས་ཀྱིས་བུ་མོ་མ་ཏངྒིའི་སེམས་ཀྱི་འདོད་ཆགས་ཀྱི་མེ་སྐད་ཅིག་ལ་བཅིལ་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཅིང་བདག་གི་བསྟན་པ་ལ་བརྩོན་འགྲུས་ཀྱིས་ནན་ཏན་མཐར་ཕྱིན་པ་གྲུབ་སྟེ་འདོད་ཆགས་ཀྱི་རྒྱུན་བསྐམས་ནས་ཁྱོད་རྣམ་པར་ཐར་པ་ལ་བཀོད་དོ། །དེའི་ཕྱིར་ཀུན་དགའ་བོ། ཁྱོད་བསྐལ་པའི་སྙེད་དུ་དེ་བཞིན་གཤེགས་པའི་ཟབ་ཅིང་ཕྲ་ལ་རྨད་དུ་བྱུང་བའི་ལུགས་བཀོད་པ་མི་བརྗེད་པར་བཟུང་བ་ནི། ཉིན་གཅིག་གི་ཟག་མེད་ཀྱི་ལས་ལ་ནན་ཏན་དུ་བྱས་ཏེ་འཇིག་རྟེན་གྱི་ཆགས་པ་དང་
460a
༄#། །སྡང་པའི་སྡུག་བསྔལ་ལས་རིང་དུ་གྱུར་པ་ལ་བསྒྲུན་དུ་མེད་དོ། །ད་ལྟ་ཡང་བུ་མོ་མ་ཏ་ངྒི་ཐོག་མ་ནས་འདོད་ཆགས་ཅན་ཡིན་པ་ལ་རིག་སྔགས་ཀྱིས་དེའི་འདོད་ཆགས་འགགས་ནས་ད་ལྟ་བསྟན་པ་ལ་དགེ་སློང་མ་རང་བཞིན་ཅན་ཞེས་བྱ་བར་བཏགས་སོ། །སྒྲ་གཅན་འཛིན་གྱི་མ་གྲགས་འཛིན་མ་དང་ལྷན་ཅིག་ཏུ་སྐྱེ་བ་སྔ་མའི་རྒྱུ་རིགས་ནས་སྐྱེ་བ་རྣམས་སུ་འདོད་པ་དང་སྲེད་པའི་འབྲས་བུ་སྡིག་པའི་འབྲས་བུ་མྱོང་ཞེས་རྩེ་གཅིག་པའི་སེམས་ཀྱིས་ཟག་མེད་ཀྱི་དགེ་བ་ལ་བརྩོན་པར་བྱས་པས་ལ་ལ་བཅིངས་ལ་ལས་གྲོལ་ལོ། །ལ་ལ་ལུང་བསྟན་ཐོབ་བོ། །འདི་ལ་ཅིའི་ཕྱིར་རང་ཉིད་བསླུས་ཏེ་ལྟ་བ་དང་ཉན་པའི་དོན་ལ་འཇོག་།ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་མ་ཐག་ཏུ་ཐེ་ཚོམ་དང་རྨོངས་པ་ཐམས་ཅད་སངས་ནས་སེམས་ཀྱི་ཡང་དག་པའི་རང་བཞིན་རིག་སྟེ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་ཅིང ། སྔར་མ་ཐོས་པའི་ཆོས་ཐོས་སོ། །ཞེས་དད་པའི་ཤུགས་ཀྱིས་མཆིམ་བྱུང་སྟེ་ཡང་དང་ཡང་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གུས་པས་འདུད་ཅིང་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །མཉམ་པ་མེད་པའི་ཐུགས་རྗེ་ཆེན་པོ་ཅན། རྣམ་པར་དག་པའི་རིན་པོ་ཆེའི་རྒྱལ་པོ། བདག་ཅག་གི་སེམས་ཐབས་མཁས་
460b
ཀྱིས་ཕྱེས་སོ། །འདི་ལྟ་བུ་རྟེན་འབྲེལ་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཐབས་མཁས་ཀྱིས་བསྟན་ཅིང་བསླབས་ནས་རྨོངས་ཤིང་བྱིང་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཤིང་བསྒྲལ་ལོ། །བཅོམ་ལྡན་འདས། ད་ལྟ་བདག་ཅག་ཆོས་ཀྱི་དབྱངས་འདི་དག་ཐོས་མ་ཐག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་རྨད་དུ་བྱུང་བའི་སེམས་གསལ་རིག་ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་དེར་དེ་བཞིན་གཤེགས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་ཅིང་རྨད་དུ་བྱུང་བ་རིན་པོ་ཆེའི་བཀོད་པའི་རྒྱལ་པོའི་ཞིང་ཁམས་ཆུད་པར་ཤེས་པ་ན་དེ་བཞིན་གཤེགས་པས་སླར་ཡང་མང་དུ་ཐོས་པ་ཙམ་གྱིས་མི་ཕ་ན། ནན་ཏན་དུ་སྒོམ་པ་ལ་བསྒྲུན་དུ་མེད་ཅེས་གདམས་སོ། །དཔེར་ན། ད་ལྟ་བདག་ཅག་ལམ་དུ་འགྲོ་བ་དག་ལ་གོ་བུར་དུ་ལྷའི་རྒྱལ་པོས་ཁང་པ་བཟང་པོ་སྩལ་བ་ལྟར་ཁང་བཟང་རྙེད་ན་ཡང་གདོན་མི་ཟ་བར་སྒོ་རྙེད་པ་ན་གདོད་འཇུག་ཏུ་ཡོད་དོ། ། བདག་ཅག་དོན་དུ་གཉེར་བ་ནི། དེ་བཞིན་གཤེགས་པས་བརྩེ་བ་ཆེན་པོ་ས་མི་འདོར་བར་འདུས་པ་འདིའི་རྨོངས་པའི་སྐྱེ་བོ་ཐམས་ཅད་ལ་ཐེག་པ་དམན་པ་སྤངས་ཏེ་དེ་བཞིན་གཤེགས་པའི་ལྷག་མ་མེད་པའི་མྱང་འདས་དང ། རྩ་བའི་སེམས་བསྐྱེད་པའི་ལམ་སྩལ་ཞིང ། ཡང་སློབ་པ་རྣམས་གང་ནས་སྔོན་གྱི་བག་ཆགས་དང་འབྲེལ་བའི་
461a
༄#། །སེམས་ཟད་ཅིང་དག་ནས་གཟུངས་ཐོབ་སྟེ་སངས་རྒྱས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མཛད་དུ་གསོལ་ཞེས་ཡན་ལག་ལྔས་ས་ལ་གཏུགས་ཏེ། འཁོར་འདུས་པ་ཐམས་ཅད་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་བརྩ་བ་ཆེན་པོའི་བཀའ་མཉན་ཞིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་འཁོར་འདུས་པའི་ནང་གི་བྱང་ཆུབ་ཀྱི་སེམས་ལ་དབང་མ་ཐོབ་པའི་ཉན་ཐོས་དང་རང་རྒྱལ་རྣམས་བརྩེ་བས་གཟིགས་ནས་སླད་མར་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་བསྟན་པ་ནུབ་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང ། བླ་ན་མེད་པའི་ཐེག་པའི་བརྩོན་འགྲུས་མཆོག་གིས་བསྒྲུབ་པའི་ལམ་འབྱེད་པའི་སླད་དུ་ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་རྣམས་ལ་བཀའ་སྩལ་ཏོ། །ཁྱེད་ཅག་སྙིང་ཐག་པ་ནས་སེམས་བསྐྱེད་ནས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མཆོག་ལ་སྒྱིད་མི་ལག་ན་ཐོག་མར་བསྐྱེད་པའི་སེམས་ལ་རྩ་བའི་དོན་གཉིས་གསལ་བར་མཐོང་བར་བྱ་རིགས་སོ། །རྩ་བའི་དོན་གཉིས་པོ་གང་ཞེ་ན། ཀུན་དགའ་བོ། དོན་དང་པོ་ནི། ཁྱེད་ཅག་གལ་ཏེ་ཉན་ཐོས་ཀྱི་བསླབ་པ་དོར་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ན་རྒྱུའི་དུས་ཀྱི་སེམས་བསྐྱེད་དང་
461b
འབྲས་བུའི་དུས་ཀྱི་བྱང་ཆུབ་འདྲ་འམ་མི་འདྲ་ཞིབ་པར་བརྟག་རིགས་སོ། །ཀུན་དགའ་བོ། གལ་ཏེ་སྐྱེ་འགག་དང་བཅས་པའི་སེམས་ཀྱིས་རྩ་བ་བྱས་ནས་བརྩོན་པ་ལ་དེ་བཞིན་གཤེགས་པའི་སྐྱེ་འགག་མེད་པའི་ཐག་པ་ཚོལ་ན། དེ་ནི། གནས་མེད་དོ། །དེའི་ཕྱིར་ཁྱོད་ཀྱིས་བརྟག་ནས་གསལ་བར་བྱ་རིགས་སོ། །སྣོད་ཀྱི་འཇིག་རྟེན་གྱི་སྐྱེ་རུང་གི་ཆོས་སྣ་ཚོགས་པ་ཐམས་ཅད་སྐྱེ་ཞིང་འཇིག་གོ་།ཀུན་དགའ་བོ། ཁྱོད་འཇིག་རྟེན་གྱི་སྐྱེ་རུང་གི་ཆོས་རྣམས་ལ་ལྟོས་ཤིག་།དེ་དག་ལས་གང་མི་འཇིག་པ་ཡིན། དེ་ལྟར་སྨྲས་ཀྱང་ནམ་མཁའ་སྟོང་པ་ཞིག་གོ་།ཞེས་སྔོན་ཆད་ཐོས་པ་གཏན་ནས་མེད་དོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ནི། གཏན་ནས་སྐྱེ་རུང་མ་ཡིན། འདིའི་ཕྱིར་ཐོག་མ་ནས་ཐ་མའི་བར་དུ་གཏན་ནས་ཞིག་ཅིང་ཟད་པ་མེད་དོ། །ཁྱོད་ཀྱི་ལུས་ཀྱི་སྲབ་ནི། ས་དང ། བརླན་ཞིང་གཤེར་བ་ནི། ཆུ་དང ། དྲོ་བའི་རེག་པ་ནི། མེ་དང ། གཡོ་བ་ནི། རླུང་སྟེ། བཞི་པོ་འདིས་བཅིངས་པའི་ཚེ་ཁྱོད་ཀྱི་རྣམ་པར་དག་པའི་སེམས་རྨད་དུ་བྱུང་བ་ཆར་བགོས་ནས་མཐོང་བ་དང་ཐོས་པ་དང་རིག་པ་དང་དཔྱོད་པ་སྐྱེས་ནས་ཐོག་མ་ནས་ཐ་མའི་བར་དུ་རྙོག་པ་ལྔ་བྱུང་ངོ ། །རྙོག་པ་གང་ཞེ་ན། ཀུན་དགའ་བོ། དཔེར་ན། ཆུ་དྭངས་པ་དང་འདྲ་སྟེ། རང་བཞིན་གྱིས་དྭངས་པའོ། །རྡུལ་དང་བྱེ་མ་ལ་སོགས་པ་དེ་དག་ནི། སྒྲིབ་ཐོགས་དང་བཅས་པའོ། །དེ་གཉིས་ཀྱི་རང་བཞིན་གཏན་
462a
༄#། །ནས་མཐུན་པ་མ་ཡིན་ནོ། །འགའ་ཞིག་གིས་ས་རྡུལ་དེ་དག་བླངས་ནས་ཆུ་ལ་བཏབ་ན། ས་དེ་སྒྲིབ་ཐོགས་ཀྱི་རང་བཞིན་འདོར་ཞིང་ཆུ་དྭངས་པ་དང་བྲལ་ནས་ཁ་དོག་དང་གཟུགས་འགྱུར་བ་ལ་རྙོག་པ་ཞེས་བྱའོ། །ཁྱེད་ཅག་གི་རྙོག་པ་ལྔ་པོ་ཡང་དེ་བཞིན་ནོ། །ཀུན་དགའ་བོ། ཁྱོད་ནམ་མཁའ་སྟོང་པས་ཕྱོགས་བཅུར་ཁྱབ་པ་ལ་བལྟས་ན། སྟོང་པའི་སྣང་བ་འབྱེད་པར་མི་ནུས་སོ། །སྟོང་པ་ལ་ལུས་མེད། སྣང་བ་ལ་ཤེས་པ་མེད། ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པ་འདི་དང་པོ་དུས་ཀྱི་རྙོག་པ་ཞེས་བྱའོ། །ཁྱོད་ཀྱི་ལུས་ད་ལྟ་འབྱུང་བ་ཆེན་པོ་བཞི་འདུས་ནས་ལུས་སུ་གྱུར་ཏོ། །མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་རྣམས་ལས་སྣ་ཚོགས་ཀྱི་དབང་གིས་ཁྱོད་ལ་བཀག་ཅིང་སྒྲིབ་ནས་ཆུ་མེ་རླུང་ས་རྣམས་ཀྱིས་གློ་བུར་གློ་བུར་དུ་ཁྱོད་ཀྱི་ཤེས་རིག་དེ་ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པ་འདི་གཉིས་པ་ལྟ་བའི་རྙོག་པ་ཞེས་བྱའོ། །ཡང་ཁྱོད་ཀྱི་སེམས་ཀྱི་འཛིན་པ་དང་ཤེས་པ་དང་སྨྲ་བ་དང་སློབ་པ་ནི། ཤེས་རིག་གི་རང་བཞིན་ལས་བྱུང་ངོ ། །རྣམ་པ་ནི། ཡུལ་རྣམ་པ་དྲུག་ལགས་སོ། །ཡུལ་དང་བྲལ་ན་གཟུགས་མེད། ཚོར་བ་དང་བྲལ་ན་རང་བཞིན་མེད། ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པ་འདི་གསུམ་པ་ཉོན་མོངས་ཀྱི་རྙོག་པ་ཞེས་བྱའོ། །ཡང་ཁྱོད་ཀྱི་སྔ་དྲོ་ཕྱི་དྲོ་སྐྱེ་འགག་རྒྱུན་མི་འཆད་པ་དང ། ཤེས་པ་དང ། ནུས་པ་ནི། འཇིག་རྟེན་དུ་
462b
བཞག་ཅེས་སྨྲ་བ་ལ། ལས་ཀྱི་དབང་གིས་རྒྱུན་དུ་དེ་དང་དེ་དག་ཏུ་རིམ་གྱིས་འཕོ་བཞིན་དུ་ཕན་ཚུན་དུ་འདྲེས་ནས་རྫུན་པར་སྐྱེས་པ་འདི་བཞི་བ་སེམས་ཅན་གྱི་རྙོག་པ་ཞེས་བྱའོ། །ཁྱེད་ཅག་གི་མཐོང་བ་དང་ཐོས་པ་དག་གདོད་མ་ནས་རང་བཞིན་མེད། །ཡུལ་ཐམས་ཅད་ལ་སྒྲིབ་ཅིང་བརྒལ་ནས་རྒྱུ་མེད་པར་ཐ་དད་དུ་སྐྱེས་སོ། །རང་བཞིན་གྱི་ནང་དུ་ཕན་ཚུན་དུ་ཤེས་ལ་ལོངས་སྤྱོད་པའི་ཚེ་ཕན་ཚུན་དུ་འགལ་ལོ། །འདྲ་བ་དང་འདྲ་བ་མ་ཡིན་པའི་མཚན་ཉིད་མཚང་ཞིང་ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པ་འདི་ལྔ་པ་ཚེའི་རྙོག་པ་ཞེས་བྱའོ། །ཀུན་དགའ་བོ། ཁྱོད་ད་ལྟ་མཐོང་བ་དང་ཐོས་པ་དང་ཚོར་བ་དང་རིག་པ་ནི། དེ་བཞིན་གཤེགས་པ་རྟག་པ་དང་བདེ་བ་དང་བདག་དང་གཙང་པ་ཞེས་བྱ་བའི་དོན་དང་ལེགས་པར་བསྟུན་ནོ་ཞ་ན། ཐོག་མར་འཆི་བ་དང་སྐྱེ་བའི་རྩ་བའི་རྒྱུ་ཕྱེ་ནས་སྐྱེ་འགག་མེད་པའི་ཡོངས་གྲུབ་དག་ཅིང་དྭངས་ལ་གཡོ་བ་མེད་པའི་རང་བཞིན་ལ་བརྟེན་ནས་དག་ཅིང་དྭངས་པས་རྫུན་པའི་སྐྱེ་འགག་དེ་བཟློག་པར་རིགས་སོ། ། གདོད་མའི་རིག་པ་བཟློག་ནས་གདོད་མའི་གསལ་རིག་སྐྱེ་འགག་མེད་པའི་རང་བཞིན་ཐོབ་པས་རྒྱུའི་གནས་སྐབས་ཀྱི་སེམས་སུ་གྱུར་ནས་འབྲས་བུའི་མཐར་ཐུག་པར་སྦྱོང་ཞིང་མངོན་དུ་བྱས་ནས་ཡོངས་སུ་སྒྲུབས་ཤིག་།དཔེར་ན། ཆུའི་རྙོག་པ་སེལ་བ་བཞིན་དུ་སྣོད་གཙང་མར་བཞག་ནས་ཟབ་ཅིང་དྭངས་པ་མི་གཡོ་བའི་ཕྱིར་ས་རྡུལ་རྣམས་རང་བཞིན་གྱི་འོག་ཏུ་བྱིང་
463a
༄#། །ཞིང་ཆུ་དྭངས་པ་མིག་སྔར་མཐོང་ངོ ། །འདི་ལ་ཡུལ་གྱི་ཉོན་མོངས་པའི་རྟོག་པ་ཐོག་མར་མགོ་ནོན་པ་ཞེས་བྱའོ། །འདམ་དེ་བསལ་ནས་ཆུ་ཙམ་དུ་གྱུར་པ་ན་འདི་ལ་རྩ་བའི་མ་རིག་པ་གཏན་ནས་རྒྱུན་ཆད་དོ། །ཞེས་བྱའོ། །གསལ་བའི་རྣམ་པ་སྣ་ཚོགས་སུ་འགྱུར་ཞིང་སྐྱེས་པ་ལ་ཉོན་མོངས་པའི་རྟོག་པ་ཞེས་མི་བྱའོ། །ཐམས་ཅད་མྱང་འདས་ཀྱི་དྭངས་ཤིང་གསལ་བ་རྨད་དུ་བྱུང་བའི་ཡོན་ཏན་དང་མཐུན་པར་འགྱུར་རོ། །དོན་གཉིས་པ་ནི། ཁྱེད་ཅག་གདོན་མི་ཟ་བར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་སེམས་ཀྱི་ཐེག་པ་ལ་སྤྲོ་ཞིང་བརྟན་པས་རོལ་ཏེ་བདེན་པའི་དངོས་པོ་ཅན་གྱི་གཟུགས་རྣམ་པར་སྤོང་ངོ་ཞེ་ན། ཉོན་མོངས་པའི་རྣམ་རྟོག་གི་རྩ་བ་ཞིབ་ཏུ་བརྟག་པར་རིགས་སོ། །འདིར་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ལས་འཕེལ་ནས་རིམ་གྱིས་འདི་ལྟ་བུར་གྱུར་པ་ནི། སུས་བསྐྱེད་ཅིང་སུས་མྱང ། ཀུན་དགའ་བོ། ཁྱོད་བྱང་ཆུབ་ཀྱི་སེམས་སྦྱོང་བ་ན། གལ་ཏེ་ཉོན་མོངས་པའི་རྣམ་རྟོག་གི་རྩ་བ་ཞིབ་ཏུ་མ་དཔྱད་ན་རྫུན་པ་འཁྲུལ་པའི་དབང་པོ་དང་ཡུལ་གང་དུ་ཕྱིན་ཅི་ལོག་ཏུ་གྱུར་པ་ཤེས་པར་མི་ནུས་སོ། །གནས་མི་ཤེས་པ་ལ་ཇི་ལྟར་ན་ཟད་ཅིང་དག་པའི་དེ་བཞིན་གཤེགས་པའི་བྱང་ཆུབ་འཐོབ་པར་འགྱུར། ཀུན་དགའ་བོ། ཁྱོད་ཀྱིས་འཇིག་རྟེན་གྱི་འཆིང་བ་འགྲོལ་བའི་སྐྱེ་བོ་ལ་ལྟོས་ཤིག་།བཅིང་བ་མི་མཐོང་ན་འགྲོལ་བ་ཇི་ལྟར་ཤེས་།ཁྱོད་
463b
ཀྱིས་སྟོང་པ་ལ་གསིལ་ཞིང་བཤིག་གོ་།ཞེས་པ་གཏན་ནས་མེད་དོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ནི། ཁ་དོག་དང་གཟུགས་མ་ཡིན་ཞིང ། འཆིང་བ་དང་དགྲོལ་བ་མེད་པའི་ཕྱིར་རོ། །ད་ལྟ་ཁྱོད་ཀྱི་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དེ་རྐུན་པོ་དྲུག་གིས་སྣ་དྲངས་ཏེ་ཁྱིམ་གྱི་ནོར་འཕྲོག་པར་འགྱུར་རོ། །དེའི་ཕྱིར་ཐོག་མ་མེད་པ་ནས་སེམས་ཅན་ཐམས་ཅད་འཇིག་རྟེན་དུ་བཅིངས་པས་སྣོད་ཀྱི་འཇིག་རྟེན་ལས་ཇི་ལྟར་ཡང་ཐར་པར་མི་ནུས་སོ། །ཀུན་དགའ་བོ། ཅིའི་ཕྱིར་སེམས་ཅན་ཐམས་ཅད་དང་འཇིག་རྟེན་གྱི་ཁམས་ཞེས་བརྗོད་ཅེ་ན། དུས་དང ། ཕྱོགས་ཏེ། དུས་ནི། འཁོར་ཞིང་མི་གནས་པ་ཡིན་ལ། ཕྱོགས་ཞེས་པ་ནི། ས་དང་གནས་ཡིན་ནོ། །ཁྱོད་ཀྱིས་ད་ལྟ་ཤེས་པར་བྱ་རིགས་སོ། །ཤར་དང ། ལྷོ་དང ། ནུབ་དང ། བྱང་དང ། ཤར་ལྷོ་དང ། ལྷོ་ནུབ་དང ། ནུབ་བྱང་དང ། བྱང་ཤར་དང ། སྟེང་དང ། འོག་རྣམས་ནི། ཕྱོགས་ཞེས་བྱའོ། །འདས་པ་དང ། མ་འོངས་པ་དང ། ད་ལྟར་བ་ནི། དུས་ཞེས་བྱའོ། ། ཕྱོགས་ཀྱིས་ཕྱེ་ན་བཅུའོ། །དུས་ཀྱིས་ཕྱེ་ན་གསུམ་མོ། །གང་ཞིག་སེམས་ཅན་ཐམས་ཅད་རྫུན་པས་བསླུས་ནས་གཟུགས་གྲུབ་སྟེ་དེ་ལས་རིམ་པར་འཁོར་ནས་དུས་ནམ་ཡང་འཛད་པའི་མཐའ་མེད་དོ། །ཁམས་འདིའི་རང་བཞིན་ཕྱོགས་བཅུ་ཡོད་ཅིང ། གནས་པའི་ཡུལ་ནི། གསལ་བར་བྱེད་ན་ནུས་མོད་ཀྱང་འཇིག་རྟེན་གྱི་ཤར་ནུབ་ལྷོ་བྱང་ཙམ་ངོས་ཟིན་གྱི། སྟེང་
464a
༄#། །འོག་གི་གནས་མེད། དབུས་ན་གནས་པའི་ཡུལ་མེད་དོ། །བཞི་པོ་འདིའི་གྲངས་ཅིས་ཀྱང་མི་འཆུག་པའི་ཕྱིར་འདིས་འཇིག་རྟེན་དང་སྦྱར་ན་གསུམ་ཚན་བཞི་རུ་བྱས་པ་དང ། བཞི་ཚན་གསུམ་དུ་བྱས་པ་ན་ཡང་བཅུ་གཉིས་ལས་མི་འདའོ། །ཡང་རྒྱས་པར་བསྒྱུར་ནས་རྣམ་གྲངས་གསུམ་བསྣན་ཏེ་གཅིག་བཅུ་བརྒྱ་སྟོང་གི་བར་ཐོག་མ་ནས་ཐ་མའི་བར་དུ་མདོར་བསྡུས་ནས་དབང་པོ་དྲུག་གི་ནང་དུ་ངོ་སྐལ་གྱི་ལོངས་སྤྱོད་པ་པོ་དང་སྤྱད་བྱ་སྟོང་ཉིས་བརྒྱ་རེ་ཡོད། ཀུན་དགའ་བོ། ཁྱོད་ཀྱིས་འདིའི་ཡུལ་མང་ཉུང་ཕྱེ་ནས་ཟུངས་ཤིག ། ད་ལྟ་ཡང་མིག་གིས་བལྟ་བ་དང་གཏད་པ་ན་རྒྱབ་ཀྱི་ཡུལ་མི་མཐོང་ཞིང་མདུན་གྱི་ཡུལ་མཐོང་བའི་ཕྱིར་མདུན་གྱི་ཡུལ་སྣ་ཚོགས་ཐམས་ཅད་མཐོང་ལ། རྒྱབ་ཀྱི་ཡུལ་སྣ་ཚོགས་གཏན་ནས་མི་མཐོང་བ་དང ། གཡས་གཡོན་གྱི་ཡུལ་ལ་ཆ་གསུམ་གཉིས་ཙམ་མཐོང་བ་དེར་སླེབ་ཏུ་རུང་བའི་ལོངས་སྤྱོད་པ་པོ་དང་སྤྱད་བྱ་ཐམས་ཅད་འདྲིལ་ན་མི་ལྡང་བའི་ཕྱིར་ཆ་གསུམ་ལོངས་སྤྱོད་ཀྱི་ཆ་གཅིག་ལོངས་མི་སྤྱོད་དོ། །དེའི་ཕྱིར་མིག་གཅིག་པུ་ལ་ལོངས་སྤྱོད་པ་པོ་དང་ལོངས་སྤྱད་བྱ་བརྒྱད་བརྒྱ་ཡོད་ཅེས་བྱ་བར་རིགས་སོ། །རྣ་བས་ཁྱབ་པར་མཉན་པ་ན་ཕྱོགས་བཅུའི་སྒྲ་ཐོས་པར་འགྱུར་ཞིང ། རིང་བ་དང་ཉེ་བར་གྲགས་པ་དག་ཐོས་པར་འགྱུར་རོ། །ཝལ་ལེར་གནས་ན་མཐའ་དང་མུ་མེད་དོ། །དེའི་ཕྱིར་རྣ་བའི་དབང་པོ་ལ་ལོངས་སྤྱོད་པ་པོ་དང་
464b
ལོངས་སྤྱད་བྱ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ཚང་བར་ཤེས་པར་བྱ་རིགས་སོ། །སྣས་དྲི་སྣོམ་པ་ན་དབུགས་འབྱུང་རྡུབ་ཀྱིས་ཚོར་བར་འགྱུར་རོ། །དབུགས་འབྱུང་རྔུབ་གཉིས་ཀྱི་བར་དུ་གཞན་མེད་ཅིང ། སྣའི་དབང་པོ་ངེས་པར་ན་བྱ་བའི་ཆ་གསུམ་ལས་གཅིག་གིས་དམན་པའོ། །དེའི་ཕྱིར་སྣའི་དབང་པོ་ཉིད་ལ་ལོངས་སྤྱད་བྱ་དང་སྤྱོད་བྱེད་བརྒྱད་བརྒྱ་ཡོད་ཅེས་ཤེས་པར་བྱ་རིགས་སོ། །ལྕེས་སྨྲ་བའི་ཚེ་འཁོར་བ་དང་མྱང་འདས་ཀྱི་ཚུལ་རྟོགས་པའི་ཤེས་རབ་ཀྱིས་ཐམས་ཅད་སྨྲ་བར་ནུས་སོ། །སྨྲ་བ་ལ་ཚད་ཡོད་ཀྱི་གནས་ལུགས་ལ་ཚད་མེད་དོ། །དེའི་ཕྱིར་ལྕེའི་དབང་པོ་ཉིད་ལ་ལོངས་སྤྱད་བྱ་དང་སྤྱོད་བྱེད་སྟོང་ཉིས་བརྒྱ་ཡོད་ཅེས་ཤེས་པར་བྱ་རིགས་སོ། །ལུས་ཀྱིས་རེག་བྱ་ཚོར་བའི་ཚེ་རེག་བྱ་ཡིད་དུ་འོང་མི་འོང་ཤེས་པར་ནུས་ཤིང ། འཕྲད་པའི་ཚེ་ཤེས་པར་ནུས་ལ་བྲལ་བའི་ཚེ་ཤེས་པར་མི་ནུས་སོ། །བྲལ་བ་ན་གཅིག་པུ་དང ། ཕྲད་པ་ན་ཟུང་དུ་འགྱུར་བའི་ཕྱིར་ལུས་ཀྱི་དབང་པོ་ངེས་པར་ན་བྱ་བའི་ཆ་གསུམ་ལས་གཅིག་གིས་དམན་པའོ། །དེའི་ཕྱིར་ལུས་ཉིད་ལ་ལོངས་སྤྱད་བུ་དང་སྤྱོད་བྱེད་བརྒྱད་བརྒྱ་ཡོད་ཅེས་ཤེས་པར་བྱ་རིགས་སོ། །སེམས་ནང་དུ་གནས་པའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་སོ་སོ་སྐྱེ་བོ་དང་འཕགས་པ་སོགས་མ་ལུས་པ་དེར་ཆུད་ཅིང་སེམས་ཀྱིས་དེ་དག་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །དེའི་ཕྱིར་
465a
༄#། །ཡིད་ཀྱི་དབང་པོ་ཉིད་ལ་ལོངས་སྤྱད་བྱ་སྤྱོད་བྱེད་སྟོང་ཉིས་བརྒྱ་ཚང་བར་ཤེས་པར་བྱ་རིགས་སོ། །ཀུན་དགའ་བོ། ཁྱོད་ད་ལྟ་སྐྱེ་འཆི་དང་འདོད་པའི་རྒྱུན་ལས་ཕྱིར་ཕྱོགས་ཏེ་རྒྱུན་དེ་ལུགས་ལྡོག་ཏུ་འགགས་ནས་སྐྱེ་འགག་མེད་པའི་གནས་སུ་ཕྱིན་པར་འདོད་ན། དབང་པོ་དྲུག་པོ་འདི་དག་གི་ལོངས་སྤྱོད་གང་མཐུན་ལ་གང་མི་མཐུན་པ་དང ། གང་ཟབ་ལ་གང་མི་ཟབ་པ་དང ། གང་རང་བྱུང་ལ་གང་རང་བྱུང་མ་ཡིན་པའི་ཚུལ་དཔྱད་ཅིང་ངེས་པར་བྱ་རིགས་སོ། །གལ་ཏེ་འདི་དག་ལས་རང་བྱུང་གི་ཡེ་ཤེས་ཀྱི་རྩ་བ་རྟོགས་ནས་ཐོག་མ་མེད་པའི་འཁྲུལ་སྣང་གི་ལས་ཀྱི་རྒྱུ་བ་བཟློག་ནས་རང་བྱུང་གི་ཡེ་ཤེས་ཀྱིས་འགྲོ་བ་དང ། རང་བྱུང་གི་ཡེ་ཤེས་མ་ཡིན་པས་འགྲོ་བ་ལ་ཞག་དང་བསྐལ་པའི་ཁྱད་པར་ཡོད་དོ། །ངས་ད་ལྟ་དབང་པོ་དྲུག་གི་གསལ་ཞིང་དྭངས་པའི་རྩ་བ་ལོངས་སྤྱོད་བྱེད་དང་སྤྱད་བྱའི་ཚད་དང་གྲངས་ཚང་ཞིང་རྒྱས་པར་གསུངས་པ་ནི། འདི་ལྟར་རོ། །ཁྱོད་རང་ཉིད་ཀྱི་འདོད་པས་གང་ནས་འཇུག་པའི་སྒོ་ཚོལ་ཅིག་དང ། ངས་གསལ་བར་བཤད་དེ་ཁྱོད་མངོན་པར་གཞུག་གོ་།ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཁམས་བཅོ་བརྒྱད་ལས་གང་ཡང་རུང་བ་གཅིག་གི་སྟེང་ནས་སྦྱངས་ཏེ་ཐམས་ཅད་མཚུངས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པས། དེ་དག་ལ་དམན་མཆོག་མེད་དོ། །ཁྱོད་ཉིད་བློ་དམན་པས་
465b
དེའི་ནང་གི་རང་བྱུང་གི་ཡེ་ཤེས་ལ་དབང་ཐོབ་པར་མི་ནུས་པའི་ཕྱིར་ངས་ཁྱོད་ལ་གསལ་བར་བཤད་ནས་ཁྱོད་ཟབ་མོའི་ལམ་གཅིག་པུར་བཙུད་དོ། །མི་བསླུ་བའི་གནས་གཅིག་ཏུ་ཞུགས་ན།་དབང་པོ་དྲུག་གི་ཤེས་པ་དེ་དག་སྐད་ཅིག་ལ་རྣམ་པར་དག་པར་འགྱུར་རོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། རྒྱུན་ལས་ལྡོག་པའི་ལམ་ཟབ་མོ་གཅིག་པུར་ཞུགས་ན་དེ་མ་ཐག་ཏུ་དབང་པོ་དྲུག་རྣམ་པར་དག་པའི་རང་བཞིན་དུ་འགྱུར་བ་ཡིན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ད་ལྟ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ཁམས་གསུམ་གྱི་མཐོང་སྤང་རྟོག་པ་ཟད་ཀྱང་དབང་པོ་ལ་གནས་པའི་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་མ་རྟོགས་པས་བག་ཆགས་དེ་སྦྱངས་པས་གདོད་འགག་པར་འགྱུར་བ་ཡིན་ན། དེའི་ནང་དུ་སྐྱེ་བ་དང་གནས་པ་དང་འགྱུར་བ་དང་འགག་པའི་ཆ་དང་གྲངས་དག་ཡོད་པ་ལ་ལྟ་ཅི་སྨོས། ཁྱོད་ད་ལྟ་ལྟོས་ཤིག་།དབང་པོ་དྲུག་བོ་གཅིག་ཡིན་ནམ། དྲུག་ཡིན། ཀུན་དགའ་བོ། གལ་ཏེ་གཅིག་ཡིན་ན། རྣ་བས་ཅིའི་ཕྱིར་མི་མཐོང ། མིག་གིས་ཅིའི་ཕྱིར་མི་ཐོས། མགོས་ཅིའི་ཕྱིར་མི་འགྲོ། རྐང་པས་ཅིའི་ཕྱིར་མི་སྨྲ།་གལ་ཏེ་དབང་པོ་དྲུག་ཐ་དང་པ་དྲུག་ཡིན་ན། ད་ལྟ་ཡང་འདུས་པ་འདིའི་ནང་དུ་ངས་ཁྱོད་ལ་ཆོས་ཟབ་མོ་གསལ་བར་བཤད་ན། ཁྱོད་ཀྱི་དབང་པོ་དྲུག་བོ་གང་གིས་ལེན་པར་བྱེད།
466a
༄#། །ཀུན་དགའ་བོས་གསོལ་པ། བདག་གིས་རྣ་བས་ཐོས་པར་བྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་རྣ་བས་ཐོས་ན། ལུས་དང་ཁ་ལ་ལྟོས་ཅི་དགོས་ཀྱང་ཁས་དོན་འདྲི་ཞིང་ལུས་ཀྱིས་གུས་པས་ལེན་པར་བྱེད་དོ། །དེའི་ཕྱིར་འདི་ལ་གཅིག་ཉིད་མ་ཡིན་གྱི་དྲུག་ལ་ལྟོས་ལ། དྲུག་མ་ཡིན་གྱི་གཅིག་ཉིད་དོ། །མཐར་ཐུག་ནི།་ཁྱོད་ཀྱི་དབང་པོ་དག་གཅིག་དང་དྲུག་མ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ། དབང་པོ་དེ་དག་གཅིག་མ་ཡིན། དྲུག་མ་ཡིན། ཐོག་མ་མེད་པ་ནས་ལོག་པར་འཁྱམས་ཤིང་རྨོངས་པས་རང་བཞིན་རྣམ་པར་དག་པ་ལས་གཅིག་དང་དྲུག་ཅེས་པའི་དོན་འདི་ཁྱོད་ཀྱིས་ཤེས་པར་རིགས་སོ། །ཁྱོད་རྒྱུན་ཞུགས་ཡིན་པའི་ཕྱིར་དྲུག་པོ་འདི་ཟད་ན་ཡང་གཅིག་ཉིད་མ་སྤངས། ད་ལྟར་ཡང་ནམ་མཁའ་སྟོང་པ་དང་སྣོད་ཀྱི་དངོས་པོ་འདྲེས་པས་སྣོད་ཀྱི་གཟུགས་ཐ་དད་པའི་དབང་གིས་སྟོང་པ་ཡང་ཐ་དད་པ་ཞེས་བྱའོ། །སྣོད་ཀྱི་དངོས་པོ་བསལ་ནས་སྟོང་པ་ལ་བ་ལྟས་ན་སྟོང་པ་གཅིག་ཉིད་དོ། །ནམ་མཁའ་སྟོང་པ་ཁྱོད་ཀྱི་རང་དབང་དུ་ཐ་དད་དང་ཐ་མི་དད་དུ་འབྱེད་པར་མི་ནུས་པ་ལ་ཡང་གཅིག་གམ་གཅིག་མ་ཡིན་པ་ཞེས་བརྗོད་དུ་མེད་པ་ལྟ་ཅི་སྨོས། ཁྱོད་ཀྱི་ལོངས་སྤྱོད་བྱེད་དབང་པོ་དྲུག་གསལ་བར་ཤེས་པ་ཡང་དེ་བཞིན་ནོ། །སྣང་བ་དང་མུན་པ་གཉིས་ཀྱི་གཟུགས་ཕན་ཚུན་དུ་རྣམ་པ་གསལ་བ་ལས་རྨད་དུ་བྱུང་བའི་རང་བཞིན་
466b
དེར་དྭངས་རྐྱེན་ལས་མཐོང་བ་གསལ་བར་འགྱུར་རོ། །མཐོང་བའི་རང་བཞིན་གཟུགས་ལ་གཏད་པ་ལས་གཟུགས་མཐོང་ཞིང་དབང་པོར་འགྱུར་རོ། །དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་མིག་གི་དངོས་པོ་ཞེས་བྱའོ། །རྒུན་འབྲུམ་ལྟ་བུ་དབང་ཡུལ་གཞན་བཞིའི་དབང་གིས་གཟུགས་ལ་འཇུག་གོ་།གཡོ་བ་དང་མི་གཡོ་བ་རྣམ་པ་གཉིས་ཕན་ཚུན་དུ་འཕྲད་པ་ལས་རྨད་དུ་བྱུང་བའི་རང་བཞིན་དེར་དྭངས་རྐྱེན་ལས་ཐོས་པ་གསལ་བར་འགྱུར་རོ། །ཐོས་པའི་རང་བཞིན་སྒྲ་ལ་གཏད་པ་ལས་དབང་པོར་འགྱུར་རོ། ། དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་རྣ་བའི་དངོས་པོ་ཞེས་བྱའོ། །ལོ་མ་གསར་པ་འཁྲིལ་བ་ལྟ་བུ་དབང་པོ་ཡུལ་གཞན་བཞིའི་དབང་གིས་སྒྲ་ལ་འཇུག་གོ་།འབྱེད་པ་དང་འགག་པ་རྣམ་པ་གཉིས་ཕན་ཚུན་དུ་འཕྲད་པ་ལས་རྨད་དུ་བྱུང་བའི་རང་བཞིན་དེར་དྭངས་རྐྱེན་ལས་སྣོམ་པ་གསལ་བར་འགྱུར་རོ། །སྣོམ་པའི་རང་བཞིན་དྲི་ལ་གཏད་པ་ལས་དབང་པོར་འགྱུར་རོ། །དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་སྣའི་དངོས་པོ་ཞེས་བྱའོ། །སྡེར་མོ་གཉིས་ཐུར་དུ་གཤིབས་པ་ལྟ་བུ་དབང་པོ་ཡུལ་གཞན་བཞིའི་དབང་གིས་དྲི་ལ་འཇུག་གོ་།རོ་མི་བྲོ་བ་དང་རོ་བྲོ་བ་རྣམ་པ་གཉིས་ཕན་ཚུན་དུ་འཕྲད་པ་ལས་རྨད་དུ་བྱུང་བའི་རང་བཞིན་དེར་དྭངས་རྐྱེན་ལས་རོ་བྲོ་བ་གསལ་
467a
༄#། །བར་འགྱུར་རོ། །རོ་བྲོ་བའི་རང་བཞིན་རོ་ལ་གཏད་པ་ལས་དབང་པོར་འགྱུར་རོ། །དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་ལྕེའི་དངོས་པོ་ཞེས་བྱའོ། །ཟླ་བ་ཕྱེད་པ་ལྟ་བུ་དབང་པོ་ཡུལ་གཞན་བཞིའི་དབང་གིས་རོ་ལ་འཇུག་གོ་།རེག་པ་དང་འབྲལ་བ་རྣམ་པ་གཉིས་ཕན་ཚུན་དུ་འཕྲད་པ་ལས་རྨད་དུ་བྱུང་བའི་རང་བཞིན་དེར་དྭངས་རྐྱེན་ལས་རེག་པ་གསལ་བར་འགྱུར་རོ། །རེག་པའི་རང་བཞིན་རེག་བྱ་ལ་གཏད་པ་ལས་དབང་པོར་འགྱུར་རོ། །དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་ལུས་ཀྱི་དངོས་པོ་ཞེས་བྱའོ། །ཟོམ་རྔ་ལྟ་བུ་དབང་པོ་ཡུལ་གཞན་བཞིའི་དབང་གིས་རེག་བྱ་ལ་འཇུག་གོ་།སྐྱེ་བ་དང་འགག་པ་རྣམ་པ་གཉིས་ཕན་ཚུན་དུ་བསྟུད་པ་ལས་རྨད་དུ་བྱུང་བའི་རང་བཞིན་དེར་དྭངས་རྐྱེན་ལས་ཡིད་གསལ་བར་འགྱུར་རོ། །ཡིད་ཀྱི་རང་བཞིན་ཆོས་ལ་གཏད་པ་ལས་ཆོས་ཉེ་བར་བསྡུས་ནས་དབང་པོར་འགྱུར་རོ། །དབང་པོའི་རང་བཞིན་རྣམ་པར་དག་པའི་འབྱུང་པ་ཆེན་པོ་བཞི་ལ་བརྟེན་ནས་སེམས་པའི་ཡིད་ཅེས་བྱའོ། །ཁྱིམ་དབེན་པའི་ནང་དུ་བལྟས་པ་ལྟ་བུ་དབང་པོ་ཡུལ་གཞན་བཞིའི་དབང་གིས་ཆོས་ལ་འཇུག་གོ་།ཀུན་དགའ་བོ། དབང་བོ་དྲུག་པོ་འདི་གསལ་ཞིང་རིག་པ་མ་རིག་པས་བསླད་པ་ལས་གསལ་བའི་རང་བཞིན་སྒྲིབ་སྟེ་ཡུལ་
467b
རྫུན་པ་ལ་ཕྱོགས་པ་ལས་སྤྲོས་པ་འབྱུང་ངོ ། །དེའི་ཕྱིར་དེ་ལྟ་ཁྱོད་སྣང་མུན་དང་བྲལ་ན་མཐོང་བའི་དངོས་པོ་མེད་པར་འགྱུར་རོ། །གཡོ་མི་གཡོ་དང་བྲལ་ན་ཐོས་པའི་དངོས་པོ་མེད་པར་འགྱུར་འབྱེད་འགག་དང་བྲལ་ན་སྣོམ་པའི་དངོས་པོ་མེད་པར་འགྱུར། རོ་བྲོ་མི་བྲོ་མེད་ན་མྱོང་བའི་དངོས་པོ་མེད་པར་འགྱུར། འབྲལ་རེག་མེད་ན་རེག་པའི་དངོས་པོ་མེད་པར་འགྱུར། སྐྱེ་འགག་མེད་ན་འདུ་ཤེས་པ་གང་ལ་བརྟེན། ཁྱོད་གཡོ་མི་གཡོ་དང ། འབྲལ་རེག་དང ། རོ་བྲོ་མི་བྲོ་དང ། འབྱེད་འགག་དང ། སྐྱེ་འགག་དང ། སྣང་མུན་ལ་སོགས་པ་རྣམ་པ་བཅུ་གཉིས་ཀྱི་དངོས་པོའི་གཟུགས་ཀྱི་དབང་དུ་མི་གཏོང་བར་དབང་པོ་གང་ཡང་རུང་བ་གཅིག་གསལ་ན། འཁྲུལ་བའི་སྣང་བ་དང་བྲལ་ནས་མ་རིག་པ་བཅོམ། དེ་མ་ཐག་ཏུ་སླར་ཡང་གདོད་མའི་སེམས་གསལ་རིག་གསལ་བར་འགྱུར་རོ། །གསལ་རིག་གི་རང་བཞིན་གསལ་བས་ཡུལ་ལྔའི་བག་ཆགས་དག་པའི་མཐུས་དྲི་མ་ཐམས་ཅད་དག་ནས་མདུན་གྱི་ཡུལ་ལམ་ལྟོས་པར་ཤེས་པ་མཐོང་བ་འབྱུང་བར་འགྱུར། འདི་ལ་གསལ་རིག་དབང་པོའི་དབང་གིས་མི་འགྲོ་ཡང་དབང་པོའི་རྐྱེན་གྱིས་གསལ་རིག་མངོན་དུ་འགྱུར་རོ། །འདི་ནས་དབང་པོ་དྲུག་ཡུལ་ཕན་ཚུན་ལ་དབྱེ་བ་མེད་པར་ལོངས་སྤྱོད་པར་ནུས་སོ། །ཀུན་དགའ་བོ། ཁྱོད་ཀྱིས་མི་ཤེས་སམ། ད་ལྟ་འདུས་པ་འདིའི་ནང་དུ་མ་འགག་པ་མིག་མེད་ཀྱང་གཟུགས་མཐོང ། ཀླུའི་རྒྱལ་པོ་ཉེ་དགའ་རྣ་བ་མེད་ཀྱང་སྒྲ་ཐོས།
468a
༄#། །གངྒཱའི་ལྷ་མོ་སྣ་མེད་ཀྱང་དྲི་ཚོར། བ་གླང་བདག་ལྕེ་རྣམ་པ་གཞན་དུ་ཡོད་ཀྱང་རོ་མྱོང ། ལྷ་ཤཱུ་ནྱ་ཏ་ལུས་མེད་ཀྱང་རེག་བྱ་ཚོར་ཞིང་སངས་རྒྱས་ཀྱི་འོད་ཀྱིས་སྣང་བར་གྱུར་ཏེ་སྐད་ཅིག་ལ་མཐོང་བར་འགྱུར་ཡང་རླུང་དང་འདྲ་བའི་ཕྱིར་འོད་དང་བྲལ་མ་ཐག་ལུས་མེད་པར་འགྱུར་རོ། །འགོག་པའི་ཏིང་ངེ་འཛིན་དང་ཞི་བ་ལ་གནས་པའི་ཉན་ཐོས་རྣམས་ལས་འདུས་པ་འདིའི་ནང་དུ་འོད་སྲུང་ཆེན་པོ་ལྟ་བུ་ཡིད་ཀྱི་དབང་པོ་འགགས་ནས་ཡུན་རིང་དུ་ལོན་ཡང་གསལ་རིག་གིས་གསལ་བར་ཤེས་པ་ནི། རྟོག་ཅིང་སེམས་པ་མ་ཡིན་ནོ། །ཀུན་དགའ་བོ། ད་ལྟ་ཁྱོད་གལ་ཏེ་དབང་པོ་ཐམས་ཅད་བསལ་ན་ནང་གི་གསལ་རིག་མངོན་དུ་འགྱུར་ཏེ་ཕྱིའི་ཡུལ་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པ་འདི་དག་འགྱུར་བ་དང་སྐྱེ་བའི་གཟུགས་ཆུ་ཁོལ་མོས་འཁྱགས་པ་བཞུ་བ་ལྟར་སེམས་ཀྱི་སྐད་ཅིག་ལ་གནས་གྱུར་ཏེ་བླ་ན་མེད་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཀུན་དགའ་བོ། ད་ལྟ་ཡང་འཇིག་རྟེན་གྱི་སྐྱེ་བོ་དག་བལྟ་བྱ་མིག་གིས་མཐོང་ལ་གལ་ཏེ་མྱུར་དུ་བཙུམས་ན་མུན་པའི་གཟུགས་མདུན་དུ་མངོན་པར་འགྱུར། དབང་པོ་དྲུག་པོ་མི་གསལ་ཞིང་མུན་པར་འགྱུར་ལ་མགོ་ནས་རྐང་པའི་བར་ཡང་འདི་ཉིད་དང་འདྲའོ། །དེས་སྐྱེ་བོ་འགའ་ཞི་ག་ལ་ལགས་པས་ཕྱི་ནས་ཉུག་ན་ཇི་ལྟར་མི་མཐོང་ཡང་མགོ་ནས་རྐང་པའི་བར་དུ་རྣམ་པར་རིག་པ་ཙམ་
468b
དུ་འདྲའོ། །མཐོང་བ་སྣང་བ་ལས་བྱུང་བ་ཡིན་ན་མུན་པ་ལ་མི་མཐོང་བར་འགྱུར། སྣང་བ་ལ་མི་བརྟེན་པར་རང་བྱུང་བ་ཡིན་ན་མུན་པས་གཟུགས་སྣ་ཚོགས་ལ་རིང་དུ་སྒྲིབ་པར་མི་ནུས་པའི་ཕྱིར་དབང་པོ་དང་ཡུལ་དག་པས་གསལ་རིག་ཇི་ལྟར་རྨད་དུ་བྱུང་བའི་རང་བཞིན་དུ་འགྲུབ་པར་མི་འགྱུར། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས།་ད་ལྟ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་ཐོག་མའི་རྣམ་པར་རིག་པའི་སེམས་ཀྱི་རྒྱུན་ཚོལ་ན། འབྲས་བུའི་ས་དང་མིང་དང་གྲངས་མཐུན་པ་ཞིག་འབྱུང་རིགས་སོ།། བཅོམ་ལྡན་འདས། འབྲས་བུའི་ས་ལ་བྱང་ཆུབ་དང་མྱང་འདས་དང་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་རང་བཞིན་དང་དྲི་མ་མེད་པའི་ཤེས་པ་དང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྣམ་པ་འདི་བདུན་གྱི་མིང་ཐ་དད་ཀྱང་རྣམ་པར་དག་པ་ཡོངས་སུ་རྫོགས་པ་རང་བཞིན་གྱིས་གཏན་དུ་གནས་པ་རིན་པོ་ཆེ་རྡོ་རྗེ་རྒྱལ་པོ་ལྟར་སྲ་ཞིང་བརྟན་ལ་གཞོམ་དུ་མེད་པའོ། །གལ་ཏེ་འདིའི་མཐོང་བ་དང་སྣང་བ་དང་མུན་པ་དང་གཡོ་བ་དང་མི་གཡོ་བ་དང་ཐོགས་པ་དང་ཐོགས་པ་མེད་པ་དང་བྲལ་ན་གཏན་ནས་རང་བཞིན་མེད་པར་འགྱུར་རོ། །དཔེར་ན། དྲན་པ་དང་འདྲ་སྟེ། མདུན་གྱི་ཡུལ་དང་བྲལ་ན་ཅི་ཡང་མེད། ཇི་ལྟར་ན་གཏན་ནས་ཆད་པ་དང་འགག་པར་འགྱུར་བའི་རྒྱུ་ཉམས་སུ་བླངས་ནས་དེ་བཞིན་
469a
༄#། །གཤེགས་པའི་རྟག་བརྟན་གྱི་འབྲས་བུ་བདུན་འཐོབ་པར་འགྱུར། བཅོམ་ལྡན་འདས། གལ་ཏེ་སྣང་བ་དང་མུན་པ་དང་བྲལ་ན་མཐོང་བ་གཏན་ནས་མེད་པར་འགྱུར་ཞིང ། མདུན་གྱི་ཡུལ་མེད་ན་དྲན་རྟོག་གི་རང་བཞིན་རང་གི་ངང་གིས་འགག་གོ་།སྔ་ཕྱི་ཕན་ཚུན་དུ་ཞིབ་ཏུ་བརྟག་ཅིང་བཙལ་ན་གདོད་མ་ནས་བདག་གི་སེམས་དང་སེམས་ལས་བྱུང་བ་ཡང་མེད་ན། འདི་ལ་གང་གིས་རྒྱུ་བྱས་ནས་བླ་ན་མེད་པའི་རིག་པ་ཚོལ་བར་བྱེད། དེ་བཞིན་གཤེགས་པས་ཟབ་ཅིང་ཕྲ་ལ་རྫོགས་ཤིང་དྭངས་པ་བརྟན་པ་ཞེས་བཀའ་སྩལ་ན།་ཚིག་འདི་ལས་བརྒལ་ནས་འདས་ན་རྩེད་མོའི་ཚིག་ཏུ་འགྱུར་རོ། །ཇི་ལྟར་དེ་བཞིན་གཤེགས་པའི་བཀའ་ལ་ཡང་དག་པ་ཞེས་བརྗོད། བརྩེ་བ་ཆེན་པོས་བདག་གི་མ་རིག་པའི་མུན་པ་བསལ་དུ་གསོལ་ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་མང་དུ་ཐོས་པ་ལ་བསླབ་ཀྱང་ཟག་པ་ཐམས་ཅད་མ་བསལ་ཞིང་སེམས་ཀྱིས་ཕྱིན་ཅི་ལོག་གི་རྒྱུ་ཤེས་པ་ཡིན་པ་ལ་ཕྱིན་ཅི་ལོག་མངོན་སུམ་དུ་ཡོད་པ་གཏན་ནས་ངོ་མ་ཤེས་སོ། །ཁྱོད་ཉིད་ཀྱིས་ཞེ་ཐག་པ་ནས་བདེན་པའི་དོན་དུ་ཡིད་ཆེས་སམ། ཇི་ལྟར་ངས་ད་ལྟ་འཇིག་རྟེན་པའི་དོན་ཕལ་པ་ལ་བརྟེན་ནས་ཁྱོད་ཀྱི་ཐེ་ཚོམ་བསལ་བར་བྱའོ། །ཞེས་བཀའ་སྩལ་ནས་དེ་བཞིན་གཤེགས་པས་སྒྲ་གཅན་འཛིན་ལ་གཎྜི་ལན་གཅིག་བརྡུང་དུ་
469b
བཅུག་ནས་ཀུན་དགའ་བོ་ལ་དྲིས་པ། ཁྱོད་ཀྱིས་ད་ལྟ་ཐོས་སམ་མ་ཐོས། ཀུན་དགའ་བོ་ལ་སོགས་པའི་འཁོར་འདུས་པ་རྣམས་ཀྱིས་བདག་ཅག་ཐམས་ཅད་ཀྱིས་ཐོས་སོ། །ཞེས་གསོལ་ཏོ། །གཎྜིའི་སྒྲ་ཡལ་བ་ན་བཅོམ་ལྡན་འདས་ཀྱིས་ཡང་དྲིས་པ། ད་ལྟ་ཐོས་སམ་མ་ཐོས། ཀུན་དགའ་བོ་ལ་སོགས་པའི་འཁོར་འདུས་པ་རྣམས་ཀྱིས་མ་ཐོས་སོ། །ཞེས་གསོལ་ཏོ། །དེའི་ཚེ་སྒྲ་གཅན་འཛིན་གྱིས་སླར་ཡང་གཅིག་བརྡུང་བ་དང ། བཅོམ་ལྡན་འདས་ཀྱིས་ཡང་དྲིས་པ། ཁྱེད་ཅག་གིས་ད་ལྟ་ཐོས་སམ་མ་ཐོས། ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ཀྱིས་ཐོས་སོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་དྲིས་པ། ཁྱེད་ཅག་གིས་ཇི་ལྟར་ཐོས་ལ་ཇི་ལྟར་མ་ཐོས། ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ཀྱིས་གསོལ་པ། གཎྜིའི་སྒྲ་གྲགས་པ་ན་ཐོས་ལ། བརྡུངས་ནས་རིང་ཞིག་ནས་སྒྲ་ཡལ་བ་ན་གཏན་ནས་མ་ཐོས་སོ། །ཞེས་གསོལ་ཏོ། །དེ་བཞིན་གཤེགས་པས་ཡང་སྒྲ་གཅན་འཛིན་ལ་བཀའ་སྩལ་ཏེ་གཎྜི་བརྡུང་དུ་བཅུག་ནས་ཀུན་དགའ་བོ་ལ་དྲིས་པ། ཁྱོད་ཀྱིས་སྒྲ་ཡོད་ཅེས་སྨྲའམ། མེད་ཅེས་སྨྲ། ཀུན་དགའ་བོ་ལ་སོགས་པའི་འཁོར་འདུས་པ་ཐམས་ཅད་ཀྱིས་སྒྲ་ཡོད་ཅེས་གསོལ་ཏོ། །ཡུད་ཙམ་སོང་ནས་སྒྲ་ཡལ་བ་ན་བཅོམ་ལྡན་འདས་ཀྱིས་ཡང་དྲིས་པ། ཁྱེད་ཅག་ད་ལྟ་སྒྲ་ཡོད་ཅེས་སྨྲའམ། མེད་ཅེས་སྨྲ། ཀུན་དགའ་
470a
༄#། །བོ་ལ་སོགས་པ་འཁོར་འདུས་པས་སྒྲ་མེད་ཅེས་གསོལ་ཏོ། །ཅུང་ཟད་སོང་ནས་སྒྲ་གཅན་འཛིན་གྱིས་ཡང་གཎྜི་བརྡུང་བ་ན་བཅོམ་ལྡན་འདས་ཀྱིས་སླར་ཡང་དྲིས་པ། ཁྱེད་ཅག་ད་ལྟ་སྒྲ་ཡོད་ཅེས་སྨྲའམ། མེད་ཅེས་སྨྲ། ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ཀྱིས་སྒྲ་ཡོད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་དྲིས་པ། ཁྱོད་ཅིའི་ཕྱིར་སྒྲ་ཡོད་ཅེས་སྨྲ་ལ། ཅིའི་ཕྱིར་སྒྲ་མེད་ཅེས་སྨྲ། ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ།་གཎྜིའི་སྒྲ་གྲགས་པ་ན་སྒྲ་ཡོད་ཅེས་སྨྲ། བརྡུངས་ཏེ་རིང་ཞིག་སོང་ནས་སྒྲ་ཡལ་བ་ན་སྒྲ་མེད་ཅེས་སྨྲའོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་སོགས་པ་འཁོར་འདུས་པ་ཐམས་ཅད་ལ་བཀའ་སྩལ་པ། ཁྱེད་ཅག་ད་ལྟ་ཅིའི་ཕྱིར་རང་ཚིག་གིས་རང་ཉིད་འཁྲུལ་པར་བྱེད་ཅིང་སྨྲ། འཁོར་འདུས་པ་ཐམས་ཅད་དང ། ཀུན་དགའ་བོ་ལ་སོགས་པས་བཅོམ་ལྡན་འདས་ལ་གསོལ་པ། ད་ལྟ་ཅིའི་ཕྱིར་བདག་ཅག་ཚིག་འཁྲུལ་པར་སྨྲ་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱེད་ཅག་ལ་ཐོས་སམ་ཞེས་དྲིས་པ་ལ་ཁྱེད་ཅག་ཐམས་ཅད་ཐོས་སོ། །ཞེས་སྨྲ། ཡང་ཁྱེད་ཅག་ལ་སྒྲ་ཡོད་དམ་ཞེས་དྲིས་པ་ལ་ཁྱེད་ཅག་ཐམས་ཅད་སྒྲ་ཡོད་ཅེས་སྨྲ། ཐོས་སོ་
470b
སྒྲ་ཡོད་ཅེས་པ་ལྟར་ན། ལན་གསོལ་བ་ལ་ངེས་པ་མ་མཆིས་པར་སྣང་ཞིང ། འདི་ལྟར་ཡིན་བཞིན་དུ་ཅིའི་ཕྱིར་རང་ཚིག་མ་འཁྲུལ་ཞེས་སྨྲ། ཀུན་དགའ་བོ། སྒྲ་ཡལ་ཞིང་མེད་པ་ན་ཁྱེད་ཅག་མི་ཐོས་ཞེས་སྨྲ་ལ། གལ་ཏེ་ངེས་པར་མི་ཐོས་ན་ཐོས་པས་རང་བཞིན་འགག་མ་ཐག་ཏུ་ཤིང་སྐམ་དང་འདྲ་བར་འགྱུར་རོ། །སླར་ཡང་གཎྜིའི་སྒྲ་གྲགས་ན། ཁྱེད་ཅག་གིས་ཇི་ལྟར་ཤེས།་ཡོད་པར་ཤེས་པ་དང ། མེད་པར་ཤེས་པ་ཡུལ་སྒྲ་ཉིད་ལས་ཡིན་ལ། གློ་བུར་དུ་མེད་པར་གྱུར་པ་དང ། གློ་བུར་དུ་ཡོད་པར་གྱུར་པ་ཐོས་པའི་རང་བཞིན་དེ་ཅིའི་ཕྱིར་ཁྱེད་ཅག་གིས་ཡོད་ཅེས་པ་དང ། མེད་ཅེས་པའི་དབང་དུ་འགྱུར། ཐོས་པ་མེད་ཅེ་ན། མེད་པ་ཤེས་པ་པོ་སུ་ཞིག་ཡིན། དེའི་ཕྱིར་ཀུན་དགའ་བོ། སྒྲ་དེ་ཐོས་པ་ཉིད་ལས་བྱུང་བ་ཡིན་ན། རང་ཉིད་སྐྱེས་པ་དང་འགག་པ་ཡོད་པར་འགྱུར་ལ། ཁྱེད་ཅག་གིས་ཐོས་པའི་ཕྱིར་གདོད་སྒྲ་སྐྱེས་པ་དང་འགག་པར་གྱུར་ནས་ཁྱེད་ཅག་གི་ཐོས་པའི་རང་བཞིན་ཡོད་པ་དང ། མེད་པ་ལ་ཐུག་པ་ནི།་མ་ཡིན་ནོ། །ཁྱོད་ཕྱིར་ཞིང་ཕྱིན་ཅི་ལོག་གི་བློས་སྒྲ་ལ་རྨོངས་ནས་ཐོས་བཙམ་ཞིག་གི་མཚན་མར་བཟུང་ནས་འཁོར་ཞིང་འཁྱམས་ཏེ་རྟག་པ་ལ་ཆད་པར་འཛིན་པ་ལ་སྨད་པའི་གནས་ཅི་ཡོད། ཇི་ལྟར་ཡང་གཡོ་མི་གཡོ་དང ། ཐོགས་བཅས་ཐོགས་མེད་དང ། འབྱེད་པ་དང་སྟོང་པ་སོགས་ཐམས་ཅད་དང་བྲལ་ནས་ཐོས་པ་ལ་རང་བཞིན་མེད་ཅེས་སྨྲ་བར་མི་
471a
༄#། །རིགས་སོ། །དཔེར་ན། མི་གཉིད་འཐུག་པོ་ཅན་དང་འདྲ་སྟེ། ཁྲིའི་སྟེང་དུ་གཉིད་ཀྱིས་ལོག་པ་ལ་ཁྱིམ་དེར་སྐྱེ་བོ་འགའ་ཞིག་གིས་སྤྲུགས་པ་དང་འབྲུ་གཏུན་ཏུ་བརྡུང་བ་ན་མི་དེའི་རྨི་ལམ་དུ་སྤྲུག་པ་དང་བརྡུང་བའི་སྒྲ་ཐོས་ནས་གཞན་ཞིག་ཡིན་སྙམ་དུ་འོང་སྟེ་རྔ་བརྡུང་བའམ། འོན་ཏེ་གཎྜི་བརྡུང་ངམ་སྙམ་ནས་རྨི་ལམ་ལ་གཎྜི་ལས་ཤིང་དང་རྡོ་ལྟར་སྒྲ་གྲག་གོ་།ཞེས་གློ་བུར་དུ་ཡར་ནས་སད་པའི་ཚེ་བརྡུང་བའི་སྒྲ་ཡིན་པར་ངེས་ནས་ནང་མི་ལ་སྨྲས་པ། ང་གཉིད་ལོག་པའི་སྐབས་སྒྲ་འདི་རྔའི་སྒྲ་སྙམ་དུ་འཁྲུལ་ལོ། །ཞེས་སྨྲས་སོ། །ཀུན་དགའ་བོ། མི་འདིའི་རྨི་ལམ་གལ་ཏེ་གཡོ་མི་གཡོ་དང ། འབྱེད་འགག་དང ། ཐོགས་བཅས་ཐོགས་མེད་བསམ་པའི་གནས་ཡོད་དམ། དེ་ཇི་ལྟར་གཉིད་ལོག་ཀྱང་ཐོས་པའི་རང་བཞིན་ཉམས་པར་མི་འགྱུར་རོ། །ཁྱོད་ཤི་ནས་སྲོག་འགག་ན་ཡང་རང་བཞིན་འདི་ཅིའི་ཕྱིར་ཁྱོད་དང་ལྷན་ཅིག་ཞིག་ནས་འགག་པར་འགྱུར། སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གཟུགས་སྒྲ་དང་མ་བྲལ་བར་རྟོག་པ་ཐམས་ཅད་འཁོར་མར་བརྒྱུད་ནས་སོ་སོར་འབྱེད་པར་མི་ནུས་སོ། །རང་བཞིན་རྣམ་དག་རྨད་དུ་བྱུང་བ་གཏན་དུ་གནས་པ་ལ་རྟག་པའི་གནས་ཀྱི་རྗེས་སུ་མི་འབྲང་ངོ ། །སྐྱེ་འགག་གི་དབང་གིས་རྗེས་སུ་འབྲང་བཞིན་པའི་ཕྱིར་དེ་ལས་རིམ་པ་རིམ་པར་བགོས་པའི་བག་ཆགས་ཀྱིས་འགྱུར་
471b
ནས་འཁོར་རོ། །གལ་ཏེ་སྐྱེ་འགག་སྤངས་ནས་རྟག་ཏུ་བདེན་པ་ཉིད་ལ་གཞོལ་ན། གསལ་རིག་མངོན་སུམ་དུ་གྱུར་ཏེ་དབང་པོའི་ཡུལ་ཅན་གྱི་ཤེས་རིག་ཡུད་ཙམ་ཞིག་འགག་པར་འགྱུར་རོ། །འདུ་ཤེས་ཀྱི་གཟུགས་ལ་ཡུལ་ཞེས་བྱའོ། །རྣམ་པར་ཤེས་པའི་མ་རིག་པ་ལ་དྲི་མ་ཞེས་བྱའོ། །འདི་གཉིས་དང་རབ་ཏུ་བྲལ་ན། དེ་མ་ཐག་ཏུ་ཁྱོད་ཀྱི་ཆོས་ཀྱི་མི་རྡུལ་དང་བྲལ་བར་འགྱུར་རོ། །འདི་ལ་བླ་ན་མེད་པའི་གསལ་རིག་གི་རྣམ་པར་ཤེས་པ་མི་འགྲུབ་པའི་ཚུལ་ཡོད་དམ། །དེ་བཞིན་གཤེགས་པའི་གསང་བསྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་བ།་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་དོན་དེ་ཉིད་ཇི་ལྟར་བཤད་ཀྱང་ད་ལྟ་འཇིག་རྟེན་པ་དག་མདུད་པ་འགྲོལ་བ་ལ་བལྟས་ན། གལ་ཏེ་དེས་མདུད་པ་དེ་ཐོག་མར་ཇི་ལྟར་མདུད་པའི་ཚུལ་མ་ཤེས་ན། མི་དེས་ཇི་ལྟར་བྱས་ཀྱང་འགྲོལ་མི་ནུས་སྙམ་དུ་བདག་སེམས་ལགས་ཏེ། བཅོམ་ལྡན་འདས་བདག་དང་འཁོར་འདུས་པའི་ཉན་ཐོས་སློབ་པ་དག་ཀྱང་དེ་བཞིན་ནོ། །ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཀུན་ཏུ་རྨོངས་པ་ཐམས་ཅད་དང་ལྷན་ཅིག་སྐྱེ་ཞིང་འགག་བཞིན་པ་ཡིན་པ་ལ།
472a
༄#། །འདི་ལྟ་བུའི་མང་དུ་ཐོས་པའི་དགེ་བའི་རྩ་བ་ཐོབ་པ་ན་རབ་ཏུ་བྱུང་བ་ཞེས་བྱ་སྟེ། ཉིན་རེས་བར་དུ་ཆོད་པའི་རིམས་ལྡང་དུབ་པའི་ནད་ཀྱིས་བཏབ་པ་དང་འདྲ། སྙིང་རྗེ་ཆེན་པོས་བདག་ཅག་འདམ་དུ་བྱིང་བ་རྣམས་ལ་ཐུགས་རྗེས་གཟིགས་ནས་ད་ལྟ་བདག་ཅག་གི་ལུས་སེམས་གཉིས་ཇི་ལྟར་བཅིངས་པ་དང་གང་ནས་བཀྲོལ་བ་བསྟན་ནས་སླད་མའི་སེམས་ཅན་སྡུག་བསྔལ་བ་རྣམས་འཁོར་བར་འཁོར་བ་ལས་གྲོལ་ཏེ་སྲིད་པ་གསུམ་དུ་མི་ལྟུང་བར་མཛད་དུ་གསོལ་ཞེས་གསོལ་པ་དང ། དགེ་འདུན་འདུས་པ་ཐམས་ཅད་ཡན་ལག་ལྔ་ས་ལ་གཏུགས་ཏེ་མིག་ནས་མཆི་མ་འཁྲུག་བཞིན་དུ་སྙིང་ནས་གུས་པས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ལེགས་པར་བཤད་པ་ནོད་ཅིང་འདུག་གོ་།དེའི་ཆེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་འཁོར་འདུས་པའི་སློབ་པ་རྣམས་ལ་བརྩེ་བས་བསྐྱངས་ཏེ། ཡང་སླད་མའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་ལས་འདའ་བའི་རྒྱུ་དང་ཕྱི་རབས་ཀྱི་མིག་ཏུ་བྱའོ། །ཞེས་ཛམྦུ་ཆུ་བོའི་གསེར་ལྟ་བུའི་ཕྱག་གིས་ཀུན་དགའ་བོའི་མགོ་ལ་བྱུག་པ་མཛད་དོ། །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་དྲུག་ཏུ་འུར་ཞིང་གཡོས་སོ། །རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་རང་གི་གཙུག་ཏོར་གྱི་ནོར་བུ་ལས་འོད་
472b
ཟེར་འཕྲོས་ཏེ། འོད་ཟེར་དེ་དག་དུས་གཅིག་ཏུ་འཇིག་རྟེན་སོ་སོ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་ལ་ཐིམ་པས་འཁོར་འདུས་པ་དེ་དག་སྔར་མ་མཐོང་བའི་ངོ་མཚར་བ་གསར་དུ་མཐོང་ངོ ། །དེ་ནས་ཀུན་དགའ་བོ་དང ། འཁོར་འདུས་པ་དེ་དག་ཐམས་ཅད་ཀྱིས་ཐོས་པར་ཕྱོགས་བཅུའི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབྱངས་གཅིག་གིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཤིན་ཏུ་ལེགས་སོ། །ཀུན་ཏུ་རྨོངས་པ་དང་ལྷན་ཅིག་ཏུ་སྐྱེ་བཞིན་པར་སྐྱེ་ཞིང་འགག་པའི་འཁོར་བར་འཁོར་བའི་འཆིང་བའི་རྩ་བ་ཤེས་པར་འདོད་ན། ཁྱོད་ཀྱི་དབང་པོ་དྲུག་ཉིད་ལས་དངོས་པོ་གཞན་གཏན་ནས་མེད་དོ། །ཡང་ཁྱེད་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱིས་མྱུར་དུ་ཞི་བདེའི་རྣམ་པར་གྲོལ་བ་ལ་བཀོད་ནས་མི་འགྱུར་བའི་ཞི་བ་དམ་པ་རྟག་པའི་ཚུལ་ཤེས་པར་འདོད་ན། ཡང་ཁྱོད་ཀྱི་དབང་པོ་དྲུག་པོ་ཉིད་ཡིན་གྱི། དངོས་པོ་གཞན་གཏན་མ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཀུན་དགའ་བོས་ཇི་ལྟར་ཆོས་ཀྱི་དབྱིངས་འདི་ལྟ་བུ་ཐོས་ཀྱང་གསལ་བར་ཁོང་དུ་མ་ཆུད་པས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་པ། བདག་སྐྱེ་འགག་གི་འཁོར་བར་འཁོར་བ་དང ། རྨད་དུ་བྱུང་བའི་ཞི་བ་དང་བདེ་བ་རྟག་པའི་གནས་ཐོབ་པར་བྱེད་པའི་རྒྱུ་དབང་པོ་དྲུག་ཁོ་ན་ཡིན་གྱི། དངོས་པོ་གཞན་གཏན་མ་ཡིན་ཞེས་བཀའ་སྩལ་པ་ཅི་ལགས།
473a
༄#། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དབང་པོ་དང་ཡུལ་རྩ་བ་གཅིག་ཅིང་འཆིང་བ་དང་གྲོལ་བ་གཉིས་ཐ་དད་པ་མེད། རྣམ་པར་ཤེས་པའི་རང་བཞིན་རྫུན་པ་ནམ་མཁའི་མེ་ཏོག་བཞིན་ནོ། །ཀུན་དགའ་བོ། ཡུལ་ལས་འདུ་ཤེས་འབྱུང་ཞིང་དབང་པོའི་རྐྱེན་གྱིས་རྣམ་པ་སྐྱེའོ། །གཟུགས་དང་མཐོང་བ་ལ་རང་བཞིན་མེད་ཅིང་ཕན་ཚུན་བརྟེན་ནས་སྐྱེས་པ་འདམ་བུའི་ཁྱིམ་བཞིན་ནོ། །འདིའི་སླད་དུ་ཁྱོད་ཀྱིས་ད་ལྟ་ཤེས་མཐོང་ལ་འདུ་ཤེས་ན་མ་རིག་པའི་རྩ་བར་འགྱུར་ལ། ཤས་མཐོང་ལ་མཐོང་བ་མེད་ནས་དེ་ཉིད་མྱང་འདས་ཟག་པ་མེད་པའི་ཡང་དག་པའི་གཙང་བར་འགྱུར་བས། དེའི་འདིའི་ནང་དུ་དངོས་པོ་ཇི་ལྟར་ཆུད་པར་འགྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སླར་ཡང་དོན་འདི་གསལ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་བཀའ་སྩལ་ཏོ། །དམ་པའི་དོན་དུ་ངོ་བོས་སྟོང ། །བརྟེན་ནས་འབྱུང་ཕྱིར་སྒྱུ་མ་བཞིན། །དངོས་པོ་མེད་ཕྱིར་སྐྱེ་འགག་བྲལ། །བདེ་ན་མེད་ནམ་མཁའི་མེ་ཏོག་བཞིན། །རྫུན་པ་སྨྲ་བས་བདེན་པ་གསལ། །བདེན་དང་རྫུན་པ་གཉིས་ཀ་རྫུན། །བདེན་པ་མ་ཡིན་བདེན་མེད་མིན། །ཇི་ལྟར་ཤེས་དང་ཤེས་བྱར་བརྗོད་དེ་དག་པར་ནའང་བདེན་མེད་ཕྱིར། །ཕན་ཚུན་བརྟེན་པའི་འདམ་བུ་བཞིན། །བཅིངས་དང་འགྲོལ་བ་རྒྱུ་གཅིག་ཉིད། །སྐྱེ་འཕགས་སོ་སོར་ལམ་ཡོད་མིན། །ཁྱོད་ཀྱིས་ལྟོས་འབྲེལ་
473b
རང་བཞིན་སོམས། །རང་བཞིན་སྟོང་དང་མི་སྟོང་མིན། །རྨོངས་ཤིང་བསྒྲིབས་པ་མ་རིག་སྟེ། །དེ་ཉིད་སངས་མ་ཐག་ཏུ་གྲོལ། །འཆིང་བ་རིམ་གྱིས་གྲོལ་བ་ཡིས། །དྲུག་པོ་གྲོལ་བས་གཅིག་ཀྱང་མེད། །དབང་པོ་བཙལ་བས་མངོན་ཤེས་འགྲུབ། །ནང་དོན་ལ་ཞུགས་རྫོགས་སངས་རྒྱས། །ཀུན་གཞིའི་རྣམ་ཤེས་ཟབ་ཅིང་ཕྲ། །ས་བོན་ཆུ་བོའི་རྒྱུན་བཞིན་འབབ། ། བདེན་རྫུན་ལོག་པར་རྟོག་འགྱུར་ཞེས། །རྟག་ཏུ་ངས་ནི་མ་བསྟན་ཏོ། །སེམས་ཀྱིས་སེམས་ཉིད་རྟོགས་པ་ན། །སྒྱུ་མ་མིན་ཡང་སྒྱུ་མའི་ཆོས། །མ་རྟོགས་སྒྱུ་མ་ཡང་ནི་མེད། །སྒྱུ་མ་མིན་ཡང་མི་སྐྱེ་ན། །སྒྱུ་མའི་ཆོས་རྣམས་ག་ལ་གནས། །འདི་མིང་པད་དཀར་དམ་པ་དང ། །རྡོ་རྗེ་རྒྱལ་པོ་རྫོགས་སངས་རྒྱས། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །ཡུད་ཀྱིས་མི་སློབ་ལམ་ལས་འདའ། །འདི་ཉིད་དམ་ཆོས་མངོན་པ་ཡིན། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི། །ལམ་གཅིག་མྱ་ངན་འདས་པའི་སྒོ། །དེ་ནས་ཀུན་དགའ་བོ་དང་འཁོར་འདུས་པ་ཐམས་ཅད་དེ་བཞིན་གཤེགས་པས་བླ་ན་མེད་པའི་བརྩེ་བས་རྗེས་སུ་བསྟན་པ་སླར་ཡང་ཚིགས་སུ་བཅད་པ་སྡེབ་ལེགས་ཤིང་སྙན་ལ་དོན་གསལ་བ་ཐོས་པས་བློ་གྲོས་ཀྱི་མིག་གསལ་པར་ཕྱེ་སྟེ་སྔར་མ་ཐོས་པའི་དོན་ཐོས་སོ། །ཞེས་ངོ་མཚར་དུ་གྱུར་ཏོ། །ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་གུས་པས་ཕྱག་འཚལ་ཞིང་བཅོམ་ལྡན་འདས་ལ་གསོལ་པ། བདག་ད་
474a
༄#། །ལྟ་སངས་རྒྱས་ཀྱི་འགོག་པ་མེད་པའི་སྙིང་རྗེ་ཆེན་པོའི་མཐུས་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་རྟག་ཅིང་བདེན་པའི་དོན་ཅན་གྱི་ཆོས་ཀྱི་ཚིག་ཐོས་ཀྱང་མདུད་པ་དྲུག་པོ་གྲོལ་བས་གཅིག་ཀྱང་མེད་པར་འགྱུར་བ་དང ། སླར་ཡང་འགྲོལ་བ་དང་མདུད་པའི་རིམ་པ་དག་གི་དོན་ད་དུང་བློར་མ་ཆུད་ལགས་ན། བརྩེ་བ་ཆེན་པོས་རྗེས་སུ་བསྐྱངས་ཏེ་འཁོར་འདུས་པ་འདི་དང ། ཡང་ཕྱི་མའི་དུས་ཀྱི་སྐྱེ་བོ་རྣམས་ལ་དགོངས་ཏེ་ཆོས་ཀྱི་དབྱངས་ཀྱིས་བདག་ཅག་གི་དྲི་མ་འཁྲུད་པར་མཛད་དུ་གསོལ།་དེའི་ཚེ་དེ་བཞིན་གཤེགས་པས་སེངྒེའི་ཁྲི་ལ་ན་བཟའི་ཆོས་གོས་བླ་འོག་རྣམས་ལེགས་པར་བཅོས་ཤིང་བསྡུས་ཏེ་སྐུ་ལ་ཉེ་བར་བཅར་བའི་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་ལ་ཕྱག་བརྐྱང་ནས་འཐབ་བྲལ་གྱི་ལྷས་ཕུལ་བའི་དར་བླངས་ཏེ་འཁོར་འདུས་པའི་མིག་སྔར་མདུད་པ་གཅིག་པོར་ནས་ཀུན་དགའ་བོ་ལ་བསྟན་ཏེ་བཀའ་སྩལ་པ། འདིའི་མིང་ཅི།་ཀུན་དགའ་བ་དང་བཅས་འཁོར་འདུས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། འདི་ལ་མདུད་པ་ཞེས་བྱ་ལགས། དེ་ནས་དེ་བཞིན་གཤེགས་པས་ལྷའི་དེར་སླར་ཡང་མདུད་ནས་ཀུན་དགའ་བོ་ལ་འདྲིས་པ། འདིའི་མིང་ཅི། ཀུན་དགའ་བོ་དང་བཅས་འཁོར་འདུས་པ་རྣམས་ཀྱིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། འདི་ལ་
474b
མདུད་པ་ཉིད་ཅེས་བྱ་ལགས། འདི་བཞིན་དུ་རིམ་པས་ལྷའི་དར་ལན་དྲུག་གི་བར་དུ་མདུད་ནས་མདུད་པ་རྣམས་ཕྱག་ཏུ་བསྣམས་ཏེ་ཀུན་དགའ་བོ་ལ་དྲིས་པ། འདི་དག་གི་མིང་ཅི།་ཀུན་དགའ་བོ་དང་བཅས་འཁོར་འདུས་པ་ཐམས་ཅད་ཀྱིས་སྔར་ལྟར་འདི་དག་མདུད་པ་ཉིད་དོ། །ཞེས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བ་ལ་བཀའ་སྩལ་པ། ངས་ཐོག་མར་ལྷའི་དར་ལ་མདུད་པ་བོར་བར་ཁྱེད་ཅག་གིས་མདུད་པའོ། །ཞེས་སྨྲས་སོ། །ལྷའི་དར་འདི་ཐོག་པར་གཅིག་ཡིན་པ་ལ་གཉིས་པ་དང་གསུམ་པ་ལ་ཁྱེད་ཅག་ཅིའི་ཕྱིར་ཡང་མདུད་པ་ཞེས་བརྗོད། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། རིན་པོ་ཆེ་ལྷའི་དར་འདི་སྣལ་མ་འཐག་ནས་བསྒྲུབ་པ་ན་ཐོག་མར་དངོས་པོ་གཅིག་ཡིན་ཀྱང་དེ་བཞིན་གཤེགས་པས་མདུད་པ་གཅིག་བོར་ན་གཅིག་ཅེས་བྱ་ལ། གལ་ཏེ་མདུད་པ་བརྒྱ་བོར་ན་ཡང་མཐར་བརྒྱ་ཉིད་དོ་སྙམ་དུ་སེམས་སོ། །ཡང་འདིར་མདུད་པ་དྲུག་པོར་བ་མཐར་བདུན་དུ་མི་ལོངས་ལྔར་མི་གནས་པས་དེ་བཞིན་གཤེགས་པས་ཅིའི་ཕྱིར་ཐོག་མའི་མདུད་པ་གཅིག་པ་བཙི་ལ་མདུད་པ་གཉིས་པ་དང་གསུམ་པ་མི་བརྩི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷའི་དར་འདི་དོན་དུ་གཅིག་ཉིད་ཡིན་པར་ཁྱོད་ཀྱིས་ཤེས་པ་དེ་བཞིན་ལ།
475a
༄#། །ངས་མདུད་པ་དྲུག་པོར་བས་དྲུག་ཅེས་བྱ་བར་གྱུར་ཏོ། །ཁྱོད་ཀྱིས་ཞིབ་ཏུ་དཔྱོད་ལ་ལྟོས་ཤིག་།ལྷ་འྐི་དར་དངོས་པོ་གཅིག་ཉིད་ལ་མདུད་པའི་དབང་གིས་དུ་མར་གྱུར་ཏོ། །ཁྱོད་ཇི་སྙམ་དུ་སེམས། ཐོག་མར་བོར་བའི་མདུད་པ་ལ་དང་པོ་ཞེས་བྱ་ལ། དེ་ཞིན་དུ་མདུད་པ་དྲུག་གི་བར་དུ་ཡིན་ན། ངས་ད་ལྟ་མདུད་པ་དྲུག་པ་ལ་དང་པོ་ཞེས་བརྗོད་ན་རུང་ངམ་ཞེས་བཀའ་སྩལ་པ་ལ། བཅོམ་ལྡན་འདས། མ་ལགས་སོ། །གལ་ཏེ་དྲུག་པ་ཡོད་བཞིན་དུ་དྲུག་པ་འདི་ལ་དང་པོ་ཞེས་བརྗོད་མི་རུང་ངོ ། ། བདག་ཚེ་རབས་མང་བོར་བློ་བྲོས་ཀྱི་མཐུས་ཇི་ལྟར་དཔྱད་ཀྱང་མདུད་པ་དྲུག་པོ་འདིའི་མིང་གཞན་དུ་བྱེད་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །མདུད་པ་དྲུག་པོ་འདྲ་བ་མིན་ཞིང་རྩ་བའི་རྒྱུ་ལ་ལེགས་པར་བརྟགས་ན། ལྷའི་དར་གཅིག་ལ་མདུད་པ་དྲུག་བོར་བ་ཡིན་ཏེ། ཕན་ཚུན་འཆོལ་ན་གཏན་དུ་མི་རུང་བའི་ཕྱིར་ཁྱོད་ཀྱི་དབང་པོ་དྲུག་ཀྱང་དེ་བཞིན་ཏེ། གཅིག་ཉིད་ལས་ངེས་པར་དུ་མི་སྐྱེའོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་མདུད་པ་དྲུག་མི་འདོད་ཅིང་མདུད་པ་གཅིག་བྱ་བར་འདོད་ན་ཇི་ལྟར་བྱེད། ཀུན་དགའ་བོས་གསོལ་པ། གལ་ཏེ་མདུད་པ་དྲུག་ཡོད་ན་ཡོན་མིན་གྱི་རྩོད་པ་ལྡང་ལ་དེ་ལས་
475b
མདུད་པ་འདི་མདུད་པ་དེ་མ་ཡིན། མདུད་པ་དེ་མདུད་པ་འདི་མ་ཡིན་ཞེས་སྨྲ་པ་དག་འབྱུང་ངོ ། །དེ་བཞིན་གཤེགས་པས་དེ་རིང་མདུད་པ་ཐམས་ཅད་བཀྲོལ་ནས་མེད་པར་གྱུར་པ་ན་འདི་དང་དེ་ཞེས་བྱར་མེད་པའི་ཕྱིར་གཅིག་ཅེས་ཀྱང་བྱ་བར་མི་རིགས་པ་ལ་ཇི་ལྟར་ན་དྲུག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུག་བཀྲོལ་བ་ན་གཅིག་ཀྱང་མེད་ཅེས་པ་ནི། འདི་དང་འདྲའོ། །ཁྱོད་ཀྱི་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་རློམ་ཞིང་གཡེངས་པས་འདུ་ཤེས་དང་མཐོང་བ་རྫུན་པ་སྐྱེ་ཞིང ། སྐྱེས་ནས་མི་འགྱུར་པར་ཉོན་མོངས་ཏེ་ཡུལ་མངོན་དུ་འགྱུར་རོ། །དཔེར་ན། མིག་འབྲས་ངལ་གྱི་བར་དུ་གཏད་ནས་བལྟས་ན་གསལ་རིག་ལས་རྒྱུ་མེད་པར་ར་རི་འབྱུང་བ་ལྟར་འཇིག་རྟེན་ཐམས་ཅད་དང་རི་ཀླུང་ས་གཞི་དང་སྐྱེ་འཆི་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རློམ་ཞིང་ཉོན་མོ་ངེས་ཏེ་ཕྱིན་ཅི་ལོག་གི་རྣམ་པ་སྐྱེ་བ་ལས་གཞན་མེད་དོ། །ཀུན་དགའ་བོས་གསོལ་པ། ཉོན་མོངས་པའི་འཁྲུལ་པའི་འདི་མདུད་པ་དང་འདྲ་བ་ལགས་ན། འདི་ཇི་ལྟར་འགྲོལ་ཞིང་སེལ་བར་བྱེད། དེ་བཞིན་གཤེགས་པས་ཕྱག་གིས་ལྷའི་དར་དེ་དེ་ནས་གཡོན་ཕྱོགས་སུ་དྲངས་ནས་ཀུན་དགའ་བོ་ལ་དྲིས་པ། འདི་འགྲོལ་བ་ཡིན་ནམ་ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། མ་ལགས་
476a
༄#། །སོ། །ཡང་ཕྱོགས་གིས་གཡས་སུ་དྲངས་ནས་སླར་ཡང་ཀུན་དགའ་བོ་ལ་དྲིས་པ། འདི་གྲོལ་བ་ཡིན་ནམ་ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་ད་ལྟ་ཕྱག་གིས་གཡས་གཡོན་དུ་དྲངས་ཀྱང་མ་གྲོལ་ན།་ཁྱོད་ཀྱིས་ཐབས་གང་གིས་འགྲོལ་བར་ནུས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། མདུད་པའི་དཀྱིལ་ནས་དཀྲོལ་ནས་དེ་མ་ཐག་ཏུ་གྲོལ་ནས་སོ་སོར་ཕྱེད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གལ་ཏེ་བཀྲོལ་ནས་སེམས་བར་བྱེད་ན། མདུད་པའི་དཀྱིལ་ནས་རྩོམ་པར་རིགས་སོ། །ཀུན་དགའ་བོ། ངས་སངས་རྒྱས་ཀྱི་ཆོས་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་ཡིན་ཞེས་གསུངས་པ་ནི། འཇིག་རྟེན་གྱི་འཕྲད་པ་དང་ལྟོས་པའི་གཟུགས་རགས་པ་བསྟན་པ་མ་ཡིན། དེ་བཞིན་གཤེགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གསལ་བར་ཕྱེ་ནས་དེ་བརྟེན་པའི་རྩ་བའི་རྒྱུ་གང་དང་རྗེས་སུ་འཕྲེལ་ནས་ཇི་ལྟར་འབྱུང་བའི་ཚུལ་ཐམས་ཅད་ཀྱིས་བྱུང་བ་ཤེས་ཞིང ། དེ་བཞིན་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཕ་
476b
རོལ་ལ་ཐུག་གི་བར་དུ་ཆར་གྱི་ཐིགས་པ་གཅིག་ཚུན་ཆད་ཀྱི་གྲངས་ཀྱང་ཤེས་སོ། །ད་ལྟ་འདིར་ཐང་ཤིང་དྲང་བ་དང ། ཤིང་ཚེ་མ་ཅན་འཁྱོག་པ་དང ། འདབ་ཆགས་བཞད་དཀར་པ་དང ། བྱ་རོག་ནག་པྲ་ལ་སོགས་པའི་དངོས་པོ་སྣ་ཚོགས་པའི་ཐོག་མའི་རྒྱུ་ཐམས་ཅད་ཀྱང་ཤེས་སོ། །དེའི་ཕྱིར་ཀུན་དགའ་བོ། ཁྱོད་ཀྱིས་དབང་པོ་དྲུག་ལས་གང་འདོད་པ་ཞིག་བཟུང་ལ་ལྟོས་ཤིག་གལ་ཏེ་དབང་པོའི་མདུད་པ་བསལ་ན། ཡུལ་དང་གཟུགས་རང་ཉིད་འགགས་ནས་རྫུན་པ་ཐམས་ཅད་ནུབ་ཅིང་བཞི་བར་འགྱུར་བའི་ཕྱིར་བདེན་པ་མི་རྙེད་པའི་ཚུལ་ཡོད་དམ། ཀུན་དགའ་བོ། ངས་ད་ལྟ་ཁྱོད་ལ་དྲི་བར་བྱའོ། །འཐབ་བྲལ་གྱི་ལྷའི་དར་འདི་ལ་དེ་ལྟ་མདུད་པ་དྲུག་བོར་དུས་གཅིག་ལ་ཐམས་ཅད་འགྲོལ་བར་བྱེད་སྙམ་ན། དེ་ལྟར་ནུས་སམ་ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། མ་ལགས་ཀྱི། མདུད་པ་འདི་རྣམས་ཐོག་མར་རིམ་གྱིས་མདུད་པའི་ཕྱིར་ད་ལྟའང་རིམ་གྱིས་བཀྲོལ་བར་རིགས་སོ། །མདུད་པའི་འདི་དྲུག་གཟུགས་འདྲ་ཡང་མཉམ་དུ་མདུད་པ་ཡིན་པའི་ཕྱིར་མདུད་པའི་འགྲོལ་བ་ན་ཇི་ལྟར་གཅིག་ཅར་འགྲོལ་བར་ནུས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོ་དྲུག་གྲོལ་ཞིང་སེལ་བ་ཡང་དེ་བཞིན་ནོ། །དབང་པོ་འདི་གྲོལ་མ་ཐག་ཏུ་ཐོག་མར་གང་ཟག་གི་སྟོང་པ་ཉིད་རྙེད་ཅིང་སྟོང་པའི་རང་བཞིན་
477a
༄#། །ཀུན་ནས་གསལ་བར་འགྱུར་བ་ཆོས་ལས་རྣམ་པར་གྲོལ། ཆོས་ལས་རྣམ་པར་གྲོལ་བས་སྟོང་པ་ཉིད་གཉིས་སུ་འཛིན་པར་མི་འགྱུར་རོ། །འདི་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལས་སྐྱེས་པའི་སྐྱེ་བ་མེད་པའི་བཟོད་པ་ཞེས་བྱའོ། །ཞེས་བཀའ་སྩལ་ཏོ། །དེ་ལྟར་ཀུན་དགའ་བོ་ལ་སོགས་པའི་འཁོར་འདུས་པ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་གསལ་རིག་མངོན་པར་རྫོགས་པར་ཕྱེ་ནས་བསྟན་པའི་བཀའ་དྲིན་གྱིས་ཐེ་ཚོམ་དང་རྨོངས་པ་སངས་པར་གྱུར་ཏོ། །དེ་འཚེ་ཐལ་མོ་སྦྱར་ཞིང་ཞབས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་གསོལ་པ། ད་ལྟ་བདག་ཅག་གི་ལུས་སེམས་རྙོག་པ་མེད་ཅིང་ཚད་མེད་པའི་དགའ་བ་དང་ལྡན་པར་གྱུར་ཏོ། །མདུད་པ་དྲུག་གྲོལ་བས་གཅིག་ཀྱང་མེད་པར་འགྱུར་བའི་དོན་ཇི་ཙམ་དུ་རྟོགས་ལགས་ཀྱང་མངོན་པར་བྱང་ཆུབ་པའི་རྩ་བ་མ་ཤེས་སོ། །བཅོམ་ལྡན་འདས། བདག་ཅག་ལྟ་བུའི་སྐྱེ་བོ་རབ་ཏུ་འཁྱམས་ནས་བསྐལ་པ་ཇི་སྙེད་ཀྱི་བར་དུ་དཔུང་གཉེན་མེད་པར་དྭ་ཕྲུག་ལྟ་བུར་གྱུར་ནས་ཇི་ཞིག་ལྟར་ཏེ་དེ་བཞིན་གཤེགས་པའི་ཉེད་དུར་གྱུར་ལགས་ཤིང ། འདི་ཉིད་མས་བོར་བའི་བྱིས་པ་ཆུང་དུ་བརྩེ་ལྡན་གྱི་མ་ཉིད་དང་འཕྲད་པ་བཞིན་ནོ། །ཡང་འདུས་པ་འདི་དང་འཕྲད་ནས་ལ་མཐོབ་པར་གྱུར་ལ། ཇི་ལྟར་ཐོས་པའི་གསང་བའི་གདམས་ངག་གི་
477b
དོན་འདི་ཡང་ཐོག་མ་ཉིད་ནས་རང་ལ་ཡོད་པ་རྟོགས་པར་གྱུར་པ་ལགས་ཀྱི། གཞན་དུ་ན་རྩ་བ་ནས་མ་ཐོས་པ་དང་ཁྱད་པར་མེད་པར་འགྱུར་རོ། །སྙིང་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་བདག་ལ་རྨད་དུ་བྱུང་བའི་ཟབ་མོ་བསྟན་ནས་དེ་བཞིན་གཤེགས་པའི་གསལ་བ་མཐར་ཐུག་པ་གསལ་ཞིང་རྒྱས་ལ་རྫོགས་པར་བཀའ་སྩལ་དུ་གསོལ་ཞེས་གསོལ་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ཏེ་ཕྱིར་རང་གནས་སུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་པ་ནོད་ཅིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང ། ཟག་པ་ཐམས་ཅད་དང་བྲལ་བའི་དགྲ་བཅོམ་པ་རྣམས་ལ་བཀའ་སྩལ་པ། ཁྱེད་ཅག་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམས་དང ། དགྲ་བཅོམ་པ་རྣམས་པའི་བསྟན་པ་ལ་ཞུགས་ནས་མི་སློབ་པར་གྱུར་པས། ངས་ད་ལྟ་ཁྱེད་ཅག་ལ་དྲི་བར་བྱའོ། །དང་པོར་སེམས་བསྐྱེད་ནས་ཁམས་བཅོ་བརྒྱད་ལས་གང་ཞིག་རྟོགས་ནས་མངོན་པར་བྱང་ཆུབ་པས་ཡིན་ལ། ཐབས་ལ་མཁས་པ་གང་གིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན། ཀཽ་ཌི་ནྱ་ལ་སོགས་པའི་ལྔ་སྡེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། དེ་བཞིན་གཤེགས་པ་རི་དྭགས་ཀྱི་ནགས་དང་བྱ་ག་ལ་དན་ཀའི་ཚལ་ན་ཞུགས་པའི་ཚེ་ཐོག་མར་བདུད་རྩི་བརྙེས་པ་མཐོང་ཞིང་དེ་བཞིན་གཤེགས་པའི་
478a
༄#། །གསུང་དབྱངས་ལ་བརྟེན་ནས་བདེན་པ་བཞི་མངོན་པར་རྟོགས་ཤིང་དེ་བཞིན་གཤེགས་པས་དགེ་སློང་རྣམས་ལ་དྲིས་པ་ན་བདག་གིས་ཐོག་མར་རྟོགས་སོ། ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདག་ལ་ཀུན་ཤེས་ཞེས་བྱ་བར་མིང་དུ་སྩལ་ཞིང་བསྔགས་པ་མཛད་དོ། །དབྱངས་རྨད་དུ་བྱུང་བ་ཟབ་མོ་དང་ལྡན་པའི་ཕྱིར་བདག་གསུང་དབྱངས་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་གསུང་དབྱངས་མཆོག་ལས་བྱང་ཆུབ་པ་ཞེས་བྱའོ། །ཉེ་སྡེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་དེ་བཞིན་གཤེགས་པ་ཐོག་མར་བདུད་རྩི་བརྙེས་པ་མཐོང་ཞིང་མི་སྡུག་པའི་གཟུགས་ལ་ཡིད་བྱུང་ནས་གཟུགས་ཀྱི་རང་བཞིན་རྟོག་སྟེ་མི་གཙང་བ་ནས་ཀེང་རུས་དང་རྡུལ་གྱི་བར་དུ་བརྟགས་ནས་སྟོང་པར་གྱུར་པའི་རྗེས་སུ་སྟོང་པ་དང་གཟུགས་ཀྱི་དམིགས་པ་དག་ནས་མི་སློབ་པའི་གོ་འཕང་ཐོབ་པས་དེ་བཞིན་གཤེགས་པས་བདག་ལ། ཉེ་སྡེ་ཞེས་བྱ་བར་མིང་དུ་སྩལ་ཞིང་བསྔགས་པ་མཛད་དོ། །ཡུལ་གཟུགས་ཀྱི་དམིགས་པ་དག་ནས་རྨད་དུ་བྱུང་བའི་གཟུགས་ཀྱི་གསང་བ་ཟབ་མོ་རྫོགས་པས་གཟུགས་ཀྱི་རྣམ་པ་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་
478b
བར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་གཟུགས་ལས་བྱང་ཆུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གཞོན་ནུ་སྤོས་ཀྱི་རྒྱན་ཞེས་བྱ་བ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བདག་ལ་དེ་བཞིན་གཤེགས་པས་དངོས་པོའི་གཟུགས་ཐམས་ཅད་ལ་ལེགས་པར་རྟོགས་ཤིག་ཅེས་བཀའ་སྩལ་པ་ཐོས་པས་དེའི་ཚེ་བདག་དེ་བཞིན་གཤེགས་པ་ལ་གནང་བ་གསོལ་ནས་དཔེན་པར་མཉམ་པར་གཞག་པའི་ཚེ་དགེ་སློང་དག་གིས་དྲི་བཟང་པོའི་ཨ་ཀ་རུ་བསྲེག་པ་མཐོང་ནས་སྤོས་ཀྱི་དྲི་སྣར་ཕོག་མ་ཐག་ཏུ་བདག་གིས་དྲི་འདི་ལ་བརྟགས་པ་ན་ཤིང་མ་ཡིན། སྟོང་པ་མ་ཡིན། དུ་བ་མ་ཡིན། མེ་མ་ཡིན། སོང་བ་ན་བརྟེན་པའི་གནས་མེད། འོང་བ་ན་སྐྱེས་པའི་ཁུངས་མེད་པས་རྟོག་པ་སེལ་ནས་ཟག་པ་མེད་པ་མངོན་དུ་གྱུར་པས་དེ་བཞིན་གཤེགས་པས་བདག་ལ་སྤོས་ཀྱི་རྒྱན་ཞེས་བྱ་བར་མིང་དུ་སྩལ་ནས་བསྔགས་པ་མཛད་དོ། །ཡུལ་གྱི་དྲི་འཕྲལ་དུ་འགག་ནས་དྲིའི་གསང་བ་ཟབ་མོ་རྨད་དུ་བྱུང་བ་རྫོགས་པས་བདག་སྤོས་ཀྱི་དྲི་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་སྤོས་ཀྱི་དྲི་ལས་བྱང་ཆུབ་པ་ཞེས་བྱའོ། །སྨན་གྱི་རྒྱལ་པོ་དང་སྨན་གྱི་བླ་མ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོའི་སྲས་གཉིས་དང ། འཁོར་འདུས་པའི་ཚངས་རིགས་ལྷ་ལྔ་བརྒྱ་དང་བཅས་བ་སྟན་
479a
༄#། །ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཅག་བསྐལ་པ་ཐོག་མ་མེད་པ་ནས་འཇིག་རྟེན་གྱི་སྨན་གྱི་བླ་མར་གྱུར་ཏེ་མི་མཇེད་ཀྱི་འཇིག་རྟེན་འདིའི་རྩཝ་དང ། ཤིང་དང ། ལྕགས་དང ། རྡོ་རྣམས་ཀྱི་རོ་མྱངས་ནས་མིང་དང་གྲངས་ཆིག་འབུམ་བརྒྱད་སྟོང་ཡོད་པ་དག་གི་རོ་ཁ་བ་སྐྱུར་བ་ལན་ཚཝ་བ་རོ་མི་བྲོ་བ་མངར་བ་ཚ་བ་ལ་སོགས་པའི་རོ་ཐམས་ཅད་བརྟག་ཅིང་ཤེས་སོ། །ཡང་སྦྱར་བ་དང ། ལྷན་སྐྱེས་དང ། བསྒྱུར་ཞིང་འཆོས་པ་ལ་སོགས་པའི་ཚ་པར་འགྱུར་བ་དང ། བསིལ་པར་འགྱུར་བ་དང ། དུག་ཅན་དང ། དུག་མེད་པ་ཐམས་ཅད་ཀྱང་ཤེས་སོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བའི་ཚེ་རོའི་རང་བཞིན་སྟོང་པ་མ་ཡིན། སྟོང་པ་མ་ཡིན་པ་མ་ཡིན། ལུས་དང་སེམས་ལས་བྱུང་བ་མ་ཡིན། ལུས་དང་སེམས་ལས་བྲལ་བ་མ་ཡིན་ཞེས་མངོན་པར་རྟོགས་ནས་རོའི་རང་བཞིན་ལ་སོ་སོར་རྟོག་པས་ཁོང་དུ་ཆུད་པས་དེ་བཞིན་གཤེགས་པའི་བཀའ་དྲིན་གྱིས་ངེད་ཅག་སྤུན་གཉིས་ལ་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང ། སྨན་གྱི་བླ་མ་ཞེས་བྱ་བར་མིང་དུ་སྩལ་ཞིང་བསྔགས་པ་མཛད་པ་ལ་བརྟེན་ནས་ད་ལྟ་འཁོར་འདུས་པ་འདིར་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་ཏེ། རོ་ལས་མངོན་པར་བྱང་ཆུབ་ནས་བྱང་ཆུབ་སེམས་དཔར་གྱུར་
479b
ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་རོའི་རང་བཞིན་ལས་བྱང་ཆུབ་པ་ཞེས་བྱའོ། །བཟང་སྐྱོང་འཁོར་སྐྱེས་བུ་ཆེན་པོ་བཅུ་དྲུག་པོ་དང་བཅས་པ་ཐམས་ཅད་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཅག་སྔོན་དེ་བཞིན་གཤེགས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལས་ཐོས་ཏེ་ཁྱིམ་ནས་བྱུང་ལགས་སོ། །རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་ཏུ་ཁང་བར་ཞུགས་ནས་ཁྲུས་བྱེད་པ་ན་གློ་བུར་དུ་ཆུའི་རྐྱེན་གྱིས་དྲི་མ་བཀྲུས་པ་ཡང་མ་ཡིན། ལུས་བཀྲུས་པ་ཡང་མ་ཡིན་ཞེས་རྟོགས་ནས་དེ་དག་གི་བར་ནས་དངོས་པོའི་མཚན་མ་ཞི་བར་གྱུར་ཏོ། །སྔོན་གྱི་བག་ཆགས་མ་བརྗེད་པའི་སྟོབས་ཀྱིས་ད་ལྟ་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་ནས་བདག་མི་སློབ་པའི་གནས་ལ་བཀོད་དོ། །དེ་བཞིན་གཤེགས་པ་དེས་བཟང་སྐྱོང་ཞེས་བྱ་བར་མིང་དུ་སྩལ་ཞིང་རྨད་དུ་བྱུང་བའི་རེག་བྱ་མངོན་དུ་གྱུར་ཏེ་རྒྱལ་བའི་སྲས་ཀྱི་གནས་ཐོབ་བོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་རེག་བྱ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །འོད་སྲུང་ཆེན་པོ་དང ། དགེ་སློང་མ་གསེར་མདོག་མ་ལ་སོགས་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་འདས་པའི་བསྐལ་པ་དག་གི་སྔ་རོལ་ཏུ་འཇིག་རྟེན་
480a
༄#། །འདིར་སངས་རྒྱས་བྱོན་པ་མཐོང་སྟེ། དེའི་མཚན་ནི། ཉི་ཟླའི་སྒྲོན་མེ་ཞེས་བྱའོ། །བདག་གིས་བསྙེན་བཀུར་ཞིང་ཆོས་མཉན་ཏེ་སྒྲུབ་པ་ལ་བསླབ་བོ། ། དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་རྗེས་སུ་སྐུ་གདུང་ལ་མཆོད་ཅིང་མར་མེ་རྒྱུན་མི་འཆད་པར་ཕུལ་ནས་གསེར་བཙོ་མས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་བྱུགས་པས་དེ་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་ལུས་ཀུན་ནས་གསེར་བཙོ་མའི་ཁ་དོག་ལྟར་གྱུར་ཏོ། །དགེ་སློང་མ་གསེར་མདོག་མ་ལ་སོགས་པ་འདི་དག་བདག་གི་ཉེ་དུར་གྱུར་ནས་དུས་གཅིག་ཏུ་སེམས་བསྐྱེད་པ་ལགས་ཏེ། བདག་འཇིག་རྟེན་གྱི་ཡུལ་དྲུག་གི་ཟག་པ་ལ་བརྟགས་ནས་སྟོང་པའི་དབྱིངས་སུ་ཞི་བ་ལ་ཞུགས་ཏེ། འགོག་པའི་སྙོམས་འཇུག་གི་མཐུས་ལུས་སེམས་བསྐལ་པ་བརྒྱ་སྟོང་དུ་གནས་ཀྱང་སེ་གོལ་གཏོགས་པ་ཙམ་གྱི་ཡུན་དང་མཉམ་པར་བྱེད་ནུས་ཏེ། བདག་སྟོང་པ་ཉིད་ཀྱི་ཆོས་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་སྦྱངས་པའི་ཡོན་ཏན་ལ་གནས་པ་རྣམས་ཀྱི་མཆོག་ཅེས་བཀའ་སྩལ་ཏོ། །རྨད་དུ་བྱུང་བའི་ཆོས་མངོན་དུ་བྱས་ནས་ཟག་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་ཆོས་ཀྱི་རང་བཞིན་ལས་བྱང་ཆུབ་པའོ།།
480b
ཞེས་བྱའོ། །མ་འགག་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཐོག་མར་ཁྱིམ་ནས་བྱུང་བའི་སྐབས་གཉིད་ཤིན་ཏུ་འཐུག་པས་དེ་བཞིན་གཤེགས་པས་བདག་ལ་ཕྱུགས་དང་འདྲའོ། །ཞེས་སྨད་པས་བདག་གིས་དེ་ཐོས་ནས་ཡི་མུག་ཅིང་འགྱོད་ནས་ཞག་བདུན་གྱི་བར་དུ་གཉིད་མ་ལོག་པས་མིག་གཉིས་འགྲིབ་སྟེ། བཅོམ་ལྡན་འདས་ཀྱིས་བདག་ལ་གསལ་མཐོང་རྣམ་པར་རོལ་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྟན་པ་ལ་བརྟེན་ནས་མིག་ལ་མ་ལྟོས་པར་ཕྱོགས་བཅུ་པོ་ཤིན་ཏུ་གསལ་བར་ཅུང་ཟད་ཀྱང་མ་ལུས་པར་མཐོང་བ་ནི། ལག་མཐིལ་གྱི་ཤིང་ཐོག་མཐོང་བ་དང་འདྲ་བར་གྱུར་པས་དེ་བཞིན་གཤེགས་པས་བདག་ལ་དགྲ་བཅོམ་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་མཐོང་བ་ལས་ལོག་སྟེ་གདོད་མའི་རང་བཞིན་ལ་རེག་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །ལམ་ཕྲན་བསྟན་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་དུ་གསོལ་པ། བདག་ཀློག་པའི་ཚིག་གཟུང་མི་ནུས་པར་མ་ཟད་མང་དུ་ཐོས་པའི་རང་བཞིན་དང་མི་ལྡན་པས་ཐོག་མར་དེ་བཞིན་གཤེགས་པ་དང་འཕྲད་ཅིང་ཆོས་མཉན་ནས་རབ་ཏུ་བྱུང་བའི་རྗེས་སུ་དེ་བཞིན་གཤེགས་
481a
༄#། །པས་གདམས་པའི་ཚིགས་སུ་བཅད་པ་གཅིག་བཟུང་ནས་ཞག་བརྒྱའི་བར་དུ་ཚིག་སྔ་མ་བཟུང་ན་ཕྱི་མ་བརྗེད་ཅིང་ཚིག་ཕྱི་མ་བཟུང་ན་སྔ་མ་བརྗེད་པར་གྱུར་པ་ན་བདག་དབང་པོ་ཤིན་ཏུ་རྟུལ་བ་ལ་བརྩེ་བར་དགོངས་ཏེ་དྲང་པོར་འདུག་ཏུ་བཅུ་གནས་དབུགས་འབྱུང་རྡུབ་གྲོངས་ཤིག་ཅེས་བཀའ་སྩལ་པ་ལ། བདག་དེའི་ཚེ་དབུགས་ཤིན་ཏུ་ཕྲ་མོའི་མཐར་ཐུག་གི་བར་དུ་བརྟགས་པ་ན་སྐྱེ་བ་དང ། གནས་པ་དང ། འགྱུར་བ་དང ། འགག་པའི་བྱ་བ་ཐམས་ཅད་ཡུད་ཙམ་དུ་མངོན་པར་རྟོགས་ནས་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་ཟག་པ་ཟད་ནས་དགྲ་བཅོམ་པར་གྱུར་པས། དེ་བཞིན་གཤེགས་པའི་དྲུང་དུ་འདུག་བཞིན་དུ་བདག་ལ་མི་སློབ་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་འབྱུང་འཇུག་ལས་ལོག་སྟེ་སྟོང་པ་ལ་རེག་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བ་ལང་བདག་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་འདས་པའི་བསྐལ་པར་འཇིག་རྟེན་དུ་དགེ་སྦྱོད་ལ་འཕྱ་ཞིང་སྨོད་པའི་ངག་གི་ཉེས་པ་བསགས་པས་ཚེ་རབས་མང་པོར་བ་ལང་ལྟར་སྐྱུགས་བལྡད་བྱ་དགོས་པའི་སྐྱོན་དང་ལྡན་པར་གྱུར་ཏོ། །དེ་བཞིན་གཤེགས་པས་བདག་ལ་གཅིག་ཏུ་རྣམ་པར་དག་པའི་སེམས་ཀྱི་སྙིང་པོའི་ཆོས་ཀྱི་སྒོ་ལ་
481b
བརྩོན་པར་གྱིས་ཤིག་ཅེས་གདམས་ཤིང་བཀའ་སྩལ་པས། བདག་སེམས་ཀྱི་རྟོག་པ་ཞི་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རོ་ལ་རྟོག་པའི་འདུ་ཤེས་ལུས་མ་ཡིན། དངོས་པོ་མ་ཡིན་ཞེས་རྟོགས་ནས་བསམ་པ་ཙམ་གྱི་མོད་ལ་འཇིག་རྟེན་གྱི་ཟག་པ་ཐམས་ཅད་ཟད་ནས་ནང་དུ་ལུས་སེམས་གྲོལ་ཞིང་ཕྱི་འཇིག་རྟེན་གྱི་རྟོག་པ་སྤངས་ནས་སྲིད་པ་གསུམ་ལས་རིང་དུ་གྲོལ་བ་ནི། འདབ་ཆགས་རྒྱ་ལས་ཐར་པ་བཞིན་ནོ། །རྡུལ་དང་བྲལ་ཞིང་དྲི་མ་དག་ནས་ཆོས་ཀྱི་མིག་རྣམ་པར་དག་ཅིང་དགྲ་བཅོམ་པར་གྱུར་པས་དེ་བཞིན་གཤེགས་པས་བདག་ལ་མི་སློབ་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་རོ་ལས་ལོག་ནས་གསལ་རིག་ལ་རེག་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །པི་ལིནདའི་བུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཐོག་མར་དེ་བཞིན་གཤེགས་པའི་རྗེས་སུ་ལམ་དུ་འཇུག་པར་བྱའོ། །སྙམ་དུ་སེམས་པ་ན་དེ་བཞིན་གཤེགས་པས་འཇིག་རྟེན་ལ་བདེ་བར་མ་འཛིན་ཅེས་ཡང་ཡང་བཀའ་སྩལ་པ་རྒྱུན་དུ་ཐོས་ནས་གྲོང་ཁྱེར་དུ་བསོད་སྙོམས་ལ་ཕྱིན་ཅིང་ཆོས་ལ་སེམས་པ་ན། མཚོར་བར་ལམ་དུ་གནས་པའི་དུག་གི་ཚེར་མ་རྐང་པ་ལ་ཟུག་པས་ལུས་ཐམས་ཅད་ལ་ཟག་རྡུ་བྱུང་བ་ན་བདག་ལ་ཚོར་བ་ཡོད་པའི་དབང་གིས་འདི་
482a
༄#། །ལྟར་ཤིན་ཏུ་གཟིར་བ་ཤེས་སོ། །ཚོར་བས་ཇི་ལྟར་གཟིར་བ་ཚོར་ན་ཡང་ཚོར་བའི་རང་བཞིན་གསལ་རིག་ལ་གཟིར་བ་མེད་ལ། ཟུག་རྡུའི་ཚོར་བ་མེད་ཅེས་བསམ་ནས་བདག་ཡང་དང་ཡང་དུ་ཞིབ་ཏུ་བརྟག་པ་ན། ལུས་འདི་ལ་ཚོར་བ་གཉིས་ཡོད་དམ་ཞེས་སེམས་པ་ལ་བརྩོན་པས་རིང་བོར་མ་ལོན་པར་གློ་བུར་དུ་ལུས་སེམས་དབེན་པར་གྱུར་ཏེ་ཞག་བདུན་ཕྲག་གསུམ་གྱི་མཇུག་ཏུ་ཟག་པ་ཐམས་ཅད་ཟད་ནས་དགྲ་བཅོམ་པར་གྱུར་པས་དེ་བཞིན་གཤེགས་པས་བདག་ལ་མི་སློབ་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་ཚོར་བ་རྣམ་པར་དག་ཅིང་ལུས་སྤངས་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །རབ་འབྱོར་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་བསྐལ་པ་མང་པོའི་དུས་ནས་སེམས་ཀྱི་སྒྲིབ་པ་མེད་པ་ཐོབ་ཅིང་སྐྱེ་བ་མང་པོར་ལུས་བླངས་པ་དྲན་པ་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་ཞིང་ཐོག་མར་མའི་མངལ་དུ་གནས་པའི་ཚེ་སྟོང་ཞིང་དབེན་པར་ཤེས་ཤིང་དེ་བཞིན་དུ་ཕྱོགས་བཅུའི་བར་དུ་ཡང་སྟོང་པའི་རང་བཞིན་དུ་མཐོང་བས་སེམས་ཅན་ཐམས་ཅད་ཀྱང་སྟོང་པའི་རང་བཞིན་མཐོང་བ་ལ་དགོད་པར་བྱའོ་སྙམ་ལགས་ཏེ། དེ་བཞིན་གཤེགས་པས་གསལ་
482b
རིག་དོན་དམ་པའི་དེ་ཉིད་གསལ་བར་མཛད་པའི་བཀའ་དྲིན་ལ་བརྟེན་ནས་སྟོང་པའི་རང་བཞིན་གསལ་རིག་མངོན་དུ་གྱུར་ཏེ་དགྲ་བཅོམ་པར་གྱུར་ནས་སྐད་ཅིག་ཙམ་གྱིས་དེ་བཞིན་གཤེགས་པའི་རྒྱ་མཚོ་ལྟ་བུའི་གསལ་རིག་སྟོང་པ་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་ཅིང་དེ་བཞིན་གཤེགས་པའི་ཤེས་རབ་དང་སྤྱོད་ཡུལ་མཉམ་པར་གྱུར་པས་མི་སློབ་པ་ཞེས་བསྔགས་པ་མཛད་དོ། །སྟོང་པའི་རང་བཞིན་གྱིས་རྣམ་པར་གྲོལ་ནས་བདག་བླ་ན་མེད་པར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་གཟུགས་སྣ་ཚོགས་པ་ལ་གཟུགས་འགག་པ་དང་འགག་པར་བྱ་བ་ཐམས་ཅད་ཟད་ནས་ཆོས་ཀྱི་དམིགས་པ་ལས་ལོག་སྟེ་སྟོང་པ་ལ་ཞུགས་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །ཤཱ་རིའི་བུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་བསྐལ་པ་མང་པོའི་དུས་ནས་སེམས་ཀྱི་མཐོང་བ་རྣམ་པར་དག་ཅིང་སྐྱེ་བ་མང་པོར་ལུས་བླངས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་སྣ་ཚོགས་པའི་རྣམ་པར་འགྱུར་བ་ལ་གཅིག་ཏུ་བལྟས་པ་ན་མངོན་སུམ་དུ་མཐོང་ནས་སྒྲིབ་ཐོགས་གཏན་ནས་མེད་ཅིང ། བདག་ལམ་དུ་འོད་སྲུང་མཆེད་མཉམ་དུ་འགྲོ་བ་དང་འཕྲད་ནས་བདག་དང་རྟེན་ཅིང་འབྲེལ་པའི་ཚུལ་རྒྱས་པར་གླེང་བ་ན་བློ་སད་ནས་རྟོགས་
483a
༄#། །པ་མཐའ་ཡས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་ངོ ། །མཐོང་བ་དང་རིག་པ་རྣམ་པར་དག་ནས་བསྙེངས་པ་དང་བྲལ་བས་དགྲ་བཅོམ་པར་གྱུར་ཅིང ། དེ་བཞིན་གཤེགས་པའི་གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་སེམས་ཀྱི་མཐོང་བ་ལས་ཡེ་ཤེས་སྤྲོས་ཏེ་འདུ་ཤེས་ཀྱི་གནས་ལུགས་རྟོགས་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཐོག་མ་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་ཏོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་དག་རང་གི་སློབ་མ་བྱང་ཆུབ་སེམས་དཔའི་རིགས་ཅན་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་སློབས་ཤིག་ཅེས་གདམས་པ་ན་བདག་གི་མིང་འདི་ལས་དེ་ལྟར་དུ་བཏགས་སོ། །བཅོམ་ལྡན་འདས། བདག་རྟོགས་ཤིང་ཐོས་པས་སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་དང་མཐོང་བའི་ཁྱད་པར་ཤེས་སོ། །དེ་ལྟ་གལ་ཏེ་ཞིང་གཞན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་སེམས་ཅན་གཅིག་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་གསལ་བར་བྱེད་སྙམ་ན། བདག་དེའི་ཚེ་གླང་པོ་ཆེ་མཆེ་བ་དྲུག་པ་ལ་ཞོན་ནས་ལུས་སྟོང་ཕྲག་བརྒྱར་སྤྲུལ་
483b
ཏེ་སོ་སོའི་ཐད་དུ་ཕྱིན་ནས་དེ་ཇི་ཙམ་དུ་སྒྲིབ་པ་སྟུག་པོར་གྱུར་ནས་བདག་མ་མཐོང་ཡང་དེས་མ་ཚོར་བཞིན་དུ་དེའི་མགོ་ལ་བྱུག་ཅིང་སྲུང་བ་དང ། བདེ་ལེགས་སུ་བྱས་ནས་དོན་འགྲུབ་པར་བྱེད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་འདི་སྙམ་དུ་རྩ་བའི་རྒྱུ་རྟོགས་ཤིང་ཐོས་པ་མངོན་དུ་བྱས་ནས་སོ་སོར་འབྱེད་པ་ལ་དབང་ཐོབ་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །གཅུང་དགའ་བོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཐོག་མར་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་ནས་ཆོས་ལ་ཞུགས་ཤིང་ཚུལ་ཁྲིམས་བསྲུངས་ཀྱང་ཏིང་ངེ་འཛིན་ལས་ཡེངས་ཤིང་གཡོ་བས་ཟག་པ་ཟད་པར་མ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བདག་དང་གསུས་པོ་ཆེ་གཉིས་ལ་སྣའི་རྩེ་མོར་ཁ་དོག་དཀར་པོ་སྒོམས་ཤིག་ཅེས་གདམས་པས། བདག་གིས་ཐོག་མར་ངེས་པར་བརྟག་ཅིང་ཞག་བདུན་ཕྲག་གསུམ་འདས་ནས་སྣ་བུག་གི་རླུང་འབྱུང་འཇུག་དུ་བ་དང་འདྲ་བར་གྱུར་པ་མཐོང་ནས་ནང་དུ་ལུས་སེམས་གསལ་ཞིང་འཇིག་རྟེན་ཐམས་ཅད་རྟོགས་ནས་ཐམས་ཅད་གསལ་སྟོང་དུ་གྱུར་བས་བཻ་ཌཱུརྱ་ལྟར་གྱུར་ཅིང ། དུ་བའི་རྣམ་པ་རིམ་གྱིས་ཡལ་ནས་སྣའི་དབུགས་དཀར་པོར་གྱུར་པའི་རྗེས་སུ་བློ་སད་ཅིང་ཟག་པ་ཟད་དེ་འབྱུང་འཇུག་གི་དབུགས་འོད་དུ་གྱུར་ནས་ཕྱོགས་བཅུ་གསལ་བར་གྱུར་ཅིང་དགྲ་བཅོམ་
484a
༄#། །པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བདག་ལ་ངེས་པར་བྱང་ཆུབ་འཐོབ་བོ། །ཞེས་ལུང་བསྟན་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་གིས་རིང་དུ་དབུགས་སྦྱངས་པས་རིག་པ་སྐྱེས་ཏེ་གསལ་བར་རྫོགས་ཤིང་ཟག་པ་ཟད་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བྱམས་མའི་བུ་གང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་བསྐལ་པ་ཤིན་ཏུ་རིང་པོ་ནས་སྤོབས་པ་ཐོགས་པ་མེད་པར་གྱུར་ཏོ། །སྡུག་བསྔལ་བ་དང་སྟོང་པའི་ཚུལ་འཆད་ཅིང་ཡང་དག་པའི་གནས་ལུགས་མངོན་པར་རྟོགས་སོ། །དེ་བཞིན་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་གསང་བ་ཟབ་མོའི་ཆོས་ཀྱི་སྒོ་ཇི་སྙེད་པ་ཚོགས་ཀྱི་དབུས་སུ་ཤིན་ཏུ་གསལ་བར་ཕྱེ་སྟེ་སྟོན་པ་ལ་འཇིགས་པ་མེད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བདག་སྤོབས་པ་ཕུན་སུམ་ཚོགས་པར་མཁྱེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཀུན་ཏུ་ཁྱབ་པར་སྒྲོགས་ཤིག་ཅེས་བཀའ་སྩལ་པས། དེ་བཞིན་གཤེགས་པའི་སྤྱན་སྔར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་རྒྱལ་བའི་མཛད་པ་བསྒྲུབས་པས། སེངྒེའི་སྒྲ་སྒྲོག་པ་ལྟ་བུར་ཆོས་སྨྲ་བ་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་སྨྲ་བ་བླ་ན་མེད་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་
484b
པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ཆོས་ཀྱི་སྒྲས་བདུད་བཅོམ་ཞིང་ཟག་པ་ཟད་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །ཉེ་བར་འཁོར་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་དེ་བཞིན་གཤེགས་པའི་རྗེས་སུ་འབྲངས་ནས་གྲོང་ཁྱེར་ལས་བྱུང་སྟེ་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པས་ལོ་དྲུག་དཀའ་བ་སྤྱད་ཅིང་བརྩོན་འགྲུས་བརྩམས་པ་མཐོང་ཞིང ། དེ་བཞིན་གཤེགས་པས་བདུད་བཅོམ་ཞིང་མུ་སྟེགས་བཏུལ་བ་དང ། འཇིག་རྟེན་གྱི་འདོད་པ་དང་ཆགས་པའི་ཟག་པ་ཐམས་ཅད་ལས་གྲོལ་བ་ཡང་མངོན་སུམ་དུ་མཐོང་ངོ ། །དེ་བཞིན་གཤེགས་པས་སྩལ་བའི་ཚུལ་ཁྲིམས་ནོད་ནས་རྩ་བའི་བརྟུལ་ཞུགས་སུམ་སྟོང་དང ། ཡན་ལག་གི་བརྟུལ་ཞུགས་ཁྲི་ཕྲག་བརྒྱད་ཀྱི་བར་དུ་རྣམ་པར་དག་ཅིང་ལུས་སེམས་དབེན་པ་ཐོབ་ནས་དགྲ་བཅོམ་པར་གྱུར་ཏོ། །བདག་ཚོགས་ཀྱི་ནང་དུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པས་བདག་གི་སེམས་མཁྱེན་ནས་ཚུལ་ཁྲིམས་སྲུང་ཞིང་ལུས་སྡོམ་ཐམས་ཅད་ཀྱི་ནང་ནས་བདག་ལ་བླ་ན་མེད་པ་ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལུས་སྦྱངས་པའི་ལུས་ལ་དབང་ཐོབ་ཅིང་རིམ་གྱིས་སེམས་སྦྱངས་ནས་སེམས་ཐོགས་པ་མེད་པར་གྱུར་པའི་རྗེས་སུ་ལུས་སེམས་ཐམས་ཅད་དོན་ཡོད་པར་གྱུར་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །མཽངྒལ་གྱི་བུ་ཆེན་
485a
༄#། །པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཐོག་མར་བསོད་སྙོམས་ལ་རྒྱུ་ཞིང་ལམ་དུ་ཕྱིན་པས་ལྟེང་རྒྱས་འོད་སྲུང ། ག་ཡ་འོད་སྲུང ། ཆུ་ཀླུང་འོད་སྲུང་གསུམ་དང་འཕྲད་ནས་དེ་དག་དེ་བཞིན་གཤེགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་རྒྱ་ཆེར་གླེང་བས་བདག་དེ་མ་ཐག་ཏུ་སྤྲོ་བ་བསྐྱེད་ནས་ཆེས་ཤིན་ཏུ་གཏིང་དཔོག་པར་གྱུར་ཏེ། དེ་བཞིན་གཤེགས་པས་བདག་ལ་སྣམ་སྦྱར་སྩལ་པ་ལུས་ལ་གྱོན་མ་ཐག་ཏུ་སྐྲ་དང་ཁ་སྤུ་རང་བྱི་བར་གྱུར་ཏོ། །བདག་ཕྱོགས་བཅུར་ཆགས་ཐོགས་མེད་པར་འགྲོ་བའི་རྫུ་འཕྲུལ་མངོན་དུ་གྱུར་པ་རྣམས་ཀྱི་མཆོག་ཅེས་ལུང་བསྟན་ཅིང་དགྲ་བཅོམ་པར་གྱུར་ཏོ། །བཅོམ་ལྡན་འདས་དང ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ་གསལ་ཞིང་རྣམ་པར་དག་པ་ལ་དབང་ཞིང་འཇིགས་པ་མེད་དོ། །ཞེས་བསྔགས་པ་མཛད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལྟར་ན་སེམས་དམིགས་པ་ལ་ཕྱིར་ལོག་ནས་སེམས་འོད་གསལ་བར་གྱུར་པ་ནི། ཆུའི་རྙོག་པ་དྭངས་པ་ལྟར་རིམ་གྱིས་དྭངས་པར་གྱུར་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །ཁྲོ་བོ་ཨུ་ཙྪུཥྨ་དེ་བཞིན་གཤེགས་པའི་སྤྱན་སྔར་ཐལ་མོ་སྦྱར་ཞིང་ཞབས་ལ་ཕྱག་འཚལ་
485b
ནས་གསོལ་པ། བསྐལ་པ་ཤིན་ཏུ་རིང་པོའི་གནས་སྐབས་དྲན་པ་ན་བདག་ཆགས་པས་བཅིངས་པའི་རང་བཞིན་ཅན་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་ནམ་མཁའི་རྒྱལ་པོ་འཇིག་རྟེན་དུ་བྱོན་པ་དང་འཕྲད་ནས་དེ་བཞིན་གཤེགས་པ་དེས་འདོད་ཆགས་ཅན་གྱི་སྐྱེ་བོའི་འདོད་ཆགས་མེ་དཔུང་དང་འདྲ་ཞེས་བཀའ་སྩལ་ནས་བདག་ལ་ལྷུ་ཚིགས་བརྒྱ་དང ། ཡན་ལག་བཞི་དང ། སྣ་ཚོགས་པའི་ཚ་གྲང་གི་དབུགས་ལ་རྟོགས་ཤིང་ཅེས་གདམས་པ་ལ་སེམས་འོད་གསལ་བ་ནང་དུ་བསྡུས་པས་ཆགས་པའི་སེམས་ཞི་ན་ཡེ་ཤེས་ཀྱི་མེར་གྱུར་པས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཁྲོ་བོ་རྡོ་རྗེའི་མེ་ཞེས་བཏགས་ཤིང ། བདག་མེའི་འོད་ཀྱི་ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ནས་དགྲ་བཅོམ་པར་གྱུར་ཏོ། །བདག་འདི་སྙམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་མངོན་དུ་མཛད་པ་ན་བདག་སྟོབས་པོ་ཆེར་གྱུར་ནས་བདུད་ཀྱི་དཔུང་བཅོམ་ཞིང་འདུལ་བར་བགྱིད་དོ། །ཞེས་དམ་བཅས་སོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལུས་སེམས་ཀྱི་དྲོ་བའི་རེག་བྱ་ལ་ཡང་དག་པར་བརྟགས་པས་སྒྲིབ་ཐོགས་མེད་པར་གྱུར་ནས་ཟག་པ་ཐམས་ཅད་ཟད་ཅིང་སེམས་རིན་པོ་ཆེའི་མེ་ལྕེ་འབར་ཏེ་བླ་ན་མེད་པའི་རིག་པའི་མཐར་ཐུག་པ་ལ་བྱང་ཆུབ་པའོ། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་འཛིན་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་
486a
༄#། །ཞབས་ལ་ཕྱག་འཚལ་ནས་གསོལ་པ། སྔར་གྱི་གནས་སྐབས་དྲན་པ་ན་དེ་བཞིན་གཤེགས་པ་ཀུན་ཏུ་འོད་འཇིག་རྟེན་དུ་བྱོན་པའི་ཚེ་བདག་དགེ་སློང་དུ་གྱུར་ནས་ལམ་པོ་ཆེ་དང ། འཇུག་ངོགས་དང ། འཕྲང་དོག་པོ་ལ་སོགས་པ་རྟ་དང་ཤིང་རྟ་བགྲོད་དཀའ་བའི་གནས་ཐམས་ཅད་བདག་གིས་སྙོམས་པར་བཅོས་ཤིང ། གཞན་ཡང་ཟམ་པ་དང ། འབབ་སྟེགས་བཙུགས་པ་དང ། ས་དང་བྱེ་མ་ལྕར་བ་སོགས་བྱ་བ་འདི་ལྟ་བུ་འབད་པས་བརྩོན་བཞིན་དུ་དེ་བཞིན་གཤེགས་པ་གྲངས་ལས་འདས་པ་འཇིག་རྟེན་དུ་བྱོན་པ་དག་འོངས་སོ། །སྐྱེ་བོ་འགའ་ཞིག་ཚོང་འདུས་ཀྱི་ས་ར་གཞན་གྱིས་ཡོ་བྱད་འཁྱེར་དུ་བཅུག་པ་ན་དེའི་ཡོད་བྱད་འདོང་པའི་གནས་སུ་བསྐྱལ་ནས་བཞག་མ་ཐག་ཏུ་ཕྱིར་ལྡོག་གི་།དེ་ལས་གླ་རྔན་ལེན་པར་མི་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་འཇིག་རྟེན་དུ་བྱོན་པའི་དུས་སུ་འཇིག་རྟེན་དུ་མུ་གེ་རྒྱུན་དུ་བྱུང་བས་བདག་གིས་གཞན་གྱི་ཡོ་བྱད་འཁྱེར་བ་ན་ཐག་ཉེ་རིང་མི་བརྩི་བར་པ་ན་རེ་རེ་ལེན་པར་བྱེད་དོ། །གཞན་ཡང་ཕྱུགས་དང་ཤིང་རྟ་འདམ་དུ་བྱིང་བ་ན་བདག་གི་སྒྱུ་རྩལ་གྱི་མཐུས་འཁོར་ལོ་འདྲེན་ཞིང་སྡུག་བསྔལ་ལས་ཐར་པར་བྱེད་དོ། །དེའི་ཚེ་ཡུལ་དེའི་རྒྱལ་པོས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་ཞལ་ཟས་བསྟབས་པ་ན་བདག་ལམ་སྲང་འཆོས་ཤིང་དེ་བཞིན་གཤེགས་པ་འཁོར་
486b
བཅས་པ་སྒུག་ཅིང་བསྔད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་བྱོན་ནས་ཕྱག་བདག་གི་སྤྱི་བོར་བཞག་སྟེ་བདག་ལ་སེམས་ཀྱིས་སྙོམས་པར་བྱས་ན། འཇིག་རྟེན་གྱིས་ཐམས་ཅད་སྙོམས་པར་བྱས་པ་ཡིན་ནོ། །ཞེས་གདམས་ཤིང་བཀའ་སྩལ་པས། བདག་དེ་མ་ཐག་ཏུ་བློ་སད་ནས་ལུས་ཀྱི་རྡུལ་ཕྲ་མོ་དང ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་གཏན་ནས་ཁྱད་པར་མེད་པར་རྟོགས་ནས་རྡུལ་ཕྲ་མོའི་རང་བཞིན་ཕན་ཚུན་མི་རེག་པར་མ་ཟད་མཚོན་གྱིས་ཀྱང་རེག་ཏུ་མེད་པར་གྱུར་ཏེ། སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ནས་དགྲ་བཅོམ་པར་གྱུར་ཏེ་ད་ལྟ་བདག་རིགས་སད་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་པདྨ་དཀར་པོ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བཀའ་སྩལ་པ་ཐོས་ནས་ཐོག་མར་ཁོང་དུ་ཆུད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་གིས་འཇིག་རྟེན་གྱི་ཕྱི་ནང་གི་རྡུལ་རྣམ་པ་གཉིས་ཁྱད་པར་གཏན་ནས་མེད་པར་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དང ། རྫུན་པ་ལས་བྱུང་བའི་རྡུལ་ཡིན་ཞིང ། རྡུལ་དེ་ཟད་པ་ན་ཡེ་ཤེས་རྫོགས་ནས་བླ་ན་མེད་པའི་གོ་འཕང་ཐོབ་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་
487a
༄#། །ནས་འདི་སྐད་དུ་གསོལ་པ། བདག་གིས་སྔོན་གྱི་གནས་དྲན་པ་ན་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་ཆུ་ལྷ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆུ་ལ་དམིགས་པའི་སྒོ་ནས་ཏིང་ངེ་འཛིན་ལ་ཞུགས་ཤིག་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་བདག་ལུས་ཀྱི་ཆུའི་ཁམས་ལ་སོ་སོར་རྟོག་ཅིང་སྒོམ་པས་གཏན་ལ་ཕབ་ནས་དང་པོ་མཆིལ་སྣབས་དང ། དེ་ནས་ཁུ་ཁྲག་དང་བཤང་གཅི་ལ་ཐུག་གི་བར་དུ་ལུས་ཀྱི་ནང་གི་ཆུའི་བདག་ཉིད་དུ་གྱུར་པ་ནི།་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་གི་རྒྱ་མཚོ་དང་འདྲ་བར་རྟོགས་སོ། །བདག་དེའི་ཚེ་ཐོག་མར་འདི་ཉིད་བསྒོམས་པས་ཆུའི་རང་བཞིན་ཁོ་ན་མཐོང་ཡང་ལུས་ཀྱི་ཁམས་ཟད་པར་མ་ནུས་སོ། །དགེ་སློང་དུ་གྱུར་པའི་ཚེ་སྤྱིལ་བུར་བསམ་གཏན་སྒོམ་པའི་ཚེ་བདག་གི་སློབ་མ་གཅིག་གིས་སྐར་ཁུང་ནས་ནང་དུ་བལྟས་པ་ན་ཁྱིམ་ཆུས་གང་བ་མཐོང་ཞིང་གཞན་ཅི་ཡང་མ་མཐོང་ངོ ། །དེ་བྱིས་པའི་རང་བཞིན་དུ་གྱུར་པས་ཆུའི་ནང་དུ་གྱོ་དུམ་བསྒྱུར་བས་ཆུ་ལ་སྒྲ་ཕྱུང་སྟེ་ཕྱི་མིག་བལྟ་བཞིན་དུ་སོང་ངོ ། །བདག་ཏིང་ངེ་འཛིན་ལས་ལངས་པ་ན་དེ་མ་ཐག་ཏུ་སྙིང་ག་ན་ཞིང་ཇི་ལྟར་ཤཱ་རིའི་བུ་གནོད་བྱེད་ཀྱི་འདྲེས་གཙེ་བ་ལྟ་བུར་གྱུར་ཏོ། །བདག་གིས་ནན་ཏན་དུ་
487b
བསམ་པ་ན་བདག་ད་ལྟ་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ན་བའི་སྡུག་བསྔལ་དང་བྲལ་བ་ལ་ཅིའི་ཕྱིར་སྙིང་ག་གློ་བུར་དུ་ན་བར་གྱུར། ཅི་སྟེ་གོ་འཕང་ལས་ཉམས་པ་ཡིན་ནམ་སྙམ་དུ་བརྟག་ཅིང་བསམ་པ་ན། སློབ་བུ་བྱིས་པ་དེ་བདག་གི་གམ་དུ་འོངས་ནས་སྔར་གྱི་ཚུལ་དེ་སྨྲས་པ་ལ། བདག་གིས་དེ་ལ་ཁྱོད་ཀྱིས་སླད་ནས་ཆུ་དེ་མཐོང་བ་ན་སྒོ་ཕྱེ་ནས་ཆུའི་ནང་དུ་ཞུགས་ལ་གྱོ་དུམ་དེ་སོལ་ཅིག་ཅེས་སྨྲས་པ་དང ། དེས་ཀྱང་ཇི་ལྟར་སྨྲས་པ་བཞིན་མཉན་ཏེ་ཕྱིས་བདག་བསམ་གཏན་ལ་སྙོམས་པར་ཞུགས་པ་ན། དེས་ཆུ་དེ་ཉིད་ཀྱི་ནང་དུ་གྱོ་དུམ་གཅིག་ཡོད་པ་མཐོང་ནས་སྒོ་ཕྱེ་ཞིང་གྱོ་དུམ་བླངས་ནས་བསལ་བས་ཕྱིས་བསམ་གཏན་ནས་ལངས་པ་ན་སྔར་ལྟར་ནད་མེད་པར་གྱུར་ཏོ། །དེ་ནས་བཟུང་སྟེ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དང ། འཕྲད་ཅིང་དེ་བཞིན་གཤེགས་པ་རིའི་དབང་ཕྱུག་རྒྱལ་པོ་མངོན་པར་མཁྱེན་པའི་རྒྱ་མཚོའི་དུས་སུ་གདོད་ལུས་ཀྱི་ཁམས་ནུབ་པར་གྱུར་ཅིང ། ཕྱོགས་བཅུའི་སྤོས་ཀྱི་རྒྱ་མཚོའི་རང་བཞིན་དུ་འདྲེས་ནས་ངེས་པར་སྟོང་པའི་རང་བཞིན་མངོན་དུ་གྱུར་ནས་གཉིས་སུ་མེད་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྤྱན་སྔར་ངེས་པའི་གཞོན་ནུར་གྱུར་པ་ཞེས་མིང་ཐོབ་ནས་བྱང་ཆུབ་སེམས་དཔར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ཆུའི་རང་བཞིན་གཅིག་པུ་ལ་སོ་སོར་རྟོག་ཅིང་བསྒོམས་པས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོ་
488a
༄#། །ནས་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་གྱུར་ཏོ། །ཞེས་བྱའོ། །ཆོས་ཀྱི་རྒྱལ་པའི་སྲས་བཻ་ཌཱུརྱའི་འོད་ཅེས་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་སྔོན་གྱི་གནས་དྲན་པ་ན་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་སྒྲ་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེས་བྱང་ཆུབ་སེམས་དཔའ་རྣམས་ལ་གདོད་མའི་གསལ་རིག་གསལ་བར་བསྟན་ཏེ་ཕྱི་འཇིག་རྟེན་དང ། ནང་སེམས་ཅན་གྱི་ལུས་ཐམས་ཅད་རྫུན་པའི་འབྲེལ་གྱི་རླུང་གི་སྟོབས་ཀྱིས་འཁོར་བའི་ཚུལ་རྟོགས་ཤིག་ཅེས་བཀའ་སྩལ་ཏོ། །བདག་གིས་དེའི་ཚེ་འཇིག་རྟེན་ཆགས་པའི་ཚུལ་ལ་བརྟགས་ནས་འཇིག་རྟེན་གྱི་འཕོ་ཞིང་འགྱུར་བ་ལ་རྟོག་ཅིང་ལུས་ཀྱི་གཡོ་བ་དང་མི་གཡོ་བ་ལ་རྟོག་ལ་སེམས་ཀྱི་རྟོག་པ་རྒྱུ་བ་ལ་ཡང་བརྟགས་པས་གཡོ་བ་སྣ་ཚོགས་པ་དག་གཉིས་སུ་མེད་ཅིང་རོ་གཅིག་ཏུ་མཐོང་ནས་དབྱེར་མེད་པར་གྱུར་པ་དེའི་ཚེ་གཡོ་བའི་རང་བཞིན་འདི་དག་ཐོག་མར་གང་ནས་འོད་བའི་གནས་མེད་ཅིང་མཐར་གང་དུ་འགྲོ་བའི་གནས་མེད་དོ། །ཕྱོགས་བཅུའི་རྡུལ་སྙེད་ཀྱི་སེམས་ཅན་ཕྱིན་ཅི་ལོག་གིས་བཅིངས་པ་རྣམས་རྫུན་པའི་རང་བཞིན་དུ་རྟོགས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྣོད་གཅིག་གི་
488b
ནང་དུ་ཚོགས་པའི་སྤྲང་བུ་སྒྲ་འབྱིན་ཅིང་གོ་ས་ཆུང་ངུ་ཞིག་ཏུ་འཁྲུག་ཅིང་འཐོབས་པ་ལྟར་ཤེས་སོ། །དེ་བཞིན་གཤེགས་པ་དང་འཕྲད་མ་ཐག་ཏུ་རིང་པོར་མ་ཐོགས་པར་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ནས་དེའི་ཚེ་བློ་སད་ནས་ཤར་ཕྱོགས་མི་འཁྲུགས་པའི་ཞིང་ཁམས་མཐོང་ཞིང་ཆོས་ཀྱི་རྒྱལ་པོའི་སྲས་སུ་གྱུར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་ནས་ལུས་དང་སེམས་འོད་གསལ་ཞིང་ཀུན་ཏུ་ཁྱབ་སྟེ་ཐོགས་པ་མེད་པར་གྱུར་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་རླུང་གི་སྟོབས་ཀྱིས་བརྟེན་པའི་གནས་མེད་ཅེས་བརྟག་ཅིང་བསྒོམས་པས་བྱང་ཆུབ་ཀྱི་སེམས་རྟོགས་ཤིང་ཏིང་ངེ་འཛིན་ལ་གནས་བཞིན་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དགོངས་པ་དང་མཐུན་པའི་གསལ་རིག་མངོན་དུ་གྱུར་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་དུ་གསོལ་པ ། བདག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་མཐའ་མེད་པའི་ལུས་བསྒྲུབས་ཤིང ། དེའི་ཚེ་བདག་གིས་ལག་ཏུ་ཡིད་བཞིན་གྱི་ནོར་དུ་བཞི་བཟུང་སྟེ་ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འོད་ཀྱིས་གསལ་བར་བྱས་ཏེ་ནམ་མཁའི་རང་བཞིན་དུ་སྣང་བར་གྱུར་ཏོ། །དེ་ནས་བདག་གི་ཡིད་ལས་མེ་ལོང་ཞིག་བྱུང་སྟེ་དེ་
489a
༄#། །ལས་འོད་ཟེར་རྨད་དུ་བྱུང་བ་རྣམ་པ་བཅུ་ཕྱོགས་བཅུའི་རི་འཕྲོས་ནས་ནམ་མཁའི་མཐའི་བར་དུ་ཁྱབ་པར་གྱུར་ཏེ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་མེ་ལོང་གི་ནང་དུ་བཙུད་ཅིང་བདག་གི་ལུས་ལ་ཞུགས་ནས་ལུས་ནམ་མཁའ་སྟོང་པ་དང་འདྲ་བར་ཕན་ཚུན་སྒྲེབ་ཐོགས་མེད་ཅིང་བདག་ཉིད་རྡུལ་ཕྲ་རབ་སྙིང་ཀྱི་འཇིག་རྟེན་དུ་སོང་སྟེ་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་འདོད་པ་བཞིན་དུ་སྒྲུབ་པའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དོ། །བདག་གིས་འབྱུང་བ་བཞི་ལ་བརྟག་པ་ན་བརྟེན་པའི་གནས་མི་རྙེད་ཅིང་འདུ་ཤེས་ཕྱིན་ཅི་ལོག་གིས་བཏགས་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་ནམ་མཁའ་དང་འདྲ་བར་མཐོང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཉམ་པ་ཉིད་དུ་མཐོང་ཞིང་མཉམ་པ་ཉིད་ལས་རིགས་སྐྱེས་ནས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ནམ་མཁའ་མཐའ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་ནས་སྟོབས་རྨད་དུ་བྱུང་བའི་གསལ་རིག་ལས་བྱང་ཆུབ་པའོ། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་སྔོན་གྱི་གནས་དྲན་པ་ན་འདས་པའི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་ཉིད་ཟླའི་སྒྲོན་མེ་ཞེས་བྱ་བ་འཇིག་
489b
རྟན་དུ་བྱོན་ཏོ། །བདག་དེ་བཞིན་གཤེགས་པ་དེའི་རྗེས་སུ་རབ་ཏུ་བྱུང་ཡང་སྔོན་འཇིག་རྟེན་གྱི་རིགས་དང་གགས་པ་མཐོ་བ་ལ་དགའ་ཞིང་འགྲོགས་འདྲིས་བྱ་བ་ལ་འདུན་པ་ལགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་སེམས་རྣམ་པར་ཤེས་པ་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅེས་གདམས་པ་ལ། བསྐལ་བ་མང་པོར་ཏིང་ངེ་འཛིན་འདི་ཉིད་ཀྱིས་གནས་ཤིང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་ཏེ་འཇིག་རྟེན་གྱི་གྲགས་པ་དོན་གཉེར་གྱི་བློ་དང་བྲལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ན་བདག་གདོད་བླ་ན་མེད་པའི་གསལ་རིག་གི་རང་བཞིན་རྣམ་པར་ཤེས་པའི་ཏིང་ངེ་འཛིན་ཐོབ་ནས་སྟོང་པ་ཡང་མ་དམིགས་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་དག་པ་དང་མ་དག་པ་ལ་སོགས་པ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ལས་བྱུང་བར་རྟེགས་སོ། །བཅོམ་ལྡན་འདས། བདག་གིས་སེམས་ཀྱི་རྣམ་པར་ཤེས་པ་ཉིད་ལས་འདི་ལྟར་གྱུར་པ་མངོན་དུ་རྟོགས་ནས་རྣམ་པར་ཤེས་པའི་རང་བཞིན་ལས་དེ་བཞིན་གཤེགས་པ་གྲངས་མེད་པ་བྱོན་ཞིང་གཤེགས་པར་རྟོགས་ཏེ་དེ་བཞིན་གཤེགས་པའི་རྗེས་སུ་ཞིང་འདིར་བདག་སངས་རྒྱས་ཀྱི་མཛད་པ་མཛད་པར་ད་ལྟ་ལུང་བསྟན་ཏོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ཕྱོགས་བཅུའི་རྣམ་པར་ཤེས་
490a
༄#། །པ་ཙམ་གྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོགས་པས་རྣམ་པར་ཤེས་པའི་གསལ་རིག་དོན་དམ་པའི་ཡོངས་གྲུབ་མངོན་དུ་གྱུར་ཅིང་གཞན་དབང་དང་ཀུན་བཏགས་ཀྱི་འཛིན་པ་རིང་དུ་སྤངས་ནས་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། །ཆོས་ཀྱི་རྒྱལ་པོའི་སྲས་མཐུ་ཆེན་ཐོབ་འཁོར་བྱང་ཆུབ་སེམས་དཔའ་ལྔ་བཅུ་རྩ་གཉིས་དང་བཅས་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བདག་སྔོན་གྱི་གནས་དྲན་པ་ན་འདས་པའི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏོ། །དེ་ནས་བསྐལ་པ་གཅིག་པོ་དེ་ཉིད་ལ་དེ་བཞིན་གཤེགས་པ་བཅུ་གཉིས་རིམ་པར་བྱོན་པར་གྱུར་ཏོ། །དེ་དག་ལས་ཐ་མའི་མཚན་ལ་དེ་བཞིན་གཤེགས་པ་ཉི་ཟླའི་འོད་ལས་འཕགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་དེས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་སྒོ་མ་ཤིག་ཅེས་གདམས་སོ། །དཔེར་ན། སྐྱེ་བོ་འགའ་ཞིག་ལས་གཅིག་ནི། རྟག་ཏུ་དྲན་པ་དང་ལྡན་ཞིང ། གཅིག་ནི། བརྗེད་ངས་ཆེ་བ་ཡིན་ན། སྐྱེ་བོ་དེ་གཉིས་སྐབས་ལ་ལར་འཕྲད།་སྐབས་ལ་ལར་མི་འཕྲད། སྐབས་ལ་ལར་མཐོང ། སྐབས་ལ་ལར་མི་མཐོང་བ་དང་འདྲ། གལ་ཏེ་དེ་གཉིས་གཅིག་གིས་གཅིག་དྲན་པར་གྱུར་ན་ཕྱོགས་གཉིས་ཀ་ཕན་
490b
ཚུན་དྲན་པའི་འབྲལ་བ་དམ་པས་དེ་ནས་སྐྱེ་བ་ནས་སྐྱེ་བར་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ཐམས་ཅད་ལ་དགོངས་པ་ནི། མས་བུ་དྲན་པ་ལྟར་རོ། །གལ་ཏེ་བུ་དེས་མ་ཡལ་བར་དོར་ན་མ་དེས་བུ་དྲན་ཀྱང་དགོངས་པ་ཅི། བུས་མ་དེ་དྲན་པ་ཡང་ཇི་ལྟར་མས་བུ་དྲན་པ་ལྟར་འགྱུར་ན།་མ་དང་བུ་གཉིས་སྐྱེ་བ་ནས་སྐྱེ་བར་རིང་དུ་འབྲལ་བར་མི་འགྱུར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱིས་སངས་རྒྱས་དྲན་ཞིང་སེམས་པ་ན་འཕྲལ་དང་ཡུན་དུ་གདོན་མི་ཟ་བར་སངས་རྒྱས་མཐོང་བར་འགྱུར་རོ། །སངས་རྒྱས་དང་མི་རིང་བར་གྱུར་ན་ཐབས་ལ་མཁན་པ་གཞན་མི་དགོས་པར་རང་ཉིད་བློ་སད་ནས་དྲི་ཞིམ་པོའི་སྤོས་ཀྱིས་བྱུགས་པའི་མིའི་ལུས་ལས་དྲི་ཞིམ་པོ་འབྱུང་བ་དང་འདྲ་བས་སངས་རྒྱས་རྗེས་སུ་དྲན་པ་དེ་ལ་སྤོས་ཀྱི་འོད་ཟེར་བཀོད་པ་ཞེས་བྱའོ། །བདག་ཐོག་མར་ལམ་ལ་སློབ་པའི་ཚེ་སངས་རྒྱས་རྗེས་སུ་དྲན་པའི་སེམས་ཀྱི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་བོ། །ད་ལྟ་འཇིག་རྟེན་འདིའི་སངས་རྒྱས་རྗེས་སུ་དྲན་པའི་སྐྱེ་བོ་རྣམས་ཀྱང་དག་པའི་ཞིང་དུ་བརྩེ་བས་དྲངས་ཏེ་དེ་རོ་སྤྱོད་པར་བྱེད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་ལ་དམིགས་ཀྱིས་ཕྱེ་སྟེ་
491a
༄#། །གཟུང་བར་བྱ་བ་མེད་ཀྱི་དབང་པོ་དྲུག་བསྡུས་ཏེ་གསལ་རིག་གི་རྒྱུན་ཉིད་ལ་མཉམ་པར་བཞག་ནས་ཏིང་ངེ་འཛིན་ཐོབ་པ་ལས་བྱང་ཆུབ་པའོ། །ཞེས་བྱའོ། ། དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས། བདག་སྔོན་གྱི་གནས་དྲན་པ་ན་འདས་པའི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔ་རོལ་དུ་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏོ། །བདག་གིས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་བཞིན་གཤེགས་པ་དེས་བདག་ལ་ཐོས་པའི་སྒོ་ནས་སེམས་ཤིང་སྒོམ་པའི་ཏིང་ངེ་འཛིན་ལ་གནས་པར་གྱིས་ཤིག་ཅེས་གདམས་པ་ལ། ཐོས་པའི་རྗེས་སུ་འབྲངས་ནས་ཡང་དག་པའི་དོན་ལ་ཞུགས་པས་ཡུལ་དང་བྲལ་བར་གྱུར་ཏོ། །ཡུལ་རྣམ་པར་དག་ནས་ཞི་བའི་རྗེས་སུ་གཡོ་བ་དང་མི་གཡོ་བའི་གཟུགས་གཉིས་གཏན་ནས་སྐྱེས་བར་མ་གྱུར་ཏོ། །དེ་བཞིན་དུ་བློ་རིམ་གྱིས་འཕེལ་ནས་ཐོས་པ་དང་ཐོས་པར་བྱ་བ་ཟད་པར་གྱུར་ཏོ། །
491b
ཐོས་པ་ཟད་ནས་དེ་ཙམ་དུ་མ་ཟད་ཀྱི་རིག་པ་དང་རིག་པར་བྱ་བ་ཡང་སྟོང་པར་གྱུར་ཏོ། །སྟོང་པ་ཉིད་རིག་པའི་བློ་མཐར་ཐུག་པའི་རྗེས་སུ་སྟོང་པ་དང་སྟོང་པར་བྱ་བ་ཞི་བར་གྱུར་ཏོ། །སྐྱེ་བ་དང་འགག་པ་ཞི་བའི་རྗེས་སུ་ཞི་བ་རང་ཉིད་མངོན་དུ་གྱུར་ཏོ། །འདི་ལ་དེ་མ་ཐག་ཏུ་སྲིང་པ་དང་ཞི་བ་ལས་འདས་ནས་ཕྱོགས་བཅུ་གསལ་རིག་གི་རང་བཞིན་དུ་གྱུར་ཏེ་རྨད་དུ་བྱུང་བ་རྣམ་པ་གཉིས་ཐོབ་སྟེ། དང་པོ་ནི། ཡར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་མཉམ་པ་ཉིད་དུ་གྱུར་ཅིང་དེ་བཞིན་གཤེགས་པ་དང་འདྲ་བར་སྙིང་རྗེའི་སྟོབས་དང་ལྡན་པར་གྱུར་ཏོ། །གཉིས་པ་ནི། མར་ཕྱོགས་བཅུའི་རིགས་དྲུག་གི་འགྲོ་བ་སྣ་ཚོགས་དང་ལྷན་ཅིག་ཏུ་ཐུགས་རྗེས་དགོངས་པར་གསོལ་བ་འདེབས་སོ། །བཅོམ་ལྡན་འདས། བདག་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་བསྙེན་བཀུར་བས་དེ་བཞིན་གཤེགས་པ་དེའི་བཀའ་དྲིན་གྱིས་བདག་ལ་སྒྱུ་མ་ལྟ་བུར་ཐོས་པའི་སྒོ་ནས་ཞུགས་ཤིང་ཐོས་པ་བཞིན་སྒོམ་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བསླབ་པར་གདམས་པས་དེ་བཞིན་གཤེགས་པ་དང་འདྲ་བར་སྙིང་རྗེའི་སྟོབས་དང་ལྡན་པར་གྱུར་པའི་ཕྱིར་བདག་གང་ལ་གང་འདུལ་བའི་འཕྲིན་ལས་སུམ་ཅུ་རྩ་གཉིས་བསྒྲུབས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རོལ་ཞིང་སྤྱོད་དོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་ལ་ཞུགས་ནས་ཟག་
492a
༄#། །པ་མེད་པའི་གནས་སྒོམ་པ་ལ་རྟོགས་པ་མཆོག་ཐམས་ཅད་མངོན་དུ་གྱུར་པ་ན་བདག་དེ་བཞིན་གཤེགས་པའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་གྲོལ་བར་བྱེད་དོ། །སློབ་པ་གང་དག་ལུས་སེམས་དབེན་པས་གསལ་ཞིང་མི་རྟོག་པ་མངོན་དུ་གྱུར་ཅིང་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ལ་མངོན་དུ་ཕྱོགས་པ་ན་བདག་དེའི་མདུན་དུ་རང་རྒྱལ་བསེ་རུ་ལྟ་བུའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་གྲོལ་བར་བྱེད་དོ། །གང་དག་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་ཅིང་དེའི་འབྲེལ་པ་ཆད་ནས་དོན་དམ་པའི་རང་བཞིན་མཆོག་ཏུ་གསལ་བ་ལ་མངོན་དུ་ཕྱོགས་པ་ན་བདག་དེའི་མདུན་དུ་རང་རྒྱལ་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་གྲོལ་བར་བྱེད་དོ། །སློབ་པ་གང་དག་བདེན་བཞིའི་སྟོང་ཉིད་རྟོགས་ནས་ལམ་སྒོམ་ཞིང་འགོག་པ་ཐོབ་སྟེ་དོན་དམ་པའི་རང་བཞིན་གསལ་བ་ལ་མངོན་དུ་ཕྱོགས་པ་ན་བདག་དེའི་མདུན་དུ་ཉན་ཐོས་ཀྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་གྲོལ་བར་བྱེད་དོ། །སེམས་ཅན་གང་དག་འདོད་པའི་སེམས་མངོན་དུ་རྟོགས་ནས་འདོད་ཆགས་ཀྱི་ཡུལ་དང་མི་འགྲོགས་པར་ལུས་འོད་གསལ་བར་འགྱུར་བར་འདོད་ན་བདག་དེའི་མདུན་དུ་ཚངས་པའི་རྒྱལ་པོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་གྲོལ་བར་བྱེད་དོ། །སེམས་ཅན་གང་
492b
དག་ལྷའི་རྒྱལ་པོར་གྱུར་ནས་ལྷའི་གཙོ་བོ་བྱེད་པར་འདོད་ན་བདག་དེའི་མདུན་དུ་བརྒྱ་བྱིན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རང་དབང་ཅན་དུ་གྱུར་ནས་ཕྱོགས་བཅུར་གང་འདོད་དུ་འགྲོ་བར་འདོད་ན་བདག་དེའི་མདུན་དུ་ཉེ་དབང་གི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རང་དབང་ཅན་དུ་གྱུར་ཏེ་ནམ་མཁའ་ལ་འགྲོ་བར་འདོད་ན་བདག་དེའི་མདུན་དུ་དབང་ཕྱུག་ཆེན་པོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་ལྷ་དང་འབྱུང་པོའི་གཙོ་བོར་གྱུར་ནས་འཇིག་རྟེན་ཐམས་ཅད་སྐྱོང་བར་འདོད་ན་བདག་དེའི་མདུན་དུ་ལྷའི་སྡེ་དཔོན་ཆེན་པོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་འཇིག་རྟེན་གྱི་གཙོ་བོར་གྱུར་ནས་སེམས་ཅན་ཐམས་ཅད་སྐྱོང་བར་འདོད་ན་བདག་དེའི་མདུན་དུ་རྒྱལ་ཆེན་བཞིའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་ལྷའི་གནས་སུ་སྐྱེས་ནས་ལྷ་དང་འབྱུང་པོ་བཀོལ་བར་འདོད་ན་བདག་དེའི་མདུན་དུ་རྒྱལ་ཆེན་རིས་བཞི་པའི་ལྷའི་བུའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་མིའི་རྒྱལ་པོར་འགྱུར་བར་འདོད་ན་
493a
༄#། །བདག་དེའི་མདུན་དུ་མིའི་རྒྱལ་པོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རིགས་མཐོན་པོར་སྐྱེས་ནས་འཇིག་རྟེན་གྱི་སྐྱེ་བོ་དག་གི་བཀུར་བའི་གནས་སུ་འགྱུར་བར་འདོད་ན་བདག་དེའི་མདུན་དུ་རྒྱལ་རིགས་ཀྱི་སྐྱེ་བོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རིག་བྱེད་སྨྲ་བ་ལ་མཁས་ཤིང་ལུས་བདེ་བར་གནས་པ་ཞིག་ཏུ་འགྱུར་བར་འདོད་ན་བདག་དེའི་མདུན་དུ་བློན་པོ་ཆེན་པོའི་རིགས་ཅན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རྒྱལ་ཁམས་བདེ་བའི་ཐབས་སྒྲུབ་པ་དང་མཐའི་བྱ་བ་དག་གཏན་ལ་འབེབས་པར་འདོད་ན་བདག་དེའི་མདུན་དུ་སྣ་ཆེན་པོ་ལ་གཏོགས་པའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་རྩིས་ཀྱི་རིག་བྱེད་སློབ་པ་ལ་དགའ་བ་དང་ལུས་སྲུང་ཞིང་གསོ་བར་འདོད་ན་བདག་དེའི་མདུན་དུ་བྲམ་དེའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །གང་དག་སྐྱེས་པ་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་གཙང་མ་སྲུང་བར་འདོད་ན་བདག་དེའི་མདུན་དུ་དགེ་སློང་གི་གཟུགས་སུ་སྤྲུལ་
493b
ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །གང་དག་བུད་མེད་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་གཙང་མ་སྲུང་བར་འདོད་ན་བདག་དེའི་མདུན་དུ་དགེ་སློང་མའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །གང་དག་སྐྱེས་པ་ལས་བསླབ་པའི་གཞི་ལྔ་སྲུང་བར་འདོད་ན་བདག་དེའི་མདུན་དུ་དགེ་བསྙེན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །གང་དག་བུད་མེད་ལས་བསླབ་པའི་གཞི་ལྔ་ལེན་པར་འདོད་ན་བདག་དེའི་མདུན་དུ་དགེ་བསྙེན་མའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །བུད་མེད་གང་དག་བུད་མེད་ཀྱི་ནང་ཁྲིམས་གཙོ་བོར་བཟུང་ནས་ཁྱིམ་དང་ནང་མ་སྐྱོང་བདག་ཡོད་ན་བདག་དེའི་མདུན་དུ་རྒྱལ་ཡུམ་དང་བཙུན་མོ་དམ་པ་དང་བཀུར་འོས་ཀྱི་བཙུན་མོ་དང་ཁྱིམ་བདག་མོ་ཆེ་བའི་རིགས་ཅན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སེམས་ཅན་གང་དག་གཞོན་ནུའི་ལང་ཚོ་ལས་མི་ཉམས་པར་འདོད་ན་བདག་དེའི་མདུན་དུ་གཞོན་ནུའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །བུ་མོ་གང་དག་ལས་རང་གི་ལུས་གཅེས་པར་སྲུང་ཞིང་ཚུལ་མ་ཡིན་པའི་འདོད་པ་དོན་དུ་མི་གཉེར་བདག་ཡོད་ན་བདག་དེའི་མདུན་དུ་གཞོན་ནུ་མའི་གཟུགས་སུ་
494a
༄#། །སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །ལྷ་གང་དག་ལྷའི་རིགས་ལས་འབྱུང་བར་འདོད་ན་བདག་ལྷའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །ཀླུ་གང་དག་ཀླུའི་རིགས་ལས་འབྱུང་བར་འདོད་ན་བདག་ཀླུའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། ། གནོད་སྦྱིན་གང་དག་གནོད་སྦྱིན་གྱི་རིགས་ལས་འབྱུང་བར་འདོད་ན་བདག་དེའི་མདུན་དུ་གནོད་སྦྱིན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། ། དྲི་ཟ་གང་དག་དེའི་རིགས་ལས་འབྱུང་བར་འདོད་ན་བདག་དེའི་མདུན་དུ་དྲི་ཟའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །ལྷ་མ་ཡིན་གང་དག་དེའི་རིགས་ལས་འབྱུང་བར་འདོད་ན་བདག་དེའི་མདུན་དུ་ལྷ་མ་ཡིན་གྱི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །མིའམ་ཅི་གང་དག་དེའི་རིགས་ལས་འབྱུང་བར་འདོད་ན་བདག་དེའི་མདུན་དུ་མིའམ་ཅིའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །ལྟོ་འཕྱེ་ཆེན་པོ་གང་དག་དེའི་རིགས་ལས་འབྱུང་བར་འདོད་ན་བདག་དེའི་མདུན་དུ་ལྟོ་འཕྱེ་ཆེན་པོའི་གཟུགས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །སྐྱེ་བོ་གང་དག་མི་ལུས་ཉིད་མི་འདོར་བར་འདོད་ན་བདག་
494b
དེའི་མདུན་དུ་མིའི་གཟུགས་སུ་སྤྲུལ་ཏེ་དེ་དག་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །མི་མ་ཡིན་པ་དང་གཟུགས་དང་གཟུགས་མེད་པ་དང་འདུ་ཤེས་དང་འདུ་ཤེས་མེད་པ་གང་དག་རང་རང་གི་རིགས་ལས་འབྱུང་བར་འདོད་ན་བདག་དེ་དག་གི་མདུན་དུ་དེ་དག་དང་མཐུན་པར་སྤྲུལ་ཏེ་དེ་དག་ལ་ཆོས་བསྟན་ནས་ཕན་པ་སྒྲུབ་པར་བྱེད་དོ། །འདི་ལ་རྨད་དུ་བྱུང་ཞིང་རྣམ་པར་དག་པ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་གང་ལ་གང་འདུལ་བའི་འཕྲིན་ལས་སུམ་ཅུ་རྩ་གཉིས་ཞེས་བྱའོ། །འདི་དག་ནི། ཐོས་པ་དང་ཐོས་པའི་དོན་བསམ་པའི་སྒོ་ནས་སྦྱངས་པའི་ཏིང་ངེ་འཛིན་གྱི་མཐུས་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་མཐུ་ཕུལ་དུ་བྱུང་བ་ལས་གྲུབ་ལགས་སོ། །བཅོམ་ལྡན་འདས། ཐོས་པ་དང་ཐོས་པའི་དོན་བསམ་པའི་སྒོ་ནས་སྦྱངས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་མཐུས་ཕྱོགས་བཅུའི་འཇིག་རྟེན་གསུམ་གྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་གསོལ་བ་འདེབས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་བདག་གི་ལུས་དང་ཡིད་ལས་མི་འཇིགས་པའི་ཡོན་ཏན་བཅུ་བཞི་ཐོབ་པར་བྱེད་དོ། །དང་པོ་ནི། བདག་ཕྱི་རོལ་གྱི་སྒྲ་ལ་མི་གཞོལ་པ་ཉིད་ཀྱིས་ཕྱོགས་བཅུའི་སེམས་ཅན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དག་སོ་སོས་བདག་གི་མིང་སྨོས་པ་ཙམ་གྱིས་བདག་གིས་ཐོས་ཤིང་དེ་དག་དེ་མ་ཐག་ཏུ་གྲོལ་བར་བྱེད་
495a
༄#། །ནུས་སོ། །གཉིས་པ་ནི། ཤེས་པ་མཐོང་པ་ཕྱིར་བསྡུས་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་མེ་ཆེན་པོའི་ནང་དུ་ཆུད་ན་ཡང་མེས་མི་འཚོག་པར་བྱེད་ནུས་སོ། །གསུམ་ནི། བལྟ་བ་དང་མཉམ་པ་ཕྱིར་བསྡུས་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ཆུ་བོ་ཆེན་པོས་ཁྱེར་ན་ཡང་ཆུར་མི་འབྱིང་བར་བྱེད་ནུས་སོ། ། བཞི་པ་ནི། ཕྱིན་ཅི་ལོག་གི་སེམས་རྒྱུན་འཆད་ཅིང་གསོད་པ་དང་འཚེ་བའི་སེམས་མེད་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་འདྲེ་གནས་པའི་ཡུལ་དུ་གནས་ན་ཡང་འདྲེས་འཚེ་བར་བྱེད་མི་ནུས་སོ། །ལྔ་པ་ནི། མཉན་པ་ལས་ཕྱིར་བསྡུས་ནས་མཉན་པའི་རང་བཞིན་ལ་ཞུགས་པས་དབང་པོ་དྲུག་པོ་དག་ནས་སྒྲ་དང་མཉན་བྱེད་མཉམ་པ་ཉིད་དུ་གྱུར་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་གང་དག་གསོད་དུ་ཉེ་བ་ན་རལ་གྲི་དུམ་བུ་དུམ་བུར་ཆད་ཅིང་ཆུ་ལ་མཚོན་བཏབ་པ་དང་འོད་ལ་ཕུ་བཏབ་པ་བཞིན་དུ་ལུས་སྒུལ་བར་མི་ནུས་སོ། །དྲུག་པ་ནི།་ཐོས་པ་ལས་རིམ་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་འོད་གསལ་བ་མངོན་དུ་གྱུར་པས་མི་གསལ་བ་དང་མུན་པའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ལ་གནོད་སྦྱིན་དང་སྲིན་པོ་དང་སྲུལ་བུམ་དང་འབྱུང་པོ་དང་ཤ་ཟ་དང་སྲུལ་པོ་ལ་སོགས་པས་ཉེ་བར་མཐོ་བཙམས་པར་འོང་ན་ཡང་མིག་གིས་བལྟ་བ་
495b
ཙམ་ཡང་མི་ནུས་སོ། །བདུན་པ་ནི། སྒྲའི་རང་བཞིན་རྣམ་པར་དག་ནས་མཐོང་བ་དང་ཐོས་པ་ཕྱིར་བསྡུས་ཤིང་ཡུལ་རྫུན་པ་དང་བྲལ་བ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ལགས་སོ་དང་ལྕགས་སྒྲོག་གིས་བཅིངས་ན་ཡང་མནར་མི་ནུས་པར་བྱེད་དོ། །བརྒྱད་པ་ནི། སྒྲའི་དམིགས་པ་ཞི་ཞིང་མཉན་པའི་རང་བཞིན་ལ་ཞུགས་ནས་བྱམས་པའི་སྟོབས་ཀུན་ཏུ་ཁྱབ་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་འབྲོག་དགོན་པ་དང་གཡང་ཁ་སོགས་ཉམ་ང་བའི་སར་ཕྱིན་པ་ན་རྐུན་པོས་འཇོམས་མི་ནུས་པར་བྱེད་དོ། །དགུ་པ་ནི། ཐོས་པ་ལས་རིམ་གྱིས་ཡུལ་དང་བྲལ་ནས་གཟུགས་ཀྱིས་འཕྲོག་པར་མ་ནུས་པ་ཉིད་ཀྱིས་སེམས་ཅན་འདོད་ཆགས་ཅན་ཐམས་ཅད་ཀྱི་འདོད་ཆགས་རིང་དུ་སྤོང་ནུས་པར་བྱེད་དོ། །བཅུ་པ་ནི།་སྒྲའི་རང་བཞིན་ཡུལ་གྱིས་མ་གོས་པས་དབང་པོ་དང་ཡུལ་མཉམ་པ་ཉིད་དུ་གྱུར་ཅིང་ལྟོས་བྱ་ལྟོས་བྱེད་མེད་པ་ཉིད་ཀྱིས་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་ཞེ་སྡང་དང་འབྲལ་ནུས་པར་བྱེད་དོ། །བཅུ་གཅིག་པ་ནི། ཡུལ་གྱི་དམིགས་པ་ཟད་ཅིང་ཕྱིར་བསྡུས་ནས་ཆོས་ཀྱི་དབྱིངས་དང་ལུས་སེམས་བཻཌཱུ་རྱ་ལྟར་གསལ་ཞིང་སྒྲིབ་ཐོགས་མད་པ་ཉིད་ཀྱིས་རྟུལ་ཞིང་རྨོངས་པའི་སྒྲིབ་པ་ཅན་གྱི་སེམས་ཅན་ཐམས་ཅད་གཏི་མུག་དང་འབྲལ་བར་བྱེད་ནུས་སོ། །བཅུ་གཉིས་པ་ནི། རྣམ་པ་རྣམས་བསྡུས་ནས་ཐོས་པའི་རང་བཞིན་དུ་ཞུགས་ནས་ཆོས་
496a
༄#། །ཀྱི་དབྱིངས་ལས་མི་གཡོ་བར་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སོང་སྟེ་འཇིག་རྟེན་གྱི་སྤྱོད་པ་འཇིག་པར་ཡང་མི་བྱེད་ལ། ཕྱོགས་བཅུ་ཐམས་ཅད་དུ་ཕྱིན་ནས་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་དེ་བཞིན་གཤེགས་པ་རེ་རེའི་དྲུང་དུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་བར་བྱེད་ནུས་པའི་ཕྱིར་འཇིག་རྟེན་ན་བུ་མེད་པ་དག་བུ་དོན་དུ་གཉེར་ན་བུ་བསོད་ནམས་དང་ལྡན་ཞིང་བློ་གྲོས་ཆེ་བ་སྐྱེ་བར་བྱེད་ནུས་སོ། །བཅུ་གསུམ་པ་ནི། དབང་པོ་དྲུག་གི་དེ་ཁོ་ན་ཉིད་མཐར་ཐུག་པ་གསལ་བར་མཁྱེན་པ་ནི། གཉིས་སུ་མེད་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེའི་ནང་དུ་ཆུད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་ཅིང་སྟོང་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་གྲུབ་ནས་ཕྱོགས་བཅུའི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་ཟབ་མོ་གུས་པས་ཉམས་སུ་བླངས་ནས་མི་ཉམས་པའི་ཕྱིར་འཇིག་རྟེན་ན་བུ་མོ་འདོད་ན་བརྟན་ཅིང་དུལ་ལ་ཚུལ་བཟང་བ་བསོད་ནམས་ཀྱི་དཔལ་དང་ལྡན་པ་ཡིད་དུ་འོང་ཞིང་ཀུན་གྱིས་བཀུར་བའི་བུ་མོ་སྐྱེ་བར་བྱེད་ནུས་སོ། །བཅུ་བཞི་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཉི་མ་དང་ཟླ་བ་བྱེ་བ་ཕྲག་བརྒྱ་དང་ལྡན་པ་ན་ད་ལྟ་བཞུགས་པའི་ཆོས་ཀྱི་རྒྱལ་པོའི་སྲས་གངྒཱའི་ཀླུང་གི་བྱེ་མ་སྙེད་
496b
དྲུག་ཅུ་རྩ་གཉིས་ཀྱི་གྲངས་དང་མཉམ་པ་དག་གིས་ཐབས་ལ་མཁས་པ་ཐ་དད་པས་བདག་ཉིད་ཆོས་སྤྱོད་ཅིང་གཞན་ལ་བསྟན་ནས་ལམ་བཟང་པོར་བཀྲི་ཞིང་འདུལ་བ་དང་སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་དང་འཚམ་པར་བདག་ཉིད་ཀྱིས་ཐོབ་པའི་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུ་རྣ་བའི་སྒོ་ནས་མཆོག་ཏུ་གསལ་བར་བྱས་པའི་རྗེས་སུ་ལུས་དང་སེམས་ཀྱི་ནང་དུ་ཤིན་ཏུ་རྨད་དུ་བྱུང་བའི་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་དག་ཆུད་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་མིང་ནས་བོས་པ་དང ། གངྒཱའི་ཀླུང་གི་བྱེ་མ་སྙེད་དྲུག་ཅུ་རྩ་གཉིས་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་རྒྱལ་པོའི་སྲས་དག་གི་མིང་ནས་བོས་པའི་སྐྱེ་བོ་གཉིས་ཀྱི་ཕན་ཡོན་དང་བསོད་ནམས་མཉམ་མོ། །བཅོམ་ལྡན་འདས། བདག་གི་མིང་དང་དེ་དག་གི་མིང་མི་མཉམ་པ་མེད་པར་གྱུར་བ་ནི། བདག་གིས་བརྩོན་པས་སྦྱངས་པ་ལས་མངོན་པར་བྱང་ཆུབ་པོ་ཐོབ་པ་ལས་བྱུང་བ་ཡིན་ནོ། །ཡོན་ཏན་འདིའི་མིང་ནི། མི་འཇིགས་པ་བཅུ་བཞིའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སྲུང་ཞིང་སྐྱོད་པར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས། བདག་མངོན་པར་བྱང་ཆུབ་པ་ཐོབ་ནས་བླ་ན་མེད་པའི་ལམ་གྲུབ་པའི་ཕྱིར་ཡང་བསམ་གྱིས་མི་ཁྱབ་ཅིང་འབད་རྩོལ་མེད་པ་རྨད་དུ་བྱུང་བའི་ཡོན་ཏན་བཞི་བདེ་བླག་ཏུ་གྲུབ་བོ། །དང་པོ་ནི། བདག་ཐོག་མར་རྨད་དུ་བྱུང་བའི་ཡང་རྨད་དུ་བྱུང་བ་ཐོས་པའི་སེམས་ཐོབ་ནས་སེམས་ཀྱི་རང་བཞིན་ཐོས་པ་དང་བྲལ་
497a
༄#། །ཞིང་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པའི་བྱ་བ་སོ་སོར་མ་ཕྱེ་བར་ཡུལ་ལ་འཇུག་པའི་རིན་པོ་ཆེ་གསལ་རིག་རང་བྱུང་གི་ཡེ་ཤེས་གྲུབ་ཅིང ། དེ་བཞིན་དུ་བདག་རྨད་དུ་བྱུང་བའི་གཟུགས་སུ་སྤྲུལ་ནས་མཐའ་མེད་པའི་གསང་སྔགས་འཆད་པར་ནུས་སོ། །དེ་ལས་མགོ་གཅིག་པ་དང ། མགོ་གསུམ་པ་དང ། མགོ་ལྔ་པ་དང ། མགོ་བདུན་པ་དང ། མགོ་དགུ་པ་དང ། མགོ་བཅུ་གཅིག་པ་ནས་མགོ་བརྒྱ་རྩ་བརྒྱད་ཀྱི་བར་དང ། མགོ་སྟོང་ཅན་དང ། མགོ་ཁྲི་ཅན་དང ། མི་ཕྱེད་པའི་མགོ་བརྒྱད་ཁྲི་བཞི་སྟོང་ཅན་གྱི་བར་དང ། ལག་པ་གཉིས་པ་དང ། ལག་པ་བཞི་པ་དང ། ལག་པ་དྲུག་པ་དང ། ལག་པ་བརྒྱད་པ་དང ། ལག་པ་བཅུ་པ་དང ། ལག་པ་བཅུ་གཉིས་པ་དང ། བཅུ་བཞི་པ་དང ། བཅུ་དྲུག་པ་དང ། བཅོ་བརྒྱད་པ་དང ། ཉི་ཤུ་ནས་ཉི་ཤུ་རྩ་བཞིའི་བར་དང ། དེ་ལས་ལག་པ་བརྒྱ་རྩ་བརྒྱད་པ་དང ། ལག་པ་སྟོང་ཅན་དང ། ལག་པ་ཁྲི་ཅན་དང ། ལག་པ་བརྒྱད་ཁྲི་བཞི་སྟོང་གི་བར་དང ། མིག་གཉིས་པ་དང ། མིག་གསུམ་པ་དང ། མིག་བཞི་པ་དང ། མིག་དགུ་པ་དང ། དེ་ལས་མིག་བརྒྱ་རྩ་བརྒྱད་པ་དང ། མིག་སྟོང་ཅན་དང ། མིག་ཁྲི་ཅན་དང ། རྣམ་པར་དག་པའི་རིན་པོ་ཆེའི་མིག་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྤྲུལ་ཞིང ། འགའ་ཞིག་ཏུ་བྱམས་པ་དང ། འགའ་ཞིག་ཏུ་ཁྲོ་བ་དང ། འགའ་ཞིག་ཏུ་ཏིང་ངེ་འཛིན་དང ། འགའ་ཞིག་ཏུ་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་སྲུང །
497b
ཞིང་སྐྱོབ་པ་དང་བདེ་བ་ལ་འགོད་པར་བྱེད་དོ། །གཉིས་པ་ནི། བདག་གི་མཉན་པ་དང་སེམས་པ་དབང་པོ་དྲུག་དང་བྲལ་བས་ཇི་ལྟར་སྐད་ཀྱི་དབྱངས་ར་བས་མི་འགོག་པར་ཐོས་པ་བཞིན་དུ་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ནས་གསང་སྔགས་ཀྱི་སྒྲ་སྣ་ཚོགས་པ་སྒྲོག་པར་བྱེད་དོ། །གཟུགས་དེ་དང་གསང་སྔགས་དེས་སེམས་ཅན་ཐམས་ཅད་ལ་འཇིགས་པ་མེད་པར་བྱེད་ནུས་པས་དེ་དང་མཐུན་པར་ཕྱོགས་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདག་ལ་མི་འཇིགས་པ་ཐམས་ཅད་སྦྱིན་པ་ཞེས་གྲགས་པར་གྱུར་ཏོ། །གསུམ་པ་ནི། བདག་ཐོག་མ་ནས་མངོན་པར་བྱང་ཆུབ་པའི་གསལ་རིག་རྨད་དུ་བྱུང་བའི་རྩ་བའི་རྒྱུ་ལ་བསླབ་ཅིང་སྦྱངས་པས་གང་དུ་ཕྱིན་པའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཐམས་ཅད་སོ་སོ་ནས་རང་རང་གི་རིན་པོ་ཆེ་སོགས་ཡོ་བྱད་བཏང་ནས་བདག་གི་སྙིང་རྗེ་བསྐུལ་ཞིང་གསོལ་བ་འདེབས་པར་བྱེད་དོ། །བཞི་པ་ནི། བདག་གིས་དེ་བཞིན་གཤེགས་པའི་དགོངས་པ་རྙེད་ཅིང་མཐར་ཐུག་པའི་དོན་གསལ་བར་བྱེད་པས་རིན་པོ་ཆེའི་ཡོ་བྱད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་འཇིག་རྟེན་གྱི་ཁམས་ཀྱི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙོམས་པར་གང་དག་བུད་མེད་འདོད་པ་ལ་བུད་མེད་ཐོབ་པར་བྱེད།་བུ་འདོད་པ་ལ་བུ་ཐོབ་པར་བྱེད། ཏིང་ངེ་འཛིན་འདོད་པ་ལ་ཏིང་ངེ་འཛིན་ཐོབ་པར་བྱེད། ཚེ་རིང་བར་འདོད་པ་ལ་ཚེ་རིང་བ་ཐོབ་པར་བྱེད། དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོ་འདོད་པ་ལ་མྱ་ང་
498a
༄#། །ལས་འདས་པ་ཐོབ་པར་བྱེད་དོ། །དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པའི་རྒྱུ་དྲིས་པ་ལ། བདག་རྣ་བའི་སྒོ་ནས་ཏིང་ངེ་འཛིན་རྫོགས་པར་མངོན་དུ་གྱུར་ཅིང་སེམས་ལ་དབང་ཐོབ་ནས་ནང་དུ་བསྡུས་པས་ཏིང་ངེ་འཛིན་ཐོབ་ཅིང་བྱང་ཆུབ་གྲུབ་པ་ནི། མཆོག་ཅེས་བྱའོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དེས་བདག་ལ་མངོན་པར་བྱང་ཆུབ་བདེ་ཆོས་ཀྱི་སྒོ་ཐོབ་ནུས་སོ། །ཞེས་བསྔགས་ཤིང་འཁོར་འདུས་པ་ཆེན་པོའི་དབུས་སུ་ལུང་བསྟན་ནས་སྤྱན་རས་གཟིགས་ཞེས་མིང་དུ་སྩལ་ཏོ། །བདག་གི་མཐོང་བ་དང་ཐོས་པ་ཕྱོགས་བཅུར་རྫོགས་པར་གསལ་ཞིང་དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་མིང་ཡང་ཕྱོགས་བཅུར་ཁྱབ་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་སེངྒེའི་ཁྲིའི་སྟེང་དུ་སྐུ་ལས་རིན་པོ་ཆེའི་འོད་ཟེར་འཕྲོས་ཤིང ། ཕྱོགས་བཅུའི་རྒྱང་རིང་པོའི་རྡུལ་སྙེད་ཀྱི་བཅོམ་ལྡན་འདས་དང ། གཞན་ཡང་ཆོས་ཀྱི་རྒྱལ་པོའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་བོར་ཕོག་པས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་རྡུལ་ཕྲ་རབ་ཀྱི་འཇིག་རྟེན་གྱི་རྡུལ་སྙེད་ཀྱི་རིན་པོ་ཆེའི་འོད་ཟེར་འཕྲོས་ཏེ་དེ་བཞིན་གཤེགས་པའི་སྤྱི་བོ་དང་འཁོར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དགྲ་བཅོམ་བའི་བར་དུ་ཕོག་པས་ནགས་ཚལ་དང ། མཚོ་དང ། རྫིང་བུ་དག་ལས་ཆོས་ཀྱི་སྒྲ་དབྱངས་བྱུང་ངོ ། །འོད་ཟེར་ཕན་ཚུན་དུ་བསྣོལ་ཞིང་འབྲེལ་བ་རིན་པོ་ཆེའི་དྲ་བ་ལྟ་བུར་གྱུར་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་སྔར་མ་མཐོང་བའི་ཡ་མཚན་མཐོང་སྟེ་རྡོ་རྗེ་ལྟ་
498b
བུའི་ཏིང་ངེ་འཛིན་མ་ལུས་པ་ཐོབ་བོ། །དེའི་ཚེ་ནམ་མཁའ་ལས་རིན་པོ་ཆེ་སྣ་ཚོགས་པའི་པདྨ་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དག་སྤེལ་ཞིང་རྣམ་པར་བཀྲ་བའི་མེ་ཏོག་གི་ཆར་བབ་བོ། །ཕྱོགས་བཅུའི་ནམ་མཁའ་བར་སྣང་རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་ཅན་དུ་གྱུར་ཏེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་ས་གཞི་དང ། རི་དང ། ཆུ་ཀླུང་ཐམས་ཅད་གློ་བུར་དུ་མི་སྣང་བར་གྱུར་ཏོ། །ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྣང་བར་གྱུར་ཏོ། །ཆོས་ཀྱི་ཚིགས་སུ་བཅད་པའི་དབྱངས་རང་གྲགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྒྱལ་པོའི་སྲས་འཇམ་པའི་དབྱངས་ལ་བཀའ་སྩལ་པ། ཁྱོད་ད་ལྟ་བྱང་ཆུབ་སེམས་དཔའ་དང ། དགྲ་བཅོམ་པ་མི་སློབ་པ་ཉི་ཤུ་རྩ་ལྔ་པོ་དག་སོ་སོས་སྨྲས་པའི་ཐོག་མའི་ཐབས་ལ་མཁས་པས་ལམ་གྲུབ་པར་སྨྲས་པ་ལ་ལྟོས་ཤིག་།ཐམས་ཅད་ཀྱང་མངོན་པར་བྱང་ཆུབ་པའི་ལམ་བརྩོན་པས་སྦྱངས་སོ། །ཞེས་སྨྲའོ། །དེ་དག་གི་བརྩོན་པས་སྦྱངས་པ་ལ་ངེས་པར་མཆོག་དམན་དང ། སྔ་ཕྱིའི་ཁྱད་པར་མེད་དོ། །ངས་ད་ལྟ་ཀུན་དགའ་བོ་ལ་ཚུལ་འདི་སྟོན་པར་བྱེད་ན། སྤྱོད་པ་ཉི་ཤུ་རྩ་ལྔ་པོ་དེ་དག་ལས་གང་ཞིག་དེའི་དབང་པོ་དང་འཚམ་ཞིང་རྟོགས་པར་འགྱུར། སླར་ཡང་ང་མྱ་ངན་ལས་འདས་པའི་རྗེས་སུ་འཇིག་རྟེན་འདིའི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་ནས་བླ་ན་མེད་པའི་ལམ་འཚོལ་བ་ན་ཐབས་ལ་མཁས་པ་གང་གིས་བདེ་བླག་ཏུ་སྒྲུབ་པར་བྱེད་ནུས་ཞེས་བཀའ་སྩལ་བ་དང ། ཆོས་ཀྱི་རྒྱལ་པོའི་སྲས་འཇམ་པའི་དབྱངས་བཅོམ་
499a
༄#། །ལྡན་འདས་ཀྱིས་བརྩེ་བས་བཀའ་སྩལ་མ་ཐག་ཏུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྣམ་རིག་རྒྱ་མཚོ་རང་བཞིན་མཆོག་ཏུ་དྭངས། །གདོད་ནས་གསལ་བའི་མངོན་བྱང་རྨད་དུ་བྱུང ། །སྣང་བྱའི་དོན་ཀུན་དེ་ཡིས་གསལ་བར་གྱུར། །སྣང་བྱ་མངོན་གྱུར་རང་བཞིན་བག་ལ་ཞ། །རྫུན་སྣང་འཁྲུལ་པས་ནམ་མཁའ་སྟོང་པ་བྱུང ། །སྟོང་ལ་བརྟེན་ནས་འཇིག་རྟེན་ཁམས་རྣམས་གྲུབ། །སེམས་ཀྱི་བྱེད་པས་ཡུལ་ཁམས་སོ་སོར་གྱུར། །རྣམ་པར་ཤེས་པས་སེམས་ཅན་ཁམས་རྣམས་བྱུང ། །སྟོང་པ་རིག་པ་མཆོག་གི་རྣམ་འཕྲུལ་ཏེ། །དཔེར་ན་མཚོ་ལས་ཆུ་བུར་རྡོལ་བ་བཞིན། །ཟག་བཅས་འཇིག་རྟེན་ཁམས་མང་རྡུལ་སྙེད་རྣམས།། ཐམས་ཅད་སྟོང་ལ་བརྟེན་ནས་གནས་པ་ཡིན། །ཆུ་བུར་ཞིག་ན་སྟོང་པའང་མེད་འགྱུར་ན། །སྲིད་པ་གསུམ་པོ་ལ་ནི་ལྟ་ཅི་སྨོས། །མཐར་ཐུག་རང་བཞིན་ལ་ཞུགས་གཉིས་སུ་མེད། །བཀྲི་བྱེད་ཐབས་ལ་མཁས་པའི་སྒོ་མོ་མང ། །འཕགས་པའི་རང་བཞིན་ཀུན་ཏུ་འགོག་པ་མེད། །འཇུག་ངོགས་ཐ་དད་ཀུན་ཀྱང་བཀྲི་བའི་ཐབས། །ཐོག་མར་སེམས་བསྐྱེད་ཏིང་འཛིན་ལ་འཇུག་ཚེ། ། བུལ་དང་མྱུར་བའི་ཚུལ་ནི་འདྲ་མ་ཡིན། །གཟུགས་སུ་རྣམ་པར་རྟོག་པས་ཡུལ་རྣམས་འབྱུང ། །ཞིབ་ཏུ་བརྟག་ཀྱང་རྟོག་པའི་གཏིང་མི་ཕྱིན། །འདི་ཡི་གཏིང་མཐའ་གསལ་བར་མི་ནུས་ན། །ཇི་
499b
ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །དབྱངས་དང་བརྗོད་པ་སྣ་ཚོགས་འདྲེས་པ་ནི། །མིང་དང་ཚིག་གི་བརྗོད་པ་ཙམ་དུ་ཟད། །གཅིག་ཏུ་ཐམས་ཅད་ཆུད་པར་མི་ནུས་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །དྲི་ནི་འཕྲད་ཅིང་ལྟོས་པ་དག་ལས་ཤེས། །བྲལ་བར་གྱུར་ན་དེ་ནས་དམིགས་སུ་མེད། །རྟག་ཏུ་ཤེས་པར་འགྱུར་བ་མ་ཡིན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །རོ་ཡི་རང་བཞིན་གདོད་ནས་གྲུབ་མ་མིན། །ངེས་པར་མྱོང་བའི་ཚེ་མ་གྲུབ་པ་ཡིན། །དེ་ཡི་རིག་པ་གཅིག་ཏུ་མི་འགྱུར་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །རེག་པ་རེག་བྱའི་ཡུལ་ལས་གསལ་བར་འགྱུར། །ཡུལ་གྱི་གནས་མེད་རེག་ཅེས་བྱར་མི་རུང ། །འཕྲད་དང་འབྲལ་བའི་རང་བཞིན་མི་བརྟན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །ཆོས་ཞེས་བྱ་བ་ནང་གི་ཡུལ་ཡིན་ཏེ། །ངེས་པར་ཕྱི་ཡུལ་ལ་བརྟེན་གནས་ཡོད་དམ། །གཟུང་འཛིན་ཇི་ལྟར་གྱུར་ཀྱང་ཁྱབ་པ་མིན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །མཐོང་བའི་རང་བཞིན་ཕྱོགས་བཞིར་འདྲ་ན་ཡང ། །མདུན་གྱི་ཡུལ་མཐོང་རྒྱབ་ཀྱི་མཐོང་མ་ཡིན། །མཐོང་བ་ཕྱོགས་གཅིག་ཆད་པར་འགྱུར་བའི་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །སྣ་དབུགས་འབྱུང་འཇུག་འགོག་པ་མེད་འགྱུར་ན། །བར་དུ་དབུགས་ཀྱི་རྒྱུ་བ་གཞན་མི་ཆུད། །ཕན་ཚུན་འབྲེལ་ནས་འཇུག་པ་མ་ཡིན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱད། །ལྕེ་ལ་རོ་
500a
༄#། །བྲོ་རྒྱུ་རྐྱེན་མེད་མ་ཡིན། །ཚོར་ཞིང་མྱོང་བ་རོ་ལས་འབྱུང་བ་ཡིན། །རོ་འགག་ན་ནི་གང་ཡང་མེད་པའི་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །རེག་བྱེད་ལུས་ནི་ཡུལ་ལས་གཞན་མ་ཡིན། །སོ་སོར་རྟོགས་པ་གསལ་རིག་མ་ཡིན་ཞིང ། །གཉུག་མར་གནས་ཀྱང་རྟོགས་པར་མི་ནུས་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། ། ཡིད་ཀྱི་དབང་པོ་འཁྲུལ་བའི་སེམས་དང་འདྲེས། །དྭངས་པའི་རང་བཞིན་གསལ་བར་ནུས་མ་ཡིན། །སེམས་ཤིང་དྲན་པ་འབྲལ་བར་མི་ནུས་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །མཐོང་བའི་རྣམ་ཤེས་རྣམ་གསུམ་ཡུལ་དང་འདུས། །གཞི་ལ་བརྟག་ན་གཟུགས་ཉིད་མིན་ཞེས་བྱ། །རང་གི་རྣམ་པ་གདོད་ནས་ངེས་གཟུང་མེད། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །ཡིད་ཀྱི་ཐོས་པ་ཕྱོགས་བཅུ་ཀུན་ལ་ཁྱབ། །སྐྱེས་པ་རྒྱུ་རྐྱེན་ནུས་པ་ཆེ་ལས་འབྱུང ། །ཇི་ལྟར་བྱས་ཀྱང་གསར་བུའི་བློ་མི་འཇུག། ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །སྣ་ཡི་ཤེས་པ་འཕྲལ་གྱི་དབང་པོར་འཚམ། །གཡོ་བའི་སེམས་ཉིད་གནས་པའི་ཆེད་དུ་ཡིན། །དམིགས་པ་གཅིག་ལ་གནས་པའི་སེམས་ཀྱི་རྟེན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །ཆོས་སྨྲ་སྒྲ་དང་བརྗོད་པའི་བྱེད་པ་སྟེ། །བག་ཆགས་སྨིན་པས་དོན་གསལ་རྟོགས་པར་ནུས། །མིང་དང་
500b
བརྗོད་པ་ཟག་མེད་མ་ཡིན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །སྡོམ་པ་ལུས་ནི་སྲུང་བར་བྱེད་པ་སྟེ། །ལུས་ལས་གཞན་དུ་ཅི་ཞིག་སྲུང་བར་བྱེད། །གདོད་ནས་ཀུན་ཏུ་ཁྱབ་པ་མ་ཡིན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །རྫུ་འཕྲུལ་སྔོན་གྱི་རྒྱུ་ལས་བྱུང་བ་སྟེ། །ཡུལ་གྱི་ཆོས་ལ་རྟོགས་པར་ཅི་ཞིག་ལྟོས། ། དམིགས་པའི་དངོས་པོ་དང་ནི་འབྲལ་དུ་མེད། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གལ་ཏེ་ས་ཡི་རང་བཞིན་ལ་རྟོག་ན། །སྲ་ཞིང་འཐས་ལ་ཐོགས་པ་མེད་པ་མིན། ། འདུས་ཤིང་བྱས་པ་འཕགས་པའི་རང་བཞིན་མིན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གང་ཞིག་ཆུ་ཡི་རང་བཞིན་ལ་རྟོག་ན། །བསམ་པའི་དམིགས་པ་ཡང་དག་དོན་མ་ཡིན། །གདོད་མའི་རང་བཞིན་རྟོག་གེའི་ཡུལ་མ་ཡིན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གང་དག་མེ་ཡི་རང་བཞིན་ལ་རྟོག་ན། །སྲིད་བྲལ་ཡང་དག་དོན་ལ་བྲལ་བ་མིན། །གསར་བུ་བཀྲི་བའི་ཐབས་མཁས་མ་ཡིན་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གང་དག་རླུང་གི་རང་བཞིན་ལ་རྟོག་ན། །གཡོ་དང་མི་གཡོ་ཕན་ཚུན་མི་ལྟོས་མིན། །ལྟོས་པ་དག་ནི་བླ་མེད་ཡེ་ཤེས་མིན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གང་ཞིག་སྟོང་པ་ཉིད་ལ་རྟོག་པ་ན། །རྨོངས་ཤིང་
501a
༄#། །བླུན་ལ་གདོད་ནས་རིག་པ་མེད། །དེ་མེད་ཕྱིར་ན་བྱང་ཆུབ་ཚུལ་ལས་གཞན། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །གང་དག་རྣམ་པར་ཤེས་པ་ལ་རྟོག་ན། །རྣམ་ཤེས་བརྟག་ན་རྟག་ཏུ་གནས་མ་ཡིན། །སེམས་ཀྱི་གནས་པ་བདེན་མིན་རྫུན་པའི་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། ། འདུ་བྱེད་ཐམས་ཅད་རྟག་པ་མ་ཡིན་ཏེ། །དྲན་བའི་རང་བཞིན་གཞི་ནས་སྐྱེ་འགག་ལྡན། །རྒྱུ་འབྲས་སོ་སོར་མ་འདྲེས་པ་ཉིད་ཕྱིར། །ཇི་ལྟར་མངོན་པར་བྱང་ཆུབ་འགྲུབ་པར་བྱེད། །དེང་བདག་བཅོམ་ལྡན་འདས་ལ་གསོལ་བ་ནི། །སྟོན་པ་མི་མཇེད་འཇིག་རྟེན་ཁམས་འདིར་འཁྲུངས། །ཕྱོགས་འདིའི་ཡང་དག་བསྟན་པའི་གཞུང་ལུགས་ནི། ། རྣམ་དག་བཤད་དང་ཉན་པ་ལ་ནི་གནས། །གང་དག་ཏིང་འཛིན་ཐོབ་པར་འདོད་པ་དེས། །ངེས་པར་ཤོས་བ་ཉིད་ལས་ཡང་དག་འཇུག་།སྡུག་བསྔལ་དང་བྲལ་རྣམ་གྲོལ་ཐོབ་པ་ཡི། །སྤྱན་རས་གཟིགས་དེ་ཨེ་མ་རྨད་དུ་བྱུང ། །བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །རྡུལ་གྱི་གྲངས་མཉམ་སངས་རྒྱས་ཞིང་ཞུགས་ནས། །དབང་ཕྱུག་ཆེན་པོའི་མཐུ་དང་ལྡན་གྱུར་པས། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་མཛད། །རྨད་དུ་བྱུང་བའི་དབྱངས་ལྡན་སྤྱན་རས་གཟིགས། །ཚངས་དབྱངས་རྒྱ་མཚོའི་
501b
རླབས་ཀྱི་དབྱངས་དང་ལྡན། །འཇིག་རྟེན་ཐམས་ཅད་སྐྱོབ་ཅིང་བདེ་བར་མཛད། །འཇིག་རྟེན་ལས་འདས་རྟག་པའི་གནས་སུ་བཀོད། །དེང་བདག་དེ་བཞིན་གཤེགས་ལ་གསོལ་བ་ནི། སྤྱན་རས་གཟིགས་ཀྱིས་ཇི་ལྟར་སྨྲས་པ་བཞིན། །དཔེར་ན་མི་ཞིག་དབེན་པར་གནས་པ་ལ། །ཕྱོགས་བཅུ་ཀུན་ནས་དུས་གཅིག་རྔ་བརྡུང་བ། །ཕྱོགས་བཅུའི་སྒྲ་ཀུན་ལྷན་ཅིག་ཐོས་པའི་ཕྱིར། །འདི་ནི་ཡང་དག་པར་ནི་རྫོགས་པ་ཡིན། །མིག་གིས་བར་དུ་ཆོད་པའི་གཟུགས་མི་མཐོང ། །ཁ་དང་སྣ་ཡང་དེ་དང་མཚུངས་པ་ཉིད། །ལུས་ཀྱིས་རེག་ན་ད་གདོད་ཤེས་པར་འགྱུར། །སེམས་དང་དྲན་པ་མི་རྟག་ངེས་གཟུང་མེད། །ར་བས་ཆོད་པའི་སྒྲ་ལ་ཉན་པ་ན། །ཉེ་དང་རིང་བ་ཀུན་ཀྱང་ཐོས་པ་ཡིན། །དབང་ལྔའི་འཇུག་པ་མི་མཉམ་ལ་བརྟེན་ན། །འདི་ནི་ཡང་དག་པར་ན་རྫོགས་པ་ཡིན། །སྒྲ་དབྱངས་རང་བཞིན་གཡོ་དང་མི་གཡོ་བ། །མཉན་པའི་ལམ་དུ་ཡོད་དང་མེད་པས་ཕྱེ། །སྒྲ་མེད་ནི་ན་ཐོས་པ་མེད་ཅེས་བྱ། ། ཐོས་པའི་རང་བཞིན་གཏན་ནས་མེད་པ་ཡིན། །སྒྲ་མེད་པས་ནི་འགག་པར་མི་འགྱུར་ལ། །སྒྲ་ཡོད་པས་ནི་སྐྱེ་བར་ཡང་མི་འགྱུར། །སྐྱེ་འགག་གདོད་ནས་བྲལ་བ་ཉིད་ཀྱི་ཕྱིར། ། འདི་ནི་ཡང་དག་པར་ན་རྟག་པ་ཡིན། །རྨི་ལམ་རྨིས་པའི་ཡུལ་གྱི་སྣང་བ་ཡང ། །མ་བསམ་པར་ནི་མེད་པ་ཡོད་མ་ཡིན། །རིག་ཅིང་སྒོམ་པ་སེམས་ཀྱི་རྟོགས་ལས་འདས། །ལུས་དང་སེམས་
502a
༄#། །ཀྱིས་ཕྱིན་པར་ནུས་མ་ཡིན། །ད་ལྟ་མི་མཇེད་འཇིག་རྟེན་ཁམས་འདིར་ནི། །སྒྲ་ཡི་བརྗོད་པ་ལ་བརྟེན་གསལ་བར་བྱེད། །འགྲོ་ཀུན་ཐོས་པའི་རང་བཞིན་ལ་རྨོངས་པས། །སྒྲ་རྗེས་འབྲང་བས་ཀུན་ཏུ་འཁྱམས་ཤིང་འཁོར། །ཀུན་དགའ་བོ་ཁྱོད་ཇི་ལྟར་བློ་ལྡན་ཡང ། །ལོག་རྟོག་དྲ་བའི་འཆིང་བ་ལས་མི་འགྲོ་ལ། །འདི་ནི་ཡུལ་རྗེས་འབྲང་བས་བྱིང་མིན་ནམ། །ནད་དུ་བསྡུས་པས་བདེན་པའི་དོན་མཐོང་འགྱུར། །ཀུན་དགའ་བོ་ཁྱོད་ད་ལྟ་ལེགས་པར་ཉོན། །བདག་ནི་དེ་བཞིན་གཤེགས་པའི་གཟི་བྱིན་མཐུས། །འཇིག་པ་མེད་པར་རྡོ་རྗེའི་རྒྱལ་པོ་དང ། །སྒྱུ་མ་ལྟ་བུ་སྨྲ་བསམ་ཡུལ་ལས་འདས། །བདེར་གཤེགས་ཡུམ་གྲུར་ཡང་དག་ཏིང་ངེ་འཛིན། །ཁྱོད་ཀྱིས་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི། །གསང་བ་ཟབ་མོའི་སྒོ་ཀུན་ཐོས་ན་ཡང ། །འདོད་པའི་ཟག་པ་སྔོན་དུ་མ་བསལ་ན། །མང་དུ་ཐོས་པ་འཁྲུལ་པ་སྐྱེད་པའི་རྒྱུ། །ཐོས་པས་སངས་རྒྱས་ལ་ནི་མངོན་ཞན་ནས། །ནང་དུ་ཐོས་པའི་རང་བཞིན་ཅིས་མི་སེམས། །ཐོས་པ་རང་གི་ངང་གིས་སྐྱེས་བ་མིན། །སྒྲ་ལ་བརྟེན་ནས་མིང་དུ་གྲུབ་པ་ཡིན། །ཐོས་པ་ནང་ལ་གཞོལ་བས་སྒྲ་ལས་གྲོལ། །གང་དག་གྲོལ་བར་ནུས་དེ་སུ་ལ་བརྗོད། །དབང་པོ་གཅིག་ཉིད་གདོང་མའི་གཞིར་གཞོལ་ན། །དྲུག་པོ་དག་ཀྱང་རྣམ་པར་གྲོལ་བར་འགྱུར། །
502b
ཤེས་དང་ཐོས་པ་སྒྱུ་མ་རབ་རིབ་འདྲ། །སྲིད་གསུམ་ནམ་མཁའི་མེ་ཏོག་དག་དང་མཚུངས། །ཐོས་པ་ནང་གཞོལ་རབ་རིབ་རྩ་བ་སེལ། །ཡུལ་མི་དམིགས་ན་གསལ་རིག་རྫོགས་པར་འགྱུར། །གསལ་མཐར་ཐུག་ན་ཀུན་ཏུ་ཁྱབ་པར་འགྱུར། །ཞི་བ་གསལ་ན་མཁའ་ཡང་ནང་དུ་ཆུད། །སླར་ཡང་འཇིག་རྟེན་དག་ལ་བལྟས་པ་ན། །རྨི་ལམ་གྱི་ནི་བྱ་བྱེད་དག་དང་མཚུངས། །མ་ཏངྒི་མོ་ཡང་ཉིད་རྨི་ལམ་འདྲ། །སུ་ཞིག་ཁྱོད་ཉིད་ལ་ནི་འགོག་པར་ནུས། །དཔེར་ན་འཇིག་རྟེན་གྱི་ནི་སྒྱུ་མ་མཁན། །སྒྱུ་མས་སྐྱེས་བ་བུད་མེད་སྤྲུལ་བྱས་ཏེ། །ཇི་ལྟར་དབང་པོ་སོ་སོར་གཡོ་མཐོང་ཡང ། །གནད་འགག་གཅིག་གི་འཕྲུལ་ལ་བརྟེན་པ་སྟེ། །འཕྲུལ་འགག་ཞིག་མ་ཐག་ཏུ་མི་གཡོ་པས། །སྒྱུ་མའི་རང་བཞིན་ཐམས་ཅད་མེད་པར་འགྱུར། །དབང་པོ་དྲུག་ཀྱང་དེ་དག་ཉིད་དང་རྨྪུངྶ། །གདོད་ནས་གསལ་རིག་གཅིག་ཉིད་ལ་བརྟེན་ནས། །འཕྲད་དང་ལྟོས་པ་དྲུག་གི་ཆ་རུ་འགྱུར། ། ཡུལ་གཅིག་ཟད་ནས་ནང་དུ་གཞོལ་གྱུར་ན། །ལོངས་སྤྱོད་དྲུག་པ་འགྲུབ་པར་འགྱུར་མ་ཡིན། །ཡུལ་གྱི་དྲི་མ་འདོད་རྒུར་ཟད་གྱུར་ནས། །རྨད་དུ་བྱུང་བའི་གསལ་རིག་འགྲུབ་པར་འགྱུར། །དམིགས་པའི་ལྷག་མ་ཡོད་ན་སློབ་པ་སྟེ། །གསལ་རིག་མཐར་ཐུག་གྱུར་ན་སངས་རྒྱས་འགྱུར། །དགེ་འདུན་འདུས་པ་དང་བཅས་ཀུན་དགའ་བོ། །ཐོས་པའི་
503a
༄#། །འཇུག་པ་ནང་དུ་གཞོལ་གྱུར་ནས། །ཐོས་པའི་རང་བཞིན་ལ་ནི་མཉན་པར་གྱིས། །རང་བཞིན་མངོན་གྱུར་བླ་ན་མེད་པའི་ལམ། །མངོན་པར་བྱང་ཆུབ་ངེས་པར་དེ་དང་མཚུངས། འདི་ནི་རྡུལ་སྙེད་དེ་བཞིན་གཤེགས་རྣམས་ཀྱི། །བགྲོད་པ་གཅིག་པ་མྱ་ངན་འདས་པའི་སྒོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི།། སྒྲོ་འདི་ཉིད་ནས་བྱང་ཆུབ་གྲུབ་པ་ཡིན། །ད་ལྟ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས། །སོ་སོ་ནས་ནི་གསལ་རིག་ཉིད་ལ་འཇུག ། མ་འོངས་སྐྱེ་བོ་ལམ་ལ་སློབ་པ་རྣམས། །ཆོས་འདི་ཉིད་ལ་བརྟེན་ནས་བརྩོན་པར་རིགས། །བདག་ཀྱང་ཚུལ་འདི་ཉིད་ཀྱིས་རྟོགས་པ་ཡིན། །སྤྱན་རས་གཟིགས་དབང་གཅིག་པུ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་བཀའ་ཡིས་བདག་ལ་ནི། །ལམ་ལ་བཀྲི་བའི་ཐབས་མཁས་ཐམས་ཅད་ཀྱིས། །དུས་མཐའི་སེམས་ཅན་སྐྱོབ་ཚུལ་དྲིས་པར་མཛད། །འཇིག་རྟེན་ལས་ནི་ཐར་པར་བརྩོན་པ་རྣམས། །མྱ་ངན་འདས་སེམས་སྒྲུབ་པར་བྱེད་པ་ལ། །སྤྱན་རས་གཟིགས་ཀྱི་ཚུལ་འདི་མཆོག་ཅེས་བྱ། །ལམ་ལ་བཀྲི་བའི་ཐབས་མཁས་འདི་ལས་གཞན།། ཐམས་ཅད་དེ་བཞིན་གཤེགས་པའི་གཟི་བྱིན་མཐུར། །བརྟེན་ནས་ཡུལ་དང་ཀུན་ཉོན་སྤང་བ་ཙམ། །རྟག་ཏུ་སློབ་པའི་ཐུན་མོང་ལམ་མ་ཡིན། །ཟབ་དང་མི་ཟབ་མཉམ་པར་
503b
འཇུག་པ་མིན། །དེ་བཞིན་གཤེགས་པའི་སྙིང་པོ་ལ་ཕྱག་འཚལ། །ཟག་པ་མེད་ཅིང་བསམ་གྱིས་མི་ཁྱབ་པ། །མ་འོངས་སྐྱེ་བོ་དག་ལ་བྱིན་བརླབས་ནས། །སྒོ་འདིར་ཐེ་ཚོམ་མེད་པར་མཛད་དུ་གསོལ། །ཐབས་མཁས་འདི་ཡིས་བདེ་བླག་འགྲུབ་པའི་ཕྱིར། །ཀུན་དགའ་བོ་ཡི་བློ་དང་ཤིན་ཏུ་འཚམ། །ཐ་མའི་དུས་སུ་བྱིང་བའི་སེམས་ཅན་རྣམས། །དབང་པོ་གཅིག་པུ་འདི་ལ་རབ་སྦྱངས་ན། །མངོན་བྱང་ཆུབ་འདི་གཞན་ལས་ཁྱད་པར་འཕགས། །ཡང་དག་པ་ཡི་སེམས་ནི་འདི་བཞིན་ནོ། །དེ་ནས་ཀུན་དགའ་བོ་དང་བཅས་པ་འཁོར་འདུས་པ་ཐམས་ཅད་ལུས་སེམས་ཤིན་ཏུ་གསལ་བར་གྱུར་ཏེ་རྒྱས་པར་བསྟན་པ་རྣམ་པར་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་དང་མྱ་ངན་ལས་འདས་པ་ཆེན་པོ་ལ་བལྟ་བ་ནི། དཔེར་ན། སྐྱེ་བོ་འགའ་ཞིག་དགོས་པའི་ཕྱིར་ཐག་རིང་པོར་སོང་སྟེ་ཕྱིར་ལྡོག་པར་མ་ནུས་ཀྱང་རང་ཡུལ་དུ་འགྲོ་བའི་ལམ་གསལ་བར་ཤེས་པ་ལྟར་དེར་འདུས་པའི་སྐྱེ་བོ་ཐམས་ཅད་དང ། ལྷ་དང ། ཀླུ་སོགས་སྡེ་བརྒྱད་དང ། སློབ་པ་དང ། ཐེག་པ་འབྲིང་ལ་བརྩོན་པ་དག་དང ། ཡང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་བཅས་པ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཐམས་ཅད་ལ་སོ་སོར་རྩ་བའི་སེམས་རྡུལ་གྱི་དྲི་མ་དང་བྲལ་ཏེ་ཆོས་ཀྱི་མིག་ཤིན་ཏུ་གསལ་བར་གྱུར་ཏོ། །རིགས་སད་པའི་དགེ་སློང་མས་ཚིགས་སུ་བཅད་པ་ཐོས་ནས་དགྲ་བཅོམ་པར་གྱུར་
504a
༄#། །ཅིང ། གྲངས་མེད་པའི་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡང་བླ་ན་མེད་པའི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། ཀུན་དགའ་བོས་གོས་ཆགས་བཅོས་ཏེ་འདུས་པ་ཐམས་ཅད་ཀྱི་ནང་ནས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་སེམས་དང་ཡོད་ཤིན་ཏུ་དང་བར་གྱུར་ཏེ་དགའ་བ་དང་སྐྱོ་བ་ལྷན་ཅིག་ཏུ་སྐྱེས་ཤིང ། མ་འོངས་པའི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་སླད་དུ་སླར་ཡང་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་གསོལ་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས། བདག་གིས་ད་ལྟ་སངས་རྒྱས་སུ་འགྱུར་བའི་ཚུལ་རྟོགས་ནས་འདི་བརྩོན་པ་ན་སླད་ནས་ཡིད་གཉིས་ཟ་བ་དང་ནེམ་ནུར་མེད་པར་གྱུར་ཏོ། ། རྒྱུན་དུ་དེ་བཞིན་གཤེགས་པ་ལས་ཐོས་པ་ལ་རང་ཉིད་ཆེད་དུ་གྲོལ་བ་དོན་དུ་མི་གཉེར་བར་ཐོག་མར་གཞན་དགྲོལ་བར་བྱའོ་ཞེས་སེམས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པའི་ཚུལ་ལོ། །རང་ཉིད་ཀྱིས་ཁོང་དུ་ཆུད་ཅིང་གཞན་ཁོང་དུ་ཆུད་དུ་འཇུག་པ་དེ་དེ་བཞིན་གཤེགས་པས་འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པའི་མཛད་པའོ། །ཞེས་གསུངས་པ། བདག་གྲོལ་བར་མ་གྱུར་ཀྱང་སྙིགས་མའི་དུས་ཀྱི་སེམས་ཅན་དགྲོལ་བར་བྱའོ། །ཞེས་འདོད་དོ། །སངས་རྒྱས་བཅོམ་ལྡན་འདས། འདི་
504b
ལྟ་བུའི་སེམས་ཅན་རྣམས་སངས་རྒྱས་དང་མ་འཕྲད་ནས་རིམ་གྱིས་རྒྱང་རིང་དུ་གྱུར་ཏེ་མི་དགེ་བའི་བཤེས་གཉེན་གྱིས་བཤད་པའི་ཚུལ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་པ་ལས། །དེ་དག་གི་སེམས་བསྡུས་ནས་ཏིང་ངེ་འཛིན་ལ་འཇུག་པར་བྱ་སྙམ་ན་ཇི་ལྟར་དེ་དག་ལ་ཆོས་ཀྱི་ཆོགས་གཏན་ལ་ཕབ་ནས་བདུད་ཀྱི་ལས་ཐམས་ཅད་རྒྱང་རིང་དུ་བསྲིངས་ཤིང་གདོད་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་ཅིང་མི་གོལ་བར་བྱེད་ནུས་ཞེས་གསོལ་པ་ལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པའི་ནང་དུ་ཀུན་དགའ་བོ་ལ་བསྔགས་པ་མཛད་ནས་བཀའ་སྩལ་པ། ཁྱོད་ཆོས་ཀྱི་ཚོགས་གཏན་ལ་ཕབ་ནས་སྙིགས་མའི་དུས་ཀྱི་སེམས་ཅན་ཐམས་ཅད་འདམ་དུ་བྱིང་པ་ལྟ་བུ་རྣམས་གྲོལ་ཞིང་སྐྱོང་བའི་ཚུལ་དྲིས་པ་ལེགས་སོ་ལེགས་སོ། །ལེགས་པར་ཉོན་ཅིག་།ཁྱོད་ལ་བཤད་པར་བྱའོ། །ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོ་དང ། འདུས་པ་ཐམས་ཅད་གུས་པས་བཀའི་རྗེས་སུ་བསྟན་པ་ནོད་ཅིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ངས་གདུངས་པའི་ཆོས་འདུལ་བ་ལས་ནན་ཏན་དུ་བྱ་བ་རྣམ་པ་གསུམ་གྱི་ཡང་དག་པའི་དོན་མ་ཐོས་སམ། སེམས་བསྡུ་བ་ལ་ཚུལ་ཁྲིམས་ཞེས་བྱའོ། །ཚུལ་ཁྲིམས་ལས་ཏིང་ངེ་འཛིན་སྐྱེ་ཞིང་ཏིང་ངེ་འཛིན་ལས་ཤེས་རབ་སྐྱེའོ། །ཞེས་བྱ་བ་འདི་ཉིད་ཟག་པ་མེད་པའི་
505a
༄#། །བསླབ་པ་གསུམ་ཞེས་བྱ་བ་ཡིན་ནོ། །ཀུན་དགའ་བོ། ངས་སེམས་བསྡུ་བ་ལ་ཚུལ་ཁྲིམས་ཞེས་བཏགས་པ་དེ་ཅི་ཡིན་ཞེ་ན། གལ་ཏེ་འཇིག་རྟེན་ཁམས་ཀྱི་རིགས་དྲུག་གི་སེམས་ཅན་དེ་དག་ཐམས་ཅད་འདོད་པ་ལ་མི་ཆག་ན་སྐྱེ་ཤི་གཉིས་རེས་མོས་སུ་རྒྱུན་མི་འཆད་པའི་དབང་གིས་ལྟུང་བར་མི་འགྱུར། །ཁྱོད་ཏིང་ངེ་འཛིན་ལ་སྦྱོང་བ་ནི། ཉོན་མོངས་པའི་འཁྲུལ་པ་དང་འབྲལ་བའི་ཕྱིར་ཡིན་ལ། ལོག་པར་གཡེམ་པའི་སེམས་མ་བསལ་ན་ཡུལ་དང་འབྲལ་བར་མི་འགྱུར་རོ། །ཇི་ལྟར་ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་མངོན་དུ་གྱུར་ན་ཡང་ལོག་པར་གཡེམ་པ་མ་སྤངས་ན་ངེས་པར་བདུད་ཀྱི་རིས་སུ་ལྟུང་བས་རབ་བདུད་ཀྱི་རྒྱལ་པོ་དང ། འབྲིང་བདུད་ཕོ་དང ། ཐ་མ་བདུད་མོར་འགྱུར་རོ། །དེ་དག་ལ་ཡང་བདུད་ཀྱི་སློབ་མ་ཡོད་ཅིང་སོ་སོ་ནས་རང་ཉིད་བླ་ན་མེད་པའི་གོ་འཕང་ཐོབ་བོ། །ཞེས་ཟེར་རོ། །མྱ་ངན་ལས་འདས་པའི་རྗེས་ཆོས་ཀྱི་སྙིགས་མའི་དུས་སུ་བདུད་འདི་དག་འཇིག་རྟེན་དུ་འུར་ཞིང་དར་ནས་ཆེས་ཆེར་ཞེན་པས་ལོག་པར་གཡེམ་པ་བྱེད་ཅིང ། རང་ཉིད་དགེ་བའི་བཤེས་གཉེན་ཞེས་སྒྲོག་ཅིང་སེམས་ཅན་ཐམས་ཅད་འདོད་ཆགས་ཀྱི་ལྟ་བའི་དོང་དུ་ལྟུང་བར་བྱས་ཏེ་བྱང་ཆུབ་ཀྱི་ལམ་སྟོར་བར་བྱེད་དོ། །ཁྱོད་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་དག་ལ་ཏིང་
505b
ངེ་འཛིན་སྦྱོང་ཞིང་སློབ་ཏུ་འཇུག་པ་ན་ཐོག་མར་སེམས་ཀྱིས་ལོག་པར་གཡེམ་པ་ཆོད་ཅིག་དང ། འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་དང ། མཆོག་དང ། ཡང་དག་པ་དང ། རྣམ་པར་དག་པ་རྨད་དུ་བྱུང་བའི་བསླབ་པ་དང་པོ་ཞེས་གསུངས་སོ། །ཀུན་དགའ་བོ། དེའི་ཕྱིར་གལ་ཏེ་ལོག་པར་གཡེམ་པ་མ་སྤངས་པར་ཏིང་ངེ་འཛིན་ལ་སྤྱོད་སྙམ་ན། དཔེར་ན། བྱེ་མ་དང་རྔོ་བཟའ་བར་བྱ་བའི་ཕྱིར་འཚེད་པ་དང་འདྲ་སྟེ། བསྐལ་པ་བརྒྱ་སྟོང་གི་བར་དུ་འཚེད་ཀྱང་བྱེ་མ་འཚིར་ཞེས་བྱ་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་བཞིན་ས་བཟའ་བའི་ཉེར་རྒྱུ་མ་ཡིན་ཞིང་ཐོག་མ་ནས་བྱེ་མ་དང་རྡོ་བཙོས་པ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ལོག་པར་གཡེམ་བཞིན་དུ་སངས་རྒྱས་ཀྱི་གོ་འཕང་དམ་པ་ཚོལ་བར་བྱ་སྙམ་ན། ཇི་ལྟར་དེ་ཁོ་ན་ཉིད་རྟོགས་ན་ཡང་ཐམས་ཅད་ལོག་གཡེམ་གྱི་རྒྱུར་འགྱུར་རོ། །ལོག་གཡེམ་རྩ་བར་གྱུར་ན། ངན་སོང་གསུམ་དུ་འཁོར་ནས་ཐར་པར་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པའི་མྱང་འདས་སུ་བགྲོད་པའི་ལམ་གང་གིས་གསལ་བར་ནུས། ངེས་པར་ལོག་གཡེམ་གྱི་ཀུན་སློང་ལུས་སེམས་ཀྱིས་ཐམས་ཅད་དུ་སྤངས་ཤིང་སྤངས་པའི་རང་བཞིན་ཡང་མེད་པར་གྱུར་ན། གདོད་སངས་རྒྱས་ཀྱི་གོ་འཕང་ཚོལ་ཞིང་
506a
༄#། །དོན་དུ་གཉེར་བར་རིགས་སོ། །ངས་བཤད་པ་འདི་ལྟར་འཆད་ན། སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །གལ་ཏེ་འདི་ལས་གཞན་དུ་འཆང་ན། བདུད་ཀྱིས་སྨྲས་པ་ཡིན་ནོ། །གཞན་ཡང་འཇིག་རྟེན་ཁམས་ཀྱི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྲོག་གཅོད་མེད་ན། སྐྱེ་ཤི་གཉིས་རེས་མོས་སུ་རྒྱུན་མི་འཆད་པའི་དབང་གིས་ལྟུང་བར་མི་འགྱུར་རོ། །ཁྱོད་ཏིང་ངེ་འཛིན་ལ་སྦྱོང་བ་ནི། ཉོན་མོངས་པའི་འཁྲུལ་པ་དང་འབྲལ་བའི་ཕྱིར་ཡིན་ལ། སྲོག་གཅོད་མ་བསལ་ན། ཡུལ་དང་འབྲལ་བར་མི་འགྱུར་རོ། །ཇི་ལྟར་ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་མངོན་དུ་གྱུར་ན་ཡང་སྲོག་གཅོད་མ་སྤངས་ན་ངེས་པར་མི་མ་ཡིན་གཏུམ་པོའི་རིགས་སུ་ལྟུང་བས་སྐྱེ་བོ་རྣམས་འདྲེ་མཐུ་ཆེ་བ་དང ། འབྲིང་མཁའ་ལ་རྒྱུ་བའི་གནོད་སྦྱིན་གྱི་བདག་པོར་འགྱུར། ཐ་མ་ས་ལ་རྒྱུ་བའི་སྲིན་པོར་འགྱུར་རོ། །ལྷ་འདྲེ་དེ་དག་ལ་ཡང་སློབ་མ་ཡོད་ཅིང་སོ་སོ་ནས་བླ་ན་མེད་པའི་གོ་འཕང་ཐོབ་བོ། །ཞེས་ཟེར་རོ། །ང་མྱ་ངན་ལས་འདས་པའི་རྗེས་ཆོས་ཀྱི་སྙིགས་མའི་དུས་སུ་ལྷ་འདི་དག་འཇིག་རྟེན་དུ་འུར་ཞིང་དར་ནས་དེ་དག་གིས་ཤ་ཟོས་པས་བྱང་ཆུབ་ཀྱི་གོ་འཕང་ཐོབ་བོ། །ཞེས་འཆད་དོ། །ཀུན་དགའ་བོ། ངས་དགེ་སློང་རྣམས་ལ་རྣམ་པར་དག་པའི་ཤ་ལྔ་ཟ་བར་གནང་བ་ནི། ཤ་འདི་དག་ངའི་རྫུ་འཕྲུལ་
506b
གྱིས་བསྐྱེད་པ་ཡིན་གྱི་སྲོག་དང་འབྲེལ་བ་མ་ཡིན་ནོ། །ཁྱེད་ཅག་བྲམ་ཟེའི་གནས་དྲོད་གཤེར་དང་ལྡན་པའི་སྟེང་དུ་རྡོ་བ་དང་བྱེ་མ་དང་བཅས་པོས་རྩཝ་དང་ལོ་མ་མི་སྐྱེ་བས། ངས་སྙིང་རྗེ་ཆེན་པོ་དང་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་ནས་འདི་ལྟ་བུའི་བྱམས་སྙིང་རྗེ་ཆེན་པོས་རྫུན་པའི་ཤ་ཞེས་མིང་དུ་བཏགས་ནས་ཁྱེད་ཅག་གིས་རོ་མྱོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྗེས་སུ་སེམས་ཅན་གྱི་ཤ་ཟ་བཞིན་དུ་ཇི་ལྟར་ཤཱཀྱའི་སྲས་ཞེས་བྱ། ཁྱེད་ཅག་ཤེས་པར་གྱིས་ཤིག་།སྐྱེ་བོ་ཤ་ཟ་བ་འདི་དག་བློ་སད་ནས་བསམ་གཏན་ཐོབ་པ་ལྟར་གྱུར་ན་ཡང་དེ་དག་ཐམས་ཅད་སྲིན་པོར་གྱུར་ནས་ལས་ཀྱི་འབྲས་བུ་རྫོགས་ཏེ་ངེས་པར་སྐྱེ་འཆིའི་སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བོ་དེ་བཞིན་གཤེགས་པའི་སློབ་མ་མ་ཡིན་པའི་སྐྱེ་བོ་འདི་དག་ཕན་ཚུན་གསོད་པ་དང ། མིད་པ་དང ། ཟ་པ་དག་རྒྱུན་མི་འཆད་པ་ལ་འདི་དག་ཁམས་གསུམ་ལས་ཇི་ལྟར་འབྱུང་བར་འགྱུར།་ཁྱོད་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་དག་ཏིང་ངེ་འཛིན་ལ་སློབ་ཏུ་འཇུག་པ་ན་གཞན་གསོད་པའི་རྒྱུན་ཆོད་ཅིག་དང ། འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་པའི་རྣམ་པར་དག་པ་རྨད་དུ་བྱུང་བའི་བསླབ་པ་གཉིས་པ་ཞེས་གསུངས་སོ། །ཀུན་དགའ་བོ། དེའི་ཕྱིར་སྲོག་གཅོད་པ་རྒྱུན་མི་གཅོད་པར་ཏིང་ངེ་
507a
༄#། །འཛིན་ལ་སྦྱོང་སྙམ་པ་ནི། དཔེར་ན། སྐྱེ་བོ་འགའ་ཞིག་རང་གི་ལག་པས་རྣ་བ་བཀབ་ནས་རང་གི་སྐད་ཆེན་པོས་བོས་པ་གཞན་གྱིས་ཐོས་པར་མི་འགྱུར་སྙམ་དུ་སེམས་པ་དང་འདྲ་སྟེ། འདི་བཞིན་དུ་འཆད་པ་ལས་ཕྱིར་ཞིང་གསལ་བར་གྱུར་པ་ཡོད་ཅེས་བྱའོ། །དགེ་སློང་རྣམ་པར་དག་པ་དང ། ཡང་བྱང་ཆུབ་སེམས་དཔའ་དག་ལམ་དུ་འགྲོ་པ་ན་རྩཝ་སྔོན་པོ་བརྫི་བར་ཡང་མི་བྱེད་ན། ལག་པས་གཅད་པ་ལྟ་ཅི་སྨོས། སྙིང་རྗེ་ཆེན་པོ་ཅན་གྱི་སྐྱེ་བོ་དག་གིས་སེམས་ཅན་གྱི་ཤ་ཁྲག་ཇི་ལྟར་ཟ་བར་རུང ། གལ་ཏེ་དགེ་སློང་དག་ཤར་ཕྱོགས་ཀྱི་སྲིན་བལ་དང ། གོས་དར་དང ། ཕྱོགས་འདིའི་ཀོ་ལྤགས་ཀྱི་ལྷ་མ་དང ། སློག་པ་དང ། ཞོ་དང ། འོ་མ་དང ། མར་དང ། ཞུན་མར་ལ་སོགས་པའི་བར་བགོ་བར་མི་བྱེད་ཅིང་བཟའ་བར་མི་ཕྱེད་ན། དགེ་སློང་འདི་ལྟ་བུ་འཇིག་རྟེན་ལས་ངེས་པར་གྲོལ་ནས་སྔོན་གྱི་ལས་ཀྱི་འབྲས་བུ་རྫོགས་པར་སྨིན་ནས་ཁམས་གསུམ་དུ་འཁོར་བར་མི་འགྱུར། ཅིའི་ཕྱིར་ཞེ་ན། དེ་དག་གི་ལུས་ལས་བྱུང་བ་དག་ལོངས་སྤྱད་ན། དེ་དག་དང་ལས་ཀྱི་འབྲེལ་བ་ཅན་དུ་འགྱུར་རོ། །ད་ལྟའི་སྐྱེ་བོ་དག་ཀྱང་ས་ལས་སྐྱེས་པའི་འབྲུ་རིགས་པ་རྒྱ་དག་ཟོས་པས་རྐང་མཐིལ་ས་ལ་མི་རེག་པར་མ་གྱུར་ཏོ། །གདོན་མི་ཟ་བར་རང་གི་ལུས་སེམས་ཀྱིས་སེམས་ཅན་གྱི་ལུས་དང ། ལུས་
507b
ལས་སྐྱེས་པའི་དངོས་པོ་བགོ་བར་མི་བྱེད་ཅིང་བཟའ་བར་མི་བྱེད་ན། ངས་སྐྱེ་བོ་དེ་ངེས་པར་གྲོལ་བར་འགྱུར་རོ། །ཞེས་སྨྲའོ། །ངས་བཤད་པ་འདི་ལྟར་འཆད་ན། སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །འདི་ལས་གཞན་དུ་འཆད་ན། བདུད་ཀྱིས་སྨྲས་པ་ཡིན་ནོ། །ཀུན་དགའ་བོ། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དེ་དག་གི་སེམས་མ་བྱིན་ལེན་གྱི་དབང་དུ་མ་སོང་ན། སྐྱེ་ཤི་གཉིས་རེས་མོས་མ་རྒྱུན་མི་འཆད་པའི་དབང་གིས་ལྟུང་བར་མི་འགྱུར། ཁྱོད་ཏིང་ངེ་འཛིན་ལ་སྦྱོང་བ་ནི། ཉོན་མོངས་པའི་འཁྲུལ་པ་དང་འབྲལ་བའི་ཕྱིར་ཡིན་ལ། མ་བྱིན་ལེན་གྱི་སེམས་མ་བསལ་ན་ཡུལ་དང་འབྲལ་བར་མི་འགྱུར་རོ། །ཇི་ལྟར་ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་མངོན་དུ་གྱུར་ཀྱང་མ་བྱིན་ལེན་མ་སྤངས་ན་ངེས་པར་ཕྱིན་ཅི་ལོག་ཏུ་ལྟུང་བས་རབ་རྣམས་ནི། གདོན་བགེགས་སུ་འགྱུར། འབྲིང་འདྲེ་ཕྲ་མོར་འགྱུར། ཐ་མ་འབྱུང་པོས་བརླམས་པའི་སྐྱེ་བོ་དམན་པར་འགྱུར་རོ། །ལོག་པར་སྤྱོད་པ་དེ་དག་ལ་ཡང་སློབ་མ་ཡོད་ཅིང་སོ་སོ་ནས་རང་ཉིད་བླ་ན་མེད་པའི་གོ་འཕང་ཐོབ་བོ། །ཞེས་ཟེར་རོ། །ང་མྱ་ངན་ལས་འདས་པའི་རྗེས་ཆོས་ཀྱི་སྙིགས་མའི་དུས་སུ་གདོན་ལོག་པར་སྤྱོད་པ་དག་འཇིག་རྟེན་དུ་འུར་ཞིང་དར་ནས་གཡོ་ཐབས་ནང་དུ་སྦེད་ཅིང་དགེ་བའི་བཤེས་གཉེན་ལྟ་བུར་བརྫུས་ཏེ་རང་ཉིད་རིང་མོ་ཞིག་ནས་མིའི་ཆོས་བླ་མ་ཐོབ་བོ། །ཞེ་
508a
༄#། །སྐྱེ་བོ་ཕལ་པ་རྣམས་བསླུས་ཏེ་དེ་དག་ཡིད་ཆེས་ཤིང་དྲན་པ་རྨོངས་སུ་བཅུག་ནས་གང་དུ་སླེབ་པའི་ཡུལ་གྱི་ཁྱིམ་པའི་སྐྱེ་བོ་དག་བརླག་ཅིང་འཐོར་བར་བྱེད་དོ། །ངས་དགེ་སློང་རྣམས་ལ་ལྗོངས་རྒྱུ་ཞིང་བསོད་སྙོམས་སྤྱོད་ཅིག་ཅེས་བཀའ་སྩལ་པ་ནི། དེ་དག་ལ་ཆེད་དུ་ཞེན་པ་སྤོང་ཞིང་བྱང་ཆུབ་ཀྱི་ལམ་བསྒྲུབ་པའི་དོན་དུ་ཡིན་ལ། དགེ་སློང་དེ་དག་རང་ཉིད་ཟས་ཀྱི་གཡོས་མི་བྱེད་པར་སྲོག་གི་ལྷག་མ་འཚོ་བའི་ཕྱིར་དུ་ཡིན་ཞིང་སྲིད་པ་གསུམ་གྱི་མགྲོན་ཁང་རྣམས་སུ་འགྲོ་བ་དང་འོང་བ་ལན་གཅིག་བྱས་ཤིང་སོང་ནས་ཕྱིར་མི་ལྡོག་གོ་།འདི་ལ་སྐྱེ་བོ་རྐུན་པོ་དག་རྫུན་གྱིས་ངའི་གོས་དུར་སྨིག་གྱོན་ཏེ་དེ་བཞིན་གཤེགས་པ་ལ་བརྟེན་ནས་རྙེད་པ་དོན་དུ་གཉེར་ཏེ་སྡིག་པ་སྣ་ཚོགས་པ་བྱེད་བཞིན་དུ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཉིད་མི་དགོས་ཞེས་སྨྲ་ཞིང་བསྙེན་པར་རྫོགས་པའི་དགེ་སློང་དག་ཐེག་པ་དམན་པའོ། །ཞེས་སྨད་པ་འདི་ཅི་ཞིག་།ཚུལ་འདིས་སེམས་ཅན་གྲངས་མེད་པ་དག་འཁྲུལ་དུ་བཅུག་ནས་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དོ། །གལ་ཏེ་ང་མྱ་ངན་ལས་འདས་པའི་རྗེས་སུ་དགེ་སློང་གང་དག་སེམས་བསྐྱེད་ནས་ངེས་པར་ཏིང་ངེ་འཛིན་ལ་སྦྱོང་བ་དག་ཡོད་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་མདུན་དུ་ལུས་
508b
ལ་མར་མེ་གཅིག་འཇུགས་པ་དང ། སོར་མོའི་ཚིགས་གཅིག་སྦར་བ་དང ། ཡང་ན་ལུས་ལ་སྤོས་འབྲུ་གཅིག་གིས་བསྲེག་པར་ནུས་ན། ངས་དེ་ལ་སྐྱེ་བ་ཐོག་མ་མེད་པའི་ལས་ཀྱི་འབྲས་བུ་དུས་གཅིག་ཏུ་ཟད་ནས་འཇིག་རྟེན་ལས་རིང་དུ་གྱུར་ཏེ་ཟག་པ་ཐམས་ཅད་དང་གཏན་དུ་འབྲལ་བར་འགྱུར་རོ། ཞེས་སྨྲའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཕྲལ་དུ་མངོན་དུ་མ་གྱུར་ཀྱང་སྐྱེ་བོ་དེའི་སེམས་ཆོས་ལས་ལྡོག་པར་མི་འགྱུར་རོ། །གལ་ཏེ་འདི་ལྟ་བུའི་ལུས་གཏོང་བའི་རྒྱུ་ཅུང་ཟད་ལ་མ་འབད་ན་ཞི་བ་ཐོབ་ཀྱང་ངེས་པར་མིའི་སྐྱེ་བ་བླངས་ནས་སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུ་མྱོང་ངོ ། །ངས་སྔར་རྟའི་ཆག་ཟོས་པ་དང་འདྲ་བར་ཤེས་པར་གྱིས་ཤིག་།ཁྱོད་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་དག་ཏིང་ངེ་འཛིན་ལ་སྦྱོང་ཞིང་སློབ་ཏུ་འཇུག་པ་ན་ཐོག་མར་མ་བྱིན་པར་ལེན་པ་སྤོངས་ཤིག་དང ། འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་པའི་རྣམ་པར་དག་པ་རྨད་དུ་བྱུང་བའི་བསླབ་པ་གསུམ་པ་ཞེས་གསུངས་སོ། །ཀུན་དགའ་བོ། དེའི་ཕྱིར་གལ་ཏེ་མ་བྱིན་པར་ལེན་པ་མ་སྤངས་པར་ཏིང་ངེ་འཛིན་སྦྱོང་བར་འདོད་པ་ནི། དཔེར་ན། སྐྱེ་བོ་འགའ་ཞིག་པུག་པ་བརྡོལ་བའི་བུམ་པར་ཆུ་བླུག་པ་དང་འདྲ་སྟེ། །དེ་འགེང་བར་འདོད་ན་བསྐལ་པ་རྡུལ་སྙེད་ཀྱི་བར་དུ་ཡང་འགེང་བར་མི་ནུས་སོ། །གལ་ཏེ་དགེ་སློང་གང་དག་སྣམ་སྦྱོར།
509a
༄#། །དང་ལྷུང་བཟེད་མ་གཏོགས་པའི་ཡོ་བྱད་ཁྲུ་དང་སོར་དུ་ལོངས་པ་ཙམ་ཡང་མི་འཆང་བར་བསོད་སྙོམས་ཀྱི་ལྷག་མ་སེམས་ཅན་བཀྲེས་པ་རྣམས་ལ་སྦྱིན་པ་བཏང་ཞིང ། དགེ་འདུན་འདུས་པའི་ཚོགས་སུ་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བ་དང ། རང་ལ་བརྡེག་པ་དང་སྤྱོས་པ་དག་ཡོད་ན་བསྔགས་པ་དང་འདྲ་བར་སེམས་པ་དང ། གདོན་མི་ཟ་བར་ལུས་སེམས་ཡལ་བར་དོར་ནས་ལུས་ཀྱི་ཤ་ཁྲག་རུས་པ་སེམས་ཅན་ལ་གཏད་ཞིང ། དེ་བཞིན་གཤེགས་པའི་ལྡེམ་པོའི་དགོངས་པའི་དོན་གཙོ་བོར་བཤད་ནས་ལས་དང་པོ་ལ་ལམ་ལས་གོལ་བར་འགྱུར་བ་དེ་ལྟ་བུའི་མི་བྱེད་པ་དེ་ལ་དེ་བཞིན་གཤེགས་པས་གང་ཟག་འདི་ལྟ་བུ་དག་ནི། ཡང་དག་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །ཞེས་བསྔགས་པ་མཛད་དོ། །ངས་བཤད་པ་འདི་ལྟར་འཆད་ན། སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །འདི་ལས་གཞན་དུ་འཆད་ན། བདུད་ཀྱིས་སྨྲས་པ་ཡིན་ནོ། །ཀུན་དགའ་བོ། ད་ལྟ་འཇིག་རྟེན་གྱི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་སྲོག་མི་གཅོད་པ་དང ། མ་བྱིན་པར་མི་ལེན་པ་དང ། ལོག་པར་གཡེམ་པ་མི་བྱེད། སྤྱོད་པ་འདི་གསུམ་སྤྱོད་ནུས་ན་ཡང་གལ་ཏེ་རྫུན་ཆེན་པོ་སྨྲས་ན། ཏིང་ངེ་འཛིན་དག་པར་བྱེད་མི་ནུས་སོ། །འདི་ལ་འདོད་པའི་ལྟ་བ་ཅན་གྱི་བདུད་དུ་གྱུར་ནས་
509b
དེ་བཞིན་གཤེགས་པའི་རིགས་སྟོར་བའི་ཕྱིར་དེས་མ་ཐོབ་པ་ཐོབ་བོ། །ཞེས་པ་དང ། མ་རྟོགས་པ་རྟོགས་སོ། །ཞེས་དེ་སྐད་དུ་སྨྲའོ། །ཡང་འཇིག་རྟེན་གྱི་རྙེད་བཀུར་དོན་དུ་གཉེར་བས་སྐྱེ་བོ་རྣམས་ཀྱི་མདུན་དུ་འདི་ལྟར་སྨྲ་སྟེ། བདག་ད་ལྟ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་དང ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང ། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་དང ། རང་རྒྱལ་གྱི་ཐེག་པ་པ་དང ། ས་བཅུ་པ་བ་དང ། ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་ཏོ། །ཞེས་སྨྲས་ནས་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང ། ཐལ་མོ་སྦྱོར་བ་ལ་རེ་ཞིང་མཆོད་པ་ལ་ཞེན་པར་འགྱུར་རོ། །སྐྱེ་བོ་འདི་ངན་པ་ཐ་ཆད་སངས་རྒྱས་ཀྱི་ཀྱི་གོ་འཕང་རླག་པར་བྱེད་པའོ། །དཔེར་ན། སྐྱེ་བོ་འགའ་ཞིག་གིས་ཤིང་ཏ་ལ་རལ་གྲིས་གཅོད་པ་ལྟར་སྐྱེ་བོ་དེ་དགེ་རྩ་ཆད་ནས་ཤེས་པ་དང་ནུས་པ་མེད་པའི་སྡུག་བསྔལ་གསུམ་རྒྱ་མཚོར་ཕྱིར་ནས་ཇི་ལྟར་གྱུར་ཀྱང་མཉམ་པར་འཇོག་པ་དང ། ཏིང་ངེ་འཛིན་སྒྲུབ་པ་མེད་པར་འགྱུར་རོ། །ཞེས་སངས་རྒྱས་ཀྱིས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། དགྲ་བཅོམ་པ་རྣམས་གདུལ་བྱ་དེ་དག་དང་འཚམ་པའི་ལུས་ཀྱིས་ཆོས་ཀྱི་སྙིགས་མའི་དུས་སུ་སྐྱེ་བ་བླངས་ཏེ་སྣ་ཚོགས་པའི་
510a
༄#། །གཟུགས་སུ་སྤྲུལ་ཏེ་འཁོར་བར་འཁོར་བ་རྣམས་གྲོལ་བར་བྱེད་དོ། །འདི་ལ་དགེ་སྦྱོང་ངམ། སྐྱེ་བོ་ཕལ་པ་དང ། བློན་པོ་ཆེན་པོའི་རིགས་དང ། རྒྱལ་རིགས་དང ། སྣ་ཆེན་པོ་ལ་གཏོགས་པའི་རིགས་དང ། བུ་དང་བུ་མོ་ཡང་རུང ། བུད་མེད་འཕྱོན་མ་དང ། ཡུག་ས་མོ་དང ། གང་དག་འཁྲིག་པ་སྤྱོད་པ་དང ། མ་བྱིན་པར་ལེན་པ་དང ། བཤན་པ་དང ། ཚོང་པ་དག་གི་གཟུགས་སུ་སྤྲུལ་ནས་དེ་དག་དང་ལྷན་ཅིག་ཏུ་མཐུན་པར་སྤྱོད་ཅིང་སངས་རྒྱས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་ནས་དེ་དག་གི་ལུས་སེམས་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་ཀྱི། ཅི་ནས་ཀྱང་རང་ཉིད་ངེས་པར་བྱང་ཆུབ་སེམས་དཔའ་དང ། ངེས་པར་དགྲ་བཅོམ་པ་ཡིན་ནོ། །ཞེས་སངས་རྒྱས་ཀྱི་གསུང་ཟབ་མོ་སྒྲོག་ཅིང་ལས་དང་པོ་པ་རྣམས་ཀྱི་མདུན་དུ་ཅི་བདེར་སྨྲ་བར་མི་བྱེད་དོ། །ཆེ་འཕོ་བ་ན་ལྐོག་ཏུ་ཚུལ་དེ་ཁ་ཆེམ་གྱི་ཚུལ་དུ་བསྙད་པར་བྱེད་པ་དག་ནི། ཡོད་དོ། །འདི་ལྟ་བུ་དག་ནི།་སེམས་ཅན་ཐམས་ཅད་རྨོངས་སུ་བཅུག་ནས་སྤྱོད་པ་འཁྲུག་པའི་རྫུན་ཆེན་པོ་སྨྲ་བར་ཅི་ཞིག་འགྱུར། ཁྱོད་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་ཏིང་ངེ་འཛིན་ལ་སྦྱོང་ཞིང་སློབ་ཏུ་འཇུག་པ་ན་ཐོག་མར་རྫུན་ཆེན་པོ་སྨྲ་བ་སྤོངས་ཤིག་དང ། འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་པའི་རྣམ་པར་དག་པ་རྨད་དུ་བྱུང་
510b
བའི་བསླབ་པ་བཞི་པ་ཞེས་གསུངས་སོ། །ཀུན་དགའ་བོ། དེའི་ཕྱིར་གལ་ཏེ་རྫུན་ཆེན་པོ་སྨྲ་བ་མ་སྤངས་ན། དཔེར་ན། མིའི་ཕྱི་ས་ལ་ཙནྡན་ལྟར་བཅོས་པ་ལ་དྲི་བཟང་གཏན་ནས་འབྱུང་མི་སྲིད་བ་དང་འདྲའོ། །ངས་དགེ་སློང་རྣམས་ལ་ཡང་དག་པའི་སེམས་ཀྱིས་ཚོགས་ཀྱི་ནང་དུ་གདམས་པ་ན་བསླབ་པ་རྣམ་པ་བཞི་ནས་བརྩམས་ཏེ་བྱ་བ་དང་སྤྱོད་པ་གང་ལ་ཡང་རྫུན་དང་གཡོ་སྒྱུ་བྱ་མི་རུང་ཞེས་བཀའ་སྩལ་པ་བཞིན་དུ་དང་ཉིད་མའི་ཆོས་བླ་མ་ཐོབ་བོ། །ཞེས་སྤྱོམས་ན་ཇི་ལྟར་རུང ། དཔེར་ན། མི་དབུལ་པོས་རང་ཉིད་རྒྱལ་པོ་ཡིན་ནོ། །ཞེས་སྙེམས་པར་བྱེད་ན། གསོད་པའི་ཉེས་པ་ལ་ཐུག་ཅིང་ཐར་པར་མི་ནུས་ན་ཆོས་ཀྱི་རྒྱལ་པོ་ལྟར་བརྫུས་ཤིང་འཆོས་པར་ཇི་ལྟར་རུང ། བརྟེན་པའི་གནས་ཡང་དག་པ་མ་ཡིན་ན། འབྲས་བུ་བརྟན་པོར་མི་འགྱུར་རོ། །འདིས་སངས་རྒྱས་ཀྱི་བྱང་ཆུབ་ལ་རེ་ན་སྐྱེ་བོ་འགའ་ཞིག་རང་གི་ལྟེ་བ་ལ་སོ་འདེབས་པ་དང་འདྲ་བར་དེ་ལྟར་སུ་ཞིག་ནུས། གལ་ཏེ་དགེ་སློང་རྣམས་སེམས་གཞུ་རྒྱུད་ལྟར་དྲང་པོར་གྱུར་ཅིང་རྣམ་པ་ཐམས་ཅད་དུ་བདེན་པའི་ཚུལ་ལ་གནས་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན། ནམ་དུ་ཡང་བདུད་ཀྱི་ལས་མི་འབྱུང་ངོ ། །ངས་སྐྱེ་བ་དེ་ལ་བྱང་ཆུབ་སེམས་དཔའི་བླ་ན་མེད་པའི་རྣམ་པར་ཤེས་པ་དང ། འདུ་ཤེས་རྫོགས་པར་འགྲུབ་ནུས་སོ། །ཞེས་བསྔགས་པ་མཛད་དོ། །ངས་བཤད་པ་འདི་ལྟར་འཆད་ན། སངས་
511a
༄#། །རྒྱས་ཀྱིས་གསུངས་པ་ཡིན་ནོ། །འདི་ལས་གཞན་དུ་འཆད་ན། བདུད་ཀྱིས་སྨྲས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།་བམ་པོ་བདུན་པ། ཀུན་དགའ་བོ། ཁྱོད་ཀྱིས་སེམས་བསྡུ་བའི་ཚུལ་དྲིས་པས། ངས་ཁྱོད་ལ་ཐོག་མར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒོ་དམ་པ་ལ་བརྩོན་པས་སྦྱངས་ཏེ་བྱང་ཆུབ་སེམས་དཔའི་ལམ་ཚོལ་བར་འདོད་ན་ངེས་པར་ཐོག་མ་ཉིད་བསླབ་པ་འདི་བཞི་ཇི་ལྟར་འཁྱགས་པ་དང་བ་མོ་ལྟར་དྲི་མ་མེད་པར་སྲུངས་ཤིག་།འདི་ལྟར་ན་ཉེས་སྤྱོད་ཀྱི་ཡན་ལག་སྣ་ཚོགས་པ་དག་རང་ཉིད་འཕེལ་ཞིང་སྐྱེ་བར་མི་འགྱུར་ན། ཡིད་ཀྱི་རྣམ་གསུམ་དང ། ངག་གི་རྣམ་པ་བཞི་གང་གི་རྗེས་སུ་སྐྱེ་བར་འགྱུར། ཀུན་དགའ་བོ། བསྡམ་པར་བྱ་བ་རྣམ་པ་འདི་བཞི་གལ་ཏེ་མ་བཏང་ན་སེམས་གཟུགས་དྲི་རོ་རེག་བྱ་རྣམས་དང་འབྲལ་བ་མེད་པས་ན། ལས་ཀྱི་སྒྲིབ་པ་སྣ་ཚོགས་གང་ལས་སྐྱེ། གལ་ཏེ་སྔོན་གྱི་བག་ཆགས་སེལ་བར་མ་ནུས་ན། ཁྱོད་སྐྱེ་བོ་དེ་ལ་རྩེ་གཅིག་པའི་སེམས་ཀྱིས་ངའི་གཙུག་ཏོར་གྱི་འོད་ཟེར་ལས་བྱུང་བའི་གདུགས་དཀར་པོ་ཅན་གྱི་བླ་ན་མེད་པའི་རིག་
511b
སྔགས་ཟློས་སུ་ཆུག་ཅིག་།དེ་བཞིན་གཤེགས་པའི་གཅུག་ཏོར་བལྟར་མི་མངོན་པ་ལས་དངོས་པོ་མེད་པའི་ཆོས་ཀྱི་སྐུའི་བདག་ཉིད་མངོན་པར་བྱུང་སྟེ་རིན་པོ་ཆེའི་པདྨའི་གདན་ལ་བཞུགས་ནས་སྙིང་པོའི་སྔགས་འདི་གསུངས་སོ། །རེ་ཞིག་ད་ལྟ་ཁྱོད་སྐྱེ་བ་སྔན་མར་བུ་མོ་མ་ཏིངྒ་དང་བསྐལ་པ་མང་པོར་འབྲེལ་བས་འདོད་ཅིང་གཅེས་པས་སྔོན་གྱི་བག་ཆགས་བསྐལ་པ་གཅིག་ཉིད་དང ། ཚེ་རབས་གཅིག་ཉིད་མ་ཡིན་པ་ལ་ངས་ལན་གཅིག་གསུངས་པ་ཙམ་གྱིས་འདོད་ཆགས་ཀྱི་སེམས་རྣམ་པར་དག་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ཡང་འདོད་ཆགས་ཅན་གྱི་བུད་མེད་ཡིན་ཞིང་སློབ་ཅིང་སྦྱོང་བའི་སེམས་མེད་པ་ལ་རྫུ་འཕྲུལ་གྱི་མཐུས་མི་མངོན་པར་བྱིན་གྱིས་བརླབས་པས་མྱུར་དུ་མི་སློབ་པར་གྱུར་ན། ཁྱེད་ཅག་ཉན་ཐོས་རྣམས་བླ་ན་མེད་པའི་ཐེག་པ་ཆེན་པོ་དོན་དུ་གཉེར་ན་སངས་རྒྱས་ཐོབ་པར་མི་འགྱུར་བའི་ཚུལ་ཡོད་དམ། དཔེར་ན། རྡུལ་རླུང་གི་རྫི་ཕྱོགས་དང་མཐུན་པར་འཕྱར་བ་ལྟར་དཀའ་བའི་གནས་ཅི་ཞིག་ཡོད། གལ་ཏེ་ཆོས་ཀྱི་སྙིགས་མའི་ཚེ་དཀྱིལ་འཁོར་གྱི་ཆོ་ག་ལ་འཇུག་པར་འདོད་པ་དག་ཡོད་ན། དེས་ཐོག་མར་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བསྲུང་དགོས། དེའི་ཕྱིར་གདོན་མི་ཟ་བར་སྡོམ་པ་རྣམ་དག་དང་ལྡན་པའི་དགེ་སྦྱོང་མཆོག་སློབ་དཔོན་དུ་བསྟེན། གལ་ཏེ་སྡོམ་པ་རྣམ་པར་དག་པ་དང་མ་འཕྲད་ན་དེ་དག་གི་
512a
༄#། །ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་ཇི་ལྟར་ཡང་འགྲུབ་པར་མི་འགྱུར་རོ། །སྡོམ་པ་བླངས་པའི་རྗེས་སུ་གོས་གསར་པ་གྱོན། སྤོས་སྦར། ལུས་སེམས་དབེན་པར་འདུག་སྟེ་སེམས་འདིས་དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ་གཞི་བཅས་ནས་དཀྱིལ་འཁོར་བཞེངས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་ལས་ཐུགས་རྗེ་ཆེན་པོའི་འོད་ཟེར་སྤྲོས་ཏེ་དེའི་སྤྱི་གཙུག་ཏུ་ཕོག་པར་བསྒོམ་མོ། །ཀུན་དགའ་བོ། སྙིགས་མའི་དུས་དེར་སྡོམ་པ་རྣམ་དག་དང་ལྡན་པའི་དགེ་སློང་ངམ། དགེ་སློང་མའམ། ཁྱིམ་བདག་གོས་དཀར་པོ་ཅན་དག་འདོད་ཆགས་ཀྱི་སེམས་བསལ་ཞིང་སངས་རྒྱས་ཀྱི་བསླབ་པ་བཟུང་ནས་དཀྱིལ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའི་སྨོན་ལམ་བཏབ་ཅིང་ནང་དུ་འཇུག་པ་དང་ཕྱིར་འགྲོ་བ་ཐམས་ཅད་ལ་ཁྲུས་བྱས་ཏེ་དུས་དྲུག་ཏུ་བསྒོམས་ནས་འདི་ལྟ་བུའི་ཚུལ་གྱིས་མི་ཉལ་བར་ཞག་བདུན་ཕྲག་གསུམ་དུ་བསྒྲུབས་ན། ང་དེའི་མདུན་དུ་འོང་ཞིང་ཞལ་དངོས་སུ་བསྟན་ཏེ་སྤྱི་བོར་ཕྱག་བཞག་ནས་དབུགས་དབྱུང་ཞིང་དེའི་བློ་རྒྱས་པར་བྱེད་དོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་ལས་བློ་ཕྱེ་སྟེ་ལམ་
512b
བསྒོམས་ནས་མི་སློབ་པའི་གོ་འཕང་འགྲུབ་པའི་ཚུལ་རང་ཉིད་མི་འཁྲུལ་བར་ཤེས་སོ། །ཆོས་ཀྱི་སྙིགས་མའི་དུས་སུ་སྒོམ་པའི་དཀྱིལ་འཁོར་བཞེངས་པར་འདོད་ན། གཞི་ཇི་ལྟར་བྱ་བ་དང ། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པའི་ཆོ་ག་རྣམ་པར་དག་པ་ཇི་ལྟར་སྒྲུབ་ཅེས་གསོལ་པ་ལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་སྙིགས་མའི་དུས་ཀྱི་སྐྱེ་བོས་དཀྱིལ་འཁོར་བཞེངས་པར་འདོད་ན། ཐོག་མར་གངས་ཀྱི་རིའི་ཉེ་འདབས་སུ་གནས་པའི་བ་དཀར་མོ་སྟོབས་དང་ལྡན་པ་ཚོལ་ཅིག་།འདིས་རི་ལས་སྐྱེས་པའི་རྩཝ་སྣུམ་ཞིང་བཟང་བ་ཟོས་པ་དང ། གངས་རིའི་ཆུ་གཙང་མ་འཐུངས་པས་དེའི་ལྕི་བ་གཙང་ངོ ། །ལྕི་བ་དེ་བླངས་ཏེ་ཙནྡན་དང་བསྲེས་ནས་ས་ལ་བྱུག་།གངས་ཀྱི་ཕྱུགས་མ་ཡིན་ན། དེའི་ལྕི་བ་དྲི་ངན་ཞིང་མི་གཙང་བས་ས་ལ་བྱུག་ཏུ་མི་རུང ། དེ་ལྟ་མ་ཡིན་ན། ཐང་བདེ་བ་ནས་ས་ལ་ཁྲུ་ལྔ་ཙམ་བརྐོས་ཏེ་འོག་གི་ས་སེར་པོ་བླངས་ནས་ཙནྡན། ཨ་ག་རུ། ཤི་ལ། དུ་རུ་ཀ་།གུར་གུམ།་རུ་རྟ། སྤང་རྒྱན། སྤང་སྤོས། སྤོས་བྱ་ལྕེ་ཅན་ཏེ་རྣམ་པ་དེ་བཅུ་པོ་ཕྱེ་མར་བཏགས་ནས་འཇིམ་པ་དང་བསྲེས་ལ་དཀྱིལ་འཁོར་གྱི་ས་ལ་བྱུགས་ཏེ་ཐ་དཀར་ཁྲུ་བཅུ་གསུམ་ཟུར་བརྒྱད་པའི་དཀྱིལ་འཁོར་བྱས་ཏེ། དཀྱིལ་འཁོར་དབུས་སུ་གསེར་རམ། དངུལ་ལམ། ཟངས་སམ། ཤིང་ལས་བྱས་པའི་པདྨ་དང ། དེའི་སྟེང་དུ་ལྷུང་བཟེད་བཞག་སྟེ་ལྷུང་བཟེད་ཀྱི་
513a
༄#། །ནང་དུ་སྟོན་ཟླ་འབྲིང་པོའི་ཟིལ་བའི་ཆུ་བླུགས་ནས་ཇི་ལྟར་རྙེད་ཅིང་འོས་པའི་ལོ་མ་དང་བཅས་པའི་མེ་ཏོག་གཟུགས་སོ། །ཡང་མེ་ལོང་ཟླུམ་པོ་བརྒྱད་རང་རང་གི་གནས་སུ་བཞག་སྟེ་མེ་ཏོག་དང་ལྡན་པའི་ལྷུང་བཟེད་ལ་བསྐོར་བར་བྱའོ། །མེ་ལོང་གི་མཐར་མེ་ཏོག་པདྨ་བཅུ་དྲུག་དང ། སྤོས་ཕོར་བཅུ་དྲུག་སྤེལ་ཏེ་གཞག་པར་བྱའོ། ། སྤོས་ཕོར་གྱི་ནང་དུ་ཨ་ག་རུ་འབའ་གཞིག་བསྲེག་ཅིང་མེ་ལྕེ་མི་འབར་བར་བྱའོ། །བ་དཀར་མོའི་འོ་མ་སྣོད་བཅུ་དྲུག་ཏུ་བླུག་གོ། འོ་མའི་ལྡེ་གུ་དང ། ཀ་ར་བཏབ་པའི་སྣུམ་འཁུར་དང ། འོ་སྤྲིས་དང ། དུག་དང་མ་འདྲེས་པའི་སྨན་སྤོས་དང ། སྤྲང་རྩིས་སྤགས་པའི་སྒ་དང ། མར་དང ། སྦྲང་རྩི་རྣམས་ཆ་བཅུ་དྲུག་ཏུ་བྱས་ཏེ་མེ་ཏོག་གི་མཐར་བསྐོར་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་མཆོད་པར་བྱའོ། །ཉིན་གུང་དང་མཚན་གུང་གི་དུས་སུ་སྦྲང་རྩི་བྲེ་བྱེད་དང ། མར་ཁྱོར་བ་གསུམ་སྟ་གོན་བྱས་ནས་དཀྱིལ་འཁོར་གྱི་མདུན་དུ་སྤོས་ཕོར་ཆུང་ངུ་གཞག། དྲི་ཞིམ་པོའི་དུར་བའི་མེ་ལ་ཆུ་སྐོལ་ཏེ་ཁྲུས་གསོལ་ནས་མེ་དེ་གཙང་མ་བྱས་ཏེ་མར་དང་སྤྲང་རྩི་བསྲེགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ། །ཕྱིའི་ཕྱོགས་བཞིར་བ་དང་མེ་ཏོག་གི་ཕྱང་ཕྲུལ་བྱའོ། །དཀྱིལ་འཁོར་གྱི་ཁང་པའི་ནང་གི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་
513b
དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་བརྙན་བཞུགས་སུ་གསོལ། །དབུས་སུ་རྣམ་པར་སྣང་མཛད། ཤཱཀྱ་ཐུབ་པ། བྱམས་པ། མི་འཁྲུགས་པ། འོད་དཔག་མེད་རྣམས་དང ། རྫུ་འཕྲུལ་ཆེན་པོ་དང་ལྡན་པ་སྤྱན་རས་གཟིགས་ལ་སོགས་པའི་སྐུ་བརྙན་དང ། གཡས་གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་སོགས་དང ། བརྒྱ་བྱིན་དང ། ཚངས་པ་དང ། ་ཙྪཥྨ་དང ། དབྱུག་སྔོན་ཅན་དང ། ཀུཎྜ་ལི་དང ། བྷྲི་ཀུ་ཊི་དང ། རྒྱལ་ཆེན་བཞི་དང ། ལོག་འདྲེན་རྣམས་སྒོའི་གཡས་གཡོན་དུས་བྲེངས་ཏེ་དགོད། ཡང་མེ་ལོང་བརྒྱད་སྟེང་ནས་འོད་ཏུ་ཕྱོགས་པར་བཏགས་ཏེ་དཀྱིལ་འཁོར་གྱི་ནང་གི་མེ་ལོང་དང་ཐད་ཀར་འོད་ཕན་ཚུན་དུ་ཕོག་པར་བྱས་ཏེ་གཟུགས་བརྙན་དག་བརྩེགས་མར་འཆར་དུ་བཅུག་།ཞག་བདུན་ཕྲག་དང་པོ་ལ་རྩེ་གཅིག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་དང ། དགྲ་བཅོམ་པ་རྣམས་ཀྱིས་མཚན་ནས་བརྗོད་ཅིང་ཕྱག་འཚལ་ནས་དུས་དྲུག་དྲུག་ཏུ་སྔགས་བཟླ་ཞིང་བསྐོར་བ་བྱེད་ལ་སེམས་རྩེ་གཅིག་པས་ཆོས་སྤྱོད་བྱའོ། །དུས་རེ་རེར་ཡང་རྒྱུན་མ་ཆད་པར་ལན་བརྒྱ་རྩ་བརྒྱད་རེ་བྱའོ། །ཞག་བདུན་ཕྲག་གཉིས་པར་སེམས་རྩེ་གཅིག་པས་བྱང་ཆུབ་སེམས་དཔའི་སྨོན་པའི་སེམས་རྒྱུན་མ་ཆད་པར་བསྐྱེད་པར་བྱའོ། །སྨོན་སེམས་ཀྱི་བསླབ་བྱ་ངས་སྔར་འདུལ་བའི་སྡེ་སྣོད་ལས་གསལ་བར་བསྟན་ཏོ། །ཞག་བདུན་ཕྲག་
514a
༄#། །གསུམ་པ་ལ་དུས་བཅུ་གཉིས་སུ་རྒྱུན་གཅིག་གིས་གདུགས་དཀར་པོ་ཅན་གྱི་སྔགས་བཟླ་བར་བྱའོ། །ཞག་བདུན་པ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དུས་གཅིག་ཏུ་མངོན་སུམ་དུ་བྱོན་ཏེ་མེ་ལོང་གི་འོད་ཟེར་ཕོག་པ་དེར་ཕྱག་སྤྱི་བོར་བཞག་མ་ཐག་ཏུ་ཏིང་ངེ་འཛིན་ལ་གཞོལ་བས། འདི་ལྟ་བུའི་སྙིགས་མའི་དུས་བཻ་ཌཱུརྱ་ལྟར་དག་པར་བྱེད་ནུས་སོ། །ཀུན་དགའ་བོ། གལ་ཏེ་དགེ་སློང་གི་སྡོམ་པ་བླངས་པའི་མཁན་པོ་དང ། འདུས་པའི་ཚོགས་དགེ་སློང་བཅུའི་ནང་ནས་ཚུལ་ཁྲིམས་མ་དག་པ་གཅིག་ཡོད་ན་འདི་ལྟ་བུའི་དཀྱིལ་འཁོར་གྱི་སྒྲུབ་པ་ཕལ་ཆེར་འགྲུབ་པར་མི་འགྱུར། ཞག་བདུན་ཕྲག་གསུམ་གྱི་རྗེས་སུ་དྲང་ཞིང་མི་གཡོ་བར་འདུག་སྟེ་ཞག་བརྒྱ་སོང་བ་ན། དབང་པོ་རྣོན་པོའི་རིགས་ཡིན་ན་སྟན་དང་མ་བྲལ་བར་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། དེས་ལུས་སེམས་ཁྱད་པར་དུ་འཕགས་པའི་གོ་འཕང་མ་ཐོབ་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་ལ་མི་བསླུ་བས་ཡིད་གཉིས་མ་བྱེད་ཅིག་།ཁྱོད་ཀྱིས་དྲིས་པའི་དཀྱིལ་འཁོར་སྒྲུབ་པའི་ཚུལ་ནི། འདི་ལྟར་རོ། །ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་བ་བདག་རབ་ཏུ་བྱུང་བ་ཚུན་ཆད་དུ་བཅོམ་ལྡན་འདས་ཀྱིས་གཅེས་པར་བསྐྱངས་པས་མང་དུ་ཐོས་པ་ལ་འབད་པ་ལས་ཆོས་ཉིད་འདུས་མ་བྱས་མངོན་དུ་བྱེད་མ་ནུས་སོ། །ཚངས་པའི་
514b
གདམས་ངག་ཕྱིན་ལོག་གི་འཆིང་བ་དང་འཕྲད་ནས་སེམས་ཀྱིས་གསལ་བར་ཤེས་ཀྱང་རང་རང་དེབ་ན་དུ་མ་གྱུར་པས་འཇམ་པའི་དབྱངས་དང་འཕྲད་པ་ལས་བདག་རྣམ་པར་གྲོལ་ལོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་རིག་སྔགས་ཀྱིས་མི་མངོན་པར་བསྐྱབ་པར་མཛད་ཀྱང་དངོས་པོ་མ་ཐོས་སོ། །བརྩེ་བ་ཆེན་པོས་སླར་ཡང་གསལ་བར་གསུངས་ནས་འདུས་པ་འདིའི་སློབ་པ་ཐམས་ཅད་སྐྱོང་ཞིང་སྐྱོབ་པ་དང ། ཡང་མ་འོངས་པའི་དུས་ཀྱི་འཁོར་བའི་སྐྱེ་བོ་ཕལ་པའི་བར་དུ་དེ་བཞིན་གཤེགས་པའི་གསུང་གསང་བས་ལུས་སེམས་རྣམ་པར་གྲོལ་བ་ཐོབ་པར་མཛད་དུ་གསོལ་ཞེས་གསོལ་པ་དང ། དེའི་ཚེ་འདུས་པ་ཐམས་ཅད་སོ་སོ་ནས་ཕྱག་འཚལ་ཞིང་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཟབ་མོ་མཉན་པ་དོན་དུ་གཉེར་ཞིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་རིན་པོ་ཆེའི་འོད་ཟེར་བརྒྱ་ཕྲག་སྟེང་དུ་འཕྲོ་ཞིང་འོད་ཟེར་གྱི་ནང་ནས་རིན་པོ་ཆེའི་པདྨ་འདབ་མ་སྟོང་དང་ལྡན་པ་གསལ་བར་བྱུང་སྟེ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་རིན་པོ་ཆེའི་པདྨ་དེ་ལ་བཞུགས་ནས་གཙུག་ཏོར་ནས་རིན་པོ་ཆེའི་འོད་ཟེར་བརྒྱ་ཕྲག་བཅུ་འཕྲོས་ཤིང་འོད་ཟེར་དེ་དག་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་བཅུའི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བསྟན་ཏེ། རི་བོ་འདེས་ཤིང་རྡོ་རྗེ་བསྣམས་པ་ནམ་མཁའི་བར་དུ་ཁྱབ་པར་གྱུར་ཏོ། །ཐམས་ཅད་ནམ་མཁའ་ལ་བལྟས་ཏེ་སྐྲག་པ་
515a
༄#། །དང་དགའ་བའི་སེམས་ལྷན་ཅིག་ཏུ་སྐྱབས་ནས་དེ་བཞིན་གཤེགས་པ་ལ་སྐྱེས་ཚོལ་ཞིང་རྩེ་གཟིག་པའི་སེམས་ཀྱིས་སངས་རྒྱས་ཀྱི་གསང་སྔགས་ཀྱི་ཚིག་སྩོལ་པ་ལ་མཉན་ཅིང་འདུག་གོ་།གཙུག་ཏོར་བལྟར་མི་མངོན་པའི་མཚན་གྱི་འོད་ཟེར་ལས་བྱུང་བའི་དེ་བཞིན་གཤེགས་པས་གསང་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། ། ན་མོ་སྨི་ཏཱ་ཏ་སུ་ག་ཏཱ་ཡ། ཨརྷ་ཏེ་ས་མྱ་ཀྶཾ་བུདྡྷཱ་ཤྱ། སི་ཏཱ་ཏ་བུདྡྷ་ཀོ་ཊི་ཨུཥྞི་ཥཾ། ནམ་སྶརྦ་བུདྡྷ་བོདྡྷི་སཏྭེ་བྷྱཿ ་ན་མ་སྶྤཏཱ་ནཾ་ས་མྱ་ཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ས་ཤྲ་ཝ་ཀ་སཾ་གྷཱ་ནཱཾ། ན་མཿ ་ལོ་ཀེ་ཨརྟ་ཏཱ་ནཱཾ། ན་མཿ ་སྲོ་ཏཱ་པནྣཱ་ནཱཾ། ན་མསས་ཀྲྀ་ཏ་གཱ་མཱ་ནཱཾ། ན་མོ་ལོ་ཀེ་སམྱགྒ་ཏཱ་ནཱཾ། སམྱ་ཀྤྲ་ཏི་པནྣཱ་ནཱཾ། ན་མོ་དེ་ཝ་རྀ་ཥཱི་ཎཱཾ། ན་མ་སྶིདྡྷི་བིངྱ་དྷ་ར་ཎཱི་ཥཱ་ཎའྲཾ། ཤ་པཱ་ནུ་གྲ་ཧ་ས་ཧི་སྲ་མཱ་ཐཱ་ནཱཾ། ན་མོ་པྲཧྨ་ཎེ། ན་མཿ ་ཨིནྡྲ་ཡ། ན་མོ་བྷ་ག་ཝ་ཏེ་རུ་ཏྲཱ་ཡ། ཨུ་མ་པ་ཏི་ས་ཧི་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་ནཱ་ར་ཡ་ཎཱ་ཡ། བཉྩ་མཧཱ་ས་མུ་དྲ་ན་མ་སྐྲ་ཏཱ་ཡ། ན་མོ་བྷ་ག་ཝ་ཏེ་མཧཱ་ཀཱ་ལཱ་ཡ། ཏྲི་པུ་ར་ན་གར་བི་དྲ་ཝ་ཎ་ཀ་རཱ་ཡ། ཨ་དྷི་མུཀྟི་ཤྨ་ཤཱ་ན་ནི་ཝཱ་ས་ནི། མཱ་ཏྲ་ག་ཎ་ན་མ་སྐྲྀ་ཏཱ་ཡ། ན་མོ་བྷ་ག་ཝ་ཏེ་ཏ་ཐཱ་ག་ཏ་ཀུ་ལཱ་ཡ། ན་མོ་པདྨ་ཀུ་ལཱ་ཡ། ན་མོ་བཛྲ་ཀུ་ལཱ་ཡ། ན་མོ་མ་ཎི་ཀུ་ལ་ཡ། ན་མོ་ག་ཛ་ཀུ་ལ་ཡ། ན་མོ་བྷ་ག་ཝ་ཏེ། དྲཾ་ཌྷ་ཤཱུ་ར་སཻནྱ། པྲ་ཧ་ར་ཎ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བྷ་ག་ཝ་ཏེ་ན་མོ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ །
515b
རྟ་ཏ་ས་མྱ་ཀྶཾ་བུདྡྷཱ་ཡ། ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བྷ་ག་ཝ་ཏེ་སཾ་བུཥྤེ་ཏ་ས་ལེནྡྲ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ན་མོ་བྷ་ག་ཝ་ཏེ་ཤཱ་ཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏེ་བྷྱོ་ན་མ་སྐྲྀ་ཏྭཿ ་ཨི་དཾ་བྷ་ག་ཝ་ཏོ་སི། ཏ་ཐཱ་ག་ཏོ་ཥྞཱི་ཥཾ། སི་ཏཱ་ཏ་པ་ཏྲཾ། ནཱ་མ་ཨ་པ་ར་ཛི་ཏ། པྲ་ཏྱཾ་གི་རཿ ་སརྦ་བྷུ་ཏ་གྲ་ཧ་ནི་གྲ་ཧ་ཀ་གྲ་ཧ་ཎི། པ་ར་བིཏྱ་ཙྪེ་ད་ནི། ཨ་ཀ་ལ་མྲྀཏྱུ་པ་རི་ཏྲ་ཡ་ནི་ཀ་རིཾ། སརྦ་བནྡྷ་ན་མོཀྵ་ཎིཾ། སརྦ་དུཥྚ་དུསྶྭཱ་པྣ་ནི་ཝ་ར་ཎི། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་གྲ་ཧ་སྲཱ་ཎཱཉྩ་བིདྷྭིནྶཱ་ན་ཀ་རིཾ། ཨཥྚ་བིཾ་ཤ་ཏཱི་ནཱ་ནཀྵ་ཏྲཱ་ཉྩ་པྲ་ས་དྷ་ན་ཀ་རིཾ། ཨཥྚཱ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་ཛྲྭཾ་བི་དྷྭ་ནྶཱ་ན་ཀ་རིཾ། སརྦ་ཤ་ཏྲུ་ཎི་ཝ་ར་ཤྩ། གྷོ་ར་དུ་སྥ་ནཱཉྩ་ནཱ་ཤ་ཎི། བི་ཥ་ཤ་སྟ་ཨགྣི་ཨུ་དེ་ཊ། ར་ཤྩ། ཨ་པ་ར་ཛི་ཏ་གྷོ་ར། མཧཱ་པྲ་ཙཎྚི། མཧཱ་དཱིབྟ་མཧཱ་ཏེ་ཛཾ། མཧཱ་ཤཝེ་ཏ་ཛྭ་ལ། མཧཱ་བ་ལ་པཎྚ་ར་ཝཱ་སི་ནཱི། ཨཱརྱ་ཏཱ་རཱ་བྷྲྀ་ཀུ་ཊི་ཤྩེ་ཝ། བི་ཛ་ཡ། བཛྲ་མ་ལི་ཏི་བི་ཤྲུ་ཏ། པདྨཾ་ཀ་བཛྲ་ཛི་ཧྣ་ཙ། མཱ་ལ་ཙེ་ཝཱ་པ་ར་ཛི་ཏ། བཛྲ་ཙིཎྚི་བི་ཤ་ར་ཙ། ཤནྟ་ཤ་བཻ་དེ་ཝ་པཱུ་ཛ་ཏ། སཽ་མྱ་རཱུ་པ་མཧཱ་ཤཝེ་ཏ། ཨཱརྱ་ཏཱ་ར་མཧཱ་བཱ་ལ། ཨ་པ་ར། བཛྲ་ཤྲྀ་ཁ་ལེ་ཤྩེ་ཝ། བཛྲ་ཀཽ་མ་རི་ཀུ་ལནྡྷ་རི། བཛྲ་ཧསྟ་ཊ། བིདྱ་
516a
༄#། །ཀྲཉྩ་ན་མ་ལི་ཀ། ཀུ་སུམྦྷ་ཀ་རཏྣ། བཻ་རོ་ཙ་ན་ཀུ་ལ་ཡ། ཨེ་ཏ་དོཥྞཱི་ཥཾ། བི་ཛྲིམྦྷཱ་མཱ་ནཱཉྩ། བཛྲ་ཀཱ་ན་ཀ་པྲ་བྷ། ལོ་\?\་བཛྲ་ཏུ་ཎྚི་ཊ་ཤཝེ་ཏཊ། ཀ་མ་ལཱ་ཀྵི་ཤ་ཤི་པྲ་བྷ། ཨདྱ་དི་མུ་དྲ་ག་ཎ་སུ་བི་ར་ཀྵཾ་ཙ་ཀུ་ཝནྟུ། ཨི་ཏྭཱནྨ་མ་སྱ། ཨོཾ་རྀ་ཥི་ག་ཎ་པྲ་ཤ་སྟ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཧཱུཾ་ཏྲཱུཾ། ཛམྦྷ་ན་ཧཱུཾ་ཏྲཱུཾ། ཏམྦྷ་ན་ཧཱུཾ་ཏྲུཾ། པ་ར་བིདྱ་སམྦྷ་ཀྵ་ཎ་ཀཱ་རི་ཧཱུཾ་ཏྲཱུཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭནྶཱ་ན་ཀཱ་རི་ཧཱུཾ་ཏྲཱུཾ། ཙ་ཏུ་ར་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲའ་ཎཾ། བི་དྷྭ་སཱ་ན་ཀཱ་རི་ཧཱུཾ་ཏྲཱུཾ། རཀྵ་བྷ་ག་ཝནྶ་ཏ་ཐཱ་ག་ཏོ་ཥྞཱི་ཥཾ། པྲ་གི་རཿ ་མཧཱ་ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ཤཪྵེ། །། ཊི་ས་ཧ་སྲ་ནེ་ཏྲི། ཨ་བྷེ་དེ་ཛྭ་ལི་ཏཊྚཾ་ཀེ། མཧཱ་བཛྲ་དྷ་རེ། ཏྲྀ་བྷུ་ཝ་ན་མཎྚ་ལ། ཨོཾ་སཝསྟི་རྦྷ་ཝ་ནཱ། མ་མ་ཨི་ཏྭནྨ་མ་སྱ། ར་ཛ་བྷ་ཡ། ཙཽ་ར་བྷ་ཡ། ཨགྣི་བྷ་ཡ། ཨུ་ད་ཀ་བྷ་ཡ་བི་ཥ་བྷ་ཡ། ཤ་སྟྲ་བྷ་ཡ། པ་ར་ཙ་ཀ་བྷ་ཡ། དུཿ ་ཀྵུ་བྷ་ཡ། ཨཱཿ ་ཤ་ནི་བྷ་ཡ། ཨ་ཀ་ལ་མྲྀ་ཏྱུ་བྷ་ཡ། དྷ་ར་ཎི་བྷུ་མི་ཀམྤ་ཀ་པ་ད་བྷ་ཡ། །ུ་ལྐ་པཱ་ད་བྷ་ཡ། རཱ་ཛ་དཎྜ་བྷ་ཡ། ནཱ་ག་བྷ་ཡ། བིདྱུ་དྦྷ་ཡ། སུ་པརྞ་བྷ་ཡ། ཡཀྵ་གྲ་ཧ། རཀྵ་ས་གྲ་ཧ། བྲེ་ཏ་གྲ་ཧ། པི་ཤཱ་ཙ་གྲ་ཧ། གྷུ་ཏ་གྲ་ཧ། ཀུམྦྷ་ཎྜ་གྲ་ཧ། པཱུ་ཏ་ན་གྲ་ཧ། ཀ་ཊ་པཱུ་ཏ་ན་གྲ་ཧ། སྐནྡྷ་གྲ་ཧ། ཨ་པསྲ་ར་གར་ཧ། ཨུནྨ་ད་གྲ་ཧ། ཙྪ་ཡ་གྲ་ཧ། རེ་ཝ་ཏི་གྲ་ཧ། ཤ་ཏ་ཧ། རི་ཎྱ། གརྦྷ་ཧ་རི་ཎྱ། རུ་དྷི་ར་ཧ་རི་ཎྱ། མ་ས་ཧ་རི་ཎྱ། མེ་ད་ཧ་རི་ཎྱ། མ་ཛྫ་ཧ་རི་ཎྱ། ཛ་ཏ་ཧ་རི་ཎྱ། ཇི་བི་ཏ་ཧ་རི་ཎྱ།
516b
བི་ཏ་ཧ་རི་ཎྱ། ཝཱནྟ་ཧ་རི་ཎྱ། ཨ་ཤུ་ཙྱ་ཧ་རི་ཎྱ། ཥེ་ཊ་ཧ་རི་ཎྱ། ཏེ་ཥཱཾ་སརྦེ་ཥཱུཾ་སརྦ་གྲ་ཧཱ་ཎཱཾ། བི་དྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། པ་རི་པྲ་ཛ་ཀ་ཀྲྀ་ཏཾ་བི་དྷྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཌཱཾ་ཀི་ནི་ཀྲྀ་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། མཧཱ་པ་ཤུ་པ་ཏི་ཡ་རུ་དྲ་ཀྲི་ཏཾ་བིདྷྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ནཱ་ར་ཡ་ཎ་ཀྲི་ཏཾ་བིདྷྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཏ་ཏྭ་ག་རུ་ཊ་སི་ཀྲྀ་ཏཾ་བིདྱཾ། །ཙྪེ་ད་ཡཱ་མི་ཀི་ལ་ཡཱ་མི། མཧཱ་ཀཱ་ལ་མ་ཏྲི་ག་ཎ་ཀྲྀ་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཀ་པཱ་ལི་ཀ་ཀྲི་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཛ་ཡ་ཀ་ར་མ་དྷུ་ཀ་ར་སརྦ་ཨརྠ་ས་དྷ་ན་ཀྲྀ་ཏཾ་བིདྷྱ། ཙྪོ་ད་ཡཱ་མེ་ཀཱི་ལ་ཡཱ་མི། ཙ་ཏུརྦྷ་གི་ནཱི་ཀྲྀ་ཏཾ་བི་བྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། བྷྲྀ་གི་རི་ཊི་ནནད་ཀེ་ཤཝར་ག་ཎ་པ་ཏི་ས་ཧི་ཡ་ཀྲྀ་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ནག་ཤྲ་མ་ཎ་ཀྲྀ་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཨརྟནྟ་ཀྲྀ་ཏཾ་བི་བྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། ཙྪེ་བི་ཏ་རཱ་ག་ཀྲི་ཏཾ་བིདྱ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། བཛྲ་པཱ་ཎི་གུཧྱ་གུཧྱ་ཀཱ་དྷི་བ་ཏི་ཀྲྀ་ཏཾ་བིདྱཾ། ཙྪེ་ད་ཡཱ་མི་ཀཱི་ལ་ཡཱ་མི། རཀྵཾ་བྷ་ག་ཝ་ན། ཨི་ཏྭམྣ་མ་སྱ། བྷ་ག་ཝ་ན། སི་ཏཱ་ཏ་པ་ཏྲེ་ན་མོ་སྟུ་ཏེ། ཨ་སཱིཏཱ་ན་ལཱ་རྐ་\?\་སྤུ་ཊ་བི་ཀ་སི་ཏཱ་ཏ་བ་ཏྲེ། ཛྭ་ལ་ཛྭ་ལ།་ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡྷ་ཙིདྷཾ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཕཊ་ཕཊ་སཝཱཧཱ། ཧེ་ཧེ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཕཊ། \?\་ཕཊ། ཨ་སུ་ར་བི་དྲ་བ་ཀཱ་རཱ་ཡ་
517a
༄#། །ཕཊ།་སརྦ་དེ་ཝ་བྷྱཿ ་ཕཊ། སརྦ་ནཱ་གེ་བྷྱཿ ་ཕཊ། སརྦ་ཡཀྵེ་བྷྱཿ ་ཕཊ། སརྦ་གནྡྷ་རྦེ་བྷྱཿ ་ཕཊ། སརྦ་པཱུ་ཏ་ནེ་བྷྱཿ ་ཕཊ། ཀ་ཊ་པཱུ་ཏ་ནེ་བྷྱཿ ་ཕཊ། སརྦ་དུ་རླཾ་གྷི་ཏེ་བྷྱཿ ་ཕཊ། སརྦ་དུཥྤྲེ་ཀཱེ་བྷྱཿ ་ཕཊ། སརྦ་ཛྭ་རེ་བྷྱཿ ་ཕཊ། སརྦ་ཨ་པསྨ་རེ་བྷྱཿ ་ཕཊ། སརྦ་ཤྲ་ཝ་ཎ་བྷྱེཿ ་ཕཊ། སརྦ་ཏིའིརྠི་ཀེ་བྷྱཿ ་ཕཊ། སརྦ་ཏ་མ་ད་ཀེ་བྷྱཿ ་ཕཊ། སརྦ་བིདྷྱ་རཱ་ཛ་ཛྭ་རེ་བྷྱཿ ་ཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར་སརྦ་ཨརྟ་སདྷ་ཀེ་བྷྱཿ ་ཕཊ། བིདྱ་ཙ་རེ་བྷྱཿ ་ཕཊ། ཙ་ཏུརྦྷ་གི་ནཱི་བྷྱཿ ་ཕཊ། བཛྲ་ཀཽ་མ་རི་བིདྱ་རཱ་ཇེ་བྷྱཿ ་ཕཊ། མཧཱ་པྲ་ཏྱཾ་ཐ་གི་རེ་བྷྱཿ ་ཕཊ། བཛྲ་ཤྲཾ་ཁ་ལ་ཕྲ་ཏྱཾ་གི་རི་རཱ་ཛ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཧཱ་མ་ཏྲི་ག་ཎ་ན་མསྐྲྀ་ཏཱ་ཡ་ཕཊ། བིཥྞུ་བི་ཡེ་ཕཊ། པྲཧྨ་ཎི་ཡེ་ཕཊ། ཨགྣི་ཡེ་ཕཊ། མཧཱ་ཀཱ་ལི་ཡེ་ཕཊ། ཀཱ་ལ་དཎྚི་ཡེ་ཕཊ། མ་ཏྲྀ་ཡེ་ཕཊ། རཽ་དྲི་ཡེ་ཕཊ། ཙ་མུཎྚི་ཡེ་ཕཊ། ཀཱ་ལ་ར་ཏྲྀ་ཡེ་ཕཊ། ཀ་པཱ་ལི་ཡེ་ཕཊ། ཨ་དྷི་མུཀྟི་ཀ་ཤྨ་ཤ་ན་ཝཱ་སི་ནི་ཡེ་ཕཊ། ཡེ་ཀེ་ཙིཚ་ཏྭ་སྱ་མ་མ་ཨིཏྭནྨ་མསྱ།་དུཥྚ་ཙིཏྟ་ཨ་མི་ཏྲ་ཙིཏྟ། ཨོཾ་ཛེ་ཧེ་ར། གརྦྷ་ཧ་ར། རུ་དྷཾ་ར་ཧ་ར། ཝཱ་ས་ཧ་ར། མཾ་ས་ཧ་ར། ཛ་ཏ་ཧ་ར། ཛི་བི་ཏ་ཧ་ར། བལྱ་ཧ་ར། གནྡྷ་ཧ་ར། པུཥྤེ་ཧ་ར། ཕ་ལ་ཧ་ར། ཨཱ་སྱེ་ཧ་ར། པཱ་པ་ཙིཏྟ། དུཥྚ་ཙིཏྟ། རུ་དྲ་ཙིཏྟ། ཡཀྵ་ག་ཧ། རཀྵ་ས་གྲ་ཧ། པྲེ་ཏ་གྲ་ཧ། པི་ཤཱ་ཙ་གྲ་ཧ། བྷཱུ་ཏ་གྲ་ཧ། ཀུམྦྷ་ཎྚི་གྲ་ཧ། སྐནྡྷ་གྲ་ཧ། ཨུནྨ་ད་གྲ་
517b
ཧ།་ཙྪ་ཡ་གྲ་ཧ། ཨ་པསྨ་ར་གྲ་ཧ། ཌཱ་ཀ་ཌཱ་ཀི་ནཱི་གྲ་ཧ། རེ་ཝ་ཏི་གྲ་ཧ། ཛ་མི་ཀ་གྲ་ཧ། ཤ་ཀུ་ནི་གྲ་ཧ། མ་ཏྲི་ནནྡི་ཀ་གྲ་ཧ། ཨ་ལམྦ་གྲ་ཧ། གཎྛ་མི་ནི་གྲ་ཧ། ཛྭ་རཤྩ། ཨེ་ཀ་ཧི་ཀ་དྭཱི་ཏི་ཡི་ཀ་ཏྲི་ཏཱི་ཡི་ཀ་ཙ་ཏུ་རྠི་ཀ་ནི་ཏྱ་ཛྭ་ར། བི་ཥ་མ་ཛྭ་ར། བཏྟི་ཀ་བེཏྟི་ཀ་ཤླེཥྨི་ཀསནྣི་པཏྟི་ཀ་སརྦ་ཛྲ་ར་ཤྩ་རཀྵྱནྟི། མརྡྷ་བཱ་ཏེ་ལུ་ཙི་ཀཾ་ཨཀྵི་རོ་གཾ་མུ་ཁ་རོ་གཾ་གཎྛ་རོ་གཾ་གྲ་ཧ་གྲ་རཾ ། ཀརྞ་ཤུ་ལཾ། དནྟ་ཤུ་ལཾ། གྲྀ་ཝ་ཤུ་ལཾ། མརྨ་ཤུ་ལཾ། པརྴྭ་ཤུ་ལཾ། ཨུ་ད་ར་ཤུ་ལཾ། ཀ་ཊི་ཤུ་ལཾ། བཱསྠི་ཤུ་ལཾ། ཨཱུ་རུ་ཤུ་ལཾ། ཛཾ་གྷ་ཤུ་ལཾ། ཧ་སྟ་ཤུ་ལཾ། པཱ་ད་ཤུ་ལཾ།་སཝ་ཨངྒ་པྲཏྱཾ་ག་ཤུ་ལཾ། བྷུ་ཏ། བེ་ཏ་ཊ། ཌཱ་ཀི་ནཱི། ཛྭ་ར། དཱ་ཏྲུ། ཀཎྚུ། ཀི་ཊ་བྷ། ལུ་ཏ། བེ་སརྦ། ལོ་ཧ་ལིངྐ། ཤོ་ཥ། ཏྲཱ་ས་ན། ག་ར། བི་ཥཿ ་ཡོ་ག་ཨགྣི། ཨུ་ད་ཀ་མ་ར། བྷི་ར་གནད་ར།་ཨ་ཀ་ལ་མྲྀཏྱུ། ཏྲཻ་མྦུ་ཀ་ཏྲཻ་ལ་ཊ། བྲྀ་ཤྩི་ཀ་སརྦ། ནཱ་ཀཱུ་ལཾ། སཾ་ཧ། བྱ་གྷྲ། རཀྵི། ཏ་རཀྵ། མྲྀ་ཤྲི་བྷྱཿ ་ཏེ་ཥཱི་སརྦེ་ཥཱཾ་སི་ཏཱ་ཏ་པ་ཏྲེ། མཧཱ་བཛྲ་ཨུཥྞི་ཥཾ། མཧཱ་བྲ་ཏྱཾ་གི་རཾ། ཡ་བདྡྭ་ད་ཤ་ཡོ་ཛ་ན་ཨཱབྷྱནྟ་རེ་ཎ། བི་བྱ་བིནྡྷཾ་ཀ་རོ་མི། ཏེ་ཛོ་བ་ནྡྷེཾ་ཀ་རོ་མི། པ་རི་བིད་བནྡྷཾ་ཀ་རོ་མི། ཏ་དྱ་ཐཱ། ཨོཾ་ཨ་ན་ལེ། བི་ཥ་ཏེ། བཱི་རི། བཛྲ་དྷ་རེ། བྷནྡྷ་བནྡྷ་ནི། བཛྲ་པཱ་ནི་ཕཊ། ཧཱུཾ་ཏྲཱུཾ་ཕཊ་སཝཱཧཱ། ཀུན་དགའ་བོ། དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་འདི་གསང་བ་ཟབ་མོའི་ཚིགས་སུ་བཅད་པ་ངོ་མཚར་རྨད་དུ་བྱུང་བའི་དོན་ལས་ཕྱོགས་བཅུའི་དེ་བཞི་
518a
༄#། །གཤེགས་པ་ཐམས་ཅད་བྱུང ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་བཟུང་བས་བདུད་ཐམས་ཅད་བཅོམ་ཞིང་མུ་སྟེགས་པ་རྣམས་བཏུལ་ལོ། །ཕྱོགས་བཅུའི་ད་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་ལ་བརྟེན་ནས་རིན་པོ་ཆེའི་པདྨ་ལ་བཞུགས་བཞིན་དུ་རྡུལ་སྙེད་ཀྱི་ཞིང་ཁམས་ཐམས་ཅད་དུ་དོན་མཛད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་བཟུང་བས་རྡུལ་སྙེད་ཀྱི་ཞིང་ཁམས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་བཅངས་པས་ཕྱོགས་བཅུའི་སེམས་ཅན་གྱི་སྤྱི་བོར་ཕྱག་བཞག་ནས་ལུང་སྟོན་པར་མཛད་དོ། །སེམས་ཅན་དེ་དག་རང་ཉིད་གོ་འཕང་མ་ཐོབ་བྱང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལས་ལུང་བསྟན་ཐོབ་བོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་ལ་བརྟེན་ནས་ས་ཕྱོགས་བཅུའི་སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་ཞིང་སྐྱོང་བར་མཛད་དེ། འདི་ལྟར་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོ་དང ། ཞར་པ་དང ། འོན་པ་དང ། གླེན་ཞིང་ལྐུགས་པ་དང ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་དང ། སྡུག་པ་དང །
518b
འབྲལ་བའི་སྡུག་བསྔལ་དང ། འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་དང ། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྡུག་བསྔལ་ལ་སོགས་ཆགས་ཆེ་བ་དང་ཉམ་ང་བ་ཐམས་ཅད་ལས་དུས་གཅིག་ཏུ་འགྲོལ་བ་དང ། ཆོམ་རྐུན་གྱི་འཇིགས་པ་དང ། དགྲའི་འཇིགས་པ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་དང ། བཙོན་གྱི་འཇིགས་པ་དང ། རླུང་དང་མེ་དང་ཆུའི་འཇིགས་པ་དང ། བཀྲེས་སྐོམ་དང་དབུལ་འཕོངས་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བསམ་པ་ཙམ་གྱིས་ཞི་བར་འགྱུར་རོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདིའི་རྗེས་སུ་འབྲངས་པས་ཕྱོགས་བཅུའི་དགེ་བའི་བཤེས་གཉེན་བསྟེན་ནས་སྤྱོད་ལམ་རྣམ་པ་བཞིས་བྙེན་བཀུར་ཡིད་བཞིན་དུ་སྒྲུབ་ནུས་ཤིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཚོགས་སུ་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་ཞེས་བསྔགས་པར་མཛད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་སྤྱད་པས་འབྲེལ་པ་ཅན་ལ་བྱིན་གྱིས་བརླབས་པ་དང་ཐེག་པ་དམན་པའི་སྐྱེ་བོ་དག་གསང་བ་ཟབ་མོའི་མཛོད་ཐོས་པས་འཇིགས་པ་དང་བྲལ་བར་ནུས་སོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་བཟླས་པས་བླ་ན་མེད་པའི་བྱང་ཆུབ་གྲུབ་པ་དང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་དང་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ནུས་སོ། །ཕྱོགས་བཅུའི་དེ་
519a
༄#། །བཞིན་གཤེགས་པ་རྣམས་སྙིང་པོའི་སྔགས་འདི་སྤེལ་བས་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང ། འདུལ་ཁྲིམས་དམ་ཞིང་རྣམ་པར་དག་པ་སྲུང་བར་འགྱུར་རོ། །གལ་ཏེ་ངེས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གྱི་སྔགས་འདིའི་ཕན་ཡོན་རྟག་ཏུ་ཉིན་ཐོག་ཐག་སྐད་རྒྱུན་མི་འཆད་པར་ཚིགས་མ་ཟློས་པར་ཚུལ་འདི་ཉིད་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་བརྗོད་ཀྱང་ཟད་པར་མི་ནུས་སོ། །འདིའི་མིང་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ཞེས་ཀྱང་བྱ། ཁྱེད་ཅག་སློབ་པ་རྣམས་འཁོར་བ་ལས་མ་གྲོལ་བས་སེམས་བསྐྱེད་དེ་ཞེ་ཐག་པ་ནས་དགྲ་བཅོམ་པར་འགྱུར་བར་བྱ་སྙམ་ན་སྤགས་འདི་མ་བཟླས་པར་ཆོག་བྱས་ནས་ལུས་དང་སེམས་ཀྱི་བདུད་ཀྱི་ལས་ཐམས་ཅད་ལས་རྒྱང་བསྲིང་བར་འདོད་པ་ནི། གནས་མེད་དོ། །ཀུན་དགའ་བོ། འཇིག་རྟེན་གྱི་ཁམས་ཀྱི་ཡུལ་སོ་སོའི་སེམས་ཅན་ཐམས་ཅད་རང་གི་ཡུལ་དུ་སྐྱེས་པའི་གྲོ་གའམ། ཤིང་ཤུན་ནམ། ཏ་ལའི་ལོ་མའམ། ཤོ་གུའམ། རས་དཀར་པོ་ལ་སྔགས་འདི་བྲིས་ཏེ་བཟང་པོའི་སྣོད་དུ་བཅུག་ལ་མི་དེ་སེམས་རྨོངས་ཤིང་ཀློག་པ་དང་འཛིན་པར་མ་ནུས་ན་ལུས་ལ་འཆང་ངམ་ཁྱིམ་གྱི་ནང་དུ་བྲིས་ན། མི་དེ་ཇི་སྲིད་འཚོའི་བར་དུ་
519b
དུག་ཐམས་ཅད་ཀྱིས་མི་ཚུགས་པར་ཤེས་པར་བྱའོ། །ཀུན་དགའ་བོ། ངས་ད་ལྟ་ཁྱོད་ལ་སླར་ཡང་བཤད་པར་བྱའོ། །སྔགས་འདིས་འཇིག་རྟེན་བསྲུངས་ཤིང་བསྐྱབས་ནས་འཇིགས་པ་ཐམས་ཅད་ལས་གྲོལ་བར་ནུས་ཤིང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྐྱེད་ནུས་སོ། །གལ་ཏེ་ང་མྱ་ངན་ལས་འདས་པའི་རྗེས་སུ་སྙིགས་མའི་དུས་ཀྱི་སེམས་ཅན་ཐམས་ཅད་རང་ཉིད་ཀྱིས་ཀློག་པ་དང་གཞན་ལ་ཀློག་ཏུ་བཅུག་ན་འདི་ལྟར་ཀློག་པ་དང་འཛིན་པའི་སྐྱེ་བོ་དེ་དག་མེས་བསྲེག་པར་མི་འགྱུར། ཆུས་བྱིད་བར་མི་འགྱུར། དུག་ཆེན་པོ་དང་ཆུང་དུས་གནོད་པར་མི་འགྱུར། དེ་བཞིན་དུ་ལྷ་དང ། ཀླུ་དང ། འབྱུང་པོ་དང ། ལྷ་མ་ཡིན་དང ། བདུད་དང ། གདོན་དང ། གནོད་སྦྱིན་དང།་འདྲེ་དག་གི་རིག་སྔགས་ཀྱིས་ཚུགས་པར་མི་འགྱུར། སེམས་མཉམ་པར་བཞག་པ་ཐོབ་པས་ངན་སྔགས་དང ། བྱད་དང ། རོ་ལངས་དང ། དུག་དང ། དུག་སྦྱར་མ་དང ། གསེར་དུག་དང ། དངུལ་དུག་དང ། རྩཝ་དང ། ཤིང་དང ། སྲིན་བུ་དང ། སྦྲུལ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་དུག་གི་རླངས་པ་སྐྱེ་བོ་དེའི་ཁར་སོང་ན་བདུད་རྩིར་འགྱུར། གཟའ་དང་རྒྱུ་སྐར་དྲག་པོ་རྣམས་དང་བཅས་པ་ལྷ་འདྲེས་ཐམས་ཅད་ཀྱིས་གནོད་པར་བརྩམས་ཀྱང་སྐྱེ་བོ་དེ་ལ་ཚུགས་པར་མི་འགྱུར། ལོག་འདྲེན་ལ་
520a
༄#། །སོགས་པ་དང་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དེའི་བཀའ་དྲིན་མནོས་ཏེ་རྟག་ཏུ་སྲུང་ཞིང་སྐྱོབ་པར་འགྱུར། ཀུན་དགའ་བོ། ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། རིག་སྔག་འདི་རྡོ་རྗེའི་རིགས་གངྒཱའི་ཀླུང་གི་བྱེམ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་རང་གི་འཁོར་དང་བཅས་པ་ཉིན་མཚན་རྒྱུན་མི་འཆད་པར་གཟུངས་ཀྱི་རྗེས་སུ་འབྲངས་ནས་སྲུང་བར་བྱེད་དོ། །གལ་ཏེ་སེམས་ཅན་སེམས་གཡེངས་ཤིང་འཁྲུགས་ནས་སེམས་ཏིང་ངེ་འཛིན་ལ་མི་གནས་ཀྱང་སེམས་ཀྱིས་དྲན་པ་དང་ངག་གིས་བཟླས་ན་རྡོ་རྗེའི་རིགས་དེ་དག་རྒྱུན་དུ་དེའི་རྗེས་སུ་འབྲངས་ནས་སྲུང་ཞིང་སྐྱོབ་པར་བྱེད་ན། དེ་ལྟ་བུའི་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བརྟན་པོར་གྱུར་པ་དག་སྨོས་ཅི་དགོས། རྡོ་རྗེའི་རིགས་ཀྱི་སྙིང་པོའི་རྒྱལ་པོ་འདི་དག་སེམས་ཀྱི་རྒྱུད་བྱིན་གྱིས་བརླབས་ཏེ་མྱུར་དུ་བློ་གྲོས་འཕེལ་བར་བྱེད་དོ། །སྐྱེ་བོ་དེ་དུས་དེ་ཉིད་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྒྱད་ཁྲི་བཞི་སྟོང་གི་ལས་དྲེན་ཏེ་ཐམས་ཅད་གསལ་བར་ནུས་ཤིང་ཐེ་ཚོམ་མེད་པར་འགྱུར་རོ། །ཐོག་མའི་བསྐལ་པ་ནས་ཕྱི་མའི་མཐའི་བར་དུ་སྐྱེ་བ་ཐམས་ཅད་དུ་ནམ་དུ་ཡང་གནོད་སྦྱིན་དང ། སྲིན་པོ་དང ། སྤྲུལ་པོ་དང ། ལུས་སྲུལ་པོ་དང ། གྲུལ་བུམ་དང ། ཤ་ཟ་དང ། ཡི་དྭགས་ལ་སོགས་པའི་
520b
གཟུགས་དང ། གཟུགས་མེད་དང ། འདུ་ཤེས་ཅན་དང ། འདུ་ཤེས་མེད་པའི་གནས་ངན་པར་སྐྱེ་བར་མི་འགྱུར། རིགས་ཀྱི་བུ་གང་དག་འདོན་པ་དང ། བཟླ་བ་དང ། འབྲི་བ་དང ། འབྲིར་འཇུག་པ་དང ། ཡང་ན་འཆང་བ་དང ། སྤེད་པ་དང ། སྣ་ཚོགས་པས་བཀུར་ཞིང་མཆོད་ན། བསྐལ་པ་ཐམས་ཅད་དུ་དབུལ་པོ་དང ། དམན་པ་དང ། བདེ་བས་ཕོངས་པའི་ཡུལ་དུ་སྐྱེ་བར་མི་འགྱུར། སྐྱེ་བོ་འདི་དག་རང་ཉིད་ཀྱིས་དགེ་བའི་བསམ་བྱས་པར་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་པའི་དཔལ་ཇི་སྙེད་པ་སྐྱེ་བོ་དེ་ལ་སྩལ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་རྣམས་སུ་རྟག་པར་སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་སྐྱེ་ཞིང་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། ། ཀྲ་ཀུའི་ཁྱིམ་ལྟར་ལྷན་ཅིག་ཏུ་འབྲེལ་ནས་ནམ་ཡང་འབྲལ་བར་མི་འགྱུར་རོ། །དེའི་ཕྱིར་སྡོམ་པ་ཉམས་པ་ཡང་སྡོམ་པ་རྣམས་པར་དག་པར་འགྱུར། །སྡོམ་པ་མ་ཐོབ་པ་ཡང་སྡོམ་པ་ཐོབ་པར་འགྱུར། བརྩོན་པ་དང་མི་ལྡན་པ་ཡང་བརྩོན་པ་དང་ལྡན་པར་འགྱུར། ཤེས་རབ་དང་མི་ལྡན་པ་ཡང་ཤེས་རབ་དང་ལྡན་པར་འགྱུར། མི་གཙང་བ་ཡང་མྱུར་དུ་གཙང་བར་འགྱུར། ཤེས་རབ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་རོ། །ཀུན་དགའ་བོ། རིགས་ཀྱི་བུ་དེ་དག་སྔགས་འདི་བཟླས་ཤིང་འཛིན་པ་ན་གལ་ཏེ་མ་བཟུང་བའི་སྐབས་སུ་སྡོམ་པ་ཉམས་ན་སྔགས་
521a
༄#། །བཟུང་ཕྱིན་ཆད་ནས་སྡོམ་པ་ཉམས་པའི་སྡིག་པ་ལྕི་ཡང་ཐམས་ཅད་གཅིག་ཅར་དུ་མེད་པར་ཐམས་ཅད་བྱང་བར་འགྱུར། ཆང་འཐུང་བ་དང་སྒོག་ཙོང་སོགས་རོ་ཚ་བའི་ཚོད་མ་ལྔ་ཟོས་པ་དང་མི་གཙང་བའི་ཟས་སྣ་ཚོགས་པ་ཟོས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། རྡོ་རྗེ་ཕོ་ཉ་དང ། ལྷ་དྲང་སྲོང་དང ། ལྷ་དང ། འབྱུང་པོ་དག་གིས་དེ་དག་ལ་སྐྱོན་དུ་མི་བལྟའོ། །གལ་ཏེ་མི་གཙང་བའི་གོས་ཧྲུལ་པོ་གྱོན་ནས་ཞག་གཅིག་གནས་པ་དང་དུས་གཅིག་འགྲོ་བ་ཐམས་ཅད་ལ་རྣམ་པར་དག་པ་དང་འདྲ་བར་འགྱུར། དཀྱིལ་འཁོར་མི་སྒྲུབ་ཆོ་ག་མི་བྱེད་ལམ་ལ་དི་སྤྱོད་ན་ཡང་སྔགས་འདི་འཛིན་ཞིང་བཟླས་ན་དཀྱིལ་འཁོར་དུ་ཞུགས་པ་དང་ལམ་ལ་སྤྱོད་པ་དང་ཐ་མི་དད་པར་ཕན་ཡོན་འཐོབ་བོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་པ་དང ། ཡང་དགེ་སློང་དང ། དགེ་སློང་མ་རྣམས་ཀྱི་སྤང་བར་བྱ་བ་རྣམ་པ་བཞི་དང ། རྣམ་པ་བརྒྱད་སྤྱད་ན་ཡང་སྔགས་འདི་བཟླས་པས་དེ་ལྟ་བུའི་སྡིག་པ་ཤིན་ཏུ་ལྕི་བ་ཐམས་ཅད་རླུང་དྲག་པོས་བྱེ་མའི་ཕུང་པོ་ཁྱེར་བ་བཞིན་དུ་ཐམས་ཅད་ཟད་བར་བྱས་ནས་སྤུའི་ཉག་མ་ཙམ་ཡང་ལུས་པ་མེད་པར་འགྱུར་རོ། །ཀུན་དགའ་བོ། སེམས་ཅན་གང་དག་བསྐལ་པ་དཔག་མེད་གྲངས་མེད་པ་ནས་བྱས་པའི་སྡིག་
521b
སྒྲིབ་ལྕི་ཡང་ཐམས་ཅད་ཚེ་སྔ་མར་བཤགས་པ་མ་བྱས་ཀྱང་སྔགས་འདི་འདོན་པ་དང ། བཟླ་བ་དང ། འདྲི་བ་དང ། འདྲིར་འཇུག་པ་དང ། ལུས་ལ་འཆང་ཞིང་འཛིན་པ་དང ། གང་དུ་གནས་པའི་ཁང་ཁྱིམ་དང ། ར་བ་དང ། ཉེ་འཁོར་ལ་སོགས་པ་དག་ཏུ་བཞུགས་སུ་གསོལ་ན། དེ་ལྟ་བུའི་སྡིག་པ་བསྔགས་པ་ཐམས་ཅད་ཆུ་ཚན་གྱིས་ཁ་བ་བཞུ་བ་ལྟར་དག་པར་བྱས་ནས་རིང་པོར་མི་ཐོགས་པར་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཡང་ཀུན་དགའ་བོ། བུད་མེད་གང་བུ་དང་བུ་མོ་མ་སྐྱེས་པ་བུ་འདོད་པ་དག་དད་པས་སྔགས་འདི་དྲན་ཞིང་བཟླས་པ་དང ། ཡང་ན་ལུས་ལ་གདུགས་དཀར་པོ་ཅན་གྱི་སྔགས་འདི་འཆང་བ་དང ། བཟླས་ན་ཁྱེའུ་དང་བུ་མོ་ཚེ་དང་བསོད་ནམས་དང་བློ་དང་ལྡན་པ་རྙེད་པར་འགྱུར་རོ། །དགེ་བའི་འབྲས་བུ་སྨིན་པར་འདོད་ན་མྱུར་དུ་སྨིན་ཏེ་ལུས་དང་སྲོག་དང་མཐའ་ཐང་ཡང་དེ་བཞིན་དུ་འགྱུར་རོ། །ཤི་འཕོས་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་དུ་སྨོན་པ་དེར་སྐྱེ་བར་འགྱུར་རོ། །མཐའ་འཁོབ་ཀྱི་མིར་ཡང་སྐྱེ་བར་མི་འགྱུར་ན། ཤིན་ཏུ་དམན་པའི་སྐྱེ་གནས་སྣ་ཚོགས་སུ་མི་སྐྱེ་བ་སྨོས་ཅི་དགོས། །ཀུན་དགའ་བོ། ཡུལ་ཁམས་དང ། གྲོང་ཁྱེར་དང ། གྲོང་དང ། གྲོང་རྡལ་རྣམས་སུ་མུ་གེ་དང ། ཡམས་ཀྱི་ནད་དང ། ཡང་ན་ཕ་རོལ་གྱི་དམག་ཚོགས་
522a
༄#། །དང ། ཆོམ་ཀུན་དང ། འཐབ་རྩོད་ལ་སོགས་པ་གང་དག་འཇིགས་པ་དང ། འཚེ་བ་བྱུང་བའི་གནས་རྣམས་སུ་རིག་སྔགས་འདི་བྲིས་ནས་གྲོང་ཁྱེར་གྱི་ཕྱོགས་བཞིའི་སྒོ་དང ། མཆོད་རྟེན་དང ། གཙུག་ལག་ཁང་དང་ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་ཡུལ་ཁམས་དེར་གནས་པའི་སྐྱེ་བོ་དག་མངོན་དུ་ཕྱོགས་ཏེ་དད་ཅིང་གུས་པས་ཕྱག་འཚལ་ཞིང་སེམས་རྩེ་གཅིག་པས་མཆོད་ཅིང་བསྙེན་བཀུར་བ་དང ། སྐྱེ་བོ་དེ་དག་རང་རང་གི་ལུས་ལ་འཆང་བ་དང ། ཡང་ན་རང་རང་གི་ཁྱིམ་དུ་བཞུགས་སུ་གསོལ་ན། མྱ་ངན་དང་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ། །ཀུན་དགའ་བོ། གནས་གང་དང་གང་དུ་སྔགས་འདི་བཞུགས་པ་དེར་སེམས་ཅན་དེ་དག་ལ་ལྷ་དང་ཀླུ་རབ་ཏུ་དགའ་ནས་རླུང་དང་ཆར་དུས་དང་མཐུན་པར་འབྱུང་ཞིང་འབྲུ་སྣ་ལྔ་འཕེལ་ནས་སྐྱེ་བོ་མང་པོ་དག་བདེ་ཞིང་སྐྱིད་པར་འགྱུར་རོ། །ཡང་སྐར་མ་དྲག་པོ་ལས་ལྟས་ངན་པ་ཕྱོགས་ཕྱོགས་སུ་བསྟན་པ་རྣམས་ཞི་བར་བྱས་ནས་གདོན་དང་སྡུག་བསྔལ་མི་འབྱུང་ཞིང་སེམས་ཅན་རྣམས་ལ་དུས་མ་ཡིན་པའི་འཆི་བ་མེད་པ་དང ། ལྕགས་སྒྲོག་དང ། གདོས་དང ། ལྕགས་ཐག་རྣམས་དེའི་ལུས་ལ་ཕོག་པར་མི་འགྱུར་ཞིང་ཉིན་མཚན་དུ་བདེ་བར་གཉིད་ལོག་སྟེ་རྨི་ལམ་ངན་པ་མེད་པར་འགྱུར་རོ། །ཀུན་
522b
དགའ་བོ།་མི་མཇེད་ཀྱི་འཇིག་རྟེན་དུ་ལྟས་ངན་པ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་སྐར་མ་ངན་པ་ཡོད་དེ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། དེ་དག་གི་གཙོ་བོར་གྱུར་ཅིང་གཟའ་ཆེན་པོ་དྲག་པོ་བརྒྱད་རྒྱུ་སྐར་དེ་དག་གི་བདག་པོར་གྱུར་ཏེ་གཟུགས་སྣ་ཚོགས་སུ་སྤྲུལ་པ་འཇིག་རྟེན་དུ་མཐོང་ནས་སེམས་ཅན་ལ་གདོན་དང་ལྟས་ངན་པ་སྣ་ཚོགས་གཏོར་བར་བྱེད་དོ། །སྔགས་འདི་ཡོད་པའི་གནས་སུ་དེ་དག་ཐམས་ཅད་ཞི་ཞིང་དག་ནས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཚད་དུ་ལྟས་ངན་པ་ཐམས་ཅད་ནམ་ཡང་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པས་སྔགས་འདི་དངོས་སུ་བསྟན་པ་ནི། ཆེད་དུ་མ་འོངས་པའི་སྐྱེ་བོ་ལས་དང་པོ་པ་ནན་ཏན་གྱིས་སློབ་པ་རྣམས་བསྲུངས་ཤིང་བསྐྱབས་ནས་ཏིང་ངེ་འཛིན་ལ་ཞུགས་ཤིང་ལུས་སེམས་མཆོག་ཏུ་བདེ་ཞིང་བརྟན་པར་འགྱུར་བས་བདུད་དང་ལྷ་འདྲེ་ཡི་དྭགས་ལྷ་མ་ཡིན་ལ་སོགས་པའི་བར་ཆད་མི་འབྱུང་ངོ ། །ཡང་ཐོག་མ་མེད་པ་ནས་ལས་ཀྱི་ཤ་འཁོན་དང ། སྒྲིབ་པ་དང ། སྐྱེ་བ་སྔ་མའི་ལན་ཆགས་ཡོད་པ་རྣམས་གནོད་པ་བྱེད་དུ་འོང་བར་མི་འགྱུར། ཁྱོད་ལ་སོགས་པ་འཁོར་འདུས་པ་འདིའི་སློབ་པའི་སྐྱེ་བོ་ནས་མ་འོངས་པའི་འཇིག་རྟེན་གྱི་སློབ་པའི་སྐྱེ་བོའི་བར་རྣམས་ཀྱིས་ངས་བཤད་པ་ལྟར་དཀྱིལ་འཁྲོ་ལ་བརྟེན་ནས་སྡོམ་པ་འཛིན་པ་དང ། སྡོམ་པ་ཡོངས་སུ་རྫོགས་པའི་དགེ་འདུན་རྣམ་པར་དག་པ་དང་འཕྲད་
523a
༄#། །པར་འགྱུར་རོ། །སྙིང་པོའི་སྔགས་འདི་ལ་ཐེ་ཚོམ་དང་ཡིད་གཉིས་མི་ཟ་ན། རིགས་ཀྱི་བུ་དེ་ཕ་མ་ལས་སྐྱེས་པའི་ལུས་དེ་ཉིད་ཀྱིས་བདེན་པ་མ་རྟོགས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྫུན་གསུངས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་འཁོར་འདུས་པའི་ནང་གི་རྡོ་རྗེའི་རིགས་བརྒྱ་སྟོང་གྲངས་མེད་པ་ཐམས་ཅད་དུས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་བདག་ཅག་སྙིང་ཐག་པ་ནས་འདི་ལྟར་བྱང་ཆུབ་ཀྱི་ལམ་སྒོམ་པ་པོ་རྣམས་སྐྱོང་ཞིང་བསྲུང་བར་བགྱིའོ། །ཞེས་སྨྲས་པའི་རྗེས་སུ་དེའི་ཚེ་ཚངས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། འདི་ལྟར་སྒོམ་ཞིང་སློབ་པའི་བསོད་ནམས་བྱེད་པ་དག་ཡོད་ན་བདག་ཅག་གིས་སྙིང་ཐག་པ་ནས་སྐྱོང་ཞིང་བསྲུངས་ནས་དེ་ལ་དུས་རྟག་ཏུ་གང་བྱས་པའི་ལས་རྣམས་བསམ་པ་བཞིན་བསྒྲུབ་པར་བགྱིའོ། །ཡང་གྲངས་མེད་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དང ། སྲིན་པོའི་རྒྱལ་པོ་དང ། གྲུལ་བུམ་གྱི་རྒྱལ་པོ་དང ། ཤ་ཟའི་རྒྱལ་པོ་དང ། བགེགས་ཀྱི་རྒྱལ་པོ་ལོག་
523b
འདྲེན་དང ། བགེགས་ཀྱི་གཙོ་བོ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་གསོལ་པ། བདག་ཅག་ཀྱང་དམ་བཅས་ཏེ་སྐྱེ་བོ་དེ་སྐྱོང་ཞིང་བསྲུང་བ་དང་བྱང་ཆུབ་ཀྱི་སེམས་མྱུར་དུ་རྫོགས་པར་བགྱིའོ། །ཞེས་སྨྲས་སོ། །ཡང་གྲངས་མེད་པའི་ལྷའི་བུ་ཟླ་བ་དང ། ཉི་མ་དང ། རླུང་ལྷ་དང ། ཆར་གྱི་བདག་པོ་དང ། སྤྲིན་གྱི་བདག་པོ་དང ། ལྕེ་འབབ་པའི་བདག་པོ་དང ། གློག་གི་བདག་པོ་ལ་སོགས་པ་ལོ་ལ་དབང་ཞིང་རྒྱུ་བ་དང་རྒྱུ་སྐར་ཐམས་ཅད་ཀྱི་འཁོར་དང་བཅས་པ་ཐམས་ཅད་སོ་སོ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ། བདག་ཅག་ཀྱང་སྒོམ་པ་པོ་དེ་སྐྱོང་ཞིང་སྲུང་སྟེ་ཆོ་ག་བྱ་བའི་གནས་དེར་འཇིགས་པ་མེད་པར་བགྱིའོ། །ཞེས་གསོལ་ཏོ། །ཡང་གྲངས་མེད་པའི་རིའི་ལྷ་དང ། རྒྱ་མཚོའི་ལྷ་དང ། སའི་ལྷ་དང ། ཆུ་དང་སྐམ་དང་མཁའ་ལ་རྒྱུ་བ་དང ། དངོས་པོ་ཐམས་ཅད་ལ་གནས་པའི་ལྷ་དང ། རླུང་ལྷའི་རྒྱལ་པོ་དང ། གཟུགས་མེད་ཁམས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔར་དུས་གཅིག་ཏུ་ཕྱག་འཚལ་ནས་གསོལ་པ། བདག་ཅག་རྣམས་ཀྱིས་སྒོམ་པ་པོ་དེ་སྐྱོང་ཞིང་སྲུང་བ་དང་བྱང་ཆུབ་སྒྲུབ་པའི་ཚེ་བདུད་ཀྱི་ལས་མི་འབྱུང་བར་བགྱིའོ། །ཞེས་གསོལ་ཏོ། །དེའི་ཚེ་བྱེ་བ་ཁྲག་ཁྲིག་བརྒྱད་ཁྲི་བཞི་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་རྒྱལ་པོ་རྣམས་
524a
༄#། །འཁོར་འདུས་པའི་ནང་དུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས། བདག་ཅག་ལ་སོགས་པས་ཚོགས་བསགས་ནས་རིང་མོ་ནས་བྱང་ཆུབ་གྲུབ་ཀྱང་མྱ་ངན་ལས་མི་འདའ་བར་རྟག་ཏུ་སྔགས་འདིའི་ཕྱི་བཞིན་འབྲང་ནས་སྙིགས་མའི་དུས་སུ་ཏིང་ངེ་འཛིན་ལ་སྤྱོང་ཞིང་སྒོམ་པ་ཕོ་དག་ལ་སྲུང་ཞིང་སྐྱོབ་པར་བགྱིའོ། །བཅོམ་ལྡན་འདས། འདི་ལྟར་སེམས་བསྡུས་ནས་ཏིང་ངེ་འཛིན་ལ་བརྩོན་པ་དག་ཆོག་ལ་གནས་པ་དང ། འགྲོ་བ་དང་འཆག་པ་ལ་སེམས་གཡེངས་ནས་ལྗོངས་རྣམས་སུ་སྐྱོ་བསངས་ལ་རྒྱུ་བའི་བར་བདག་ཅག་གི་སློབ་འཁོར་རྣམས་རྒྱུན་དུ་སྐྱེ་བོ་དེའི་རྗེས་སུ་འབྲང་ཞིང་སྐྱོང་བར་རིགས་སོ། །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་གླགས་ཚོལ་བ་ན་ནམ་དུ་ཡང་གླགས་རྙེད་པར་མི་འགྱུར་ལ་ལྷ་འདྲེ་ཕྲ་མོ་དག་སྐྱེ་བོ་བསོད་ནམས་ཅན་འདི་ལས་དཔག་ཚད་བཅུའི་ཕ་རོལ་ཏུ་འབྲོས་པར་འགྱུར་རོ། །སེམས་རྩེ་གཅིག་པས་ཏིང་ངེ་འཛིན་ལ་མོས་པ་དག་ནི། མ་གཏོགས་སོ། །བཅོམ་ལྡན་འདས། དེ་ལྟར་བདུད་སྡིག་ཅན་དང་བདུད་ཀྱི་འཁོར་རྣམས་ཀྱིས་སྐྱེ་བོ་བསོད་ནམས་ཅན་འདི་ལ་མཐོ་བརྩམས་པ་ན་བདག་གིས་རིན་པོ་ཆེ་རྡོ་རྗེས་དེའི་མགོ་ལ་བསྣུན་ཏེ་མགོ་བོ་རྡུལ་
524b
ཕྲན་བཞིན་དུ་རླག་པར་བྱེད་དོ། །ལྷག་པར་སྐྱེ་བོ་འདིའི་ལས་ཀྱི་མཐའ་རྣམས་ཡིད་བཞིན་དུ་འགྲུབ་པར་བགྱིའོ། །ཞེས་གསོལ་ཏོ། །དེ་ནས་ཀུན་དགའ་བོས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་གསོལ་པ། བདག་ཅག་བླུན་ཞིང་རྟུལ་བའི་ཕྱིར་མང་དུ་ཐོས་པ་ལ་གཞོལ་བས་སེམས་ཟག་པ་ཐམས་ཅད་དང་བྲལ་བ་དོན་དུ་མི་གཉེར་ལ། དེ་བཞིན་གཤེགས་པའི་བརྩེ་བས་གདམས་པའི་བཀའ་དྲིན་ལས་ཡང་དག་པའི་ལམ་ལ་བརྩོན་པ་ཐོབ་ནས་ལུས་སེམས་ལ་ཕན་པ་དང་བདེ་བས་ཚིམ་པར་གྱུར་ཏོ། །བཅོམ་ལྡན་འདས། འདི་ལྟ་བུའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་སྒོམ་ཞིང་ཐོབ་ནས་མྱ་ངན་ལས་འདས་པ་ལ་མ་སླེབ་ཀྱི་བར་དུ་ཇི་ལྟར་ན་ཤེས་རབ་རྐྱང་བའི་ས་དང ། སེམས་བཞི་བཅུ་རྩ་བཞི་ཞེས་བྱ་བ་ལགས། རིམ་པ་གང་དུ་སླེབ་པ་ན་སྒོམ་པའི་སྤྱན་ཐོབ་པ་ལགས། གནས་གང་དུ་སླེབ་པ་ནས་ལ་གནས་པ་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱུན་མཐའ་བ་ཞེས་བྱ་བར་གྱུར་པ་བསྟན་དུ་གསོལ་ཞེས་གསོལ་ནས་ཡན་ལག་ལྔས་ལ་གཏུགས་ཏེ་འཁོར་འདུས་པ་ཐམས་ཅད་སེམས་རྩེ་གཅིག་པས་བཅོམ་ལྡན་འདས་ལ་མིག་གིས་བལྟ་བཞིན་དུ་བརྩེ་བའི་བཀའ་ནོད་ཅིང་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ལེགས་སོ། །ཞེས་བཀའ་སྩལ་
525a
༄#། །ནས་ལེགས་སོ་ལེགས་སོ། །ཁྱེད་ཅག་འཁོར་འདུས་པའི་དགེ་འདུན་རྣམས་དང ། ཡང་སྙིགས་མའི་དུས་ཀྱི་སྐྱེ་བོ་དག་ཏིང་ངེ་འཛིན་ལ་སྦྱོང་བ་དང་ཐེག་པ་ཆེན་པོ་ཚོལ་བ་ལ་སོ་སོ་སྐྱེ་བོའི་ས་ནས་མྱ་ངན་ལས་འདས་པ་ཆེན་པོའི་བར་བླ་ན་མེད་པ་ཡང་དག་པར་སྒོམ་པའི་ལམ་རྒྱ་ཆེར་བསྟན་པའི་སླད་དུ་གསོལ་བར་སྤོབས་སོ། ། ཁྱེད་ཅག་ལེགས་པར་ཉོན་དང་ངས་བཤད་པར་བྱའོ། །ཞེས་བཀའ་སྩལ་པ་ལ། ཀུན་དགའ་བོ་ལ་སོགས་འཁོར་འདུས་པ་ཐམས་ཅད་ཐལ་མོ་སྦྱར་ཞིང་སེམས་དང་བས་ཅང་མི་སྨྲ་བར་རྗེས་སུ་བསྟན་པ་ནོད་ཅིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ། ཀུན་དགའ་བོ། ཁྱེད་ཅག་ཤེས་པར་གྱིས་ཤིག་།རྨད་དུ་བྱུང་བའི་གསལ་རིག་གི་རང་བཞིན་དེ་མིང་དང་རྣམ་པ་དང་བྲལ་ཞིང་གདོད་མ་ནས་འཇིག་རྟེན་དང་སེམས་ཅན་མེད་དོ། །རྫུན་པའི་རྐྱེན་གྱིས་སྐྱེ་བར་འགྱུར་ལ། སྐྱེ་བའི་རྐྱེན་གྱིས་འགག་པར་འགྱུར་བས་སྐྱེ་བ་དང་འགག་པ་གཉིས་རྫུན་པ་ཞེས་བྱའོ། །རྫུན་པ་བཀག་པ་ནི། བདེན་པ་ཞེས་བྱ་ལ། འདི་ནི། དེ་བཞིན་གཤེགས་པའི་བླ་ན་མེད་པའི་བྱང་ཆུབ་དང ། མྱ་ངན་ལས་འདས་པ་ཆེན་པོ་གཉིས་ཀྱི་མིང་ཅན་ནོ། །ཀུན་དགའ་བོ། ཁྱེད་ཅག་ངེས་པར་ཏིང་ངེ་འཛིན་སྒོམ་ཞིང་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ཆེན་པོར་མྱུར་དུ་སླེབ་
525b
པར་འདོད་ན་ཐོག་མར་སེམས་ཅན་དང་འཇིག་རྟེན་ཕྱིན་ཅི་ལོག་གཉིས་ཀྱི་རྒྱུ་ཤེས་པར་བྱ་རིགས་སོ། །ཕྱིན་ཅི་ལོག་མེད་ན་འདི་ཉིད་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡང་དག་པའོ། །ཀུན་དགའ་བོ། ཅིའི་ཕྱིར་སེམས་ཅན་ཕྱིན་ཅི་ལོག་ཅེ་ན། ཀུན་དགའ་བོ། རང་བཞིན་ནི། །གསལ་རིག་གི་སེམས་ཡིན་ལ། རང་བཞིན་དེ་གསལ་རིག་ཡིན་པའི་ཕྱིར་གསལ་བ་ལས་རང་བཞིན་འབྱུང་ངོ ། །རང་བཞིན་རྫུན་པའི་མཐོང་བ་སྐྱེས་པས་དེ་གཞི་མེད་པ་ལས་ཕྱིར་ཞིང་ཡོད་ལ་འགྲུབ་པར་འགྱུར་རོ། །ཡོད་པ་དང་གང་ཡོད་པ་འདི་གཉིས་ཀྱི་བར་དུ་རྒྱུ་དང་གང་གི་རྒྱུ་མ་ཡིན་ཞིང་གནས་པ་དང་གང་དུ་གནས་པའི་རྣམ་པ་མཐར་ཐུག་ན་གཞི་མེད་པས་གདོད་མ་ནས་གནས་པ་མེད་པ་ལས་འཇིག་རྟེན་དང་སེམས་ཅན་འགྲུབ་བོ། །ཐོག་མའི་གསལ་རིག་འགྲིབ་ནས་རྫུན་པ་བྱུང་ངོ ། །རྫུན་པའི་རང་བཞིན་ལ་དངོས་པོ་མེད་པས་རྟེན་དུ་གཟུང་དུ་མི་རུང་ངོ ། །འདི་ལས་བདེན་པ་ཚོལ་ན་དེ་ཉིད་ཀྱིས་ན་བདེན་པ་མ་ཡིན་ནོ། །བདེན་པ་མ་ཡིན་པ་ལས་ཚོལ་ན་རྣམ་པ་མ་ཡིན་པར་འགྱུར་རོ། །དེ་དག་སྐྱེ་བ་མ་ཡིན་གནས་པ་མ་ཡིན། ཡིད་མ་ཡིན། ཆོས་མ་ཡིན་པས་རིམ་གྱིས་འཁོར་ནས་སྐྱེའོ། །སྐྱེ་བའི་མཐུས་གསལ་བར་གྱུར་ནས་བག་ཆགས་ཀྱི་དབང་གིས་ལས་འབྱུང་ངོ ། །ལས་ནི། འདྲ་བར་གྱུར་ན་ཕན་ཚུན་བསྐུལ་ཞིང་དེ་ནས་རྗེས་མཐུན་བསྐུལ་
526a
༄#། །པའི་ལས་ཡོད་པའི་དབང་གིས་ཕན་ཚུན་དུ་འགག་བཞིན་ཕན་ཚུན་དུ་སྐྱེ་བཞིན་པ་དེ་ལྟ་བུས་སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་ཏོ། །ཀུན་དགའ་བོ། ཇི་ལྟར་འཇིག་རྟེན་ཕྱིན་ཅི་ལོག་ཅེ་ན། གང་གིས་ཡོད་པ་འདི་དང ། གང་ཡོད་པ་དེ་ཆ་སོ་སོ་ནས་རྫུན་པར་སྐྱེས་པའི་ཕྱིར་འདི་ལས་འཇིག་རྟེན་དུ་གྱུར་ཏོ། །སྐྱེད་བྱེད་དང་བསྐྱེད་བྱ་མ་ཡིན།་གནས་བྱེད་དང་གནས་བྱ་མ་ཡིན། དེ་ལས་རིམ་པར་འཕོ་བཞིན་དུ་མི་གནས་པས་འདི་ལས་འགྲུབ་བོ། །དུས་གསུམ་དང་ཕྱོགས་བཞི་འཕྲད་ཅིང་ལྟོས་པ་ནི། ཕན་ཚུན་དུ་ཞུགས་པས་སེམས་ཅན་རྣམས་འགྱུར་ཞིང་སྐྱེས་ནས་རིས་རྣམ་པ་བཅུ་གཉིས་སུ་འགྲུབ་བོ། །དེའི་ཕྱིར་འཇིག་རྟེན་ལ་གཡོ་བའི་རྐྱེན་གྱིས་སྒྲ་བྱུང་ངོ ། །སྒྲའི་རྐྱེན་གྱིས་གཟུགས་བྱུང་ངོ ། །གཟུགས་ཀྱི་རྐྱེན་གྱིས་དྲི་བྱུང་ངོ ། །དྲིའི་རྐྱེན་གྱིས་རེག་བྱ་བྱུང་ངོ ། །རེག་བྱའི་རྐྱེན་གྱིས་རོ་བྱུང་ངོ ། །རོའི་རྐྱེན་གྱིས་ཆོས་ཤེས་པར་འགྱུར་རོ། །འཁྲུལ་པ་དྲུག་པོ་འདི་རྫུན་པའི་སེམས་ཀྱིས་ལས་ཀྱི་རང་བཞིན་འགྲུབ་པའི་ཕྱིར་རིས་བཅུ་གཉིས་སུ་གྱུར་ནས་དེ་ལས་འཁོར་བར་འཁོར་རོ། །དེའི་ཕྱིར་འཇིག་རྟེན་པའི་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་རིགས་བཅུ་གཉིས་སུ་གྱུར་ནས་ལན་གཅིག་འཁོར་བ་ཞེས་བྱའོ། །འདི་ལྟར་འཁོར་བ་ཕྱིན་ཅི་ལོག་གི་མཚན་མ་ལ་བརྟེན་པས་འཇིག་རྟེན་ན་སྒོ་ང་ལས་སྐྱེ་པ་དང ། མངལ་ལས་སྐྱེ་བ་དང ། དྲོད་གཤེར་ལས་སྐྱེ་བ་དང ། རྫུས་ཏེ་སྐྱེ་བ་དང་
526b
གཟུགས་དང ། གཟུགས་མེད་པ་དང ། འདུ་ཤེས་དང ། འདུ་ཤེས་མེད་དང ། གཟུགས་ཅན་མ་ཡིན་པ་དང ། གཟུགས་མེད་མ་ཡིན་པ་དང ། འདུ་ཤེས་ཅན་མ་ཡིན་པ་དང ། འདུ་ཤེས་མེད་པ་མ་ཡིན་པ་དེ་དག་སོ་སོར་ཕྱེའོ། །ཀུན་དགའ་བོ། འཇིག་རྟེན་གྱི་རྫུན་ཞིང་མི་བདེན་པས་འཁོར་བར་འཁོར་བཞིན་དུ་གཡོ་བའི་བྱིན་ཅི་ལོག་གིས་རྐྱེན་ལ་འཕྲད་ཅིང་ལྟོས་ནས་དབུགས་ཀྱི་དབང་གིས་འཕུར་བ་དང་བྱིང་བ་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་འདུ་ཤེས་འགྲུབ་བོ། །དེའི་ཕྱིར་སྒོ་ངའི་ནུར་ནུར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ཉ་དང ། འདབ་ཆགས་དང ། རུས་སྦལ་དང ། སྤྲུལ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་སྣ་ཚོགས་པས་བགོས་ནས་འཁོར་བར་འཁོར་བཞིན་དུ་རྟོག་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་ནས་འདྲེས་པས་འགྲེང་བ་དུད་པ་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་མངལ་གྱི་མེར་མེར་པོ་ཡོད་ཅིང ། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མི་དང ། དུད་འགྲོ་དང ། ཀླུ་དང ། དྲང་སྲོང་གི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་འཛིན་ཞིང་འབྲེལ་བས་འཁོར་བར་འཁོར་བཞིན་དུ་འགྲོ་བ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་དྲོད་ལས་སྐྱེས་པ་བརྒྱད་ཁྲི་བཞི་སྟོང་འཕོ་ཞིང་འགྱུར་བའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་ནར་ནར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་
527a
༄#། །ཞིང་སྐྱེས་ནས་རིག་པ་མེད་པའི་ཁུམ་པ་དང་ནུར་པའི་སྲིན་བུའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་འཕོ་ཞིང་འགྱུར་བས་འཁོར་བར་འཁོར་བཞིན་དུ་བཅོས་མའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་རེག་པས་བརྒྱད་ཁྲི་བཞི་སྟོང་འཁྲུལ་པའི་སེམས་གསར་རྙིང་འགྲུབ་བོ། །དེའི་ཕྱིར་རྫུས་སྐྱེས་ཀྱི་གཟུགས་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ལུས་བརྗེ་བ་དང་འཕུར་བ་དང་འགྲོ་བ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་སུ་ལུས་ཤིང་ཐོགས་པས་འཁོར་བར་འཁོར་བཞིན་དུ་སྒྲིབ་པ་ཕྱིན་ཅི་ལོག་གི་རྐྱེན་གྱི་ས་འཕྲད་ཅིང་ལྟོས་པའི་འཛིན་པས་བརྒྱད་ཁྲི་བཞི་སྟོང་གསལ་ཞིང་འཚེར་བའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་རྣམ་པའི་གཟུགས་ཅན་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མཚན་མ་བཟང་པོ་དང་ལྟས་ངན་པ་ཤེས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཞི་བ་དང་འཐོར་བས་འཁོར་བར་འཁོར་བཞིན་དུ་རྟོག་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པས་མི་མངོན་པའི་གཟུགས་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་གི་འཁྲུལ་བའི་སེམས་འགྲུབ་བོ། །དེའི་ཕྱིར་གཟུགས་མེད་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་ད་དེ་འཁོར་བར་སྐྱེས་ནས་སྟོང་བ་དང་
527b
འཐོར་བ་དང་ཞི་བ་དང་བྱིར་བ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་གཟུགས་སྲབ་མོས་འཁོར་བར་འཁོར་བཞིན་དུ་གྲིབ་མའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟེས་པའི་འདོད་པས་བརྒྱད་ཁྲི་བཞི་སྟོང་གི་མི་མངོན་པར་འཆིང་བའི་འཁྲུལ་བའི་སེམས་འགྲུབ་བོ། །དེའི་ཕྱིར་འདུ་ཤེས་ཀྱི་རྣམ་པའི་གོར་གོར་པོ་ཡོད་ཅིང་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ལྷ་འདྲེ་བདུད་དང་གདོན་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་རྨོངས་ཤིང་བླུན་པས་འཁོར་བར་འཁོར་བཞིན་དུ་རྨོངས་པ་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་སེམས་མེད་ཀྱིས་བརྒྱད་ཁྲི་བཞི་སྟོང་རྩཝ་སྐམ་ལྟ་བུའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་འདུ་ཤེས་མེད་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་དྭངས་མ་འགྱུར་ནས་ས་ཤིང་ལྕགས་རྡོ་ལ་སོགས་པའི་རིགས་ཀྱིས་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཕན་ཚུན་འགྲོགས་པས་འཁོར་བར་འཁོར་བཞིན་དུ་བཅོས་མའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་བགོབས་བརྒྱད་ཁྲི་བཞི་སྟོང་གི་བརྟེན་པ་དང་ཡིད་ཆེས་པའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་གཟུགས་དང་གཟུགས་ཅན་མ་ཡིན་པ་གཟུགས་སུ་གྱུར་པའི་གོར་གོར་པོ་ཡོད་ཅིང་ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་ཆུའི་མ་ཞེས་བྱ་བའི་སྲིན་བུ་ལ་ལྕང་མོས་མིག་བྱས་པ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་གཅིག་གིས་གཅིག་
528a
༄#། །དྲངས་ནས་འཁོར་བར་འཁོར་བཞིན་དུ་རང་བཞིན་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པའི་དམོད་པ་བརྒྱད་ཁྲི་བཞི་སྟོང་གི་འབོད་པ་དང་བསྒྲགས་པའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་གཟུགས་མེད་མ་ཡིན་ཞིང་གཟུགས་མེད་པའི་གོར་གོར་པོ་ཡོད་ཅིང ། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་མནན་པ་དང་བྱད་དང་དམོད་པ་བོར་བ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་རྫུན་གྱིས་འབྲེལ་བའི་འཁོར་བར་འཁོར་བཞིན་དུ་འཁྲུལ་པའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་ལས་གཞན་བརྒྱད་ཁྲི་བཞི་སྟོང་ཕན་ཚུན་འཁྲུག་པའི་སེམས་འགྲུབ་བོ། །དེའི་ཕྱིར་འདུ་ཤེས་ཅན་གཟུགས་ཅན་མ་ཡིན་ཞིང་འདུ་ཤེས་ཅན་སྒྲུབ་པའི་གོར་གོར་པོ་ཡོད་ཅིང ། ཡུལ་ཁམས་སུ་བརྒྱུད་དེ་འཁོར་ཞིང་སྐྱེས་ནས་བུང་བ་དང་དར་གྱི་སྲིན་བུ་ལྟར་གཞན་གྱི་ལུས་ཀྱིས་རང་རིགས་འགྲུབ་པར་བྱེད་པ་ལ་སོགས་པའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འཇིག་རྟེན་གྱི་འཁོན་དང་གནོད་པས་འཁོར་བར་འཁོར་བཞིན་དུ་གསོད་པའི་ཕྱིན་ཅི་ལོག་གི་རྐྱེན་གྱིས་འཕྲད་ཅིང་ལྟོས་པ་ཡ་མཚན་ཅན་བརྒྱད་ཁྲི་བཞི་སྟོང་གི་ཕ་མ་ཟ་བའི་འཁྲུལ་པའི་སེམས་འགྲུབ་བོ། །དེའི་ཕྱིར་འདུ་ཤེས་མེད་པ་མ་ཡིན་པའི་གཟུགས་དང་འདུ་ཤེས་མེད་པའི་གོར་གོར་པོ་ཡོད་ཅིང ། ཡུལ་ཁམས་སུ་བརྒྱུད་དེ་འཁོར་
528b
ཞིང་སྐྱེས་ནས་སྲིན་བྱ་ལ་སོགས་པ་ལྟར་སའི་གོང་བུ་ལས་ཕྲུག་གུ་བྱེད་པ་དང་བྱ་སྡིག་ཅན་དུ་གཤིང་གི་འབྲས་བུ་ལས་ཕྲུག་གུ་བྱེད་པ་ལྟར་ཕྲུག་གུ་གྲུབ་ནས་ཕ་མ་ཟ་བར་བྱེད་པ་ལ་སོགས་བའི་རིགས་ཀྱིས་གཏམས་ཤིང་གང་བར་གྱུར་ཏོ། །འདི་དག་ལ་སེམས་ཅན་རིགས་བཅུ་གཉིས་ཞེས་བྱའོ། །དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། ཀུན་དགའ་བོ།་རིགས་སྣ་ཚོགས་པའི་སེམས་ཅན་འདི་དག་རང་རང་ལ་ཕྱིན་ཅི་ལོག་གི་མཐོང་བ་བཅུ་གཉིས་རེ་ཡོད་དེ། དཔེར་ན། མིག་འབྲས་བཙིར་ན་ར་རི་སྣ་ཚོགས་འཆར་བ་བཞིན་རྨད་དུ་བྱུང་པ་རྣམ་པར་དག་པའི་གསལ་རིག་ལས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་རྫུན་པའི་རྣམ་རྟོག་གི་སེམས་འབྱུང་ངོ ། །ཁྱོད་ད་ལྟ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ངེས་པར་བསྒོམ་པ་ལ་རྩ་བའི་རྒྱུ་རྣམ་རྟོག་འདི་ཐོག་མ་ནས་ཡོད་པ་དེ་རིམ་པ་གསུམ་གྱི་སྒོ་ནས་སེལ་བར་བྱའོ། །དཔེར་ན། སྣོད་གཙང་མའི་ནང་གི་དུག་ཅན་གྱི་སྦྲང་རྩི་ཞི་ཞིང་བསལ་ཏེ་དྲི་བཟང་པོའི་རྫས་སྣ་ཚོགས་པ་བསྐོལ་བའི་ཆུས་བཀྲུས་ཤིང་དག་པ་ན་གདོད་བདུད་རྩི་སྨུག་ཏུ་རུང་བ་དང་འདྲའོ། །རིམ་པ་རྣམ་པ་གསུམ་གང་ཞེ་ན། དང་པོ་འཕེལ་བའི་རྒྱུ་སྦྱོང་བ། གཉིས་པ་ཉེས་བ་རང་གི་ངོ་བོ་སྦྱོང་བ། གསུམ་པ་
529a
༄#། །ནི།་རིམ་གྱིས་གོང་དུ་སྤེལ་ཏེ་མངོན་དུ་གྱུར་པ་འགོག་པའོ། །ཅི་ཞིག་འཕེལ་བའི་རྒྱུ་ཡིན་ཞེ་ན། ཀུན་དགའ་བོ། འཇིག་རྟེན་གྱི་རིགས་རྣམ་པ་བཅུ་གཉིས་པོ་རང་རང་གི་སྟོབས་ཀྱིས་རྫོགས་པར་མི་འགྲུབ། ཟས་རྣམ་པ་བཞི་ལ་བརྟེན་པ་སྟེ། འདི་ལྟར་ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་ཤེས་ཀྱི་ཟས་རྣམ་པ་བཞིའོ། ། དེའི་ཕྱིར་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཟས་ལ་བརྟེན་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཀུན་དགའ་བོ། སེམས་ཅན་ཡོད་དོ་ཅོག་ཐམས་ཅད་བཅུད་ཅན་ཟོས་ན་གསོས་སུ་འགྱུར་ཞིང་དུག་ཅན་ཟོས་ན་འཆི་བར་འགྱུར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཏིང་ངེ་འཛིན་ཚོལ་ན་སྒོག་ཙོང་ལ་སོགས་པའི་ཚོད་མ་ཚ་བ་ལྔ་འཛེམ་པར་རིགས། ཚོད་མ་ལྔ་པོ་འདི་ཚོས་པ་ཟོས་ན་འདོད་ཆགས་འཕེལ་ཞིང་རློན་པ་མིད་ན་ཞེ་སྡང་རྒྱས་པར་འགྱུར་རོ། །འཇིག་རྟེན་འདིའི་ཚོད་མ་ཚ་བ་ཟ་བ་དག་གསུང་རབ་ཡན་ལག་བཅུ་གཉིས་རྒྱས་པར་འཆད་ནུས་ན་ཡང་ཕྱོགས་བཅུའི་ལྷ་དང་དྲང་སྲོང་རྣམས་དེའི་དྲི་ངན་པ་ལ་བཙོག་ཏུ་བལྟས་ནས་དེ་དག་སོ་སོ་ནས་རིང་དུ་འབྱོལ་ཞིང་དེ་ཟ་བའི་ཚེ་ཡི་དྭགས་རྣམས་ཀྱིས་དེའི་ཁའི་མཆུ་ལ་བལྡག་པར་བྱེད་དོ། །དེས་འདྲེ་རྣམས་དང་ལྷན་དུ་གནས་པའི་ཕྱིར་བསོད་ནམས་རིམ་གྱིས་ཉམས་ཏེ་རྒྱུན་དུ་དོན་མི་འགྲུབ་བོ། །ཚོད་མ་ཚ་བ་ཟོས་པ་འདི་དག་ཏིང་ངེ་འཛིན་སྒོམ་པའི་ཚེ་བྱང་
529b
ཆུབ་སེམས་དཔའ་དང་ལྷ་དང་དྲང་སྲོང་དང་ཕྱོགས་བཅུའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་བསྲུང་ཞིང་བསྐྱབ་པར་མི་འགྱུར་བའི་ཕྱིར་བདུད་ཀྱི་རྒྱལ་པོ་མཐུ་ཆེན་རྣམས་ཀྱིས་གླགས་རྙེད་ནས་སངས་རྒྱས་སུ་སྤྲུལ་ཏེ་དེ་ལ་ཆོས་བསྟན་ཅིང་ཚུལ་ཁྲིམས་གཙང་མ་ལ་སྨོད་ཅིང་འདོད་ཆགས་ཞེ་སྡང་གཏི་མུག་ལ་བསྔགས་ནས་ཤི་འཕོས་ཏེ་བདུད་ཀྱི་འཁོར་དུ་སྐྱེ་ཞིང་བདུད་ཀྱི་བསོད་ནམས་ལ་ལོངས་སྤྱོད་པ་ཟད་མ་ཐག་ཏུ་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་རོ། །ཀུན་དགའ་བོ། བྱང་ཆུབ་འགྲུབ་པར་འདོད་པ་དག་ཚོད་མ་རོ་ཚ་བ་རྣམ་པ་ལྔ་པོ་འདི་གཏན་ནས་འཛེམ་པར་རིགས་སོ། །འདི་ལ་དང་པོ་རིམ་གྱིས་གོང་དུ་སྤེལ་ཞིང་བསླབ་པ་ལ་སྦྱོང་བའི་རིམ་པ་དང་པོ་ཞེས་བྱའོ། །ཅི་ཞིག་རང་གི་ངོ་བོ་ཡིན་ཞེ་ན། ཀུན་དགའ་བོ། སེམས་ཅན་འདི་དག་ཏིང་ངེ་འཛིན་ལ་འཇུག་པར་འདོད་ན། ཐོག་མར་ཞེ་ཐག་པ་ནས་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་ལོག་པར་གཡེམ་པའི་སེམས་རྩ་བ་ནས་ཆོད་ཅིག་།ཆང་དང་ཤ་ལ་ལོངས་མ་སྤྱད་ཅིག་།གཙང་མར་བཙོས་པ་དག་ཟ་ཞིང་རྗེན་རློན་མ་ཟ་ཞིག་།ཀུན་དགའ་བོ། ཚུལ་འདི་ལ་སྦྱོང་བ་དག་གལ་ཏེ་ལོག་པར་གཡེམ་པ་དང་སྲོག་གཅོད་ལ་མི་འཛེམ་ན་ཁམས་གསུམ་ལས་གྲོལ་བར་འདོད་ཀྱང་གནས་མེད་དོ། །དེའི་ཕྱིར་ལོག་གཡེམ་གྱི་འདོད་ཆགས་ལ་སྤྲུལ་གདུག་པ་དང་ཞེ་འགྲས་པའི་རྐུན་མ་དང་འཕྲད་པ་ལྟ་བུར་བལྟ་བར་རིགས་
530a
༄#། །སོ། །ཐོག་མར་ཉན་ཐོས་ཀྱི་ཕམ་པ་བཞི་དང་ཕམ་པ་བརྒྱད་པ་སྲུངས་ནས་ལུས་སྡོམ་ཞིང་བརྟན་པ་ཐོབ་པ་ན་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་རྣམ་པར་དག་པ་སྲུང་ཞིང་སེམས་བསྲུངས་ནས་གཡོ་བ་མེད་པར་གྱིས་ཤིག་།ཚུལ་ཁྲིམས་དང་ལྡན་ན་འཇིག་རྟེན་ན་ཕན་ཚུན་སྐྱེ་བ་དང་གསོད་པའི་ལས་ཀྱི་འབྲས་བུ་མེད་པར་འགྱུར་རོ། །བརྐུ་བ་དང་འཕྲོག་པ་མ་བྱས་ན་ཕན་ཚུན་དུ་བུ་ལོན་མེད་པའི་ཕྱིར་སྐྱེ་བ་སྔོན་མའི་ལན་ཆགས་པ་བསབ་མི་དགོས་སོ། །འདི་ལྟ་བུའི་རྣམ་པར་དག་པའི་སྐྱེ་བོ་ཏིང་ངེ་འཛིན་སྒོམ་པ་ལ་སྦྱངས་པས་ཕ་མ་ལས་སྐྱེས་པའི་ལུས་དང་ལྷའི་མིག་ལ་མི་ལྟོས་པར་རང་ཉིད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་མཐོང་ནས་དེ་བཞིན་གཤེགས་པ་དང་མཇལ་ནས་ཆོས་ཐོས་ཏེ་བཀའ་ལུང་ནོད་ཅིང་རྫུ་འཕྲུལ་ཆེན་པོ་ཐོབ་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཐོགས་མེད་དུ་བགྲོད་ནས་སྔོན་གྱི་གནས་གསལ་བར་དྲན་ཞིང་སྡུག་བསྔལ་དྲག་པོ་ལས་ཐར་པར་འགྱུར་རོ། །འདི་ལ་རིམ་གྱིས་གོང་དུ་སྤེལ་ཞིང་བརྩོན་པར་བྱེད་པའི་རིམ་པ་གཉིས་པ་ཞེས་བྱའོ། །ཅི་ཞིག་མངོན་གྱུར་ཡིན་ཞེ་ན། ཀུན་དགའ་བོ། འདི་ལྟ་བུའི་ཚུལ་ཁྲིམས་རྣམ་པར་དག་པར་སྲུང་བའི་སྐྱེ་བོ་སེམས་ལ་ཞེན་པའི་འདོད་ཆགས་མེད་པའི་ཕྱིར་ཕྱིའི་ཡུལ་དྲུག་གི་རྗེས་སུ་སྙེགས་པར་མི་འགྱུར་རོ། །སྙེགས་པར་མི་འགྱུར་བས་ནང་དུ་རང་གི་གདོད་མའི་ཚུལ་ལ་གཞོལ་པར་
530b
འགྱུར་རོ། །ཡུལ་དང་མི་འབྲེལ་ན་དབང་པོ་གྲོགས་སུ་མི་འགྱུར་རོ། །ཡུལ་ལ་སྙེགས་པ་ལས་ལོགས་ནས་གཅིག་ཏུ་གྱུར་བ་ན་ལོངས་སྤྱོད་དྲུག་འབྱུང་བར་མི་འགྱུར་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་མཐོང་བར་འགྱུར་རོ། །དཔེར་ན། བཻ་ཌའྲྱའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྟར་ལུས་སེམས་ཤིན་ཏུ་བདེ་ཞིང་གསལ་རིག་མཉམ་པ་ཉིད་ཐོབ་ནས་བདེ་བ་ཆེན་པོ་བརྟན་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟབ་ཅིང་རྣམ་པར་དག་པའི་གསལ་རིག་རྨད་དུ་བྱུང་བ་ཡོངས་སུ་རྫོགས་པ་དེའི་ནང་དུ་གསལ་བར་གྱུར་ནས་སྐྱེ་བོ་འདི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །འདི་ནས་རིམ་གྱིས་སྦྱངས་ཏེ་མངོན་དུ་གྱུར་པའི་སྤྱོད་པ་དམ་པའི་གྲལ་དུ་བདེ་བླག་ཏུ་ཆུད་པའི་ཕྱིར་འདི་ལ་གོང་དུ་སྤེལ་ཞིང་བརྩོན་པར་བྱེད་པའི་རིམ་པ་གསུམ་པ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་རིགས་ཀྱི་བུ་འདོད་ཆགས་རབ་ཏུ་བསལ་ཏེ་དབང་པོ་ཡུལ་དང་མི་འབྲེལ་བའི་ཕྱིར་ད་ལྟའི་ལུས་འདི་ཉིད་ལས་སླར་སྐྱེ་བ་ལེན་པར་མི་འགྱུར་རོ། །དེ་ནས་གསལ་སྟོང་གི་སེམས་བརྟན་པ་ལས་ཤེས་རབ་འབའ་ཞིག་ཏུ་གྱུར་ཏོ། །བློའི་རང་བཞིན་རྣམ་པར་དག་ཅིང་གསལ་བར་གྱུར་ཏེ་ཕྱོགས་བཅུའི་ཁམས་སུ་ཁྱབ་ཅིང་ཤེས་རབ་འབའ་ཞིག་ཏུ་གྱུར་པ་ལ་ཤེས་རབ་རྐྱང་པ་ཞེས་བྱའོ། །འདི་ནི། འདོད་ཆགས་ཀྱི་བག་ཆགས་བསལ་ན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་བདུད་རྩིའི་རྒྱུན་དང་
531a
༄#། །ད་དུང་མ་འཕྲད་དོ། །དེ་ལྟར་སེམས་འདི་བཟུང་ནས་དབུ་མའི་ལམ་དུ་གཞོལ་བའི་སྒོ་ནས་དྲང་པོར་སྦྱངས་ན་རྨད་དུ་བྱུང་བའི་ཡེ་ཤེས་གོང་ནས་གོང་དུ་འཕེལ་ཞིང་མངོན་དུ་འགྱུར་རོ། །རྨད་དུ་བྱུང་བའི་བདེན་པ་ཡུན་དུ་གནས་པས་རྣམ་རྟོག་ངན་པའི་སེམས་སྣ་ཚོགས་པ་ཐམས་ཅད་ཟད་ནས་དབུ་མའི་ལམ་བདེན་པ་འབའ་ཞིག་པར་གྱུར་ཏོ། ། འདི་ལ་ཡང་དག་པར་དད་པའི་སེམས་གནས་པ་ཞེས་བྱའོ། །བདེན་པའི་ཚུལ་ཡང་དག་པར་མཐོང་ནས་མངོན་པར་བྱང་ཆུབ་པ་ཐོབ་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་ཐོགས་པ་མེད་པར་འགྱུར་རོ། །དེ་ནས་འདས་པ་དང་མ་འོངས་པའི་བསྐལ་པ་གྲངས་མེད་པའི་འཇིག་རྟེན་དུ་ལུས་འདོར་བ་དང་ལུས་བླངས་པའི་བག་ཆགས་རྙིང་པ་སྣ་ཚོགས་པ་ཐམས་ཅད་མིག་སྔར་མངོན་སུམ་དུ་མཐོང་བས་འདི་ལྟ་བུའི་རིགས་ཀྱི་བུ་དག་ཐམས་ཅད་དུ་དྲན་ཞིང་མི་བརྗེད་པ་དང་མི་གཡེལ་བར་འགྱུར་རོ། །འདི་ལ་དྲན་པ་སེམས་ལ་གནས་པ་ཞེས་བྱའོ། །རྨད་དུ་བྱུང་བའི་ཡེ་ཤེས་མཆོག་ཏུ་བདེན་པ་ཐོབ་སྟེ་བདེན་པའི་རང་གདངས་ཀྱི་རྫུ་འཕྲུལ་ཐོབ་ནས་ཐོག་མ་མེད་པའི་བག་ཆགས་རྙིང་པ་ཐམས་ཅད་གསལ་བའི་རང་བཞིན་དང་འབྲེལ་ལོ། །འདི་ལ་གསལ་བའི་རང་བཞིན་ཉིད་ཀྱིས་བདེན་པ་རྣམ་པར་དག་པའི་སྒོ་ནས་སྒོམ་པ་ལ་སྦྱོར་བའི་བརྩོན་འགྲུས་ཀྱི་སེམས་ཞེས་བྱའོ། །སེམས་ཀྱི་
531b
རང་བཞིན་རྣམ་པར་དག་པ་མངོན་དུ་གྱུར་ནས་ཡེ་ཤེས་ཐོབ་པ་ནི་ཤེས་རབ་སེམས་ལ་གནས་པ་ཞེས་བྱའོ། །ཤེས་རབ་གསལ་བ་བཟུང་ནས་གཡོ་བ་མེད་ཅིང་རྣམ་པར་དག་པ་ཁྱབ་པར་གྱུར་ནས་རྨད་དུ་བྱུང་བའི་མི་གཡོ་བ་རྟག་པར་གནས་པ་ལ་ཏིང་ངེ་འཛིན་སེམས་ལ་གནས་པ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་འོད་ཟེར་གསལ་བར་འཕྲོས་ཤིང་གསལ་བའི་རང་བཞིན་ཟབ་མོར་གྱུར་ཏེ་འཕེལ་བ་ལས་ལྡོག་པར་མི་འགྱུར་རོ། །འདི་ལ་ཕྱིར་མི་ལྡོག་པའི་སེམས་ཞེས་བྱའོ། །སེམས་ལྷག་པར་བདེ་བས་གནས་ཏེ་སྐྱོང་ཞིང་བསྲུངས་ནས་མི་འཆོར་བར་འགྱུར་རོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་ནུས་པ་དང་མཐུན་པ་ལ་ཆོས་སྐྱོང་བའི་སེམས་ཞེས་བྱའོ། །གསལ་རིག་གིས་བསྐྱངས་ཤིང་རྨད་དུ་བྱུང་བའི་ནུས་པས་དེ་བཞིན་གཤེགས་པའི་ཐུགས་རྗེའི་འོད་ཟེར་ལུས་ལ་ཕོག་སྟེ་སངས་རྒྱས་ལ་ཕྱོགས་ཏེ་གནས་ཤིང་མེ་ལོང་གཉིས་ཀྱི་འོད་ཕན་ཚུན་དུ་ཕོག་སྟེ་དེའི་ནང་དུ་གཟུགས་བརྙན་རིམ་པ་མང་པོ་འཆར་བ་དང་འདྲའོ། །འདི་ལ་ལུས་ལ་ཕོག་ནས་སངས་རྒྱས་ལ་ཕྱོགས་པའི་སེམས་གནས་པ་ཞེས་བྱའོ། །སེམས་ལ་འོད་ཟེར་མི་མངོན་པར་ཕོག་པས་སངས་རྒྱས་ཀྱི་རྟག་བརྟན་རྨད་དུ་བྱུང་བའི་རྣམ་པར་དག་པ་བླ་ན་མེད་པ་ཐོབ་ནས་འབད་མེད་དུ་བདེ་བར་གནས་ཤིང་ཉམས་པ་དང་ཆད་པ་མེད་པ་ལ་ཚུལ་ཁྲིམས་ཀྱི་སེམས་གནས་པ་ཞེས་བྱའོ། །ཚུལ་ཁྲིམས་ལ་གནས་ཤིང་དབང་ཐོབ་
532a
༄#། །ནས་ཕྱོགས་བཅུར་ཁྱབ་པར་སོང་སྟེ་ཇི་ལྟར་འདོད་པའི་གནས་སུ་ཕྱིན་པ་ནི། སྨོན་པའི་སེམས་ལ་གནས་པ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་རིགས་ཀྱི་བུ་དག་ངེས་པར་ཐབས་ལ་མཁས་པས་སེམས་རྣམ་པ་བཅུ་གཉིས་འདི་དག་བསྐྱེད་ནས་སེམས་ཀྱི་རང་བཞིན་གསལ་བར་ཕྱེ་མ་ཐག་ཏུ་ལོངས་སྤྱོད་བཅུ་པོ་ཐམས་ཅད་གཅིག་གི་ནང་དུ་གཅིག་ཆུད་ནས་སེམས་གཅིག་གིས་རྫོགས་པར་བསྒྲུབས་སོ། །འདི་ལ་འཕེལ་བསྐྱེད་ཀྱི་སེམས་ལ་གནས་པ་ཞེས་བྱའོ། །སེམས་ཀྱི་ནང་དུ་གསལ་བར་གྱུར་པ་ནི་བཻ་ཌཱུརྱ་དྭངས་པའི་ནང་དུ་གསེར་བཙོ་མ་མཐོང་བ་ལྟར་སྔ་མའི་རྨད་དུ་བྱུང་བའི་སེམས་ཕུལ་དུ་གྱུར་ཏེ་ལམ་གཅིག་གིས་འགྲོ་བ་ལ་སྦྱངས་པའི་ས་ལ་གནས་པ་ཞེས་བྱའོ། །སེམས་དངོས་འདུ་ཤེས་དང་རབ་ཏུ་མཐུན་ནས་ཐམས་ཅད་གསལ་བར་རྟོགས་ཏེ་ཕྱོགས་བཅུར་ཁྱབ་པར་སོང་བ་ན་གཏན་ནས་ཆགས་ཐོགས་མེད་པར་འགྱུར་རོ། །འདི་ལ་ཆོས་སྦྱངས་པ་ལ་གནས་པ་ཞེས་བྱའོ། །སྦྱངས་པས་སངས་རྒྱས་དང་མཉམ་པར་གྱུར་ཏེ་སངས་རྒྱས་ཀྱི་ནུས་པ་ཐོབ་ནས་བར་དོའི་ལུས་ཀྱིས་ཕ་མ་བཙལ་བ་ལྟར་བར་མ་དོའི་ཤེས་པ་མི་མངོན་པར་རྫོགས་ཤིང་དེ་བཞིན་གཤེགས་པའི་རིགས་ཅན་དུ་འགྱུར་རོ། །འདི་ལ་སྐྱེ་བ་མཆོག་ལ་གནས་པ་ཞེས་བྱའོ། །སངས་རྒྱས་ལྷུམས་སུ་ཞུགས་ནས་ལུས་ཚོར་བ་མཐོང་བ་ལོངས་སྤྱོད་ཅིང་སྐྱེ་
532b
བའི་ལུས་གསལ་བར་གྱུར་ནས་མིའི་ལུས་མ་ཚང་བ་མེད་པ་བཞིན་དུ་འདི་ལ་ཐབས་མཁས་དང་ལྡན་པ་ལ་གནས་པ་ཞེས་བྱའོ། །རྣམ་པ་དང་ངང་ཚུལ་སངས་རྒྱས་དང་འདྲ་ཞིང་སེམས་ཀྱི་མཚན་མ་ཡང་གཅིག་ཏུ་གྱུར་པ་ན་འདི་ལ་བརྟེན་པའི་སེམས་ལ་གནས་པ་ཞེས་བྱའོ། །ལུས་སེམས་གཅིག་ཏུ་བྱས་ནས་རིམ་གྱིས་ཡར་ལྡན་དུ་སྒྲུབ་པ་ལ་མི་ལྡོག་པར་གནས་པའི་སེམས་ཞེས་བྱའོ། །ལུས་ཀྱི་མཚན་དང་དཔེ་བྱད་རྣམ་པ་བཅུ་དུས་གཅིག་ཏུ་རྫོགས་པར་སྒྲུབ་པ་ལ་གཞོན་ནུ་ལ་གནས་པ་ཞེས་བྱའོ། །གཟུགས་རྫོགས་པར་གྲུབ་ནས་མངལ་ནས་བྱུང་སྟེ་སངས་རྒྱས་ལས་འཁྲུངས་པའི་སྲས་སུ་གྱུར་པ་ལ་ཆོས་ཀྱི་རྒྱལ་པོའི་སྲས་ལ་གནས་པ་ཞེས་བྱའོ། །ཆེར་སྐྱེས་ནས་དར་ལ་བབས་པ་ན་རྒྱལ་པོ་ཆེན་པོས་རྒྱལ་སྲིད་ཀྱི་བྱ་བ་རྒྱལ་པོའི་བུ་ལ་བསྒོས་ནས་གཏད་པ་ལྟར་རྒྱལ་རིགས་ཀྱི་བུ་ཆེར་སྐྱེས་ནས་དར་ལ་བབས་པ་ན་གྲལ་བསྒྲིགས་ནས་བུ་ཐུ་བོ་ལ་སྤྱི་བོ་ནས་དབང་བསྐུར་བ་དང་འདྲ་བ་ནི། དབང་བསྐུར་བ་ལ་གནས་པ་ཞེས་བྱའོ། །ཀུན་དགའ་བོ། རིགས་ཀྱི་བུ་དེ་རྒྱལ་བའི་སྲས་སུ་གྱུར་ནས་ཡོན་ཏན་དམ་པ་དཔག་ཏུ་མེད་པ་ཕུན་སུམ་ཚོགས་ཏེ་ཕྱོགས་བཅུར་རྗེས་སུ་མཐུན་པས་འདི་ལ་རབ་ཏུ་དགའ་བའི་སྦྱོད་པ་ཞེས་བགྱའོ། །ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་འདི་ལ་ཕན་པ་ཆེན་པོ་སྒྲུབ་པའི་སྤྱོད་པ་ཞེས་བྱའོ། །རང་ཉིད་སད་པས་གཞན་སད་པར་བྱེད་པ་ལ་མི་
533a
༄#། །མཐུན་པ་མེད་པས་འདི་ལ་ཁོང་ཁྲོ་བ་མེད་པའི་སྤྱོད་པ་ཞེས་བྱའོ། །སྐྱེ་རྒུ་སྣ་ཚོགས་པ་ལས་འདས་ནས་མ་འོངས་པའི་འཇིག་རྟེན་གྱི་མཐའི་བར་དུ་སྲིད་པ་གསུམ་མཉམ་པ་ཉིད་དུ་ཤེས་པས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པས་འདི་ལ་ཟད་པ་མེད་པའི་སྤྱོད་པ་ཞེས་བྱའོ། །རྣམ་པ་སྣ་ཚོགས་པའི་ཆོས་ཀྱི་སྒོ་ཐམས་ཅད་རོ་གཅིག་ཅིང་འགལ་བ་དང་ནོར་བ་མེད་པའི་ཕྱིར་འདི་ལ་རྨོངས་ཤིང་འཁྲུག་པ་དང་བྲལ་བའི་སྤྱོད་པ་ཞེས་བྱའོ། །འདི་ལ་ཐ་མི་དད་པ་ལས་ཐ་དད་པ་ཐམས་ཅད་གསལ་བར་ཤེས་ཤིང་ཐ་དད་པ་སོ་སོ་ལས་རང་རང་གི་ཐ་མི་དད་པ་མཐོང་བའི་ཕྱིར་འདི་ལ་མངོན་དུ་གྱུར་པའི་སྤྱོད་པ་ཞེས་བྱའོ། །འདི་ནས་ཕྱོགས་བཅུའི་ནམ་མཁའི་ཁམས་རྡུལ་ཕྲ་རབ་ཀྱིས་གང་བ་ལ་རྡུལ་རེ་རེའི་ནང་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསལ་བར་སྣང་ཞིང་རྡུལ་དང་འཇིག་རྟེན་གྱི་ཁམས་གཅིག་གིས་གཅིག་མི་བསྒྲིབ་པའི་ཕྱིར་འདི་ལ་ཐོགས་པ་མེད་པའི་སྤྱོད་པ་ཞེས་བྱའོ། །རྣམ་པ་སྣ་ཚོགས་གསལ་བར་སྣང་བ་ནི། ཐོག་མར་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཡིན་པའི་ཕྱིར་འདི་ལ་མཆོག་རབ་ཀྱི་སྤྱོད་པ་ཞེས་བྱའོ། །འདི་བཞིན་དུ་ལྷུན་གྱིས་གྲུབ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཚད་ཀྱི་རྣམ་པ་དང་མཐུན་པས་འདི་ལ་ཆོས་བཟང་པོའི་སྤྱོད་པ་ཞེས་བྱའོ། །རེ་རེ་ནས་རྣམ་པར་དག་ཅིང་ཟག་པ་མེད་པའི་བདེན་པ་
533b
གཅིག་པུ་མ་བཅོས་པ་ཐམས་ཅད་གདོད་མའི་རང་བཞིན་ལས་བྱུང་བ་ཡིན་པའི་ཕྱིར་འདི་ལ་ཡང་དག་པའི་སྤྱོད་པ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་རིགས་ཀྱི་བུ་དག་རྫུ་འཕྲུལ་ཡོངས་སུ་གྲུབ་ཅིང་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས་བདེན་པ་རང་བཞིན་རྣམ་པར་དག་པ་གསལ་བར་གྱུར་པས་སྣ་ཚོགས་པའི་སེམས་ཀྱི་རྒུད་པ་དང་ཕྲལ་ནས་སེམས་ཅན་ཐམས་ཅད་བཀྲི་ཞིང་སྒྲོལ་བ་ལ་བཀྲི་ཞིང་སྒྲོལ་བའི་རྣམ་པ་འགག་ནས་འདུ་མ་བྱས་པའི་སེམས་ཕྱིར་ལོག་སྟེ་མྱ་ངན་ལས་འདས་པའི་ལམ་ལ་ཕྱོགས་པས་འདི་ལ་སེམས་ཅན་ཐམས་ཅད་སྲུང་ཞིང་སྐྱོབ་པ་ལ་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་དང་བྲལ་བའི་བསྔོ་བ་ཞེས་བྱའོ། །གཞོམ་པར་འོས་པ་བཅོམ་པ་དང་བྲལ་བ་ཐམས་ཅད་དང་རིང་དུ་བྲལ་ན་འདི་ལ་གཞོམ་དུ་མེད་པའི་བསྔོ་བ་ཞེས་བྱའོ། །གདོད་མའི་རིག་པ་རྣམ་པར་དག་པས་རིག་པ་དེ་སངས་རྒྱས་ཀྱི་རིག་པ་དང་འདྲ་བར་གྱུར་པ་ན་འདི་ལ་སངས་རྒྱས་ཐམས་ཅད་དང་མཉམ་པའི་བསྔོ་བ་ཞེས་བྱའོ། །བདེན་པའི་རང་བཞིན་མངོན་དུ་གྱུར་ཅིང ། ས་ནི། སངས་རྒྱས་ཀྱིས་དང་འདྲ་བར་གྱུར་པ་ན་འདི་ལ་གནས་ཐམས་ཅད་ཁྱབ་པའི་བསྔོ་བ་ཞེས་བྱའོ། །འཇིག་རྟེན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཕན་ཚུན་དུ་ཆུད་པ་ལོ་སྒྲིབ་ཐོགས་མེད་པར་གྱུར་པར་\?\་ཟད་པ་མེད་པའི་ཡོན་ཏན་མཛོད་ཀྱི་བསྔོ་བ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་དང་མཉམ་པར་གྱུར་པའི་དང་ནས་རང་རང་གི་རྣམ་པར་དག་པའི་རྒྱུ་སྐྱེས་ཤིང་རྒྱུ་དེ་ལ་བརྟེན་ནས་
534a
༄#། །འཕེལ་བཞིན་དུ་མྱ་ངན་ལས་འདས་པའི་ལམ་འགྲུབ་ན་འདི་ལ་རིགས་བཟང་པོ་དང་རྗེས་སུ་མ་ཐུན་པའི་མཉམ་པ་ཉིད་ཀྱི་བསྔོ་བ་ཞེས་བྱའོ། །ཡང་དག་པའི་དགེ་བའི་རྩ་བ་སྒྲུབས་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བདག་གི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་ཡོངས་སུ་སྒྲུབ་ཅིང་སེམས་ཅན་མི་གཏོང་བར་གྱུར་པ་ན་འདི་ལ་སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་ཞིང་མཉམ་པ་ཉིད་དུ་གཟིགས་པའི་བསྔོ་བ་ཞེས་བྱའོ། །ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ལ་ཐམས་ཅད་ཀྱི་རྣམ་པ་དང་བྲལ་ཞིང་རྗེས་སུ་མཐུན་པ་དང་བྲལ་བ་རྣམ་པ་གཉིས་ལ་མི་གནས་ན་འདི་ལ་ཡང་དག་པའི་རྣམ་པའི་བསྔོ་བ་ཞེས་བྱའོ། །ཡང་དག་པ་ཐོབ་ནས་ཕྱོགས་བཅུའི་སྒྲིབ་པ་མེད་པར་གྱུར་པ་ན་འདི་ལ་བཅིངས་པ་མེད་ཅིང་རྣམ་པར་གྲོལ་བའི་བསྔོ་བ་ཞེས་བྱའོ། །རང་བཞིན་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་ཁམས་ཚད་མེད་པར་གྱུར་པ་ན་འདི་ལ་ཆོས་ཀྱི་ཁམས་དཔག་ཏུ་མེད་པའི་བསྔོ་བ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་རིགས་ཀྱི་དུ་དག་རྣམ་པར་དག་པའི་སེམས་བཞི་བཅུ་རྩ་གཅིག་རྫོགས་ནས་རིམ་གྱིས་མཆོག་ཏུ་རྒྱས་པའི་སྦྱོར་ལམ་རྣམ་པ་བཞི་སྒྲུབ་པར་རིགས་སོ། །དེ་བཞིན་གཤེགས་པའི་རིག་པ་རང་གི་སེམས་ཀྱི་ངོ་བོར་བྱས་ནས་མངོན་དུ་གྱུར་མ་གྱུར་གཙུབ་ཤིང་གཙུབས་ནས་ཤིང་བསྲེག་གོ་སྙམ་པ་ལྟར་གྱུར་
534b
པས་འདི་ལ་དྲོད་བྱུང་བ་ཞེས་བྱའོ། །ཡང་རང་གི་སེམས་སངས་རྒྱས་ཀྱི་སྤྱོད་ཡུལ་ཅན་དུ་བྱས་ནས་ལྟོས་པ་དང་མི་ལྟོས་པ་ནི། རི་མཐོན་པོའི་རྩེ་མོར་འཛེག་པ་ན་ལུས་བར་སྣད་ལ་གནས་པ་འདྲ་ཡང་འགོག་གི་ཆ་ས་ལ་རེག་པ་དང་འདྲ་བར་གྱུར་པས་འདི་ལ་རྩེ་མོར་ཕྱིན་པ་ཞེས་བྱའོ། །སེམས་དང་སངས་རྒྱས་མཉམ་པར་གྱུར་ཅིང་དབུ་མའི་ལམ་རྙེད་ནས་སྐྱེ་བོ་བཟོད་པ་ཅན་འཁོན་ནང་དུ་མི་འཛིན་ལ་ཕྱིར་ཡང་མངོན་དུ་མི་འགྱུར་བ་དང་འདྲ་བར་གྱུར་པས་འདི་ལ་བཟོད་པ་ཞེས་བྱའོ། །གྲངས་དང་ཚད་དང་བྲལ་ནས་དབུ་མའི་ལམ་དུ་རིག་པ་དང་འཁྱམས་པ་གཉིས་མིག་གི་སྤྱོད་ཡུལ་དུ་མ་གྱུར་པ་ན་འདི་ལ་འཇིག་རྟེན་གྱི་ཆོས་མཆོག་ཅེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་རིགས་ཀྱི་བུ་དག་བྱང་ཆུབ་ཆེན་པོ་རྟོགས་ནས་རིག་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མ་ལུས་པ་ཁོང་དུ་ཆུད་པ་ན་འདི་ལ་རབ་ཏུ་དགའ་བའི་ས་ཞེས་བྱའོ། །སྣ་ཚོགས་པའི་རང་བཞིན་ཐ་དད་པ་དག་ཐ་མི་དད་དུ་གྱུར་ཏེ་མཉམ་པ་ཉིད་ཀྱི་རང་བཞིན་འགག་པ་ན་འདི་ལ་དྲི་མ་མེད་པའི་ས་ཞེས་བྱའོ། །དག་པའི་མཐར་ཐུག་ནས་འོད་གསལ་བ་སྐྱེས་ན་འདི་ལ་འོད་བྱེད་པའི་ས་ཞེས་བྱའོ། །འོད་གསལ་བ་མཐར་ཐུག་ནས་རིག་པ་རྒྱས་པ་ན་འདི་ལ་འོད་འཕྲོ་བའི་ས་ཞེས་བྱའོ། །མཉམ་པ་དང་མི་མཉམ་པ་དག་གིས་གླགས་ཚོལ་མི་ནུས་པ་ན་འདི་ལ་སྦྱངས་དཀའ་བའི་ས་ཞེས་བྱའོ། །འདུས་མ་
535a
༄#། །བྱས་ཀྱི་ཡང་དག་པའི་རང་བཞིན་མངོན་དུ་གྱུར་པ་ན་འདི་ལ་མངོན་དུ་གྱུར་པའི་ས་ཞེས་བྱའོ། །ཡང་དག་པའི་མཐར་ཕྱིན་པ་ན་འདི་ལ་རིང་དུ་སོང་བའི་ས་ཞེས་བྱའོ། །ཡང་དག་པའི་སེམས་ཙམ་དུ་གྱུར་པ་ན་འདི་ལ་མི་གཡོ་བའི་ས་ཞེས་བྱའོ། །ཡང་དག་པ་ལས་ཆོས་ཀྱི་ལོངས་སྤྱོད་རྒྱས་པར་བྱེད་ནུས་པ་ན་འདི་ལ་ལེགས་པའི་བློ་གྲོས་ཀྱི་ས་ཞེས་བྱའོ། །ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་རྣམས་འདི་ནས་ཚོགས་ལམ་གྱི་བར་སྒོམ་པའི་བརྩོན་འགྲུས་བརྩམས་ཤིང་ཡོན་ཏན་གྱི་དཔལ་རྫོགས་ནས་འདི་དག་ལ་སོགས་པ་ལ་སྒོམ་པ་ལ་སློབ་པའི་རིམ་པ་ཞེས་བྱའོ། །སྙིང་རྗེའི་གྲིབ་མ་ཅན་རྨད་དུ་བྱུང་བའི་སྤྲིན་མྱ་ངན་ལས་འདས་པའི་རྒྱ་མཚོ་གཡོགས་པས་འདི་ལ་ཆོས་ཀྱི་སྤྲིན་གྱི་ས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞི་བར་གཞོལ་བའི་རྒྱུན་ལས་ལྡོག་ཅིང་བྱང་ཆུབ་སེམས་དཔའ་འདི་དག་རྒྱུན་དང་མཐུན་པར་ཕྱིན་ནས་རིག་པ་ལ་རེག་ཅིང་འདྲེས་པ་ན་འདི་ལ་མཉམ་ཉིད་ཀྱི་རིག་པ་ཞེས་བྱའོ། །ཀུན་དགའ་བོ། ཤེས་རབ་རྐྱང་པའི་སེམས་ནས་མཉམ་པ་ཉིད་ཀྱི་རིག་པའི་བར་ཐོབ་ནས་རིག་པ་འདི་ཐོག་མར་རྡོ་རྗེ་ལྟ་བུའི་སེམས་ཐོབ་པ་ལ་ཤེས་རབ་རྐྱང་པའི་ས་ཞེས་བྱའོ། །འདི་ལྟར་རིམ་པ་རིམ་པར་བརྒྱུད་ནས་ཡ་དང་སྲུང་རིམ་པ་བཅུ་གཉིས་འདས་ནས་གདོད་རྨད་དུ་བྱུང་བའི་རིག་པ་རྫོགས་
535b
ཤིང་བླ་ན་མེད་པའི་ལམ་གྲུབ་བོ། །རྣམ་པ་སྣ་ཚོགས་པའི་ས་འདི་དག་ཐམས་ཅད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྡོ་རྗེ་སྒྱུ་མའི་དཔེ་ཟབ་མོ་རྣམ་པ་བཅུ་བཟུང་སྟེ་ཞི་གནས་ལ་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷག་མཐོང་གི་སྟོབས་ཀྱིས་རྣམ་པར་དག་པའི་སྒོམ་པ་ལ་རིམ་གྱིས་འཇུག་གོ་།ཀུན་དགའ་བོ། འདི་ལྟ་བུ་ཐམས་ཅད་རྒྱུ་རྣམ་པ་གསུམ་མི་འདེར་བར་སྦྱངས་པས་དེ་ལྟ་བུའི་ལམ་གྱི་རིམ་པ་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་ཡང་དག་པའི་བྱང་ཆུབ་ཀྱི་གོ་འཕང་རྫོགས་པར་འགྲུབ་པར་འགྱུར་རོ། །འདི་ལྟར་སྒོམ་པ་ལ་ཡང་དག་པར་སྒོམ་པ་ཞེས་བྱ་ལ་གལ་ཏེ་གཞན་དུ་སྒོམ་ན་ལོག་པར་སྒོམ་པ་ཞེས་བྱའོ། །དེའི་ཚེ་ཆོས་ཀྱི་རྒྱལ་པོའི་སྲས་འཇམ་པའི་དབྱངས་དེ་མ་ཐག་ཏུ་འཁོར་འདུས་པ་ཆེན་པོའི་ནང་ནས་སྟན་ལས་ལངས་ཏེ་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་པ། ཆོས་འདིའི་མིང་ཅི་ཞེས་བྱ། བདག་དང ། སེམས་ཅན་རྣམས་ཀྱིས་ཇི་ལྟར་བཟུང་བར་བགྱི་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཆོས་འདི་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི་གདུགས་དཀར་པོ་ཅན་བླ་ན་མེད་པའི་རིན་པོ་ཆེའི་ཕྱག་རྒྱ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་དག་པའི་རྒྱ་མཚོའི་སྤྱན་ཞེས་བྱའོ། །ཡང་ཉེ་དུ་སྲུང་ཞིང་སྐྱོབ་ཅིང་ཀུན་དགའ་བོ་དང ། ཡང་འཁོར་འདུས་པ་འདིའི་རང་བཞིན་གྱི་དགེ་
536a
༄#། །སློང་མ་བཏུལ་ཞིང་ཐར་པར་བྱས་ནས་བྱང་ཆུབ་ཀྱི་སེམས་ཐོབ་སྟེ་ཡང་དག་པར་རྫོགས་པའི་རྒྱ་མཚོར་འཇུག་པར་བྱ་བའི་ཆོས་ཞེས་བྱའོ། །ཡང་དེ་བཞིན་གཤེགས་པའི་གསང་བའི་རྒྱུ་མཐར་ཐུག་པའི་དོན་སྦྱོང་བའི་ཚུལ་གསལ་བར་བྱེད་པའི་ཆོས་ཞེས་བྱའོ། །ཡང་ཤིན་ཏུ་རྒྱས་པ་པདྨོ་དམ་པའི་རྒྱལ་པོ་ཕྱོགས་བཅུའི་རྒྱལ་བའི་ཡུམ་གྱི་གཟུངས་སྔགས་ཀྱི་ཆོས་ཞེས་བྱའོ། །ཡང་དབང་བསྐུར་བའི་ཚིག་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ་དཔའ་བར་འགྲོ་བའི་ཆོས་ཞེས་བྱའོ། །ཁྱེད་ཅག་གིས་དེ་ལྟར་ཟུངས་ཤིག་ཅེས་བཀའ་སྩལ་པ་དང ། དེའི་ཚེ་ཀུན་དགའ་བོ་དང ། འཁོར་འདུས་པའི་དགེ་འདུན་རྣམས་དེ་བཞིན་གཤེགས་པའི་བཀའ་དྲིན་ལས་གསང་བའི་ཕྱག་རྒྱ་གདུགས་དཀར་པོ་ཅན་གྱི་དོན་གསལ་བར་བསྟན་པ་ལས་ཡང་ཆོས་འདིའི་མཐར་ཐུག་གི་མིང་གི་རྣམ་གྲངས་ཕོས་པས་ཏིང་ངེ་འཛིན་ལས་འཕགས་པའི་གོ་འཕང་གི་བར་སྒོམ་པའི་ཚུལ་མཆོག་ཏུ་རྨད་དུ་བྱུང་བ་རྟོགས་ནས་སེམས་མི་རྟོག་པའི་སྟོང་པ་ལ་གནས་ཤིང་ཁམས་གསུམ་གྱི་ཉོན་མོངས་ཕྲ་མོ་སྐོར་དྲུག་སྤངས་ཤིང་བསལ་ནས་དེ་མ་ཐག་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཞིང་གུས་པས་གསོལ་པ། དཔལ་ཆེན་པོ་དང་ལྡན་པ་བཅོམ་ལྡན་
536b
འདས་ཀྱི་བརྩེ་བའི་དབྱངས་རྣམ་པ་ཐམས་ཅད་པའི་གསུང་གིས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཕྲ་མོ་ཐམས་ཅད་འབྱེད་པ་ལ་མཁས་པས་ད་ལྟ་བདག་ཅག་ལུས་སེམས་བདེ་ཞིང་ཕན་པ་ཆེན་པོ་ཐོབ་པར་མཛད་དོ། །བཅོམ་ལྡན་འདས། འདི་ལྟ་བུའི་གསལ་རིག་ཤིན་ཏུ་རྣམ་པར་དག་པ་རྨད་དུ་བྱུང་བའི་སེམས་དེ་གདོད་མ་ནས་ཀུན་ཏུ་ཁྱབ་ཅིང་དེ་ནས་ས་ཆེན་པོ་དང ། རྩཝ་དང།་ཤིང་དང ། གཡོ་ཞིང་རྒྱུ་བའི་སྲོག་ཆགས་ཀྱི་བར་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་གདོད་མ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་པའི་རང་བཞིན་ཡིན་ན་དེ་བཞིན་གཤེགས་པའི་རང་བཞིན་ལ་ཇི་ལྟར་སླར་ཡང་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོ་དང ། ལྷ་མ་ཡིན་དང ། མི་དང ། ལྷ་ལ་སོགས་པའི་རིགས་ཡོད་པར་གྱུར་ལགས། བཅོམ་ལྡན་འདས། འདི་དག་གདོད་མ་ནས་རང་བྱུང་དུ་ཡོད་དམ། ཡང་ན་སེམས་ཅན་རྣམས་ཀྱི་འཁྲུལ་པའི་བག་ཆགས་ལས་བྱུང་བ་ཡིན། བཅོམ་ལྡན་འདས། དཔེར་ན། དགེ་སློང་མ་པདྨའི་དྲི་ལྡན་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་རང་ཉིད་ལོག་པར་གཡེམ་ནས་གཞན་ལ་ལོག་གཡེམ་ནི། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང་མི་འདྲ་ཞིང་འདི་ལ་སྡིག་པའི་རྣམ་པར་སྨིན་པ་མེད་ཅེས་རྫུན་གྱིས་སྐུར་པ་བཏབ་པས་དེ་མ་ཐག་ཏུ་བུད་མེད་ཀྱི་སྐྱེ་གནས་ལས་མེ་འབར་ཞིང་དེ་ནས་ཡང་ལག་རྣམས་མེ་རབ་ཏུ་འབར་བས་ཚིག་ནས་མནར་
537a
༄#། །མེད་དུ་ལྷུང་ངོ ། །ཡང་རྒྱལ་པོ་འཕགས་སྐྱེས་པོ་དང ། དགེ་སློང་ལེགས་པའི་སྐར་མ་བཞིན་རྒྱལ་པོ་འཕགས་སྐྱེས་པོས་གཽ་ཏ་མའི་རིགས་བསད་པ་དང ། དགེ་སློང་ལེགས་པའི་སྐར་མས་ཆོས་ཐམས་ཅད་མེད་ཅེས་སྐུར་པ་བཏབ་པས་ལུས་དེ་ཉིད་ཀྱིས་མནར་མེད་དུ་ལྷུང་ངོ ། །དམྱལ་བ་འདི་དག་ལ་གནས་ངེས་པ་ཅན་ཡོད་དམ།་ཡང་ན་དེ་དག་སྡུག་བསྔལ་མྱོང་བའི་ཕྱིར་རང་རང་གི་སྡིག་པའི་ལས་ཀྱིས་གསར་དུ་གྲུབ་པ་ཡིན། ཐུགས་རྗེ་ཆེན་པོས་བྱིས་པ་རྣམས་ལ་གསལ་བར་བསྟན་ཏེ་གང་དག་ཚུལ་ཁྲིམས་བསྲུང་བའི་སེམས་ཅན་རྣམས་རྣམ་པར་ངེས་པའི་དོན་ཐོས་ནས་རབ་ཏུ་དགའ་ཞིང་དད་པས་ཚངས་པར་སྤྱོད་པ་དང་མི་འགལ་བར་འགྱུར་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་དྲིས་པ་ལེགས་སོ། །འདི་ལྟར་ན་སེམས་ཅན་རྣམས་ལྟ་བ་ལོག་པ་ལ་འཇུག་པར་མི་འགྱུར་རོ། །ཁྱོད་ལེགས་པར་ཉོན་ཅིག་དང་བཤད་པར་བྱའོ། །ཀུན་དགའ་བོ། སེམས་ཅན་ཐམས་ཅད་ངེས་པར་གདོད་མ་ནས་རྣམ་པར་དག་པ་ཡིན་ཏེ། དེ་དག་རྫུན་པར་མཐོང་བས་རྫུན་པའི་བག་ཆགས་སྐྱེས་སོ། །རྒྱུ་འདིས་ནང་གི་ཡུལ་དང་ཕྱིའི་ཡུལ་ཞེས་ཆ་སོ་སོར་ཕྱེའོ། །ཀུན་དགའ་བོ། ནང་གི་ཡུལ་གང་ཞེ་ན། སེམས་ཅན་ཡུལ་གྱི་ནང་ངོ ། །འདོད་པ་དང་
537b
ཞེན་པའི་རྒྱུས་འཁྲུལ་པའི་སེམས་སྐྱེ་ཞིང་དེའི་རྒྱུན་འཐུད་ནས་མི་གཅོད་ན་འདོད་པའི་ཆུ་བོ་འབྱུང་ངོ ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ལ་རོ་མངར་བ་དྲན་ན་འགྲམ་ཆུ་ལྡང་ངོ་།། སེམས་ལ་སྔོན་གྱི་སྐྱེ་བོ་དྲན་པ་ན་འགའ་ཞིག་ལ་སྙིང་བརྩེ་བ་དང ། ཡང་ན་ཁྲོས་པ་ལས་མཆི་མ་འབྱུང་ངོ ། །ནོར་ལ་ཞེན་པས་ཚོལ་ན་སེམས་ལ་འདོད་པའི་རྒྱུན་བྱུང་སྟེ་ལུས་སྣུམ་བག་དང་ལྡན་པར་འགྱུར་རོ། །འཁྲིག་པ་ཡིད་ལ་བྱེད་ན་ཕོ་མོའི་དབང་པོ་ལས་ཐིག་ལེའི་རྒྱུན་དང་གིས་འབྱུང་ངོ ། །ཀུན་དགའ་བོ། འདོད་པ་ཐ་དད་ཀྱང་རྒྱུན་དང་འཆིང་བ་འདྲའོ། །རླན་གཤེར་གྱེན་དུ་མི་འགྲོ་བར་ངེས་པར་ཐུར་དུ་འབབ་བོ། །འདི་དང་ནི། ནང་གི་ཡུལ་ཞེས་བྱའོ། །ཀུན་དགའ་བོ། ཕྱིའི་ཡུལ་ནི། སེམས་ཅན་རྣམས་ཀྱི་ཡུལ་ཕྱི་ལ་བརྗོད་དོ།། འདོད་གདུང་ལས་སེམས་ཀུན་རྫོབ་པ་མངོན་དུ་འགྱུར་རོ། །དེའི་རྒྱུན་འཐུད་ནས་མི་གཅོད་ན་ནུས་པ་ཁྱད་པར་ཅན་སྐྱེའོ། །དེའི་ཕྱིར་སེམས་ཅན་རྣམས་སེམས་ཀྱིས་ཚུལ་ཁྲིམས་བསྲུངས་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །སེམས་ལ་སྔགས་དང་ཕྱག་རྒྱ་བཟུང་ན་ལྟ་སྟངས་བརྗིད་བག་དང་ལྡན་པར་འགྱུར་རོ། །སེམས་ལ་ལྷར་སྐྱེ་སྙམ་ན་མཁའ་ལ་འཕུར་བར་རྨིས་པར་འགྱུར་རོ། །སེམས་ལ་སངས་རྒྱས་ཀྱི་ཞིང་བསམ་ན་འཕགས་པའི་སྤྱོད་ཡུལ་ཉམས་སྣང་དུ་མཐོང་ངོ ། །དགེ་བའི་བཤེས་གཉེན་ལ་བརྟེན་ན་ལུས་སྲོག་ལ་མི་བལྟའོ། །ཀུན་དགའ་བོ།
538a
༄#། །འདུ་ཤེས་རྣམས་ཐ་དད་ཀྱང་ཡང་བས་འཕྱོ་བ་དང་འདྲའོ། །འཕུར་ཞིང་གཡོ་བས་ཐུར་དུ་མི་གཞོལ་བའི་ཕྱིར་རང་གི་ངང་གིས་འདྲའོ། །འདི་ལ་ཕྱིའི་ཡུལ་ཞེས་བྱའོ། །ཀུན་དགའ་བོ། འཇིག་རྟེན་གྱི་སྐྱེ་འཆི་རེས་མོས་སུ་བརྒྱུད་ནས་ཁམས་མཐུན་ན་འཚོ་ཞིང་འགྱུར་ན་འཆི་བར་འགྱུར་རོ། །སྲོག་འགག་ཅིང་དྲོད་མ་ཡལ་བའི་ཆེ་སྐྱེ་བ་གཅིག་བུ་འདིའི་དག་མི་དགེ་དུས་གཅིག་ལ་མངོན་དུ་འགྱུར་རོ། །འཆི་བའི་འགྱུར་བ་དང་སྐྱེ་བའི་མཐུན་པ་གཉིས་ཀྱི་བག་ཆགས་ཕན་ཚུན་དུ་འཕྲད་དོ། །འདུ་ཤེས་ཙམ་ཡིན་ན་གདོན་མི་ཟ་བར་གྱིན་དུ་ལྷ་ཡུལ་དུ་འགྲོའོ། །གྱེན་དུ་འགྲོ་བའི་སེམས་ལ་བསོད་ནམས་དང་ཡེ་ཤེས་དང་སྨོན་ལམ་རྣམ་པར་དག་པ་ཡོད་ན་བློ་རང་གིས་སད་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་མཐོང་ཞིང་འདོད་པ་བཞིན་དུ་སོང་སྟེ་སྐྱེ་བར་འགྱུར་རོ། །སེམས་ཉུང་ཞིང་སེམས་པ་མངོན་ཡང་བས་གྱེན་དུ་འཕྱོ་བ་མི་རིང་བས་མཁའ་ལ་རྒྱུ་བའི་དྲང་སྲོང་དང ། འབྱུང་པོའི་རྒྱལ་པོ་མཐུ་ཆེ་བ་དང ། མཁའ་ལ་རྒྱུ་བའི་གནོད་སྦྱིན་དང ། ས་ལ་རྒྱུ་བའི་སྲིན་པོར་གྱུར་ནས་རྒྱལ་ཆེན་རིགས་བཞིའི་གནས་ཚུན་ཆད་དུ་རྣམ་པར་རོལ་ཞིང་གང་དུ་འགྲོ་ཡང་ཐོགས་པ་མེད་དོ། །འདི་དག་ལས་སྨོན་ལམ་དང ། སེམས་ལེགས་པ་དག་ནི། ངའི་བསྟན་པ་བསྲུང་བ་དང ། ཡང་ན་སྡོམ་པ་དང་ཚུལ་ཁྲིམས་སྲུང་བའི་
538b
བསམ་པས་ཚུལ་ཁྲིམས་སྲུང་བའི་གང་ཟག་གི་རྗེས་སུ་འབྲང་བ་དང ། ཡང་ན་གཟུངས་སྔགས་སྲུང་བའི་བསམ་པས་གཟུངས་སྔགས་འཛིན་པའི་གང་ཟག་གི་རྗེས་སུ་འབྲང་བ་དང ། ཡང་ན་བསམ་གཏན་སྲུང་བའི་བསམ་པས་ཆོས་ཀྱི་བཟོད་པ་སྲུང་ཞིང་སྐྱོང་བའི་ཕྱིར་འདི་དག་བཅོམ་ལྡན་འདས་ཀྱི་ཞབས་འོག་ཏུ་གནས་པར་འགྱུར་རོ། །སེམས་གཤིས་དང་སེམས་པ་མཉམ་ན་གྱེན་དུ་མི་འགྲོ་ཞིང་འོག་ཏུ་མི་ལྟུང་བའི་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ལ། སེམས་པ་གསལ་བས་མཁས་པར་འགྱུར་ལ་སེམས་རྨོངས་པས་རྟུལ་པོར་འགྱུར་རོ། །སེམས་གཤིས་མང་ཞིང་སེམས་པ་ཉུང་ན་དུད་འགྲོའི་རིགས་སུ་སྐྱེ་ཞིང་ལྕི་བ་དག་ཕྱུགས་ཀྱི་རིགས་དང ། ཡང་བ་དག་འདབ་ཆགས་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ། །སེམས་གཤིས་ཆ་བདུན་པ་དང་སེམས་པ་ཆ་གསུམ་པ་ཡིན་ན་ཆུའི་དཀྱིལ་འཁོར་གྱི་འོག་ཏུ་སྐྱེས་ནས་མེ་འབར་བའི་དྲོད་ཀྱིས་ལུས་བསྐམས་ནས་ཡི་དྭགས་སུ་གྱུར་ཏེ་རྒྱུན་དུ་མེས་ཚིག་པར་འགྱུར་ལ་ཆུ་འཐུང་དུ་སོང་བ་ན་གཞན་གྱིས་གསོད་པར་འགྱུར་ཏེ། འདི་ལྟར་བཟའ་བཏུང་མི་རྙེད་པར་བསྐལ་པ་བརྒྱ་སྟོང་འདའ་བར་འགྱུར་རོ། །སེམས་གཤིས་ཆ་དགུ་པ་དང་སེམས་པ་ཆ་གཅིག་པ་ཡིན་ན་མེའི་དཀྱིལ་འཁོར་འདས་ནས་མེ་དང་རླུང་གི་མཚམས་སུ་ཞུགས་ནས་རྣམ་སྨིན་ཡང་བ་དག་ནི། མནར་ཡོད་པ་དང ། ལྕི་བ་དག་ནི། མནར་མེད་པ་སྟེ། དམྱལ་བ་རིགས་
539a
༄#། །གཉིས་སུ་སྐྱེ་བར་འགྱུར་ཞིང ། སེམས་གཤིས་རྐྱང་པ་ཡིན་ན་མནར་མེད་པའི་དམྱལ་བར་འགྲོའོ། །ལྟུང་བ་པོ་དེའི་སེམས་ལ་ཐེག་པ་ཆེན་པོ་ལ་སྨོད་པ་དང ། སངས་རྒྱས་ཀྱི་བཅས་པའི་ཁྲིམས་གཞིག་པ་དང ། ཆོས་ལོག་པར་སྨྲ་བ་དང ། སྦྱིན་བདག་གི་རྫས་ལ་འདོད་ནས་ཞེན་པས་ལེན་པ་དང ། མི་འོས་པའི་རྙེད་པ་དང་བཀུར་སྟི་དང་དུ་ལེན་པ་ལ་སོགས་པ་དང་མཚམས་མེད་པ་ལྔ་དང་ལྕི་བ་བཅུས་གོས་ན་ཕྱོགས་བཅུའི་མནར་མེད་རྣམས་སུ་རིམ་གྱིས་སྐྱེ་བར་འགྱུར་རོ། །མི་དགེ་བའི་ལས་བསགས་པའི་འབྲས་བུའི་རྗེས་སུ་འབྲངས་ཏེ་སྡུག་བསྔལ་མྱོང་བ་ནི། རང་གིས་བསགས་པའི་ལས་ཀྱི་འབྲས་བུ་ཡིན་ན་ཡང་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ལས་ཐོག་མ་ནས་གྲུབ་ཟིན་པའི་གནས་ཡོད་དོ།། ཀུན་དགའ་བོ། འདི་དག་ཐམས་ཅད་སེམས་ཅན་དེ་དག་རང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་བག་ཆགས་རྣམ་པ་བཅུས་རྒྱུ་བྱས་པའི་དབང་པོ་དྲུག་པོ་ཐམས་ཅད་ཀྱིས་རྣམ་པར་སྨིན་པ་མྱོང་ངོ ། །རྒྱུ་བཅུ་པོ་གང་ཞེ་ན། ཀུན་དགའ་བོ། དང་པོ་འདོད་པའི་བག་ཆགས་དང་འབྲེལ་བ་ནི། ཕན་ཚུན་དུ་ཞེན་པ་ལས་བསྐྱེད་པ་ཡིན་ལ་རིམ་གྱིས་ཞེན་བཞིན་དུ་རྒྱུན་ཆགས་པའི་ཕྱིར་དེ་ལྟར་རབ་ཏུ་འབར་བའི་མེ་ལྕེ་ནང་ནས་འཕྲོ་ཞིང་འབྱུང་ངོ ། །དཔེར་ན། མིའི་ལག་པ་ཕན་ཚུན་མཉེས་ན་དྲོ་བའི་མཚན་མ་མངོན་དུ་འགྱུར་བ་ལྟར་བག་ཆགས་
539b
གཉིས་ཕན་ཚུན་དུ་ཞེན་པས་དེ་ལྟར་ལྕགས་ཀྱི་ཁྲི་དང་ཟངས་ཀྱི་ཀ་བ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་འདོད་པའི་ལས་གཟིགས་ནས་འདོད་ཆགས་ཀྱི་མེ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་འདོད་པ་ལ་གཟིགས་ནས་མེའི་དོང་བཞིན་དུ་བྱོལ་ནས་འགྲོའོ། །གཉིས་པ་བརྣབ་སེམས་ཀྱི་བག་ཆགས་ལས་རྟོག་ཅིང་སེམས་པ་ནི། རྡུབ་པའི་རྣམ་པ་བྱུང་ཞིང་རྡུབ་པ་རྒྱུན་ཆགས་པ་ཚིམ་པ་མེད་པས་དེ་ལྟར་ལྷགས་སྒང་གི་འཁྱགས་པའི་ནང་དུ་གྲང་ངད་ཀྱིས་གས་པར་འགྱུར་རོ། །དཔེར་ན། མིའི་ཁ་ནས་དབུགས་ནང་དུ་རྡུབ་ན་གྲང་བ་ཚོར་བ་དང་འདྲའོ། །བག་ཆགས་གཉིས་ཕན་ཚུན་དུ་ཟིལ་གྱིས་མནན་པས་དེ་ལྟར་ཨ་ཆུ་དང་ཀྱི་ཧུད་དང་སོ་ཐམ་ཐམ་ལ་སོགས་པའི་སྐད་འདོན་ཞིང་ཨུཏྤལ་དང་པདྨ་ལྟ་བུར་ཁ་དོག་འགྱུར་ཏེ་འཁྱགས་ཤིང་གྲང་བའི་སྡུག་བསྔལ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀུན་ཏུ་ལེན་པར་འདོད་པ་དག་གཟིགས་ནས་བརྣབ་སེམས་ཀྱི་ཆུ་བོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་བརྣབ་སེམས་གཟིགས་ནས་དུག་གི་རླངས་པ་ཅན་གྱི་རྒྱ་མཚོ་ལྟར་བྱོལ་ནས་འགྲོའོ། །གསུམ་པ་མཐོན་པོའི་ང་རྒྱལ་གྱི་བག་ཆགས་ཀྱིས་ཟིལ་གྱིས་མནན་པ་ལས་ཕན་ཚུན་དུ་ཕྲག་དོག་པས་བསྐྱེད་པ་ཡིན་ཞིང་འདི་རྒྱུན་མ་འཆད་པས་འཕྱོ་
540a
༄#། །ཞིང་འཕྱུར་ལ་འཁྲུགས་པ་ལས་ཆུ་བོ་འབྱུང་སྟེ། དཔེར་ན། ཁ་ནང་ན་ལྕེ་བསྒྱུར་ཞིང་འདྲིལ་ན་མཆིལ་མ་འབྱུང་བ་དང་འདྲའོ། །བག་ཆགས་འཕེལ་བཞིན་པ་དེ་ལྟ་བུར་ཁྲག་གི་ཀླུང་དང ། ཐལ་སྐྱའི་ཀླུང་དང ། བྱེ་ཚན་དང ། དུག་གི་མཚོ་དང ། ཟངས་ཞུན་ཁར་ལྡུགས་པ་དང་མིད་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མཐོན་པོའི་ང་རྒྱལ་ལ་གཟིགས་ནས་རྨོངས་བྱེད་ཀྱི་ཆུ་འཐུང་བ་དང་འདྲའོ། །ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་མཐོན་པོའི་ང་རྒྱལ་གཟིགས་ནས་འདམ་རྫབ་ཆེན་པོ་དང་འདྲ་བར་བྱོལ་ཞིང་འགྲོའོ། །བཞི་པ་ཞེ་སྡང་གི་བག་ཆགས་ཕན་ཚུན་དུ་འཚེ་བ་ནི། ཕན་ཚུན་མི་འདོད་པས་བསྐྱེད་པ་ཡིན་ཞིང་མི་འདོད་པས་འཆིང་བཞིན་དུ་མ་ཞིན་སེམས་གདུངས་ནས་མེ་འབར་ཏེ་ཁྲོ་བའི་རང་བཞིན་ལྕགས་ལྟར་འགྱུར་རོ། །དེའི་ཕྱིར་རལ་གྲིའི་རི་དང ། ལྕགས་ཀྱི་དབྱུག་པ་དང ། ཤལ་མ་ལིའི་སྡོང་པོ་དང ། རལ་གྲིའི་འཁོར་ལོ་དང ། དགྲ་སྟ་དང ། མདུང་དང ། སོག་ལེ་ལ་སོགས་པ་དད་འབྱུང་ངོ ། །དཔེར་ན། མི་དག་ཤ་འཁོན་དུ་གྱུར་ཏེ་ཕན་ཚུན་གསོད་པ་དང་ཞེ་སྡང་བ་ལྟར་བག་ཆགས་གཉིས་ཀྱིས་ཕན་ཚུན་གསོད་པས་དེ་ལྟར་དཔལ་བཅོམ་ཏེ་མགོ་གཅོད་པ་དང ། དུས་བུར་བྱེད་པ་དང ། འབུགས་པ་དང ། བསྣུན་
540b
པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཞེ་སྡང་གཟིགས་ནས་རལ་གྲི་རྣོན་པོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཞེ་སྡང་གཟིགས་ནས་གསོད་པ་པོ་དང་འདྲ་བར་བྱོལ་ནས་འགྲོའོ། །ལྔ་པ་གཡོ་སྒྱུའི་བག་ཆགས་ཀྱིས་ཕན་ཚུན་དུ་བསླུ་བ་ནི། ཕན་ཚུན་དུ་གྱོད་སློང་བ་ལས་བསྐྱེད་པ་ཡིན་ཞིང་འཕེལ་ཞིང་རྒྱུན་ཆགས་པ་ལས་དེ་ལྟ་བུར་ཐག་པས་བཀྱིག་པ་དང ། ཤིང་གིས་བཅུ་པ་དང ། ནན་ཏུར་བྱེད་པ་ལ་སོགས་པ་འབྱུང་ངོ ། །དཔེར་ན། ཞིང་ལ་ཆུ་དྲངས་ཏེ་རྩ་ཤིང་བསྐྱེད་པ་དང་འདྲའོ། །བག་ཆགས་གཉིས་ཕན་ཚུན་དུ་འཕེལ་བས་དེ་ལྟར་རྐང་ལག་ལྕགས་སྒྲོག་དང ། བསྡོས་བསྐོན་པ་དང ། བེར་ཀ་དང ། ལྕགས་ཐག་གིས་བསྡམས་པ་དང ། ལྕག་ཚན་དང།་དབྱུག་པ་དང ། བེ་ཅོན་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཡོ་སྒྱུ་གཟིགས་ནས་གཡོ་ཅན་གྱི་རྐུན་པོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་གཡོ་སྒྱུ་ཅན་ལ་གཟིགས་ནས་འཕར་བ་དང་འདྲ་མར་འཇིགས་ཤིང་སྐྲག་གོ་།དྲུག་པ་ཕན་ཚུན་དུ་རྫུན་གྱིས་བསླུ་བའི་བག་ཆགས་ནི། ཕན་ཚུན་དུ་ཅོ་འདྲི་བས་སྐྱོན་འདོགས་ཤིང་ཚུལ་དེ་མི་གཏོང་བར་གཡོ་སྒྱུའི་བསམ་པ་སྐྱེད་པ་དེ་ལྟར་རྡུལ་དང་བཤད་གཅི་དང ། །དྲི་ང་བ་དང ། མི་གཙང་བ་སོགས་འབྱུང་
541a
༄#། །ངོ། །དཔེར་ན། རླུང་གིས་རྡུལ་འཚུབས་ལངས་ཏེ་མི་མཐོང་བ་དང་འདྲའོ། །བག་ཆགས་གཉིས་འཕེལ་ནས་དེ་ལྟར་འདམ་དུ་ལྟུང་ཞིང་འཕྱོ་བ་དང ། སྐྱུར་བ་དང ། འཕུར་བ་དང ། འབབ་པ་དང ། རྒྱུན་གྱིས་འཁྱེར་བ་དང ། བྱིང་བ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཡོ་སྒྱུ་བྱེད་པ་དང་བསླུ་བ་གཟིགས་ནས་ཆོམ་རྐུན་གྱིས་གསོད་པ་དང་འདྲ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་གཡོ་སྒྱུ་གཟིགས་ནས་དུག་སྤྲུལ་རྐང་འོག་ཏུ་ཚུད་པ་དང་འདྲ་བར་སེམས་སོ། །བདུན་པ་ཤ་འཁོན་གྱི་བག་ཆགས་ལས་ཕན་ཚུན་དུ་དོགས་པ་དང་མྱ་ངན་ལས་བསྐྱེད་པ་ཡིན་ཞིང་རྡོ་བ་འཕེན་པ་དང ། གྱོ་མོ་འཕེན་པ་དང ། སྒྲོམ་དུ་འཇུག་པ་དང ། ཤིང་རྟར་འཛུད་པ་དང ། རྫ་མར་འཇུག་པ་དང ། ཕད་བུར་བཅུག་ནས་བསྐྱུར་ཏེ་གསོད་པ་ལ་སོགས་པ་འབྱུང་ངོ ། །དཔེར་ན། སྐྱེ་བོ་མ་རུངས་པ་གདུག་སེམས་བསྐྱེད་པ་དང་འདྲ་བར་བག་ཆགས་གཉིས་ཕན་ཚུན་དུ་འབྲེལ་བས་དེ་ལྟར་བརྡུང་བ་དང ། བསྐྱུར་བ་དང ། འཛིན་པ་དང ། འཁྱིག་པ་དང ། མདའ་སོགས་ཀྱིས་འདེབས་པ་དང ། གསོད་པ་དང ། བསྐྱུར་བ་དང ། ལུས་སྒྲིལ་བ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཤ་འཁོན་ཅན་གྱི་སྐྱེ་བོ་གཟིགས་ནས་ལོག་པར་གནོད་
541b
བའི་འདྲེ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཤ་འཁོན་ཅན་གྱི་སྐྱེ་བོ་གཟིགས་ནས་དུག་གི་ཆང་འཐུང་བ་དང་འདྲ་བར་སེམས་སོ། །བརྒྱད་པ་ལྟ་བའི་བག་ཆགས་ཀྱིས་ཕན་ཚུན་གསལ་བ་ནི། ངའོ་སྙམ་དུ་འཛིན་པ་དང ། ལྟ་བའི་འཛིན་པ་དང ། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང ། འདུ་ཤེས་ལོག་པའི་རིགས་སྡིག་པའི་འབྲས་བུ་ཐམས་ཅད་ཕྱིན་ཅི་ལོག་ལས་བསྐྱེད་ནས་སོ་སོར་ཕྱུང་བ་ནི། ཕན་ཚུན་དུ་རྒོལ་བ་ལས་བྱུང་ངོ ། །དེ་ལྟར་གཤིན་རྗེའི་ཕོ་ཉ་དང་ལས་བྱད་པ་ཡི་གེ་དཔང་རྒྱ་འཛིན་པ་དག་ཡོད་དོ། །དཔེར་ན། ལམ་དུ་འགྲོ་བའི་མི་གཅིག་གིས་གཅིག་ལྟ་བ་དང་འདྲའོ། །བག་ཆགས་གཉིས་ཕན་ཚུན་དུ་མཐུན་པས་དེ་ལྟར་དབང་རྒྱ་འཛིན་པ་དག་གིས་གཡོ་སྒྱུ་ལ་རྟོག་པ་དང ། འདྲི་བ་དང ། ནན་ཏུར་བྱེད་པ་དང ། རྩ་བ་ཚོལ་བ་དང ། ཕྲ་ཞིང་ཞིབ་པར་བྱེད་པ་དང ། ལེགས་ཉེས་འབྱེད་པའི་ལྷ་དང་འདྲེ་དག་གི་ལག་ཏུ་ཡི་གེ་བཟུང་ནས་སོ་སོར་འབྱེད་པ་དག་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལྟ་བ་ངན་པ་གཟིགས་ནས་ལྟ་བའི་དོང་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་འདི་ལྟ་བུ་བདེན་པ་མ་ཡིན་པའི་སྟོང་པ་ལ་ལོག་པར་བཟུང་བ་གཟིགས་ནས་དུག་གི་གཅོང་རོང་དང་འདྲ་བར་སེམས་སོ། །དགུ་པ་བསྙོན་པའི་བག་ཆགས་ཕན་ཚུན་དུ་སྒྲོ་འདོགས་པ་ནི།
542a
༄#། །བསྙོན་ཏེ་ངན་དུ་སྨྲ་བ་ལས་བསྐྱེད་པ་ཡིན་ཞིང་དེའི་ཕྱིར་རིས་བཙིར་བ་དང ། རྡོབས་བཙིར་བ་དང ། མཆིག་དང་རང་ཐག་གིས་འཐག་པ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དཔེར་ན། སྐྱེ་བོ་མི་སྲུན་པས་སྐྱེ་བོ་རང་བཞིན་དྲང་པོ་ལ་ཉེས་པ་མེད་པར་བསྙོན་འཛུགས་པ་དང་འདྲའོ། །བག་ཆགས་གཉིས་ཕན་ཚུན་དུ་འབྲེལ་བས་དེ་ལྟར་བསྲུང་བ་དང ། འཚེ་བ་དང ། བརྡེག་པ་དང ། ལྕིད་ཀྱིས་ནོན་པ་དང ། བཙིར་བ་དང ། དབྱང་བ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཤེ་ཞིང་བསྙོན་པ་དག་གཟིགས་ནས་མི་སྲུན་པ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་བསྙོན་པ་དག་གཟིགས་ནས་ཐོག་བབས་པ་དང་འདྲ་བར་བལྟའོ། །བཅུ་པ་ཤེར་སྦྱང་གི་བག་ཆགས་ཕན་ཚུན་དུ་རྩོད་པ་ནི། གསང་ཞིང་སྦས་པས་བསྐྱེད་པ་ཡིན་ཞིང་དེའི་ཕྱིར་མེ་ལོང་སྟོན་པ་དང ། འོད་ཀྱིས་སྣང་བར་བྱེད་པ་དག་ཡོད་དོ། །དཔེར་ན། ཉི་མའི་གྲིབ་མ་སྦེད་མི་ཐུབ་པ་དང་འདྲའོ། །བག་ཆགས་གཉིས་ཕན་ཚུན་འབྲེལ་བས་དེ་ལྟ་བུ་ཤ་འཁོན་ཅན་གྱི་དགྲ་དང་གྲོགས་ངན་པ་དང་སྡིག་པ་སྟོན་པའི་མེ་ལོང་དང་ནོར་བུ་སྒྲོན་མེས་རིང་ནས་བསགས་པའི་སྡིག་པ་རྣམས་རྣམ་པར་གསལ་བར་བྱས་ཏེ་མཚན་མ་སྟོན་པ་ལ་སོགས་པའི་འབྲས་བུ་མྱོང་ངོ ། །དེའི་ཕྱིར་
542b
ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་རང་སྐྱོན་གསང་ཞིང་སྦེད་པ་གཟིགས་ནས་རྐུན་མ་གཡོ་ཅན་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྦེད་པ་ལ་གཟིགས་ནས་རི་ཆེན་པོ་སྤྱི་བོར་ཁུར་ནས་རྒྱ་མཚོའི་ནང་དུ་གོམ་པ་འགོད་པ་དང་འདྲ་བར་བལྟའོ། །རྣམ་པར་སྨིན་པ་དྲུག་གང་ཞེ་ན། ཀུན་དགའ་བོ། སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་དྲུག་གིས་ལས་བསགས་ནས་སྡིག་པའི་འབྲས་བུ་ནི་དབང་ལོ་དྲུག་ལས་འབྱུང་ངོ ། །ཇི་ལྟར་སྡིག་པའི་འབྲས་བུ་དབང་པོ་དྲུག་ལས་འབྱུང་ཞེ་ན། དང་པོ་མཐོང་བའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། མཐོང་བ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཕྱོགས་བཅུར་མེ་འབར་བས་གང་བ་མཐོང་བར་འགྱུར་ཞིང ། འདི་ལ་ཤི་འཕོས་པའི་རྣམ་ཤེས་དུ་བ་སྟེང་འོག་ཏུ་འགྲོ་བའི་རྗེས་སུ་ཞུགས་ནས་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་གསལ་བའི་མཚན་མ་ནི།་མི་སྡུག་པའི་རྣམ་པ་སྣ་ཚོགས་མང་པོ་མཐོང་ཞིང་ཚད་མེད་པའི་འཇིགས་པ་འབྱུང་ངོ ། །གཉིས་པ་མི་གསལ་བའི་མཚན་མ་ནི། མུན་པ་མུན་ནག་གང་ཡང་མི་མཐོང་ཞིང་ཚད་མེད་པའི་སྐྲག་པ་འབྱུང་ངོ ། །དེ་བཞིན་དུ་མཐོང་བའི་སེམས་མཉན་པ་བསྲེགས་པ་ན་ཟངས་ཞུན་ཁོལ་མར་འགྱུར་རོ། །དབུགས་བསེགས་པ་ན་དུ་བ་ནག་པོ་དང་ན་བུན་སྨུག་པོ་
543a
༄#། །འགྱུར་རོ། །བྲོ་བ་བསྲེགས་པ་ན་ལྕགས་བསྲེགས་ཀྱི་རིལ་བུར་འགྱུར་རོ། །རེག་པ་བསྲེགས་པ་ནམ་མ་མུར་དང་སོལ་མེར་འགྱུར་རོ། །སེམས་བསྲེགས་པ་ན་མེ་སྟག་ཀུན་ཏུ་འཕྲོ་བར་འགྱུར་རོ། །གཉིས་པ་ཐོས་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། ཐོས་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་རྦ་རླབས་འཕྱུར་བས་ས་དང་ནམ་མཁའ་གང་བ་མཐོང་བར་འགྱུར་ཞིང ། འདི་ལ་ཤི་འཕོས་པའི་རྣམ་ཤེས་རྒྱུན་གྱི་ཤུགས་ཀྱིས་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་མཉན་པ་ན་ཀུ་ཅོ་སྣ་ཚོགས་པ་ཐོས་ཤིང་སེམས་རྨོངས་ཤིང་འཁྲུགས་པར་འགྱུར་རོ། །གཉིས་པ་མཉན་པ་བཀག་ན་སྒྲ་མེད་པར་གྱུར་ཏེ་མི་གསལ་ཞིང་བྱིང་བར་འགྱུར་རོ། །དེའི་ཕྱིར་ཐོས་པའི་རྦ་ཀློང་དུ་ཐོས་པ་ནུབ་ན་ཉེས་པ་བརྗོད་ཅིང་ཆད་པ་གཅོད་དོ། །མཐོང་བ་ནུབ་ན་འབྲུག་གི་ང་རོ་སྒྲོག་ཅིང་དུག་གི་རླངས་པ་འཐིབ་བོ། །དབུགས་ནུབ་ན་ཆར་དང་ན་བུན་དང་སྲིན་བུ་གདུག་བ་ཅན་བབས་ནས་ལུས་གང་བར་འགྱུར་རོ། །རོ་ནུབ་ན་རྣག་ཁྲག་ཏུ་གྱུར་ཅིང་སྣ་ཚོགས་པའི་མི་གཙང་བ་དང་དྲི་ང་བར་འགྱུར་རོ། །རེག་བྱ་ནུབ་ན་སྲོག་ཆགས་དང་འདྲེ་དང་བཤང་གཅིའི་རྫབ་ཏུ་འགྱུར་རོ། །ཡིད་ནུབ་ན་གློག་དང་སེར་བ་བབས་ཏེ་སྙིང་གས་པར་
543b
འགྱུར་རོ། །གསུམ་པ་སྣོམ་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། སྣོམ་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་དུག་གི་རླངས་པས་ཕྱོགས་ཐམས་ཅད་གང་ཞིང་འཁྲིགས་པ་མཐོང་བར་འགྱུར་ཞིང ། འདི་ལ་ཤི་འཕོས་པའི་རྣམ་ཤེས་ས་ལ་འཛུལ་ཞིང་བྱུང་སྟེ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་ཐོས་ན་སྣ་ཚོགས་པའི་དུག་གི་རླངས་པས་བདུགས་ནས་སེམས་རྨོངས་པར་འགྱུར་རོ། །གཉིས་པ་ཐོས་པ་ཐོགས་པ་ན་དབུགས་འགག་ཅིང་འཐུམས་ནས་འཆི་བ་ལ་ཐུག་པར་འགྱུར་རོ། །དེའི་ཕྱིར་སྣོམ་པའི་དྲི་དབུགས་ལ་ཕོག་ན་རྒོལ་བ་དང་བརྫི་བར་བྱེད་དོ། །མཐོང་བ་ལ་ཕོག་ན་མེ་དང་འོད་དུ་འགྱུར་རོ། །མཉན་པ་ལ་ཕོག་ན་ཟངས་ཞུན་ཁོལ་མ་དང་ཕྱི་སའི་རྫབ་ཏུ་བྱིང་བར་འགྱུར་རོ། །རོ་ལ་ཕོག་ན་རུལ་བ་དང་མྱགས་པར་འགྱུར་རོ། །རེག་བྱ་ལ་ཕོག་ན་ཤིན་ཏུ་རུལ་ནས་ཤའི་རི་བོ་ཆེན་པོར་གྱུར་ཏེ་བུག་པ་བརྒྱ་སྟོང་གི་ནང་དུ་སྲིན་བུ་གྲངས་མེད་པས་གཞིབས་ནས་ཟོས་པར་འགྱུར་རོ། །སེམས་པ་ལ་ཕོག་ན་ཐལ་བ་དང་དུག་གི་རླངས་པ་དང་རྡོ་ཆར་དང་བྱེ་མའི་ཆར་གྱིས་བཏབ་ནས་མ་རུངས་པར་བྱེད་དོ། །བཞི་པ་རོའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། རོ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་ལྕགས་ཀྱི་དྲ་བའི་རྒྱ་ལས་མེ་ཤིན་ཏུ་འབར་ནས་
544a
༄#། །འཇིག་རྟེན་ཐམས་ཅད་གང་བ་མཐོང་བར་འགྱུར་ཞིང་འདི་ལ་ཤི་འཕོས་པའི་རྣམ་ཤེས་ལྕགས་ཀྱི་དྲ་བ་དྲལ་ནས་སྤྱིའུ་ཚུགས་སུ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་དབུགས་རྡུབ་པས་འཁྱགས་རོམ་དུ་གྱུར་ནས་གྲང་བས་ལུས་གས་པར་འགྱུར་རོ། །གཉིས་པ་དབུགས་འབྱུང་བའི་ཚེ་འཐོར་ནས་མེ་རབ་ཏུ་འབར་བར་གྱུར་ཏེ་རུས་པ་དང་རྐང་གི་བར་དུ་རླག་པར་བྱེད་དོ། །དེའི་ཕྱིར་རོ་མྱོང་བའི་ཚེ་རོ་ལ་སྨིན་ན་བསྲན་ཞིང་བཟོད་དགོས་པར་འགྱུར་རོ། །མཐོང་བ་ལ་སྨིན་ན་རྡོ་སྲེག་དང་ལྕགས་སྲེག་ལ་བལྡག་པར་འགྱུར་རོ། །མཉན་པ་ལ་སྨིན་ན་མཚོན་རྣོན་པོར་འགྱུར་རོ། །དབུགས་ལ་སྨིན་ན་ལྕགས་ཀྱི་སྒྲོམ་ཆེན་པོར་གྱུར་ཏེ་འཇིག་རྟེན་གྱི་ཁམས་གཡོགས་པར་ནུས་སོ། །རེག་པ་ལ་སྨིན་ན་མདའ་གཞུ་དང་ས་མདའ་དག་གིས་འཕོག་པར་འགྱུར་རོ། །སེམས་པ་ལ་སྨིན་ན་ལྕགས་སྲེག་གི་ཆར་པ་འབབ་པར་འགྱུར་རོ། །ལྔ་པ་རེག་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། རེག་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་ཕྱོགས་བཞི་ནས་རི་ཆེན་པོ་བཞིས་བཙིར་བ་མཐོང་ཞིང་ཕྱིར་ཐོན་པའི་ལམ་རྙེད་པར་མི་འགྱུར་རོ། །ཤི་འཕོས་པའི་རྣམ་ཤེས་ལྕགས་ཀྱི་ར་བ་མཐོང་ནས་ཁ་ནས་མེ་འབར་བའི་
544b
སྦྲུལ་དང་ཁྱི་དང་སྟག་དང་སྤྱང་ཀི་དང་སེངྒེ་དང་དམྱལ་སྲུང་གི་གཤིན་རྗེ་གླང་མགོ་དང་སྲིན་པོ་རྟ་མགོ་ཅན་རྣམས་མདུང་རྩེ་གསུམ་བཟུང་ནས་ལྕགས་ཀྱི་ར་བའི་སྒོ་ནང་དུ་བདས་ཏེ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་རེག་པ་དང་མཐུན་པ་ནི། རི་གཉིས་ཀྱིས་བཙིར་ཞིང་རུས་པ་དང་ཤ་དང་ཁྲག་ཕྱིར་འབྱུང་ངོ ། །གཉིས་པ་རེག་པ་དང་འབྲལ་བ་ནི། གྲི་དང་རལ་གྲི་ལུས་ལ་གཟིར་ནས་སྙིང་དང་མཆིན་པ་དུམ་བུར་བྱེད་དོ། །དེའི་ཕྱིར་མཐུན་པའི་རེག་པ་རེག་པ་དང་འཕྲད་ན་ལམ་དང་སྒོ་ཁང་དང་ཁྲིམས་ཁང་དང་ཅོག་སྟགས་སུ་འགྱུར་རོ། །མཐོང་བ་དང་འཕྲད་ན་སྲེག་ཅིང་འཚིག་གོ་།མཉན་པ་དང་འཕྲད་ན་བརྡུང་བ་དང་བརྡེག་པ་དང་གཟིར་བ་དང་སྣུན་པར་བྱེད་དོ། །དབུགས་དང་འཕྲད་ན་དཀྲིས་པ་དང་སྦུབས་སུ་འཛུད་པར་བྱེད་དོ། །རོ་དང་འཕྲད་ན་རྨོ་བ་དང་ཁ་སྐམ་པས་འབྱེད་པ་དང་གཅོད་པ་དང་དུམ་བུར་བྱེད་དོ། །སེམས་པ་དང་འཕྲད་ན་གྱེན་དུ་འབྱུང་བ་དང་འོག་ཏུ་བྱིང་བ་དང་འཚེད་པ་དང་སྲེག་པར་འགྱུར་རོ། །དྲུག་པ་སེམས་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། སེམས་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་རླུང་མ་རུངས་པ་ཡུལ་ཁམས་ཀྱི་གནས་དག་གཤིག་ཅིང་ལྡང་བ་མཐོང་ཞིང་འདི་ལ་ཤི་འཕོས་པའི་རྣམ་ཤེས་རླུང་གིས་ནམ་མཁའ་ལ་
545a
༄#། །ཁྱེར་ནས་རྗེས་སུ་མཐུན་པར་བབས་ནས་རླུང་གི་མཐུས་མནར་མེད་དུ་ལྷུང་སྟེ་མཚན་མ་གཉིས་སྣང་བར་འགྱུར་རོ། །དང་པོ་རིག་པ་ཤིན་ཏུ་འཁྱམས་ནས་མ་བཟོད་དེ་མི་དལ་བར་བྲོས་ཤིང་བྱོལ་བར་བྱེད་དོ། །གཉིས་པ་རིག་པ་མི་འཁྱམས་པར་སྡུག་བསྔལ་དྲག་པོ་ཚོར་ཞིང་ཤིན་ཏུ་ཚ་བར་བསྲེག་པ་དང་འཚེད་པའི་ཟུག་རྡུ་བཟོད་མི་ནུས་པར་འགྱུར་རོ། །དེའི་ཕྱིར་ཕྱིན་ཅི་ལོག་གིས་སེམས་པ་བཅིངས་ན་གནས་གཞིར་འགྱུར་རོ། །མཐོང་བ་བཅིངས་ན་དབང་པོར་འགྱུར་རོ། །མཉན་པ་བཅིངས་ན་འཚིར་བའི་རྡོ་ཆེན་པོ་དང་འཁྱགས་པ་དང་བ་མོ་དང་རྡུལ་དང་ན་བུན་དུ་འགྱུར་རོ། །དབུགས་བཅིངས་ན་མེའི་ཤིང་རྟ་དང་མེའི་སྒྲོམ་དུ་འགྱུར་རོ། །རོ་བཅིངས་ན་དུ་འབོད་ཆེན་པོས་སྨྲེ་སྔགས་འདོན་ནོ། །རེག་པ་བཅིངས་ན་ལུས་ཆེ་ཆུང་དུ་འགྱུར་ཞིང་ཉིན་གཅིག་ལ་ཁྲི་ཕྲག་ཙམ་གྱི་སྐྱེ་འཆི་དང་གན་བུབ་བྱེད་པར་འགྱུར་རོ། །ཀུན་དགའ་བོ། འདི་ན་དམྱལ་བའི་རྒྱུ་བཅུ་དང་སྡིག་པའི་འབྲས་བུ་རྣམ་པ་དྲུག་ཅེས་བྱའོ། །འདི་དག་སེམས་ཅན་རྣམས་ཀྱི་མ་རིག་པ་འཁྲུལ་པས་བྱས་པ་ཡིན་ནོ། །གལ་ཏེ་སེམས་ཅན་རྣམས་ཀྱིས་སྡིག་པའི་ལས་རྫོགས་པར་བྱས་ན་མནར་མེད་དུ་སྐྱེས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང་བསྐལ་པ་གྲངས་མེད་པ་འདའ་བར་བྱེད་དོ། །དབང་པོ་དྲུག་པོ་རང་གིས་བྱེད་
545b
པ་དང་དེས་བྱས་པ་ནི། ཡུལ་དང་དབང་པོ་དང་བཅས་ན་མི་འདི་མནར་མེད་པའི་དམྱལ་བ་བརྒྱད་དུ་སྐྱེ་བར་འགྱུར་རོ། །ལུས་ངག་ཡིད་གསུམ་གྱིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་ལོག་པར་གཡེམ་པ་སྤྱད་ན། མི་འདི་དམྱལ་བ་བཅོ་བརྒྱད་དུ་སྐྱེ་བར་འགྱུར་རོ། །སྡིག་པ་རྣམ་པ་གསུམ་པོ་ཅིག་ཅར་དུ་མི་བྱེད་པར་འདི་ལས་ཡང་ན་སྲོག་གཅོད་པ་སྣ་གཅིག་གམ་མ་བྱིན་པར་ལེན་པ་སྣ་གཅིག་བྱེད་ན། མི་འདི་དམྱལ་བ་སུམ་ཅུ་རྩ་དྲུག་ཏུ་སྐྱེ་བར་འགྱུར་རོ། །མཐོང་བྱེད་དང་མཐོང་བྱའི་སྡིག་པ་སྒོ་གཅིག་གིས་བྱེད་པ་དང་ཡང་ན་སྡིག་པ་སྣ་གཅིག་བྱེད་ན། མི་འདི་དམྱལ་བ་བརྒྱ་རྩ་བརྒྱད་དུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སེམས་ཅན་རྣམས་ལས་སོ་སོར་བྱས་ཤིང་སོ་སོར་བསགས་ནས་འཇིག་རྟེན་སྤྱི་མཐུན་གྱི་གནས་སུ་འཇུག་གོ་།ཐམས་ཅད་འཁྲུལ་པའི་སེམས་ལས་བྱུང་བ་ཡིན་ཞིང་གདོད་མ་ནས་ཡོད་པ་མ་ཡིན་ནོ། །ཀུན་དགའ་བོ། སེམས་ཅན་འདི་དག་སོ་ཐར་གྱི་ཚུལ་ཁྲིམས་མ་ཉམས་པ་དང ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མ་ཉམས་པ་དང ། མྱ་ངན་ལས་འདས་པ་ལ་སྐུར་པ་མ་བཏབ་པ་མ་གཏོགས་ལས་ཕྲ་མོ་སྣ་ཚོགས་པའི་འབྲས་བུ་ལ་བསྐལ་པ་མང་པོར་བསྲེགས་པའི་འོག་ཏུ་སྡིག་པའི་ལས་ཀྱི་ལྷག་མ་ཟད་ནས་འདྲེ་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །རྩ་བའི་རྒྱུ་དངོས་པོ་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་
546a
༄#། །དངོས་པོ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་མི་སྡུག་པའི་འདྲེ་ཞེས་བྱའོ། །གཟུགས་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་རླུང་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་ཐན་པ་གཏོང་བའི་འདྲེ་ཞེས་བྱའོ། །གཡོ་སྒྱུ་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་སྲོག་ཆགས་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་རྨོངས་བྱེད་ཀྱི་འདྲེ་ཞེས་བྱའོ། །ཞེ་སྡང་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་སྲིན་བུ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་སྲོག་ཆགས་གདུག་པའི་འདྲེ་ཞེས་བྱའོ། །འཁོན་འཛིན་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་སྟོབས་ཉམས་པ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་རིམས་གཏོང་བའི་འདྲེ་ཞེས་བྱའོ། །ང་རྒྱལ་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཚེ་བ་ཟད་ནས་རླངས་པ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་ཡི་དགས་ཀྱི་འདྲེ་ཞེས་བྱའོ། །བསྙོན་གཏོང་བ་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་མུན་པ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་གྲིབ་གནོན་གྱི་འདྲེ་ཞེས་བྱའོ། །ལྟ་བ་ལོག་བ་ལ་ཞེན་བས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་གདོན་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་ཐེའུ་རང་གི་
546b
འདྲེ་ཞེས་བྱའོ། །དམོད་པ་ལ་ཞེན་པས་སྐྱེ་བོ་འདི་སྡིག་པའི་འབྲས་བུ་ཆེ་བ་ཟད་ནས་སྣང་བ་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་ཕོ་ཉའི་འདྲེ་ཞེས་བྱའོ། །རྩུབ་སྤྱོད་ལ་ཞེན་པས་སྐྱེ་བོ་འདི་སྨིག་པའི་འབྲས་བུ་ཆེ་བ་ཟད་ནས་མི་དང་འཕྲད་ནས་གཟུགས་སུ་གྱུར་པ་རྣམས་ལ་ཁོག་ཏུ་བརླམས་པའི་འདྲེ་ཞེས་བྱའོ། །ཀུན་དགའ་བོ། སྐྱེ་བོ་འདི་དག་ཐམས་ཅད་སེམས་རྐྱང་པས་འོག་ཏུ་ལྷུང་ནས་རྣམ་སྨིན་གྱི་མེས་བསྲེགས་པའི་རྗེས་སུ་སྟེང་དུ་འོངས་ནས་འདྲེ་རུ་གྱུར་ཏོ། །འདི་དག་ཐམས་ཅད་འཁྲུལ་པས་བསམ་པའི་རྐྱེན་ལས་བྱུང་བའི་འབྲས་བུའོ། ། གལ་ཏེ་བྱང་ཆུབ་ཐོབ་ན་གསལ་རིག་རྨད་དུ་བྱུང་བར་གྱུར་ནས་འདི་དག་ཅི་ཡང་མེད་དོ། །ཡང་ཀུན་དགའ་བོ། འདྲེའི་ལུས་ཀྱི་སྡིག་པའི་འབྲས་བུ་ཟད་ནས་སེམས་པ་དང་བསམ་པ་ཐམས་ཅད་སྟོང་ཞིང་འཇིག་རྟེན་དུ་སྔོན་དུ་ལོན་ཆགས་པ་དང་ཤ་འཁོན་ཅན་དང་འཕྲད་ནས་གདོད་དུད་འགྲོར་གྱུར་ནས་བུ་ལོན་རྙིང་པ་འཇལ་ལོ། །དངོས་པོ་ལས་བྱུང་བའི་མི་སྡུག་པའི་འདྲེ་དངོས་པོའི་གཟུགས་དོར་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་སྲིན་བྱའི་རིགས་སུ་འགྱུར་རོ། །རླུང་ལས་བྱུང་བའི་ཐན་པ་གཏོང་བའི་འདྲེ་རླུང་གི་གཟུགས་དོར་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་ལྟས་ངན་གཏོང་བའི་སྲོག་ཆགས་ཀྱི་རིགས་སུ་འགྱུར་རོ། །སྲོག་ཆགས་ཀྱི་འདྲེ་སྲོག་ཆགས་ཀྱི་གཟུགས་
547a
༄#། །དོར་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེན་ཕལ་ཆེར་ཝའི་རིགས་སུ་འགྱུར་རོ། །སྲོག་ཆགས་གདུག་པའི་འདྲེ་སྲིན་བུ་གདུག་པའི་གཟུགས་དོར་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་གདུག་ཅན་གྱི་རིགས་སུ་འགྱུར་རོ། །སྟོབས་ཉམས་པའི་རིམས་ནད་གཏོང་བའི་འདྲེ་ཤིན་ཏུ་རྒུད་ཅིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་ཕོ་བའི་སྲིན་བུའི་རིགས་སུ་འགྱུར་རོ། །རླངས་པ་མྱོང་བའི་འདྲེ་རླངས་པ་ཡལ་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་གཅན་གཟན་གྱི་རིགས་སུ་འགྱུར་རོ། །གྲིབ་གནོན་གྱི་འདྲེ་མུན་པ་ཡལ་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེན་ཕལ་ཆེར་སྲིན་བྱ་ཁྲ་བོའི་རིགས་སུ་འགྱུར་རོ། །འདྲིས་པའི་འདྲེ་འདྲིས་པ་དང་བྲལ་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་དུས་ཀྱི་འདབ་ཆགས་ཀྱི་རིགས་སུ་འགྱུར་རོ། །ཕོ་ཉའི་འདྲེ་སྣང་བ་མེད་ཅིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་སྲོག་ཆགས་དགེ་བའི་མཚན་མ་ཅན་གྱི་རིགས་སུ་འགྱུར་རོ། །ཁོག་ཏུ་བརླམས་པའི་འདྲེ་མི་དེ་ཤི་ཞིང་ལས་ཀྱི་འབྲས་བུ་དེ་ཟད་ནས་མིའི་འཇིག་རྟེན་དུ་སྐྱེ་ན་ཕལ་ཆེར་ཁྱིམ་དུ་གསོ་བའི་སྲོག་ཆགས་ཀྱི་རིགས་སུ་འགྱུར་རོ། །ཀུན་དགའ་བོ། འདི་དག་ལ་སོགས་པ་རྣམས་སྡིག་པའི་
547b
མེ་གཞི་ལ་ནས་ལེ་ལན་རྙིང་པའི་ལྷག་མ་ལས་དུད་འགྲོར་སྐྱེའོ། །འདི་དག་རང་གི་འཁྲུལ་པའི་རྐྱེན་ལས་བྱུང་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་ཐོབ་ན་རྫུན་པའི་འབྲེལ་པ་གཏན་ནས་མེད་དོ། །ངེས་པར་ཁྱོད་ཀྱིས་སྨྲས་པའི་དགེ་སློང་མ་པདྨའི་དྲི་ལྡན་དང་རྒྱལ་པོ་འཕགས་སྐྱེས་པོ་དང་དགེ་སློང་ལེགས་པའི་སྐར་མ་དང་འདྲའོ། །མི་དགེ་བའི་ལས་འདི་དག་རང་གིས་བྱས་པ་ཡིན་གྱི་ནམ་མཁའ་ལས་བབས་པ་ཡང་མ་ཡིན། ས་ལས་བྱུང་བ་ཡང་མ་ཡིན། གཞན་གྱིས་བྱིན་པ་ཡང་མ་ཡིན། རང་གི་འཁྲུལ་པའི་སེམས་ཀྱིས་བསགས་པའི་ལས་ཀྱི་འབྲས་བུ་ཉིད་ཀྱིས་མྱོང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ལ་སྟོང་ཞིང་རྫུན་པ་འདུ་ཤེས་པའི་སྒོ་ནས་བཟུང་ནས་གྲུབ་པ་ཡིན་ནོ། །དེ་ནས་ཡང་ཀུན་དགའ་བོ། དུད་འགྲོ་འདི་དག་ལུས་ཀྱིས་ལེ་ལན་རྙིང་པ་འཇལ་བ་ཆ་གལ་ཏེ་ལེ་ལན་གྱི་ཚད་ལས་ལྷག་པར་སྤྱད་ན་སེམས་ཅན་འདི་དག་སླར་ཡང་མིར་སྐྱེས་ནས་ལྷག་པར་སྤྱད་པའི་ལེ་ལན་བདལ་བར་བྱེད་དོ། །གལ་ཏེ་དེ་སྟོབས་དང་བསོད་ནམས་དང་ལྡན་ན་མིའི་ལུས་མ་སྤངས་པར་ལེ་ལན་འཇལ་བར་བྱེད་དོ། །གལ་ཏེ་དེ་བསོད་ནམས་ངར་མི་ལྡན་ན་དུད་འགྲོར་སྐྱེས་ནས་དེས་ལྷག་པར་སྤྱད་པའི་ལེ་ལན་འཇལ་ལོ། །ཀུན་དགའ་བོ། ཁྱོད་ཀྱིས་ཤེས་པར་བྱ་རིགས་སོ། །གལ་ཏེ་ཡོ་བྱད་ལོངས་སྤྱད་པ་དང ། ཡང་ན་དེའི་ཞོ་ཤ་ལ་ལོངས་སྤྱད་ན་འཇལ་ཏེ་
548a
༄#། །འབྲས་བུ་རྫོགས་ན་དེར་ཟད་དོ། །གལ་ཏེ་བར་སྐབས་དེར་དེའི་སྲོག་གཅོད་པའམ་ཤ་ཟ་ན་དེ་ནས་བསྐལ་པ་རྡུལ་སྙེད་གཅིག་གིས་གཅིག་ཟ་ཞིང་ཕན་ཚུན་གསོད་རེས་ཀྱིས་འཁོར་ལོ་འཁོར་བ་ལྟར་སྟེང་འོག་ཏུ་འཕོ་བཞིན་པར་སྡོད་པའི་སྐབས་མེད་དོ། །འདི་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་མེད་པ་དང་ཡང་སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་དེའི་རྒྱུན་ལྡོག་པར་མི་ནུས་སོ། །ཁྱོད་ཀྱིས་ཤེས་པར་བྱ་རིགས་སོ། །སྲིན་བྱའི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་གདོལ་པའི་རིགས་སུ་འགྱུར་རོ། །ལྟས་ངན་པ་གཏོང་བའི་སྲོག་ཆགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ཕྱིན་ཅི་ལོག་གི་སྤྱོད་པ་ཅན་དུ་འགྱུར་རོ། །ཝའི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ནུས་པ་ཞན་པའི་རིགས་སུ་འགྱུར་རོ། །གདུག་པ་ཅན་གྱི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་གཏུམ་པོའི་རིགས་སུ་འགྱུར་རོ། །ཕོ་བའི་སྲིན་བུའི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ཕོངས་ཤིང་རྒུད་པའི་རིགས་སུ་འགྱུར་རོ། །གཅན་གཟན་གྱི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ཉམས་སྟོབས་ཆུང་བའི་རིགས་སུ་འགྱུར་རོ། །སྲིན་བྱ་ཁྲ་བོའི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ངལ་དུབ་ཅན་གྱི་རིགས་སུ་འགྱུར་རོ། །དུས་ཀྱི་འདབ་ཆགས་ཀྱི་རིགས་
548b
དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ཤེས་རབ་ཅན་གྱི་རིགས་སུ་འགྱུར་རོ། །དགེ་བའི་མཚན་མ་ཅན་གྱི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་མཛངས་པའི་རིགས་སུ་འགྱུར་རོ། །ཁྱིམ་དུ་གསོ་བའི་རིགས་དེ་དག་ལེ་ལན་རྫོགས་ནས་སླར་ཡང་མིར་སྐྱེ་ན་ཤེས་ལྡན་གྱི་རིགས་སུ་འགྱུར་རོ། །ཀུན་དགའ་བོ། འདི་དག་ལེ་ལན་རྙིང་པ་རྫོགས་ནས་སླར་ཡང་མིར་སྐྱེ་བ་ཡིན་ནོ། །འདི་དག་ཐམས་ཅད་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་འབྲས་བུས་འཁོར་བཞིན་དུ་ཕན་ཚུན་དུ་སྐྱེ་བ་དང་གསོད་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་དང་མ་འཕྲད་ཅིང་དམ་པའི་ཆོས་མ་ཐོས་ན་ཉོན་མོངས་པའི་དབང་གིས་འཁོར་བར་འཁོར་བ་ནི། ཆོས་ཉིད་དོ། །ཀྱེ་མ་སྐྱེ་བོ་འདི་དག་ཉམ་ཐག་པ་བརྩེ་བའི་ཡུལ་ཞེས་བྱའོ། །ཀུན་དགའ་བོ། ཡང་མིར་སྐྱེས་ཤིང་ཡང་དག་པའི་རིགས་པའི་སྒོ་ནས་ཏིང་ངེ་འཛིན་ཚུལ་བཞིན་སྒོམ་པ་མ་ཡིན་པར་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཚུལ་གཞན་དུ་སྒོམས་པས་ལུས་སྲ་བ་ཐོབ་ནས་རི་དང་ནགས་ཚལ་སྐྱེ་བོའི་རྒྱུན་ལུགས་མེད་པ་རྣམས་སུ་རྣམ་པར་རོལ་ཞིང་རྒྱུ་བའི་དྲང་སྲོང་གི་རིགས་བཅུ་ཡོད་དོ། །ཀུན་དགའ་བོ། སེམས་ཅན་དེ་དག་སེམས་རྩེ་གཅིག་པས་སྨན་གྱི་རིལ་བུ་རྒྱུན་མི་འཆད་པར་འཐུང་སྟེ་ནུས་པ་རྫོགས་པ་ན་འདི་སལ་རྒྱུ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་རྩཝ་དང་ཤིང་གི་རྩི་
549a
༄#། །རྒྱུན་མི་འཆད་པར་ཟོས་པས་སྨན་གྱི་ནུས་པ་རྫོགས་པ་ན་འདི་ལ་འཕུར་འགྲོའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་གསེར་གྱི་རྡོ་ལ་བརྟེན་པའི་གསེར་འགྱུར་ལ་རྒྱུན་མི་འཆད་པར་སྦྱངས་པས་ནུས་པ་རྫོགས་པ་ན་འདི་ལ་རྣམ་པར་རོལ་ཞིང་རྒྱུ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་བརྟན་གཡོའི་ཚུལ་རྒྱུན་མི་འཆད་པར་བསྒོམས་པས་དབུགས་དང་ཟུངས་ཀྱི་ནུས་པ་རྫོགས་པ་ན་མཁའ་ལ་རྒྱུ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་མཆིལ་མའི་བཅུད་ཀྱིས་རྒྱུན་མི་འཆད་པར་གསོས་པས་ནུས་པ་རྫོགས་པ་ན་འདི་ལ་ལྷ་ཡུལ་དུ་འགྲོ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་གཟུགས་ཀྱི་དྭངས་མ་རྒྱུན་མི་འཆད་པར་རྡུབ་པས་ནུས་པ་རྫོགས་པ་ན་འདི་ལ་རྫུ་འཕྲུལ་གྱིས་འགྲོ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་གཟུངས་སྡགས་ཀྱི་དགོས་པ་རྒྱུན་མི་འཆད་པར་བསྒོམས་པས་སྒྱུ་མའི་རིག་སྔགས་ཀྱི་ནུས་པ་རྫོགས་པ་ན་འདི་ལ་དངོས་གྲུབ་ཀྱིས་འགྲོ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་སེམས་པ་དང་དྲན་པ་རྒྱུན་མི་འཆད་པར་བསྒོམས་པས་སེམས་པ་དང་དྲན་པའི་ནུས་པ་རྫོགས་པ་ན་འདི་ལ་སྣང་བས་འགྲོ་བའི་དྲང་སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་མཉམ་པར་སྦྱོར་བ་རྒྱུན་མི་འཆད་པར་བསྐུལ་བའི་ནུས་པ་རྫོགས་པ་ན་འདི་ལ་བཅུད་ཀྱིས་འགྲོ་བའི་དྲང་
549b
སྲོང་ཞེས་བྱའོ། །སེམས་རྩེ་གཅིག་པས་སྤྲུལ་པ་རྒྱུན་མི་འཆད་པར་སྤྲུལ་པས་ཚོར་བའི་ནུས་པ་རྫོགས་པ་ན་འདི་ལ་ཁྱད་པར་དུ་འགྲོ་བའི་དྲང་སྲོང་ཞེས་བྱའོ། །ཀུན་དགའ་བོ། འདི་དག་ལ་སོགས་པ་ཐམས་ཅད་མིའི་ནང་ནས་སེམས་སྦྱངས་པ་དག་ཡིན་ཡང་ཡང་དག་པའི་གསལ་རིག་ལ་མ་སྦྱངས་པར་དེ་ལས་གཞན་རིང་དུ་འཚོ་བའི་དངོས་གྲུབ་ཐོབ་ནས་ཚེ་ལོ་སྟོང་དང།་ཁྲི་ཐུབ་ཅིང་རི་ཕུག་ཟབ་མོ་དང ། རྒྱ་མཚོ་ཆེན་པོའི་དོགས་སུ་གནས་ཤིང་སྐྱེ་བོས་དབེན་པར་གྱུར་ཀྱང་འདི་དག་འཇིག་རྟེན་གྱི་འཁྲུལ་པའི་སེམས་ཀྱིས་རེས་མོས་སུ་འགྱུར་ཞིང་འཕོ་བར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་མ་སྦྱངས་ཤིང་ལས་དེའི་འབྲས་བུ་ཟད་ནས་ཕྱིར་ལོག་སྟེ་སྐྱེ་གནས་ཐམས་ཅད་དུ་འགྲོའོ། །ཀུན་དགའ་བོ། འཇིག་རྟེན་གྱི་སེམས་ཅན་རྣམས་རྟག་པའི་གནས་མི་ཚོལ་བར་བུད་མེད་དང་མཛའ་བཤེས་སྤོང་མ་ནུས་པར་ཕྱིན་ཅི་ལོག་གི་འདོད་ཆགས་ཀྱི་རྗེས་སུ་མི་འབྲང་བ་དང ། སེམས་རྣམ་པར་དག་ཅིང་གསལ་བ་བསྐྱེད་པ་དག་ཚེ་འཕོས་པའི་འོག་ཏུ་ཉི་ཟླའི་གནས་དང་མཉམ་པའི་ལྷར་འགྱུར་ཏེ། འདི་ལྟ་བུའི་སྡེ་ལ་རྒྱལ་ཆེན་བཞིའི་ལྷ་ཞེས་བྱའོ། །རང་གི་བུད་མེད་ལ་ཆགས་པ་སྲབ་པར་གྱུར་ཅིང་ཀུན་སྤྱོད་གཙང་བར་གནས་ཀྱང་སེམས་ཚུལ་གཅིག་ཏུ་གནས་མི་ནུས་པ་དག་ཚེ་འཕོས་པའི་འོག་ཏུ་ཉི་ཟླའི་འོད་ལས་འདས་ནས་ས་དང་འབྲེལ་བའི་འཇིག་རྟེན་གྱི་རྩེ་མོར་གནས་ཏེ །
550a
༄#། །འདི་ལྟ་བུའི་སྡེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་ཞེས་བྱའོ། །འདོད་པའི་ཡུལ་དང་འཕྲད་ན་འཕྲལ་དུ་འཇུག་ཀྱང་དེ་ལས་འདས་ན་དྲན་བཞིན་དུ་མི་གནས་ལ་མིའི་འཇིག་རྟེན་ལ་འདོད་པའི་རྣམ་རྟོག་རྒྱུ་བ་ཉུང་ཞིང་མི་རྒྱུ་བ་མང་བ་དག་ཚེ་འཕོས་པའི་འོག་ཏུ་ནམ་མཁའ་ལ་རང་གི་འོད་ཀྱིས་བདེ་བར་གནས་ཤིང་ཉི་ཟླའི་འོད་འཕོག་པར་མི་འགྱུར་ལ་འདི་དག་རང་རང་གི་འོད་དང་ལྡན་ཏེ། འདི་ལྟ་བུའི་སྡེ་ལ་འཐབ་བྲལ་གྱི་ལྷ་ཞེས་བྱའོ། །དུས་རྒྱུན་དུ་གཙང་བར་གནས་ཤིང་ཡུལ་ལ་རེག་པ་ན་ཆགས་པ་སྤོང་མི་ནུས་པ་དག་ཚེ་འཕོས་པའི་འོག་ཏུ་ཟབ་ཅིང་རྨད་དུ་བྱུང་བའི་གནས་སུ་འཕགས་ནས་འོག་གི་མི་དང་ལྷའི་གནས་ལས་རིང་དུ་འདས་ཤིང་འཇིག་རྟེན་འཇིག་པའི་བསྐལ་པ་གསུམ་བྱུང་ཡང་དེའི་གནོད་པ་མི་འབྱུང་སྟེ་འདི་ལྟ་བུའི་སྡེ་ལ་དགའ་ལྡན་གྱི་ལྷ་ཞེས་བྱའོ། །གཞི་ནས་འདོད་པའི་སེམས་མེད་ཅིང་གཞན་དང་འབྲེལ་ནས་ཉེ་བར་སྤྱད་ཀྱང་སྤྲ་ཚིལ་གྱི་རོ་མྱོང་བ་ལྟར་གྱུར་པ་དག་ཚེ་འཕོས་པའི་འོག་ཏུ་སྤྲུལ་པའི་གནས་ལས་འདས་ཤིང་སྐྱེ་སྟེ་འདི་ལྟ་བུའི་སྡེ་ལ་འཕྲུལ་དགའི་ལྷ་ཞེས་བྱའོ། །འཇིག་རྟེན་གྱི་འདོད་པའི་སེམས་མེད་ཅིང་འཇིག་རྟེན་དང་མཐུན་པར་སྤྱོད་ཀྱང་དེ་ལ་མི་རྟོག་པར་གནས་པ་དག་ཚེ་འཕོས་པའི་འོག་ཏུ་སྤྲུལ་པ་དང་སྤྲུལ་བ་མེད་པའི་གནས་ཐམས་ཅད་ལས་འདས་པ་
550b
སྟེ།་འདི་ལྟ་བུའི་སྡེ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། ལྷ་དྲུག་པོ་འདི་དག་ལུས་འདོད་པའི་གཡེ་བ་དང་བྲལ་ཡང་སེམས་དེ་དང་འབྲེལ་བ་ཡིན་ནོ། ། འདི་མན་ཆད་ལ་འདོད་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་བཞིན་གཤེགས་པའི་གསང་བ་བསྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དགུ་པ། ཀུན་དགའ་བོ། འཇིག་རྟེན་གྱི་ལམ་སྒོམ་པ་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚུལ་མི་སྒོམ་ན། ཤེས་རབ་འཐོབ་པར་མི་འགྱུར་རོ། །དེ་ལྟ་ནའང་ལུས་ཀྱི་ཚུལ་བསྡམས་ནས་འདོད་ཆགས་ཀྱི་ཆོས་མི་སྤྱོད་ཅིང་འགྲོ་འདུག་ཀྱང་མི་དྲན་པས་འདོད་པའི་རྣམ་རྟོག་མི་སྐྱེའོ། །འདོད་ཁམས་སུ་མི་ཆགས་པས་སྐྱེ་བོ་འདི་དག་བསམ་པ་བཞིན་དུ་ཚངས་རིས་སུ་སྐྱེ་སྟེ། འདི་ལྟ་བུའི་སྡེ་ལ་ཚངས་རིས་ཀྱི་ལྷ་ཞེས་བྱའོ། །འདོད་ཆགས་ཀྱི་བག་ཆགས་ཟད་ཅིང་འདོད་ཆགས་དང་བྲལ་བའི་སེམས་མངོན་དུ་གྱུར་ནས་ཚུལ་ཁྲིམས་ཐམས་ཅད་ལ་འདོད་ཅིང་དགའ་བས་རྗེས་སུ་མཐུན་པས་སྐྱེ་བོ་འདི་དག་དུས་སུ་ཚངས་པའི་དཔལ་ལ་སྤྱོད་དེ་འདི་ལྟ་བུའི་སྡེ་ལ་ཚངས་པ་མདུན་ན་འདོན་གྱི་ལྷ་ཞེས་བྱའོ། །ལུས་སེམས་ཀྱི་བརྟུལ་
551a
༄#། །ཞུགས་རྫོགས་ཤིང་རྨད་དུ་བྱུང་ལ་ཚུལ་ཁྲིམས་རྣམ་པར་དག་པའི་སྟེང་དུ་གསལ་རིག་དང་ལྡན་ན་སྐྱེ་བོ་དེ་དག་དུས་སུ་ཚངས་རིས་སྤྱིའི་རྒྱལ་པོར་གྱུར་ཏེ། འདི་ལྟ་བུའི་སྡེ་ལ་ཚངས་ཆེན་གྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། མཆོག་གི་གནས་འདི་གསུམ་སྡུག་བསྔལ་ཐམས་ཅད་ཀྱིས་མནར་བར་མི་འགྱུར་རོ། །ཡང་དག་པར་སྒོམ་པའི་ཏིང་ངེ་འཛིན་མ་ཡིན་ཀྱང་སེམས་རྣམ་པར་དག་པ་ལས་ཟག་པ་ཐམས་ཅད་མི་གཡོ་བའི་ཕྱིར་འདི་དག་ལ་བསམ་གཏན་དང་པོ་ཞེས་བྱའོ། །ཀུན་དགའ་བོ། དེའི་རྟིང་མ་ཚངས་རིས་ཀྱི་ལྷ་རྣམས་ལ་དབང་བྱེད་པའི་ཚངས་པའི་སྤྱོད་པ་རྫོགས་ཤིང་སེམས་གསལ་ལ་མི་གཡོ་བ་རྣམ་པར་དག་པ་ལས་འོད་འབྱུང་སྟེ། འདི་ལྟ་བུའི་སྡེ་ལ་འོད་ཆུང་གི་ལྷ་ཞེས་བྱའོ། །འོད་ཟེར་ཕན་ཚུན་འབྲེལ་ནས་འཛད་མེད་དུ་སྤྲོ་ཞིང་ཕྱོགས་བཅུའི་འཇིག་རྟེན་གསལ་བར་བྱས་ཏེ་ཐམས་ཅད་བཻ་ཌཱུརྱ་ལྟར་གྱུར་ཏེ། འདི་ལྟ་བུའི་སྡེ་ལ་ཚད་མེད་འོད་ཀྱི་ལྷ་ཞེས་བྱའོ། །འོད་ཟེར་ཁྱབ་པར་སྤྲོས་ནས་བསྟན་པའི་ཚུལ་རྫོགས་པར་བསྒྲུབས་ཏེ་རྣམ་པར་དག་པའི་བསླབ་པ་བསྒྲགས་ཤིང་སྤྱོད་ཚུལ་དེ་ཟད་པ་མེད་དེ། འདི་ལྟ་བུའི་སྡེ་ལ་འོད་གསལ་གྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། མཆོག་གི་གནས་འདི་གསུམ་ཡིད་མི་བདེ་བ་ཐམས་ཅད་ཀྱིས་མནར་བར་མི་འགྱུར་རོ། །ཡང་དག་པར་སྒོམ་པའི་ཏིང་ངེ་འཛིན་མ་ཡིན་ཀྱང་
551b
སེམས་རྣམ་པར་དག་པ་ལས་ཟག་པ་ཆེན་པོ་ལན་གཅིག་བཅོམ་པའི་ཕྱིར་འདི་ལྟ་བུའི་སྡེ་ལ་བསམ་གཏན་གཉིས་པ་ཞེས་བྱའོ། །ཀུན་དགའ་བོ། འདི་ལྟ་བུའི་ལྷ་རྣམས་རྫོགས་པའི་འོད་ཟེར་གསལ་བར་གྲུབ་ནས་གསལ་ཞིང་རྨད་དུ་བྱུང་བ་རྒྱས་པར་རྨད་དུ་བྱུང་བ་མངོན་དུ་གྱུར་ནས་སྤྱོད་པ་མཆོག་རྫོགས་པར་བྱུང་ཞིང་འགོག་པའི་བདེ་བ་ལ་རེག་སྟེ། འདི་ལྟ་བུའི་སྡེ་ལ་དགེ་ཆུང་གི་ལྷ་ཞེས་བྱའོ། །རྣམ་པར་དག་པའི་སྟོང་པ་མངོན་དུ་གྱུར་པས་རྐྱེན་བྱས་ཏེ་མི་ཟད་པར་བྱུང་ཞིང་ལུས་སེམས་ཤིན་སྦྱངས་ཀྱིས་འགོག་པའི་བདེ་བ་འགྲུབ་སྟེ། འདི་ལྟ་བུའི་སྡེ་ལ་ཚད་མེད་དགེ་བའི་ལྷ་ཞེས་བྱའོ། །འཇིག་རྟེན་དང་ལུས་སེམས་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པ་དང་གཙང་མའི་དཔལ་རྫོགས་པར་འགྲུབ་ནས་རྨད་དུ་བྱུང་བའི་རྟེན་མངོན་དུ་གྱུར་ཏེ་འགོག་པའི་བདེ་བ་ལ་གཞོལ་བ་སྟེ། འདི་ལྟ་བུའི་སྡེ་ལ་དགེ་རྒྱས་ཀྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། མཆོག་གི་གནས་འདི་གསུམ་ལས་སུ་རུང་བ་ཆེས་ཆེར་རྫོགས་པས་ལུས་སེམས་བདེ་ཞིང་ཡངས་པར་གྱུར་ཏེ་ཚད་མེད་པའི་བདེ་བ་ཐོབ་ཅིང་ཡང་དག་པར་སྒོམ་པའི་ཏིང་ངེ་འཛིན་བདེ་ཞིང་ཡངས་པ་མ་ཐོབ་ཀྱང་སེམས་ཀྱི་བདེ་བ་ཐོབ་པའི་ཕྱིར་འདི་ལ་བསམ་གཏན་གསུམ་པ་ཞེས་བྱའོ། །ཀུན་དགའ་བོ། ཡང་ལྷ་རྣམས་ལུས་སེམས་མི་གདུང་ཞིང་སྡུག་བསྔལ་གྱི་རྒྱུ་རིང་མོ་ནས་ཟད་ཀྱང་བདེ་བ་ལ་རྟག་པར་གནས་པ་མ་ཡིན། མཐར་ངེས་པར་འཇིག་གོ་།ཞེས་
552a
༄#། །སྡུག་བསྔལ་དང་བདེ་བའི་སེམས་གཉིས་སྤངས་ནས་རགས་པ་དང་ལྕི་བའི་རྣམ་པ་འགག་ཅིང་བསོད་ནམས་གཙང་མའི་རང་བཞིན་སྐྱེའོ། །འདི་ལྟ་བུའི་སྡེ་ལ་སྤྲིན་མེད་ཀྱི་ལྷ་ཞེས་བྱའོ། །བཏང་སྙོམས་ཀྱི་སེམས་མཉམ་པ་ཉིད་དུ་གྲུབ་ཅིང་རྨད་དུ་བྱུང་བའི་ཚོར་བ་རྣམ་པར་དག་པ་སྒྲིབ་པ་མེད་པའི་བསོད་ནམས་ལས་ཡིད་དང་རྗེས་སུ་མཐུན་པ་ཐོབ་ནས་མ་འོངས་པ་ན་ཁྱབ་པར་འགྱུར་རོ། །འདི་ལྟ་བུའི་སྡེ་ལ་བསོད་ནམས་སྐྱེས་ཀྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། ལྷ་འདིའི་ནང་དུ་ལམ་རྣམ་པ་གཉིས་སུ་གྱེས་པར་འགྱུར་ཏེ་གལ་ཏེ་སྔ་མའི་སེམས་ཀྱི་དཔག་ཏུ་མེད་ཅིང་རྣམ་པར་དག་ལ་འོད་གསལ་བའི་བསོད་ནམས་ཀྱི་དཔལ་གྲུབ་པའི་སྣང་བ་ལས་ཡང་དག་པར་སྒོམ་ཞིང་གནས་པ་སྟེ།་འདི་ལྟ་བུའི་སྡེ་ལ་འབྲས་བུ་ཆེ་བའི་ལྷ་ཞེས་བྱའོ། །བཏང་སྙོམས་ཀྱི་སེམས་སྡུག་བསྔལ་དང་བདེ་བ་གཉིས་ཀས་སྐྱོ་སྟེ་བཏང་སྙོམས་ཀྱི་སེམས་ཤིན་ཏུ་སྦྱངས་པ་རྒྱུན་མི་འཆད་པར་བཏང་སྙོམས་ཀྱི་ལམ་མཐར་གཏུགས་ནས་ལུས་སེམས་ཀྱི་འདུ་ཤེས་ནུབ་ནས་སེམས་ཀྱི་རྟོག་པ་ཐལ་བ་ལྟར་གྱུར་བ་ན་བསྐལ་པ་ལྔ་བརྒྱ་འདའ་བར་འགྱུར་རོ། ། གང་ཟག་དེས་སྐྱེ་ཞིང་འགག་པས་རྒྱུ་བྱས་ནས་སྐྱེ་བ་དང་འགག་པ་མེད་པའི་རང་བཞིན་མངོན་དུ་བྱེད་མི་ནུས་པས་བསྐལ་པའི་ཕྱེད་སྔ་མའི་རིང་ལ་འགག་ཅིང་བསྐལ་པའི་ཕྱེད་
552b
ཕྱི་མའི་རིང་ལ་སྐྱེའོ། །འདི་ལྟ་བུའི་སྡེ་ལ་འདུ་ཤེས་མེད་པའི་ལྷ་ཞེས་བྱའོ། །ཀུན་དགའ་བོ། མཆོག་གི་གནས་བཞི་པོ་འདི་འཇིག་རྟེན་གྱི་སྡུག་བསྔལ་དང་བདེ་བ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་སོ། །འདུས་མ་བྱས་ཀྱི་མི་གཡོ་བའི་ས་མ་ཡིན་ཀྱང་ཐོབ་པའི་སེམས་ཡོད་ཅིང་སྦྱངས་པའི་མཐུ་ཡོངས་སུ་སྨིན་པས་འདི་ལ་བསམ་གཏན་བཞི་པ་ཞེས་བྱའོ། །ཀུན་དགའ་བོ།་འདིའི་ནང་དུ་ཕྱིར་མི་ལྡོག་པའི་ལྷ་ལྔ་ཡོད་དོ། །འོག་གི་འཇིག་རྟེན་དུ་བག་ཆགས་རྣམ་པ་དགུ་དུས་གཅིག་ཏུ་ཐམས་ཅད་སྤངས་ཤིང་སྡུག་བསྔལ་དང་བདེ་བ་ནུབ་ནས་འོག་ཏུ་གནས་པར་མི་འོས་པས་དེ་ལྟ་བུར་སེམས་ཀྱི་རྟོག་པ་སྤངས་པའི་སྐལ་བ་མཉམ་པ་རྣམས་དང་གནས་གཅིག་ཏུ་གནས་སོ། །ཀུན་དགའ་བོ། སྡུག་བསྔལ་དང་བདེ་བ་ཐམས་ཅད་ཟད་ན་རྩོད་པའི་སེམས་མི་འབྱུང་ངོ ། །འདི་ལྟ་བུའི་སྡེ་ལ་མི་ཆེ་བའི་ལྷ་ཞེས་བྱའོ། །འཇོག་པ་དང་སྡུད་པ་རང་དབང་གིས་འགྲོ་ཞིང་སྦྱངས་ཏེ་གཏན་ནས་མ་རྙེད་ན་འདི་ལྟ་བུའི་སྡེ་ལ་མི་གདུང་བའི་ལྷ་ཞེས་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མཐོང་བ་རྨད་དུ་བྱུང་བ་རྣམ་པར་དག་པར་རྫོགས་ཤིང་ཡུལ་གྱི་གཟུགས་དང་སྣ་ཚོགས་པའི་རྡུལ་དང་དྲི་མ་གཏན་ནས་མེད་ན་འདི་ལྟ་བུའི་སྡེ་ལ་གྱ་ནོམ་སྣང་བའི་ལྷ་ཞེས་བྱའོ། །མཐོང་བ་དམ་པ་མངོན་དུ་གྱུར་ཏེ་སེམས་ཀྱི་དབང་གིས་བརྫུས་ཏེ་སྐྱེ་ན་ཡང་སྒྲིབ་པ་མེད་ན་འདི་ལྟ་བུའི་སྡེ་ལ་ཤིན་ཏུ་མཐོང་བའི་
553a
༄#། །ལྷ་ཞེས་བྱའོ། །ཆ་ཕྲ་མེའི་བར་དུ་དཔྱད་ནས་གཟུགས་ཀྱི་རང་བཞིན་གྱི་རང་བཞིན་མཐར་ཐུག་ནས་མུ་མཐའ་མེད་པའི་གནས་ལ་སླེབ་པ་ན་འོག་མིན་གྱི་ལྷ་ཞེས་བྱའོ། །ཀུན་དགའ་བོ། ཕྱིར་མི་ལྡོག་པའི་ལྷ་འདི་དག་བསམ་གཏན་བཞི་ལ་གནས་པའི་ལྷའི་རྒྱལ་པོ་རྣམ་པ་བཞིས་ཀྱང་ཐོས་ཤིང་དང་པ་ཙམ་ལས་མཐོང་བར་མི་ནུས་སོ། །དེ་ལྟ་ཡང་འཇིག་རྟེན་དུ་འབྲོག་དགོན་པ་དང་ཐང་དང་རི་བོའི་ཕུག་ཟབ་མོ་ལ་སོགས་པའི་གནས་དག་ཏུ་འཕགས་པ་དགྲ་བཅོམ་པ་གནས་ཀྱང་འཇིག་རྟེན་གྱི་སྐྱེ་བོ་ཕལ་པ་རྣམས་ཀྱིས་མཐོང་བར་མི་ནུས་སོ། །ཀུན་དགའ་བོ། ལྷ་རིས་བཅོ་བརྒྱད་པོ་འདི་དག་གཅིག་པུ་འདོད་ཆགས་དང་བྲལ་ཡང་གཟུགས་ཀྱི་ཁུར་དང་མ་བྲལ་བས་འདི་དག་གཟུགས་ཀྱི་ཁམས་ཞེས་བྱའོ། །ཡང་ཀུན་དགའ་བོ། གཟུགས་ཅན་གྱི་མཐར་ཐུག་པའི་གནས་འདིར་ལམ་གཉིས་སུ་གྱེས་པ་ཡོད་དེ། གལ་ཏེ་བཏང་སྙོམས་ཀྱི་སེམས་ལས་ཡེ་ཤེས་རྒྱས་ཤིང་ཤེས་རབ་ཀྱི་སྣང་བ་རྫོགས་པ་ན་རྡུལ་གྱི་ཁམས་ལས་འཕྲལ་དུ་འདས་ནས་དགྲ་བཅོམ་པར་གྱུར་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་འཇུག་པར་འགྱུར་རོ། །འདི་ལྟ་བུའི་སྡེ་ལ་རིགས་སད་པའི་དགྲ་བཅོམ་པ་ཞེས་བྱའོ། །གལ་ཏེ་བཏང་སྙོམས་ཀྱི་སེམས་ཀྱིས་སྐྱོ་བ་དང་བཏང་སྙོམས་གྲུབ་ནས་ལུས་ལ་སྒྲིབ་པའི་རང་བཞིན་དུ་
553b
མཐོང་ནས་སྒྲིབ་པ་དེ་ཟད་ཅིང་སྟོང་པར་ཞུགས་པ་འདི་ལྟ་བུའི་སྡེ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ། །གལ་ཏེ་སྒྲིབ་བ་ཟད་ནས་མེད་ཅིང་སྒྲིབ་པ་ཟད་པ་ཡང་མ་དམིགས་པ་ལས་ཀུན་གཞིའི་རྣམ་ཤེས་རྫོགས་པར་ཡོད་ཅིང་ཡིད་ཀྱི་རྣམ་ཤེས་ཀྱི་ཕྱོགས་གཅིག་གྲུབ་པ་འདི་ལྟ་བུའི་སྡེ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱའོ། ། གཟུགས་མེད་ཅིང་སྟོང་པའི་སྣང་བ་ཡང་མེད་ལ་རྣམ་པར་ཤེས་པའི་བར་དུ་འགགས་ནས་ཕྱོགས་བཅུར་དབེན་ཞིང་བརྟེན་པའི་གནས་གཏན་ནས་མེད་པ་ལ་འདི་ལྟ་བུའི་སྡེ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །རྣམ་པར་ཤེས་པའི་རང་བཞིན་མི་གཡོ་ཞིང་འགག་པའི་ནུས་པ་མཐར་གཏུགས་ཏེ་མི་ཟད་པ་ལས་ཟད་པའི་རང་བཞིན་བསྐྱེད་པ། གནས་པ་ལྟ་ཡང་མི་གན་ཤིང་ཟད་པ་ལྟ་ཡང་མ་ཟད་པ་འདི་ལྟ་བུའི་སྡེ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱའོ། །འདི་དག་ལ་སོགས་པ་སྟོང་པ་མཐར་གཏུགས་པར་འདོད་ཀྱང་སྟོང་པའི་གནས་ལུགས་ཟད་པར་མི་ནུས་པས་ཕྱིར་མི་ལྡོག་པའི་ལྷ་ལས་འཕགས་པའི་ལམ་གྱི་མཐར་འགྲོ་བ་འདི་ལྟ་བུའི་སྡེ་ནི། རིགས་ངེས་པའི་དགྲ་བཅོམ་པ་རྟུལ་པོ་ཞེས་བྱའོ། །གལ་ཏེ་འདུ་ཤེས་མེད་པའི་ལྷ་ཕྱི་རོལ་པའི་ལྟ་བ་ཅན་སྟོང་པའི་མཐར་གཏུགས་ནས་དེའི་ཚུལ་མི་གཏོང་བར་རྨོངས་ཏེ་ཟག་པ་དང་
554a
༄#། །བློ་གཉིས་ཆར་ཉམས་པ་དེ་དག་ནི། རྟག་ཏུ་འཁོར་བར་འཁོར་བར་འགྱུར་རོ། །ཀུན་དགའ་བོ། ལྷའི་ནང་དུ་གནས་པ་འདི་དག་སོ་སོ་སྐྱེ་བོའི་ལས་ཀྱི་རྣམ་པར་སྨིན་པ་རྫོགས་པར་མྱོང་ནས་འཁོར་བར་འཁོར་རོ། །ལྷའི་རྒྱལ་པོ་དེ་དག་རྣམས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་རྣམ་པར་རོལ་ཞིང་རིམ་གྱིས་ཡར་ལྡན་དུ་གྱུར་ཏེ་འཕགས་པའི་རིགས་ལ་ཕྱོགས་ཤིང་སྤྱོད་པ་སྒོམ་པའི་ལམ་སྒྲུབ་བོ། །ཀུན་དགའ་བོ། གཟུགས་མེད་ཀྱི་ལྷ་རིགས་བཞི་པོ་འདི་ལུས་དང་སེམས་འགགས་ནས་ཏིང་ངེ་འཛིན་གྱི་རང་བཞིན་མངོན་དུ་གྱུར་ཏེ་ལས་འབྲས་ཀྱི་གཟུགས་མེད་དེ་འདི་དག་ནི། གཟུགས་མེད་ཀྱི་ཁམས་ཞེས་བྱའོ། །འདི་དག་ཐམས་ཅད་གསལ་རིག་རྣམ་པར་དག་པའི་སེམས་མངོན་པར་མི་ཤེས་ཤིང་རྫུན་པ་འདུས་པ་ལས་སྐྱེ་ཞིང་རྫུན་པའི་ཁམས་གསུམ་གྲུབ་བོ། །འདིའི་ནང་དུ་རྫུན་པའི་འགྲོ་བ་བདུན་གྱི་རྗེས་སུ་འབྲངས་ནས་བྱིང་བར་འགྱུར་ལ་གང་ཟག་རང་རང་གི་རིགས་དང་མཐུན་པར་སྤྱོད་དོ། །ཡང་ཀུན་དགའ་བོ། ཁམས་གསུམ་དུ་ལྷ་མ་ཡིན་གྱི་རིགས་བཞི་ཡོད་དེ། གལ་ཏེ་འདྲེའི་རིགས་ལས་ཆོས་སྲུང་བའི་མཐུས་རྫུ་འཕྲུལ་ཅན་དུ་གྱུར་ཏེ་བར་སྣང་ལ་གནས་པ་འདི་ལྟ་བུའི་ལྷ་མ་ཡིན་ནི། སྒོ་ང་ལས་སྐྱེ་ཞིང་འདྲེའི་ཕྱོགས་སུ་གཏོགས་སོ། །གལ་
554b
ཏེ་ལྷའི་ནང་ནས་དཔལ་ཉམས་ཤིང་གནས་འོག་ཏུ་ལྷུང་བ་དག་ཉི་ཟླ་དང་གནས་མཉམ་པ་འདི་ལྟ་བུའི་ལྷ་མ་ཡིན་ནི། མངལ་ལས་སྐྱེ་ཞིང་མིའི་ཕྱོགས་སུ་གཏོགས་སོ། །ལྷ་མ་ཡིན་གྱི་རྒྱལ་པོ་འགའ་ཞིག་འཇིག་རྟེན་སྐྱོང་ཞིང་མི་འཇིགས་པའི་སྟོབས་དང་ལྡན་ཏེ་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དག་དང་ཡང་རྩོད་པར་ནུས་པ་འདི་ལྟ་བུའི་ལྷ་མ་ཡིན་ནི། བརྫུས་ཏེ་སྐྱེ་ཞིང་ལྷའི་ཕྱོགས་སུ་གཏོགས་སོ། །ཀུན་དགའ་བོ། དེ་དག་ལས་ལྷ་མ་ཡིན་རིགས་དམན་པ་དག་ཡོད་དེ། རྒྱ་མཚོ་ཆེན་པོའི་དཀྱིལ་དུ་སྐྱེ་ཞིང་ཆུའི་ཀློང་འཁོར་གྱི་སྦུབས་སུ་གནས་ལ་ཉིན་མོ་བར་སྣང་ལ་རྒྱུ་ཞིང་མཚན་མོ་ཆུ་ལ་གནས་པ་འདི་ལྟ་བུའི་ལྷ་མ་ཡིན་ནི། དྲོད་གཤེར་ལས་སྐྱེ་ཞིང་དུད་འགྲོའི་ཕྱོགས་སུ་གཏོགས་སོ། །ཀུན་དགའ་བོ། དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོ་དང ། མི་དང ། ཡང་དྲང་སྲོང་དང ། ལྷ་དང ། ལྷ་མ་ཡིན་དང་བཅས་པའི་འགྲོ་བ་བདུན་པོ་འདི་དག་གི་གནས་ཚུལ་ཞིབ་ཏུ་ན་འདི་ལྟར་ཡིན་ལ། དོན་དུ་ན་རྨོངས་ཤིང་བྱིང་བས་འདུ་བྱས་པའི་དངོས་པོ་ཕྱིན་པའི་ཕྱིར་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱིས་སྐྱེ་བ་ལེན་ཞིང ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱིས་ལས་ཀྱི་རྗེས་སུ་འབྲང་ངོ ། །འདི་རྨད་དུ་བྱུང་བའི་གསལ་རིག་གཏན་ནས་མ་བཅོས་པ་གདོད་མའི་སེམས་དང་བསྟུན་ན་ཐམས་ཅད་ནམ་མཁའི་མེ་ཏོག་དང་འདྲ་ཞིང་གདོད་མ་
555a
༄#། །ནས་གཞི་མེད་ལ་སྟོང་ཞིང་རྫུན་པ་ཙམ་དུ་ཟད་ཀྱི་རྩ་བ་མེད་དོ། །ཀུན་དགའ་བོ། སེམས་ཅན་འདི་དག་གདོད་མའི་སེམས་ངོ་མི་ཤེས་པའི་ཕྱིར་འདི་ལྟར་འཁོར་བར་འཁོར་ཞིང་སྡིག་པའི་འབྲས་བུ་མྱོང་བཞིན་དུ་བསྐལ་པ་གྲངས་མེད་པ་འདས་ཀྱང་ཡང་དག་པའི་དག་པ་ཐོབ་པར་མི་ནུས་སོ། །འདི་དག་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པའི་དབང་གིས་སོང་བའི་རྐྱེན་ལས་བྱུང་བ་ཡིན་ནོ། །གསུམ་པོ་འདི་ལས་ལོག་ན་སྲོག་མི་གཅོད་པ་དང ། མ་བྱིན་པར་མི་ལེན་པ་དང ། འདོད་པས་ལོག་པར་མི་སྤྱོད་པའོ། །འདི་དག་ཡོད་ན། ངན་སོང་གི་རིགས་ཞེས་བྱ་ལ་མེད་ན་མཐོ་རིས་ཀྱི་རིགས་ཞེས་བྱའོ། །ལས་དེ་ཡོད་མེད་གཉིས་ཀྱིས་ཕན་ཚུན་གོ་སྐབས་འཕྲོག་ནས་འཁོར་བར་འཁོར་བའི་རང་བཞིན་འཕེལ་ལ། གལ་ཏེ་རྨད་དུ་བྱུང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་ནུས་ན། རྟག་བརྟན་རྨད་དུ་བྱུང་བར་གྱུར་ཅིང་ཡོད་མེད་ཐམས་ཅད་ལས་འདའ་བར་འགྱུར་ལ་ཡོད་མེད་ལས་འདས་པ་ཉིད་ཀྱང་མི་དམིགས་པར་འགྱུར་རོ། །སྲོག་མི་གཅོད་པ་དང ། མ་བྱིན་པར་མི་ལེན་པ་དང ། འདོད་པས་ལོག་པར་མི་གཡེམ་པ་ཡིན་པ་ལ་ཇི་ལྟར་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པའི་བྱ་བའི་རྗེས་སུ་འབྲང་བ་ཡོད། ཀུན་དགའ་བོ།
555b
ལས་གསུམ་མ་སྤངས་ན་རང་རང་གི་རྟོག་པའི་རྐྱེན་ལས་བྱུང་བའི་ཕྱིར་རྟོག་པ་སྐལ་བ་མཉམ་པ་དག་གནས་ངེས་པ་མེད་པ་མ་ཡིན་ལ་འཁྲུལ་པ་ལས་སྐྱེ་ཞིང་འཁྲུལ་པ་ཡང་རྒྱུ་མེད་པས་དཔྱད་ན་འཐད་པའི་གནས་མེད་དོ། །ཁྱོད་ཀྱིས་ནན་ཏན་དུ་སྦྱོངས་ཤིག་།བྱང་ཆུབ་ཐོབ་པར་འདོད་ན་ངེས་པར་རྟོག་པ་གནས་གསུམ་པོ་བསལ་བར་རིགས་སོ། །རྟོག་པ་གསུམ་པོ་མ་བསལ་ན། ཇི་ལྟ་བུའི་རྫུ་འཕྲུལ་དང་ལྡན་པར་གྱུར་ཀྱང་འཇིག་རྟེན་གྱི་བྱ་བའི་ལོངས་སྤྱོད་དུ་འགྱུར་རོ། །བག་ཆགས་མ་བསལ་བས་བདུད་ཀྱི་ལམ་དུ་ལྟུང་ངོ ། །ཇི་ལྟར་འཁྲུལ་པ་བསལ་བར་འདོད་ན་ཡང་ཕྱིར་ཞིང་འཁྲུལ་པ་འཕེལ་བར་འགྱུར་རོ། །སྙིང་རྗེ་རྗེ་ཞེས་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །ཁྱོད་ཀྱི་འཁྲུལ་པ་རང་གིས་བྱས་པ་ཡིན། བྱང་ཆུབ་ཀྱི་སྐྱོན་མིན་ནོ། །འདི་སྐད་དུ་སྨྲ་བ་ནི། ཡང་དག་པའི་སྨྲ་བ་ཡིན་ལ་དེ་ལས་གཞན་དུ་སྨྲ་བ་ནི། བདུད་ཀྱི་སྨྲ་བའོ། །དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དེ་ལྟར་ཆོས་སྟོན་པའི་མཇུག་རེ་ཞིག་བསྡུས་ནས་སླར་ཡང་སྐུ་གསེར་གཙོ་མའི་རི་ལྟ་བུ་དམ་པའི་ཆོས་ཀྱི་གདན་སེངྒེའི་ཁྲི་ལ་སླར་བཞུགས་ཏེ་རིན་པོ་ཆེ་སྣ་བདུན་གྱི་སྐུ་རྟེན་དྲངས་ཏེ་དེ་ལ་སྐུ་བརྟེན་ནས་ཀུན་དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ལ་བཀའ་སྩལ་པ། ཁྱོད་ལ་སོགས་པ་ཉན་ཐོས་དང །
556a
༄#། །རང་སངས་རྒྱས་སློབ་པ་དང ། མི་སློབ་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དེ་རྨད་དུ་བྱུང་བ་གསལ་རིག་བླང་བའི་ཕྱིར་ངས་དེ་ཡང་དག་པར་སྒྲུབ་པའི་ཆོས་བཤད་ཟིན་ན། ཁྱེད་ཅག་གིས་ད་དུང་ཁོང་དུ་མཆུད་དོ། །ཞི་གནས་དང་ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་པ་ན་ཤིན་ཏུ་ཕྲ་བའི་བདུད་ཀྱི་ལས་དང་བདུད་ཀྱི་ཡུལ་མངོན་སུམ་དུ་སྣང་སྟེ། ཁྱེད་ཅག་གིས་དེ་མ་རིག་ན་སེམས་ཡང་དག་པར་སྦྱངས་པ་ཞེས་མི་བྱ་སྟེ། ལོག་པའི་ལྟ་བར་ལྟུང་བས་སྐབས་སྐབས་སུ་ཕུང་པོའི་བདུད་དང ། སྐབས་སྐབས་སུ་ལྷའི་བདུད་དང ། སྐབས་སྐབས་སུ་ཡི་དྭགས་དང ། ལྷ་མ་ཡིན་གྱིས་གླགས་རྙེད་ཅིང་གདོན་ཕྲ་མོ་དག་གིས་འཚེ་བར་འགྱུར་བས་ནང་དུ་སེམས་ཀྱིས་མ་ཚོར་བར་རྐུན་པོ་ལ་བུར་འཁྲུལ་ཏེ། ཡང་དེ་ལས་ཅུང་ཟད་ཙམ་ཐོབ་པ་ལ་ཆོག་ཤེས་ཏེ་བསམ་གཏན་བཞི་པ་ལ་ཆགས་པའི་དགེ་སློང་དང་མཚུངས་ཏེ། དེ་ནི། ཐོས་པ་མེད་པར་འཕགས་ལམ་མ་ཐོབ་པ་ཐོབ་པར་སྨྲ་ཞིང་ཚེ་ཟད་ཁར་ཡང་སྲིད་ལེན་པ་མངོན་དུ་གྱུར་ཏེ་དགྲ་བཅོམ་པ་ཡང་ཕྱི་མའི་ལུས་ལེན་ཏོ། །ཞེས་སྐུར་བ་བཏབ་ནས་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་ཁྱོད་ལ་ཞིབ་ཏུ་ཕྱེ་
556b
སྟེ་བསྟན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཀུན་དགའ་བོ་སྟན་ལས་ལངས་ཏེ་འཁོར་འདུས་པ་དང་ལྷན་ཅིག་ཏུ་རབ་ཏུ་དགའ་ནས་སྤྱི་བོས་བཏུད་དེ་ལུས་དང་སེམས་ཤིན་ཏུ་གུས་ཤིང་དང་བས་ཐུགས་རྗེས་དགོངས་པའི་བཀའ་ལ་ནོད་ཅིང་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་བཅས་པའི་འཁོར་ཐམས་ཅད་ལ་བཀའ་སྩལ་པ།་ཁྱོད་ལ་སོགས་པས་ཤེས་པར་གྱིས་ཤིག་།ངོ་བོ་ཉིད་ཀྱི་གསལ་རིག་ཁྱབ་པ་ལ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང ། རིགས་བཅུ་གཉིས་ཀྱི་སེམས་ཅན་ཟག་པ་ཅན་རྣམས་གཉིས་སུ་མེད་ཅིང་སོ་སོ་མ་ཡིན་མོད་ཀྱི། ཡང་དག་པ་མ་ཡིན་པའི་འདུ་ཤེས་འཁྲུལ་པ་ལས་རྨོངས་པ་དང་སྲེད་པ་འབྱུང་ཞིང་སྐྱེས་སོ། །སྐྱེས་ནས་འཁྲུལ་པ་ལས་སྟོང་པའི་རང་བཞིན་ཡོད་པར་འགྱུར་ཏེ་འཁྲུལ་ལོ། །འཁྲུལ་པ་ལས་རྫུན་པའི་སྣང་བ་རྒྱུན་མི་འཆད་པའི་ཕྱིར་འཇིག་རྟེན་བྱུང་ངོ ། དེ་ལྟ་བས་ན། ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་ཞིང་རྣམས་ཀྱང་བཞག་པ་མ་ཡིན་པ་མེད་དེ། དེ་ལྟ་བུ་ནི། འཁྲུལ་པ་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་བཞག་པར་ཤེས་པར་གྱིས་ཤིག་།ནམ་མཁའ་སྟོང་པ་ཁྱེད་ཅག་གི་སེམས་ཀྱི་ནང་དུ་ཆུད་དོ། །དཔེར་ན། ནམ་མཁའ་ལ་སྤྲིན་གྱི་དུམ་བུ་ཆགས་པ་དང་འདྲ་སྟེ། ནམ་མཁའ་ཡང་དེའི་ནང་དུ་ཆུད་ན་འཇིག་རྟེན་གྱི་ཁམས་ཐམས་
557a
༄#། །ཅད་ཆུད་པ་ལྟ་ཅི་སྨོས། ཁྱེད་ཅག་ཡང་དག་པ་འདི་ལ་ཞུགས་ན་ཕྱོགས་བཅུའི་སྟོང་པ་ཐམས་ཅད་ཞི་སྟེ། དེ་ལྟ་ན་སྟོང་པ་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཅིའི་ཕྱིར་བཤིག་པར་མི་འགྱུར། ཁྱེད་ཅག་བསམ་གཏན་དང་ཏིང་ངེ་འཛིན་ལ་རྣལ་འབྱོར་སྤྱོད་པ་དང ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང ། ཟག་པ་ཟད་པའི་དགྲ་བཅོམ་པ་རྣམས་ཀྱིས་སེམས་དྭངས་ཤིང་གསལ་བར་དེ་བཞིན་ཉིད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་གྱུར་ན་བདུད་ཀྱི་རྒྱལ་པོ་ཐམས་ཅད་དང ། འབྱུང་པོ་དང ། ལྷ་ཕལ་པ་རྣམས་རང་རང་གི་ཁང་ཁྱིམ་ཀུན་ནས་ཉིལ་ཞིང་ས་ཆེན་པོ་ནི། རབ་ཏུ་གཡོ་བ་དག་མཐོང་བར་འགྱུར་རོ། །ཆུ་དང་སྐམ་ན་གནས་པ་དང་ནམ་མཁའ་ལ་འཕུར་བ་དག་ལ་མི་སྐྲག་པ་མེད་དོ། །སྐྱེ་བོ་ཕལ་པ་རྨོངས་པ་རྣམས་ཀྱིས་ལོག་པར་སྒྲོ་འདོགས་པར་བྱེད་དོ། །དེ་དག་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་ཟག་པ་མ་ཟད་པས་འཁོར་བ་ལ་འདྲིས་ཤིང་ཞེན་པས་ཅིའི་ཕྱིར་དེ་དག་གནས་རྣམས་ཁྱེད་ཅག་ལ་བཤིག་ཏུ་བཅུག་།དེའི་ཕྱིར་ལྷ་མ་ཡིན་དང ། ཡི་དྭགས་དང།་ལྷའི་བདུད་རྣམས་ཁྱེད་ཅག་བསམ་གཏན་སྒོམ་པའི་ཐད་དུ་འོངས་ནས་འཚེ་བར་བྱེད་དེ། དེ་ལྟ་ན་ཡང་བདུད་དེ་དག་ཐམས་ཅད་ཆེར་ཁྲོས་ཀྱང་དེ་དག་ཉོན་མོངས་
557b
ཏེ་འཁྲུལ་པར་བྱིང་བ་ཡིན་ལ། ཁྱེད་ཅག་རྨད་དུ་བྱུང་བའི་གསལ་རིག་ལ་གནས་པ་སྟེ། དཔེར་ན། འོད་ལ་རླུང་གིས་ཕོག་པ་དང་ཆུ་ལ་རལ་གྲི་བཏབ་པ་ལྟར་ཅུང་ཟད་ཀྱང་གནོད་པར་མི་འགྱུར་རོ། །ཁྱེད་ཅག་ཆུ་ཚན་དང་འདྲ་ཞིང་དེ་དག་འཁྱག་རོམ་སྲ་བ་དང་འདྲ་སྟེ། དྲོད་དང་ཉེ་བས་ཁད་ཀྱིས་འཇུ་བ་ལྟར་དེའི་རྫུ་འཕྲུལ་ཕྱིར་ཞིང་ཉམས་ཏེ་རང་ཉོན་མོངས་པ་ཙམ་དུ་ཟད་དོ། ། དེ་ནི།་མགྲོན་དང་མཚུངས་པར་གློ་བུར་དུ་འོངས་ཏེ་གྲུབ་པའི་དོན་བཤིག་ཤིང་འཁྲུག་པར་བྱེད་དེ་ཁྱེད་ཅག་གི་སེམས་ཀྱི་ནང་དུ་ཕུང་པོ་ལྔའི་ཁྱིམ་བདག་འཁྲུལ་ན་མགྲོན་དེས་གླགས་རྙེད་ལ།་བསམ་གཏན་སྒོམ་པའི་ཚེ་ཤེས་བཞིན་གྱིས་ཚོར་ན་བདུད་ཀྱི་རྒོལ་བས་ཁྱོད་ལ་གླགས་མི་རྙེད་དོ། །ཕུང་པོ་ཞི་ཞིང་གསལ་བ་ལ་ཞུགས་ན་ཕྱིན་ཅི་ལོག་གི་ཚོགས་ཀུན་སོ་སོར་མི་སྣང་བར་འགྱུར་ཏེ། སྣང་བས་མུན་ནག་སེལ་བར་ནུས་ལ་ཉེ་བར་འོངས་ཀྱང་རང་ཉིད་ཟད་པར་འགྱུར་གྱི། བསམ་གཏན་ལ་གནོད་པར་བྱེད་པ་ག་ལ་སྤོབས། གལ་ཏེ་ཤེས་བཞིན་གྱིས་ཚོར་བར་མ་གྱུར་ན་ཕུང་པོས་རྨོངས་པར་བྱས་ཏེ། ཀུན་དགའ་བོ། ཁྱོད་བདུད་ཀྱི་བུར་འགྱུར་ལ་བདུད་ཉིད་དུ་འགྱུར་རོ། །བུ་མོ་མ་ཏངྒི་ལྟ་བུ་མཐུ་ཆུང་ཡང་སྔགས་ཀྱི་མཐུས་ཁྱོད་ཀྱི་ཚུལ་ཁྲིམས་གཞིག་པའི་བསམ་པས་སྤྱོད་པ་བརྒྱད་ཁྲིའི་ནང་ནས་གཅིག་བཤིག་པར་འདོད་ཀྱང་སེམས་ཡོངས་སུ་དག་པའི་ཕྱིར་འདོད་པའི་འདམ་དུ་བྱིང་པར་མ་
558a
༄#། །གྱུར་ཏོ། །བདུད་དེ་དག་ནི། ཁྱོད་ཀྱི་རིན་པོ་ཆེའི་གསལ་རིག་གི་ལུས་རྫོགས་པར་འཇོམས་སོ། །དཔེར་ན། བློན་པོ་ཆེན་པོའི་ཁྱིམ་གློ་བུར་དུ་གཏོར་བ་ན་ཀུན་ཏུ་འཕྱར་ཞིང་འཐོར་བ་ལ་སུས་ཀྱང་བརྩེ་བས་སྐྱོབ་མི་ནུས་པ་དང་འདྲའོ། །ཀུན་དགའ་བོ། ཤེས་པར་གྱིས་ཤིག་།ཁྱོད་རྣལ་འབྱོར་སྒོམ་པ་ན་རྣམ་ཏོག་འགག་པའི་ཚེ་རྣམ་པར་རྟོག་པ་ཐམས་ཅད་ཟད་དེ་སྣ་ཚོགས་པའི་སེམས་དང་བྲལ་ཞིང་ཀུན་ཏུ་དྭངས་ཤིང་གསལ་བར་འགྱུར་ཏེ་གཡོ་བ་དང་མི་གཡོ་བ་ཐམས་ཅད་ཀྱིས་མི་བསྐྱོད་ལ་དྲན་པ་དང་བརྗེད་པ་གཉིས་མཉམ་པ་ཉིད་དུ་འགྱུར་རོ། །འདིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན་དཔེར་ན། སྐྱེ་བོ་མིག་དང་ལྡན་པ་མུན་ནག་གི་ནང་དུ་ཕྱིན་པ་དང་མཚུངས་ཏེ། རང་བཞིན་གསལ་ཞིང་དྭངས་མོད་ཀྱི། སེམས་ཀྱི་འོད་མ་བྱུང་བས་གཟུགས་ཀྱི་ཕུང་པོའི་སྒྲིབ་གཡོགས་ཞེས་བྱའོ། །གལ་ཏེ་མིག་དང་ལྡན་པ་དེ་མུན་པ་སངས་པ་ན་ཕྱོགས་བཅུ་གསལ་བར་སྣང་ཞིང་མུན་པ་མེད་པ་དང་འདྲ་སྟེ། འདི་ལ་གཟུགས་ཀྱི་ཕུང་པོ་ཟད་པ་ཞེས་བྱའོ། །སྐྱེ་བོ་དེ་ནི། བསྐལ་པའི་སྙིགས་མ་ལས་འདས་སོ། །དོན་དེ་ལ་བརྟགས་ན་ཡང་དག་པ་མ་ཡིན་པའི་འདུ་ཤེས་བརྟན་པའི་རྩ་བ་བསྐྱེད་པའོ། །ཀུན་དགའ་བོ། འདིའི་ནང་གི་རྨད་དུ་བྱུང་བའི་
558b
གསལ་རིག་ལ་ཞིབ་པར་བརྟགས་ནས་འབྱུང་བ་ཆེན་པོ་བཞི་མ་འདྲེས་པར་གྱུར་པ་ལས་ཡུད་ཙམ་གྱིས་ལུས་སྒྲིབ་པ་དང་འབྲལ་ནུས་པས་འདི་ལ་གསལ་བའི་རང་བཞིན་སྤྲོ་ཞིང་སྡུད་པའི་འདུ་འཕྲོད་ཀྱི་གཟུགས་མངོན་དུ་གྱུར་པ་ཞེས་བྱའོ། །འདི་ནི། གཅིག་ཏུ་བརྩོན་ཞིང་སྦྱངས་པའི་མཐུ་ལས་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ལ་འཕགས་པའོ་སྙམ་དུ་མ་བསམ་ན། དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཀུན་དགའ་བོ། ཡང་སེམས་གསལ་རིག་རྨད་དུ་བྱུང་བ་འདི་ལ་ཤིན་ཏུ་སྦྱངས་ན་ལུས་ཀྱི་ནང་དྭངས་ཤིང་གསལ་བ་ལས་སྐྱེ་བོ་དེའི་ལུས་ཀྱི་ནང་ནས་ཡུད་ཙམ་ཞིག་ཏུ་སྲིན་གྲོལ་མ་ཕྱུང་བ་ལྟར་ལུས་སྔར་བཞིན་ཏེ་རྨས་ཤིང་ཉམས་པ་ཡང་མེད་དོ། །འདི་ལ་སྤྲོ་ཞིང་སྡུད་པའི་གཟུགས་མངོན་དུ་གྱུར་པ་ཞེས་བྱའོ། །འདི་ནི། གཅིག་ཏུ་བརྩོན་ཞིང་སྤྱད་པ་ལས་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ལ་འཕགས་པའོ་སྙམ་དུ་མ་བསམས་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་འདི་ཕྱི་དང་ནང་དུ་ཤིན་ཏུ་སྦྱངས་ནས་དེའི་ཚེ་ཉེ་བར་ལེན་པའི་རྣམ་ཤེས་མ་གཏོགས་པ་སེམས་
559a
༄#། །དང་ཡིད་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་དུ་འབྲེལ་ནས་མགྲོན་དང་ཁྱིམ་བདག་གི་ཚུལ་དུ་འགྱུར་ཞིང་གློ་བུར་དུ་ནམ་མཁའ་སྟོང་པ་ལས་ཆོས་སྟོན་པའི་སྒྲ་ཐོས་པའམ། ཡང་ན་ཕྱོགས་བཅུར་གཅིག་ཏུ་ཟབ་མོའི་དོན་འཆད་པ་ལྟ་བུའི་སྒྲ་ཐོས་སོ། །འདི་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཕན་ཚུན་འདུ་བ་དང་འབྲལ་བ་ཞེས་བྱའོ། །དགེ་བའི་ས་བོན་སྒྲུབས་པ་ལས་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ལ་འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་འདི་དྭངས་ཤིང་གསལ་བའི་ནང་ནས་འོད་བྱུང་སྟེ་ཕྱོགས་བཅུར་ཁྱབ་པར་ཛམྦུ་ཆུ་བོའི་གསེར་གྱི་ཁ་དོག་ཏུ་གྱུར་ཏེ་སྣ་ཚོགས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུར་གྱུར་མ་ཐག་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལྷའི་རིན་པོ་ཆེའི་ཁྲི་འོད་འབར་བ་ལ་བཞུགས་ཏེ་སངས་རྒྱས་སྟོང་གིས་བསྐོར་ཞིང་བྱེ་བ་ཕྲག་བརྒྱའི་ཞིང་པདྨ་དང་བཅས་པ་ལྷན་ཅིག་ཏུ་སྣང་སྟེ། འདི་ལ་སེམས་དང་རྣམ་པར་ཤེས་པ་ལས་ཡེ་ཤེས་མངོན་དུ་གྱུར་ཏེ་སེམས་སྦྱང་བའི་འོད་ལས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པ་ཞེས་བྱའོ། །
559b
དེ་ཡང་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ལ་འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་གསལ་རིག་རྨད་དུ་བྱུང་བ་འདི་ལ་ཤིན་ཏུ་སྦྱངས་པས་དཔྱོད་པ་རྒྱུན་མི་འཆད་ཅིང་འཕྲོ་རྒོད་བཏུལ་ཏེ་གནས་ཆ་ཚད་ལས་ལྷག་པར་གྱུར་པའི་ཚེ་སྐད་ཅིག་གིས་ཕྱོགས་བཅུའི་ནམ་མཁའ་རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་ཅན་ནམ། ཡང་ན་ཁ་དོག་སྣ་བརྒྱར་ཡང་གྱུར་ནས་དུས་གཅིག་ཏུ་ཁྱབ་ལ་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དག་མ་འདྲེས་པར་སྣང་སྟེ། འདི་ལ་གནས་ཤིང་འདུལ་བ་ལ་བརྩོན་པའི་སྟོབས་ཀྱིས་ཚད་ལས་འདས་པ་ཞེས་བྱའོ། །དེ་ཡང་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། ། འདི་ནི།་འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་འདི་དྭངས་ཤིང་གསལ་བར་ཤིན་ཏུ་སྦྱངས་ཏེ་རང་བཞིན་མི་འཁྲུག་པར་གྱུར་ནས་སྐད་ཅིག་གིས་མཚན་གུང་མུན་ནག་གི་ཁང་པའི་ནང་དུ་དངོས་པོ་སྣ་ཚོགས་པ་ཉིན་མོ་དང་འདྲ་བར་
560a
༄#། །མཐོང་ངོ ། །མུན་པའི་ནང་གི་སྒྲིབ་བྱེད་ཟད་ཅིང་འགག་པ་མ་ཡིན་ནོ། །འདི་ལ་སེམས་ཤིན་ཏུ་ཕྲ་བའི་མཐོང་བ་རྣམ་པར་དག་ནས་སྣ་ཚོགས་མཐོང་ཞིང་མུན་པ་སངས་པ་ཞེས་བྱའོ། །དེ་ཡང་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ནི། འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་འདི་སྟོང་པའི་རང་བཞིན་ལ་ཁྱབ་པར་ཞུགས་ནས་སྐད་ཅིག་གིས་ཡན་ལག་བཞི་རྩ་དང་ཤིང་འདྲ་བར་གྱུར་ཏེ་མེས་བསྲེགས་ཤིང་མཚོན་གྱིས་གཏུབས་ཀྱང་མི་ཚོར་ལ། མེའི་འོད་ཀྱིས་གདུང་བར་ཡང་མི་འགྱུར་ཞིང་ཤ་བཅད་ན་ཡང་ཤིང་གཞོགས་པ་དང་མཚུངས་སོ། །འདི་ལ་ཡུལ་ཟད་ཅིང་ཁམས་བཞི་མ་དམིགས་པར་དེ་ཁོ་ན་ཉིད་ལ་ཞུགས་པ་ཞེས་བྱའོ། །དེ་ཡང་ཡུད་ཙམ་ཞིག་འདི་ལྟར་གྱུར་པ་ཡིན་གྱི། འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ནི། འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་སེམས་འདི་གསལ་ཞིང་དྭངས་པར་གྲུབ་སྟེ་སེམས་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་མཐར་ཐུག་ནས་སྐད་ཅིག་གིས་ས་ཆེན་
560b
པོ་དང ། ཕྱོགས་བཅུའི་རི་དང ། ཆུ་ཀླུང་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གྱུར་ནས་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་སྣང་བས་ཁྱབ་ཅིང་གང་བ་དང ། ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་གཞལ་མེད་ཁང་དང་བཅས་པ་ནམ་མཁའ་གང་བར་མཐོང་ལ། འོག་ཏུ་སེམས་ཅན་དམྱལ་བ་དང་སྟེང་དུ་ལྷའི་གཞལ་མེད་ཁང་དག་མཐོང་ཞིང་སྒྲིབ་ཐོགས་མེད་པ་སྟེ། འདི་ལ་དགའ་བ་དང་སྐྱོ་བའི་སེམས་ཀྱིས་རྣམ་པར་བཟུང་ནས་ཡུན་རིང་དུ་སེམས་པ་ལས་གྱུར་པ་ཞེས་བྱ་སྟེ། འཕགས་པའི་འབྲས་བུ་ཞེས་ནི།་མི་བྱའོ། །འདི་ནི། འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། ། ཡང་སེམས་འདི་སྦྱངས་པ་ཡུན་རིང་བས་སྐད་ཅིག་གིས་མཚན་གུང་རྒྱང་རིང་བོའི་ཚོང་འདུས་དང ། གྲོང་ཁྱེར་དང ། གཉེན་བཤེས་དང ། ཉེ་དུ་དག་མཐོང་བའམ། ཡང་ན་དེ་དག་གི་གཏམ་ཟེར་པ་ཐོས་ཏེ། འདི་ལ་སེམས་བསྒྲིམས་ཏེ་དམིགས་པ་ལས་མངོན་དུ་གྱུར་ནས་བར་དུ་ཆོད་པའི་རྒྱང་རིང་པོ་མཐོང་བ་ཞེས་བྱ་སྟེ། འཕགས་པའི་འབྲས་བུ་ཞེས་ནི།་མི་བྱའོ། །འདི་ནི། འཕགས་པའོ་སྙམ་དུ་མ་བསམ་ན་དགེ་བའི་མངོན་རྟགས་སུ་རུང་གི་།གལ་ཏེ་འཕགས་པའི་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཡང་
561a
༄#། །སེམས་འདི་ཤིན་ཏུ་སྦྱངས་ནས་ཕྲ་བའི་མཐར་ཐུག་ནས་དགེ་བའི་བཤེས་གཉེན་དག་གི་ལུས་དང་ཆ་བྱད་བསྒྱུར་ཞིང་ཡུད་ཙམ་དུ་རྒྱུ་མེད་པར་རྣམ་པ་སྣ་ཚོགས་སུ་བསྒྱུར་བ་མཐོང་སྟེ། འདི་ལ་ཕྱིན་ཅི་ལོག་གི་སེམས་ལྷ་མ་ཡིན་ཁོང་དུ་ཆུད་པ་ཞེས་བྱའོ། །ཡང་ན་ལྷའི་བདུད་དང་འཕྲད་ཅིང་དེའི་སེམས་ལ་ཞུགས་ནས་རྒྱུ་མེད་པར་ཆོས་ཟབ་མོའི་དོན་ཐོགས་པ་མེད་པར་འཆད་པ་ལ་མཁས་ཏེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །འདི་ནི། འཕགས་པའོ་སྙམ་དུ་མ་བསམ་ན་བདུད་ཀྱི་ལས་ཞི་ཞིང་ཟད་པར་འགྱུར་རོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ལོག་པའི་མཐར་ལྟུང་ངོ ། །ཀུན་དགའ་བོ། རྣམ་པ་བཅུ་པོ་འདི་ཏིང་ངེ་འཛིན་ལ་སྣང་བའི་ཡུལ་ཏེ་འདི་ཀུན་གཟུགས་ཀྱི་ཕུང་པོ་ལ་སེམས་སྦྱངས་པ་འཁྲུལ་པ་ལས་འདི་འདྲ་བར་གྱུར་ཏེ། སེམས་ཅན་རྨོངས་པ་རྣམས་རང་གི་དྲོད་མ་ཟིན་པས་རྒྱུ་རྐྱེན་འདི་ལྟ་བུ་དང་འཕྲད་ནས་འཁྲུལ་བ་\?\་ལ་རང་ཉིད་ཀྱིས་མ་ཤེས་པར་བདག་འཕགས་པའོ་ཞེས་རྫུན་ཆེན་པོ་སྨྲས་ཏེ་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཁྱེད་ཅག་ངས་བསྟན་པ་འདི་ལ་བརྟེན་ནས་ང་མྱ་ངན་ལས་འདས་པའི་འོག་ཏུ་སྙིགས་མའི་དུས་སུ་ངས་བསྟན་པའི་དོན་འདི་དག་རྒྱས་པར་ཤོད་ཅིག་།གསལ་བར་སྟོན་ཅིག་།ལྷའི་བུའི་བདུད་ཀྱིས་
561b
སྐབས་མི་རྙེད་པར་སྐྱོང་བ་དང་སྲུང་ཞིང་སྐྱོབ་ན་བླ་ན་མེད་པའི་ལམ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ། རིགས་ཀྱི་བུ་དག་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གཟུགས་ཀྱི་ཕུང་པོ་ཟད་པ་ན་སངས་རྒྱས་ཐམས་ཅད་ཀྱི་སེམས་མཐོང་བ་ནི། མེ་ལོང་དག་པའི་གཟུགས་གསལ་བར་སྣང་བ་དང་འདྲ་བར་རྙེད་པ་དང་འདྲ་ཡང་ལོངས་སྤྱོད་པར་མི་ནུས་སོ། །དཔེར་ན། སྐྱེ་བོ་གྲིབ་གནོན་གྱིས་གནོན་པ་ལྟར་རྐང་ལག་སྔ་མཁོ་བཞིན་དུ་ཡོད་ཅིང་མཐོང་བ་དང་ཐོས་པ་མ་འཁྲུལ་ཡང་སེམས་ཕྱིན་ཅི་ལོག་གིས་བསླད་པས་ལུས་གཡོ་མི་ནུས་པ་དང་འདྲའོ། །འདི་ལ་ཚོར་བའི་ཕུང་པོའི་སྒྲིབ་གཡོགས་ཞེས་བྱའོ། །གལ་ཏེ་ནོན་པ་དེ་སངས་ནས་འཁྲུལ་པའི་སེམས་དེ་ལུས་དང་བྲལ་ཏེ་རང་ངོ་ཤེས་ཤིང་འགྲོ་བ་དང་འདུག་པ་ལ་རང་དབང་དུ་གྱུར་ཏེ་ཆགས་ཐོགས་མེད་དོ། །འདི་ལ་ཚོར་བའི་ཕུང་པོ་ཟད་པ་ཞེས་བྱ་སྟེ། སྐྱེ་བོ་དེ་ལྟ་བའི་སྙིགས་མ་ལས་འདའ་བར་ནུས་སོ། །རྒྱུ་འདི་ལ་བརྟགས་ན་གསོག་ཏུ་གྱུར་པས་ཡང་དག་པ་མ་ཡིན་པའི་འདུ་ཤེས་རྩ་བར་གྱུར་པའོ། །ཀུན་དགའ་བོ། རིགས་ཀྱི་བུ་དག་འདིའི་ནང་ནས་འོད་གསལ་བ་ཆེན་པོ་བྱུང་སྟེ་དེའི་སེམས་འོད་གསལ་བར་གྱུར་པ་ལ་ནང་དུ་བསྒྲིམས་ཏེ་ལྷག་པར་གནས་པའི་དབང་གིས་གློ་བུར་དུ་ཚད་མེད་པའི་སྙིང་རྗེ་སྐྱེས་ནས་སྦྲང་བུ་ཕྲ་མོ་ཡན་ཆད་མཐོང་བ་ན་
562a
༄#། །བུ་གཅིག་པ་བཞིན་དུ་བྱམས་ཤིང་བལྟས་ནས་དེ་སྙིང་རྗེའི་དབང་གིས་རང་དབང་མེད་པར་མཆི་མ་འབྱུང་སྟེ། འདི་ལ་བརྩོན་པའི་སྤྱོད་པས་ལྷག་པར་གྱུར་པ་ཞེས་བྱའོ། །ཚོར་བ་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །ཚོར་བས་ཟིན་ཏེ་མ་འཁྲུལ་ན་རིང་ཞིག་ནས་དེ་ཞི་བར་འགྱུར་རོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་དེ་ནས་སྙིང་རྗེའི་བདུད་ཁོང་དུ་ཞུགས་པ་སྟེ་མི་དག་མཐོང་ན་སྙིང་རྗེ་སྐྱེ་ཞིང་མཆི་མ་རྒྱུན་མི་འཆད་པར་འབྱུང་སྟེ་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཀུན་དགའ་བོ། རིགས་ཀྱི་བུ་དག་ཏིང་ངེ་འཛིན་འདིའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི། གསལ་བར་གྱུར་ཏེ་རྨད་དུ་བྱུང་བའི་རྣམ་པ་མངོན་དུ་གྱུར་པས་ཤིན་ཏུ་རིངས་པའི་སེམས་ལྷག་པར་གྱུར་ཏེ་དེ་ལས་གློ་བུར་དུ་ཤིན་ཏུ་དཔའ་བའི་སེམས་བསྐྱེད་དེ་བརྟུལ་ཕོད་པའི་སེམས་དེས་སངས་རྒྱས་ཐམས་ཅད་དང་མཉམ་པར་བྱ་ཞིང ། སེམས་ཀྱི་སྐད་ཅིག་ལ་བསྐལ་པ་གྲངས་མེད་གསུམ་འདའ་བར་ནུས་སོ་སྙམ་དུ་སེམས་སོ། །འདི་ལ་བརྩོན་འགྲུས་སྤྱོད་པ་ལ་བརྟེན་ནས་ཁེངས་པ་ལྷག་པར་གྱུར་པ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་
562b
ནི།་མི་བྱའོ། །ཤེས་བཞིན་གྱིས་ཚོར་ཏེ་མ་འཁྲུལ་ན་རིང་ཞིག་ནས་དེ་ཞི་བར་འགྱུར་རོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་སྨྱོ་བྱེད་ཀྱི་བདུད་ཁོང་དུ་ཞུགས་པ་སྟེ་མི་དག་མཐོང་ན་རྒྱགས་པ་དང ། ང་རྒྱལ་དཔེ་མེད་པ་སྐྱེས་ཏེ། གོང་དུ་སངས་རྒྱས་ལ་མི་བརྩི་འོག་ཏུ་མི་ལ་མི་བརྩི་སྟེ་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་འདིའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི། གསལ་བར་གྱུར་ཏེ། སྔོན་དུ་དོན་གསར་པ་མ་ཐོབ་ཅིང་ཕྱིར་ལོག་པ་ན་གཞི་ལ་ཡོད་པའི་གནས་སྟོར། ཡེ་ཤེས་ཀྱི་སྟོབས་ཉམས་ཏེ་བར་མ་དོར་གནས་ཤིང་ཅི་ཡང་མི་མཐོང་ངོ ། །སེམས་ཀྱི་ནང་ནས་གློ་བུར་དུ་ཡིད་ཤིན་ཏུ་གདུངས་ཏེ་དུས་ཐམས་ཅད་དུ་བརྗེད་པ་མེད་པར་གཅིག་ཏུ་དྲན་ནས་དེ་ལ་བརྩོན་འགྲུས་ཀྱི་རྣམ་པར་གྱུར་ཏོ་སྙམ་དུ་སེམས་ཏེ། འདི་ལ་སྒོམ་པའི་ཤེས་རབ་འཆལ་ཞིང་རང་ཉིད་ཀྱིས་སྟོར་བ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་དྲན་པའི་བདུད་ཁོང་དུ་ཞུགས་པ་སྟེ་ཉིན་མཚན་དུ་སེམས་ཀྱིས་མི་གཏོང་བར་འཛིན་ཅིང་གཅིག་ཏུ་དམིགས་ཏེ་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་འདིའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་
563a
༄#། །མཐོང ། ཚོར་བའི་ཕུང་བོ་ནི། གསལ་བར་གྱུར་ཏེ་ཤེས་རབ་ཀྱི་སྟོབས་ནི། ཞི་གནས་ལྷས་ལྷག་པར་གྱུར་ཏེ་དཔྱོད་པ་རྣོན་པོས་ཁྱེར་ནས་རྨད་དུ་བྱུང་བའི་རང་བཞིན་སེམས་ལ་བཞག་སྟེ་རང་ཉིད་རྣམ་པར་སྣང་མཛད་ཡིན་ནོ་སྙམ་དུ་སེམས་ཤིང་ཅུང་ཟད་ཐོབ་པ་ལ་ཆོག་པར་འཛིན་པ་སྟེ། འདི་ལ་སོ་སོར་རྟོགས་པ་ལས་ཉམས་ཏེ་རང་ཉིད་ཀྱིས་མཐོང་ཞིང་ཤེས་པ་ལ་ཞེན་པས་འཇུག་པ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་དམན་པས་ཆོག་ཤེས་པའི་བདུད་ཁོང་དུ་ཞུགས་པ་སྟེ་མི་དག་མཐོང་ན་རང་གིས་བླ་ན་མེད་པའི་དོན་དམ་པ་ཐོབ་བོ། །ཞེས་སྨྲས་ཏེ་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་འདིའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་བོ་ནི། གསལ་བར་གྱུར་ཏེ་དོན་གསར་པ་ནི། མ་ཐོབ། སྔ་མ་ནི། སྟོར། དེ་གཉིས་ཀྱི་ཚུལ་མཐོང་བས་ཞུམ་པའི་སེམས་སྐྱེས་ནས་གློ་བུར་དུ་མྱ་ངན་ཚད་མེད་པ་སྐྱེས་བ་\?\་ལྕགས་\?\་བ་སྲེགས་ཀྱི་ཁྲི་ལ་འདུག་པ་དང་མཚུངས་ཤིང་དུག་འཐུངས་པ་དང་འདྲ་བར་འཚོ་བར་མི་འདོད་པའི་སེམས་སྐྱེས་ཏེ། རྟག་པར་གཞན་ལ་བདག་གི་སྲོག་ཆོད་ལ་རྣམ་པར་གྲོལ་
563b
བ་ལ་བཞག་པར་མཛོད་ཅིག་ཅེས་གསོལ་བར་བྱེད་དོ། །འདི་ལ་སྤྱོད་པ་སྦྱོང་བའི་ཐབས་ལ་མཁས་པ་སྟོར་བ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་མྱ་ངན་གྱི་བདུད་ཀྱི་རིགས་གཅིག་ཁོང་དུ་ཞུགས་པ་སྟེ་ལག་ཏུ་གྲི་མཚོན་ཐོགས་ནས་རང་གི་ཤ་གཅོད་ཅིང་སྲོག་འགག་པར་བྱེད་དོ། །ཡང་ན་རྟག་ཏུ་མྱ་ངན་གྱིས་བྲོས་ཏེ་རི་དང་ནགས་སུ་འགྲོ་ཞིང་མི་དག་མཐོང་བར་མི་འདོད་དེ་ཡང་དག་པའི་ངས་སྟོར་ནས་ལེག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་འདིའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་བོ་ནི། གསལ་བར་གྱུར་ཏེ་རྣམ་པར་དག་པའི་ནང་ནས་སེམས་བདེ་ཞིང་གློ་བུར་དུ་རང་ཉིད་དགའ་བ་དཔག་ཏུ་མེད་པ་སྐྱེས་ནས་དགའ་ཞིང་རོལ་བ་དེ་འགོག་མི་ནུས་པར་གྱུར་ཏེ། འདི་ལ་ཤིན་ཏུ་སྦྱངས་པའི་བདེ་བ་དང་བཅས་ཀྱང་ཤེས་རབ་འཆལ་བས་འགོག་མི་ནུས་པ་ཞེས་བྱའོ།། ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་དགའ་ཞིང་རོལ་བ་ལ་སྲེད་པའི་བདུད་ཀྱི་རིགས་གཅིག་དེའི་སེམས་ལ་ཞུགས་ཏེ་མི་དག་མཐོང་ན་རྒོད་ཅིང་ལམ་སྲང་གི་བཞི་མདོར་རང་ཉིད་གླུ་ལེན་ཞིང་གར་བྱད་དེ། རང་ཉིད་ཐོགས་པ་མེད་པའི་རྣམ་པར་གྲོལ་བ་ཐོབ་བོ། །ཞེས་སྨྲ་ཞིང་ཡང་དག་པའི་
564a
༄#། །གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི། གསལ་བར་གྱུར་ཏེ། རང་ཉིད་ཚིམ་མོ། །ཞེས་སྨྲ་ཞིང་གློ་བུར་དུ་རྒྱུ་མེད་པར་ང་རྒྱལ་ཆེན་པོ་སྐྱེས་ཏེ། དེ་ནས་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་ཆེ་བའི་ང་རྒྱལ་དང་མངོན་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་ཅིག་ཅར་དུ་སྐྱེ་ཞིང་སེམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་མི་གུས་ན་ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ལྟ་ཅི་སྨོས། འདི་ལ་རང་ཉིད་རྒྱལ་བར་མཐོང་ཞིང་རང་སྐྱོབ་པའི་ཤེས་རབ་འཆལ་བ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་ང་རྒྱལ་ཆེན་པོའི་བདུད་ཀྱི་རིགས་གཅིག་དེའི་སེམས་ལ་ཞུགས་ཏེ་མཆོད་རྟེན་དང་གཙུག་ལག་ཁང་ལ་ཕྱག་མི་འཚལ་ཞིང་གླེགས་བམ་དང་སྐུ་གཟུགས་བཤིག་པར་བྱེད་དེ་སྦྱིན་བདག་ལ་འདི་སྐད་དུ་འདི་དག་ནི། གསེར་དང ། ཟངས་དང ། ས་དང ། གླེགས་བ་མ་ནི། ཤིང་ལོ་དང ། རས་ལ་སོགས་པའོ། །ཤའི་ལུས་འདི་བདེན་ཞིང་རྟག་པ་ཡིན་པ་ལ་མི་གུས་པར་ཕྱིར་ཞིང་ས་དང ། ཤིང་ལ་བཀུར་བ་ནི། ཕྱིན་ཅི་ལོག་གོ་།ཞེས་སྨྲའོ། །དེ་ལ་དད་ཅིང་ཡིད་ཆེས་པ་དག་དེའི་ཚིག་གིས་བཤིག་ཅིང་དྲལ་ཏེ་ས་འོག་ཏུ་སྤའོ། །སེམས་
564b
ཅན་རྣམས་ལ་ཐེ་ཚོམ་སྐྱེད་ཅིང་ལོག་པར་འཛིན་དུ་བཅུག་པས་མནར་མེད་པའི་དམྱལ་བར་ལྟུང་སྟེ། ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི། གསལ་བར་གྱུར་ཏེ་དྭངས་ཤིང་གསལ་བའི་ནང་ནས་གནས་ལུགས་ཕྲ་མོ་རྟོག་ཅིང་རང་དབང་དུ་གྱུར་ནས་དེའི་སེམས་ལ་གློ་བུར་དུ་ཤིན་ཏུ་སྦྱངས་བའི་བདེ་བ་ཚད་མེད་པ་སྐྱེ་སྟེ་རང་ཉིད་འཕགས་པར་གྱུར་ཅིང་མཆོག་གི་དབང་ཐོབ་བོ་ཞེས་སྨྲའོ། །འདི་ལ་ཤེས་རབ་ལ་བརྟེན་ནས་ཤིན་ཏུ་སྦྱངས་པ་ཐོབ་པ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་བའོ་སྙམ་དུ་བསམ་ན་ཤིན་ཏུ་སྦྱངས་པ་ལ་སྲེད་པའི་བདུད་ཀྱི་རིགས་གཅིག་དེའི་སེམས་ལ་ཞུགས་ཏེ་བདག་ཉིད་རབ་ཏུ་ཚིམ་མོ། །ཞེས་སྨྲ་ཞིང་སླར་ཡང་འབད་པར་མི་བྱེད་དོ། །དེ་དག་ལ་སོགས་པ་ཐོས་པ་མེད་པའི་དགེ་སློང་ཕལ་ཆེ་བས་སེམས་ཅན་རྣམས་ལ་ཐེ་ཚོམ་སྐྱེད་ཅིང་ལོག་པར་འཛིན་དུ་བཅུག་པས་མནར་མེད་པའི་དམྱལ་བར་ལྟུང་སྟེ་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི།་ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི། གསལ་བར་གྱུར་ཏེ་གསལ་བར་རྟོགས་པའི་ནང་ནས་སྟོང་ཞིང་གསལ་བའི་རང་བཞིན་ཐོབ་སྟེ། དེའི་ནང་ནས་གློ་བུར་དུ་རྟོག་པ་ཞི་བའི་འགོག་
565a
༄#། །པ་ལ་ཞུགས་ནས་རྒྱུ་འབྲས་མེད་དོ། །ཞེས་འཛིན་ཅིང་སྟོང་པ་རྐྱང་བ་ལ་ཞུགས་པས་སྟོང་པའི་སེམས་མངོན་དུ་གྱུར་ཏེ། འདི་ལ་རྟག་པ་དང་ཆད་པ་འགོག་པའི་སེམས་སྐྱེ་བ་ལ་ཐུག་པ་ཞེས་བྱའོ། །ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་སྟོང་པའི་བདུད་དེའི་སེམས་ལ་ཞུགས་ཏེ་ཚུལ་ཁྲིམས་སྲུང་བ་དག་ལ་ཐེག་པ་དམན་པ་ཞེས་སྨོད་ཅིང ། བྱང་ཆུབ་སེམས་དཔའ་དག་སྟོང་ཉིད་རྟོགས་པས་སྲུང་བ་དང་བཤིག་པ་མེད་ཅེས་སྨྲའོ། །དེས་རྒྱུན་དུ་སྦྱིན་བདག་དད་པ་ཅན་གྱི་ཁྱིམ་དུ་ཆང་འཐུང་ཞིང་ཤ་ཟ་ལ་ལོག་པར་གཡེམ་པ་སྤྱོད་དོ། །བདུད་ཀྱི་མཐུས་བྱིན་གྱིས་བརླབས་ནས་སྐྱེ་བོ་དེ་དག་ཀྱང་དེ་ལ་ཐེ་ཚོམ་མི་བྱེད་ཅིང་སྨོད་པའི་སེམས་མི་སྐྱེའོ། །བདུད་སེམས་ལ་རིང་དུ་གནས་པས་བཤང་གཅི་ཟ་བ་ཡང་ཤ་ཆང་དང་འདྲ་བར་སེམས་སོ། །སྟོང་པ་རྐྱང་པ་ལ་ཞུགས་པས་སངས་རྒྱས་ཀྱི་འདུལ་བ་དང་ཚུལ་ཁྲིམས་བཤིག་ཅིང་སྐྱེ་བོ་རྣམས་ལ་ཐེ་ཚོམ་སྐྱེད་ཅིང་སྡིག་པ་ལ་འགོད་དོ། །དེ་ནས་ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང ། ཚོར་བའི་ཕུང་པོ་ནི།་གསལ་བར་གྱུར་ཏེ་སྟོང་ཞིང་གསལ་བའི་རོ་མྱོང་ཞིང་སྙིང་དང་རུས་པའི་བར་ཞེན་ཅིང་ཞུགས་པས་དེའི་སེམས་ལ་གློ་བུར་དུ་སྲེད་པ་ཚད་མེད་པ་སྐྱེ་ཞིང ། ཤིན་ཏུ་སྲེད་བས་མྱོས་ཏེ་ལོག་
565b
པར་གཡེམ་པ་སྤྱོད་དོ། །འདི་ལ་ཏིང་ངེ་འཛིན་གྱི་ཡུལ་མཐུན་ཞིང་བདེ་བར་སེམས་ལ་ཞུགས་ནས་རང་ལ་སྐྱོབ་པའི་ཤེས་རབ་མེད་པས་འཁྲུལ་ཞིང་ལོག་པར་གཡེམ་པ་ལ་ལྟུང་བ་ཞེས་བྱའོ།། ཚོར་ན་ཉེས་པ་མེད་དེ་འཕགས་པའི་འབྲས་བུ་ཞེས་ནི། མི་བྱའོ། །གལ་ཏེ་འཕགས་པའོ་སྙམ་དུ་བསམ་ན་འདོད་པའི་བདུད་དེའི་སེམས་ལ་ཞུགས་ཏེ་འདོད་ཆགས་ནི། བྱང་ཆུབ་ཀྱི་ལམ་ཡིན་པར་ཁྱིམ་བདག་ལ་སྟོན་ཅིང་ལྷན་ཅིག་ཏུ་ལོག་པར་གཡེམ་པ་སྤྱོད་ནས་དེ་དག་ལ་ཆོས་འཛིན་པའི་བུ་ཡིན་ནོ། །ཞེས་སྨྲའོ། །བདུད་ཀྱི་རྫུ་འཕྲུལ་གྱི་མཐུས་སྙིགས་མའི་དུས་ན་སྐྱེ་བོ་ཕལ་པ་བླུན་པོ་དག་འདུས་ཏེ་བརྒྱའམ། དེ་བཞིན་དུ་ཉིས་བརྒྱའམ། ལྔ་བརྒྱའམ། དྲུག་བརྒྱའམ། དེ་ལས་ཀྱང་མང་བ་སྟོང་དང་ཁྲིའི་བར་དུ་འདུའོ། །དེ་ནས་བདུད་དེ་སྐྱེ་བོ་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་དང་བྲལ་བ་ན་དེ་གཟི་བརྗིད་མེད་པར་གྱུར་ཏེ་རྒྱལ་པོའི་ཆད་པ་ཕོག་ཅིང་སྐྱོ་བོ་རྣམས་ལ་ཐེ་ཚོམ་བསྐྱེད་དེ་ལོག་པར་འཛིན་དུ་བཅུག་པས་མནར་མེད་པའི་དམྱལ་བར་ལྟུང་སྟེ། ཡང་དག་པའི་གནས་སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ ། །ཀུན་དགའ་བོ། རྣམ་པ་བཅུ་པོ་འདི་ཏིང་ངེ་འཛིན་ལ་སྣང་བའི་ཡུལ་ཏེ། འདི་ཀུན་ཚོར་བའི་ཕུང་པོ་ལ་སེམས་སྦྱངས་པ་འཁྲུལ་པ་ལས་འདི་འདྲ་བར་གྱུར་ཏེ། སེམས་ཅན་རྨོངས་པ་རྣམས་རང་གི་དྲོད་མ་ཟིན་པས་རྒྱུ་རྐྱེན་འདི་ལྟ་བུ་དང་འཕྲད་ནས་འཁྲུལ་པ་ལ་རང་
566a
༄#། །ཉིད་ཀྱིས་མ་ཤེས་པར་བདག་འཕགས་པའོ། །ཞེས་རྫུན་ཆེན་བོ་སྨྲས་ཏེ་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཁྱེད་ཅག་ངས་བསྟན་པ་འདི་ལ་བརྟེན་ནས་ང་མྱ་ངན་ལས་འདས་པའི་འོག་ཏུ་སྙིགས་མའི་དུས་སུ་ངས་བསྟན་པའི་དོན་འདི་དག་རྒྱས་པར་ཤོད་ཅིག་།གསལ་བར་སྟོན་ཅིག་།ལྷའི་བུའི་བདུད་ཀྱིས་སྐབས་མི་རྙེད་པར་སྐྱོང་བ་དང་སྲུང་ཞིང་སྐྱོབ་ན་བླ་ན་མེད་པའི་ལམ་ཐོབ་བར་འགྱུར་རོ། །ཀུན་དགའ་བོ། རིགས་ཀྱི་བུ་དག་ཏིང་ངེ་འཛིན་སྒོམ་པས་ཚོར་བའི་ཕུང་པོ་དག་ཟད་པ་ན་ཟག་པ་མ་ཟད་ཀྱང་སེམས་ལུས་དང་བྲལ་ནས་བྱ་སྐོན་པ་ལས་ཐར་བ་དང་འདྲ་བར་རབ་ཏུ་སྒྲུབ་པས་ལུས་ཕལ་པ་ལས་འཕགས་པའི་གནས་དྲུག་ཅུའི་བར་ཡིད་ཀྱི་ལུས་ཐོབ་སྟེ་འགྲོ་བ་དང་འོང་བ་ལ་ཐོགས་པ་མེད་དོ། །དཔེར་ན། མི་ལ་ལ་ཞིག་གཉིད་ཀྱི་བརྡོལ་གཏམ་སྨྲ་བ་ན་དོན་གཞན་མི་ཤེས་ཀྱང་ཚིག་གི་གོ་རིམ་དང་འབྲུ་དང་དབྱངས་ཀྱི་བརྗོད་པ་རྣམས་གཉིད་མ་ལོག་པ་གཞན་གྱིས་ཤེས་པར་ནུས་པ་དང་འདྲ་སྟེ། འདི་ལ་འདུ་ཤེས་ཀྱི་ཕུང་བོའི་སྒྲིབ་གཡོགས་ཞེས་བྱའོ། །གལ་ཏེ་གཡོ་བའི་དྲན་པ་ཟད་ཅིང་འདུ་ཤེས་འཁྲུལ་བ་ཞི་ཞིང་དག་ན་གསལ་རིག་གི་སེམས་རྡུལ་གྱི་དྲི་མ་ཕྱིས་པ་དང་མཚུངས་བར་འགྱུར་ལ་འཁོར་བའི་འཁོར་ལོ་གཅིག་གི་སྐྱེ་ཤིའི་ཐོག་མཐའ་རྫོགས་པར་མཐོང་ངོ ། །འདི་ལ་འདུ་ཤེས་ཀྱི་ཕུང་པོ་ཟད་པ་ཞེས་བྱ་
566b
སྟེ།་སྐྱེ་བོ་དེ་ཉོན་མོངས་པའི་སྙིགས་མ་ལས་འདའ་བར་ནུས་སོ། །རྒྱུ་འདི་ལ་བརྟགས་ན་ཀུན་ཏུ་ཁྱབ་ཅིང་ཆུད་པའི་ཡང་དག་པ་མ་ཡིན་པའི་འདུ་ཤེས་རྩ་བར་གྱུར་བའོ། །ཀུན་དགའ་བོ། རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་གསལ་རིག་ལ་སྲེད་པས་སྙིང་ཐག་པ་ནས་འབད་ཅིང་ཐབས་ལ་མཁས་པས་འཚོལ་བ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་ཐབས་ལ་མཁས་པ་འཚོལ་བའི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་གཟུགས་གཅིག་ལ་མི་གནས་པར་སྐབས་ལ་ལར་དགེ་སློང་གི་གཟུགས་སུ་སྤྲུལ་ཏེ་སྐྱེ་བོ་དེ་ལ་སྟོན། ལ་ལར་བརྒྱ་བྱིན་དུ་སྤྲུལ། ལ་ལར་བུད་མེད་དུ་སྤྲུལ། ལ་ལར་དགེ་སློང་མར་སྤྲུལ། ལ་ལར་ཁང་པ་མུན་ནག་གི་ནང་དུ་ཉལ་ནས་ལུས་ལས་འོད་འགྱེད་དེ། སྐྱེ་བོ་དེ་འཁྲུལ་ནས་བྱང་ཆུབ་སེམས་དཔའ་སྙམ་དུ་ཡིད་ཆེས་ནས་དེས་བསླབ་པ་བཞིན་དུ་བྱེད་ཅིང་ལུས་སེམས་བག་ཡངས་སུ་བཏང་སྟེ་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་ཅིང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ངག་ཏུ་འཇིགས་པ་དང་དགེ་བ་དང་ལྟས་བཟང་པོ་དང་ངན་
567a
༄#། །པའི་གཏམ་སྨྲ་བར་འདོད་ལ་སྐབས་ལ་ལར་གནས་ག་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་ཏོ། །ཞེས་སྨྲ། ལ་ལར་མེའི་བསྐལ་པ་འབྱུང་ངོ ། །ཞེས་སྨྲ། ལ་ལར་དགྲའི་འཇིགས་པ་འབྱུང་ངོ ། །ཞེས་སྨྲ་ཞིང་སྐྱེ་བོ་དག་སྐྲག་པར་བྱེད་ཅིང་ནོར་དང་ཡོ་བྱད་སོགས་བརླག་ཏུ་འཇུག་གོ་།འདི་ལ་མི་སྡུག་པའི་འདྲེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཀུན་དགའ་བོ། རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་ལ་ཀུན་ཏུ་རྒྱུ་བར་འདོད་ཅིང་ཤིན་ཏུ་བརྩོན་པས་སྣ་ཚོགས་པ་མཐོང་བར་འདོད་པ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་ཀུན་ཏུ་རྒྱུ་བར་འདོད་པ་དེའི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་
567b
དེའི་ལུས་མ་འགྱུར་ཡང་དེ་ལས་ཆོས་གཉན་པ་གཞན་དག་གློ་བུར་དུ་སོ་སོ་ནས་རང་ཉིད་རིན་པོ་ཆེའི་པདྨའི་གདན་ལ་འདུག་ཅིང་ལུས་ཐམས་ཅད་གསེར་བཙོ་མའི་ཁ་དོག་ཏུ་གྱུར་པ་མཐོང་ནས་ཆོས་ཉན་པ་དེ་དག་ཐམས་ཅད་སྔར་མ་ཐོབ་པ་ཐོབ་བོ། །ཞེས་མཐུན་པར་སྨྲའོ། །སྐྱེ་བོ་དེ་དག་འཁྲུལ་ཏེ་འདི་ལ་བྱང་ཆུབ་སེམས་དཔའོ་སྙམ་དུ་ཡིད་ཆེས་ནས་ལོག་པར་གཡེམ་པའི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་ཅིང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ངག་ཏུ་སངས་རྒྱས་ཐམས་ཅད་འཇིག་རྟེན་དུ་བྱོན་ཏོ། །ཞེས་སྨྲ་ཞིང ། ཡུལ་ག་གེ་མོའི་མི་ཆེ་གེ་མོ་ནི། སངས་རྒྱས་ཆེ་གེ་མོའི་སྤྲུལ་པ་འདིར་འོངས་བའོ། །མི་ཆེ་གེ་མོ་ནི། བྱང་ཆུབ་སེམས་དཔའ་ཆེ་གེ་མོའི་སྤྲུལ་པ་སྟེ། འཇིག་རྟེན་པའི་སྐྱེ་བོ་འདུལ་བའི་དོན་དུ་འོངས་སོ། །ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །གཞན་དག་གིས་སྐྱེ་བོ་དེ་དག་མཐོང་བ་ན་སེམས་དད་ཅིང་གདུགས་ནས་ཕྱིན་ཅི་ལོག་གི་ལྟ་བ་མ་ཚོར་བར་རྒྱས་ཤིང་ཡང་དག་པའི་ཡེ་ཤེས་འགག་ཅིང་ནུབ་པར་འགྱུར་རོ། །འདི་ལ་ཐན་པ་གཏོང་བའི་འདྲེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཆུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་
568a
༄#། །མེད་པའི་དམྱལ་བར་ལྟུང་ངོ ། །རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་རྗེས་སུ་མཐུན་པར་གཞོལ་བར་འདོད་པས་ཤིན་ཏུ་འབད་ཅིང་བརྩོན་པས་ཚོལ་བ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་རྗེས་སུ་མཐུན་པ་ཚོལ་བ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་དེ་དང་ཆོས་ཉན་པ་བོ་དག་གི་ལུས་གཞན་དུ་མི་འགྱུར་ལ། ཉན་པ་པོ་དག་ཆོས་མ་ཐོས་གོང་ནས་རང་ཉིད་ཀྱིས་དེའི་དོན་ཤེས་ཤིང་སྐབས་ལ་ལར་སེམས་འགྱུར་ཏེ་སྔོན་གྱི་གནས་རྗེས་སུ་དྲན། ལ་ལར་གཞན་གྱི་སེམས་ཤེས། ལ་ལར་སེམས་ཅན་དམྱལ་བ་མཐོང ། ལ་ལར་མིའི་འཇིག་རྟེན་གྱི་ལེགས་ཉེས་ཤེས། ལ་ལར་ངག་ཏུ་ཚིགས་སུ་བཅད་པ་སྨྲ། ལ་ལར་ཁ་ཏོན་བྱེད་པ་སོགས་སུ་འགྱུར་ཏེ། སོ་སོ་ནས་རོལ་ཞིང་དགའ་བས་སྔོན་མ་ཐོབ་པ་ཐོབ་བོ། །ཞེས་སྨྲའོ། །སྐྱེ་བོ་དེ་དག་འཁྲུལ་ཏེ་འདི་ལ་བྱང་ཆུབ་སེམས་དཔའོ་སྙམ་དུ་ཡིད་ཆེས་ནས་རྗེས་སུ་མཐུན་པར་འདོད་དེ་སངས་རྒྱས་ཀྱི་འདུལ་
568b
ཁྲིམས་བཤིག་ཅིང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ངག་ཏུ་འདི་ལྟར་སྨྲ་བར་འདོད་དེ། སངས་རྒྱས་ལ་ཆེ་ཆུང་གི་བྱེ་བྲག་ཡོད་ཅེས་པ་དང ། སངས་རྒྱས་དེ་དང་དེ་སྔོན་དུ་བྱོན་སངས་རྒྱས་དེ་དང་དེ་རྗེས་སུ་བྱོན། དེ་ལ་ཡང་ཡང་དག་པའི་སངས་རྒྱས་དང་བཅོས་མའི་སངས་རྒྱས་དང ། སྐྱེས་པའི་སངས་རྒྱས་དང ། བུད་མེད་ཀྱི་སངས་རྒྱས་ཡོད་ཅིང་བྱང་ཆུབ་སེམས་དཔའ་ལ་ཡང་དེ་དང་འདྲ་བར་ཡོད་ཅེས་སྨྲའོ། །མི་དག་གིས་དེ་མཐོང་བ་དང་སྔ་མའི་སེམས་འགྱུར་ནས་ཕྱིན་ཅི་ལོག་གི་ལྟ་བ་ལ་འཇུག་གོ ། འདི་ལ་རྨོངས་བྱེད་ཀྱི་འདྲེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་\?\་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་ལ་དངོས་པོ་རྣམས་ཀྱི་རྩ་བའི་རྒྱུ་དང་རང་བཞིན་དང་རྣམ་པར་འགྱུར་བ་དང་ཐོག་མ་དང་ཐ་མའི་མཐར་ཐུག་པར་དཔྱོད་པའི་ཤེས་རབ་ཕྲ་ཞིང་གསལ་བ་བསྐྱེད་དེ་འབད་པས་བྱེ་བྲག་འབྱེད་པར་འདོད་པ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་
569a
༄#། །ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་རྩ་བའི་རྒྱུ་འཚོལ་བ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་དོ། །དེའི་ལུས་གཟི་བརྗིད་ཅན་དུ་གྱུར་ཏེ། ཚོལ་བ་པོ་དག་དད་ཅིང་འདུན་པར་བྱས་ནས་ཆོས་མ་ཐོས་གོང་ནས་སེམས་མོས་སོ། །སྐྱེ་བོ་དེ་དག་ལ་ཁྱེད་ཅག་གིས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་དང ། བྱང་ཆུབ་དང ། ཆོས་ཀྱི་སྐུ་ཞེས་བརྗོད་པ་དེ་ད་ལྟའི་ཤའི་ལུས་འདིས་ཕ་བུ་རིམ་པར་བརྒྱུད་དེ་སྐྱེ་བ་ཉིད་ཆོས་ཀྱི་སྐུ་རྟག་བརྟན་ཐེར་ཟུག་ཏུ་གནས་པའོ། །ཞེས་སྨྲ་ཞིང ། ད་ལྟའི་གནས་འདི་དག་སངས་རྒྱས་ཀྱི་ཞིང་ཡིན་གྱི་འདི་ལས་གཞན་དུ་དག་པའི་ཞིང་དང་མཚན་བཟང་པོ་དང་གསེར་གྱི་ཁ་དོག་མེད་དོ། །ཞེས་སྨྲའོ། །མི་དེ་དག་ཡིད་ཆེས་པས་ངེས་པར་བཟུང་ནས་སྔར་གྱི་བསམ་པ་དེ་དོར་ནས་ལུས་སྲོག་ལ་མི་བལྟ་བར་གུས་པས་བསྟེན་ཏེ་སྔར་མ་ཐོབ་པ་ཐོབ་བོ། །ཞེས་སྨྲའོ། །སྐྱེ་བོ་དེ་དག་འཁྲུལ་ཏེ་འདི་ལ་བྱང་ཆུབ་སེམས་དཔའོ་སྙམ་དུ་ཡིད་ཆེས་ནས་སེམས་གཅིག་ཏུ་ཞེན་ནས་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་ཅིང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ངག་ཏུ་མིག་དང ། རྣ་བ་དང ། སྣ་དང ། ལྕེ་ཀུན་སངས་རྒྱས་ཀྱི་ཞིང་དང ། ཕོ་མོའི་
569b
དབང་པོ་གཉིས་བྱང་ཆུབ་དང ། མྱ་ངན་ལས་འདས་པའི་ཡང་དག་པའི་གནས་ཡིན་ནོ། །ཞེས་སྨྲས་པ་དང ། ཤེས་རབ་མེད་པ་དེ་དག་ཚིག་ངན་པ་དེ་ལ་ཡིད་ཆེས་པར་བྱེད་དོ། ། འདི་ལ་སྲོག་ཆགས་གདུག་པའི་འདྲེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་དང་བྲལ་བ་ན་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་ལྷག་པའི་ལྷའི་བྱིན་རླབས་འབྱུང་བར་འདོད་པས་སྒོ་སྣ་ཚོགས་ནས་བརྩོན་ཞིང་ནང་ནས་བསྐུལ་བར་འདོད་པ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང ། རིགས་ཀྱི་བུ་གང་དག་བྱིན་རླབས་འདོད་པ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་ཉན་པ་པོ་དག་གིས་དེ་མཐོང་བ་ན་ལོ་བརྒྱ་སྟོང་གི་བར་དུ་འགྲོགས་ཤིང་འདྲིས་པ་དང་མཚུངས་པར་དེ་ལ་ཆགས་
570a
༄#། །ཏེ་འབྲལ་མི་ཕོང་བར་རང་ཉིད་བྲན་བཞིན་དུ་འཚོ་བ་རྣམ་པ་བཞིས་མཆོད་པས་ངལ་ཞིང་སྐྱོ་བའི་སེམས་མི་སྐྱེའོ། །དེའི་རྗེས་སུ་འབྲང་བ་དེ་དག་སོ་སོ་ནས་འདི་ནི། བདག་གི་སྔོན་གྱི་སློབ་དཔོན་དགེ་བའི་བཤེས་གཉེན་ནོ་སྙམ་དུ་དད་ཅིང་ཆོས་ལ་སྲེད་པའི་སེམས་ཁྱད་པར་བའི་དབང་གིས་དེ་ལ་ཆགས་པའི་སེམས་སྤྱིན་དང་འབྱར་རྩི་བརྟན་པ་ལྟར་མི་ཕྱེད་པར་གྱུར་ཏེ་སྔོན་མ་ཐོབ་པ་ཐོབ་བོ། །ཞེས་སྨྲའོ། །སྐྱེ་བོ་དེ་དག་འཁྲུལ་ཏེ་འདི་ལ་བྱང་ཆུབ་སེམས་དཔའོ་སྙམ་དུ་ཡིད་ཆེས་ནས་དེ་ལ་བརྟེན་ཅིང་བསྙེན་ནས་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་ཅིང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ངག་ཏུ་འདི་ལྟར་སྨྲ་བར་འདོད་དེ། བདག་སྔོན་སྐྱེ་བ་ཆེ་གེ་མོ་ཞིག་ཏུ་མི་ཆེ་གེ་མོ་ཞིག་བསྒྲལ་ཏོ། ། ཞེས་པ་དང ། དེའི་ཚེ་དེ་དག་བདག་གི་ཆུང་མ་ཆེན་དང་ཕུ་ནུ་དག་སྟེ། ད་ལྟ་ཁྱེད་ཅག་འདུལ་བའི་སླད་དུ་འདིར་འོངས་སོ། །བདག་ཅག་ལྷན་ཅིག་པར་འཇིག་རྟེན་གྱི་ཁམས་ག་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་ལ་བསྙེན་བཀུར་བྱེད་དོ། །ཞེས་སྨྲའོ། །ཡང་འདི་ལྟར་སྨྲ་སྟེ་འོད་ཆེན་པོ་ཞེས་བྱ་བའི་ལྷའི་གནས་གཅིག་ལོགས་སུ་ཡོད་དེ། དེ་ནི།་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་གནས་སོ། །ཞེས་སྨྲས་པ་ལ་བློ་དམན་པ་དག་དེའི་རྫུན་གྱི་ཚིག་ལ་ཡིད་ཆེས་ནས་སྔར་གྱི་བསམ་པ་དེ་དོར་རོ། །འདི་
570b
ལ་རིམས་གཏོང་བའི་འདྲེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་ཟབ་མདོ་ལ་འཇུག་པར་འདོད་དེ་དཀའ་ཐུབ་ཀྱིས་དབེན་ཞིང་ཞི་བ་ལ་མི་གཡོ་བར་གནས་པ་ལ་སྲེད་པས་མི་གཡོ་བའི་བདེ་བ་ཚོལ་བ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང ། རིགས་ཀྱི་བུ་གང་དག་དབེན་པ་འདོད་པ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་ཉན་པ་པོ་དེ་དག་རང་རང་གི་སྔོན་གྱི་བྱུང་བ་ཤེས་པར་འགྱུར་ཞིང ། ཡང་འགའ་ཞིག་ཏུ་མི་ལ་ལ་དག་ལ་ཁྱེད་ད་ལྟ་མ་ཤི་བར་དུད་འགྲོའི་ལུས་སུ་གྱུར་ཏོ་ཞེས་སྨྲ་ཞིང ། ཡང་གཞན་གཅིག་ལ་ཁྱོད་སོང་ལ་དེའི་མཇུག་མ་རྫིས་ཤིག་ཅེས་སྨྲ་ཞིང་དེས་ཀྱང་དེ་ལྟར་བྱས་པས་མི་
571a
༄#། །དེ་ལྡང་བར་མ་ནུས་ཏེ། འཁོར་གྱི་སྐྱེ་བོ་ཐམས་ཅད་ཀྱང་ཤིན་ཏུ་དད་ཅིང་མོས་པར་འགྱུར་རོ། །སྐྱེ་བོ་ལ་ལ་དག་ལ་སེམས་ཀྱི་རྟོག་པ་སྐྱེས་པ་ན་དེ་ཡང་ཤེས་པར་ནུས་སོ། །སངས་རྒྱས་ཀྱི་འདུལ་ཁྲིམས་ལས་ཉིས་འགྱུར་གྱི་ཁྲིམས་བཅས་ནས་དཀའ་ཐུབ་བསྐྱེད་དེ། རྒྱུ་དེས་དགེ་སློང་རྣམས་ལ་སྐུར་བ་འདེབས་ཤིང་རབ་ཏུ་བྱུང་བ་དག་ལ་ཁ་ཟེར། སྐྱེ་བོ་དག་ལ་ཀླན་ཀ་ཚོལ་ཞིང་ངོ་ཚ་དང་ཁྲེལ་མེད་པར་སྤྱོད། ངག་ཏུ་མ་འོངས་པའི་ལེགས་ཉེས་ལུང་སྟོན་ཞིང་ཇི་ལྟར་སྨྲས་པ་བཞིན་དུས་ལ་བབ་པ་ན་ཅུང་ཟད་ཙམ་ཡང་མི་འཁྲུལ་བར་འབྱུང་ངོ་འདི་ལ་འདྲེ་སྟོབས་པོ་ཆེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་བསལ་བའི་ཏིང་ངེ་འཛིན་ལས་སེམས་ལ་མངོན་པར་ཤེས་པ་འདོད་པས་བརྟུལ་ཞུགས་ལ་བརྩོན་ཞིང་སྔོན་གྱི་གནས་རྗེས་སུ་དྲན་པ་ཚོལ་བ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་
571b
རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ།། ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་མངོན་པར་ཤེས་པ་ཚོལ་བ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང ། ཆོས་འཆད་པའི་གམ་དུ་རྒྱུས་མེད་པར་ནོར་བུ་རིན་པོ་ཆེ་རྙེད་པར་གྱུར་ལ་བདུད་དེ་སྐབས་ལ་ལར་དུད་འགྲོའི་ལུས་སུ་སྤྲུལ་ཏེ་ནོར་བུ་དེ་དང ། ནོར་བུ་སྣ་ཚོགས་པ་དང ། གཞན་ཡང་ཡི་གེ་གླེགས་བུ་དང ། སྨྱུ་གུ་ལ་སོགས་པ་ཡ་མཚན་པའི་དངོས་པོ་སྣ་ཚོགས་པ་ཁས་བཟུང་སྟེ་སྐྱེ་བོ་དག་ལ་བྱིན་ནས་ཕྱིས་བདུད་དེ་སྐྱེ་བོ་དེའི་ལུས་ལ་གཞུག་གོ་།ལ་ལར་ཉན་པ་པོ་དག་བསླུ་བར་འདོད་པས་ནོར་བུ་རིན་པོ་ཆེ་དག་སའི་འོག་ཏུ་སྦས་ཏེ་དེས་བསྟན་པ་ན་ཟླ་འོད་ལྟ་བུའི་སྣང་བ་སྐྱེ་བོ་དེ་དག་གིས་མཐོང་སྟེ་སྔར་མ་མཐོང་བ་མཐོང་ངོ ། །ཞེས་སྨྲའོ། །སྨན་དང་རྩཝ་སྣ་ཚོགས་པ་ཟ་ཞིང་ཁ་ཟས་བཟང་པོ་མི་ཟའོ། །ལ་ལར་ཏིལ་འབྲུ་གཅིག་ཙམ་དང ། ནས་འབྲུ་གཅིག་ཙམ་རེ་ཟོས་ཀྱང་བདུད་ཀྱི་མཐུས་དེའི་ལུས་ཀྱི་ཤ་རྒྱས་ཤིང་སྟོབས་དང་ལྡན་པར་འགྱུར་རོ། ། བདུད་དེས་དགེ་སློང་ལ་སྐུར་བ་འདེབས་ཤིང་རབ་ཏུ་བྱུང་བ་ལ་ཁ་ཟེར་ནས་ངོ་ཚ་དང་ཁྲེལ་མེད་པར་སྤྱོད་དོ། །ངག་ཏུ་འདི་ལྟར་སྨྲ་བར་འདོད་དེ། ཡུལ་ཁམས་གཞན་གྱི་རིན་པོ་
572a
༄#། །ཆེའི་གཏེར་དང ། ཕྱོགས་བཅུའི་འཇིག་རྟེན་དག་ན་འཕགས་པ་རྣམས་སྦས་པའི་ཚུལ་དུ་ཡོད་པ་དག་སྨྲའོ། །དེའི་རྗེས་སུ་འབྲང་བའི་སྐྱེ་བོ་ཡ་མཚན་པ་དག་གཞན་གྱིས་མཐོང་བར་འགྱུར་རོ། །འདི་ལ་རི་དང ། ནགས་ཚལ་དང ། སའི་ལྷ་དང ། མཁར་གྱི་ལྷ་དང ། གཤིན་རྗེའི་རིགས་ཀྱི་འདྲེ་དག་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །ལ་ལར་རང་ཉིད་ལོག་གཡེམ་སྤྱོད་དེ་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་ཅིང་སྐྱེ་བོ་གཞན་དག་ཀྱང་དེའི་རྗེས་སུ་འབྲངས་ནས་ལྐོག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་དོ། །ལ་ལར་བརྩོན་འགྲུས་རྩོམ་ཞིང་རྩཝ་དང་ཤིང་ཟ་ལ། གཅིག་ཏུ་མ་ངེས་པའི་ལས་དག་བྱེད་དོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་ལ་རྫུ་འཕྲུལ་གྱིས་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པར་འདོད་ནས་འབད་པ་ཆེན་པོས་རྫུ་འཕྲུལ་གྱི་རྒྱུ་གང་
572b
ལས་འབྱུང་བ་ཚོལ་ཞིང་རྫུ་འཕྲུལ་གྱི་མཐུ་འདོད་པ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང ། རིགས་ཀྱི་བུ་གང་དག་རྫུ་འཕྲུལ་འདོད་པ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་མི་དེས་ལག་ཏུ་མེ་འབར་བ་བཟུང་སྟེ་ཆ་མང་པོར་བགོས་ནས་ཆོས་ཉན་པ་པོ་འཁོར་རྣམ་བཞིའི་མགོ་ལ་བཞག་ཅིང ། ཉན་པ་པོ་དེ་དག་གི་མགོར་བཞག་པའི་མེ་ལྕེ་འདོམ་གང་ཙམ་དུ་འབར་ཡང་ཚ་བའི་རང་བཞིན་ཡང་མེད་སྲེག་པར་ཡང་མི་བྱེད་དོ། །སྐབས་ལ་ལར་ཆུའི་སྟེང་དུ་ས་བདེ་བ་ལ་འགྲོ་བ་བཞིན་དུ་འགྲོ་།ལ་ལར་པར་སྣང་ལ་མི་གཡོ་བར་བདེ་བར་འདུག་།ལ་ལར་རིལ་པའི་ནང་དུ་འཇུག་ཅིང་སྣོད་ཆུང་ངུའི་ནང་དུ་ཡང་འདུག་གོ་།སྐར་ཁུང་གི་དྲ་མིག་དང་རྩིག་པ་ལ་ཡང་ཐོགས་པ་མེད་པར་འགྲོ་སྟེ། མཚོན་ཆ་དང་དམག་ལ་ནི། རང་དབང་མ་ཐོབ་བོ། །རང་ཉིད་སངས་རྒྱས་སུ་ཁས་འཆེ་ཞིང་གོས་དཀར་པོ་གྱོན་ནས་དགེ་སློང་གི་ཕྱག་དང་དུ་ལེན། བསམ་གཏན་དང་ཚུལ་ཁྲིམས་ལ་སྐུར་བ་འདེབས། རབ་ཏུ་བྱུང་བ་དག་ལ་ཁ་ཟེར། སྐྱེ་བོ་དག་ལ་ཀླན་ཀ་ཚོལ་ཞིང་ངོ་ཚ་དང་ཁྲེལ་མེད་པར་སྤྱོད་དོ། །ངག་
573a
༄#། །ཏུ་རྫུ་འཕྲུལ་ལ་དབང་ཐོབ་པར་སྨྲ་ཞིང་ལ་ལར་སྐྱེ་བོ་དག་ལོགས་ཤིག་ཏུ་སངས་རྒྱས་ཀྱི་ཞིང་མཐོང་བར་བྱེད་དེ། དེ་དག་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་གྱི་ཡང་དག་པ་མ་ཡིན་ནོ། །དེས་ལོག་པར་གཡེམ་པ་ལ་བསྔགས་པར་བྱེད་ཅིང་སྡིག་པ་ཆེན་པོ་ལ་མི་འཛེམ། ངོ་ཚ་དང་བྲལ་བའི་ཚིག་ལ་ཆོས་ཀྱི་གཏམ་མོ། །ཞེས་ཟེར་ཏེ། འདི་ལ་ནམ་མཁའ་དང་སའི་ལྷ་མཐུ་བོ་ཆེ་དང ། རིའི་ལྷ་དང ། མཚོའི་ལྷ་དང ། རླུང་གི་ལྷ་དང ། ཆུ་ཀླུང་གི་ལྷ་དང ། སའི་ལྷ་དང ། རྩཝ་ཤིང་གི་ལྷ་བསྐལ་པའི་ཐོག་མ་ནས་ཡོད་པ་རྣམས་དང ། ཡང་ན་ཀླུ་བདུད་དང་དྲང་སྲོང་ཚེ་ཟད་ནས་བདུད་དུ་གྱུར་པ་དང ། ཡང་དྲང་སྲོང་ཚེ་ཟད་ནས་འཆི་བ་ལ་ཐུག་པ་ལུས་མ་བརྗེས་པར་འདྲེ་གཞན་དེའི་ལུས་ལ་ཞུགས་ཏེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་
573b
ལ་གསལ་བའི་ཏིང་ངེ་འཛིན་ལས་འགོག་པ་ལ་འཇུག་པར་འདོད་ཅིང་ཡུན་རིང་དུ་བརྩོན་པས་སྤྲུལ་བསྒྱུར་གྱི་རང་བཞིན་ལ་སྟོང་པ་ཟབ་མོ་ཚོལ་བ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང་རིགས་ཀྱི་བུ་གང་དག་སྟོང་པ་ཚོལ་བ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་འཁོར་གྱི་ནང་དུ་རང་ཉིད་ཀྱི་ལུས་གློ་བུར་དུ་མི་སྣང་བར་གྱུར་ཏེ་འཁོར་གྱིས་མི་མཐོང་ཞིང ། སྟོང་པ་དེའི་ནང་ནས་ཐོལ་གྱིས་བྱུང་སྟེ། འབྱུང་བ་དང་ནུབ་པར་བྱེད་པ་ལ་དབང་ཐོབ་བོ། །ལ་ལར་ལུས་ཤིན་ཏུ་དྭངས་པ་བཻཌཱུརྱ་ལྟར་སྟོན། རྐང་ལག་བརྐྱང་བསྐུམ་ཙམ་གྱིས་ཙནྡན་གྱི་དྲི་འབྱིན། ལ་ལར་བཤང་གཅི་ཡང་རོ་སྦྲང་རྩི་ལྟར་སྟོན། རྒྱུ་དེས་འདུལ་ཁྲིམས་ལ་སྐུར་བ་འདེབས། རབ་ཏུ་བྱུང་བ་ལ་བརྙས་ཤིང་སྨོད། རྟག་པར་ངག་ཏུ་རྒྱུ་དང་འབྲས་བུ་མེད། ལན་གཅིག་ཤི་ནས་སླར་གཏན་དུ་མི་སྐྱེ། འཕགས་པ་དང་སོ་སོ་སྐྱེ་བོ་མེད་ཅེས་སྨྲ་ལ། སྟོང་པ་མངོན་དུ་གྱུར་ཀྱང་ལྐོག་ཏུ་ལོག་གཡེམ་སྤྱོད་དོ། །ཞེས་སྨྲའོ། །དེ་དག་འདོད་པ་དང་དུ་བླངས་ཏེ་སྟོང་པའི་སེམས་ཐོབ་ནས་རྒྱུ་དང་འབྲས་བུ་མེད་ཅེས་སྨྲའོ། །འདི་ལ་ཉི་ཟླ་གཟའ་འཛིན་གྱི་
574a
༄#། །ཟེར་དང ། གསེར་དང ། ཤེལ་དང ། བཀྲ་ཤིས་ཀྱི་རྩཝ་དང ། གྱི་ལིང་དང ། མཁའ་ལྡིང་དང ། རུས་སྦལ་དང ། ཁྲུང་ཁྲུང་དང ། གཞན་ཡང་ལོ་སྟོང་དང་ཁྲི་ལོན་ནས་མི་འཆི་བར་མི་མ་ཡིན་དུ་གྱུར་ཅིང་ཡུལ་ཁམས་སུ་འབྱུང་སྟེ་རྒས་ནས་བདུད་དུ་གྱུར་པ་ཞེས་བྱའོ། །མི་དེ་ལ་འཚེ་བར་བྱེད་པའི་ཚུལ་དེས་སྐྱོ་བའི་སེམས་སྐྱེས་ནས་དེའི་ལུས་ལས་བྲལ་བ་དང་སློབ་མར་བཅས་པ་ལ་རྒྱལ་པོའི་ཆད་པ་ཕོག་པར་འགྱུར་རོ། །ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་མཆོག་ཏུ་སྟོང་ཞིང་ལོག་པར་རྟོག་པ་ལ་མ་ཐོགས་པར་བརྟན་ཅིང་རྫོགས་ལ་གསལ་བའི་ཏིང་ངེ་འཛིན་ལས་སེམས་ལ་ཚེ་རིང་བར་འདོད་པའི་དབང་གིས་ལུས་ངལ་བ་ཁྱད་དུ་བསད་ནས་ཡུན་རིང་དུ་འཚོ་བའི་ཐབས་ཚོལ་ཞིང་ལས་ཀྱི་དབང་གིས་སྐྱེ་འཆི་དོར་ནས་རང་དབང་གིས་སྐྱེ་འཆི་ནུས་པའི་གཟུགས་ཕྲ་མོས་རིང་དུ་གནས་པར་འདོད་པ་ན་དེའི་ཚེ་ལྷའི་བདུད་ཀྱིས་གླགས་རྙེད་ནས་དེ་མ་ཐག་ཏུ་རྫུ་འཕྲུལ་གྱིས་འོངས་ཤིང་མི་དེ་ལ་ཞུགས་ཏེ་ངག་གིས་མདོ་སྡེ་བཤད་ཀྱང་རང་ཉིད་ལ་བདུད་ཞུགས་པ་མ་ཚོར་བར་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་སྨྲ་ཞིང ། རིགས་ཀྱི་
574b
བུ་གང་དག་རིང་དུ་འཚོ་བར་འདོད་པ་དག་གི་གམ་དུ་འོངས་ནས་སྟན་ལ་འདུག་སྟེ་ཆོས་འཆད་ཅིང་འདི་སྐད་སྨྲ་སྟེ། རྟག་པར་ཡུལ་གཞན་དུ་ཐོགས་པ་མེད་པར་འགྲོའོ། །ཞེས་སྨྲ་ཞིང ། ལ་ལར་དཔག་ཚད་ཁྲིའི་བར་དུ་ཕྱིན་ཏེ་དབུགས་འབྱུང་འཇུག་ཙམ་དུ་སླར་འཁོར་བ་ན་ཡུལ་དེ་ནས་ཡོ་བྱད་བླངས་ནས་འོངས་སོ། །ལ་ལར་ཁྱིམ་གཅིག་ན་རང་དང་ལྷན་ཅིག་ཏུ་འདུག་པ་དག་ལ་ཁྱིམ་དེའི་ཤར་གྱི་རྩིག་དྲུང་ནས་ནུབ་ཀྱི་རྩེག་དྲུང་གི་བར་གོམ་པ་འགའ་ཙམ་གྱི་ས་ལ་ཡང་ལོ་དུ་མར་བགྲོད་ཀྱང་མི་སླེབ་པར་བྱེད་དོ། །དེས་དེ་དག་ཡིད་ཆེས་ཤིང་དད་ནས་དེ་ཉིད་སངས་རྒྱས་དངོས་སུ་བྱོན་པའོ་སྙམ་དུ་སེམས་སོ། །ཡང་དེའི་ངག་ཏུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ངའི་བུ་ཡིན། བདག་ལས་སངས་རྒྱས་ཐམས་ཅད་སྐྱེས། ང་ཡེ་ནས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡིན་གྱི་འཇིག་རྟེན་ལས་འདའ་བ་ལ་ལམ་བསྒོམ་པ་ལ་བརྟེན་ནས་འབྱུང་བ་མ་ཡིན་ནོ། །ཞེས་ཟེར་ཏེ།་འདི་ལ་འཇིག་རྟེན་ལ་གནས་པའི་རང་དབང་ཅན་གྱི་ལྷའི་བདུད་ཅེས་བྱའོ། །དེའི་འཁོར་དུ་ཙ་མུཎྜི་དང ། རྒྱལ་པོ་ཆེན་པོ་བཞི་དང ། ཤ་ཟའི་བུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང ། ཏིང་ངེ་འཛིན་དང་བྲལ་བ་དག་ལ་བསྐུལ་ཏེ་དེ་དག་གི་གཟི་བརྗིད་དང་མདངས་འཕྲོག་པར་བྱེད་དོ། །ལ་ལར་རང་ཉིད་སློབ་དཔོན་ལ་མ་བརྟེན་པར་ལམ་བསྒོམས་
575a
༄#། །ཤིང་ང་ནི། རྡོ་རྗེ་འཆང་ཡིན་ཞེས་བཀུར་དུ་བཅུག་ཅིང ། ཁྱོད་ལ་ཚེ་རིང་བར་བྱའོ། །ཞེས་སྨྲས་ཏེ་བུ་མོ་མཛེས་མར་སྤྲུལ་ནས་དེ་དང་ལོག་པར་གཡེམ་པ་ཤིན་ཏུ་སྤྱོད་པས་རིང་པོ་མ་ལོན་པར་དེའི་ཀླད་པ་དང་མཆིན་པ་ཡང་སྐེམ་པར་བྱེད་དོ། །རང་གཅིག་པུ་ཟླ་མེད་པར་སྨྲ་བར་བྱེད་ལ་གཞན་གྱིས་ཉན་པ་ན་འདྲེས་བརླམས་པ་དང་འདྲ་བར་འགྱུར་ཏེ། གཞན་གྱི་སེམས་འགྱུར་ཞིང་གཞན་དག་ལ་གནོད་པ་བྱས་པས་རྒྱལ་པོའི་ཆད་པ་འབྱུང་ངོ ། །ཆད་པ་མ་བྱུང་ཡང་བྱུང་བ་དང་འདྲ་བར་ལུས་བསྐམས་ཏེ་འཆིའོ། །དེ་ལྟ་བུའི་སྐྱེ་བོ་དེ་རྨོངས་ཤིང་མྱོས་ཏེ་སྲོག་ཆད་པ་ལ་ཐུག་གོ་།ཁྱེད་ཅག་ཐོག་མ་ནས་རིག་ན་འཁོར་བར་མི་འཇུག་ལ་འཁྲུལ་ཞིང་བསླུས་པས་མ་རིག་ན་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཀུན་དགའ་བོ། ཁྱོད་ཤེས་པར་གྱིས་ཤིག་།བདུད་རྣམ་པ་བཅུ་པོ་འདི་ནི། སྙིགས་མའི་དུས་སུ་ངའི་གསུང་རབ་ལ་རབ་ཏུ་བྱུང་སྟེ་ལམ་སྒྲུབ་པའི་སྐྱེ་བོ་དག་གི་སེམས་ལ་འཇུག་པར་བྱེད་ལ། རེས་འགའ་ནི། རང་གི་ལུས་མངོན་པར་བསྟན་ཏེ་བདག་རིང་པོ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་སྨྲ་ཞིང་ལོག་གཡེམ་གྱི་སྤྱོད་པ་བསྔགས་པར་བྱེད་ལ་སངས་རྒྱས་ཀྱི་འདུལ་ཁྲིམས་བཤིག་སྟེ། བདུད་སྡིག་ཅན་སློབ་མར་བཅས་པས་ལོག་
575b
པར་གཡེམ་པ་གཅིག་ནས་གཅིག་ཏུ་འཕེལ་བར་བྱེད་དོ། །འདི་ལྟ་བུའི་ཕྱིན་ཅི་ལོག་གི་གདོན་དེ་དག་གིས་སེམས་རྨོངས་སུ་བཅུག་ནས་ཉེ་ན་ཚེ་རབས་དགུ་།རིང་ན་ཚེ་རབས་བརྒྱའི་བར་དུ་དེ་ལྟར་སྤྱོད་ཅིང་བདུད་ཀྱི་གཉེན་དུ་འགྱུར་རོ། །ཚེ་འཕོས་ནས་བདུད་ཀྱི་རིས་སུ་འགྱུར་ལ་དེ་ནས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ལམ་དོར་ནས་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ ། །ཁྱོད་རྣམ་པར་གྲོལ་བ་ཐོབ་ཀྱང་འགོག་པ་ལ་ལམ་འཇུག་པར་སྔོན་གྱི་སྨོན་ལམ་མི་གཏང་བར་བསྟན་པའི་ཐ་མ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་ཡང་དག་པའི་སེམས་ཀྱིས་བལྟས་པས་སེམས་ཅན་རྣམས་སྐྱོབ་ཅིང་གྲོལ་བར་བྱས་ཏེ་བདུད་ཀྱིས་མི་ཚུགས་པར་ཡང་དག་པའི་དོན་ཐོབ་པར་གྱིས་ཤིག་།ངས་ཁྱེད་ཅག་སྐྱེ་ཤི་ལས་ཐར་པར་བྱས་པས་ཁྱེད་ཅག་སངས་རྒྱས་ཀྱི་བཀའ་བཞིན་བྱེད་ན། དེ་ནི། སངས་རྒྱས་ཀྱི་བཀའ་དྲིན་བསབ་པ་ཞེས་བྱའོ། །ཀུན་དགའ་བོ། རྣམ་པ་བཅུ་པོ་འདི་ཏིང་ངེ་འཛིན་ལ་སྣང་བའི་ཡུལ་ཏེ།་འདི་ཀུན་འདུ་ཤེས་ཀྱི་ཕུང་པོ་ལ་སེམས་སྦྱངས་པ་འཁྲུལ་བ་ལས་འདི་འདྲ་བར་གྱུར་ཏེ། སེམས་ཅན་རྨོངས་པ་རྣམས་རང་གི་དྲོད་མ་ཟིན་པས་རྒྱུ་རྐྱེན་འདི་ལྟ་བུ་དང་འཕྲད་ནས་འཁྲུལ་པ་ལ་རང་ཉིད་ཀྱིས་མ་ཤེས་པར་བདག་འཕགས་པའོ། །ཞེས་རྫུན་ཆེན་པོ་སྨྲས་ཏེ་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཁྱེད་ཅག་ངས་བསྟན་པ་འདི་ལ་བརྟེན་ནས་ང་མྱ་
576a
༄#། །ངན་ལས་འདས་པའི་འོག་ཏུ་སྙིགས་མའི་དུས་སུ་ངས་བསྟན་པའི་དོན་འདི་དག་རྒྱས་པར་ཤོད་ཅིག་།གསལ་བར་སྟོན་ཅིག་།ལྷའི་བུའི་བདུད་ཀྱིས་སྐབས་མི་རྙེད་པར་སྐྱོང་བ་དང་སྲུང་ཞིང་སྐྱོབ་ན་བླ་ན་མེད་པའི་ལམ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་པ། ཀུན་དགའ་བོ། རིགས་ཀྱི་བུ་གང་དག་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འདུ་ཤེས་ཀྱི་ཕུང་པོ་ཟད་པ་ན་སྐྱེ་བོ་དེ་རྒྱུན་དུ་རྨི་ལམ་དང་འདུ་ཤེས་འགགས་ནས་སད་པ་དང་གཉིད་ལོག་པ་འདྲ་ཞིང་གསལ་རིག་དབེན་ཞིང་དྭངས་པ་ནི། ནམ་མཁའ་དྭངས་པ་དང་འདྲའོ། །ཡང་མདུན་གྱི་ཡུལ་གྱི་རྣམ་པ་དང་རགས་པ་དང་ཐོགས་པ་མེད་ལ། འདི་ལ་འཇིག་རྟེན་གྱི་ས་ཆེན་པོ་དང་རི་དང་ཆུ་ཀླུང་དག་ལ་བལྟས་པ་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་འོངས་པ་ན་གོས་པ་མེད་ཅིང་སོང་བ་ན་རྗེས་མེད། རྫུན་པའི་སྣང་བ་ཙམ་ལས་སྔོན་གྱི་བག་ཆགས་ཟད་དེ་རྣམ་པར་དག་པའི་རང་བཞིན་ཁོ་ན་ལུས་སོ། །འདི་ནས་སྐྱེ་འགག་གི་རྩ་བ་མངོན་པར་རིག་པར་འགྱུར་ཞིང ། ཕྱོགས་བཅུའི་
576b
རིགས་བཅུ་གཉིས་ཀྱི་སེམས་ཅན་གྱི་རིགས་ཀྱི་རྩ་བ་ཤེས་པར་འགྱུར་རོ། །སོ་སོའི་སྐྱེ་བའི་རྒྱུ་མ་མཐོང་ཡང་མཚུངས་པར་སྐྱེ་བའི་རྩ་བའི་རྒྱུ་ནི། སྨིག་རྒྱུ་གཡོ་བ་དང་འདྲ་སྟེ། གསོབ་ཏུ་གྱུར་པའི་དབང་པོ་དང་ཡུལ་གྱི་མཐར་ཐུག་པའི་གནད་ཀྱིས་གནས་ཤེས་སོ། །འདི་ལ་འདུ་བྱེད་ཀྱི་ཕུང་པོའི་སྒྲིབ་གཡོགས་ཞེས་བྱའོ། །གལ་ཏེ་སྨིག་རྒྱུ་དང་འདྲ་བར་གཡོ་བ་དེ་རང་གི་རང་བཞིན་ལ་ཞུགས་ཏེ་སྔོན་གྱི་བག་ཆགས་ཟད་པ་ན་རླབས་དང་བྲལ་བའི་ཆུ་དང་བར་འགྱུར་བ་དང་འདྲ་སྟེ། འདི་ལ་འདུ་བྱེད་ཀྱི་ཕུང་པོ་ཟད་པ་ཞེས་བྱའོ། ། སྐྱེ་བོ་དེ་སེམས་ཅན་སྙིགས་མ་ལས་འདའ་བར་ནུས་སོ། །རྒྱུ་འདི་ལ་བརྟག་ན་དབེན་ཞིང་མི་མངོན་པ་རྫུན་པའི་འདུ་ཤེས་རྩ་བར་གྱུར་པའོ། །ཀུན་དགའ་བོ། ཤེས་པར་གྱིས་ཤིག ། ཡང་དག་པའི་ཤེས་རབ་ཐོབ་སྟེ་ལྷག་མཐོང་གི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་ལྷའི་བདུད་རིགས་བཅུ་པོས་གླགས་མི་རྙེད་ལ། གདོད་རང་རང་གི་རིགས་ཀྱི་རྩ་བ་ཕྲ་ཞིང་མཐར་ཐུག་པར་དཔྱད་དེ་ཤེས་པར་ནུས་སོ། །ཡང་སོ་སོའི་རིགས་ཀྱི་རྒྱུའི་རྩ་བ་མངོན་དུ་གྱུར་ཀྱང་དེ་ལ་ཁད་ཀྱིས་གཡོ་བའི་རྒྱུ་ལ་དཔྱད་པ་ན་རྩཝ་བའི་རྒྱུ་ལས་གལ་ཏེ་རྣམ་པར་རྟོག་པ་སྐྱེས་ན་སྐྱེ་བོ་དེ་རྒྱུ་མེད་པའི་ལྟ་བ་གཉིས་སུ་ལྟུང་ངོ ། །དེ་ལ་དང་པོ་ནི། རྩ་བའི་རྒྱུ་མེད་
577a
༄#། །པར་མཐོང་སྟེ། དེའི་ཕྱིར་ཞེ་ན། སྐྱེ་བོ་དེ་སྐྱེ་བའི་རྩ་བ་མཐོང་བ་ན་མིག་གི་དབང་པོ་ཡོན་ཏན་བརྒྱད་བརྒྱ་དང་ལྡན་པའི་མཐུ་ལ་བརྟེན་ནས་བསྐལ་པ་བརྒྱད་ཁྲི་ཚུན་ཆད་ཀྱི་སེམས་ཅན་རྣམས་སྐྱེ་ཤི་རིམ་པར་བརྒྱུད་དེ་འཁོར་བར་འཁོར་བ་མཐོང་ངོ ། །སེམས་ཅན་རྣམས་འཁོར་བར་འཁོར་བའི་གནས་བསྐལ་པ་བརྒྱད་ཁྲི་ཕན་ཆད་མི་སྣང་བའི་རྟོག་པ་སྐྱེས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་རྣམས་བསྐལ་པ་བརྒྱད་ཁྲི་ཚུན་གྱི་འདི་དག་རྒྱུ་མེད་པར་རང་བཞིན་གྱིས་ཡོད་སྙམ་དུ་རྟོགས་སོ། །དེ་ལྟར་རྟོགས་པས་ཡང་དག་པའི་ལྟ་བ་སྟོར་ནས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །གཉིས་པ་ནི། ད་ལྟའི་རྒྱུ་མེད་པར་མཐོང་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བོ་དེ་སྐྱེ་བའི་རྩ་བ་མཐོང་བ་ན་མི་ནས་མིར་སྐྱེ་བ་དང ། བྱ་ནས་བྱར་སྐྱེ་བར་ཤེས། བྱ་རོག་ནི། གཞི་ནས་ནག་།གཞད་ནི། གཞི་ནས་དཀར། མི་དང་ལྷ་ནི། གཞི་ནས་འགྲེང ། དུད་འགྲོ་ནི། གཞི་ནས་དུད། དཀར་པོ་ནི། བཀྲུས་པ་མ་ཡིན། ནག་པོ་ནི། ཁ་བསྒྱུར་བ་མ་ཡིན་ཏེ། བསྐལ་པ་བརྒྱད་ཁྲིའི་བར་དུ་ཡང་གཞན་དུ་འགྱུར་བ་མེད་དོ། །ད་ལྟའི་ལུས་འདི་ཕྱི་མའི་མཐའི་བར་དུ་ཡང་འདི་ཁོ་ན་བཞིན་ལ། ངས་གཞི་ནས་བྱང་ཆུབ་ཅེས་བྱ་བ་མ་མཐོང་ན། ཇི་ལྟར་བྱང་
577b
ཆུབ་སྒྲུབ་པའི་བྱ་བ་ཡོད། འདི་ལ་ད་ལྟའི་དངོས་པོ་སྣ་ཚོགས་པའི་རྣམ་པ་གཞི་ནས་རྒྱུ་མེད་པར་ཤེས་པར་གྱིས་ཤིག་ཅེས་སྨྲའོ། །དེ་ལྟར་རྟོག་པས་ཡང་དག་པའི་ལྟ་བ་སྟོར་ནས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་དང་པོ་རྒྱུ་མེད་པར་སྨྲ་བའི་གྲུབ་མཐའ་འཛིན་པའི་མུ་སྟེགས་ཅན་ཞེས་བྱའོ། །ཀུན་དགའ་བོ། ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་ལྷའི་བདུད་རིགས་བཅུ་པོས་གླགས་མི་རྙེད་ལ། གདོད་རང་རང་གི་རིགས་ཀྱི་རྩ་བ་ཕྲ་ཞིང་མཐར་ཐུག་པར་དཔྱད་དེ། གལ་ཏེ་ཀུན་ཏུ་རྟག་པའི་དོན་ལ་རྣམ་པར་རྟོག་པའི་སེམས་སྐྱེས་ན་སྐྱེ་བོ་དེ་ཀུན་ཏུ་རྟག་པར་ལྟ་བ་བཞིར་ལྟུང་ངོ ། །དེ་ལ་དང་པོ་ནི།་སེམས་དང་ཡུལ་གཉིས་རང་བཞིན་ལ་དཔྱད་ནས་གཉིས་ཀ་ལ་རྒྱུ་གཏན་ནས་མ་རྙེད་པས་བསྒོམ་ཞིང་སྦྱང་བཞིན་དུ་བསྐལ་པ་ཉི་ཁྲིའི་ནང་གི་ཕྱོགས་བཅུའི་སེམས་ཅན་རྣམས་སྐྱེ་འགག་རྒྱུན་མི་འཆད་པར་འཁོར་ཏེ་རང་བཞིན་དེ་ལས་འདའ་བ་མེད་པར་མཐོང་ནས་འདི་ནི། རྟག་པའོ་སྙམ་དུ་སེམས་སོ། །གཉིས་པ་ནི། སྐྱེ་བོ་དེ་འབྱུང་བ་ཆེན་པོ་བཞིའི་རྩ་བའི་རྒྱུ་ལ་དཔྱད་དེ་ཁམས་བཞིའི་རང་བཞིན་རྟག་པར་གནས་སོ་སྙམ་དུ་རྟོགས་ནས་བསྒོམ་ཞིང་སྦྱང་བཞིན་དུ་བསྐལ་པ་བཞི་ཁྲིའི་ནང་གི་ཕྱོགས་བཅུའི་སེམས་
578a
༄#། །ཅན་རྣམས་ཀྱི་སྐྱེ་འགག་རྟག་པར་གནས་ཏེ་རང་བཞིན་དེ་ལས་འདའ་བ་མེད་པར་མཐོང་ནས་འདི་ནི། རྟག་པའོ་སྙམ་དུ་སེམས་སོ། །གསུམ་པ་ནི། སྐྱེ་བོ་དེ་སྐྱེ་མཆེད་དྲུག་དང ། ཉོན་ཡིད་དང ། ཀུན་གཞི་སོགས་དང ། སེམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་རྩ་བའི་རྒྱུའི་མཐར་ཐུག་པར་དཔྱད་དེ་རང་བཞིན་རྟག་པའོ་སྙམ་དུ་བསམ་ནས་བསྒོམ་ཞིང་སྦྱང་བཞིན་དུ་བསྐལ་པ་བརྒྱད་ཁྲིའི་ནང་གི་ཕྱོགས་བཅུའི་སེམས་ཅན་རྣམས་འཁོར་བར་འཁོར་ཡང་གདོད་མ་ནས་རྟག་པར་གནས་པའི་རང་བཞིན་མི་འགྱུར་བར་མཐོང་ཞིང་དེ་ལ་དཔྱད་ནས་རྟག་པའོ་སྙམ་དུ་སེམས་སོ། །བཞི་པ་ནི། སྐྱེ་བོ་དེ་འདུ་ཤེས་སྐྱེ་བའི་རྒྱུན་འགག་པའི་རྗེས་སུ་སླར་ཡང་རྒྱུན་འདུག་པ་དང ། གནས་པ་དང ། འཁོར་བའི་གནས་མེད་ལ། སྐྱེ་བ་དང ། འགག་པའི་འདུ་ཤེས་གཅིག་ཏུ་འགག་པའི་ཕྱིར་རང་སྐྱེ་ཞིང་འགག་པ་མེད་པར་རིགས་སོ་སྙམ་དུ་སྒྲོ་བཏགས་ནས་རྟག་པའོ་སྙམ་དུ་སེམས་སོ། །དེ་ལྟར་རྟག་པར་འཛིན་པས་ཡང་དག་པའི་ལྟ་བ་སྟོར་ནས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་གཉིས་པ་ཀུན་ཏུ་རྟག་པར་སྨྲ་བའི་གྲུབ་མཐའ་འཛིན་པའི་མུ་སྟེགས་ཅན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་
578b
སེམས་གསལ་ཞིང་མི་གཡོ་བར་གྱུར་བས་བདུད་ཀྱིས་གླགས་མི་རྙེད་ལ། སྐྱེ་བའི་རིགས་ཀྱི་རྩ་བ་ཕྲ་ཞིང་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་བདག་དང་གཞན་དུ་སྒྲོ་འདོགས་པ་ན་སྐྱེ་བོ་དེ་ཕྱིན་ཅི་ལོག་བཞིའི་ནང་དུ་ལྷུང་ནས་ཁ་ཅིག་ནི། རྟག་།ཁ་ཅིག་ནི། མི་རྟག་པར་ལྟ་བའི་ལྟ་བར་ལྟུང་ངོ ། །དེ་ལ་དང་པོ་ནི། སྐྱེ་བོ་དེ་རྨད་དུ་བྱུང་བའི་གསལ་རིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པར་མཐོང་ནས་དེའི་མཐར་ཐུག་པ་ན་རང་ཉིད་འཕགས་པའོ་སྙམ་དུ་བསམ་ནས་ལུས་འདི་ཉིད་ཀྱིས་ཕྱོགས་བཅུར་ཁྱབ་ཅིང་རྣམ་པར་མི་གཡོ་ལ། སེམས་ཅན་ཐམས་ཅད་ངའི་སེམས་ཀྱི་ནང་དུ་རང་སྐྱེ་ཞིང་རང་འཆི་བར་སྣང་ངོ་སྙམ་ནས་རང་གི་སེམས་ཀྱི་རང་བཞིན་ནི། རྟག་པ་ཡིན་ལ། གཞན་སྐྱེ་བ་དང ། འགག་པ་ནི། མི་རྟག་པའོ། །ཞེས་སྨྲའོ། །གཉིས་པ་ནི། སྐྱེ་བོ་དེ་རང་གི་སེམས་ལ་མི་བལྟ་བར་ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་དཔྱད་པ་ན་མཐར་བསྐལ་\?\་པས་འཇིག་པའི་གནས་སུ་མཐོང་ནས་སྣ་ཚོགས་པའི་རང་བཞིན་གྱི་མི་རྟག་པའོ། །ཞེས་སྨྲ་ལ། མཐར་བསྐལ་པས་མི་འཇིག་པ་དེ་ནི།་རྟག་པའོ། །ཞེས་སྨྲའོ། །གསུམ་པ་ནི། སྐྱེ་བོ་དེ་རང་གི་སེམས་ཆ་ཤས་སུ་ཕྱེ་སྟེ་དཔྱད་པ་ན་ཤིན་ཏུ་ཕྲ་ཞིང་ལྐོག་ཏུ་གྱུར་པ་རྡུལ་ཕྲ་རབ་ལྟ་བུར་ཕྱོགས་བཅུ་ཀུན་ཏུ་འགྲོ་ཡང་
579a
༄#། །རང་བཞིན་འགྱུར་བ་མེད་ལ། ལུས་འདི་སྐྱེད་པར་ཡང་བྱེད། འཇིག་པར་ཡང་བྱེད་ཅིང་དེའི་འཇིག་པ་མེད་པའི་རང་བཞིན་ནི། ངའི་རང་བཞིན་ཡིན་ལ། སྐྱེ་འཆི་ཐམས་ཅད་ང་ལས་བྱུང་ཞིང་མི་རྟག་པའི་རང་བཞིན་ནོ། །ཞེས་སྨྲའོ། །བཞི་པ་ནི། སྐྱེ་བོ་དེ་འདུ་ཤེས་ཀྱི་ཕུང་པོ་ཟད་པར་ནི། ཤེས། འདུ་བྱེད་ཀྱི་ཕུང་པོའི་རྒྱུན་འཇུག་པར་ནི། མཐོང་སྟེ། འདུ་བྱེད་ཀྱི་ཕུང་པོ་རྒྱུན་དུ་འཇུག་པས་རྟག་པའི་རང་བཞིན་ནོ་སྙམ་དུ་རྟོགས་ལ། གཟུགས་དང་ཚོར་བ་དང་འདུ་ཤེས་ལ་སོགས་པ་ནི།་གཅིག་ཏུ་འགག་ཟིན་པས་མི་རྟག་གོ་།ཞེས་རྟོགས་ཏེ། ཁ་ཅིག་ནི། རྟག་པ་དང ། ཁ་ཅིག་ནི། མི་རྟག་པའོ་སྙམ་དུ་སེམས་པས་མུ་སྟེགས་ཅན་གྱི་ལྟ་བར་ལྷུང་ནས་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་གསུམ་པ་རྟག་པར་ལྟ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ་སྐྱེ་བའི་རིགས་ཀྱི་རྩ་བའི་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་རང་གི་ཆ་ཤས་ལ་རྟོག་ཅིང་དམིགས་པ་ན་སྐྱེ་བོ་དེ་བདག་ཏུ་ལྟ་བ་བཞིར་ལྟུང་ངོ ། །དེ་ལ་དང་པོ་ནི། སྐྱེ་བོ་དེའི་སེམས་ལ་སྐྱེ་བའི་རྩ་བའི་རྒྱུ་
579b
ཀུན་ཏུ་འཁོར་ཞིང་རྒྱུན་འཇུག་པ་གཅིག་ཏུ་མི་སྡོད་པར་སེམས་པས་འདས་པ་དང་མ་འོངས་པའི་མཐའ་ཡོད་ལ། རིམ་པར་འཐུད་པའི་སེམས་ཀྱི་རྒྱུན་ལ་མཐའ་མེད་དོ་སྙམ་དུ་སེམས་སོ། །གཉིས་པ་ནི། སྐྱེ་བོ་དེ་བརྟགས་པ་ན་བསྐལ་པ་བརྒྱད་ཁྲིའི་ནང་གི་སེམས་ཅན་རྣམས་མཐོང་ལ་བསྐལ་པ་བརྒྱད་ཁྲི་ཕན་ཆད་ནི། མཐོང་བ་དང་ཐོས་པའི་གནས་མེད་པས་དེ་ལྟ་བུ་ནི། མཐའ་དང་བྲལ་བ་ཡིན་ལ། སེམས་ཅན་ཡོད་པའི་གནས་ནི། མཐའ་ཡོད་པའོ་སྙམ་དུ་སེམས་སོ། །གསུམ་པ་ནི། སྐྱེ་བོ་དེ་འདི་སྙམ་དུ་བདག་གིས་ཐམས་ཅད་ཤེས་པའི་ཚུལ་ལ་བརྟགས་པ་ན་མཐའ་དང་བྲལ་བའི་རང་བཞིན་ཁོང་དུ་ཆུད་པར་སྣང་ངོ ། །སྣ་ཚོགས་པའི་སེམས་ཅན་སེམས་ཀྱིས་གསལ་བར་མཐོང་ངོ ། །བདག་ལས་གཞན་སེམས་ཅན་དེ་དག་ལ་རང་བཞིན་མཐོང་བའི་སེམས་ཡོད་པར་མི་ཤེས་སོ་སྙམ་དུ་བསམ་པས་དེ་དག་གི་མཐའ་དང་བྲལ་བའི་སེམས་ཐོབ་པར་མི་འགྱུར་ལ། མཐའ་ཡོད་པའི་རང་བཞིན་ཉིད་ཡོད་དོ་སྙམ་དུ་སེམས་སོ། །བཞི་པ་ནི། སྐྱེ་བོ་དེ་འདུ་བྱེད་ཀྱི་ཕུང་པོའི་སྟོང་པ་ལ་དཔྱད་ནས་རང་གི་སེམས་ཤེས་པའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དཔགས་ཤིང་བརྟགས་ནས་དེ་དག་ལས་འགའ་ཞིག་ནི། སྐྱེ་བ་དང ། འགའ་ཞིག་ནི། འཆིའོ་སྙམ་སྟེ་འཇིག་རྟེན་ཐམས་ཅད་ལས་ཕྱེད་ནི། མཐའ་ཡོད།
580a
༄#། །ཕྱེད་ནི། མཐའ་མེད་ལ། འདི་ལྟར་མཐའ་ཡོད་པ་དང ། མཐའ་མེད་པ་ལས་བརྟགས་པས་མུ་སྟེགས་ཀྱི་ལྟ་བར་ལྷུང་ནས་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་བཞི་པ་མཐའ་ཡོད་པར་ལྟ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ་སྐྱེ་བའི་རིགས་ཀྱི་རྩ་བ་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་བགས་ཀྱིས་སྐྱེས་ནས་འདུ་ཤེས་ཀྱི་མཐོང་བའི་ནང་ནས་རྟོག་པ་སྐྱེས་ཏེ་སྐྱེ་བོ་དེ་ཕྱིན་ཅི་ལོག་བཞིས་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྨྲ་བའི་རྫུན་པའི་ལྟ་བའི་ལྟུང་ངོ ། །དེ་ལ་དང་པོ་ནི། སྐྱེ་བོ་དེ་སེམས་འགྱུར་བའི་རྒྱུ་ལ་བརྟག་པ་ན་འཕོ་ཞིང་འགྱུར་བར་མཐོང་བ་ནི། མི་རྟག་པ་ཞེས་བྱ་ལ། རྒྱུན་མི་འཆད་པར་མཐོང་བ་ནི། རྟག་པ་ཞེས་བྱ་ཞིང ། གང་མཐོང་བར་བྱ་བ་ནི། སྐྱེ་བ་ཞེས་བྱ། གང་མི་མཐོང་བ་ནི། འགག་པ་ཞེས་བྱ་སྟེ། རིམ་པར་འཐུད་པའི་རྒྱུའི་རང་བཞིན་མི་འཆད་པ་ནི། འཕེལ་བ་ཞེས་བྱ། རིམ་པར་བརྒྱུད་པ་ལས་འབྲེལ་བའི་དངོས་པོ་བྲལ་བ་ནི། འགྲིབ་པ་ཞེས་བྱ། སོ་སོར་སྐྱེ་བ་ནི། ཡོད་པ་ཞེས་བྱ། སོ་སོར་འཆི་བ་ནི། མེད་པ་ཞེས་བྱའོ། །གནས་ལུགས་ལྟར་ཀུན་ཏུ་བརྟགས་པ་ན་ལྟ་བ་
580b
གཞན་མཐོང་ཞིང་ཆོས་ཚོལ་བ་པོ་དག་གིས་དེའི་དོན་དྲིས་པ་ན་ལན་དུ་ང་ད་ལྟ་སྐྱེ་བ་ཡང་ཡིན། འགག་པ་ཡང་ཡིན། ཡོད་པ་ཡང་ཡིན། མེད་པ་ཡང་ཡིན། འཕེལ་བ་ཡང་ཡིན། འགྲིབ་པ་ཡང་ཡིན་ཞེས་འཁྲུལ་བའི་ཚིག་མ་ངེས་པར་སྨྲ་སྟེ། དྲི་བ་པོའི་སྔར་ཡིད་ལ་ངེས་པའི་ཚིག་དོན་སྟོར་བར་བྱེད་དོ། །གཉིས་པ་ནི། སྐྱེ་པོ་དེ་སེམས་ལ་བརྟགས་པ་ན་གང་ཡོད་པའི་གནས་མ་རྙེད་པས་མེད་པར་རྟོགས་ནས་གཞན་གྱིས་དྲིས་པ་ན་ལན་དུ་ཅི་ཡང་མེད་དོ། །ཞེས་ལན་གཅིག་པུ་སྨྲ་ལ་མེད་ཅེས་བྱ་བའི་ཚིག་མ་གཏོགས་པ་གཞན་མི་སྨྲའོ། །གསུམ་པ་ནི། སྐྱེ་བོ་དེ་སེམས་ལ་བརྟགས་པ་ན་གང་དུ་ཡང་མེད་པའི་གནས་མ་རྙེད་པས་ཡོད་པར་རྟོགས་ནས་གཞན་གྱིས་དྲིས་པ་ན་ལན་དུ་ཡོད་དོ། ། ཞེས་ལན་གཅིག་པུ་སྨྲ་ལ། ཡོད་ཅེས་བྱ་བའི་ཚིག་མ་གཏོགས་པ་གཞན་མི་སྨྲའོ། །བཞི་པ་ནི། སྐྱེ་བོ་དེ་ཡོད་པ་དང་མེད་པ་གཉིས་ཀར་མཐོང་ནས་དེ་གཉིས་ཕན་ཚུན་འགལ་བས་དེའི་སེམས་འཁྲུལ་ནས་དྲི་བ་པོ་དག་ལ་ལན་དུ་ཡོད་པ་ཡང་ཡིན། མེད་པ་ཡང་ཡིན། མེད་པའི་ནང་ནས་ཡོད། ཡོད་པའི་ནང་ནས་མེད་དོ། །ཞེས་རྣམ་པ་ཐམས་ཅད་དུ་འཁྲུལ་པའི་ཚིག་སྨྲ་བས་གཞན་གྱིས་ཞིབ་ཏུ་བརྒལ་ཞིང་འདྲི་བའི་སྐབས་མི་རྙེད་དོ། །འདི་ལྟར་རྟོག་ཅིང་སེམས་པས་ཀུན་ཏུ་འཁྲུལ་ཞིང་རྫུན་སྨྲ་བའི་མུ་སྟེགས་
581a
༄#། །ཅན་གྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་ལྔ་པ་ཕྱིན་ཅི་ལོག་བཞིའི་རང་བཞིན་ཀུན་ཏུ་འཁྲུལ་ཞིང་མི་འཆི་བ་སྨྲ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ་སྐྱེ་བའི་རིགས་ཀྱི་རྩ་བ་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་རྣམ་རྟོག་གི་རྒྱུན་ཟད་པ་མེད་པར་སྐྱེ་ཞིང ། ཤི་བའི་འོག་ཏུ་གཟུགས་ཡོད་ཅེས་ཕྱིན་ཅི་ལོག་གི་རྟོག་པ་འཁྲུལ་བས་རེས་འགའ་རང་གི་ལུས་རྟག་པར་བཟུང་ནས་གཟུགས་ངའོ་སྙམ་དུ་སེམས་སོ། །རེས་འགའ་རང་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པར་མཐོང་ནས་ང་ལ་གཟུགས་ཡོད་སྙམ་དུ་སེམས་སོ། །རེས་འགའ་མདུན་གྱི་ཡུལ་རྣམས་ལ་རང་དབང་དུ་ལོངས་སྤྱད་པས་ང་གཟུགས་ལ་དབང་སྙམ་དུ་སེམས་སོ། །རེས་འགའ་འདུ་བྱེད་ཀྱི་འབྲེལ་བ་རྒྱུན་མ་ཆད་པ་ལ་བརྟེན་ནས་ང་གཟུགས་ལ་གནས་སོ་སྙམ་དུ་སེམས་སོ། །འདི་ལྟར་རྣམ་པར་རྟོག་ཅིང་ཤི་པའི་འོག་ཏུ་གཟུགས་ཡོད་དོ། །ཞེས་སྨྲའོ། །དེ་བཞིན་དུ་ཕུང་པོ་གཞན་རྣམས་ལ་རིགས་པ་སྤོས་ཏེ་རྣམ་པ་བཅུ་དྲུག་ཡོད་པར་རྟོག་གོ་།འདི་ནས་ཡང་ན་ཀུན་ནས་
581b
ཉོན་མོངས་པ་ཁོ་ནར་འགྱུར་ལ་ཡང་ན་རྣམ་པར་བྱང་བ་ཁོ་ནར་འགྱུར་ཞིང་དེ་གཉིས་ཀྱི་རང་བཞིན་གཅིག་ཏུ་གནས་ཀྱང་ཕན་ཚུན་དུ་མི་སྒྲིབ་བོ་ཞེས་སྨྲའོ། །འདི་ལྟར་ཤི་བའི་འོག་ཏུ་གཟུགས་ཡོད་དོ། །ཞེས་རྣམ་པར་རྟོག་པས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་དྲུག་པ་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་གཟུགས་ཡོད་དོ། །ཞེས་ཕྱིན་ཅི་ལོག་ཏུ་སྨྲ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ་སྐྱེ་བའི་རིགས་ཀྱི་རྩ་བའི་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་སྔར་གཟུགས་དང་ཚོར་བ་དང་འདུ་ཤེས་རྣམས་འགག་པ་ལས་རྣམ་པར་རྟོག་པ་སྐྱེས་པས་སྐྱེ་བོ་དེ་ཤི་བའི་འོག་ཏུ་གཟུགས་མེད་ཅེས་ཕྱིན་ཅི་ལོག་གི་སེམས་སྐྱེ་སྟེ་གཟུགས་འགག་པར་མཐོང་བ་ན་ལུས་ཀྱི་རྟེན་མེད་པར་འགྱུར་བ་དང ། འདུ་ཤེས་འགག་པར་མཐོང་བ་ན་སེམས་ཆགས་པའི་ཡུལ་མེད་བ་དང ། ཚོར་བ་འགག་པར་མཐོང་བ་ན་ཕྱི་མའི་འབྲེལ་བ་མེད་པར་འགྱུར་རོ། །ཕུང་པོའི་རང་བཞིན་ཞི་ཞིང་འགག་ན་སྐྱེ་བ་ཙམ་ཡོད་ཀྱང་ཚོར་བ་དང་འདུ་ཤེས་མེད་པ་རྩ་ཤིང་དང་འདྲ་སྟེ། འདི་ཉིད་ད་ལྟ་ཐོབ་པ་མེད་ན་ཤི་བའི་འོག་ཏུ་ལྟ་ག་ལ་ཡོད། འདི་ལ་
582a
༄#། །ཞིབ་ཏུ་བརྟག་ན་ཤི་བའི་འོག་ཏུ་གཟུགས་མེད་ཅེས་སྨྲའོ། །འདི་བཞིན་དུ་རིགས་པ་སྤོས་ཏེ་དཔྱད་ན་གཟུགས་མེད་པ་རྣམ་པ་བརྒྱད་ཡོད་དོ་སྙམ་དུ་སེམས་སོ། །འདི་ནས་བརྩམས་ཏེ་མྱ་ངན་ལས་འདས་པ་དང ། རྒྱུ་དང ། འབྲས་བུ་ཐམས་ཅད་སྟོང་པར་མཐོང་ཞིང་མིང་ཙམ་དུ་ཟད་ཀྱི། ཡེ་ནས་ཆད་པའོ། །ཞེས་སྨྲའོ།། འདི་ལྟར་ཤི་བའི་འོག་ཏུ་གཟུགས་མེད་དོ། །ཞེས་རྟོག་པས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་བདུན་པ་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་གཟུགས་མེད་དོ། །ཞེས་ཕྱིན་ཅི་ལོག་ཏུ་སྨྲ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་དོན་ལ་སེམས་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ། སྐྱེ་བའི་རིགས་ཀྱི་རྩ་བ་མཐར་ཐུག་པར་དཔྱད་དེ་རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་འདུ་བྱེད་གནས་ཤིང་ཡོད་པའི་ཚེ་ཚོར་བ་དང་འདུ་ཤེས་གཉིས་འགག་སྟེ་མེད་པས་ཡོད་པ་དང་མེད་པ་དེ་གཉིས་ཀ་ལ་བརྟག་སྟེ་སོ་སོར་འཇིག་པར་མཐོང་ལ། སྐྱེ་པོ་དེ་ཤི་བའི་འོག་ཏུ་ཐམས་ཅད་མེད་ཅེས་ཕྱིན་ཅི་ལོག་གི་ལྟ་བ་ལ་འཇུག་གོ་།ཡང་གཟུགས་དང་ཚོར་བ་དང་འདུ་ཤེས་ཡོད་པར་སྣང་ཡང་ཡོད་པ་མ་ཡིན་ལ། འདུ་བྱེད་
582b
འཕོ་བ་དང་གཡོ་བའི་ནང་དུ་མེད་པར་སྣང་ཡང་མེད་པར་མི་འགྱུར་རོ། །འདི་བཞིན་དུ་རིགས་པ་སྤོས་ནས་ཕུང་པོའི་མཐར་ཐུག་པར་དཔྱད་དེ་མེད་པ་མ་ཡིན་པར་གྱུར་པའི་གཟུགས་བརྒྱད་སྐྱེས་ནས་གང་ཡང་རུང་བའི་འབྲེལ་བ་གཅིག་དྲན་པ་ན་ཤི་བའི་འོག་ཏུ་གཟུགས་ཡོད་པ་དང་མེད་པའོ་ཞེས་སྨྲའོ། །ཡང་འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་འགྱུར་ཞིང་འཁྲུལ་བ་ལ་བརྟགས་པས་མངོན་པར་ཤེས་པའི་སེམས་བསྐྱེད་དེ་ཡོད་པ་དང་མེད་པ་ཐམས་ཅད་མ་ཡིན་པར་རྟོགས་ཤིང་སྟོང་པ་ཡང་དག་པའི་ཚད་ཟིན་པར་མ་གྱུར་པས་འདི་ལྟར་ཤི་བའི་འོག་ཏུ་ཐམས་ཅད་མ་ཡིན་ཞེས་བརྟགས་ནས་ཕྱི་མའི་མཐའི་བར་དུ་རྨོངས་ཤིང་བརྗོད་དུ་རུང་བ་རྙེད་པར་མི་འགྱུར་བས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་བརྒྱད་པ་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་ཐམས་ཅད་མ་ཡིན་ཞེས་ཕྱིན་ཅི་ལོག་ཏུ་སྨྲ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་ཏིང་ངེ་འཛིན་ལ་གསལ་ཞིང་རྣམ་པར་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ། སྐྱེ་བའི་རིགས་ཀྱི་རྩ་བ་མཐར་ཐུག་པར་དཔྱད་དེ། རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་སྐྱེ་བའི་ཕྱི་མཐའ་ལ་བརྟགས་པ་ན་སྐྱེ་བ་ཕྱི་མ་ཕྱི་མ་དག་མེད་དོ་སྙམ་
583a
༄#། །ནས་དེ་ལ་ནོར་བའི་ཕྱིར་སྐྱེ་བོ་དེ་ཆད་པར་ལྟ་བ་རྣམ་པ་བདུན་དུ་འགྱུར་ཏེ། རེས་འགའ་ལུས་འགག་།རེས་འགའ་འདོད་པ་ཟད་པར་འགག་།རེས་འགའ་སྡུག་བསྔལ་ཟད་པར་འགག་།རེས་འགའ་རབ་ཏུ་དགའ་བ་འགག་།རེས་འགའ་བཏང་སྙོམས་ཡང་འགག་པར་འགྱུར་བ་སོགས་འདི་བཞིན་སྔོན་དང་ཕྱི་མ་ལ་ཞིབ་ཏུ་བརྟགས་ནས་རྣམ་པ་བདུན་གྱི་མཐར་ཐུག་པར་དཔྱད་དེ། ད་ལྟ་བ་འགག་ཅིང་འགག་པའི་རྗེས་སུ་སླར་མི་སྐྱེའོ་སྙམ་དུ་སེམས་སོ། །འདི་ལྟར་ཤི་བའི་འོག་ཏུ་སྐྱེ་བ་ཅི་ཡང་མེད་དོ། །ཞེས་རྟོག་པས། བྱང་ཆུབ་ཀྱི་ལམ་ནི། གོལ་ཏེ། འདི་ལ་དགུ་པ་ཤི་བའི་འོག་ཏུ་ཕུང་པོ་ལྔ་ཆད་པར་ལྟ་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཅན་ཞེས་བྱའོ། །ཡང་ཏིང་ངེ་འཛིན་དེ་ལ་གནས་པའི་རིགས་ཀྱི་བུ་དག་ཡང་དག་པའི་ཏིང་ངེ་འཛིན་གསལ་ཞིང་མི་གཡོ་བར་གྱུར་པས་བདུད་ཀྱིས་གླགས་མི་རྙེད་ལ། སྐྱེ་བའི་རིགས་ཀྱི་རྩ་བ་མཐར་ཐུག་པར་དཔྱད་དེ། རྟག་པ་དང་མི་རྟག་པའི་རྟོག་པ་ཁད་ཀྱིས་སྐྱེས་ནས་ཡང་སྲིད་ཕྱི་མ་ཕྱི་མ་དག་ཡོད་དོ་སྙམ་དུ་འཛིན་པའི་རྟོག་པ་སྐྱེས་ཤིང ། སྐྱེ་བོ་དེ་མྱ་ངན་ལས་འདས་པར་ལྟ་བ་རྣམ་པ་ལྔར་ལྟུང་ངོ ། །རེས་འགའ་འཆི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བ་ལ་ཡང་དག་པའོ་སྙམ་དུ་སེམས་སོ། །འོད་གསལ་བ་མཐོང་ནས་འདོད་ཅིང་ཆགས་པའི་སེམས་
583b
བསྐྱེད་པ་དང ། རེས་འགའ་སྡུག་བསྔལ་གྱི་རང་བཞིན་མེད་སྙམ་པའི་ཕྱིར་བསམ་གཏན་དང་པོ་ལ་དང ། རེས་འགའ་སེམས་ལ་མྱ་ངན་མེད་སྙམ་པའི་ཕྱིར་བསམ་གཏན་གཉིས་པ་ལ་དང།་རེས་འགའ་རབ་ཏུ་དགའ་ཞིང་ཡིད་བདེ་བའི་ཕྱིར་བསམ་གཏན་གསུམ་པ་ལ་དང ། རེས་འགའ་བདེ་བ་དང་སྡུག་བསྔལ་བ་གཉིས་ཀ་འགག་སྟེ་འཁོར་བར་འཁོར་བ་དང ། སྐྱེ་འགག་གི་རང་བཞིན་གྱི་དབང་དུ་མི་འགྲོའོ་སྙམ་པས་བསམ་གཏན་བཞི་པ་ལ་སེམས་སོ། །ཟག་པ་དང་བཅས་པའི་ལྷའི་གནས་འདི་རྣམས་ཞི་བ་འདུས་མ་བྱས་སོ་སྙམ་དུ་འཁྲུལ་ཏེ། གནས་དེ་ལྔ་དགའ་ཞིང་བདེ་ལ་རྣམ་པར་དག་ཅིང་རྨད་དུ་བྱུང་བའི་གནས་སུ་སེམས་སོ། །འདི་ལྟར་ཀུན་ཏུ་སྒྲོ་བཏགས་ནས་གནས་འདི་ལྔ་ལ་མཐར་ཐུག་པའོ། །ཞེས་སྨྲའོ། །དེ་ལྟར་མྱ་ངན་ལས་མངོན་པར་འདས་པ་ལྔ་ལ་རྣམ་པར་བརྟགས་པས་མུ་སྟེགས་ཀྱི་ལྟ་བར་ལྟུང་སྟེ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་འཁྲུལ་ལོ། །འདི་ལ་བཅུ་པ་ཕུང་པོ་ལྔའི་ནང་དུ་ཕྱིན་ཅི་ལོག་གི་མྱ་ངན་ལས་འདས་པ་ལྔ་ཡོད་པར་སྨྲ་བའི་མུ་སྟེགས་ཅན་ཞེས་བྱའོ། །ཀུན་དགའ་བོ། རྣམ་པ་བཅུ་པོ་འདི་ཏིང་ངེ་འཛིན་ལ་སྣང་བའི་ཡུལ་ཏེ་འདི་ཀུན་འདུ་བྱེད་ཀྱི་ཕུང་པོ་ལ་སེམས་སྦྱངས་པ་འཁྲུལ་པ་ལས་འདི་འདྲ་བར་གྱུར་ཏེ་སེམས་ཅན་རྨོངས་པ་རྣམས་རང་གི་དྲོད་མ་ཟིན་པས་རྒྱུ་རྐྱེན་འདི་ལྟ་བུ་དང་འཕྲད་ནས་འཁྲུལ་པ་ལ་རང་ཉིད་ཀྱིས་མ་ཤེས་པར་བདག་འཕགས་
584a
༄#། །པའོ། །ཞེས་རྫུན་ཆེན་པོ་སྨྲས་ཏེ་མནར་མེད་པའི་དམྱལ་བར་ལྟུང་ངོ ། །ཁྱེད་ཅག་ངས་བསྟན་པ་འདི་ལ་བརྟེན་ནས་ང་མྱ་ངན་ལས་འདས་པའི་འོག་ཏུ་སྙིགས་མའི་དུས་སུ་ངས་བསྟན་པའི་དོན་འདི་དག་རྒྱས་པར་ཤོད་ཅིག་།སེམས་ཅན་ཐམས་ཅད་ལ་དོན་འདི་གསལ་བར་སྟོན་ཅིག་།རང་གི་སེམས་ལས་རྟོག་པའི་བདུད་ཀྱི་དབང་གིས་ཉེས་པ་བསྒྲུབ་པར་མ་བྱེད་ཅིག་།བསྲུང་ཞིང་བསྐྱང་སྟེ་ལོག་པའི་ལྟ་བ་རྣམ་པར་གསལ་ཞིང ། དེ་དག་གི་ལུས་དང་སེམས་ཕྱེ་སྟེ་ཡང་དག་པའི་དོན་རིག་པར་བགྱིས་ལ་བླ་ན་མེད་པའི་ལམ་ལས་གོལ་བའི་གནས་སུ་འགྲོར་མ་འཇུག་ཅིག་།ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སེམས་བསྐྱེད་དུ་མ་བཅུག་པར་རིག་པ་མཆོག་གི་རྒྱལ་པོ་མངོན་དུ་གྱིས་ལ་གཞན་ལ་ཕྱི་མོར་མཚོན་པར་གྱིས་ཤིག་།ཀུན་དགའ་བོ། རིགས་ཀྱི་བུ་དག་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདུ་བྱེད་ཀྱི་ཕུང་པོ་ཟད་པ་ན་འཇིག་རྟེན་ཐམས་ཅད་ཀྱི་རང་བཞིན་དབེན་ཞིང་དྭངས་པ་གཡོ་བ་ཕྲ་མོ་དང་ལྡན་པའི་སྐྱེ་བའི་རིགས་ཀྱི་རྩ་བ་ཕྲ་ཞིང་བག་ལ་ཞ་བ་རྩ་བར་གྱུར་པ་གློ་བུར་དུ་བཤིག་ནས་གང་ཟག་གི་རྣམ་པར་སྨིན་པའི་ནུས་པ་འཇུག་པའི་རྩ་བ་ཆད་པས་མྱ་ངན་ལས་འདས་པའི་རང་བཞིན་གསལ་བར་མངོན་དུ་འགྱུར་བ་ལ་
584b
ཉེའོ། །དཔེར་ན། སྐྱ་རེངས་ཤར་བའི་ཚེ་བྱ་གག་སྐད་འབྱིན་པ་དང་ཤར་ཕྱོགས་སུ་བལྟས་པ་ན་ནམ་ལངས་པའི་མཚན་མ་མཐོང་བ་དང་འདྲ་སྟེ། དབང་པོ་དྲུག་སྟོང་ཞིང་དྭངས་པས་རྣམ་པར་རྟོག་པ་ཞི་ཞིང་ཕྱི་ནང་ཀུན་ཏུ་དྭངས་ཤིང་གསལ་བར་གྱུར་ཏེ་འཇུག་པ་མེད་པའི་གནས་སུ་འཇུག་པར་འགྱུར་ཞིང ། ཕྱོགས་བཅུའི་རིགས་བཅུ་གཉིས་ཀྱི་སེམས་ཅན་རྣམས་ཚེ་ཉེ་བར་ལེན་པའི་རྩ་བ་ཁོང་དུ་ཆུད་ནས་དོན་ལ་བརྟགས་ཤིང་རྩ་བ་བཟུང་བས་སྐྱེ་རྒུ་ཐམས་ཅད་ཀྱིས་བཀྲི་བར་མི་ནུས་སོ། །འདི་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དང་འདྲ་བར་མཐོང་ནས་དྭངས་པའི་གཟུགས་མ་ནུབ་པས་ལྐོག་ཏུ་གྱུར་པ་ཐམས་ཅད་དབེན་ཞིང་དྭངས་པའི་གཟུགས་སུ་སྣང་བར་འགྱུར་ཏེ། འདི་ལ་རྣམ་པར་ཤེས་པའི་ཕུང་པོའི་སྒྲིབ་གཡོགས་ཞེས་བྱའོ། །གལ་ཏེ་གཡོ་བ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་ལས་སྒོ་དྲུག་སྦྱོང་ཞིང་འཆོས་བཞིན་དུ་མཐུན་ཞིང་ཕྱེ་བ་སྒྲུབ་སྟེ་མཐོང་བ་དང་ཐོས་པ་སོགས་ཉེ་འཁོར་ན་གནས་པ་བཞིན་དུ་ཕན་ཚུན་ཡུལ་ལ་སྦྱད་པ་ལ་བསྒྲིབས་པ་མེད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དང་སེམས་ཅན་རྣམས་བཻཌཱུརྱ་ལྟ་བུར་ཕྱི་ནང་ཐོགས་པ་མེད་པར་སྣང་སྟེ། འདི་ལ་རྣམ་པར་ཤེས་པའི་ཕུང་པོ་ཟད་པ་ཞེས་བྱ་སྟེ། མི་དེ་ནི། ཚེའི་སྙིགས་མ་ལས་འདའ་བར་ནུས་སོ། །དོན་འདི་ལ་བརྟགས་ན་གཟུགས་
585a
༄#། །ཀྱི་ཡང་དག་པ་མ་ཡིན་པའི་གཞི་རྫུན་པ་ཕྱིན་ཅི་ལོག་གི་འདུ་ཤེས་རྩ་བར་གྱུར་བའོ། །ཀུན་དགའ་བོ། ཤེས་པར་གྱིས་ཤིག་།རིགས་ཀྱི་བུ་དེ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་རྩ་བའི་གནས་རྣམ་པར་ཤེས་པ་ལ་ཞུགས་པས་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། འདི་ལ་ལུས་ཀྱི་དབང་པོའི་བར་དུ་ཆོད་པ་རྣམས་སྦྱར་ཞིང་ཕྱེ་ནས་ཕྱོགས་བཅུའི་རིགས་ཐམས་ཅད་ཀྱི་སྐྱེས་བུའི་རྣམ་པར་ཤེས་པ་དང་མཐུན་པར་གྱུར་ཏེ་རྩ་བའི་གཞི་ལ་འཇུག་པར་ནུས་སོ། །གལ་ཏེ་དེའི་གནས་དེ་ཡང་དག་པའི་རྒྱུ་ཡིན་ནོ་ཞེས་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་རྟེན་དང་བརྟེན་པར་འཛིན་པའི་ལྟ་བ་ལ་ལྟུང་སྟེ། ཀ་པི་ལའི་གསང་བའི་དོན་ལ་གནས་ནས་དེའི་འཁོར་དུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་བར་འགྱུར་རོ།། འདི་ལ་དང་པོ་ཐོབ་པའི་སེམས་གནས་སུ་བཙུགས་ནས་འབྲས་བུ་སྒྲུབ་པ་ཞེས་བྱའོ། །མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཏེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་མུ་སྟེགས་ཀྱི་རིགས་སུ་སྐྱེའོ། །ཀུན་དགའ་བོ། རིགས་ཀྱི་བུ་དེ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་རྩ་བའི་གནས་རྣམ་པར་ཤེས་པ་ལ་ཞུགས་
585b
པས་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་དེའི་གནས་པའི་གནས་ལ་རང་གི་ལུས་སུ་མཐོང་ནས་ནམ་མཁའི་ཁམས་ཀྱི་རིགས་བཅུ་གཉིས་ཀྱི་སྐྱེ་བོ་ཐམས་ཅད་བདག་གི་ལུས་དང་འདྲ་བར་རིགས་གཅིག་ལས་རྒྱུན་དུ་བྱུང་ངོ ། །ཞེས་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་ནུས་པ་དང་མི་ནུས་པར་འཛིན་པའི་ལྟ་བར་ལྟུང་སྟེ། མཐའ་ཡས་པའི་ལུས་སྟོན་པའི་དབང་ཕྱུག་ཆེན་པོའི་འཁོར་དུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་བར་འགྱུར་རོ། །འདི་ལ་གཉིས་པ་སྐྱེད་ནུས་པའི་སེམས་གནས་སུ་བཙུགས་ནས་བྱ་བ་ནུས་པའི་འབྲས་བུ་བསྒྲུབ་པ་ཞེས་བྱ་སྟེ། །མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་ང་རྒྱལ་ཆེ་བའི་ལྷ་བདག་ཐམས་ཅད་ལ་ཁྱབ་པར་སྨྲ་བའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དེ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་རྩ་བའི་གནས་རྣམ་པར་ཤེས་པ་ལ་ཞུགས་ནས་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་དེའི་གནས་པའི་ས་ལ་བརྟེན་ནས་གནས་ཐོབ་པའི་རྐྱེན་གྱིས་དེའི་ལུས་སེམས་དེ་ལས་རྒྱུན་དུ་བྱུང་ཞིང ། ཕྱོགས་བཅུའི་ནམ་མཁའ་ཐམས་ཅད་ཀྱང་དེ་ལས་སྐྱེས་སོ། །ཞེས་པ་འདི་ཉིད་བྱས་པ་དང་རྒྱས་
586a
༄#། །པའི་གནས་དག་ཡང་དག་པའི་རྟག་པའི་ལུས་ཡིན་ཞིང ། སྐྱེ་བ་དང་འགག་པ་མེད་དོ་སྙམ་དུ་སེམས་ན། དེ་ཉིད་སྐྱེ་བ་དང་འགག་པའི་ནང་དུ་གནས་བཞིན་དུ་ཐོག་མ་ནས་རྟག་པར་གནས་སོ་སྙམ་དུ་སེམས་པས་མི་སྐྱེ་བ་འཁྲུལ་ཞིང་སྐྱེ་བ་དང་འགག་པ་ལ་རྨོངས་སོ། །འདི་ལྟར་ཤིན་ཏུ་རྨོངས་པ་ལ་བདེ་བར་གནས་སོ་ཞེས་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་རྟག་པ་མ་ཡིན་པ་ལ་རྟག་པར་འཛིན་པའི་ལྟ་བར་ལྟུང་སྟེ། རང་དབང་པའི་ལྷའི་རིགས་སུ་སྐྱེའོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་གསུམ་པ་རྒྱུའི་སེམས་ལ་བརྟེན་ནས་རྫུན་པའི་འབྲས་བུ་སྒྲུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་རྫོགས་བྱེད་ཀྱི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་རྩ་བའི་གནས་རྣམ་པར་ཤེས་པ་ལ་ཞུགས་ནས་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་ཤེས་བྱ་ཐམས་ཅད་ལ་ཤེས་པས་ཁྱབ་པོ། །ཞེས་ཤེས་པ་ལ་བརྟེན་ནས་བྱུང་བར་བསམ་ཞིང ། ཕྱོགས་བཅུའི་རྩཝ་ཤིང་ཐམས་ཅད་ལ་སེམས་ཡོད་ཅིང་སེམས་ཅན་དང་ཁྱད་པར་མེད་ལ། རྩཝ་ཤིང་ཡང་སེམས་
586b
ཅན་དུ་གྱུར་ཅིང་སེམས་ཅན་ཡང་ཕྱོགས་བཅུའི་རྩཝ་ཤིང་དུ་འགྱུར་རོ། །ཞེས་ཐམས་ཅད་ལ་ཁྱད་མེད་པར་ཤེས་པ་ཡོད་དོ་སྙམ་དུ་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་ཤེས་པ་མེད་པ་ལ་ཤེས་པ་ཡོད་པར་འཛིན་པའི་ལྟ་བར་ལྟུང་སྟེ། ཐམས་ཅད་ལ་སེམས་ཡོད་པར་འཛིན་པའི་བྷྱ་ཏ་ས་ནཱའི་འཁོར་དུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི།་ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་བཞི་པ་སེམས་ཀྱིས་ཁྱབ་པར་རྟོགས་ཤིང་རྫུན་པའི་འབྲས་བུ་སྒྲུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་ལོག་པར་ཤེས་པའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་རྩ་བའི་གནས་རྣམ་པར་ཤེས་པ་ལ་ཞུགས་པས་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་རྫོགས་པར་ཆུད་ཅིང་དབང་པོ་ཕན་ཚུན་འཇུག་ཅིང་རྗེས་སུ་མཐུན་པར་གྱུར་པས་རྫོགས་པར་ཆུད་པ་ལས་སྤྲུལ་ཏེ་ཐམས་ཅད་སྐྱེད་པར་ནུས་སོ་སྙམ་དུ་བསམ་ནས་མེའི་འོད་འདོད་པ་དང ། ཆུའི་གཙང་ཞིང་དྭངས་པ་ལ་དགའ་བ་དང ། རླུང་གི་ཀུན་ཏུ་རྒྱུ་བ་ལ་སྲེད་པ་དང ། སས་སྣ་ཚོགས་བསྒྲུབ་པ་ལ་བརྟགས་པས། སོ་སོར་གཙོ་བོར་བྱས་ཏེ། འདི་ལ་
587a
༄#། །ཡུལ་ཐམས་ཅད་དབྱུང་ཞིང་སྐྱེད་པའི་རྩ་བའི་རྒྱུ་ཡིན་ནོ། །ཞེས་ཡུན་རིང་དུ་གནས་ཤིང་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་སྐྱེ་པ་དང་སྐྱེ་བ་མེད་པར་འཛིན་པའི་ལྟ་བར་ལྟུང་སྟེ། འོད་སྲུང་དང་བྲམ་ཟེ་དཀའ་ཐུབ་ཀྱིས་ལུས་སེམས་གདུངས་ཤིང་མེ་དང་ཆུ་ལྷ་བཀུར་བས་སྐྱེ་འཆི་ལས་ཐར་པའི་དོན་དུ་བརྩོན་པ་དག་གི་འཁོར་དུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་ལྔ་པ་བཀུར་པ་གཙོ་བོར་འཛིན་པས་སེམས་འཁྲུལ་ཏེ་དངོས་པོ་ལ་ཞེན་ཅིང་རྫུན་པའི་རྒྱུའི་སྲོལ་བཙུགས་ནས་རྫུན་པའི་འབྲས་བུ་སྒྲུབ་པ་ཞེས་བྱའོ། །མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་ཕྱིན་ཅི་ལོག་ཏུ་སྤྲུལ་པའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་ཐམས་ཅད་སྟོང་ཞིང་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་རྫོགས་པར་གསལ་བའི་ནང་ནས་སྟོང་པའོ་སྙམ་དུ་རྟོགས་ཏེ་སྐྱེ་བ་སྣ་ཚོགས་པ་སྤོང་ཞིང་བསལ་ནས་གཏན་དུ་དགག་པ་ལ་བརྟེན་པར་བྱའོ་སྙམ་དུ་རང་ཉིད་ཀྱི་བརྟེན་པའི་གནས་སུ་བསམ་ཞིང་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་གནས་པ་དང་
587b
མི་གནས་པར་འཛིན་པའི་ལྟ་བར་ལྟུང་སྟེ། འདུ་ཤེས་མེད་པའི་ལྷ་དག་ལས་སྟོང་པའི་ལྷ་ཞེས་བྱ་བའི་འཁོར་དུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་དྲུག་པ་རྫོགས་པར་སྟོང་ཞིང་སེམས་མེད་པ་སྟོང་པའི་འབྲས་བུ་བསྒྲུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་ཆད་ཅིང་འགོག་པའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་ལུས་ཀུན་ཏུ་རྟག་པར་གནས་ཏེ་ཀུན་ཏུ་དྭངས་པ་དང་མཐུན་ཞིང ། འཇིག་ཅིང་འཕོ་བར་མི་འགྱུར་རོ་སྙམ་དུ་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་ཆགས་པ་དང་མ་ཆགས་པར་འཛིན་པའི་ལྟ་བར་ལྟུང་སྟེ། དྲང་སྲོང་ཚེ་རིང་པོར་གྲུབ་པའི་འཁོར་དུ་འགྱུར་རོ། །དེ་ལྟ་ན་སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་བདུན་པ་སྲོག་གི་རྩ་བ་ལ་ཞེན་ཅིང་དེ་ཉིད་བརྟན་པོར་བསྒྲུབ་པའི་རྒྱུ་རྫུན་པ་ལ་ཚེ་རིང་པོར་རྗེས་སུ་འཇུག་པའི་འབྲས་བུ་ལ་བརྩོན་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་བ་ལས་རིང་དུ་འགྱུར་ཞིང་མྱ་ངན་
588a
༄#། །ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་རྫུན་པས་ཚེ་རིང་པོར་སྒྲུབ་པའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགེག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། སྲོག་ལ་བརྟགས་ཤིང་ཕན་ཚུན་དུ་འབྲེལ་བ་ལ་དཔྱད་དེ། ཡུལ་གྱི་འཁྲུལ་པ་ཞི་ཞིང་ཟད་དུ་དོགས་ནས་ཕྱིར་ཞིང་སྐབས་འདིར་པདྨའི་ཁང་བཟང་དུ་འདུག་སྟེ། རིན་པོ་ཆེ་སྣ་བདུན་མང་དུ་སྤྲུལ་ཞིང་བུ་མོ་བཟང་མོ་དག་འདུས་ནས་སེམས་རང་ཉམས་སུ་བཏང་སྟེ་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པའི་ལྟ་བར་ལྟུང་སྟེ། འདོད་པའི་དབང་ཕྱུག་གི་འཁོར་དུ་འགྱུར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་བརྒྱད་པ་ལོག་པར་རྟོག་པའི་རྒྱུ་བསྐྱེད་དེ་ཡུལ་གྱི་འཁྲུལ་པ་རྒྱས་པའི་འབྲས་བུ་སྒྲུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་ལྷའི་བདུད་ཀྱི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་སྐྱེ་བ་དང་འགག་པ་ཞི་བར་གྱུར་ཀྱང་འགོག་
588b
པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས། གལ་ཏེ་སོག་གི་དོན་གསལ་བ་ལས་ཕྲ་བ་དང་རགས་པ་ཕྱེ་ཞིང་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ལ་སྒྲོ་འདོགས་བསལ། རྒྱུ་དང་འབྲས་བུ་མ་འཚོལ་བ་ལ་ཡིད་ཆེས་ན་འབྲས་བུ་ངེས་པར་འབྱིན་པ་ལ་རེ་བས་རྣམ་པར་དག་པའི་ལམ་ལ་གོལ་བར་འགྱུར་རོ། །འདི་ལྟ་སྡུག་བསྔལ་ནི། ཤེས། ཀུན་འབྱུང་ནི། སྤངས། འགོག་པ་ནི། མངོན་དུ་བྱས། ལམ་ནི་བསྒོམས་ཏེ་འགོག་པ་ཙམ་ལ་གནས་པས་གོང་མའི་ཁྱད་པར་ལ་མི་བརྩོན་པར་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་རིགས་ངེས་པའི་ཉན་ཐོས་ཀྱི་ནང་དུ་ལྟུང་སྟེ། ཐོས་པ་ཉུང་ཞིང་མངོན་པའི་ང་རྒྱལ་ཅན་གྱི་དགེ་སྦྱོང་གི་སྡེར་འགྱུར་རོ། །དེ་ལྟ་ན་སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་དགུ་པ་མཆོག་ཏུ་བརྩོན་པས་མོས་པ་བཞིན་དུ་སྒྲུབ་པའི་ཞི་བའི་འབྲས་བུ་ཐོབ་པ་ཞེས་བྱའོ། །མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་འགོག་པས་བཅིངས་པའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་ཞིང་སྐྱེ་བ་དང་འགག་བཞི་བར་གྱུར་ཀྱང་འགོག་པའི་རང་བཞིན་རྣམ་པར་དག་པ་མ་རྫོགས་པས་
589a
༄#། །གལ་ཏེ་ཀུན་ཆུབ་ཅིང་རྣམ་པར་དག་པའི་གསལ་རིག་ལ་སྦྱངས་པས་ཟབ་ཅིང་ཕྲ་ལ་རྨད་དུ་བྱུང་བ་མངོན་དུ་གྱུར་པ་ཙམ་ལ་མྱ་ངན་ལས་འདས་པའི་ཚུལ་ལོ་སྙམ་དུ་གོང་མའི་ཁྱད་པར་ལ་མི་བརྩོན་པར་ཁྱད་པར་དུ་འཕགས་པར་རྟོག་ན། སྐྱེ་བོ་དེ་རིགས་ངེས་པའི་རང་སངས་རྒྱས་སུ་ལྟུང་སྟེ། ཚོགས་དང་བསེ་རུ་ལྟ་བུའི་རིགས་ལས་ཕྱིར་མི་ལྡོག་པའི་རང་རྒྱལ་གྱི་སྡེར་འགྱུར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་ལ་ནི། ནོར། ཤེས་པ་དང་མཐོང་བ་ནི། འཁྲུལ་ཞིང་སྟོར་རོ། །འདི་ལ་བཅུ་པ་རྫོགས་པའི་རིགས་ལས་མི་གཡོ་བའི་འབྲས་བུ་རྣམ་པར་དག་ཅིང་གསལ་བར་སྒྲུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པ་ལས་རིང་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རྒྱབ་ཀྱིས་ཕྱོགས་ནས་གསལ་རིག་རྣམ་པར་དག་ཀྱང་རིགས་མི་འགྱུར་བའི་རིགས་སུ་སྐྱེའོ། །ཀུན་དགའ་བོ། ཏིང་ངེ་འཛིན་རྣམ་པ་བཅུ་པོ་དེ་ནི། བར་མ་དོར་ང་རྒྱལ་སྐྱེ་ཞིང་རྒྱུ་དེས་འཁྲུལ་ནས་མ་རྫོགས་པ་ལ་རྫོགས་པར་སེམས་སོ། །འདི་དག་ཀུན་རྣམ་པར་ཤེས་པའི་ཕུང་པོ་ལ་སེམས་སྦྱངས་པ་འཁྲུལ་པ་ལས་འདི་འདྲ་བར་གྱུར་ཏེ། སེམས་ཅན་རྨོངས་པ་རྣམས་རང་གི་དྲོད་མ་ཟིན་པས་མངོན་དུ་གྱུར་པ་དང་
589b
འཕྲད་ནས་རང་རང་གི་འདོད་པའི་དབང་གིས་སྔོན་གྱི་བག་ཆགས་ལ་སེམས་གཡེངས་ཏེ་རང་ཉིད་གནས་ནས་དེ་ལ་མཐར་ཐུག་པའི་གནས་སོ་སྙམ་དུ་སེམས་ཤིང་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རྫོགས་སོ། །ཞེས་སྨྲ་ལ། འདི་ལྟར་རྫུན་ཆེན་པོ་སྨྲ་བའི་ལས་བསགས་ཏེ་ལོག་པར་ལྟ་བའི་མུ་སྟེགས་པ་དང་བདུད་དུ་གྱུར་པའི་ལས་ཀྱི་འཕེན་པ་ཟད་ནས་མནར་མེད་པའི་དམྱལ་བར་ལྟུང་ངོ ། །དེ་དག་ལས་ཉན་ཐོས་དང་རང་སངས་རྒྱས་དག་ནི། གོང་མའི་ཁྱད་པར་འཐོབ་པར་མི་འགྱུར་བ་ཙམ་དུ་ཟད་དོ། །ཁྱེད་ཅག་རྣམས་དེ་བཞིན་གཤེགས་པའི་ལམ་ཡིད་ལ་བཞག་ནས་ཆོས་ཀྱི་སྒོ་འདི་ང་མྱ་ངན་ལས་འདས་པའི་འོག་ཏུ་སྙིགས་མའི་དུས་སུ་གཅིག་ནས་གཅིག་ཏུ་སྤེལ་ཞིང ། སེམས་ཅན་རྣམས་ལ་དོན་འདི་གསལ་བར་ཁོང་དུ་ཆུད་པར་གྱིས་ཤིག་།ལྟ་བའི་བདུད་ཀྱི་དབང་གིས་རང་ཉིད་ལོག་པར་ལྟུང་བར་མ་བྱེད་ཅིག་།བསྲུང་ཞིང་བསྐྱབ་སྟེ་ལོག་པའི་རྐྱེན་བསལ་ནས་དེ་དག་གི་ལུས་དང་སེམས་སངས་རྒྱས་ཀྱིས་ཇི་ལྟར་མཁྱེན་ཅིང་གཟིགས་པའི་ལམ་དུ་ཞུགས་ཏེ་ཐོག་མ་ནས་ཐ་མའི་བར་དུ་རྒོལ་བའི་ལམ་དུ་འགྲོར་མ་འཇུག་ཅིག་།སྔོན་འདས་པའི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་
590a
༄#། །གཤེགས་པ་རྣམས་ཆོས་ཀྱི་སྒོ་འདི་ལ་བརྟེན་ནས་རིགས་སད་ཅིང་ལམ་ཐོབ་བོ། །གལ་ཏེ་རྣམ་པར་ཤེས་པའི་ཕུང་པོ་ཟད་པ་ན་ཁྱེད་ཅག་གི་དབང་པོས་ཡུལ་མཐོང་བ་ཕན་ཚུན་དུ་འཕོ་ཞིང་སྤྱོད་པར་ནུས་ལ། དེ་ལས་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་ཤེས་རབ་སྦྱངས་པ་ལ་འཇུག་པར་ནུས་ཤིང ། གསལ་རིག་གི་རང་བཞིན་སེམས་ཀྱི་ནང་ནས་སྤྲུལ་པའི་ནུས་པ་ནི། དཔེར་ན། གཙང་ཞིང་དྭངས་པའི་བཻཌཱུརྱའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་བཞིན་ནོ། ། འདི་ལྟར་ཚུལ་འདི་ཉིད་ཀྱིས་དད་པ་བཅུ་དང ། གནས་པ་བཅུ་དང ། སྤྱོད་པ་བཅུ་དང ། བསྔོ་བ་བཅུ་དང ། སྦྱོར་ལམ་བཞི་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྡོ་རྗེ་ལྟ་བུའི་ས་བཅུ་དང ། ཡང་སངས་རྒྱས་དང་མཉམ་པ་ཉིད་ཀྱི་རིག་པ་མཆོག་ཏུ་གསལ་བ་མངོན་དུ་གྱུར་ཏེ་དེ་བཞིན་གཤེགས་པའི་ཕྲ་ཞིང་རྨད་དུ་བྱུང་བའི་བཀོད་པའི་རྒྱ་མཚོ་ཆེན་པོར་འཇུག་གོ་།བྱང་ཆུབ་ཀུན་ཏུ་རྫོགས་ནས་ཐོབ་པ་མེད་པ་ལ་གནས་པ་སྟེ། འདི་ནི། སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་གི་ཕྲ་ཞིང་ཟབ་པའི་བདུད་ཀྱི་ལས་རྣམ་པར་ཕྱེ་བའི་ཏིང་ངེ་འཛིན་ཡིན་ནོ། །བདུད་ཀྱི་སྤྱོད་ཡུལ་མངོན་སུམ་དུ་མཐོང་
590b
བ།་ཁྱེད་ཀྱིས་ངོ་ཤེས་པར་བྱས་ཏེ་སེམས་ཀྱི་དྲི་མ་སྦྱངས་ཤིང་བསལ་ནས་ལོག་པའི་ལྟ་བ་ལ་ལྟུང་བར་མི་འགྱུར་ཞིང ། ཕུང་པོའི་བདུད་ནི། ཞི་ཞིང་འགག་།ལྷའི་བདུད་ནི་བཅོམ་ཞིང་བཏུལ། ཡི་དྭགས་དང་ལྷ་མ་ཡིན་མཐུ་བོ་ཆེ་རྣམས་སེམས་སྟོར་ནས་འབྲོས་པར་བྱེད། ལྟས་ངན་པ་དང་གདོན་དང་ཉེ་བར་འཚེ་བ་རྣམས་སྐྱེ་ཞིང་འབྱུང་བར་མི་འགྱུར་བས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཕོངས་ཤིང་ཉམས་པ་དང ། ལམ་དམན་པ་དག་ལ་བརྩོན་པར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་རྨོངས་ཏེ་སེམས་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་སྙིགས་མའི་དུས་ཀྱི་སེམས་ཅན་རྨོངས་པ་རྣམས་ཏིང་ངེ་འཛིན་གྱི་ཚུལ་མི་ཤེས་ཤིང ། ཆོས་བཤད་པའི་དོན་མ་རྟོགས་ཀྱང་ཏིང་ངེ་འཛིན་སྒོམ་པར་འདོད་པ་དག་ལ་ཁྱེད་ཀྱིས་དེ་དག་ཕྱིན་ཅི་ལོག་ཏུ་འགྱུར་བར་དོགས་ན། སེམས་རྩེ་གཅིག་པས་ངའི་གཙུག་ཏོར་ཆེན་མོའི་སྔགས་འདི་ཟུངས་ཤིག་།གལ་ཏེ་བཟླ་བར་མི་ནུས་ན་བསམ་གཏན་གྱི་ཁང་བུ་ལ་འདྲི་བའམ། ཡང་ན་ལུས་ལ་བཏགས་ན་བདུད་ཀྱིས་འཚེ་བར་མི་ནུས་སོ། །ཁྱོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐར་ཐུག་པའི་གོ་འཕང་བསྒྲུབ་པའི་ཕྱིར་གོང་མའི་ཁྱད་པར་ཐོབ་པ་ལ་བརྩོན་ཅིག་།ཕྱི་མའི་ཞལ་ཆེམས་བཞག་པ་ཡིན་གྱི། ཆེས་ཆེར་གུས་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེའི་ཚེ་
591a
༄#། །ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གདམས་ཤིང་རྗེས་སུ་བསྟན་པ་ཐོས་ནས་སྟན་ལས་ལངས་ཏེ་སྤྱི་བོས་ཕྱག་འཚལ་ཞིང་མཆོག་ཏུ་གུས་པས་ཡིད་ལ་བཟུང་སྟེ་འཁོར་འདུས་པའི་ནང་དུ་བཅོམ་ལྡན་འདས་ལ་སླར་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔའི་མཚན་མ་ལས་རྫུན་པའི་འདུ་ཤེས་རྣམ་པ་ལྔ་རྩ་བར་གྱུར་པའོ། །ཞེས་བཀའ་སྩལ་ལགས་ན། བདག་ཅག་སྔོན་ཆད་དེ་བཞིན་གཤེགས་པས་འདི་ལྟར་ཟབ་ཅིང་ཕྲ་བར་ཕྱེ་སྟེ་བསྟན་པ་ཐོས་པར་མ་གྱུར་ལགས། ཡང་ཕུང་པོ་འདི་གཅིག་ཅར་དུ་ཞི་ཞིང་ཟད་པར་འགྱུར་རམ། འོན་ཏེ་རིམ་གྱིས་ཟད་པར་འགྱུར། ཕུང་པོ་ལྔའི་མཐའ་ནི། གང་ཞིག་ལགས། དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་དགོངས་ཏེ་འཁོར་འདུས་པ་འདི་དག་ལ་ཡིད་དང་མིག་ཤིན་ཏུ་དྭངས་ཤིང་།སྙིགས་མའི་སེམས་ཅན་རྣམས་ཀྱི་མིག་ཏུ་དོན་འདི་བཀའ་སྩལ་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྨད་དུ་བྱུང་བའི་གསལ་རིག་གི་ངང་ཚུལ་ནི། གདོད་མ་ནས་རྣམ་པར་དག་པ་སྟེ། སྐྱེ་ཤི་དང་རྡུལ་གྱི་དྲི་མ་ཐམས་ཅད་ཡོད་པ་མ་ཡིན་ཞིང ། འདི་ནས་བཟུང་སྟེ་ནམ་མཁའ་སྟོང་པའི་བར་ཐམས་ཅད་ཀྱང་ཕྱིན་ཅི་ལོག་གི་འདུ་
591b
ཤེས་ཀྱིས་བསྐྱེད་པ་ཡིན་ལ། དེའི་ཚུལ་ནི། རྨད་དུ་བྱུང་བའི་གསལ་རིག་རྣམ་པར་དག་པ་ལས་ཡང་དག་པ་མ་ཡིན་པའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྐྱེའོ། །ཱ་ཛྙཱ་ཏ་ཏི་འཁྲུལ་ནས་གྲིབ་མ་ལ་ཡིད་ཆེས་པ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པ་ལ་གདོད་མ་ནས་རྒྱུ་མེད་དོ། །ཕྱིན་ཅི་ལོག་གི་འདུ་ཤེས་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རྣམ་པར་བཞག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཁྲུལ་ན་རང་བྱུང་དུ་སྨྲའོ། །སྟོང་པའི་རང་བཞིན་དེ་ཡང་ཡང་དག་པ་མ་ཡིན་པ་ལས་བྱུང་ཞིང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་རང་བྱུང་བ་ཞེས་བྱ་བ་ཐམས་ཅད་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་གདགས་པའོ། །ཀུན་དགའ་བོ། ཡང་དག་པ་མ་ཡིན་པས་དེ་དག་བྱས་པར་ཤེས་ན་ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲའོ། །གལ་ཏེ་ཡང་དག་པ་མ་ཡིན་པ་གདོད་མ་ནས་མེད་པར་ཤེས་ན་ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་གདོད་མ་ནས་ཅི་ཡང་མེད་པར་རྟོགས་པར་འགྱུར་བ་ལ། དེ་ལྟར་མི་ཤེས་པ་དག་གིས་རང་བྱུང་དུ་སྨྲ་བ་ལྟ་ཅི་སྨོས། དེའི་ཕྱིར་དེ་བཞིན་གཤེགས་པས་ཁྱེད་ཅག་ལ་ཕུང་པོ་ལྔ་པོ་ཐམས་ཅད་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱི་རྩ་བའི་རྒྱུ་ལས་བྱུང་བར་
592a
༄#། །གསལ་བར་བསྟན་ཏོ། །ཁྱོད་ཀྱིས་ལུས་ནི། སྔོན་ཕ་མའི་འདུ་ཤེས་ཀྱིས་རྒྱུ་བྱས་པ་ལས་བྱུང་བ་ཡིན་ཞིང་ཁྱོད་ཀྱི་འདུ་ཤེས་ནི། དེ་ལྟ་མ་ཡིན་ན་སྐྱེ་སྲིད་དུ་འོང་བར་མི་ནུས་ཏེ། འདི་ལྟར་ན་འདུ་ཤེས་བརྒྱུད་ནས་སྲོག་ཐོབ་པར་འགྱུར་རོ། །དཔེར་ན། ངས་སྔར་སྨྲས་པ་བཞིན་སེམས་ལ་རོ་སྐྱུར་པོ་བསམ་ན་འགྲམ་ཆུ་ལྡང་ལ། བྲག་མཐོན་པོ་ལ་འཛེག་པར་བསམ་ན་རྐང་མཐིལ་འདར་ཞིང་སྐྱུར་རོ། །ཡང་མཐོན་པོ་དེར་ཡོད་པ་མ་ཡིན་ཞིང་རོ་སྐྱུར་པོ་ཡང་ཁ་ལ་འཕོས་པ་མ་ཡིན་ནོ། །ཁྱོད་ཀྱི་ལུས་དེ་དག་དང་མཚུངས་པར་རྫུན་པ་མ་ཡིན་ན། ཅིའི་ཕྱིར་རོ་སྐྱུར་པོ་གླེང་པ་ན་འགྲམ་ཆུ་ལྡང ། དེའི་ཕྱིར་ཚུལ་འདི་ཤེས་པར་གྱིས་ཤིག ། ཁྱོད་ཀྱི་ད་ལྟའི་ལུས་སྲ་ཞིང་མཁྲང་བ་ཞེས་བྱ་བ་ཕྱིན་ཅི་ལོག་གི་འདུ་ཤེས་ལས་བྱུང་བ་སྟེ་དང་པོའོ། །སྔར་བཤད་པའི་མཐོན་པོ་ལ་འཛེག་པར་སེམས་པའི་འདུ་ཤེས་ཀྱིས་ངེས་པར་ཁྱོད་ཀྱི་ལུས་འདར་བར་བྱེད་ནུས་པ་ལྟར་ན། ཚོར་བའི་རྐྱེན་གྱི་དབང་གིས་ལུས་གཡོ་བར་ནུས་སོ། །ཁྱོད་ད་ལྟ་ཡིད་དུ་འོང་བ་དང་འཕྲད་ན་ཕན་པ་དང ། ཡིད་དུ་མི་འོང་བ་དང་འཕྲད་ན་གནོད་པར་འགྱུར་བའི་ཚོར་བ་རྣམ་པ་གཉིས་ཕན་ཚུན་ལྟོས་ཏེ་འཇུག་པས་རྫུན་པའི་རྣམ་རིག་ཕྱིན་ཅི་ལོག་
592b
གི་འདུ་ཤེས་ལས་བྱུང་བ་སྟེ་གཉིས་པའོ། །ཁྱོད་ཀྱི་དྲན་པས་ཁྱོད་ཀྱི་ལུས་བཀོལ་བ་སྟེ་ཁྱོད་ཀྱི་ལུས་དྲན་པ་དང་གཅིག་མ་ཡིན་པ་ལ་ཁྱོད་ཀྱི་ལུས་ཅིའི་ཕྱིར་དྲན་པས་རང་དབང་དུ་བཀོལ་ཞིང ། སྣ་ཚོགས་པའི་རྣམ་པ་འཆར་བར་འགྱུར། སེམས་གཡོ་ན་ལུས་ཀྱི་ཚོར་བ་འབྱུང་བས་དྲན་པ་དང་ཕན་ཚུན་མཐུན་པར་འཇུག་གོ། དེའི་ཕྱིར་གཉིད་སད་ན་འདུ་ཤེས་ཀྱི་སེམས་གཡོ་ཞིང་གཉིད་ལོག་ན་རྨི་ལམ་སྣ་ཚོགས་པ་འབྱུང་སྟེ། ཁྱོད་ཀྱི་དྲན་པའི་སེམས་ཀྱིས་ཡང་དག་པ་མ་ཡིན་པའི་རྟོག་པ་གཡོ་བར་འགྱུར་ཏེ། ཀུན་ཏུ་འཇུག་པའི་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཏེ། གསུམ་པའོ། །འགྱུར་བའི་རང་བཞིན་སྡོད་པ་མེད་པར་སྐད་ཅིག་སྐད་ཅིག་གིས་མི་མངོན་པར་འཕོ་བས་རིམ་གྱིས་སན་མོ་དང་སྐྲ་སྐྱེ་བ་དང་ཟུངས་ཉམས་ཤིང་གདོང་ལ་གཉེར་མ་བྱུང་བདག་ཉིན་མཚན་རྒྱུན་མི་འཆད་པར་རྒྱུག་ཀྱང་ཤེས་ཤིང་ཚོར་བར་མི་འགྱུར་རོ། །ཀུན་དགའ་བོ། གལ་ཏེ་དེ་ལྟར་མ་ཡིན་ན་ཁྱོད་ཀྱི་ལུས་ཅིའི་ཕྱིར་འགྱུར་བར་སྣང ། གདོན་མི་ཟ་བར་ཡང་དག་པ་ཡིན་ན་ཁྱོད་ཀྱིས་ཅིའི་ཕྱིར་མི་ཚོར། དེའི་ཕྱིར་འདུ་ཤེས་ཐམས་ཅད་ནི། དྲན་ཙམ་དྲན་ཙམ་དུ་རྒྱུན་མི་འཆད་པར་འགྱུར་བ་ལ་དབེན་ཞིང་མི་མངོན་པར་ཡང་དག་པ་མ་ཡིན་པའི་འདུ་ཤེས་
593a
༄#། །ཏེ།་བཞི་པའོ། །ཡང་ཁྱོད་ཀྱི་དྭངས་ཤིང་གསལ་བའི་རང་བཞིན་རྟག་བརྟན་མི་གཡོ་བར་གནས་པ་ལ་རྟག་པའོ་སྙམ་དུ་བསམ་ན་ལུས་ལ་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་ལས་འདའ་བར་མི་འགྱུར་རོ། །གལ་ཏེ་ཡང་དག་པའི་རང་བཞིན་ནི། བདེན་ན་རྫུན་པའི་བག་ཆགས་མི་འཇུག་པར་རིགས་སོ། །ཁྱོད་ཅིའི་ཕྱིར་སྔོན་ངོ་མཚར་བ་འགའ་ཞིག་མཐོང་ནས་ལོ་རིང་དུ་སོང་བས་བརྗེད་པ་དང་དྲན་པ་གཉིས་ཀ་མེད་པར་གནས་པ་ལས་ཕྱིས་གློ་བུར་དུ་སྔོན་གྱི་དེ་མཐོང་བ་ན་ཇི་ལྟ་བ་བཞིན་དུ་ངོས་ཟིན་ནས་མི་འཁྲུལ་ཞིང་བརྗེད་པར་མི་འགྱུར་རོ། །དེས་ན་གསལ་བའི་རང་བཞིན་རྟག་བརྟན་མི་གཡོ་བ་ལས་དྲན་པའི་བག་ཆགས་རྒྱུན་དུ་འཇུག་པས་བསམ་དུ་ཅི་ཞིག་ཡོད། ཀུན་དགའ་བོ། རྟག་བརྟན་འདི་ཡང་དག་པ་མ་ཡིན་པར་ཤེས་པར་གྱིས་ཤིག་།དཔེར་ན།་གཏིང་ཟབ་པའི་འབབ་ཆུ་དང་འདྲ་སྟེ། བལྟས་པ་ན་མི་གཡོ་བ་ལྟར་སྣང་ཡང་དེ་ནི། མྱུར་བར་རྒྱུ་བ་མ་མཐོང་བ་ཡིན་གྱི། མི་རྒྱུ་བ་མ་ཡིན་ནོ། །ཅི་སྟེ་འདུ་ཤེས་རྩ་བ་མ་ཡིན་ན་རྫུན་པའི་བག་ཆགས་ཇི་ལྟར་བསྒོ། ཁྱོད་ཀྱི་དབང་པོ་དྲུག་ནི། ཕན་ཚུན་དུ་འཕོ་ཞིང་སྤྱོད་དེ་ཕྱེ་ཞིང་སྦྱོར་བར་མ་ནུས་ན། ཕྱིན་ཅི་
593b
ལོག་གི་འདུ་ཤེས་འདི་འགག་པའི་དུས་མེད་དོ། །དེ་བས་ན་ཁྱོད་ཀྱི་ད་ལྟ་མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་རྣམས་ལ་བག་ཆགས་རྣམས་འདྲེས་ཤིང་མི་མངོན་པར་གནས་སོ། །རྣམ་པར་དག་ཅིང་གསལ་བ་ལས་ཡང་དག་པ་མ་ཡིན་པའི་སྣང་ཙམ་གྱི་ཟབ་ཅིང་ཕྲ་བ་ཕྱིན་ཅི་ལོག་གི་འདུ་ཤེས་ཏེ་ལྔ་པའོ། །ཀུན་དགའ་བོ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཡང་དག་པ་མ་ཡིན་པའི་འདུ་ཤེས་ལྔ་ལས་གྲུབ་པ་སྟེ། ཁྱོད་ད་ལྟ་ཕུང་པོའི་མཐའ་ཟབ་པ་དང་མི་ཟབ་པ་ཤེས་པར་འདོད་ན། གཟུགས་དང་སྟོང་པ་ནི། གཟུགས་ཀྱི་མཐའ་ཡིན། རེག་པ་དང་བྲལ་བ་ནི། ཚོར་བའི་མཐའ་ཡིན། དྲན་པ་དང་བརྗེད་པ་ནི། འདུ་ཤེས་ཀྱི་མཐའ་ཡིན།་སྐྱེ་བ་དང་འགག་པ་ནི། འདུ་བྱེད་ཀྱི་མཐའ་ཡིན། དྭངས་པ་ལ་འཇུག་པ་དང་དྭངས་པ་ལ་ཐིམ་པ་ནི། རྣམ་པར་ཤེས་པའི་མཐའ་ཡིན་ནོ། །ཕུང་པོ་འདིའི་རྩ་བ་རིམ་གྱིས་བསྐྱེད་དེ། སྐྱེ་བའི་ཚེ་རྣམ་པར་ཤེས་པ་ནས་རིམ་གྱིས་སྐྱེ། འགག་པའི་ཚེ་གཟུགས་ནས་རིམ་གྱིས་འགག་།གནས་ལུགས་ནི་གཅིག་ཅར་དུ་རྟོགས་\?\་ལ། གནས་ལུགས་རྟོགས་པས་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་འགྱུར། ལས་ཀྱི་བག་ཆགས་ནི། གཅིག་ཅར་དུ་དག་པར་མི་འགྱུར་གྱི། རིམ་
594a
༄#། །གྱིས་ཟད་པར་འགྱུར་རོ། །ངས་སྔོན་ཁྱོད་ལ་ལྷའི་དར་གྱི་མདུད་པ་བསྟན་ཟིན་ན། ཁྱོད་ཀྱིས་ཅིའི་ཕྱིར་མ་ཤེས་པར་སླར་ཡང་པ་ལ་འདྲི་ཁྱོད་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱི་རྩ་བ་རྟོགས་ཤིང་རྣམ་པར་ཕྱེ་ནས་མ་འོངས་པ་སྙིགས་མའི་དུས་ཀྱི་ལམ་ལ་སློབ་པའི་སྐྱེ་བོ་དག་ལ་སྤེལ་ཞིང་བསྟན་ཏེ། ཡང་དག་པ་མ་ཡིན་པའི་དོན་རིག་པར་བྱེད་པ་དང ། རང་གི་སྐྱེ་ཤི་ལ་སྐྱོ་ཞིང་མྱ་ངན་ལས་འདས་པ་ཡོད་པར་ཤེས་ནས་ཁམས་གསུམ་ལ་མི་ཆགས་པར་བྱ་བར་རིགས་སོ། །ཀུན་དགའ་བོ། གལ་ཏེ་སྐྱེ་བོ་ལ་ལ་ཞིག་གིས་ཕྱོགས་བཅུའི་ནམ་མཁའི་ཁམས་ཁྱབ་པར་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་བླ་མར་བྱས་ཏེ་མཆོད་ཅིང་བསྙེན་བཀུར་བས་ཅུང་ཟད་ཀྱང་སྐྱོ་བར་མི་འགྱུར་ན། ཁྱོད་དེ་ཇི་སྙམ་དུ་སེམས། སྐྱེ་བོ་དེ་དེ་ལྟར་སངས་རྒྱས་ལ་ཕུལ་བའི་རྒྱུས་བསོད་ནམས་མང་དུ་བསྐྱེད་དམ། ཀུན་དགའ་བོས་གསོལ་པ། ནམ་མཁའ་ལ་མཐའ་མེད་པའི་ཕྱིར་རིན་པོ་ཆེ་ལ་ཡང་མཐའ་མེད་དོ། །སྔོན་གྱི་དུས་སུ་སྐྱེ་བོ་ཞིག་གིས་པ་ན་བདུན་སངས་རྒྱས་ལ་ཕུལ་ཏེ་ཤི་བའི་འོག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ན། ནམ་
594b
མཁའི་ཁམས་ཀྱི་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེས་བཀང་སྟེ་ཕུལ་བའི་བསོད་ནམས་ལ་བསྐལ་པའི་མཐའི་བར་དུ་བརྗོད་ཅིང་སེམས་པས་ཚད་གཟུང་བར་མི་ནུས་ན། དེའི་བསོད་ནམས་ཀྱི་མཐའ་མ་མཆིས་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི། རྫུན་མི་གསུང་སྟེ། གལ་ཏེ་སྐྱེ་བོ་འགའ་ཞིག་གིས་ལུས་ཀྱིས་ཕས་ཕམ་པ་བཞི་དང ། རྩ་བའི་ལྟུང་བ་བཅུ་ལ་སྤྱད་ནས་དབུགས་འབྱུང་འཇུག་ཙམ་དུ་འཇིག་རྟེན་གྱི་ཁམས་འདི་དང་གཞན་གྱི་མནར་མེད་པའི་དམྱལ་བར་སྐྱེ་ཞིང ། དེ་ནས་ཀྱང་ཕྱོགས་བཅུའི་མནར་མེད་པའི་སེམས་ཅན་དམྱལ་བ་མ་ཟད་ཀྱི་བར་དུ་འགྲོ་བ་དེ་དག་ས་གོལ་གཏོགས་པ་ཙམ་དུ་དེ་ལ་དད་ཅིང་ཆོས་ཀྱི་སྒོ་འདི་སྙིགས་མའི་དུས་ཀྱི་ལས་དང་པོ་པ་དག་ལ་ཕྱེ་ཞིང་བསྟན་ཏེ་ཁོང་དུ་ཆུད་པར་བྱེད་ན། སྐྱེ་བོ་དེའི་སྡིག་པའི་ལས་བསམ་པ་ཙམ་གྱིས་ཡོངས་སུ་དག་ཅིང་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ལས་ཐར་ནས་བདེ་བའི་ཞིང་དུ་སྐྱེ་བར་འགྱུར་ཏེ། བསོད་ནམས་ཐོབ་པ་འདི་ལ་སྔ་མའི་སྦྱིན་པ་བཏང་བའི་བསོད་ནམས་ཀྱིས་བརྒྱའི་ཆ་དང་།སྟོང་གི་ཆ་དང ། བྱེ་བ་བརྒྱ་སྟོང་གི་ཆ་དང ། དེ་བཞིན་དུ་རྩིས་དང ། གྲངས་དང ། དཔེའི་བར་དུ་ཡང་བསྒྲུན་དུ་མེད་དོ་
595a
༄#། །ཀུན་དགའ་བོ། གལ་ཏེ་སེམས་ཅན་ལ་ལ་དག་མདོ་སྡེ་འདི་ཁ་ཏོན་དུ་འདི་ན་ཞིང ། སྔགས་འདི་འཛིན་པ་དང་འཆང་ན་དེའི་ཕན་ཡོན་རྒྱས་པར་ངས་བསྐལ་པའི་བར་དུ་བཤད་ཀྱང་ཟད་པར་མི་ནུས་སོ། །ངས་བསྟན་པ་\?\ལ་\?\་བརྟེན་ནས་ཇི་ལྟར་བསླབ་པ་བཞིན་དུ་བསྒྲུབས་ན། བདེ་བླག་ཏུ་བྱང་ཆུབ་སྒྲུབ་པར་ནུས་ཤིང་བདུད་ཀྱི་\?\་ལས་ཡོངས་སུ་ཐར་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། འཇིག་རྟེན་ཐམས་ཅད་ཀྱི་ལྷ་དང ། མི་དང ། ལྷ་མ་ཡིན་དང ། ཞིང་གཞན་ལས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། ཐེག་པ་གཉིས་ཀྱི་འཕགས་པ་དང ། རིག་པ་འཛིན་པའི་བུ་གཞོན་ནུ་དང ། སེམས་དང་པོར་བསྐྱེད་པའི་འབྱུང་པོ་མཐུ་བོ་ཆེ་དང་བཅས་པ་རྣམས་དགའ་ཞིང་མགུ་ལ་ཡི་རང་སྟེ་ཕྱག་འཚལ་ཞིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མདོ་འདིའི་འགྱུར་བྱང་ལོགས་སུ་ཡོད་པ་ལྟར་གོང་མ་གནམ་སྐྱོང་གི་དུས་སུ་རྒྱ་ལས་བསྒྱུར་བའོ།།