rKTs


H351

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། པཱུརྞ་པྲ་མུ་ཁ་ཨ་བ་དཱ་ན་ཤ་ཏི་ཀ། བོད་སྐད་དུ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡོམ་ནི། གང་པོ་བཟང་དང་གྲགས་ལྡན་མ། །ལེ་ལོ་ཅན་དང་ཚོང་པ་རྣམས། །ཟླ་བ་ཆེ་བ་པདྨ་དང ། །པཉྩ་ལ་དང་བདུག་པ་དང ། །རྒྱལ་
2a
༄#། །པོ་མཇུག་ཏུ་སྨོས་པ་སྟེ། །འདི་ནི་སྡེ་ཚན་བསྡུས་པ་ཡིན། །ལྗོངས་ཤིག་ཏུ་བྲམ་ཟེ་གང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང།་ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང།་མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།
2b
མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང ། ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། སངས་རྒྱས་གསར་དུ་བྱུང་སྟེ། གསུང་རབ་ཀྱི་སྙིང་ཁུ་འཐུང་བའི་དུས་ལ་བབ་ཅིང ། ལྷ་དང ། མི་མན་ཆད་ལ་ཡང་དག་པར་རབ་ཏུ་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་འཇིག་རྟེན་ཐམས་ཅད་དུ་གྲགས་པས་ཡོངས་སུ་གང་ངོ ། །དེ་ནས་ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་
3a
༄#། །ལྗོངས་ན། བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་བྱ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེས་རེ་ཞིག་ན་རབ་ཏུ་བྱུང་བ་ཐམས་ཅད་ལ་མཆོད་སྦྱིན་བྱས་ནས། དེར་མུ་སྟེགས་ཅན་ལ་སོགས་པ་སྟོང་ཕྲག་དུ་མས་ཟས་ཟོས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བཏུལ་ནས། དེ་བཏུལ་བས་སྲོག་ཆགས་འབུམ་ཕྲག་མང་པོ་དུལ་
3b
བར་གྱུར་པ་དེའི་ཚེ། རྒྱལ་པོའི་ཁབ་ནས་གང་པོའི་ཉེ་དུ་རྣམས་ལྷགས་ཏེ། གང་པོའི་མདུན་དུ་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་བསྔགས་པ་བརྗོད་དོ། །དེ་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཐོས་ནས། དགའ་བ་ཆེན་པོ་ཐོབ་པར་གྱུར་ཏོ། །དེ་ནས་ཁང་ཐོག་ཏུ་སོང་ནས་རྒྱལ་པོའི་ཁབ་ལོགས་སུ་ཁ་བལྟས་ཏེ་འདུག་ནས་པུས་མོ་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ཏེ། མེ་ཏོག་ཀྱང་གཏོར། བདུག་པ་དང ། ཆུའང་ཕུལ་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། བདག་གི་མཆོད་སྦྱིན་ལ་གཤེགས་སུ་གསོལ། མཆོད་སྦྱིན་གྱི་མདུན་ས་གཟིགས་སུ་གསོལ་ཞེས་བྱས་སོ། །དེ་ནས་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང ། ལྷ་རྣམས་ཀྱི་ལྷའི་མཐུས་མེ་ཏོག་དེ་དག་བཅོམ་ལྡན་འདས་ཀྱི་སྟེང་དུ་མེ་ཏོག་གི་ཁང་པར་གྱུར་ཏེ་འདུག་གོ་།བདུག་པ་ནི་སྤྲིན་གྱི་མགོ་ལྟ་བུར་གྱུར་ཏོ། །ཆུ་ནི་བཻ་ཌཱུརྱའི་སྡོང་པོ་ལྟ་བུར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྤྱན་འདྲེན་འདི་ག་ལས་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ལྷོ་ཕྱོགས་ཀྱི་རི་བོ་ཞེས་བྱ་བའི་ལྗོངས་ན། བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་ཞེས་བྱ་བ་འདུག་པ་དེར། འུ་བུ་ཅག་འདོང་དགོས་ཀྱི། དགེ་སློང་དག། ཆོས་ཤིག་།དེ་ནས་
4a
༄#། །བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཞམ་འབྲིང་བྱས་ནས་ལྷོ་ཕྱོགས་ཀྱི་རི་བོའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོའི་མཆོད་སྦྱིན་གྱི་འདུན་ས་དང་ཉེ་བ་ཞིག་ཏུ་གཤེགས་ནས། འདི་སྙམ་དུ་དགོངས་ཏེ། ངས་བྲམ་ཟེ་གང་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དད་པར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་པོ་དེ་དག་མི་སྣང་བར་མཛད་དེ། ཉག་གཅིག་ལྷུང་བཟེད་དང ། ཆུ་སྣོད་ཕྱག་ན་བསྣམས་ནས་གང་པོ་དང་ཉེ་བ་ཞིག་ཏུ་གཤེགས་སོ། །དེ་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོས། བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་ཤིན་ཏུ་རིངས་པར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། གཤེགས་པ་ལེགས་སོ། །བཅོམ་ལྡན་འདས། བཞུགས་སུ་གསོལ། བདག་ལ་ཕན་གདགས་པའི་སླད་དུ་བཤོས་གསོལ་བར་ཅི་གནང་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ནས་ལྷུང་བཟེད་འདིའི་ནང་དུ་བྱིན་
4b
ཅིག།་དེ་ནས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ། བྲམ་ཟེའི་ཁྱེའུ་ལྔ་བརྒྱས་གཡོག་བྱས་ནས། བཅོམ་ལྡན་འདས་ལ་ཞལ་ཟས་རྣམ་པ་སྣ་ཚོགས་འཁུར་བ་དང ། བཤོས་དང ། འཇམས་དང ། བལྡག་པ་དང ། བཞིབ་པ་ལ་སོགས་པས། ལྷུང་བཟེད་འགེངས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ལྷུང་བཟེད་ཀྱི་ནང་ནས་དགེ་སློང་གི་ལྷུང་བཟེད་དག་གི་ནང་དུ་ཟས་དེ་དག་འཕོ་བར་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་གི་ལྷུང་བཟེད་རྣམས་གང་བར་ཐུགས་སུ་ཆུད་པ་དེའི་ཚེ། ཉིད་ཀྱི་ལྷུང་བཟེད་གང་བར་བསྟན་ཏོ། །དེ་ནས་དགེ་སློང་སྟོང་ལྷུང་བཟེད་གང་བཟླ་བ་ཚེས་པའི་དབྱིབས་ལྟ་བུར་འཁོད་པ་བསྟན་ཏོ། །ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱིས་ཀྱང ། བཅོམ་ལྡན་འདས་དང ། དགེ་སློང་སྟོང་གི་ལྷུང་བཟེད་རྣམས་གང་བར་གྱུར་ཏོ་ཞེས་བྱ་བའི་སྒྲ་བརྗོད་དོ། །དེ་ནས་ཆོ་འཕྲུལ་བསྟན་པ་དེས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོ་དགའ་བར་གྱུར་ནས། དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ་ཡིད་རངས་ཤིང་དགའ་བ་དང ། ཡིད་བདེ་བར་གྱུར་ཏེ། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པ་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་
5a
༄#། །རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟླ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་པོའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་འབྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་
5b
སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པ་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་ཀྱང་མ་གྱུར་ལ། གཞན་དུའང་མ་སྐྱེས་མདོ་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་གྱུར་ཏོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་
6a
༄#། །རྣམས་དང ། ཚད་མེད་དགེ་བ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་བ་རྣམས་དང ། མི་གདུང་བ་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བར་བརྩམས་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་དུ་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་
6b
ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་སུ་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་
7a
༄#། །ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། ། བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དགའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་པོ།་བྲམ་ཟེ་ཆེ་ཞིང་མཐོ་བ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། བྲམ་ཟེ་ཆེ་ཞིང་མཐོ་བ་འདིས་དགེ་བའི་
7b
རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་བཟང་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱས་པའི་ཆོས་ནི། གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེ་ཞིང་མཐོ་བ་གང་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ། གང་པོས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་མཆོད་སྦྱིན་གྱིས་འདུན་སར་བཤོས་གསོལ་ཏེ། ལྷག་པར་ཡང་དེས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དག་ཡང་དག་པར་བསྐྱེད་དོ། །དགེ་སློང་དག། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །
8a
༄#། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། གྲགས་ལྡན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས། བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་
8b
ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་གཤེགས་སོ། །ཡངས་པ་ཅན་དུ་མཐར་གྱིས་བསོད་སྙོམས་ལ་གཤེགས་ནས། དམག་དཔོན་སེང་གེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དམག་དཔོན་སེང་གེའི་མནའ་མ་གྲགས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་པ་དེས། བཅོམ་ལྡན་འདས་སྐུ་མཚན་དང ། དཔེ་བྱད་རྣམ་པ་སྣ་ཚོགས་འབར་བ་དང་ལྡན་པ་མཐོང་ནས་ཤིན་ཏུ་དགའ་བ་ཐོབ་པར་གྱུར་ཏོ། ། དེས་གྱོས་པོ་ལ་དྲིས་པ། བདག་ཀྱང་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པའི་ཐབས་འགའ་ལྟ་མཆིས་སམ། དེ་ནས་དམག་དཔོན་སེང་གེ་འདི་སྙམ་དུ་སེམས་ཏེ་།ཀྱེ་མ། བུ་མོ་འདི་ནི་རྒྱ་ཆེན་པོ་ལ་མོས་པ་ཞིག་སྟེ། གལ་ཏེ་འདི་རྐྱེན་དང་ཕྲད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་འགྱུར་རོ་སྙམ་དུ་རིག་ནས་སྨྲས་པ། བུ་མོ། གལ་ཏེ་རྒྱུ་ཡང་དག་པར་བླངས་ཏེ་འདུག་ན་ནི། ཁྱོད་ཀྱང་བཅོམ་ལྡན་འདས་ཅི་འདྲ་བ་དེ་ལྟ་བུར་འགྱུར་རོ། །དེ་ནས་དམག་དཔོན་སེང་གེ་གྲགས་ལྡན་མའི་དད་པ་འཕེལ་བར་བྱ་བའི་ཕྱིར་དབྱིག་དང ། གསེར་དང ། རིན་པོ་ཆེ་མང་དུ་བྱིན་ནོ། །དེ་ནས་གྲགས་ལྡན་མས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཕྱི་དེ་ཉིན་ཁྱིམ་གྱི་ནང་དུ་གདུགས་
9a
༄#། །ཚོད་ལ་སྤྱན་དྲངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཕན་གདགས་པའི་ཕྱིར་གནང་ངོ ། །དེ་ནས་བུ་མོ་གྲགས་ལྡན་མས་གསེར་དང ། དངུལ་དང ། རིན་པོ་ཆེའི་མེ་ཏོག་རྣམས་ཀྱང་བྱེད་དུ་བཅུག་།སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་མང་པོ་དག་ཀྱང་བསགས། ཞལ་ཟས་རོ་བརྒྱ་དང་ལྡན་པའང་བཤམས་ནས། བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་དམག་དཔོན་སེང་གེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བུ་མོ་གྲགས་ལྡན་མས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་།འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང ། ལྷ་རྣམས་ཀྱི་ལྷའི་མཐུས་བཅོམ་ལྡན་འདས་ཀྱི་སྟེང་དུ་རིན་པོ་ཆེའི་ཁང་པ་དང ། ཁང་པ་
9b
བརྩེགས་པ་རིན་པོ་ཆེའི་རྒྱལ་མཚན་ཅན། མགར་བའམ། མགར་བའི་སློབ་མ་ལེགས་པར་ལོབས་པས་ཀྱང་བྱེད་མི་ནུས་པ་དེ་ལྟ་བུར་གྱུར་ཏེ་འདུག་གོ་།དེ་ནས་བུ་མོ་གྲགས་ལྡན་མས་ལྷ་དང ། མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བུ་མོ་གྲགས་ལྡན་མའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་དེའི་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་
10a
༄#། །དང།་ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་འདི་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་ད་ཟད་དེ་ལྷ་དང ། མི་རྣམས་ཀྱི་ནང་དུ་གང་
10b
དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་བ་རྣམས་དང ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་
11a
༄#། །པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི།་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་
11b
སྟོན་པར་བཞེད་ན་ནི། སྨིན་མཚམས་སུ་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པ། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་
12a
༄#། །ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། བུ་མོ་གྲགས་ལྡན་མ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་འམ་\?\། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། བུ་མོ་གྲགས་ལྡན་མ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། སྐལ་བ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ལྡན་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་
12b
མངོན་པར་བསྟོད་དོ།། །།ལེ་ལོ་ཅན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཞིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་
13a
༄#། །ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་ཀྱང ། བུའང་མེད། བུ་མོའང་མེད་ནས། དེ་ལག་པ་ལ་སྐོམ་ཚུགས་བཅས་ཏེ། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུའང་མེད། བུ་མོའང་མེད་པས། བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་དགེ་སྦྱོང་དང ། བྲམ་ཟེ་དང ། ལྟས་མཁན་དང ། མཛའ་བོ་དང ། གཉེན་དང ། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོར་སྐྱེ་བར་འགྱུར་དུ་ཟིན་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ན། འོན་ཀྱང་དགེ་སྦྱོང་དང ། བྲམ་ཟེ་རྣམས་དང ། ལྟས་མཁན་རྣམས་
13b
དང།་མཛའ་བོ་དང ། གཉེན་དང ། རྩ་ལག་རྣམས་ཀྱིས་དེ་ལ་མཐོ་བཙམས་ནས། དེ་བུ་མེད་དེ་བུ་འདོད་པའི་ཕྱིར་གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལའང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པ་དང ། ཆོས་མཐུན་པ་པ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་ཏེ། དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི། ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པའང་ཤེས་ལ། མ་ཆགས་པ་འང་ཤེས་པ་དང ། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང ། བུ་ཆགས་པ་ཤེས་པ་དང ། གང་ལས་བུ་ཆགས་པ་ཤེས་པ་དང ། ཁྱེའུའང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི། ལྟོ་གཡས་ལོགས་ན་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་བདག་ལ་སྦྲན་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་ན་
14a
༄#། །རྟེན་ཅིང་གནས་པ་ལས་ན། ཁྱེའུར་འགྱུར་བར་ངེས་ཀྱི་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེའང་དགའ་ཆེས་སྟེ་རོ་སྟོད་ནི་བཏེག། ལག་པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ ། །བདག་གི་བུ་རུང་བར་ཤོག་ཅིག་།མི་རུང་བར་མ་གྱུར་ཅིག་།བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་།གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག་།ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་།བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག་།བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང ། ཉུང་ཡང་རུང་སྟེ། སྦྱིན་པ་དག་སྦྱིན་ལ་བསོད་ནམས་དག་བྱས་ནས། དེ་གཉིས་གང་དང ། གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ།་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང ། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང ། སྨན་པས་བསྟན་པའི་ཟས་རྣམས་དང ། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང ། ཧ་ཅང་སྒྱུར་བ་མ་ཡིན་པ་རྣམས་དང ། ཧ་ཅང་ལན་ཚཝ་ཆེ་བ་མ་ཡིན་པ་རྣམས་དང ། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང ། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང ། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་
14b
ཏེ། ཁ་བ་དང ། སྒྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཚ་བ་དང ། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང ། དོ་ཤལ་དང ། སེ་མོ་དོས་ལུས་རྣམས་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང ། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང ། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅིའང་མི་ཐོས་པར་བྱས་སོ། །དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེ་བཙས་པའི་ཚེ་ཁྱིམ་གང་གི་མི་ཐམས་ཅད་དགའ་བར་གྱུར་ཏེ། དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་བན་ཁྱིམ་གང་གི་མི་ཐམས་ཅད་དགའ་བར་གྱུར་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དགའ་བྱེད་ཅེས་གདགས་སོ་ཞེས་ཟེར་ནས། དེའི་མིང་དགའ་བྱེད་ཅེས་བཏགས་སོ། །དེ་ནས་ཁྱེའུ་དགའ་བྱེད་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་
15a
༄#། །བཞིན་དུ་སྐྱེད་ཆེར་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་ཏེ་ལོ་ལྔའམ་དྲུག་ལོན་པ་དེའི་ཚེ། ལེ་ལོ་ཅན་མཆོག་ཏུ་ལེ་ལོ་ཆེ་བ་ཞིག་ཏུ་གྱུར་ཏེ། མལ་དང ། སྟན་ལས་ཀྱང་ལྡང་མི་འདོད་དོ། །དེ་བློ་རྣོ་ཞིང་གསལ་བས་ཁྱིམ་གྱི་ནང་དུ་འདུག་བཞིན་དུ་བསྟན་བཅོས་རྣམས་བསླབས་སོ། །དེ་ནས་ཚོང་དཔོན་དེ་འདི་སྙམ་དུ་སེམས་ཏེ།་བདག་གིས་ལྷ་མཉེས་པར་བྱས་ནས། བརྒྱ་ལམ་ན་ལན་གཅིག་ན་བུ་སྐྱེས་པ་དེའང་ལེ་ལོ་ཅན་མཆོག་ཏུ་ལེ་ལོ་ཆེ་བ་ཞིག་ཏུ་གྱུར་ཏེ། མལ་དང ། སྟན་ལས་ཀྱང་མི་ལྡང་ན། འདི་ལྟར་ལུས་ཐ་མལ་པར་གྱུར་ཀྱང་གྲུམ་པོ་བཞིན་དུ་ལྡ་རེ་འདུག་པ་འདི་འདྲ་བའི་བུ་ལྟ་ཅི་དགོས་སྙམ་མོ། །ཚོང་དཔོན་དེའང་རྫོགས་བྱེད་ལ་དགའ་སྟེ། དེས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་རང་གི་ཁྱིམ་དུ་བོས་ནས། གལ་ཏེ་ཁྱེའུ་འདིས་དེ་དག་མཐོང་ན་ཞེ་ས་བསྐྱེད་དེ། མལ་ནས་ལྡང་བ་ཙམ་ཡང་བྱེད་སྲིད་དམ་སྙམ་པ་དང ། དེ་ནས་ཁྱེའུ་ལེ་ལོ་ཅན་གྱིས་སྟོན་པ་དེ་དག་མཐོང་ནས་མིག་གིས་ཀྱང་མ་བལྟས་ན། ལྡང་བའམ། གུས་པར་སྨྲ་བའམ། སྟན་བསྟབས་པ་ལྟ་ཅི་སྨོས། དེ་ནས་ཚོང་དཔོན་དེས་གནས་སྐབས་དེ་ལྟ་བུ་མཐོང་ནས། ཆེས་རབ་ཏུ་གདུང་བར་གྱུར་ཏེ། ལག་པ་ལ་སྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་
15b
འདས་རྣམས་ཀྱིས་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅིའང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དན། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ།་ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ་བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་
16a
༄#། །གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར།་སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ལེ་ལོ་ཅན་གྱིས་ང་མཐོང་ན་བརྩོན་འགྲུས་རྩོམ་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སེམས་ཡོངས་སུ་འགྱུར་བར་འོང་ངོ་
16b
སྙམ་དུ་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་རྣམས་ཀྱི་རྒྱགས་པ་དང ། དྲེགས་པ་གཅད་པ་དང ། ཁྱེའུའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། འོད་ཟེར་གསེར་གྱི་ཁ་དོག་ཅན་ཉི་མ་སྟོང་གི་འོད་ཟེར་བས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་ཁྱིམ་དེ་ཀུན་ཏུ་སྣང་བར་བྱས་སོ། །བསྐལ་པ་སྟོང་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་གྱུར་ནས། སུའི་མཐུས་བདག་གི་ལུས་རབ་ཏུ་སིམ་པར་བྱས་སྙམ་སྟེ། དེས་ཕན་ཚུན་དུ་བལྟས་སོ། ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། ཁྱིམ་དེའི་ནང་དུ་གཤེགས་ནས་ཁྱེའུ་ལེ་ལོ་ཅན་གྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བར་གྱུར་ཏེ། འཕྲལ་ལ་རང་ཉིད་ལངས་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ།་བཅོམ་ལྡན་འདས། ཚུར་གཤེགས། བཅོམ་ལྡན་འདས། གཤེགས་པ་ལེགས་སོ། །བཅོམ་ལྡན་འདས། གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་དེ་སྐད་ཀྱང་
17a
༄#། །སྨྲས་སོ། །དེ་ནས་དེའི་པ་མ་དང ། ནང་མི་རྣམས་ཀྱིས་སྔོན་མ་མཐོང་པའི་གུས་པར་སྒྲིམ་པ་མཐོང་ནས། མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་ཁྱེའུ་ལེ་ལོ་ཅན་དགའ་ཞིང་མདངས་ཕྱུང་བའི་མིག་དང་ལྡན་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལ་ལེ་ལོའི་ཉེས་པ་དང ། བརྩོན་འགྲུས་རྩོམ་པའི་ཕན་ཡོན་རྣམ་པ་དུ་མ་བཀའ་སྩལ་ནས། ཙན་དན་གྱི་དབྱུག་གུ་ཞིག་ཀྱང་དེ་ལ་བྱིན་ཏེ། ཁྱེའུ། དབྱུག་གུ་འདི་རྡུངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེས་དབྱུག་གུ་དེ་བརྡུངས་པ་དང་སྒྲ་སྙན་པ་ཐོས་པར་གྱུར་ལ་རིན་པོ་ཆེའི་གཏེར་སྣ་ཚོགས་ཀྱང་མཐོང་ངོ ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ། བརྩོན་འགྲུས་རྩོམ་པ་ལ་ནི་ཁྱད་པར་ཆེན་པོ་དེ་ལྟ་བུ་ཡོད་ཀྱི་བདག་གིས་ཕྱིར་ཞིང་བརྩོན་འགྲུས་བརྩམ་པར་བྱ་གོར་མ་ཆག་སྙམ་ནས། དེས་མཉན་དུ་ཡོད་པར་དྲིལ་གྱིས་སྒྲ་བསྒྲགས་ཏེ། བདག་ཉིད་ཀྱིས་དེད་དཔོན་བྱ་བར་བསྒྲགས་ནས་རྒྱ་མཚོ་ཆེན་པོ་ལ་ལན་དྲུག་བརྒལ་ཏེ། གྲུའི་དོན་གྲུབ་པས་རིན་པོ་ཆེ་ཆེན་པོ་བསྡུས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་
17b
འདས་ཀྱིས་ཁྱེའུ་ལེ་ལོ་ཅན་གྱི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་གྱི་སྒོ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་
18a
༄#། །འདི་སྙམ་དུ་སེམས་ཏེ། ཀྱཻ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་བར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་དེ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང།་འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་
18b
ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། ། སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེང་ན་ནི།་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་
19a
༄#། །རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི།་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན།། ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་
19b
ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས།། ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བསྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱེའུ་ལེ་ལོ་ཅན་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཁྱེའུ་ལེ་ལོ་ཅན་འདིས་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་པ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་
20a
༄#། །དང།་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་དང ། བརྩོན་འགྲུས་དང ། མཐུ་རྩལ་དང་ཤིན་ཏུ་ལྡན་པ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་གཉིས་པ།་དེད་དཔོན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང།་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང་མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་
20b
ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཆེན་པོ་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་བུབ་སྟེ་ཕྱིར་འོངས་ནས། དེས་ལན་གཉིས་ལན་གསུམ་གྱི་བར་དུ་ལྷ་ཐམས་ཅད་ལ་གསོལ་བ་བཏབ་སྟེ། རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ན། འོན་ཀྱང་གྲུ་བུབ་སྟེ་ཕྱིར་འོངས་སོ། །དེ་ནས་དེ་མི་དགའ་བ་ཆེན་པོ་སྐྱེས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཐབས་གང་གིས་ནོར་བསྡུ་བར་བྱ་བའི་ཐབས་ཅི་ཡོད་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ལྷ་ཐམས་ཅད་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། ཐུགས་རྗེ་ཅན། བདག་ཉིད་ཆེན་པོ། ཆོས་ལ་གུས་པ། སྐྱེ་དགུ་ལ་མཉེས་གཤིན་པ་ཡིན་གྱི། ད་ནི་བདག་གིས་འདི་ལ་བརྟེན་ཏེ། ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ལ། གྲུའི་དོན་ལེགས་པར་གྲུབ་སྟེ་ཕྱིར་འོངས་ནས། ནོར་ཕྱེད་ཀྱིས་འདི་ལ་མཆོད་པ་བྱའོ་སྙམ་མོ། །དེས་དེ་ལྟར་བརྩོན་འགྲུས་བྱས་ཏེ། ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་པ་དང ། སངས་རྒྱས་ཀྱི་མཐུས་རིན་པོ་ཆེའི་གླིང་དུ་ཕྱིན་ནས། རིན་པོ་ཆེ་ཆེན་པོ་བསྡུས་ཏེ་བདེ་བ་དང ། ཉེ་ཞོ་
21a
༄#། །མེད་པར་བདག་གི་ཁྱིམ་དུ་ཕྱིན་ཏོ། །དེ་ངལ་བསོ་ནས་སྣོད་བཟླུགས་ན། དེས་རིན་པོ་ཆེ་རྣམ་པ་སྣ་ཚོགས་མཐོང་ནས་ཆགས་པ་ཆེན་པོ་སྐྱེས་ཏེ། བདག་གིས་རིན་པོ་ཆེ་འདི་ལྟ་བུ་དག། དགེ་སྦྱོང་གཽ་ཏ་མ་ལ་ཕྱེད་ཇི་ལྟར་སྦྱིན་སྙམ་དུ་སེམས་པ་ལ་ཞུགས་ཏེ། མ་ལ། བདག་གིས་འདི་རྣམས་བདག་གི་ཆུང་མའི་ལག་ཏུ་ཞོའི་བཞི་ཆ་གཅིག་ཏུ་བཙོངས་ལ། བཅོམ་ལྡན་འདས་ལ་སྤོས་དབུལ་བར་བྱ་གོར་མ་ཆག་སྙམ་མོ། །དེས་ཞོའི་བཞི་ཆ་གཅིག་གིས་ཨ་ཀ་རུའི་སྤོས་ཉོས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །དེ་ནས་ཤིན་ཏུ་ངོ་ཚ་བཞིན་དུ་སྒོ་ཁང་དུ་འདུག་ནས་ཨ་ཀ་རུས་བདུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གང་གིས་བདུག་པ་དེ་སྟེང་གི་ནམ་མཁའ་ལ་ཡང་དག་པར་འཕགས་ཏེ། མཉན་དུ་ཡོད་པ་ཐམས་ཅད་ཁྱབ་པར་གྱུར་ནས། སྤྲིན་ཆེན་པོའི་མགོ་ལྟར་འདུག་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མཛད་དོ། །དེས་ལྷ་དང།་མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། བདག་གི་སེམས་ལ་བརྒྱད་བཀག་ནས། གང་བདག་གིས་རིན་པོ་ཆེའི་སྒོ་ནས་བཅོམ་ལྡན་འདས་ཀྱི་སྐུ་བསླུབ་འདི་ནི་བདག་གི་ཆ་མ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དད་དཔོན་དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གྱི་
21b
ནང་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནས་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས། རིན་པོ་ཆེ་ཆེན་པོ་དག་གིས་གཏོར་ཏོ། །དེ་ནས་རིན་པོ་ཆེ་དེ་དག། འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང ། ལྷ་རྣམས་ཀྱི་ལྷའི་མཐུས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་འཕགས་ནས། རིན་པོ་ཆེའི་ཁང་པ་དང ། ཁང་པ་བརྩེགས་པ་རིན་པོ་ཆེའི་རྒྱལ་མཚན་ཅན། མགར་བའམ། མགར་བའི་སློབ་མ་ལེགས་པར་ལོབས་པས་ཀྱང་བྱེད་མི་ནུས་པ་དེ་ལྟ་བུར་གྱུར་ཏེ་འདུག་གོ། དེ་ནས་དེད་དཔོན་དེས་ཆོ་འཕྲུལ་དེ་མཐོང་ནས་ཆེད་ཀྱིས་དགའ་བ་སྐྱེས་ཏེ། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པ། སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང།་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེད་དཔོན་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་
22a
༄#། །འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་གྱི་སྒོ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས།་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དོ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་
22b
བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང།་འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང།་སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བར་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་
23a
༄#། །གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། ། སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་
23b
གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། ། མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་
24a
༄#། །བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ།་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། དེད་དཔོན་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། དེད་དཔོན་འདིའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབས་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ།་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་སྦྱིན་པར་
24b
བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་བ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང།་ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང།་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ།་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་མཉན་དུ་ཡོད་པ་ན་ཐ་ག་པ་ཟླ་བ་ཞེས་བྱ་བ་དབུལ་ཞིང་མཆོག་ཏུ་དབུལ་བ་ཞིག་
25a
༄#། །གནས་སོ། །དེའང་ལས་ཇི་ཙམ་ཞིག་བྱེད་པ་དེ་ཙམ་ཉེ་ཚེའི་ཟན་རྙེད་པར་ཟད་དེ། དེས་ཅུང་ཟད་ཀྱང་གཞག་ཏུ་མེད་དོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་འཇིག་རྟེན་ཕ་རོལ་ནས་ཀྱང་བསོད་ནམས་མ་བྱས་པར་འདིར་འོངས་པ། འདིར་ཡང་དགེ་བ་མི་བྱེད་པས། འདི་ནས་འཇིག་རྟེན་ཕ་རོལ་ཏུའང་བསོད་ནམས་ཀྱང་མ་བྱས། དགེ་བའང་མ་བྱས། འཇིགས་ཤིང་སྐྲག་པའི་མགོན་སྐྱབས་ཀྱང་མ་བྱས་པར་འགྲོ་དགོས་སྲིད་ཀྱི། བདག་གིས་བཅོམ་ལྡན་འདས་ལ་སྣ་འགའ་ཞིག་གིས་མཆོད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེས་ཁྱིམ་བདག་གཞན་ཞིག་གི་རས་བཏགས་ནས། རས་དེ་ལས་རས་ཀྱི་ཚར་ཚར་ཁྱེར་ཏེ་སྲང་དུ་ཞུགས་སོ། །བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་སེམས་མངོན་པར་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཕན་གདགས་པའི་ཕྱིར་ཉིད་ཀྱི་
25b
ཆོས་གོས་རལ་བར་བསྟན་ཏོ། །དེ་ནས་དེས་རས་ཀྱི་ཚར་ཚར་དེ་དག་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་མོད་ལ་ཆོས་གོས་དྲུབས་པར་བསྟན་ཏོ། །དེ་ནས་དེ་རྒྱ་ཆེར་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། སྦྱིན་པ་ཆུང་ལ་ཞིང་ནི་རྒྱ་ཆེ་སྟེ། །མཐུ་ཆེན་ཁྱོད་ཉིད་ཐུགས་སུ་ཆུད་པར་བས། ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །བདག་ནི་རྒྱ་ཆེར་གྲགས་པའི་སངས་རྒྱས་ཤོག་།སྦྱིན་པ་འདི་ནི་ཆུང་ངུ་ལགས་ཀྱིས་ཀྱང ། །བདག་གི་སེམས་ནི་རབ་ཡངས་དཔག་ཡས་ཏེ། །མི་དང་ལྷ་མཆོག་རྒྱལ་བས་བཞེས་ནས་ནི། །སྦྱིན་པ་ཆུང་ཡང་འབྲས་བུ་ཆེན་པོར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་ཕྱི་མར་ཞི་བ་མཐུ་ཆེ་བ། །རྒྱ་ཆེན་གྲགས་པ་མི་དང་ལྷས་མཆོད་པ། །རང་བྱུང་འཇིག་རྟེན་ཕན་པ་སྙིང་བརྩེར་ལྡན། །ཚར་ཚར་བླ་མ་ཞེས་བྱ་རྒྱལ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐ་ག་པ་ཟླ་བའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དག་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་
26a
༄#། །འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང།་པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་ནི་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་
26b
མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞི་ཡི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང།་ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་
27a
༄#། །ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་
27b
མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་
28a
༄#། །ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཐ་ག་པ་ཟླ་བ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཐ་ག་པ་ཟླ་བ་འདིའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཚར་ཚར་བླ་མ་ཞེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་
28b
ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆེ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང།་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང།་སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་གྱི་བུ་ཆེ་བ་ཞེས་བྱ་བ་ཞིག་གནས་སོ། །དེ་ཡང་ཁྲོ་བའི་ཀུན་ནས་དཀྲིས་པ་ཤས་ཆེ་བ་ཞིག་སྟེ། རྫོགས་བྱེད་ལ་
29a
༄#། །སོགས་པ་སྟོན་པ་དྲུག་ལ་མཆོད་པ་བྱེད་དོ། །དེ་ཕྱིས་ནད་ཚབས་ཆེན་པོ་ཞིག་གིས་ཐེབས་ཏེ། དེ་སྨན་པ་དང ། སྨན་དང ། ནད་གཡོག་མེད་དེ། ཤི་ལ་ཐུག་ནས་འདི་སྙམ་དུ་བསམས་ཏེ། ད་ནི་བདག་སྡུག་བསྔལ་བར་འགྱུར་བའི་སྐྱབས་བྱེད་པའམ། སྲོག་ཕངས་པ་སྦྱིན་པར་བྱེད་པ་སངས་རྒྱས་མ་ཡིན་པ་གཞན་སུ་ཞིག་ཡོད་སྙམ་མོ། །དེ་ནས་དེ་ལྟར་བསམས་ནས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་
29b
སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་དར། སུ་ནི་ཕོངས་ཤིང་འདུག། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་གསོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་
30a
༄#། །པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། ། གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་ཆེ་བའི་གནས་སྐབས་དེ་གཟིགས་ནས། འོད་ཟེར་གསེར་གྱི་ཁ་དོག་ཅན། ཉི་མ་སྟོང་གི་འོད་ལས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་ཁྱིམ་དེ་ཀུན་ཏུ་སྣང་བར་བྱས་སོ། །བསྐལ་པ་སྟོང་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེའི་སྒོ་ཁང་དུ་གཤེགས་ནས། སྒོ་སྲུང་གི་མིས་བཅོམ་ལྡན་འདས་སྒོ་ནས་བཞུགས་སོ་ཞེས་དེ་ལ་སྦྲན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ཆེ་བ་དགའ་བར་གྱུར་ཏེ། དབུགས་མ་ཕྱིན་པ་དབུགས་ཕྱིན་པར་གྱུར་ནས། བཅོམ་ལྡན་འདས། གཤེགས་པ་ལེགས་སོ། །བཅོམ་ལྡན་འདས། ནང་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ནང་དུ་གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཆེ་བ་ལ་བཀའ་སྩལ་པ། ཆེ་བ་ཁྱོད་ལ་གནོད་པ་ཅི་ཞིག་ཡོད།
30b
ཆེ་བས་གསོལ་པ། བདག་ལ་ལུས་ཀྱི་གནོད་པ་དང ། སེམས་ཀྱི་གནོད་པ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་གདམས་ངག་བསྟན་ཏེ། འདི་ནི་ཁྱོད་ཀྱི་སེམས་ཀྱི་སྡུག་བསྔལ་གྱི་གཉེན་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ལས་སྨན་ཤི་རི་ཀ་ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་དུ་དགོངས་པ་དང ། བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་ལྡང་ལས་སྨན་ཤི་རི་ཀ་བླངས་ཏེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ཏུ་བཞེས་ནས་ཆེ་བ་ལ་བྱིན་ཏེ། འདི་ནི་ཁྱོད་ཀྱི་ལུས་ཀྱི་སྡུག་བསྔལ་ཚ་བ་ཞི་བར་བྱེད་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་དེས་ལུས་དང ། སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་ནས། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །སེམས་དགའ་བར་གྱུར་ནས་རྒྱལ་པོ་གསལ་རྒྱལ་ལ་བསྙད་དེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་ནས་འབུམ་རི་བའི་ན་བཟའ་ཕུལ་ཏེ། མེ་ཏོག་དང ། སྤོས་དང།་མེ་ཏོག་ཕྲེང་ཐམས་ཅད་ཀྱིས་ཀྱང་མཆོད་པ་བྱས་སོ། །དེ་ནས་སེམས་ལ་རྟས་པར་བྱས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་
31a
༄#། །བའི་ཆོས་ཡོངས་སུ་བཏང་བ་འདིས་ཇི་ལྟར་བཅོམ་ལྡན་འདས་བླ་ན་མེད་པའི་སྨན་པའི་རྒྱལ་པོས་བདག་གསོས་པ་བཞིན་དུ་བདག་ཀྱང་མ་འོངས་པའི་དུས་ན་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེ་བའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང།་ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་
31b
གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གནག་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་འགྱུར་རོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཙ། བདག་ཅག་འདི་ནས་ཤི་འབོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ།་ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང།་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེ་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་
32a
༄#། །རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་
32b
ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་
33a
༄#། །པ།་ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པ། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པར་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། ། མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཚོང་དཔོན་གྱི་བུ་ཆེ་བ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །
33b
ཀུན་དགའ་བོ། ཚོང་དཔོན་གྱི་བུ་ཆེ་བ་འདིས་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པདྨ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་
34a
༄#། །དང།་གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བའི་སྔ་རོལ་ན་ནི་རྒྱལ་པོ་གསལ་རྒྱལ་ལྷ་གཞན་དག་ལ་དུས་གསུམ་དུ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་རྣམས་ཀྱིས་རྗེད་པར་བྱེད་དོ། །གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ནས་ནི། གཞོན་ནུ་ལྟ་བུའི་མདོའི་དཔེས་རྒྱལ་པོ་གསལ་རྒྱལ་བཏུལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། དེའི་ཚེ་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས། དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་ཞིང་མར་མེ་དང ། བདུག་པ་དང ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེ་ནས་རེ་ཞིག་ན་ཀུན་དགའ་ར་བའི་སྲུང་མ་ཞིག་གིས་མེ་ཏོག་པདྨ་གསར་དུ་བྱུང་བ་ཞིག་ཁྱེར་ཏེ། རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་མཉན་དུ་ཡོད་པར་སོང་བ་
34b
དང།་མུ་སྟེགས་ཅན་གྱི་དགེ་བསྙེན་ཞིག་གིས་མཐོང་ནས་།ཀྱེ། མི་ཕ་གི་པདྨ་འོ་ནི་འཚོང་ངམ་ཞེས་དྲིས་སོ། །དེ་ན་རེ། འཚོང་ངོ་ཞེས་ཟེར་རོ། །དེ་ཉོ་འདོད་པ་ལས་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་ཕྱིན་ཏེ། དེས་དེ་ལས་རིན་ཉིས་འགྱུར་དུ་བསྐྱེད་ནས། དེ་གཉིས་ཕན་ཚུན་ལྟོད་དེ་འབུམ་འགྱུར་གྱི་བར་དུ་བསྐྱེད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་འདི་སྙམ་དུ་སེམས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ནི་རྒོད་བག་ཅན་མ་ཡིན་ཏེ། སེམས་ཅན་བརྟན་པོ་ཡིན་པས་ན། འདི་ལ་ནི་དོན་ཞིག་ཡོད་གོར་མ་ཆག་སྙམ་ནས། དེ་ཐེ་ཚོམ་སྐྱེས་ཏེ། མུ་སྟེགས་ཅན་ལ་དགའ་བའི་མི་དེ་ལ་དྲིས་པ། ཁྱོད་ཀྱིས་སུའི་དོན་དུ་འདི་ལྟར་སྐྱེད་པར་བྱེད། དེས་སྨྲས་པ། ང་ནི་བཅོམ་ལྡན་འདས་སྲེད་མེད་ཀྱི་བུའི་ཕྱིར་སྐྱེད་པར་བྱེད་དོ། །མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ང་ནི་བཅོམ་ལྡན་འདས་སངས་རྒྱས་ཀྱི་དོན་དུ་སྐྱེད་པར་བྱེད་དོ། །ཀུན་དགའ་ར་བའི་སྲུང་མས་སྨྲས་པ། སངས་རྒྱས་ཞེས་བྱ་བ་དེ་སུ་ཡིན། དེ་ནས་མགོན་མེད་ཟས་སྦྱིན་གྱིས་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་རྒྱས་པར་བཤད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས། མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་།ང་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་མཆོད་པར་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བའི་སྲུང་མ་དེ་ཁྲིད་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས།
35a
༄#། །ཀུན་དགའ་ར་བའི་སྲུང་མ་དེས། བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་ཀུན་དགའ་ར་བའི་སྲུང་མ་དེས་པདྨ་དེ་བཅོམ་ལྡན་འདས་ལ་བོར་རོ། །དེ་ནས་བོར་མ་ཐག་ཏུ་པདྨ་དེ་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྟེང་ན་འདུག་གོ་།དེ་ནས་ཀུན་དགའ་ར་བའི་སྲུང་མ་དེས་ཆོ་འཕྲུལ་དེ་མཐོང་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། སེམས་ལ་རྟས་པར་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མ་དེ་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་
35b
པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་
36a
༄#། །གྱུར་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་འདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་
36b
སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་
37a
༄#། །པའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ།་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གི་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡིས། །སངས་རྒྱས་འགྲོ་བ་དག་ནི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་
37b
སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་བྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། །ཀུན་དགའ་ར་བའི་སྲུང་མ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཀུན་དགའ་ར་བའི་སྲུང་མ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་འགྱུར་ཏེ།
38a
༄#། །འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པཉྩ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས།་བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང།་སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
38b
བཞུགས་སོ། །དེའི་ཚེ་བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་དང་མི་མཐུན་པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་སེམས་ཅན་ཕོངས་པ་རྣམས་ལ་ཡོངས་སུ་སྐྱོབ་པ། ཕན་ཚུན་འཁོན་པ་རྣམས་ཀྱི་འཁོན་བྱང་བར་མཛད་པ་ལགས་ན། བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་འདི། ལྷོ་ཕྱོགས་ཀྱི་པཉྩ་ལིའི་རྒྱལ་པོ་དང་མི་མཐུན་ཏེ། དེ་གཉིས་ཕན་ཚུན་དུ་སྐྱེ་བོ་མང་པོ་ཁ་འདོག་པར་བགྱིད་ན ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དེ་གཉིས་ཡུན་རིང་པོ་ནས་འཁོན་བྱུང་བ་ཞི་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་སྟན་ལས་ལངས་ཏེ་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཕྱི་དེ་ཉིན་གྱི་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ཝཱ་ར་ཎཱ་སི་
39a
༄#། །ཕྱོགས་ཀྱི་ཀ་ཤི་རྣམས་ཀྱི་གྲོང་རྡལ་ག་ལ་བ་དེར་རྒྱུ་ཞིང་གཤེགས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་པ་དང ། ཝཱ་ར་ཎཱ་སིར་བྱོན་ནས། ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་རེ་ཞིག་ན་དེ་གཉིས་ཀྱིས་བཅོམ་ལྡན་འདས་བདག་ཅག་གི་ཡུལ་དུ་གཤེགས་པར་རིག་གོ་།དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་ནས། བྱང་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་སྐྲག་ཅིང་བྲེད་ནས་དེས་ཤིང་རྟ་གཅིག་ཞོན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་འཁོན་འབྱང་བར་འགྱུར་བའི་ཆོས་བསྟན་ཏོ། །དེས་ཆོས་དེ་ཐོས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང།་སྒྲུབ་པ་དང ། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཏེ། ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས། འབུམ་རི་བའི་ན་བཟའ་ཡང་ཕུལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་
39b
པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷོ་ཕྱོགས་ཀྱི་པཉྩ་ལའི་རྒྱལ་པོ་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང།་སོ་ཐམས་ཐམས་དང ། ཀྱེ་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་
40a
༄#། །གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་པར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། །ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང།་ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་
40b
དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་བ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། ། གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་
41a
༄#། །རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་
41b
པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤང་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། ། ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། པཉྩ་ལའི་རྒྱལ་པོ་འདིས། ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། པཉྩ་ལའི་རྒྱལ་པོ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་
42a
༄#། །དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་ཅེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་གསུམ་པ། བདུག་པ་ཞེས་བྱ་བ་ནི། སངས་རྒྱས་ཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་
42b
དང།་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏེ། དེ་གཉིས་ལས་གཅིག་ནི་རྫོགས་བྱེད་ལ་དང ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ལ་དད་དོ། །དེ་ནས་དེ་གཉིས་ཕན་ཚུན་གཏམ་དུ་བྱ་བ་ངེས་པར་བྱེད་དེ། རྫོགས་བྱེད་ཀྱི་དགེ་བསྙེན་ན་རེ། སངས་རྒྱས་པས་ཆོས་རྫོགས་བྱེད་ཁྱད་པར་དུ་འཕགས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་དགེ་བསྙེན་ན་རེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེས་ཁྱད་པར་དུ་འཕགས་སོ་ཞེས་ཟེར་རོ། །དེ་ནས་དེ་གཉིས་ཀྱི་བདོག་པ་ཐམས་ཅད་ཡལ་བར་བྱ་བའི་སྐུགས་ཀྱི་གཏའ་བཞག་གོ་།དེ་ནས་རེ་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་བྲོན་པོ་རྣམས་ལ་དེ་གཉིས་ཀྱི་དེ་སྦྱོངས་ཤིག་ཅེས་བསྒོའོ། །དེ་ནས་བློན་པོ་དེ་དག་གིས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། ད་སྟེ་ཞག་བདུན་ན་སངས་རྒྱས་དང ། མུ་སྟེགས་ཅན་གྱི་དགེ་བསྙེན་གཉིས་ཀྱི་སྦྱང་བར་ཆད་ཀྱི། སུ་རྨད་དུ་བྱུང་བ་ལྟ་འདོད་པ་དེ་དག་གཤེགས་ཤིག།
43a
༄#། །ཅེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་ན། ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་མི་འབུམ་ཕྲག་དུ་མ་འདུས་པ་དང ། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་འདུས་པའི་ནང་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང ། མེ་ཏོག་ཕྲེང་ཐམས་ཅད་བསྡོགས་པ་ལ། ཐོག་མ་ཁོ་ནར་མུ་སྟེགས་ཅན་གྱི་དགེ་བསྙེན་གྱིས། བདེན་པས་གསོལ་བ་གདབ་པ་བྱས་ཏེ། བདེན་པ་དང ། བདེན་པའི་ཚིག་གང་གིས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་མཆོག་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ན། མེ་ཏོག་འདི་དག་དང ། བདུག་པ་འདི་དང ། ཆུ་འདི་དེ་རྣམས་ཀྱི་ཐད་དུ་སོང་ཞིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་པའི་མདོ་ལ་མེ་ཏོག་དེ་དག་ནི་ས་ལ་ལྷགས་སོ། །མེ་ནི་ཤིའོ། །ཆུ་ནི་ས་ལ་ཐིམ་ཞིང་ཡོངས་སུ་ཟད་དེ། ཡོངས་སུ་གཏུགས་པར་གྱུར་ཏོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཅ་ཅོ་དང ། ག་ཞ་བཏོན་ཏེ་སྐད་པོ་ཆེ་ཕྱུང་ངོ ། །དེ་ནས་མུ་སྟེགས་ཅན་གྱི་དགེ་བསྙེན་གྱིས་དེ་མཐོང་ནས།་ཅང་མི་ཟེར་བར་འདུག་ལ། སྤ་གོང་ཞིང་ཕྲག་པ་བཅུམ་སྟེ། མིག་ཕབ་ནས་སྤོབས་པ་མེད་པར་གྱུར་ཏེ། སེམས་ཁོང་དུ་ཆུང་ལ་ལག་པ་ལ་སྐོམ་ཚུགས་བཅས་ནས་འཁུམས་ཤིང་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱི་སློབ་མ་དགའ་ཆེས་ནས། དགའ་ཞིང་མདངས་ཕྱུང་བའི་མིག་དང་ལྡན་པས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་
43b
ས་ལ་བཙུགས་ནས། བདེན་པས་གསོལ་བ་གདབ་པ་བྱས་ཏེ། བདེན་པ་དང ། བདེན་པའི་ཚིག་གང་གིས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་མཆོག་ཡིན་པའི་བདེན་པ་དང ། བདེན་པའི་ཚིག་དེས་ན། མེ་ཏོག་འདི་དག་དང ། བདུག་པ་འདི་དང ། ཆུ་འདི་རྣམས་བཅོམ་ལྡན་འདས་ཀྱི་ཐ་དད་དུ་སོང་ཞིག་ཅེས་བྱས་སོ། །དེ་སྐད་ཅེས་བརྗོད་པའི་མོད་ལ་མེ་ཏོག་དེ་དག་ནི་ངང་པ་རྒྱུས་པ་བཞིན་དུ་ནམ་མཁའ་ལ་འཕགས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་ལྟས་ཏེ་སོང་ངོ ། །བདུག་པ་ནི་སྤྲིན་གྱི་མདོག་ལྟ་བུར་གྱུར་ཏོ། །ཆུ་ནི་བཻ་ཌཱུརྱའི་སྡོང་བུ་ལྟ་བུར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་གིས་ཆོ་འཕྲུལ་དེ་མཐོང་ནས་ཅ་ཅོ་དང ། ག་ཞ་བཏོན་ཏེ་སྐད་པོ་ཆེ་ཕྱུང་ནས་དེ་དག་སོང་བའི་ཕྱི་བཞིན་དུ་འབྲང་སྟེ་དོང་ངོ ། །དེ་ནས་མེ་ཏོག་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྟེང་ན་འདུག་གོ། བདུག་པ་དང ། ཆུ་ནི་སྤྱན་སྔ་ན་འདུག་གོ། དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་མདོ་འདི་བཀའ་སྩལ་ཏོ། །བྲམ་ཟེ་དང ། ཁྱིམ་བདག་རྣམས། འདི་གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང ། ཆོས་མཆོག་ཏུ་གདགས་པ་དང ། དགེ་འདུན་མཆོག་ཏུ་གདགས་པའོ། །
44a
༄#། །སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། བྲམ་ཟེ་དང ། ཁྱིམ་བདག་རྣམས། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མང་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས། འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་འང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ།
44b
མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པའང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་པའམ། ཚོགས་སམ། མང་པོའམ་འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་རིག་པར་བསྟན་ཏོ། །དགེ་འདུན་ལ་མངོན་པར་དགའ་བ་སུའང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། བྲམ་ཟེ་དང་ཁྱིམ་བདག་རྣམས། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། བྲམ་ཟེ་དང ། ཁྱིམ་བདག་དེ་དག་གི་ནང་ནས། ཁ་ཅིག་གིས་ནི་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་དད་པ་རྙེད་དོ། །ཁ་ཅིག་གིས་ནི་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གཞི་བླངས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཕོལ་མིག་ལྔ་དང་ལྡན་པའི་འཁོར་བའི་འཁོར་ལོ་འདི་གཡོ་ཞིང་མི་བརྟན་པར་རིག་སྟེ། འདུ་
45a
༄#། །བྱེད་ཀྱི་རྣམ་པ་ཐམས་ཅད་རྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་དུ་རྩད་ཆོད་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་དེས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་གྱི་དགེ་བསྙེན་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ།་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་
45b
གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས།་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་གྱུར་པའི་ལས་དེ་ཟད་དེ། ལྷ་དང ། མི་
46a
༄#། །རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་གྱུར་ཏོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །
46b
སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་
47a
༄#། །ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་ཚོགས་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གིས་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གི་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་
47b
ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། །དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། མུ་སྟེགས་ཅན་གྱི་དགེ་བསྙེན་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། མུ་སྟེགས་ཅན་གྱི་དགེ་བསྙེན་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གཡོ་བ་ཞེས་བྱ་བར་འགྱུར་ཏེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྒྱལ་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་
48a
༄#། །འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གང་ན་དང།་སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། རྒྱལ་པོ་མ་སྐྱེས་དགྲ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་དཔུང་\?\་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེའི་ཚོགས་དང ། རྟ་བའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། ཀོ་ས་ལའི་རྒྱལ་པོ་
48b
གསལ་རྒྱལ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང ། རྒྱལ་པོ་མ་སྐྱེས་དགྲས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང ། རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། བདག་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང ། རྟ་བའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། རྒྱལ་པོ་མ་སྐྱེས་དགྲ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་ཚོགས་དང ། རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་ཐམས་ཅད་ཕྲོགས་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཕམ་ཞིང་སྐྲག་ལ་རྡུགས་ཏེ། རབ་ཏུ་ཕམ་ཞིང་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས། ཤིང་རྟ་གཅིག་པུས་མཉན་དུ་ཡོད་པར་སོང་སྟེ། ལན་གསུམ་གྱི་བར་དུའང་དེ་ལྟར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མྱ་ངན་གྱི་ཁང་པར་ཞུགས་ནས། ལག་པ་ལ་སྐོམ་ཚུགས་བཅས་ཏེ། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་མཉན་དུ་ཡོད་པ་དེ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་
49a
༄#། །ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཇི་ལྟར་ཕམ་ཞིང་སྐྲག་ལ་རྡུགས་ཏེ། རབ་ཏུ་ཕམ་ཞིང་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས་ཤིང་རྟ་གཅིག་པུས་མཉན་དུ་ཡོད་པར་སོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་པས། རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བར་གྱུར་ཅིག་།སྐུ་ཚེ་རིང་བར་ཤོག་ཅིག་ཅེས་བསྟོད་ནས། སྨྲས་པ། ལྷ།་ཅིའི་སླད་དུ་ཐུགས་ངན་མཛད། ལྷ།་བདག་གིས་ཅི་ཙམ་གྱིས་ན་ད་དུང་ཡང་ལྷ་ཇི་ལྟར་དགྱེས་དགུར་མཛད་པར་འགྱུར་བ་དེ་ཙམ་གྱི་གསེར་ལྷ་ལ་འབུལ་བར་འཚལ་ལོ་ཞེས་བྱས་སོ། །དེས་དེ་ལ་གསེར་གྱི་ཕུང་པོ་ཆེན་པོ་སྤུངས་ཏེ། དེར་མི་འདུག་པས་ཀྱང་མི་འགྲེང་བ་མི་མཐོང་ལ། འགྲེང་བས་ཀྱང་འདུག་པ་མི་མཐོང་བ་ཞིག་ཕུལ་ལོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་ཉིད་ཀྱི་ཡུལ་དུ་རྟོག་ཆེན་གྱི་མི་ཀུན་ཏུ་བཀྱེ་སྟེ། མི་དེ་དག་ཅི་ཟེར་བ་ཉོན་ཅིག་ཅེས་བྱས་སོ། །རེ་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་རྒན་པོ་གཉིས་ཤིག་ཕན་ཚུན་གཏམ་ཟེར་ཏེ། པདྨའི་ཟེ་བ་ཞེས་བྱ་བའི་གཡུལ་གྱི་དགྲ་ཐབས་ཡོད་དེ།་དེ་ལ་མི་སྔར་མ་གང་ཡིན་པ་དེ་དག་ནི་གཡུལ་གྱི་གདོང་ཟན་དུ་གཏོང་ངོ ། །འབྲིང་གང་ཡིན་པ་དེ་དག་ནི་བར་དུ་གཞོག་གོ་།མི་མཆོག་ཏུ་དཔའ་བ་གང་ཡིན་པ་དེ་དག་ནི་རྒྱབ་
49b
དུ་གཞོག་གོ་ཞེས་ཟེར་རོ། །དེ་ནས་དེ་དག་གིས་རྒྱལ་པོ་ལ་བསྙད་དེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས། དེ་བཞིན་དུ་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། རྒྱལ་པོ་མ་སྐྱེས་དགྲ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲའི་གླང་པོ་ཆེའི་ཚོགས་ཐམས་ཅད་ཀྱང་ཕྲོགས། རྟ་པའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་ཀྱང་ཕྲོགས་སོ། །ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲའང་ཕམ་ཞིང་སྐྲག་ལ་རྡུགས་ཏེ།་རབ་ཏུ་ཕམ་ཞིང་རྒྱབ་ཀྱི་ལྟས་པར་གྱུར་ནས་གསོན་པོར་བཟུང་སྟེ། ཤིང་རྟ་གཅིག་ལ་བསྐྱོན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། རྒྱལ་པོ་མ་སྐྱེས་དགྲ་འདི་ནི་ཡུན་རིང་པོ་ནས་བདག་གི་འཁོན་ཟླ་མ་ལགས་པར་འཁོན་དུ་འཛིན་པ་དང ། དགྲ་ཟླ་མ་ལགས་པར་དགྲ་བགྱིད་པ་ལགས་མོད་ཀྱི། འདི་ནི་བདག་གི་གྲོགས་པོའི་བུ་ལགས་པའི་སླད་དུ། བདག་ནི་འདི་དགུམ་པར་མི་འཚལ་ཏེ་འདི་གཏང་བར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་
50a
༄#། །ཐོངས་ཤིག་ཅེས་བཀའ་སྩལ་ནས། དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྒྱལ་པར་གྱུར་ན་འཁོན་པ་མང ། །ཕམ་པར་གྱུར་ན་སྡུག་བསྔལ་གནས། ། རྒྱལ་དང་ཕམ་པ་སྤངས་ན་ནི། །ཉེ་བར་ཞི་སྟེ་བདེ་བར་གནས། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་སྲིད་ཐོབ་པ་འདི་ནི་ཚོང་དཔོན་འདིའི་དྲིན་ཡིན་གྱི། བདག་གིས་འདི་ལ་ཅི་འདོད་པའི་བྱ་དགའ་སྦྱིན་པའི་སྐབས་དབྱེའོ་སྙམ་མོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཚོང་དཔོན་དེ་ལ་ཅི་འདོད་པའི་བྱ་དགའ་སྦྱིན་པའི་སྐབས་ཕྱེ་ན། དེ་ན་རེ། བདག་ཅི་དགའ་བའི་བྱ་དགའ་འཚལ་གྱི། བདག་ཞག་བདུན་གྱི་བར་དུ་ཅི་དགའ་དགུར་བགྱིད་པའི་རྒྱལ་སྲིད་སྩོལ་ཅིག་ཅེས་བྱས་སོ། ། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་གི་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། ངའི་རྒྱལ་སྲིད་ཞག་བདུན་གྱི་བར་དུ་ཚོང་དཔོན་ལ་བྱིན་ནོ་ཞེས་བསྒོའོ། །རེ་ཞིག་ན་ཚོང་དཔོན་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་དང ། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཞག་བདུན་གྱི་བར་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། ། ཡུལ་ཀོ་ཤི་དང ། ཀོ་ས་ལ་ན་སྐྱེ་བོའི་ཚོགས་ཇི་སྙེད་འཁོད་པ་དེ་དག་ལའང་ཕོ་ཉ་བཏང་སྟེ། ཞག་བདུན་གྱི་བར་དུ་ཁྱེད་ཁྲལ་ཐུད་མེད་པར་ཅི་དགའ་དགུར་འཁོད་ཅིག་།བདེ་
50b
པ་ལ་རེག་པར་གནས་པར་གྱིས་ཤིག་།འདིར་ཡང་ཤོག་ལ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་སོང་ཞིག་།ངའི་སྟོན་མོའང་ཚོལ་ལ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་གྱིས་ཤིག་ཅེས་བྱས་ནས། དེས་ཞག་བདུན་གྱི་བར་དུ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་སོ། །མི་འབུམ་ཕྲག་མང་པོ་དག་ཀྱང་བད་བ་ལ་བཙུད་དོ། །ཞག་བདུན་ལོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། སེམས་ལ་ལྟས་པར་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང །
51a
༄#། །དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང།་ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་
51b
དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། ། སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱད་པ་ནི། །
52a
༄#། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་བར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་པའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་
52b
རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི།་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། ། དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་བ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་བ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། ། སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བསྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་
53a
༄#། །ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཚོང་དཔོན་འདིས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་དང ། སྐྱེ་བོ་ཕལ་པོ་ཆེ་དགེ་བ་ལ་བཙུད་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ། ཚོང་དཔོན་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཇིགས་སྦྱིན་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་
53b
དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་རྗོད་པ་བརྒྱ་བ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་རྫོགས་སོ།། །། སྡོམ་ནི། མཉན་པ་དང་ནི་ཀ་པ་ཁྲུས། །ཡམས་ཀྱི་ནད་དང་ཆོ་འཕྲུལ་དང ། །ལོ་ལྔ་པ་དང་བསྟོད་མཆོག་སྦྱིན། །ཀ་ཤི་ཀ་དང་ལྷ་ཡི་ཟས། །མཉན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང།་གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་ཆུ་ཀླུང་ཁང་ལྡན་གྱི་འཇུག་ངོགས་མཉན་པའི་གྲོང་ན་བཞུགས་སོ། །དེ་ནས་མཉན་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་
54a
༄#། །ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་མཉན་པ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་མཉན་པ་དེ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བདག་ཅག་གི་དེར་སང་གདུགས་ཚོད་གསོལ་བར་ཅི་གནང ། གྲུ་ཟམ་ལས་ཀྱང་བསྒྲལ་བར་འཆེལ་ལོ་ཞེས་གསོལ་ན། བཅོམ་ལྡན་འདས་ཀྱིས་ཀྱང་མཉན་པ་རྣམས་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་མཉན་པ་དེ་དག་གིས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་བྱས་ཏེ། རྒྱལ་མཚན་དང ། བ་དན་ནི་བསྒྲེང ། མེ་ཏོག་སྣ་
54b
ཚོགས་ནི་གཏོར། སྤོས་ཀྱི་སྣོད་དག་གི་ནང་ནས་ནི་བདུག་པ་གསོལ། ཞལ་ཟས་བཟང་པོ་ནི་བཤམས། མེ་ཏོག་མང་པོ་ནི་སྟ་གོན་བྱས་སོ། །གྲུ་ཟམ་གྱི་སྟེང་ཡང་མེ་ཏོག་གི་ཁང་པ་དག་གིས་བརྒྱན་ནས། བཅོམ་ལྡན་འདས་ལ་འཕྲིན་གྱིས་བདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ་བཤོས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་མཉན་པའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་མཉན་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང ། བཅའ་བ་གཙང་མ་བཟང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང།་བཅའ་བ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏོ། གསང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་དག་ཁྱེར་ཏེ་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉན་པ་དེ་དག་གི་བསམ་པ་དང །
55a
༄#། །བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་པས་མཉན་པ་དུ་མས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང ། ཆོས་ལ་འབབ་པ་དང ། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་མཉན་པ་དེ་དག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་བཀུར་སྟི་ཆེན་པོ་དང་ལྡན་པས་གྲུ་ཟམ་ལས་བསྒྲལ་ཏོ། །དགེ་སློང་དག་ཀྱང་སངས་རྒྱས་ཀྱི་མཆོད་པ་མཐོང་བས་སེམས་དགའ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་དག་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་
55b
པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་ཏེ། དེས་ན་དེ་བཞིན་གཤེགས་པ་ལ་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག།་ཁྱེད་ཉན་པར་འདོད་དམ། བཅོམ་ལྡན་འདས། ཉན་པར་འཚལ་ལགས་སོ། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིང་རྟ་སྐལ་ལྡན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་ཏེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། གངྒཱའི་འགྲམ་དུ་བྱོན་ནས། དེའི་ཆེ་དེད་དཔོན་ཞིག་འཁོར་བརྒྱ་ཕྲག་དུ་མ་དང་གངྒཱའི་ཀླུང་ལས་འགྲོན་པོ་དག་སྒྲོལ་ཞིང་འདུག་གོ། ཕྱོགས་དེ་ན་ཆོ་མ་རྐུན་གྱི་འཇིགས་པ་ཆེན་པོའང་ཡོད་དོ། །དེ་ནས་དད་དཔོན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གི་ཞམ་རིང་བྱས་པ་མཐོང་ངོ ། །མཐོང་ནས་ཀྱང་སེམས་དགའ་བར་གྱུར་ཏེ། སེམས་དགའ་བར་གྱུར་ནས་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་ཐོག་མ་ཁོ་ནར་བཅོམ་ལྡན་འདས་བསྒྲལ་བར་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་
56a
༄#། །གྱིས་ཀྱང་དེད་དཔོན་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་དེད་དཔོན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་པ་འབྱོར་པ་ཆེན་པོ་དང་ལྡན་པས་གྲུ་ཟམ་ལས་བསྒྲལ་ཏེ། ཞལ་ཟས་བཟང་པོས་ཀྱང་ཚིམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིང་རྟ་སྐལ་ལྡན་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་པ། གྲུ་ཟམ་ལས་བསྒྲལ་བ་དང ། ཞལ་ཟས་བཟང་པོས་ཚིམ་པར་བྱས་པ་དང ། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ངས་འཁོར་བ་ན་བདེ་བ་ཆེན་པོ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། ། མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་
56b
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང།་ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས།་རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཀུ་རུའི་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ཀུ་རུའི་གྲོང་ཁྱེར་དུ་བྱོན་ཏེ། ཀུ་རུའི་སྐྱེ་བོའི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱིས་གདུལ་བར་འགྱུར་བ་སེམས་རྒྱ་ཆེན་པོ་དང་ལྡན་པ། སྦྱིན་པ་ལ་སྲེད་པ་ཤ་སྟག་གོ་།དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་འཁོར་གྱིས་བསྐོར་བ་དགུག་གོ། འོན་ཏང་དེ་མཐོང་
57a
༄#། །བས་འདི་རྣམས་ཀྱི་དགེ་བ་འཕེལ་བར་འགྱུར་རོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ། ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་ཀྱིས་གཡོག་བྱས་པས་ཙནྡན་ས་མཆོག་པའི་ཀ་བ་ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་ཀྱིས་གཡོག་བྱས་པ། གང་ན་ལས་ཐམས་ཅད་པ་དང ། རྒྱལ་པོ་ཆེན་པོ་བཞི་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། གྲུལ་བུ་མ་དུ་མས་གཡོག་བྱས་པ་དག་ལྷགས་ཏེ། ཙནྡན་ས་མཆོག་པའི་ཀ་བ་ཁྱེར་ཏེ་འོངས་ནས་ཧ་ཧ་ཞེས་ཅ་ཅོ་དང ། ག་ཞ་བཏོན་ཏེ་སྐད་པོ་ཆེ་ཕྱུང་ནས། བཅོམ་ལྡན་འདས་ཀྱི་ཕྱིར་ཙནྡན་ས་མཆོག་པའི་ཁང་བཟང་ལེགས་པར་བྱས་སོ། །དེ་ནས་ཁང་བཟང་དེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷའི་ཞལ་ཟས་དང ། ལྷའི་གཟིམས་ཆ་དང ། གདན་དང ། ལྷའི་སྤོས་དང ། མེ་ཏོག་གི་ཕྲེང་བ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །དེ་ནས་ཀུ་རུའི་སྐྱེ་བོའི་ཚོགས་རྣམས་ཀྱིས་ལྷའི་འབྱོར་པ་དེ་དག་མཐོང་བ་དང་མཆོག་ཏུ་ཡ་མཚན་དུ་གྱུར་ནས། འདི་སྙམ་དུ་སེམས་ཏེ། འདི་ལྟར་བཅོམ་ལྡན་འདས་ལ་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་ལས་ན། འཇིག་རྟེན་ན་མཆོག་ཡིན་
57b
པ་ལྟ་སྙམ་སྟེ། སེམས་འདུན་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀུ་རུའི་སྐྱེ་བོའི་ཚོགས་རྣམས་ཁང་བཟང་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁང་བཟང་དེ་མི་སྣང་བར་མཛད་ནས། མི་རྟག་པ་ཉིད་དང་ལྡན་པའི་འཕགས་པའི་བདེན་པ་བཞིན་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཀུ་རུའི་མི་རྣམས་ལས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང ། ཆོས་ལ་འབབ་པ་དང ། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དགེ་སློང་རྣམས་ཀྱང་སངས་རྒྱས་ཀྱི་མཆོད་པ་མཐོང་བས་སེམས་དགའ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་འདི་དག་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་
58a
༄#། །བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་ཏེ། དེས་ན་དེ་བཞིན་གཤེགས་པ་ལ་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་ཁྱེད་ཉན་པར་འདོད་དམ། བཅོམ་ལྡན་འདས། ཉན་པར་འཚལ་ལགས་སོ། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་བ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཚངས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་ཏེ། ལྗོངས་རྒྱུ་ཞིང་གཤེགས་བ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་གིས་ཞམ་རིང་བྱས་པ། ལྗོངས་རྒྱུ་ཞིང་གཤེགས་པ་ལས་བདག་གི་ཡུལ་དུ་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་བོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོས་བཅོམ་ལྡན་
58b
འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་འཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་བཙུད་དོ། །དེ་ནས་རྒྱལ་པོ་དེ་དགའ་བར་གྱུར་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བདག་གིས་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་པར་འཚལ་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་འདིར་ཟླ་བ་གསུམ་གྱི་བར་དུ་བཞུགས་པར་ཅི་གནང ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པས་རྒྱལ་པོ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས། བཅོམ་ལྡན་འདས་ཀྱི་ཕྱིར་ཙནྡན་ས་མཆོག་པའི་ཁང་བཟང་བྱེད་དུ་བཅུག་གོ་།དེས་དེ་ལ་ན་བཟའ་དང ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ནས། མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། བོག་ཕོར་དག་གིས་ནི་བདུགས་ཏེ། བཅོམ་ལྡན་འདས་
59a
༄#། །ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ནས། ཟླ་བ་གསུམ་གྱི་བར་དུ་ཞལ་ཟས་བཟང་པོས་ཚིམ་པར་བྱས་ཏེ། ན་བཟའི་ཁྱད་པར་རྣམ་པ་སྣ་ཚོགས་ཕུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་ལ་དེ་ལྟ་བུའི་མཆོད་པ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན། ངས་འཁོར་བ་ན་བདེ་བ་ཆེན་པོ་མཐའ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་
59b
པ་བརྒྱ་པ། བམ་པོ་བཞི་པ། ཁྲུས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་བ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་པ་ལྔ་བརྒྱ་ཙམ་དགོན་པའི་ལམ་དུ་ཞུགས་པ་ལས་དེ་དག་ལམ་སྟོར་ནས། བྱེ་སྟོངས་ཤིག་ཏུ་ཕྱིན་ཏེ། དེ་དག་ལམ་གྱི་ངལ་བས་དཀོས་ཐག་ཅིང ། རྒྱགས་ཟད་ལ། ཉི་མའི་གུང་ལ་ཉི་ཚན་གྱིས་གདུངས་ནས་ཉ་སྐམ་ལ་བཏོན་པ་བཞིན་དུ་ས་ལ་འགྲོ་ལྡོག་སྟེ། སྡུག་བསྔལ་དྲག་པོ་དང ། མི་བཟད་པ་དང །
60a
༄#། །ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ནས་གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་ལ་སོགས་པ་ལྷ་སྟོང་སྙེད་ལ་སོ་སོར་གསོལ་བ་འདེབས་ཀྱང་དེ་ལས་སྐྱོབ་པར་ནུས་པ་མེད་དོ། །དེའི་ནང་ནས་དགེ་བསྙེན་སངས་རྒྱས་ཀྱི་བསྟན་པའི་རྒྱུས་ཤེས་པ་ཞིག་ཡོད་དེ། དེས་ཚོང་པ་དེ་དག་ལ་སྨྲས་པ། ཁྱེད་སངས་རྒྱས་ལ་སྐྱབས་སུ་སོང་ཞིག་།དེ་ནས་ཐམས་ཅད་ཀྱིས་སྐད་བསྡོམས་ཏེ། སྐྱབས་སུ་སོང་ངོ ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་
60b
ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ་བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང ། ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་པ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ།་སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་
61a
༄#། །པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་ཚོང་པ་མང་པོ་ཕོངས་ཤིང་ཉམ་ང་བར་གྱུར་པ་གཟིགས་སོ། །དེ་ནས་མིག་གིས་ཅེར་རེས་བལྟས་པ་ཙམ་གྱི་ཡུན་གྱིས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ནས་ཕྱོགས་དེར་གཤེགས་སོ། །ཚོང་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་མཐོང་ངོ ། །མཐོང་ནས་ཀྱང་སྐད་པོ་ཆེ་ཕྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཕབ་ལ། སེར་བུ་བསིལ་བའང་བཏང་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ། བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཡང་ཕབ། སེར་བུ་བསིལ་བའང་བཏང་སྟེ། དེས་ན་ཚོང་པ་དེ་དག་མི་སྐོམ་པར་གྱུར་ལ་ཚ་བས་གདུངས་བའང་ཞི་བར་གྱུར་ཏོ། །དེ་ནས་ཚོང་པ་དེ་དག་སེམས་རྟས་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལམ་ཡང་བསྟན་ཏེ།་དེ་ནས་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་ནས་དེ་དག་ངལ་བསོ་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་
61b
བ་དེ་ལྟ་བུའི་ཆོས་བསྟན་ཉེ་ཐོས་ནས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང ། ཆོས་ལ་འབབ་པ་དང ། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚོང་པ་འདི་དག་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགོན་པའི་ཤུལ་ནས་བསྐྱབས་པ་དང ། དགོངས་པ་བསྐྱེད་པའི་མོད་ལ་དབང་ཆེན་གྱི་ཆར་ཕབ་སྟེ། སེར་བུ་བ་སིལ་བའང་ལངས་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་
62a
༄#། །བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཙནྡན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་
62b
གོ།་ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་བཙུད་དོ། །དེ་ནས་རྒྱལ་རིགས་སྤྱི་བོ་ན་དབང་བསྐུར་བའི་རྒྱལ་པོ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་འདིར་ཟླ་བ་གསུམ་གྱི་བར་དུ་བཞུགས་པར་ཅི་གནང ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱིས་རྒྱལ་པོ་དེ་ལ་ཅང་མི་གསུང་བས་གནང་ངོ ། །དེའི་ཚེ་ཐན་ཆེན་བྱུང་ནས། དེས་ཆུ་ཀླུང་དང ། ཁྲོན་པ་རྣམས་ཆུ་ཆུང་བར་གྱུར་ལ། ཤིང་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས། གྲོང་ཁྱེར་འདིའི་ནང་དུ་རྫིང་སྤོས་ཆབ་ཀྱིས་གཏམས་པ་བགྱིད་དུ་སྩོལ་བར་འཚལ་ན། དེར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་མཛད་པར་གསོལ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཁྲུས་མཛད་ན། བདག་གི་ཡུལ་འདིར་དགུང་ཆར་དབབ་ཏུ་གློ་བ་
63a
༄#། །རེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱིས་རྒྱལ་པོ་དེ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་བློན་པོ་རྣམས་ལ་ཁྱེད་ཀྱི་སྤོས་ཆབ་དང ། རིན་པོ་ཆེའི་བུམ་པ་དག་སྟ་གོན་གྱིས་ཤིག་དང ། དེ་དག་གིས་ངས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་གསོལ་བར་བྱའོ་ཞེས་བསྒོའོ། །དེ་ནས་རྒྱལ་པོ་དེ་བློན་པོའི་འཁོར་དང་བཅས་པས་གྲོང་ཁྱེར་དེ་རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་བྱས་ཏེ། རྒྱལ་མཚན་དང ། བ་དན་ནི་བསྒྲེང ། མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། སྤོས་ཆབ་ཀྱིས་ནི་ཆག་ཆག་བཏབ། བདུག་པ་སྣ་ཚོགས་ཀྱིས་ནི་བདུགས། དབུས་སུ་ནི་རྫིང་བྱེད་དུ་བཅུག་གོ། དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཁྲུས་རས་གསོལ་ཏེ་རྫིང་གི་ནང་དུ་བཞུགས་སོ། །དེ་ནས་རྒྱལ་པོ་བློན་པོ་འཁོར་དང་བཅས་པས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྤོས་སྣ་ཚོགས་ཀྱིས་བསྒོས་པའི་ཆུས་ཁྲུས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ཁྲུས་མཛད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གང་
63b
གིས་ལོ་ཏོག་ཐམས་ཅད་རྒྱལ་བར་འགྱུར་བ་དེ་ལྟ་བུའི་དབང་ཆེན་གྱི་ཆར་ཕབ་བོ། །གཞི་དེ་ལས་སྐྱེ་བོ་ཕལ་པོ་ཆེའང་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་རྙེད་ནས། སྤོས་ཀྱིས་བྱུགས་པའི་མཆོད་རྟེན་དུ་མ་བརྩིགས་ཏེ་ཞལ་བསྲོས་སོ། །དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་ལ་སྐྱབས་སུ་སོང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་དག་གི་ནང་ནས་ང་འབའ་ཞིག་ལུས་སོ། །དགེ་སློང་དག། དེ་བས་ན་འདི་ལྟ་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཡམས་ཀྱི་ནད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་
64a
༄#། །བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཡུལ་འདམ་བུ་ཚལ་གྱི་སྐྱེ་བོ་མང་པོ་ལ་མི་ནད་བྱུང་སྟེ། དེར་སྐྱེ་བོ་ཕལ་པོ་ཆེ་དེ་དག་ནད་ཀྱིས་དཀོས་ཐག་ནས། གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་ལ་སོགས་པ་ལྷ་སྟོང་སྙེད་ལ་སོ་སོར་གསོལ་བ་འདེབས་ཀྱང་ཡམས་ཀྱི་ནད་དེ་ཞི་བར་མ་གྱུར་ཏོ། །དེ་ནས་ཡུལ་འདམ་བུ་ཚལ་ན་དགེ་བསྙེན་ཞིག་གནས་པ་དེས་འདམ་བུའི་ཚལ་གྱི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཚུར་ཤོག། སངས་རྒྱས་ལ་སྐྱབས་སོང་ལ། བཅོམ་ལྡན་འདས་དེ་འདིར་གཤེགས་པར་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ནས་ཚེགས་ཆུང་དུས་ཡམས་ཀྱི་ནད་ཞི་བར་མཛད་དུ་གསོལ་ཞེས་ཀྱང་གསོལ་བ་ཐོབ་ཅིག་།དེ་ནས་འདམ་བུའི་ཚལ་གྱི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་
64b
སྟེ།་བཅོམ་ལྡན་འདས། འདིར་གཤེགས་ལ་ཕོངས་ཤིང་ཉམ་ཐག་པ་འདི་ལས་ཐར་བར་མཛད་དུ་གསོལ་ཞེས་བྱས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ།་མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ།་སྲུང་བ་གཅིག་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ་གཉིས་སུ་མེད་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་པ། རྫུ་འཕྲུལ་གྱི་རྐང་པ་བཞིས་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམས་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་
65a
༄#། །ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དཔང་བྱེད་པ་བས་ཀྱང ། ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྦྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག། སུ་ནི་ཉམ་ང་པར་གྱུར། སུ་ནི་གནོད་པ་དང་ཐད། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ།་སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞམ་
65b
རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་འདམ་བུ་ཚལ་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་གྱི་མི་དེ་དག་ཐམས་ཅད་ལ་བྱམས་པས་ཁྱབ་པར་མཛད་དེ། དེས་ན་མི་མ་ཡིན་པ་རྣམས་དོང་སྟེ་ཡམས་ཀྱི་ནད་ཞི་བར་གྱུར་ཏོ། །དེ་ནས་བྲམ་ཟེ་དང ། ཁྱིམ་བདག་དེ་རྣམས་བཅོམ་ལྡན་འདས་མཐོང་བས་དགའ་བ་ཆེན་པོ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ལས་ཅི་བཞེད་པའི་སྐབས་ཕྱེའོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ནས་བྲམ་ཟེ་དང ། ཁྱིམ་བདག་དུ་མས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ།་ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་གི་\?\་བྱེད་\?\་དོ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གྲོང་ཁྱེར་གྱི་མི་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ལ་
66a
༄#། །གཞོལ་བ་དང ། ཆོས་ལ་འབབ་པ་དང ། དགེ་འདུན་ལ་བབ་པ་ལ་བཀོད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེ་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སེམས་ཅན་འདི་དག་འདི་ལྟར་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་པས་ཕོངས་པ་ལས་ཐར་བར་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལ་བསགས་པས་ན་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་
66b
བ་འདས་པའི་དུས་ན་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་བདག་གི་ཡུལ་དུ་བྱོན་ཏེ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་བ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་ཡང་དག་པར་བཙུད་དོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་དགའ་བར་གྱུར་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ག་ལ་བ་
67a
༄#། །དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བདག་གིས་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་འདིར་བཞུགས་པར་ཅི་གནང ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་རྒྱལ་པོ་དེ་ལ་ཅང་མི་གསུང་བས་གནང་ངོ ། །དེའི་ཚེ་རྒྱལ་པོའི་གྲོང་ཁྱེར་དེ་ན་སྐྱེ་བོ་མང་པོ་ལ་མི་ནད་བྱུང་སྟེ། དེས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཤིན་ཏུ་གནོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་ནད་ཞི་བར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས། ཡམས་ཀྱི་ནད་འདི་ཞི་བར་འགྱུར་བའི་ཐབས་མཛད་པར་ཅི་གནང་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བས་རྒྱལ་པོ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སོང་ལ་ངའི་ཆོས་གོས་སྣམ་སྦྱར་འདི་རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ལ་བཀུར་སྟི་ཆེན་པོ་དང་ལྡན་པས་བདག་གི་ཡུལ་བསྐོར་དུ་ཆུག་ཅིག། འདི་ལ་དགའ་སྟོན་ཆེན་པོ་ཡང་གྱིས་ཤིག་།སྐྱེ་བོ་ཕལ་པོ་ཆེ་ཐམས་ཅད་ཀྱང་སངས་རྒྱས་
67b
རྗེས་སུ་དྲན་པ་ཡང་དག་པར་འཛིན་དུ་ཆུག་ཅིག་དང ། དེས་ན་ཁྱེར་བདེ་ལེགས་སུ་འགྱུར་རོ། །དེ་ནས་རྒྱལ་པོས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཐམས་ཅད་དེ་ཁོ་ན་བཞིན་དུ་བྱས་ནས། དེའི་རྒྱུ་དང ། རྐྱེན་གྱིས་ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་དེ་དག་དགའ་བར་གྱུར་ཏེ། རྒྱལ་པོ་དང་།བློན་པོ་དང ། ཕོ་བྲང་འཁོར་གྱི་མི་རྣམས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་སོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ།་ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དེ་ལ་མཆོད་པ་ཆེན་པོ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན་ངས་འཁོར་བ་ན་ལྷ་དང ། མིར་སྐྱེ་བ་འཐོབ་པར་འགྱུར་བའི་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ། ད་ལྟར་ཡང་ང་དེའི་རྒྱུ་ལས་བྱུང་བའི་འབྱོར་པ་དང་ལྡན་པར་གྱུར་ཏོ། །དེས་ན་ངས་ཅི་བསམས་པ་དང ། ཅི་འདོད་པ་དེ་དག་ཐམས་ཅད་དེ་བཞིན་དུ་གྲུབ་པར་གྱུར་ཏོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བརྟན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེར་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་
68a
༄#། །དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོ་འཕྲུལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་ལྷས་བྱིན་གྱིས་གཅུགས་བྱས་ཏེ། རྒྱལ་པོ་མ་སྐྱེས་དགྲས་ཕ་ཆོས་ཅན་ཆོས་དང་ལྡན་པའི་རྒྱལ་པོ་བསད་ནས། རང་ཉིད་རྒྱལ་པོར་ཞུགས་པ་དེའི་ཚེ་སུ་མ་དད་པ་དེ་དག་ནི་མཐུ་དང་ལྡན་པར་གྱུར་ཏོ། །དད་པ་ཅན་རྣམས་ནི་མཐུ་ཆུང་བར་གྱུར་ཏོ། །དེ་
68b
ནས་རེ་ཞིག་ན་བློན་པོ་རྒན་པོ་མ་དད་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སྡང་བ་ཞིག་ཡོད་པ་དེས། བྲམ་ཟེ་རྣམས་ལ་མཆོད་སྦྱིན་བྱས་ཏེ། དེར་བྲམ་ཟེ་འབུམ་ཕྲག་དུ་མ་འདུས་ནས། དེ་དག་གིས་སུའང་དགེ་སྦྱོང་གཽ་ཏ་མ་ལ་ལྟར་མི་འགྲོ་བར་ནང་ཁྲིམས་བཅས་སོ། །དེ་ནས་བྲམ་ཟེ་རྣམས་ཀྱིས་ཁྲིམས་བཅས་ཏེ། འདུས་ཤིང་མཐུན་ལ་ཀུན་ཏུ་དགའ་ནས་སྲང་གི་དབུས་སུ་རིག་བྱེད་ལས་འབྱུང་བའི་ཆོ་ག་བཞིན་བརྒྱ་ཉིན་ལ་གསོལ་བ་བཏབ་སྟེ། རུས་པ་མེད་མའི་སྐྱེས་བུ་གཤེགས་སུ་གསོལ། གཤེགས་སུ་གསོལ་ཞེས་བྱས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅིའང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ།་རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་
69a
༄#། །ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤང་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ།་རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཀྱང་ཚེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་གནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་
69b
པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་སྔོན་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་ཐར་པའི་སྐལ་བ་ཅན་དུ་གྱུར་པ། བཙལ་བར་བྱ་བརྙེད་པ། མྱ་ངན་ལས་འདས་པ་ལ་ནང་དུ་བལྟས་པ། འཁོར་བ་ལས་ཕྱི་རོལ་དུ་བལྟས་པ་དེ་དག་གཟིགས་ནས་ད་ལྟར་མི་དགེ་བའི་བཤེས་གཉེན་ལ་བསྟེན་པས་ངའི་བསྟན་པ་ལ་སྡང་བར་གྱུར་ཏེ། ངས་འདི་དག་གདུལ་བའི་ཕྱིར་བརྩོན་པར་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་གྱི་ཆ་ལུགས་སུ་སྤྲུལ་ཏེ། མཆོད་སྦྱིན་གྱི་འདུན་ཁང་དེ་ལྷའི་འོད་ཀྱིས་སྣང་བར་མཛད་དེ། དེར་གཤེགས་སོ། །དེ་ནས་བྲམ་ཟེ་དེ་དག་དགའ་ཞིང་མགུལ་རབ་ཏུ་དགའ་སྟེ། ཡི་རངས་ནས་དགའ་ཞིང་ཡིད་བདེ་བར་གྱུར་ཏེ་སྐད་བསྡོམས་ནས་སྨྲས་པ། བཅོམ་ལྡན་འདས། གཤེགས་སུ་གསོལ། གཤེགས་སུ་གསོལ། བཅོམ་ལྡན་འདས། གཤེགས་པ་ལེགས་སོ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་བརྒྱ་བྱིན་གྱི་ཆ་ལུགས་སུ་བཞུགས་པ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཀུན་ཏུ་ལྷའི་དབང་པོ་བརྒྱ་བྱིན་མཆོད་སྦྱིན་ལ་གཤེགས་སོ་ཞེས་དེ་སྐད་ཀྱི་
70a
༄#། །སྒྲ་ཡང་གྲགས་པར་གྱུར་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྣམས་དད་པར་གྱུར་པ་མཁྱེན་ནས། བརྒྱ་བྱིན་གྱི་ཆ་ལུགས་མི་སྣང་བར་མཛད་དེ། སངས་རྒྱས་ཀྱི་ཆ་ལུགས་སུ་བཞུགས་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བྲམ་ཟེ་དྲུག་ཁྲི་ཉིས་སྟོང་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །སྲོག་ཆགས་འབུམ་ཕྲག་དུ་མས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་ནས་དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ཟེ་འདི་རྣམས་འདི་ལྟར་བཅོམ་ལྡན་འདས་དང་མཇལ་ནས་བདེན་པ་མཐོང་བར་གྱུར་པ་དང ། སྲོག་ཆགས་འབུམ་ཕྲག་དུ་མ་དགའ་བ་ཆེན་པོ་ཐོབ་པར་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་པས་ན། ངས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་
70b
དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ།་ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡར་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབང་པོ་འདུལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏོ། ། རྒྱལ་པོའི་ཕོ་བྲང་འཁོར་དེ་འང་མུ་སྟེགས་ཅན་གྱི་དབང་དུ་གྱུར་ཏོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་བདག་གི་ཡུལ་དུ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་
71a
༄#། །ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་གྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་གྱིས་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ལ་བཙུད་དོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལ་བདག་གིས་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་འདིར་བཞུགས་པར་ཅི་གནང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱི་ཡུལ་ན་དགེ་སློང་གློ་བུར་དུ་འོང་བ་དང ། འགྲོ་བ་བདག་གི་གནས་སུ་རུང་བའི་གཙུག་ལག་ཁང་འགའ་ལྟ་ཡོད་དམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། ད་ལྟར་མ་མཆིས་
71b
ཀྱིས་ཀྱང ། བཅོམ་ལྡན་འདས་གཞེས་སུ་གསོལ་དང ། བདག་གིས་དགེ་སློང་གློ་བུར་དུ་འོང་བ་དང ། འགྲོ་བ་དག་གནས་སུ་རུང་བའི་གཙུག་ལག་ཁང་བགྱིད་དུ་སྩལ་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་དེ་བཞིན་གཤེགས་པའི་ཕྱིར་གཙུག་ལག་ཁང་བྱེད་དུ་བཅུག་སྟེ། ར་བ་དང ། རྟ་བབས་དང ། སྐར་ཁུང་དང ། སྒོ་ཁང་ནི་བཅས། ཀེག་ཙེ་དང ། ཟླ་བ་ཚེས་པ་དང ། ལན་ཀན་གྱིས་ནི་བརྒྱན། གདིང་བ་དང་ནི་ལྡན། རྫིང་བུས་ནི་ཀུན་ཏུ་གང ། ཤིང་ལྗོན་པ་མེ་ཏོག་དང ། འབྲས་བུ་དང་ལྡན་པ་མང་པོས་ནི་བསྐོར་བ་ཞིག་བྱས་སོ། །བྱས་ནས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་ཆེན་པོ་མཛད་པར་གསོལ་བ་བཏབ་བོ། །དེ་ནས་རྒྱལ་པོས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་གྱིས། སངས་རྒྱས་ཕལ་པོ་ཆེའི་རྣམ་པར་རོལ་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། དེས་ན་རྒྱལ་པོ་དང ། བློན་པོ་དང ། གྲོང་རྡལ་གྱི་མི་དང ། ཡུལ་མི་དང ། ཕོ་བྲང་འཁོར་གྱི་མི་ཐམས་ཅད་དགའ་བར་གྱུར་ཏེ། བསྟན་པ་སྲུང་བ་གཅེས་པར་འཛིན་པར་གྱུར་ཏོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་འདུལ་དེ་ལ་དེ་ལྟ་བུའི་མཆོད་
72a
༄#། །པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ངས་འཁོར་བ་ན་བདེབ་བསམ་ཡས་པ་ཉམས་སུ་མྱོང་ལ། ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ནའང་ངའི་བསྟན་པ་འདི་མཛེས་པར་གྱུར་ཏོ། དགེ་སློང་དག། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལོ་ལྔ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམ་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས།་རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་
72b
ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལ་ན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་མི་བླུན་པོ་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གནོད་པ་སྟོང་སྙེད་བྱས་ཀྱང ། བཅོམ་ལྡན་འདས་ཀྱི་བ་སྤུ་བསྐྱོད་པར་ཡང་མ་ནུས་པ་དེའི་ཚེ། རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོའི་ཁབ་ནས་སུའང་དགེ་སྦྱོང་གཽའུ་ཏ་མའི་ཐད་དུ་མི་འགྲོ་བ་དང ། ཁ་ཟས་མི་སྦྱིན་པའི་ཁྲིམས་ཆོས་ཤིག་།དེ་ལྟར་བྱས་པ་དང ། དེ་ཁེ་མི་རྙེད་ཅིང་བསྙེན་བཀུར་མི་རྙེད་པས་གདོན་མི་ཟ་བར་ཡུལ་གཞན་དུ་འཕོ་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་དེ་བཞིན་དུ་བྱས་ནས། དེ་ན་དགེ་བསྙེན་བདེན་པ་མཐོང་བ་འཁོད་དེ་དག་ཏུ་སྟེ། ཀྱི་ཧུད། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འབྱུང་བ། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པ་དང་ཕྲད་ཀྱང ། དེ་བསྟེན་ཀྱང་མ་ནུས་པ་ལས་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་མི་རྣམས་མགོན་མེད་པར་གྱུར་ཏོ་ཞེས་འཛེར་ཏོ། །ཚིག་དེ་ཉིད་ཐོར་དགེ་སློང་དག་གིས་ཐོས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་སྐད་ཐོས་པ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། འདི་ལ་དེ་བཞིན་གཤེགས་
73a
༄#། །པ་ཉིད་དུས་མཁྱེན་གྱི་ཁྱོད་སྙིང་མ་ཆུང་ཞིག། གཞན་ཡང ། ངའི་བསྟན་པ་ཇི་སྲིད་ཡོད་ཀྱི་བར་དུའང་ཉན་ཐོས་རྣམས་ཀྱི་ཡོ་བྱད་མེད་པར་མི་འགྱུར་ན། ད་ལྟར་ལྟ་ཅི་སྨོས། དེའི་སྐབས་སུ་ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་དེ་ལྟ་བུར་གྱུར་པ་མཐོང་ནས། མཐོང་བའི་མོད་ཁོ་ན་ལ་སྦྱིན་བདག་དང ། སྦྱིན་པ་པོ་རྣམས་ཀྱི་སྤྲོ་བ་བསྐྱེད་པ་དང ། སངས་རྒྱས་འབྱུང་བའི་ཆེ་བ་ཉིད་ཡང་དག་པར་བསྟན་པ་དང ། མ་སྐྱེས་དགྲ་དང ། ལྷ་སྦྱིན་གྱི་རྒྱགས་ཤིང་དྲེགས་པ་གཅད་པ་དང ། བདག་ཉིད་ཀྱི་དད་པ་བསྟན་པའི་ཕྱིར་རྒྱལ་པོའི་ཁབ་རིལ་གྱིས་འོད་ཆེན་པོས་སྣང་བར་བྱས་ནས་སྐད་པོ་ཆེ་ཕྱུང་སྟེ། བདག་གིས་དེང་ཕན་ཆད་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷའི་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱའོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ཇི་སྲིད་འཚོའི་བར་དུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདི་ཉིད་དུ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་
73b
དང་བཅས་པ་ལ་ལྷའི་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བགྱི་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། འཇིག་རྟེན་ན་བསོད་ནམས་འདོད་པ་མང་གི་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ། བརྒྱ་བྱིན་གྱིས་གསོལ་པ། འོ་ན། དེ་བཞིན་གཤེགས་པའི་སླད་དུ་བདག་གིས་དགུང་ལོ་ལྔའི་བར་དུ་ལོ་ལྔ་པའི་དགའ་སྟོན་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། འཇིག་རྟེན་ན་བསོད་ནམས་འདོད་པ་མང་གི་འདི་ལྟར་ང་ལ་སེམས་དད་པར་བྱས་པ་ཉིད་ཀྱིས་ཆོག་གོ ། བརྒྱ་བྱིན་གྱིས་གསོལ་པ། འོ་ན། ཞག་ལྔའི་བར་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བསོད་ནམས་ཀྱི་སྟོབས་མངོན་སུམ་དུ་བསྟན་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ལ་ཕན་གདགས་པ་དང ། མ་འོངས་པའི་དུས་སུ་ཞག་ལྔ་པའི་དགའ་སྟོན་རྒྱུན་མི་འཆད་པར་བྱ་བའི་ཕྱིར། ཅང་མི་གསུང་བས་གནང་ངོ ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། འོད་མའི་ཚལ་དེ་ཁང་བཟང་རྣམ་པར་རྒྱལ་བྱེད་འདྲ་བར་བསྟན་ཏེ། ལྷའི་གདན་ཆ་
74a
༄#། །རྣམས་དང ། ལྷའི་རྫིང་རྣམས་དང ། ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། ལྷ་འབུམ་ཕྲག་དུ་མའི་གཡོག་དང་བཅས་པས། རང་གི་ལག་གིས་ཚིམ་པར་བྱེད་ཅིང་ཅི་བཞེད་པ་བསྟབས་སོ། །རྣམ་གྲངས་དུ་མར་རང་གི་ལག་གིས་ཚིམ་པར་བྱས་ཤིང་ཅི་བཞེད་པ་བསྟབས་ཏེ། བཅོམ་ལྡན་འདས་བཤོས་གསོལ་ཟིན་ནས། གཙང་སྡེར་ནི་གྱུ། ཕྱག་ནི་བཅབས་སྦར་རིག་ནས། སྟན་ཆེས་དམའ་བ་ཁྱེར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །རྒྱལ་པོ་མ་སྐྱེས་སྒྲས་ཁང་བཟང་གི་སྟེང་ན་འདུག་པས་ཀྱང་འོད་མའི་ཚལ་ན་བཅོམ་ལྡན་འདས་ལ་དེ་ལྟ་བུར་མཆོད་པ་བྱེད་པ་མཐོང་ངོ ། །མཐོང་ནས་ཀྱང་འགྱོད་པ་སྐྱེས་ཏེ། དད་པ་ཆེན་པོ་རྙེད་དོ། །རྒྱལ་པོའི་ཁབ་ན་འཁོད་པའི་ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་ཀྱང་ཆོས་ཀྱི་ཤུགས་ཐོབ་ནས། རྒྱལ་པོའི་ཐད་དུ་དོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་རྒྱལ་པོ་ཆེན་པོ། འདི་ལྟར་ལྷ་རྒྱགས་ཤིང་
74b
བག་མ་མཆིས་པར་གནས་པ་རྣམས་ཀྱིས་ཀྱང་ལྷ་ཡུལ་བོར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པ་ལས་ན། རྒྱལ་པོའི་ཁབ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་རྣམས་སྒོར་ཕམ་པར་འགྱུར་གྱི།་ལྷ།་ཁྲིམས་དེ་ནི་བཤིག་ན་ལེགས་ལགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཁྲིམས་དེ་བཤིག་ནས་རྒྱལ་པོའི་ཕོ་བྲང་འཁོར་གྱི་གྲོང་ཁྱེར་དུ་དྲིལ་བསྒྲགས་ཏེ། བཅོམ་ལྡན་འདས་ལ་བཀུར་སྟི་ཅི་དགའ་བར་གྱིས་ཅེས་བྱས་སོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་རྣམས་འཁོར་དང་བཅས་པ་དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ་ཡི་རངས་ནས་དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་རྣམས་ཁྱེར་ནས། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དོང་ངོ ། །དེ་ནས་ལྷ་རྣམས་དང ། མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་བཀུར་སྟི་ཆེན་པོ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གཞི་དེ་ལས་ལྷ་དང ། མི་རྣམས་པ་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷ་དང ། མི་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ཀྱི་མཆོད་པ་མཐོང་ནས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འདི་ལྟ་བུའི་དགའ་སྟོན་བགྱིས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
75a
༄#། །སློང་དག་།དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་པས་ན་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག ། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ།་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་
75b
འཁོར་ཞིག་ཏུ་བྱོན་ནས། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་ཡམས་ཀྱི་ནད་བྱུང་ངོ ། །དེ་ནས་རྒྱལ་པོ་དེས་ཡམས་ཀྱི་ནད་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །ཟླ་བ་གསུམ་ལོན་ནས་ཡམས་ཀྱི་ནད་དེ་ཞི་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དང ། གྲོང་ཁྱེར་གྱི་མི་སེམས་དད་པར་གྱུར་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་ལྔ་པའི་དགའ་སྟོན་བྱས་སོ། །འདིར་གསུངས་པ། ཀུན་དགའ་ང་ནི་རྒྱལ་གྱུར་ནས། །རིན་ཆེན་རི་བོ་འོད་ཆེན་ལ། །ཞི་བར་འདོད་ཕྱིར་གསོལ་བ་བཏབ། །ལོ་ལྔ་པ་ཡི་དགའ་སྟོན་བྱས། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རི་བོ་དེ་ལ་ལོ་ལྔ་པའི་དགའ་སྟོན་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ངས་འཁོར་བ་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ། དེ་ལྟར་དེ་བཞིན་གཤེགས་པར་གྱུར་པ་ནའང་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུའང་ངའི་བསྟན་པ་ལ་ལོ་ལྔ་པའི་དགའ་སྟོན་བརྒྱ་ཕྲག་དུ་མ་བྱེད་པར་འགྱུར་རོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།
76a
༄#། །མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ལྔ་པ། བསྟོད་པ་ཞེས་བྱ་བ་ནི།་སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང་སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
76b
དེའི་ཚེ་མཉན་དུ་ཡོད་པ་ན་རོལ་མོ་མཁན་མཛའ་སྡེ་གཅིག་པ་ལྔ་བརྒྱ་ཙམ་འཁོད་དོ། །དེའི་ཚེ་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་ཞེས་བྱ་བ་ཞིག་གསར་དུ་འོངས་པ་དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ།་རྒྱུད་གཅིག་ལས་སྐད་སྣ་བདུན་དང ། ཁོང་དུ་འཁྱིག་པ་སྣ་ཉི་ཤུ་རྩ་གཅིག་འབྱུང་བར་ཤེས་སོ། །དེས་གྲོང་ཁྱེར་ཆེན་པོ་དྲུག་ཡུལ་པོ་ཆེམ་ཡིན་པར་བསྒྲགས་ཏེ། མཉན་དུ་ཡོད་པར་ཕྱིན་ནས།་མཉན་དུ་ཡོད་པ་ན་རོལ་མོ་མཁན་གནས་པ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་སྨྲས་པ། འདིའི་དུས་ངས་ཤེས་ཀྱི། ཁྱེད་སྙིང་མ་ཆུང་ཞིག་།དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་གསལ་རྒྱལ་རོལ་མོ་ལ་ཤིན་ཏུ་མཁས་ཞེས་དེ་སྐད་གྲག་གི་།དེ་དང་འགྱེད་པར་བྱའོ་སྙམ་མོ། །དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ། ཁྱོད་རོལ་མོ་ཤིན་ཏུ་མཁྱེན་ཏོ་ཞེས་བདག་གིས་ཐོས་ན། གལ་ཏེ་ཁྱོད་ལ་གནོད་པ་མ་མཆིས་ན་སད་པར་བགྱིའོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བསྒྱིངས་ཏེ་སྨྲས་པ། ཀྱེ་ལེགས་པ། ངའི་མཁན་པོ་རོལ་མོ་མཁན་གྱི་རྒྱལ་པོ་བླ་ན་མེད་པ་ཡོད་དེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཀྱི་ཆུར་ཤོག་དང ། དེང་འདོང་ངོ་ཞེས་བྱས་སོ། །དེ་ནས་གོས་\?\་ལའི་རྒྱལ་པོ་གསལ་རྒྱལ་རོལ་མོ་མཁན་ལྔ་བརྒྱ་ཙམ་གྱིས་ཞམ་རིང་བྱས་པ་དང །
77a
༄#། །རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་དང ། མི་འབུམ་ཕྲག་དུ་མ་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ངོ ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅིའང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབ་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་པའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ།་རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་
77b
པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་བརྒྱན་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉ་མ་ང་བར་གྱུར།་སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ།་སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྐྱེ་བོ་ལ་ཕན་གདགས་པའི་ཕྱིར། འཇིག་རྟེན་
78a
༄#། །པའི་དགོངས་པ་བསྐྱེད་དེ། ཀྱེ་མ་དྲི་ཟའི་བུ་ཟུར་ཕུད་ལྔ་པ། དྲི་ཟ་བདུན་སྟོང་གིས་བསྐོར་བས། པི་ཝང་གཞི་བཻ་ཌཱུརྱ་ལས་བྱས་པ་ཁྱེར་ཏེ་ངའི་ཐད་དུ་འོངས་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ནས་དགོངས་པ་བསྐྱེད་པའི་མོད་ལ། དྲི་ཟའི་བུ་ཟུར་ཕུད་ལྔ་པ། དྲི་ཟ་བདུན་སྟོང་གིས་བསྐོར་བས། བཅོམ་ལྡན་འདས་ལ་ཚུལ་བཞིན་དུ་མཆོད་པ་བྱས་ནས ། བཅོམ་ལྡན་འདས་ལ་པི་ཝང་གཞི་བཻ་ཌཱུརྱ་ལས་བྱས་པ་ཕུལ་ལོ། །དེ་ནས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པི་ཝང་བླངས་ཏེ། དེ་ལས་རྒྱུད་གཅིག་ལས་ཀྱང་སྐད་སྣ་བདུན་དང ། ཁོང་ནས་འཁྱིག་པ་སྣ་ཉི་ཤུ་རྩ་གཅིག་འབྱུང་བ་བསྟན་ཏེ། དེ་ཐོས་པས་རྒྱལ་པོ་གསལ་རྒྱལ་དང ། སྐྱེ་བོ་ཕལ་པོ་ཆེ་གཞན་དག་ཀྱང་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་པི་ཝང་གཞི་བཻ་ཌཱུརྱ་ལས་བྱས་པ་སྤྲེངས་ཏེ། དེ་ལས་རྒྱུད་གཅིག་ལས་ཀྱང་སྐད་ཀྱི་ཁྱད་པར་སྣ་དུ་མ་དང ། ཁོང་དུ་འཁྱིག་པའི་སྣ་གྲངས་དུ་མ་འབྱུང་བར་བསྟན་ཏོ། །དེ་དག་ཀྱང་སྟོང་པའི་རྣམ་པ་དང ། བདག་མེད་པའི་རྣམ་པར་གྲག་གོ། ལུས་འདིའང་པི་ཝང་དང་འདྲ་བར་བསྟན་ཏོ། །སྐད་རྣམས་ནི་དབང་པོ་དང་འདྲ་བར་བསྟན་ཏོ། །ཁོང་དུ་འཁྱིག་པ་རྣམས་ནི་སེམས་ཀྱི་ཁམས་དང་འདྲ་བར་བསྟན་ཏེ། དེ་ཐོས་པས་རོལ་མོ་མཁན་གྱི་རྒྱལ་པོ་རབ་དགའ་
78b
དད་པ་སྐྱེས་ནས་པི་ཝང་དྲི་གཙང་ཁང་དུ་ཕུལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ།་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་\?\་བར་མཉམ་པ།་ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་དད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བྱ་བ་བརྩམས་སོ། །རོལ་མོ་མཁན་ལྔ་བརྒྱ་པོ་རྣམས་ཀྱང་དགའ་ཞིང་
79a
༄#། །ཡིད་བདེ་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ལས་ངན་པ་བྱེད་ཅིང་འདུག་སྟེ། དཀའ་བས་འཚོ་བ་ཡིན་གྱི། བདག་ཅག་གིས་རྒྱལ་པོ་ལ་གསོལ་ཏེ།་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་དུ་གཤེགས་པར་སྤྱན་དྲངས་གོར་མ་ཆག་སྙམ་མོ། །རེ་ཞིག་ན་རོལ་མོ་མཁན་དེ་དག་གིས་གནང་བའི་ལུང་ཐོབ་ནས།་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་དུ་གཤེགས་པར་སྤྱན་དྲངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རོལ་མོ་མཁན་དེ་དག་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་རོལ་མོ་མཁན་དེ་དག་དང ། རྒྱལ་པོ་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཡུལ་མི་རྣམས་བསྡོངས་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་ཐམས་ཅད་རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་བྱས་ནས། སྤོས་ཆབ་ཀྱིས་ཆག་ཆག་ནི་བཏབ། མེ་ཏོག་སྣ་ཚོགས་ནི་གཏོར། བདུག་པ་སྣ་ཚོགས་ཀྱིས་ནི་བདུགས། མེ་ཏོག་གི་བླ་རེས་ནི་བརྒྱན་ཏོ། །རོལ་མོ་མཁན་དེ་དག་གིས་ཀྱང་རང་རང་གི་པི་ཝང་ཁྱེར་ཏེ། རྫ་རྔ་དང ། གླིང་བུ་དང ། རྔ་ཟླུམ་དང ། རོལ་མོའི་སྒྲའི་ཁྱད་པར་དག་གིས་བསྙེན་བཀུར་བྱས་སོ། ། ཞལ་ཟས་བཟང་པོས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་
79b
བཅོམ་ལྡན་འདས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ། ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པ་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་
80a
༄#། །འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་
80b
བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་
81a
༄#། །འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན།། མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་
81b
བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་ཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ།་ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། རོལ་མོ་མཁན་འདི་དག་གིས་ང་ལ་བཀུར་སྟི་འདི་ལྟ་བུ་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། རོལ་མོ་མཁན་འདི་དག་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་དུས་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་བསྒྲུབས་ནས། མ་འོངས་པའི་དུས་ན་སྐད་སྙན་ཞེས་བྱ་བའི་རང་སངས་རྒྱས་ཤ་སྟག་ཏུ་འགྱུར་ཏེ།་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུར་འགྱུར་རོ། །དེ་དག་གི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དགའ་བར་གྱུར་བ་འདི་ཡིན་ནོ། །དེ་ནས། དགེ་སློང་དག། ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་བའི་རྩ་བ་
82a
༄#། །གང་དག་གི་མཐུ་འདི་འདྲ་བར་འགྱུར་བ་དེ་དག་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་བརྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་
82b
རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྟོགས་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏོ། །དེ་ནས་རྒྱལ་པོའི་སྐྱེད་མོས་ཚལ་དུས་ཚིགས་ཐམས་ཅད་དུ་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡོད་དེ། སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་གཤེགས་ནས། རྒྱལ་པོ་དེ་ལ་ཕན་གདགས་པའི་ཕྱིར། ཤིང་ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་བཞུགས་སོ། །དེ་ནས་གདན་བཏིང་བ་ལ་བཞུགས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་བུད་མེད་ཀྱི་སིལ་སྙན་དང ། རོལ་མོའི་སྒྲ་སྒྲོགས་པ་དག་དང ། སྐྱེད་མོས་ཚལ་དུ་སོང་ངོ ། །དེ་ནས་རྒྱལ་པོ་དེ་སྐྱེད་མོས་ཚལ་དེ་ན་འཁྱམ་ཞིང་འགྲོ་བས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་མཛད་མཛེས་ཤིང་དགའ་བར་མཛད་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་ཞིང་རྣམ་པར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་མཐོང་ངོ ། །མཐོང་ནས་ཀྱང་རྒྱལ་པོ་དེ་དགའ་བར་གྱུར་ནས། བཙུན་མོའི་འཁོར་དང་བཅས་པས་སིལ་སྙན་རྣམ་པ་སྣ་ཚོགས་བསྒྲགས་ཏེ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་སུ་གསོལ་ཏོ། །ཞལ་ཟས་བཟང་པོའང་གསོལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དགེ་སློང་དག། ཇི་
83a
༄#། །སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་རྟོགས་མཛད་དེ་ལ་མཆོད་པ་བྱས་པ་དེ་ཉིད་ཀྱི་རྒྱུས། ད་ལྟར་ང་ལ་རོལ་མོ་མཁན་རྣམས་ཀྱིས་འདི་ལྟ་བུའི་བསྙེན་བཀུར་བྱས་སོ། །དགེ་སློང་དག། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། ། བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། མཆོག་སྦྱིན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང།་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང །
83b
མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་མཉན་དུ་ཡོད་པ་ན་གཞན་གྱི་ཆུང་མ་ལ་བྱི་བ་བྱེད་པ་ལས་དྲི་མ་ཅན་ལ་གནས་པ་ཞིག་ཡོད་དེ། དེ་རྒྱལ་པོའི་མིས་བཟུང་ནས་རྒྱལ་པོའི་མིས་བཟུང་ནས་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་དེ་ཉེས་པ་བྱེད་བྱེད་པའི་ཕྱིར་རྒྱལ་པོས་གཤེད་མ་ལ་གཏད་དོ། ། དེ་ནས་དེ་རྒྱལ་པོའི་མི་གོས་སྔོན་པོ་བགོས་པ། མཚོན་ཆ་ཐོགས་པ། ཀ་ར་ཝཱི་རའི་མེ་ཏོག་གི་ཕྲེང་བ་མགུལ་ན་ཐོགས་པ་རྣམས་ཀྱིས་ལམ་པོ་ཆེ་དང ། སྲང་དང ། བཞི་མདོ་དང ། སུམ་མདོ་རྣམས་སུ་འོ་དོད་བོས་ནས། གྲོང་ཁྱེར་གྱི་ལྷོ་སྒོར་ཁྲིད་དོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅིའང་མེད་ལ།་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་
84a
༄#། །འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ།་རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིག་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་
84b
པས་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། །མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་མི་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ།་འོད་འདོམ་གང་གིས་བརྒྱན་པ་ཉི་མ་སྟོང་བས་ལྷག་པའི་འདོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་དམ་པ་སྩལ་བའི་འོས་ལགས་ཀྱི། བདག་ལ་སྲོག་ཕངས་པ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་སོང་ལ་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་དུ། རྒྱལ་པོ་ཆེན་པོ། མི་འདི་ང་ལ་བྱིན་ཅིག་དང་རབ་ཏུ་དབྱུང་བར་
85a
༄#། །བྱའོ་ཞེས་གྱིས་ཤིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ། བཅོམ་ལྡན་འདས་ཀྱི་བཀའ་ཕྲིན། འདི་སྐད་དུ་།རྒྱལ་པོ་ཆེན་པོ། མི་འདི་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གནང་བར་གྱིས་ཤིག་ཅེས་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཤིན་ཏུ་འོས་པར་རིག་ནས་གནང་སྟེ། དེ་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ལྔའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་
85b
རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགོངས་པ་ཙམ་གྱིས་ཐམས་ཅད་གྲུབ་པ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པ་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་
86a
༄#། །བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་བྲམ་ཟེ་རེག་བྱེད་དང ། རིག་བྱེད་ཀྱི་ཡན་ལག་གི་མཐར་ཕྱིན་པ། རྒྱལ་པོའི་གྲོང་ན་འདུག་པ་ཞིག་ཡོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་ཕོ་བྲང་འཁོར་དེར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ།་ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་
86b
ཞབས་ལ་ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས། བདག་ནི་དམ་པ་སྩལ་བའི་ལོས་ལགས་སོ། །བདེ་བར་གཤེགས་པ། བདག་ནི་དམ་པ་སྩལ་པའི་འོས་ལགས་ཀྱི། བཅོམ་ལྡན་འདས་གོང་དུ་བཞུགས་སུ་གསོལ། དེ་ནས་དེ་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་གོང་དུ་བཞུགས་སོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་བཞུགས་ནས་བྲམ་ཟེ་དེས་ཚིག་བརྒྱས་བསྟོད་དེ། ཞལ་ཟས་བཟང་པོའང་གསོལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །གཞི་དེ་ལས་རྒྱལ་པོ་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་རྣམས་དད་པ་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་ལ་མཆོད་པ་བྱས་པ་དེའི་རྒྱུས་ན། ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་ལ་ད་ལྟར་ཡང་ངས་ཅི་བསམས་པ་དང ། ཅི་འདོད་པ་དེ་དག་ཐམས་ཅད་འགྲུབ་པ་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ། །ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་
87a
༄#། །བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀ་ཤི་ཀའི་གོས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཞིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་འོད་མའི་ཚལ། བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་གཡོག་འཁོར་མི་འབུམ་ཕྲག་དུ་མ་དང་བཅས་པས་བདེན་པ་མཐོང་བར་གྱུར་པ་དེའི་ཚེ་དེས་ཕན་
87b
བཏགས་པ་ལ་དྲིན་བསབ་པར་བསྟན་པ་དང ། སངས་རྒྱས་ཀྱི་མཆོད་པ་ལུགས་སུ་གཞུག་པ་དང ། ཁྱིམ་ཡངས་པར་བསྟན་པ་དང ། སངས་རྒྱས་འབྱུང་བ་གཅེས་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ནས་མ་ག་དྷའི་ཕོ་བྲང་འཁོར་གྱི་མི་རྣམས་ལ་བསྒོ་བ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ལ་མེ་ཏོག་དང ། མེ་ཏོག་ཕྲེང་དང ། སྤོས་དང ། བྱུག་པ་རྣམས་ཀྱིས་མཆོད་པ་གྱིས་ཤིག་།རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཀྱང་རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་གྱིས་ཤིག་།མེ་ཏོག་སྣ་ཚོགས་ཀྱིས་གཏོར་ལ། རྒྱལ་མཚན་དང ། བ་དན་སྒྲེངས་ཤིག་།འོད་མའི་ཚལ་ནས་རྒྱལ་པོའི་ཁབ་ཀྱི་བར་གྱི་ལམ་ཐམས་ཅད་ཀྱང་རས་ཀྱིས་ཁེབས་པར་གྱིས་ཤིག་ཅེས་བྱས་སོ། །བློན་པོ་རྣམས་ཀྱིས་ཀྱང་ཐམས་ཅད་ཉམས་སུ་བླངས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་རང་གི་ལག་གིས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་གདུགས་རྩིབས་བརྒྱ་པ་བཟུང་ངོ ། །ཕོ་བྲང་འཁོར་གྱི་མི་གཞན་དག་གིས་ནི་དགེ་སློང་སྟོང་གི་གདུགས་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་དུལ་ལ་འཁོར་ཡང་དུལ་བ་དང ། ཞི་ལ་འཁོར་ཡང་ཞི་བ་དང ། གྲོལ་ལ་འཁོར་ཡང་གྲོལ་བ་དང ། དབུགས་ཕྱིན་ལ་འཁོར་ཡང་དབུགས་ཕྱིན་པ་དང ། བྱང་ལ་འཁོར་ཡང་བྱང་བ་དང ། དགྲ་བཅོམ་
88a
༄#། །པར་གྱུར་ལ་འཁོར་ཡང་དགྲ་བཅོམ་པར་གྱུར་པ་དང ། འདོད་ཆགས་དང་འབྲལ་ལ་འཁོར་ཡང་འདོད་ཆགས་དང་བྲལ་བ་དང ། མཛེས་ལ་འཁོར་ཡང་མཛེས་པ་སྟེ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། སེང་གེ་གཅན་ཟན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། དཔའ་བོ་དམག་མིའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ས་མཁན་འགྲོན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ཚོང་དཔོན་གྲོང་ཁྱེར་གྱི་མིས་བསྐོར་བ་ལྟ་བུ་དང ། རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བུ་སྟོང་གིས་བསྐོར་བ་ལྟ་བུ་དང ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ཉི་མ་འོད་ཟེར་སྟོང་གིས་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ཐགས་ཟངས་རིས་ལྷ་མ་
88b
ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང ། ཚངས་པ་ཚངས་རིས་ཀྱིས་བསྐོར་བ་ལྟ་བུ་དང ། རྒྱ་མཚོ་ལྟར་ལྟེམ་མེ་འདུག་པ་དང ། སྤྲིན་རླན་དང་ལྡན་པ་ལྟ་བུ་དང ། གླང་པོ་ཆེའི་རྒྱལ་པོ་རྒྱགས་པ་མེད་པ་ལྟ་བུར་དབང་པོ་ཤིན་ཏུ་དང་བ་དང ། སྤྱོད་ལམ་གྱི་ཚུལ་མ་འཆལ་བ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དུ་མས་བརྒྱན་པའི་བཅོམ་ལྡན་འདས་གྲོང་ཁྱེར་དེར་གཤེགས་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་ཞབས་སྒོའི་ཐེམ་པ་ལ་བཞག་པ་དེའི་ཚེས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པའི་ཚེ་རྨད་དུ་བྱུང་བ་དེ་ལྟ་བུ་དག་བྱུང་ངོ ། །གཞན་ཡང ། འདི་ལྟ་སྟེ། སྒོ་དོག་པ་རྣམས་ནི་ཡངས་པར་གྱུར་ཏོ། །དམའ་བ་རྣམས་ནི་མཐོན་པོར་གྱུར་ཏོ། །གླང་པོ་ཆེན་རྣམས་ཀྱང་སྐད་འབྱིན་ཏོ། །རྟ་རྣམས་ཀྱང་སྐད་འབྱིན་ཏོ། །ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏོ། །རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་ཁྱིམ་ཁྱིམ་ན་འདུག་པ་རྣམས་ཀྱང་རང་སྒྲ་འབྱིན་ཏོ། །ལོང་བ་རྣམས་ཀྱང་མིག་གིས་མཐོང་བར་གྱུར་ཏོ། །འོན་པ་རྣམས་ཀྱང་རྣ་བས་ཐོས་པར་གྱུར་ཏོ། །ལྐུགས་པ་རྣམས་ཀྱང་སྨྲ་ཤེས་པར་གྱུར་ཏོ། །དབང་པོ་ལྷག་མ་མ་ཚང་བ་རྣམས་ཀྱང་དབང་པོ་ཚང་བ་ཐོབ་པར་གྱུར་ཏོ། །ཆང་གིས་ར་རོ་བ་རྣམས་ཀྱང་སངས་པར་གྱུར་ཏོ། །དུག་འཐུངས་པ་རྣམས་ཀྱང་དུག་མེད་པར་གྱུར་ཏོ།།
89a
༄#། །ཕན་ཚུན་འཁོན་པ་རྣམས་ཀྱང་བྱམས་པའི་སེམས་ཐོབ་པར་གྱུར་ཏོ། །སྤྲུམ་མ་རྣམས་ཀྱང་བདེ་བར་བཙའ་བར་གྱུར་ཏོ། །བཅིངས་པ་རྣམས་ཀྱང་གྲོལ་བར་གྱུར་ཏོ། །ནོར་མེད་པ་རྣམས་ཀྱང་ནོར་རྙེད་པར་གྱུར་ཏོ། །བར་སྣང་ལ་གནས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལྷའི་མེ་ཏོག་གི་ཆར་འབེབས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལྟ་བུའི་འབྱོར་བས་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་འང་བདག་ཉིད་ལག་དར་ཏེ་ཕྱི་རོལ་གྱི་སྒོ་ཁང་དུ་ཞབས་བསིལ་བའི་ཙནྡན་ས་མཆོག་པའི་ཆུ་ཐོགས་ཏེ། བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་གྱི་ཞབས་བསིལ་ཏོ། །དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རོ་བརྒྱ་དང་ལྡན་པའི་ཞལ་ཟས་གསོལ་ཏོ། །བཤོས་གསོལ་ནས་ཀ་ཤི་ཀའི་ན་བཟའ་ཡང་ཕུལ་ལོ། །རྒྱུ་དེ་ན་མ་ག་དྷའི་ཕོ་བྲང་འཁོར་གྱི་མི་རྣམས་དད་པར་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ཞུས་པ། བཙུན་པ། དགེ་བའི་རྩ་བ་གང་གིས་བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་གྱིས་འདི་ལྟ་བུའི་མཆོད་པ་བརྙེས་པའི་དགེ་བའི་རྩ་བ་རྣམས་
89b
བཅོམ་ལྡན་འདས་ཀྱིས་གང་དུ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར།། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བདེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ལྗོངས་
90a
༄#། །རྒྱུ་ཤིང་གཤེགས་པ་ལས་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ལྗོངས་རྒྱུ་ཤིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་དེར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་བ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་ཀྱིས། བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་གོ། དེ་ནས་རྒྱལ་པོ་དགའ་བར་གྱུར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་མཛད་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏོ། །འབུམ་རི་བའི་ན་བཟའ་ཡང་ཕུལ་ལོ། །ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་ཁོར་ཁོར་ཡུག་ཏུ་དཔག་ཚད་གཅིག་།འཕང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་
90b
རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་ང་དེ་མཛད་ལ་དེ་ལྟ་བུའི་མཆོད་པ་བྱས་ཏེ། དེས་ན་ངས་འཁོར་བ་ན་བདེ་བ་མཐའ་མས་པ་ཉམས་སུ་མྱོང་ལ་རྒྱུ་དེ་ཉིད་ཀྱིས་ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ནའང་ང་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལྷའི་ཟས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང།་ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང །
91a
༄#། །གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལ་ན་ད་ཀ་གནས་པ་ན་བཞུགས་སོ། །དེ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ། མུ་སྟེགས་ཅན་ལ་དགའ་བ་ཞིག་གནས་པར་དེ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་དད་པར་བྱས་ཏེ་བསྟན་པ་ལ་བཙུད་ནས། བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །ཁྱིམ་བདག་དེའང་རྒྱ་ཆེན་པོ་ལ་མོས་པ་ཞིག་སྟེ། དེས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་སྨྲས་པ། བདག་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པར་འཚལ་གྱི་གྲོགས་མཛོད་ཅིག་།ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཀྱང་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཁྱིམ་བདག་དེ་ཁྲིད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་
91b
ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ།་ཁྱིམ་བདག་འདི་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་འདི་ལ་ཐུགས་བརྩེ་བའི་སླད་དུ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རོ་བརྒྱ་དང་ལྡན་པའི་ཞལ་ཟས་དང ། མེ་ཏོག་དང ། སྤོས་དང།་མེ་ཏོག་ཕྲེང་དང ། བྱུག་པ་དང་བཤམས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ལྷའི་དབང་པོ་བརྒྱ་བྱིན་ལ་བསྐུར་ཏེ། ཁྱིམ་བདག་འདིའི་གྲོགས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དགའ་བྱེད་ཀྱི་ཚལ་དུ་སྤྲུལ་ཏོ། །ས་སྲུང་གི་བུ་དང ། རབ་བརྟན་དང་འདྲ་བའི་གླང་པོ་ཆེ་སྟོང་ཕྲག་མང་པོ་དག་ཀྱང་ཁྲིད་དེ་འོངས་ཏེ། དེ་དག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྟེང་དུ་གདུགས་རྩི་བས་བརྒྱ་དང་ལྡན་པ་འཛིན་ཏོ། །བདག་ལ་སོགས་པ་ལྷའི་བུ་མོ་སྟོང་ཕྲག་དུ་མའང་ཁྲིད་དེ་འོངས་ཏེ། དེ་དག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྔ་ཡབ་
92a
༄#། །ནོར་བུའི་ཡུ་བ་ཅན་གྱིས་གཡོབ་པར་བྱེད་དོ། །རབ་དགའ་དང ། ཟུར་ཕུད་ལྔ་པ་དང ། ཏུམ་བུ་རུ་ལས་སོགས་པ་དྲི་ཟ་སྟོང་ཕྲག་དུ་མའང་ཁྲིད་དེ་འོངས་ཏེ་དེ་དག་ནི་རོལ་མོའི་སྒྲའི་ཁྱད་པར་རྣམ་པ་སྣ་ཚོགས་ལེན་པར་བྱེད་དོ། །ལྷའི་བདུད་རྩིའི་ཞལ་ཟས་དག་ཀྱང་སྦྱར་ཏོ། །དེ་ནས་ཁྱིམ་བདག་དེས་ལྷ་དང ། ལྷའི་ཡོ་བྱད་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བསྐུར་བྱས་ནས་ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མ་སྒྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་བ་དང ། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་
92b
བྱུང་ན། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང་བསྡུས་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང།་ཨུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པ་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་
93a
༄#། །དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ།་ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་
93b
ཆོས་འདུལ་འདི་ཉིད་ལ། བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱིས་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེས་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་
94a
༄#། །རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། ། མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་རབ་སྤངས་པའི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་
94b
འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། ། ཀུན་དགའ་བོ། ཁྱིམ་བདག་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ། ཁྱིམ་བདག་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱས་པའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང།་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷའི་ཟས་སྦྱིན་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །སྐབས་འདི་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང ། གཡོག་འཁོར་རྣམས་ཀྱིས་ཐོས་ནས་མཆོག་ཏུ་ཡ་མཚན་
95a
༄#། །དུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཁྱིམ་བདག་འདིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལྷ་དང ། མིའི་འབྱོར་པ་དག་གིས་མཆོད་པ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་འདི་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་
95b
སློང་དག་།སྔོན་བྱུང་བ་འདས་པ་འདུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་ཞིག་ཏུ་བྱོན་ཏེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་འཁོར་དེར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་ཡང་དག་པར་འཛིན་དུ་བཅུག་གོ་།དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ཉན་
96a
༄#། །ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ལ་སྤྱན་དྲངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་ཀྱང་ཅང་མི་གསུང་བས་གནང་ངོ ། །དེ་ནས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོས་ཧ་ཅང་མི་གསུང་བས་གནང་བར་རིག་ནས། ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱང་རིན་པོ་ཆེ་ལས་བྱས་སོ། །སངས་རྒྱས་ཀྱི་དགའ་སྟོན་བྱས་ནས། དེར་སྲོག་ཆགས་འབུམ་ཕྲག་དུ་མ་དད་པ་ཆེན་པོ་སྐྱེས་ཏེ། རྒྱུ་དེ་དང ། རྐྱེན་དེས་དེ་དག་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་གང་པོ་ལ་དེ་ལྟ་བུའི་མཆོད་པ་བྱས་པ་དེས་ན། ངས་འཁོར་བ་ན་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་སྟེ། དེ་ཉིད་ཀྱི་རྒྱུས་ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ནའང་ང་ལ་ཚོང་དཔོན་དང ། བརྒྱ་བྱིན་གྱིས་འདི་ལྟ་བུའི་མཆོད་པ་བྱས་སོ། །དགེ་སློང་དག །
96b
དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ། །ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པ་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་རྫོགས་སོ།། །། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་དྲུག་པ། སྡོམ་ནི། ཙནྡན་དང་ནི་པདྨ་དང ། །དེ་བཞིན་འཁོར་ལོ་མགོ་བཅུ་པ། །མདོག་འཇམ་དང་ནི་འོད་བསལ་དང ། མཉན་པ་དང་ནི་སྤོས་ངད་ལྡང ། །དྲི་མེད་གདངས་སྙན་ཞེས་བྱ་བ། །སྡེ་ཚན་དག་ཏུ་བསྟན་པ་ཡིན། ཙནྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།
97a
༄#། །མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་བྲོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཡུལ་མ་ག་དྷ་ན་ལྗོངས་རྒྱུ་ཞིང་གཤེགས་པ་ལས། གངྒཱའི་ཀླུང་གི་འགྲམ་དུ་བྱོན་ཏོ། །དེའི་ཚེ་གངྒཱའི་ཀླུང་གི་འགྲམ་ནས་ཐག་མི་རིང་བ་ཞིག་ན་མཆོད་རྟེན་ཞིག་རལ་དུ་གྱུར་པ། རླུང་དང ། ཉི་ཚན་གྱིས་བཤིག་པ་ཞིག་འདུག་པ་དེ་དགེ་སློང་རྣམས་ཀྱིས་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། མཆོད་རྟེན་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་ཙནྡན་ཞེས་བྱ་བ་ཞིག་བྱུང་སྟེ་དེའི་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས། རང་སངས་རྒྱས་ཙནྡན་ལས་བྱུང་ལགས། མིང་ནི་ཅི་ལས་བཏགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་དག་།ཁྱོད་རང་སངས་རྒྱས་ཙནྡན་ག་ལས་བྱུང་བ་དང ། མིང་ཅི་ལས་བཏགས་པ་ཉན་པར་འདོད་དམ། གསོལ་པ། བཙུན་པ། ཉན་པར་འཚལ་ལགས་སོ། །
97b
བཀའ་སྩལ་པ། དགེ་སློང་དག་།འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུགས་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་གོ་།རྒྱལ་པོ་དེའང་ཆོས་ཅན་ཆོས་དང་ལྡན་པའི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་བུ་མེད་ནས་བུ་འདོད་དེ། གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལའང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པའི་ལྷ་དང ། ཆོས་མཐུན་པ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་སོ། །འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་
98a
༄#། །འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ། །དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ་དེའི་སྐྱེད་མོས་ཚལ་གྱི་རྫིང་ཆེན་པོ་ཞིག་ཡོད་པ་དེའི་ནང་ནས་ཀྱང་པདྨ་ཚད་ལས་འདས་པར་ཆེ་བ་ཞིག་སྐྱེས་ཏེ། དེ་ཉིན་གཅིག་བཞིན་དུ་ཆེར་སྐྱེ་ལ། ཁ་ནི་མི་འབྱེ་བ་ཞིག་ཡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་ཀྱང་པདྨ་དེ་ལེགས་པར་སྲུངས་ཤིག་ཅེས་བསྒོའོ། །ཕྱིས་རེ་ཞིག་ན་ཉི་མ་འཆར་ཀར་པདྨ་དེ་ཁ་བྱེ་ནས། པདྨ་དེའི་སྙིང་པོ་ལ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ།་སྣ་ལེགས་པ། སྨིན་མ་སྟུག་པ། ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་ཞིག་
98b
སྐྱིལ་མོ་ཀྲུང་བཅས་ཤིང་འདུག་སྟེ། དེའི་ཁ་ནས་ནི་པདྨའི་དྲི་འབྱུང་ལ། ལུས་ལས་ནི་ཙནྡན་གྱི་དྲི་འབྱུང་ངོ ། །དེ་ནས་ཀུན་དགའ་ར་བའི་སྲུང་མས་ཀྱང་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་བློན་པོ་དང ། བཙུན་མོ་དང་བཅས་པ་སྐྱེད་མོས་ཚལ་དུ་དོང་ནས། ཁྱེའུ་དེས་མཐོང་མ་ཐག་ཏུ་རྒྱལ་པོ་ལ་སྨྲས་པ། ཡབ་ཚུར་གཤེགས། བདག་ནི་ཁྱོད་སྲས་མི་མངའ་བའི་སྲས་ལགས་སོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་ལ་ཡི་རངས་ནས། སྨྲས་པ། བུ།་དེ་ནི་ཁྱོད་ཇི་སྐད་ཟེར་བ་བཞིན་ནོ། །དེ་ནས་རྒྱལ་པོ་རྫིང་གི་ནང་དུ་ཞུགས་ནས། པདྨའི་སྙིང་པོ་ལས་ཁྱེའུ་བླངས་ཏེ། ལག་པར་བཞག་གོ་།དེ་ནས་ཁྱེའུ་དེས་གང་དང ། གང་དུ་རྐང་པ་བཞག་པ་དེ་དང ། དེར་པདྨ་དག་བྱུང་ངོ ། །དེ་ནས་དེའི་མིང་ཙནྡན་ཞེས་བཏགས་སོ། ། གང་གི་ཚེ་ཁྱེའུ་ཙནྡན་ན་ཁད་ཀྱིས་ཆེར་སྐྱེས་པ་དེའི་ཚེ། གྲོང་ཁྱེར་གྱི་མི་རྣམས་ཀྱིས་རྒྱལ་པོ་ལ་གསོལ་པ། ལྷ།་བདག་ཅག་གི་གྲོང་ཁྱེར་འདིར་དུས་སྟོན་བྱུང་ན། ལྷ།་སྲས་ཙནྡན་བཏང་བའི་རིགས་སོ། །འོན་ཏང་བདག་ཅག་དང་ལྷན་ཅིག་ཏུ་དུས་སྟོན་མྱོང་བར་འགྱུར་ལ། གནས་ཐམས་ཅད་ཀྱང་པདྨས་བརྒྱན་པར་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། དེ་ལྟར་བྱའོ། །དེ་ནས་ཙནྡན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བློན་པོའི་བུ་རྣམས་ཀྱི་གཡོག་འཁོར་དང་བཅས་པ། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་བྱེད་ཅིང ། གྲོང་ཁྱེར་གྱི་
99a
༄#། །དུས་སྟོན་མྱོང་བར་བྱ་བའི་ཕྱིར། རྒྱལ་པོའི་ཕོ་བྲས་ནས་ཕྱི་རོལ་ཏུ་བྱུང་ངོ ། །དེ་ནས་དེ་དེར་འགྲོ་བ་ན་གོམ་པ་རེ་རེ་ལ་པདྨ་ལྟ་ན་སྡུག་ཅིང་ཡིད་འཕྲོག་པ་དག་བྱུང་སྟེ། དེ་དག་ལ་ཉི་མའི་འོད་ཟེར་གྱིས་ཕོག་མ་ཐག་ཏུ་རྙིས་ཤིང་བསྐམས་སོ། །དེ་ནས་སེམས་ཅན་དག་པ། བསམ་པ་དགེ་བ། སྔོན་སངས་རྒྱས་ལ་དགེ་བའི་རྩ་བ་སྐྱེད་སྐྱེད་པ་དེས་དེ་མཐོང་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྐྱེས་ཏེ། ཇི་ལྟར་པདྨ་འདི་དག་སྐྱེས་པའི་མོད་ལ་ནི་མཛེས་པར་འདུག་ལ། ཉི་མའི་འོད་ཟེར་གྱིས་གདུངས་པས་ནི་རྙིས་ཤིང་བསྐམ་པར་འགྱུར་བ་དེ་བཞིན་དུ། ལུས་འདིའང་དེ་དང་འདྲའོ་སྙམ་མོ། །དེ་དེ་ལྟར་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་གྱུར་ཏེ། དེས་སྐྱེ་བོའི་ཚོགས་ཀྱི་ནང་ན་འདུག་བཞིན་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་རེ་ཞིག་ན་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་དེ་ལ་གོས་ཚོན་ཅན་དག་ཕུལ་ཏེ། དེ་དག་བགོས་ནས་ནམ་མཁའ་ལ་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱས་ནས། དེ་མཐོང་བས་རྒྱལ་པོ་དང ། བློན་པོ་དང ། གྲོང་རྡལ་གྱི་མི་རྣམས་དང་བཅས་པར་དགའ་བ་ཆེན་པོ་ཐོབ་སྟེ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱང་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་
99b
སྩལ་པ།་དགེ་སློང་དག་།རང་སངས་རྒྱས་ཙནྡན་ནི་དེ་ལས་བྱུང་སྟེ་མིང་ཡང་དེ་ལས་བཏགས་སོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རང་སངས་རྒྱས་ཙནྡན་གྱིས་ལས་གང་དག་བགྱིས་ཤིང་བསགས་ན་དེས་དེའི་ལུས་ཀྱང་དྲི་གདའ་ལ་དབང་པོ་ལྔའང་རྣོ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་དེར་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་སྤོས་ཆུའི་དབང་བསྐུར་བའང་ཕུལ། མེ་ཏོག་དག་ཀྱང་བཏགས་ཏེ། དེར་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་ཡང་བསྒོམས་སོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། ། མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པདྨ་ཞེས་བྱ་བ་ནི། དྶངྶ་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་
100a
༄#། །རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དབུས་ན་འཁོད་པ་རྣམས་ཀྱི་ལུགས་ཀྱིས་ན། ཀུན་དགའ་ར་བའི་སྲུང་མ་རྣམས་ཀྱིས་པདྨ་དག་བླངས་ཏེ། སྲང་དུ་སོང་ཞིང་འཚོང་ངོ ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །བུད་མེད་གཅིག་ཀྱང་ཁྱེའུ་ཞིག་པང་ན་ཐོགས་ཏེ། སྲང་དུ་སོང་བ་ལས་ཁྱེའུ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་
100b
བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་པོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། ། མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ། གློ་བུར་དུ་ལག་པ་བརྐྱང་ནས་ཀུན་དགའ་ར་བའི་སྲུང་མ་ལས་པདྨ་བླངས་ཏེ། དེ་བཞིན་གཤེགས་པའི་དབུ་ལ་བོར་རོ། །དེ་ནས་པདྨ་དེ་ཤིང་རྟའི་ཕང་ལོ་ཙམ་དུ་གྱུར་ཏེ། སྟེང་གི་ནམ་མཁའ་ལ་འདུག་ནས། བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་ལ། གཞེས་ན་ནི་སྡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པདྨ་རཱི་གའི་མདོག་འདྲ་བའི་འོད་ཟེར་དག་བཀྱེ་ནས། དེས་མཉན་དུ་ཡོད་པ་རིལ་གྱིས་སྣང་བར་བྱས་སོ། །རྒྱུ་དེས་ན་རྒྱལ་པོ་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་རྣམས་དད་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བདུད་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང །
101a
༄#། །སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེད་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་
101b
གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང།་དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བ་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་
102a
༄#། །པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བདུན་ཡོངས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་
102b
གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ།་ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ།་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་
103a
༄#། །དོ། །ཀུན་དགའ་བོ། ཁྱེའུ་འདི་དད་པ་སྐྱེས་པས། དེ་བཞིན་གཤེགས་པ་ལ་པདྨ་འཐོར་བ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཁྱེའུ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་བཅོ་ལྔའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། ལྷ་དང ། མིའི་བདེ་བ་ཉམས་སུ་མྱོང་ནས། རང་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་འགྱུར་ཏེ། དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དགའ་བར་གྱུར་པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཁོར་ལོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའི་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་
103b
བྱས།་བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ནས་དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ནས། དེའི་ཆུང་མ་ལང་ཚོལ་བབ་པ་དེ་ཁྱིམ་ཐབ་ལ་གདུང་ཞིང་ཡོངས་སུ་མི་ཆད་ལ། སྨྲེ་སྔགས་འདོན་ཀྱང ། དེའི་ཁྱིམ་ཐབ་མ་འོངས་ནས་དེས་སྲེད་མེད་ཀྱི་བུ་ལ་ཕྱག་བཙལ་ཏེ་དམ་བཅས་པ། གལ་ཏེ་བདག་གི་ཁྱིམ་ཐབ་མྱུར་དུ་འོངས་ན་བདག་གིས་ཁྱོད་ལ་གསེར་གྱི་འཁོར་ལོ་དབུལ་ལོ་ཞེས་བྱས་སོ། །དེ་ནས་དེའི་ཁྱིམ་ཐབ་རྒྱ་མཚོའི་ནང་ནས་མྱུར་དུ་ཕྱིར་འཁོར་ཏེ། ཉེ་ཞོ་མེད་པར་བདེ་བར་འོངས་སོ། །དེ་ནས་དེས་གསེར་གྱི་འཁོར་ལོ་བྱེད་དུ་བཅུག་སྟེ། དེ་བྲན་པོའི་ཚོགས་ཀྱིས་བསྐོར་བས། འཁོར་ལོ་དང ། སྤོས་དང ། གདུག་པ་དང ། མེ་ཏོག་ཁྱེར་ཏེ་ལྷ་ཁང་དུ་ཆས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་བའམ། མི་གཟིགས་པའམ། མི་རྟོགས་པའམ།
104a
༄#། །ཐུགས་སུ་མི་ཆུད་པ་ཅིའང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ།་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ། རྟག་ཏུ་གནས་པར་བྱེ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་
104b
དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་པ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡེལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱི་བུ་མོ་དེས་ང་མཐོང་ན། རང་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ་སྙམ་དུ་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་རྒྱལ་པོའི་ཁབ་ཏུ་
105a
༄#། །བསོད་སྙོམས་ལ་གཤེགས་སོ། །དེ་ནས་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛད་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །དེ་ནས་མཐོང་བའི་མོད་ལ་དགའ་བ་ཐོབ་སྟེ། བཅོམ་ལྡན་འདས་ལ་གསེར་གྱི་འཁོར་ལོ་དོར་བར་བྱས་སོ། །དེ་ནས་བྲན་མོས་བཀག་སྟེ། འདི་སྲེད་མེད་ཀྱི་བུ་མ་ཡིན་ནོ་ཞེས་བྱས་སོ། །འོན་ཀྱང་དེ་བཀག་བཞིན་དུ་དད་པ་དྲག་པོས་ཡིད་འདུན་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྟེང་དུ་གསེར་གྱི་འཁོར་ལོ་བོར་རོ། །སྤོས་དང ། བདུག་པ་དང ། མེ་ཏོག་ཀྱང་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་
105b
མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོ་ན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང།་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་
106a
༄#། །རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས།
106b
བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟེན་པར་བཞད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི།་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་
107a
༄#། །རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་པ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོ་མ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། ། བཟང་པོ་བདག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་
107b
དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། བུ་མོ་འདིས་དེ་བཞིན་གཤེགས་པ་ལ་གསེར་གྱི་འཁོར་ལོ་བར་བ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། བུ་མོ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་བཅོ་ལྔའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། ལྷ་དང ། མིའི་བདེ་བ་ཉམས་སུ་མྱོང་ནས། རང་སངས་རྒྱས་འཁོར་ལོ་བླ་མ་ཞེས་བྱ་བར་འགྱུར་ཏེ། དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དགའ་བར་གྱུར་པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མགོ་བཅུ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་
108a
༄#། །དང།་ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཡུལ་མ་ག་དྷ་ན་ལྗོངས་རྒྱུ་ཞིང་གཤེགས་པ་ལས་གངྒཱའི་ཀླུང་གི་འགྲམ་དུ་བྱོན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་ཐག་རིང་པོ་ཞིག་ནས་མཆོད་རྟེན་རྙིང་པ་རླུང་དང ། ཉི་ཚན་གྱིས་བཤིག་པ་ཞིག་འདུག་པ་དེ་མཐོང་ངོ ། །མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། མཆོད་རྟེན་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་མགོ་བཅུ་པའི་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས། རང་སངས་རྒྱས་མགོ་བཅུ་པ་ག་ལས་བྱུང་ལགས། མིང་ནི་ཅི་ལས་བཏགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་རང་སངས་རྒྱས་མགོ་བཅུ་པ་ག་ལས་བྱུང་བ་དང ། མིང་
108b
ཅེ་ལས་བཏགས་པ་ཉན་པར་འདོད་དམ། གསོལ་པ། བཙུན་པ། ཉན་པར་འཚལ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག། འོ་ན། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང།་ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་གོ་།རྒྱལ་པོ་དེའང་ཆོས་ཅན་ཆོས་དང་ལྡན་པའི་རྒྱལ་པོ་ཞིག་སྟེ། ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་རྒྱལ་པོ་དེ་བུ་མེད་ནས་བུ་འདོད་དེ། གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུ་མ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པ་དང ། ཆོས་མཐུན་པ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་སོ། །འཇིག་རྟེན་ནའང་གསོལ་བ་བཏབ་
109a
༄#། །པའི་རྒྱུས། བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་བ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ། དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། དེའི་སྐྱེད་མོས་ཚལ་གྱི་རྫིང་ཆེན་པོ་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་བོས་གང་བ། འགྲམ་དང་པ་དང ། དུར་པ་དང ། ཟེལ་མོ་ལ་སོགས་པ་བྱ་སྣ་ཚོགས་ཀྱིས་མཛེས་པར་བྱས་བ་ཞིག་ཡོད་པ་དེའི་ནང་ནས་ཀྱང་པདྨ་ཚད་ལས་འདས་པར་ཆེ་བ་ཞིག་གློ་ཏོལ་དུ་སྐྱེས་ཏེ། དེ་ཉིན་གཅིག་བཞིན་དུ་ཆེར་སྐྱེ་ལ། ཁ་ནི་མི་འབྱེ་བ་ཞིག་ཡོད་དོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་ཀྱང་པདྨ་དེ་ལེགས་པར་སྲུངས་ཤིག་ཅེས་བསྒོའོ། །ཕྱིས་རེ་ཞིག་ན་ཉི་མ་འཆར་ཀར་པདྨ་དེ་ཁ་བྱེ་ནས། པདྨ་དེའི་སྙིང་པོ་ལ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་
109b
མདོག་བཟང་བ། གསར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དབེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་སྟེ། ཀུན་དགའ་ར་བའི་སྲུང་མས་ཀྱང་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོས་ཐོས་ནས། བློན་པོ་དང ། བཙུན་མོ་དང་བཅས་པ་སྐྱེད་མོས་ཚལ་དུ་དོང་སྟེ། པདྨའི་སྙིང་པོ་ལ་དེ་ལྟ་བུར་མཛེས་ཤིག་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ། ཡི་རངས་ནས་དགའ་བ་དང ། ཡིད་བདེ་བ་སྐྱེས་ཏེ། རྫིང་གི་ནང་དུ་ཞུགས་ནས་ཁྱེའུ་དེ་བླངས་ཏེ་བཀུར་སྟི་ཆེན་པོ་དང་ལྡན་པས་རང་གི་ཕོ་བྲང་དུ་ཁྱེར་ནས། དགེ་སྦྱོང་དང ། བྲམ་ཟེ་དང ། མཚན་མཁན་དག་ལ་བསྙད་དེ། ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་སྟོན་རྒྱས་པར་བྱས་ནས། མགོ་བཅུ་པ་ཞེས་མིང་བཏགས་སོ། །དེ་ནས་ཁྱེའུ་མགོ་བཅུ་པ་བང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་
110a
༄#། །ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏེ། ཁྱེའུ་དེའང་དད་པ་དང་ལྡན་ལ། བསམ་པ་བཟང་ཞིང་དགེ་བ་བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་སྟེ། དེས་ཡབ་རྒྱལ་ས་ན་འདུག་པ་ན། ཁ་ན་མ་ཐོ་བ་དང་བཅས་པ་དང ། ཁ་ན་མ་ཐོ་བ་མེད་པའི་ལས་དག་བྱེད་པ་མཐོང་ངོ ། །མཐོང་ནས་ཀྱང་ཁྱེའུ་དེ་མི་དགའ་ནས་ཡབ་ལ་གསོལ་པ། ཡབ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །ཡབ་ཀྱིས་ཀྱང་གནང་སྟེ། དེ་སྐྲ་དང ། ཁ་སྤུ་བྲེགས་ནས་གོས་ཚོན་ཅན་བགོས་ཏེ། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་དེས་ལུང་མནོས་པ་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་གྱུར་ཏེ། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་ནས། ནམ་མཁའ་ལ་འཕགས་ཏེ། ཡབ་ལ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ཡབ་ཀྱིས་ཟླ་བ་གསུམ་གྱི་བར་དུ་བཤོས་ལ་སྦྱན་དྲངས་སོ། །དེ་ནས་དེའི་ལུས་ཐོགས་པས་ཡོངས་སུ་སྐྱོ་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདས་པར་སོང་སྟེ། དེའི་མཆོད་རྟེན་འདི་ཡིན་ནོ། །དེ་ནས་དགེ་སློང་
110b
རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རང་སངས་རྒྱས་མགོ་བཅུ་པས་ལས་གང་དག་བགྱིས་ན། མའི་མངལ་དུ་མ་སྐྱེས་ཏེ། པདྨ་ལས་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མགོ་བཅུ་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མགོ་བཅུ་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་རྣམས་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་སུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་
111a
༄#། །པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེ། རྒྱལ་པོའི་ཕོ་བྲང་གཉེན་ལྡན་ཞེས་བྱ་བ་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བསོད་སྙོམས་ལ་གཤེགས་སོ། །དེད་དཔོན་ཞིག་ཀྱང་པདྨ་ཁྱེར་ཏེ་སྲང་དུ་ཞུགས་སོ། །དེ་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ།་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་པདྨ་དེ་བཅོམ་ལྡན་འདས་ཀྱི་སྟེང་དུ་བོར་ཏེ། བོར་མ་ཐག་ཏུ་པདྨ་དེ་བཅོམ་ལྡན་འདས་ཀྱི་སྟེང་དུ་ཤིང་རྟའི་ཕང་ལོ་ཙམ་དུ་གྱུར་ཏེ། བཅོམ་
111b
ལྡན་འདས་གཤེགས་ན་ནི་འགྲོ་ལ། གཞེས་ན་ནི་སྡོད་དོ། །དེ་ནས་རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་དེད་དཔོན་དེ་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་རང་གི་ཁྱིམ་དུ་སོང་བ་དང ། དེའི་སྐབས་སུ་དེའི་ཆུང་མ་བུ་བཙའ་ཞིང་འདུག་སྟེ། སྐད་ངན་མཐོན་ནས། དེས་བྲན་མོ་ལ་དེ་ཅི་ཞིག་ཅེས་དྲིས་སོ། །དེས་ཀྱང་དེ་བཞིན་དུ་བསྙན་དོ། །དེ་ནས་དེད་དཔོན་དེ་མི་དགའ་བར་གྱུར་ནས་སྨོན་ལམ་བཏབ་པ། བདག་ནམ་ཡང་འཁོར་བ་ན་མའི་མངལ་དུ་སྐྱེ་བར་མ་གྱུར་ཅིག་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་རང་སངས་རྒྱས་མགོ་བཅུ་པ་དེ་ཡིན་ཏེ། དགེ་བའི་རྩ་བ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ནམ་ཡང་མའི་མངལ་དུ་མ་སྐྱེས་ལ། སྲིད་པ་ཐ་མ་ལའང་དེའི་འབྱོར་པ་དེ་འདྲ་བར་གྱུར་ཏོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མདོག་འཇམ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་
112a
༄#། །ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཡོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ནོར་དང་ཡོ་བྱད་མང་པ། བདག་དབང་བ་མང་པ། མཛའ་བོ་དང ། བློན་པོ་དང ། ཉེ་དུ་དང ། རྒན་རབས་མང་བ་ཞིག་ཡོད་དེ། ཁྱིམ་བདག་དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་
112b
ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་གོ་།དེ་ནས་དེ་འདི་སྙམ་དུ་སེམས་ཏེ། ལོངས་སྤྱོད་འདི་དག་ནི་ཆུ་ཟླ་ལྟ་བུའི་རང་བཞིན་ཅན། སྨིག་རྒྱུ་དང་འདྲ་བ། མི་རྟག་པ། མི་བརྟན་པ། ཐེར་ཟུག་པ་མ་ཡིན་པ། ཡིད་བརྟན་དུ་མི་རུང་བ་འགྱུར་བའི་ཆོས་ཅན། གནོད་པ་ཆེན་པོ་ལྔ་དང་ཐུན་མོང་དུ་འདུག་པ་ཡིན་གྱི། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཆོ་ག་དང་ལྡན་པའི་ཁྲུས་གསོལ་ལ། ཞལ་ཟས་བཟང་པོས་ཚིམ་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་གསོལ་པ་དང ། གདུགས་ཚོད་གསོལ་བར་སྤྱན་དྲངས་སོ། །དེ་ནས་དེ་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཆོ་ག་དང་ལྡན་པའི་ཁྲུས་ལ་གཤེགས་སོ། །དེ་ནས་ཚོང་དཔོན་དེ་ཏིལ་མར་སྤོས་ཅན་ཁྱེར་ཏེ་བསྲོ་ཁང་དུ་སོང་ནས། བདག་ཉིད་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་གསོལ་ཟིན་པ་དེའི་ཚེ། ཁྱིམ་བདག་དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རང་གི་ལག་ནས།
113a
༄#། །བཟའ་བ་དང ། བཅའ་བ་གཙང་མ་བཟང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང ། བཅའ་བ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ཁྱེར་ཏེ་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། དེ་ལ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཚོང་དཔོན་དེ་དད་པ་རྙེད་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། སེམས་ལ་རྟས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་
113b
འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བདུད་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་པའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ། བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་
114a
༄#། །མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་
114b
སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱེ་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། ། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་
115a
༄#། །ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་
115b
འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། །ཀུན་དགའ་བོ།་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཚོང་དཔོན་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཚོང་དཔོན་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། རང་སངས་རྒྱས་མདོག་འཇམ་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལས་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །དགེ་སློང་དག ། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བདུན་པ། འོད་བསིལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་
116a
༄#། །འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་དག་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་གོ་།དེ་ནས་དེ་
116b
འདི་སྙམ་དུ་སེམས་ཏེ། ལོངས་སྤྱོད་འདི་དག་ནི་ཆུ་ཟླ་ལྟ་བུའི་རང་བཞིན་ཅན། གླང་པོ་ཆེའི་རྣ་བ་ལྟར་གཡོ་བ། མི་རྟག་པ། མི་བརྟན་པ། ཐེར་ཟུག་པ་མ་ཡིན་པ། ཡིད་བརྟན་དུ་མི་རུང་བ།་འགྱུར་བའི་ཆོས་ཅན། གནོད་པ་ཆེན་པོ་ལྔ་དང་ཐུན་མོང་དུ་འདུག་པ་ཡིན་གྱི། བདག་གིས་ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱ་གོར་མ་ཆགས་སྙམ་མོ། །དེས་སོས་ཀའི་དུས་ལ་བབ་པ་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་ཡང་རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་བྱས་ཏེ། ཙནྡན་གྱི་ཆུས་ནི་ཆག་ཆག་བཏབ། སྤོས་སྣ་ཚོགས་ཀྱི་སྣོད་ནི་བཀྲམ། དྲི་ཞིམ་པོའི་བདུག་པས་ནི་བདུགས། མེ་ཏོག་སྣ་ཚོགས་ཀྱིས་ནི་གཏོར། མེ་ཏོག་གི་གདན་རྣམས་ནི་བཤམས་སོ། ། དེ་ནས་ཁུ་བ་བསིལ་བའི་བཏུང་བ་རྣམས་དང ། འཁུར་བ་དང ། བཤོས་རྣམས་སྟ་གོན་བྱས་ནས། བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ། བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས། ཁྱིམ་བདག་དེའི་ཁྱིམ་ག་
117a
༄#། །ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང ། བཅའ་བ་གཙང་མ་བཟང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང ། བཅའ་བ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས། སྟན་ཆེས་དམའ་བ་ཞིག་ཁྱེར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁྱིམ་བདག་དེ་དད་པ་རྙེད་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ཏེ། སེམས་ལ་རྟས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་
117b
རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པར་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི། འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བདུད་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱེ་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ།་ཀྱེ།་ཅི། བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གི་སྤྲུལ་བ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་
118a
༄#། །བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་གྱུར་ཏོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང།་ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་
118b
གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་བར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལ་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི།་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་
119a
༄#། །རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། ། བརྟན་པོས་ཉད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་བ་སོ་མ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་
119b
ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱལ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱིམ་བདག་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཁྱིམ་བདག་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས།་རང་སངས་རྒྱས་འོད་བསིལ་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཉན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་
120a
༄#། །རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཡུལ་ག་ག་དྷ་ན་ལྗོངས་རྒྱུ་ཞིང་གཤེགས་པ་ལས་གངྒའིའི་ཀླུང་གི་འགྲམ་དུ་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། མཉན་པ་རྣམས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། མཉན་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ།་ཆུ་ཀླུང་འདི་ལས་ང་སྒྲོལ་ཅིག་།མཉན་པ་རྣམས་ཀྱིས་གསོལ་པ། གྲུ་བཙས་སྩོལ་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་མཉན་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་
120b
ཡང་སྔོན་མཉན་པ་བྱེད་བྱེད་དེ། ངས་དགའ་བོ་ནི་འདོད་ཆགས་ཀྱི་ཆུ་ཀླུང་དུ་ལྷུང་བ་ལས་བསྒྲལ། སོར་ཕྲེང་ནི་ཞེ་སྡང་གི་རྒྱ་མཚོར་ལྷུང་བ་ལས་བསྒྲལ། བྲམ་ཟེའི་བུ་ང་རྒྱལ་གྱིས་ཁེངས་པ་ནི་ང་རྒྱལ་གྱི་མཚོར་ལྷུང་བ་ལས་བསྒྲལ། ལྟེང་རྒྱས་འོད་སྲུང་ནི་གཏི་མུག་གི་རྒྱ་མཚོར་ལྷུང་བ་ལས་བསྒྲལ་ཏེ། འོན་ཀྱང་ངས་གྲུ་བཙས་མ་བླངས་སོ། །དེ་སྐད་ཅེས་བཀའ་སྩལ་ཀྱང་བསྒྲལ་བར་ཁས་མ་བླངས་སོ། །དེ་ནས་མཉན་པ་ཞིག་གིས་བཅོམ་ལྡན་འདས་ཀྱི་གསུང་ཡན་ལག་བརྒྱད་དང་ལྡན་པའང་ཐོས། གཟུགས་ཕུན་སུམ་ཚོགས་པ་དེའང་མཐོང་ནས་དད་པ་སྐྱེས་ཏེ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བསྒྲལ་བར་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་དགེ་སློང་རྣམས་གྱུར་ཞུགས་པ་དང ། བཅོམ་ལྡན་འདས་རྫུ་འཕྲུལ་གྱིས་མཉན་པ་དེ་བས་ཀྱང་ཆེས་སྔར་ཕ་རོལ་གྱི་འགྲམ་དུ་ཞུགས་པར་གྱུར་ཏོ། །དེ་ནས་མཉན་པ་དེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས། སེམས་དགའ་བར་གྱུར་ཏེ་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། མཉན་པ་དེས་དེ་ཐོས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་དགའ་
121a
༄#། །བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལ་བསྒྲལ་བ་དང ། ངན་སོང་གི་སྒོ་ཐམས་ཅད་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་ནས་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས།་མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་གསོལ་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱིས་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ལས། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེའི་ནང་ནས་མཉན་པ་གཅིག་ཅིག་འགྱོད་པ་ཆེན་
121b
པོ་སྐྱེས་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཉེས་པ་བཤགས་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དོ། །དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་ནི་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་
122a
༄#། །པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བས་དེར་ཉིད་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུང་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམ་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང །
122b
མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་གྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྔོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་རྣམས་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ།
123a
༄#། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། ། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་
123b
རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། མཉན་པ་འདིས་ང་ལ་སེམས་དགའ་བ་བསྐྱེད་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། མཉན་པ་འདི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་མ་འོངས་པའི་དུས་ན། རང་སངས་རྒྱས་འཁོར་བ་བརྒལ་ཅེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་
124a
༄#། །པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྤོས་ཀྱི་ངད་ལྡང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ།་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན།
124b
འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཡུལ་དབུས་ན་འཁོང་བའི་ཡུལ་མི་རྣམས་ཀྱི་ལུགས་ཀྱིས་ན། ཕལ་ཆེར་བྱུག་པ་སྣ་ཚོགས་ཀྱིས་ལུས་སྐུད་པར་བྱེད་དོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་གི་བུ་ཞིག་ཡོད་པ་དེའི་བྲན་མོ་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ་ཞིག་ཡོད་པ་དེའི་ཙནྡན་དམར་པོ་བདར་ཞིང་འདུག་གོ ། བཅོམ་ལྡན་འདས་ཀྱང་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱི་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་རྒྱལ་པོའི་ཁབ་དུ་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་བུ་མོ་དེ་དད་པ་ཆེན་པོ་སྐྱེས་སོ། །དེ་ནས་དེ་དད་པ་རྙེད་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་འདི་ལྟ་བུའི་ཞིང་རྙེད་ཀྱང་དབུལ་བའི་ཉེས་པས། བཅོམ་ལྡན་འདས་ལ་བཀུར་སྟི་བྱེད་མི་ནུས་ན། བདག་གིས་འཚོ་བ་འདི་འདྲ་བ་ཅི་དགོས་སྙམ་མོ། །དེ་ནས་དེས་རང་གི་སྲོག་ལའང་མ་བལྟས་ཏེ། ལག་པ་གཉི་ག་ཙནྡན་དམར་
125a
༄#། །པོས་བྱུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བསྐུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱིས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་རིལ་གྱིས་ཙནྡན་གྱི་དྲིས་གང་བར་མཛད་དོ། །དེ་ནས་བུ་མོ་དེས་ཆོ་འཕྲུལ་དེ་མཐོང་ནས་སེམས་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་སེམས་ལ་རྟས་པར་བྱས་ཏེ། བདག་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང།་སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བདུད་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ུཏྤལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་
125b
ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གིས་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དོ། །དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུ་ཡང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གིས་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་
126a
༄#། །དང།་ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་བ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པ་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་
126b
དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །
127a
༄#། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཆིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། བུ་མོ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། བུ་མོ་འདི་དགེ་བའི་རྩ་བ་དང ། སེམས་
127b
བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། མ་འོངས་པའི་དུས་ན་རང་སངས་རྒྱས་སྤོས་ཀྱི་ངད་ལྡང་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དྲི་མ་མེད་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། །ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང།་ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང །
128a
༄#། །ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཀུན་དགའ་ར་བའི་སྲུང་མ་ཞིག་ཡོད་དེ། དེས་སོ་ཤིང་ཞིག་ཁྱེར་ཏེ་མཉན་དུ་ཡོད་པར་སོང་ངོ ། །ལྟས་མཁན་ཞིག་ཀྱང་སྒོ་ཀ་ན་འདུག་སྟེ། དེ་ན་རེ། སོ་ཤིང་འདི་སུ་ཟ་བ་དེ་ནི། ཟས་རོ་བརྒྱ་དང་ལྡན་པ་ཟ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ཀུན་དགའ་ར་བའི་སྲུང་མས་ཚིག་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། སོ་ཤིང་འདི་གང་ལ་བྱིན་ན། དེའི་རྒྱུས་བདག་ཆེར་བཀུར་བར་འགྱུར་ཞིག་གུ་སྙམ་མོ། ། ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་རྒྱུ་བ་དང ། མི་རྒྱུ་བའི་འཇིག་རྟེན་ན། བསོད་ནམས་ཀྱི་ཞིང་འགྲོ་བ་འབྲས་བུ་ཡོད་པ་ཡིན་གྱི། བདག་གིས་འདི་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་ལོ་སྙམ་མོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེས་སོ་ཤིང་དེ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཀུན་དགའ་ར་བའི་སྲུང་མ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་
128b
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཚེམས་ཤིང་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་སྲུང་མ་ལ་ཕན་གདགས་པའི་ཕྱིར། ཕྱག་གསེར་གྱི་ཁ་དོག་ཅན་གླང་པོ་ཆེའི་སྣ་ལྟར་འདུག་པ་བརྐྱང་ནས་བཞེས་སོ། །བཞེས་ནས་ཀྱང་དེ་ཀུན་དགའ་ར་བའི་སྲུང་མའི་མདུན་དུ་གསོལ་ཏོ། །གསོལ་ནས་ཀྱང་སོ་ཤིང་དེ་ས་ལ་བཙུགས་སོ། །དེ་ནས་བཙུགས་པའི་མོད་དེ་ཁོ་ནའི་སྐད་ཅིག་ལ་ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པའི་ཤིང་ནྱ་གྲོ་དྷ་ཆེན་པོ་ཆུ་ཞེང་གབ་པ་ཞིག་ཏུ་གྱུར་ཏེ། དེའི་གྲིབ་མ་ལ་བཅོམ་ལྡན་འདས་བཞུགས་ནས་ལྷ་དང ། མི་དུ་མ་ལ་ཆོས་བསྟན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏོ། །དེ་ནས་ཀུན་དགའ་ར་བའི་སྲུང་མ་དེ་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱིས་སེམས་དད་པར་བྱས་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་ཕྱག་འཚལ་ཏེ། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་
129a
༄#། །ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བདུད་འཛོམས་དང།་དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང།་ཨ་ཆུ་ཟེར་དང ། ུཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པ་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །
129b
དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ཏུ་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་
130a
༄#། །གྱིས། །གང་ཞིག་ཆོས་འདུལ་དཱི་ཉིད་ལ། །བདག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ།་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། ། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་
130b
བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི།་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡིས། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བསྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་
131a
༄#། །བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་བ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཀུན་དགའ་ར་བའི་སྲུང་མ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཀུན་དགའ་ར་བའི་སྲུང་མ་འདིས་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། སྲིད་པ་ཐ་མ་དང ། གནས་ཐ་མ་དང།་ལུས་ཐ་མ་དང ། བདག་གི་ངོ་བོ་ཐ་མ་ལ་ཐོབ་པ་ནི་རང་སངས་རྒྱས་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ། །ཞེས་དགེ་སློང་ཁྱེད་
131b
ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ།། །། གདངས་སྙན་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང།་མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བསྐུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་རྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང།་གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉམ་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་
132a
༄#། །སྙོམས་ལ་གཤེགས་སོ། །མཛའ་སྔེ་བོ་མང་པོ་ཞིག་ཀྱང་ཆང་གི་ར་རོ་ཞིང་མྱོས་ནས། པི་ཝ་ང་དང ། གླིང་བུ་དང ། རྫ་རྔ་དང ། རྔ་ཟླུམ་རྣམས་དང ། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་བྱེད་དེ། གར་བྱེད་གླུ་ལེན་ལ། མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། པར་ཤི་ཀ་ལ་སོགས་པ་མེ་ཏོག་གི་ཕྲེང་བ་མང་པོའང་མགུལ་དུ་བཏགས་ནས། གོས་ཁྱད་པར་དུ་འཕགས་པ་དག་བགོས་ཏེ་མཉན་དུ་ཡོད་པའི་ཕྱི་རོལ་དུ་བྱུང་ངོ ། །དེ་ནས་མཛའ་སྡེ་བོ་དེ་དག་གིས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་མ་ཐག་ཏུ་དེ་དག་ཆང་གིས་ར་རོ་བ་དེ་ལས་སངས་པར་གྱུར་ཏོ། །དེ་ནས་ར་རོ་བ་ལས་སངས་ནས་སེམས་དགའ་ཞིང་དད་པར་གྱུར་ཏེ། གར་དང ། གླུ་དང ། རོལ་མོའི་སྒྲ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་སོ། །ུཏྤ་ལ་སྔོན་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་སྟེང་དུ་གཏོར་ཏེ། དེ་དག་བཅོམ་ལྡན་འདས་ཀྱི་སྟེང་དུ་ཁང་བ་བརྩེགས་པ་སྔོན་པོ་དང ། ཁང་པ་སྔོན་པོ་དང ། གདུགས་སྔོན་པོ་ལྟ་བུར་གྱུར་ཏེ་འདུག་ནས།
132b
དེ་དག་བཅོམ་ལྡན་འདས་གཤེགས་ན་ནི་འགྲོ་ལ། གཞེས་ན་ནི་སྡོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྔོན་པོ་དག་བཀྱེ་སྟེ། འོད་དེ་དག་གིས་མཉན་དུ་ཡོད་པ་ནོར་བུ་ཨན་ད་རྙིལ་གྱི་མདོག་འདྲ་བར་འདུག་པར་བྱས་སོ། །དེ་ནས་མཛའ་སྡེ་བོ་དེ་དག་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ། སེམས་ལ་རྟགས་པར་བྱས་ནས་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་འདིས་བདག་ཅག་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། དུ་འབོད་དང ། དུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། ཆུ་བུར་ཅན་དང ། ཆུ་བུར་རྡོལ་དང ། སོ་ཐམས་ཐམས་དང ། ཀྱི་ཧུད་ཟེར་དང ། ་ཆུ་ཟེར་དང ། ཏྤ་ལ་ལྟར་གས་པ་དང ། པདྨ་ལྟར་གས་པ་དང ། པདྨ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་
133a
༄#། །དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི།་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་ས་མ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ།་ཅི་ཁ་དག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་འང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང ། མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་རྣམས་དང ། དགའ་ལྡན་རྣམས་དང།་འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚངས་པ་ཆེན་པོ་རྣམས་
133b
དང།་འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་རྣམས་དང ། མི་ཆེ་རྣམས་དང ། མི་གདུང་རྣམས་དང ། གྱ་ནོམ་སྣང་བ་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་\?\་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་
134a
༄#། །སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། ། ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི།་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ །
134b
ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། ། ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང ། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་འདའ་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། མཛའ་སྡེ་བོ་འདི་རྣམས་ཀྱིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་
135a
༄#། །དགའ་བོ། མཛའ་སྡེ་བོ་འདི་རྣམས་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་ཉི་ཤུའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། སྲིད་པ་ཐ་མ་དང ། གནས་ཐ་མ་དང ། ལུས་ཐ་མ་དང ། བདག་གི་ངོ་བོ་ཐ་མ་ཐོབ་པ་ན། རང་སངས་རྒྱས་གདངས་སྙན་ཞེས་བྱ་བར་ཤ་སྟག་ཏུ་འགྱུར་རོ། །དེ་དག་གི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་དད་པར་བྱས་པ་འདི་ཡིན་ནོ། །དགེ་སློང་དག་།དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ལ་བཀུར་སྟི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་རྫོགས་སོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བརྒྱད་པ། སྡོམ་ནི། པདྨ་དང་ནི་ཁམ་རེ་དང ། །ཆོས་སྐྱོང་དེ་བཞིན་ཞི་ལྡན་དང ། ། གཟུགས་བཟང་མཛའ་བོའི་བུ་མོ་དང ། །རི་བོང་དང་ནི་ཆོས་ཚོལ་དང ། །མགོན་མེད་ཟས་སྦྱིན་རབ་བཟང་བ། །སྡེ་ཚན་དག་ཏུ་བསྟན་པ་ཡིན། །པདྨ་ཞེས་བྱ་བ་ནི། སངས་
135b
རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སྟོན་གྱི་དུས་ཀྱི་ཚེ། དགེ་སློང་དག་སྐྱ་རྦབ་སེར་པོའི་ནད་ཀྱིས་ཐེབས་ཏེ། ལུས་རིད་ཅིང་ལུས་ཉམས་ཆུང་བར་གྱུར་ཏོ། །བཅོམ་ལྡན་འདས་ནི་སྙུན་མི་མངའ་ཞིང་གནོད་པ་མེད་ལ་སྙུན་གྱིས་བཏབ་པ་མེད་དེ། སྟོབས་དང་ལྡན་ནོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་ཁ་ཅིག་ནི་སྟོན་གྱི་ནད་སྐྱ་རྦབ་སེར་པོས་ཐེབས་
136a
༄#། །ཏེ།་ལུས་རིད་ཅིང་ལུས་ཉམ་ཆུང་བར་གྱུར། བཅོམ་ལྡན་འདས་ནི་སྙུན་མི་མངའ་ཞིང ། །གནོད་པ་མ་མཆིས་ཏེ། སྟོབས་དང་ལྡན་ཞིང་རང་བཞིན་གྱིས་སྙུན་མི་མངའ་ལ་ཕོ་བའི་དྲོད་སྙོམས་ཤིང ། འཇུ་བ་དང་ལྡན་པ་ལ་གཟིགས། བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང།་མའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་པདྨ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང ། རྒྱས་པ་དང་།།
136b
བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང་མི་མང་པོས་གང་པ་དང ། འཐབ་པ་དང ། རྩོད་པ། ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་པ་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ་དང ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ་སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེའི་ཚེ་ཝཱ་ར་ཎཱ་སིར་དང་དུས་ཚིགས་མ་སྙོམས་པ་ལས་མི་ནད་ཆེན་པོ་བྱུང་སྟེ། སེམས་ཅན་ཕལ་ཆེར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་བོ། །དེ་ནས་རྒྱལ་པོས་དེ་དག་མཐོང་ནས་སྙིང་རྗེ་བསྐྱེད་དེ། བདག་གིས་འདི་དག་ཡོངས་སུ་བསྐྱབ་པར་བྱ་ཞིང་གསོ་བར་བྱའོ་སྙམ་མོ། །དེ་ནས་ཡུལ་ཐམས་ཅད་ན་སྨན་པ་འཁོད་པ་རྣམས་བསྡུས་ཏེ། བསྒོ་ནས་སེམས་ཅན་དེ་དག་ནི་ནད་ཀྱི་གཞི་དང ། གནས་དང ། སྔ་ནས་གཞི་ཡོད་པ་རྟོགས་ནས། དེའི་འོག་ཏུ་བདག་ཉིད་ཀྱིས་གསོ་བ་དང ། སྨན་ཐམས་ཅད་བསྡུས་པར་བྱས་སོ། །དེ་ནས་གསོས་ཏེ། ནོར་དང ། སྨན་དང ། ནད་གཡོག་དང་ལྡན་པར་བྱས་ཀྱང་ཡུན་རིང་པོ་
137a
༄#། །ཞིག་ལོན་གྱི་བར་དུ་སེམས་ཅན་དེ་དག་གསོ་མ་ནུས་སོ། །དེ་ནས་རྒྱལ་པོས་སྨན་པ་ཐམས་ཅད་བཀུར་སྟེ་གུས་པར་བྱས་ནས། ཀྱེ། ཅིའི་ཕྱིར་སེམས་ཅན་འདི་དག་གསོ་དཀའ་བར་གྱུར་ཅེས་སྨྲས་སོ། །དེ་ནས་སྨན་པ་རྣམས་ཀྱིས་དཔྱད་དེ། ཡོན་ཏན་དང ། ཉེས་པར་གྲོས་མཐུན་པར་གསོལ་པ། ལྷ།་དུས་མ་སྙོམས་པ་དང ། ཁམས་མ་སྙོམས་པ་ལས་གྱུར་པ་ལགས་པས། ལེགས་པར་མ་རྟོགས་མོད་ཀྱི། ལྷ།་འོན་ཀྱང་སྨན་སྣ་གཅིག་མཆིས་ཏེ། ཉ་རོ་ཧི་ཏ་ཞེས་བགྱི་བ་ཞིག་མཆིས་ལ། གལ་ཏེ་རྙེད་ན་ནི་དེས་གསོ་པར་ནུས་ལགས་སོ། །དེ་ནས་རྒྱལ་པོ་ཉ་རོ་ཧི་ཏི་ཀུན་ཏུ་ཚོལ་བ་ལ་ཞུགས་ཏེ། དེས་ཚོལ་བའི་མི་མང་པོ་བཀྱེ་ནས་བཙལ་ཀྱང་མ་རྙེད་དོ། །དེ་ནས་དེ་དག་གིས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་འཆག་ཏུ་གཤེགས་པ་དང ། ནད་པ་དེ་དག་ཀྱང་གཅིག་ཏུ་འདུས་ཏེ་འཁོད་ནས། རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ཆེན་པོ། བདག་ཅག་ནད་འདི་ལས་ཡོངས་སུ་བསྐྱབ་ཅིང་སྲོག་སྩལ་དུ་གསོལ། དེ་ནས་རྒྱལ་པོས་ནད་པ་རྣམས་ཀྱི་ཚིག་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་བསྔལ་སྐད་ཟེར་ལ་གཏི་ཞིང་སྨྲ་བའི་ཚིག་ཐོས་ནས། སྙིང་རྗེས་སྙིང་བསྐྱོད་དེ་འཆི་མ་འཛག་ཅིང་ངུ་བཞིན་དུ་ཕྱུང་ནས་བསམས་པ། བདག་གིས་གཞན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཞི་བར་བྱེད་ཀྱང་མ་ནུས་ན། བདག་གི་འཚོ་བ་འདི་ལྟ་བུ་དང ། རྒྱལ་སྲིད་
137b
ཀྱེ་དབང་ཕྱུག་འདི་འདྲ་བ་ཅི་དགོས་སྙམ་མོ། །དེ་སྙམ་དུ་བསམས་ནས། རྒྱལ་པོས་ནོར་ཕལ་པོ་ཆེ་ཡོངས་སུ་གཏོང་བ་བྱས་ཏེ། བུ་ཐུ་བོ་རྒྱལ་པོར་བཅུག་ནས། ཉེ་དུ་དང ། སྐྱེ་བོ་རྣམས་ལ་ཉེས་པ་བཤགས་ཏེ། ཕོ་བྲང་འཁོར་གྱི་མི་དང ། བློན་པོ་རྣམས་ལ་བསྟོད་ནས། ནད་པ་སྡུག་པ་རྣམས་དབུགས་ཕྱུང་སྟེ། བརྟུལ་ཞུགས་ཡན་ལག་བརྒྱད་པ་ཡང་དག་པར་བླངས་ནས།་ཁང་བཟང་གི་སྟེང་དུ་སོང་སྟེ། བདུག་པ་དང ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་རྣམས་གཏོར་ནས། ཤར་ཕྱོགས་སུ་ཁ་བལྟས་ཏེ་སྨོན་ལམ་བཏབ་པ། བདེན་པ་དང ། བདེན་པའི་ཚིག་གང་གིས་སེམས་ཅན་རྣམས་ཤིན་ཏུ་ཕོངས་པར་གྱུར་ཏེ། ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས། བདག་གིས་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བའི་བདེན་པ་དང ། བདེན་པའི་ཚིག་འདིས་བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཅིག་ཅེས་སྨྲས་ནས། ཁང་བཟང་གི་སྟེང་ནས་བདག་ཉིད་ཀྱིས་མཆོངས་སོ། །དེར་ལྷུང་བའི་མོད་ལ་ཤི་ནས། ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་ཉ་བོ་ཆེ་རོ་ཧི་ཏ་ཞེས་བྱ་བར་སྐྱེས་སོ། །དེ་ནས་ལྷ་རྣམས་ཀྱིས་ཡུལ་ཐམས་ཅད་དུ་ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་ཉ་བོ་ཆེ་རོ་ཧི་ཏ་ཞེས་བྱ་བ་སྐྱེས་པ་དེ་ནི་ནད་ཚབས་པོ་ཆེས་གཟིར་ནས་ཡུན་རིང་དུ་ལོན་པ་རྣམས་ཀྱི་བདུད་རྩི་དང་འདྲའོ་ཞེས་སྒྲ་སྒྲོགས་སོ། །དེ་ནས་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེས་
138a
༄#། །ལག་ན་མཚོན་ཆ་ཐོགས་ནས་སྐོན་པ་ཁྱེར་ཏེ་དོང་ནས། ཉ་དེ་གསོན་པོར་མཚོན་ཆ་རྣོན་པོ་རྣམ་པ་སྣ་ཚོགས་ཀྱི་ཤ་རྣམས་གཅོད་པ་ལ་ཞུགས་སོ། །བྱང་ཆུབ་སེམས་དཔའ་དེའང་དེ་ལྟར་ལུས་གཅོད་པ་ན། སེམས་ཅན་དེ་དག་ལ་བྱམས་པས་ཁྱབ་པར་བྱས་ནས་གདོང་མཆི་མ་དྲོན་པོ་འཛག་སྟེ། དེས་བསམས་པ། བདག་གི་ཤ་ཁྲག་གིས་སེམས་ཅན་འདི་དག་བདེ་བར་འགྱུར་བ་འདི་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས། དེ་ལྟ་བུའི་ཚུལ་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་སེམས་ཅན་དེ་དག་ཚིམ་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་སེམས་མ་ལོག་གོ་།གང་གི་ཚེ་སེམས་ཅན་དེ་དག་གི་ནད་དེ་ཞི་བར་གྱུར་པ་དེའི་ཚེ། ཉ་པོ་ཆེ་རོ་ཧི་ཏ་དེས་སྒྲ་སྒྲགས་པ། ཀྱེ་སེམས་ཅན་དག་།ཁྱོད་ཉོན་ཅིག་།ང་ནི་རྒྱལ་པོ་པདྨ་ཞེས་བྱ་བ་དེ་ཡིན་ཏེ། ངས་ཁྱེད་ཀྱི་དོན་དུ་རང་གི་སྲོག་ཡོངས་སུ་བཏང་ནས་ལུས་འདི་ལྟ་བུ་བླངས་པ་ཡིན་གྱི། ང་ལ་སེམས་དགའ་བར་གྱིས་ཤིག་དང ། གང་གི་ཚེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེའང་ཁྱེད་ནད་ལས་གཏན་དུ་ཡོངས་སུ་ཐར་པར་བྱ་སྟེ། མྱ་ངན་ལས་འདས་པ། གཞའ་གསང་གི་མཐར་ཐུག་པ། གྲུབ་པ་དང ། བདེ་བ་ལ་དགོད་པར་བྱའོ་ཞེས་བྱས་སོ། །དེ་སྐད་ཐོས་
138b
ནས་སྐྱེ་བའི་ཚོགས་དེ་དག་དང ། རྒྱལ་པོ་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་དད་པ་རྙེད་དེ། མེ་ཏོག་དང ། མེ་ཏོག་ཕྲེང་དང ། བྱུག་པ་དག་གིས་མཆོད་ནས་སྨོན་ལམ་བཏབ་པ། ཤིན་ཏུ་དཀའ་བ་བྱེད་པ་ཁྱོད་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། བདག་ཅག་ཁྱེད་ཀྱི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་པདྨ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་དེ་ལྟ་བུའི་ཡོངས་སུ་གཏོང་བ་བྱས་པ་དེས་ན། ང་འཁོར་བ་ན་འཁོར་བའི་ཚེ་བདེ་བ་མཐའ་ཡས་པ་ཉམས་སུ་མྱོང་བར་གྱུར་ལ། ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བ་དང་ལྡན་ཏེ། དེས་ན་ངས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་འགྱུར་ཏེ། ང་ནད་མེད་ཅིང་གནོད་པ་མེད་ལ་ནད་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ། །དགེ་སློང་དག། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་
139a
༄#། །ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཁམ་རེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང་ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུའང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་
139b
སྦྱིན་པའི་འབྲས་བུའང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་སུ་ཟིན་ན་ནི། དེ་ལྟ་ན་ཁམ་གྱི་ཐ་མ་དང ། ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང ། གལ་ཏེ་ཡོན་གནས་ལེན་པ་པོ་རྙེད་ན། དེ་ལ་མ་བྱིན་ནམ། བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་པར་མི་འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུའང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུའང་མི་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་མི་ཤེས་པས་ན། དེའི་ཕྱིར་དེ་དག་ནི་ཀུན་ཏུ་འཛིན་པའི་སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གིས་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་འགྱུར་བ་དེ། །དྲང་སྲོང་ཆེན་པོས་གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་པར་དུ་མི་ཟ་ཞིང ། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་ཏུ་འཛིན་པའི་སེམས། །ནམ་ཡང་སྐྱེ་བར་མི་འགྱུར་ན། །གང་ཕྱིར་
140a
༄#། །བྱིས་པ་གཏི་མུག་གིས། །བསྒྲིབས་པ་རྣམས་ཀྱིས་མ་ཤེས་པ། །དེ་ཕྱིར་ཀུན་ཏུ་འཛིན་སེམས་ཀྱིས། །རྟག་ཏུ་མ་བྱིན་ཟ་བར་བྱེད། །དེ་དག་སེར་སྣ་སྐྱེས་ནས་ཀྱང། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག་།གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཀའ་སྩལ་པ་དེའི་ཚེ། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྦྱིན་པའི་བསྔགས་པའང་བཀའ་སྩལ་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་བཀའ་སྩལ་པ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པས་སྦྱིན་པའི་བསྔགས་པའང་བརྗོད་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། ངས་འདས་པའི་དུས་ན་སློང་བའི་ཕྱིར། བདག་ཟ་བའི་ཁམ་ཁར་འོངས་ཟིན་པ་ལས་ཀྱང་ཡོངས་སུ་བཏང་བ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་བོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་ཡོངས་སུ་གང་བ་དང ། རྩོད་
140b
པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་བཀྲུགས་ལ། ཀྱེ།བུ་ཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེའང་དད་པ་དང་ལྡན་པ། དགེ་ཞིང་བསམས་པ་བཟང་བ།་བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།ཕྱིས་རེ་ཞིག་ན་མུ་གེའི་བར་གྱི་བསྐལ་བ་དང་འདྲ་བར་མུ་གེ་ཆེན་པོ་བྱུང་ངོ ། །དེ་ནས་སྐྱེ་བོའི་ཚོགས་མུ་གེའི་དུས་མ་ཡིན་པར་འཆི་བས་འཇིགས་པ། བཀྲེས་ཤིང་ལྐོག་མ་དང་འགྲམ་པ་ཞོམ་པ། ཡི་དྭགས་ཀྱི་ལུས་འདྲ་བ་དེ་དག་འདུས་ཤིང་ཚོགས་ལ། གཅིག་ཏུ་འཕུངས་ཏེ་རྒྱལ་པོའི་ཐད་དུ་དོང་ནས། རྒྱལ་བར་གྱུར་ཅིག་།སྐུ་ཚེ་རིང་བར་ཤོག་ཅིག་།ཅེས་བསྟོད་དེ་སྨྲས་པ། ལྷ།་བདག་ཅག་མུ་གེའི་འཇིགས་པ་འདི་ལས་ཡོངས་སུ་བསྐྱབ་ཅིང་སྲོག་སྩལ་དུ་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་མཛོད་པ་ལ་བོས་ཏེ། ཀཝ་ཡེ་མཛོད་པ། མཛོད་ན་ཟས་དང ། སྐོམ་བདག་ཅག་དང ། སྐྱེ་བོའི་ཚོགས་འདི་རྣམས་ཀྱི་ཆོག་པར་ཡོད་དམ་ཞེས་བྱས་སོ། །དེ་
141a
༄#། །ཐོས་ནས་མཛོད་སྲུང་ན་རེ། བརྩིས་ཏེ་ལྷ་ལ་གསོལ་བར་འཚལ་ལོ་ཞེས་བྱས་སོ། །དེ་ནས་རྩིས་མཁས་པ་རྣམས་ཀྱིས་བརྩིས་ན་འདི་སྲིད་ཅིག་གི་བར་དུ་ཡུལ་ན་འཁོད་པ་ཐམས་ཅད་ནི་ཉིན་གཅིག་བཞི་ཁམ་རེ་རེ་འཚལ་ལ། རྒྱལ་པོ་ནི་ཞལ་ཁམ་གཉིས་གསོལ་བ་མཆིས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་བོས་སྐྱེ་བོའི་ཚོགས་ལ་བོས་ཏེ་བསྒོ་བ། འོ་ན། ཁྱེད་ཉིན་གཅིག་བཞིན་དུ། རྒྱལ་པོའི་ཕོ་བྲང་དུ་ཤོག་ལ། ཁམ་རེ་རེ་ཟོས་ནས་དེངས་ཤིག་ཅེས་བྱས་སོ། །དེ་ནས་དེ་དག་ཉིན་གཅིག་བཞིན་དུ་ལྷགས་ཏེ། མི་རེས་ཁམ་རེ་ཟོས་ནས་གར་དགའ་བར་འདོང་བར་བྱེད་དོ། །དེ་ནས་བྲམ་ཟེ་གཞན་ཞིག་རྩིས་དེའི་ནང་དུ་མ་ཞེན་ཏེ། གཞན་ལས་གཏམ་ཐོས་ནས་རྒྱལ་པོ་ལ་སྨྲས་པ། ལྷ།་རྩིས་མཛད་པར་ཡུལ་མིའི་ནང་དུ་བདག་གིས་ཐོས་ཀྱི། བདག་ཀྱང་ཁམ་གཅིག་པོ་དེ་སྩོལ་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་བདག་ཉིད་ཁམ་གཉིས་ཟ་བ་ལས་ཁམ་གཅིག་བྲམ་ཟེ་ལ་བྱིན་ནས། ཁམ་གཅིག་ནི་ཡུལ་མི་དང་ཐང་མཉམ་པར་ཟ་བར་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ། ཡུལ་ཝཱ་ར་ཎཱ་སི་ན། རྒྱལ་པོ་བྱེད་པ་དེ་ནི་ཤིན་ཏུ་དཀའ་བ་བྱེད་ཅིང་འདུག་གི་དེ་བདག་གིས་བགམ་པར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ཏེ། དྲོ་ལ་
141b
བབ་པའི་ཚེ། རྒྱལ་པོའི་ཐད་དུ་སོང་ནས། རྒྱལ་བར་གྱུར་ཅིག་།སྐུ་ཚེ་རིང་བར་ཤོག་ཅིག་།ཅེས་བསྟོད་ནས་སྨྲས་པ། ལྷ།་བདག་བཀྲེས་ཀྱི། ལྷ་ཉིད་ཀྱི་ཞལ་ཁམ་གཅིག་པོ་དེས་བདག་ལ་ཕན་གདགས་པར་གསོལ། དེ་ནས་རྒྱལ་པོས་རང་གི་སྲོག་ཡོངས་སུ་གཏང་བར་ཆད་ནས་སྙིང་རྗེས་བདག་གི་ཁམ་གཅིག་པོ་དེ་བྲམ་ཟེ་ལ་བྱིན་ནས་སྨྱུང་བར་འདུག་སྟེ། དེ་ལྟ་བུའི་ཚུལ་གྱིས་ཞག་དྲུག་གི་བར་དུ་ཟན་བཅད་དོ། །འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ཟན་ཟ་བ་མཐོང་ན་མཆོག་ཏུ་དགའ་བར་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་དེ་ཤིན་ཏུ་དཀའ་བ་བྱེད་པ་མཐོང་ནས། བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་རྒྱལ་པོ་ལ་བསྟོད་པ། རྒྱལ་པོ་ཆེན་པོ། ལེགས་སོ། །མ་ཉེས་སོ། །ཁྱོད་དཀའ་བ་ལ་ཞུགས་པ་འདིས་བདག་དགའ་བར་གྱུར་ཏོ། །སྐྱེ་དགུ་སྐྱོང་བ་འདི་ལྟ་བུ་ཡོད་པ་ལས་ན། སྐྱེ་བོའི་ཚོགས་འདི་དག་ནི་མགོན་ཡོད་པ་ཡིན་ནོ། །ད་ས་བོན་ཐམས་ཅད་ཐོབ་ཅིག་ཅེས་ཡུལ་ཕྱོགས་སུ་བསྒོ་ཞིག་དང།་བདག་གིས་ཞག་བདུན་ན་གང་གིས་འབྲུ་རྣམས་རྒྱལ་བར་འགྱུར་བ་དེ་ལྟ་བུའི་དབང་ཆེན་གྱི་ཆར་དབབ་པར་བྱའོ་ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་བཞིན་དུ་བྱེད་དུ་བཅུག་གོ་།བརྒྱ་བྱིན་གྱིས་ཀྱང་དེ་ལྟ་བུའི་དབང་ཆེན་གྱི་ཆར་ཕབ་སྟེ། དེས་ན་མུ་གེ་དེ་བཟློག་སྟེ། ལོ་ལེགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་
142a
༄#། །དུས་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་དེ་ལྟ་བུའི་མུ་གེ་བྱུང་བ་ནའང་རང་གི་སྲོག་ཡོངས་སུ་བཏང་སྟེ། དེ་ལྟ་བུའི་སྦྱིན་པ་དག་བྱིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས།་བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་
142b
རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །གང་གི་ཚེ་མི་བླུན་པོ་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་བགྲོངས་པའི་ཕྱིར་གླང་པོ་ཆེ་ནོར་སྐྱོང་ཡང་བཏང ། དུག་གི་ཕྱེ་མས་ཀྱང་གཏོར། གཤེད་མའི་མིའང་བགྱེ་སྟེ། དེ་བཅོམ་ལྡན་འདས་ལ་ཡུན་རིང་པོ་ནས་གཤེད་མ་དང ། དགྲ་དང ། མི་མཛའ་བར་གྱུར་ལ། བཅོམ་ལྡན་འདས་ནི་དེ་ལ་བྱམས་པའི་དགོངས་པ་དང ། ཕན་པའི་དགོངས་པ་དང ། ཐུགས་བརྩེ་བའི་དགོངས་པས་ཉེ་བར་གནས་པར་གྱུར་པ་དེའི་ཚེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། འདི་ལྟར་ལྷ་སྦྱིན་འདི་ནི། བཅོམ་ལྡན་འདས་བགྲོངས་པའི་སླད་དུ་བརྩོན་པར་བགྱིད་ལ། བཅོམ་ལྡན་འདས་ནི་འདི་ལ་བྱམས་པའི་དགོངས་པ་དང ། ཕན་པའི་དགོངས་པ་དང ། ཐུགས་བརྩེ་བའི་དགོངས་པས་ཉེ་བར་གནས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་
143a
༄#། །ཟིན་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ་ན། ན་སོ་གཞོན་པའི་ཚེ་གསོད་དུ་འོངས་པ་ནའང་ངས་འདི་ལ་སེམས་སྡང་བ་མ་བྱས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། །ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་ཡོངས་སུ་གང་བ། འཐབ་པ་དང ། རྩོད་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ་ཞིག་སྟེ། གཏོང་བ་ཆེན་པོ་ལ་གནས་སོ། །རྒྱལ་པོ་དེ་ལ་བཙུན་མོ་བློ་ངན་མ་ཞེས་བྱ་བ་གཏུམ་
143b
ཞིང་ཁྲོ་ལ་གཟུ་ལུམས་ཅན་ཞིག་ཡོད་དེ། བུ་གཅིག་པ་ཆོས་སྐྱོང་ཞེས་བྱ་བ་ཡང་བློ་ངན་མ་དེ་ཉིད་ལ་བཙས་སོ། །གཞོན་ནུ་ཆོས་སྐྱོང་དེ་འང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་སྟེ། དེ་ཡང་ཝཱ་ར་ཎཱ་སི་ན་གནས་པའི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱིས་མཐོང་ན། སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་བྱ་བ་ཡིན་ནོ། །དེ་ནས་དེ་མཁན་པོའི་ཐད་དུ་སོང་ནས་བྱིས་པ་དག་དང་ལྷན་ཅིག་ཏུ་ཡི་གེ་སློབ་བོ། །ཕྱིས་རེ་ཞིག་ན་རྒྱལ་པོ་དཔྱིད་ཀྱི་དུས་ཀྱི་ཚེ། ཤིང་རྣམས་མེ་ཏོག་རྒྱས་པ་དང ། ངང་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ནེ་ཙོ་དང ། རི་སྐེགས་དང ། ཁྱུ་བྱུག་དང ། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ། བཙུན་མོ་དམ་པ་དང་བཅས་པའི་བཙུན་མོའི་འཁོར་གྱིས་ཞམ་རིང་བྱས་ཏེ། སྐྱེད་མོས་ཚལ་གྱི་སར་སོང་སྟེ། སྐྱེད་མོས་ཚལ་དེ་ན་རྒྱལ་པོ་བཙུན་མོའི་འཁོར་དང་ལྷན་ཅིག་རྩེ་བ་ལས་བཙུན་མོ་བློ་ངན་མ་ཕྲག་དོག་དང ། ཁྲོ་བས་ནོ་ན་ཏེ་འཁྲུགས་སོ། །རྒྱལ་པོས་ནི་དེ་ལ་སྒོམ་འཐུངས་པའི་ཕྱེད་བསྐུར་བ་དང ། དེ་འཁྲུགས་པས་རྒྱལ་པོ་ལ་ཕྲིན་སྦྲིང་བ། གལ་ཏེ་བདག་ཁྱོད་ཀྱིས་འཐུངས་པའི་ཕྱེད་འཐུང་བར་གྱུར་ན་བདག་བུའི་ཁྲག་འཐུང་བར་གྱུར་ཅིག་ཅེས་བྱས་སོ། །འདོད་པ་སྟེན་པ་ལ་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་
144a
༄#། །དེ།་དེ་ནས་རྒྱལ་པོ་ཚངས་པས་བྱིན་ཆོས་ཅན་ཡིན་མོད་ཀྱི། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་མེད་པར་གྱུར་ནས། བཙུན་མོའི་འཁོར་གྱིས་ཕེའུ་བཏབ་ཀྱང་ཁྲོ་བའི་མེ་འབར་ཏེ་དེ་ཇེ་ཐུར་ཁྲོས་ནས། ཁྱེད་དེངས་ལ་ཁྱེའུ་ཆོས་སྐྱོང་གི་མགུལ་པ་ཆོད་དེ། དེ་ལ་ཁྲག་ལུད་ཅིག་ཅེས་བསྒོའོ། །དེ་ནས་ཁྱེའུ་ཆོས་སྐྱོང་བྱིས་པའི་གྲ་ཁང་ན་འདུག་པས་ཐོས་ནས་ངུས་ཏེ། འདི་སྐད་དུ། འཁོར་བ་ན་སེམས་ཅན་མི་མཐུན་པ་ནི་ཐ་ཆད་ཡིན་ཏེ། འདི་ལྟར་ཁྲོ་བའི་དབང་གིས་རང་གི་ལུས་ལས་བྱུང་བའི་བུའང་གསོད་པར་བྱེད་དོ། །ཞེས་སྨྲས་སོ། །དེ་ནས་ཁྱེའུ་ཆོས་སྐྱོང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཡབ་ཀྱི་ཞབས་ལ་ཕྱག་བཙལ་ནས་གསོལ་པ། ཡབ་གཅིག་ཕའོ་འཚལ་ལ་ནི་བུ་སྡུག་ལ། བདག་གིས་ཀྱང་ནོངས་པ་མ་བགྱིས་ན། བདག་མི་དགུམ་པར་ཅི་གནང ། རྒྱལ་པོས་བཀའ་སྩལ་པ། བུ་སྡུག་གལ་ཏེ་ཁྱོད་ཀྱི་མས་བཟོད་ན་ནི། ངས་ཀྱང་བཟོད་པར་བྱའོ། །དེ་ནས་ཆོས་སྐྱོང་དུ་ཞིང་མའི་ཐད་དུ་སོང་སྟེ། རྐང་པ་ལ་ཕྱག་བཙལ་ནས་ཐལ་མོ་སྦྱར་ཏེ། ཡུམ།་བཟོད་པ་མཛོད་ལ་བདག་གསོད་དུ་མ་སྩལ་ཅིག་།ཅེས་སྨྲས་སོ། །དེ་སྐད་དུ་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་བའི་ཚིག་ཐོས་ཀྱང ། དེས་བཟོད་པ་མ་བྱས་སོ། །དེ་ནས་གཤེད་མ་རྣམས་ཀྱིས་མཚོན་རྣོན་པོས་ཁྱེའུ་ཆོས་སྐྱོང་གི་མགུལ་པ་བཅད་དེ། བཙུན་མོ་བློ་
144b
ངན་མ་ལ་ཁྲག་བླུད་ན་འོན་ཀྱང་བློ་ངན་མ་འགྱོད་པའང་མེད་དོ། །ཁྱེའུ་ཆོས་སྐྱོང་ནི་ཕ་མ་དང ། གཤེད་མ་རྣམས་ལ་སེམས་དགའ་བ་བསྐྱེད་ནས་ཤིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱེའུ་ཆོས་སྐྱོང་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །བཙུན་མོ་བློ་ངན་མ་ནི་ལྷ་སྦྱིན་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ང་གཤེད་མའི་ལག་ཏུ་སོང་བ་ནའང་འདི་ལ་བྱམས་པའི་སེམས་བསྐྱེད་ལ། ད་ལྟར་ང་ལ་གསད་པར་བརྩོན་པ་ནའང་ང་འདི་ལ་བྱམས་པར་སེམས། ཕན་པར་སེམས། སྙིང་བརྩེ་བར་སེམས་སོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཞི་ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་
145a
༄#། །བྱས།་བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང།་སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་མཉན་དུ་ཡོད་པ་ན་དགེ་སློང་དག་འདུས་པ་ཆེན་པོ་གཉིས་སུ་གྱུར་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པར་དམ་འཆའ་བྱའོ། །གཅིག་ནི་སྟོན་ཟླ་ཐ་ཆུང་ཉའི་བར་དུ་དབྱར་གནས་པར་དམ་འཆའ་བ་སྟེ། དེར་དགེ་སློང་དག་ལྷུང་བཟེད་རྣམས་ཁ་དོག་སྒྱུར་བར་བྱེད། ཆོས་གོས་རྣམས་འཁུར་ཞིང་བཙོ་བླག་བྱེད། ཚེམ་བུ་རྣམས་འདྲུབ་པར་བྱེད་དོ། །དེ་ནས་རེ་ཞིག་ན་དགེ་སློང་ཞིག་ཆོས་གོས་འདྲུབ་པར་འདོད་དེ། ཁབ་ཀྱི་མིག་ཏུ་སྐུད་པ་གཞུག་མ་ནུས་ནས། སྙིང་རྗེ་རྗེ་སྐད་ཟེར་ཞིང ། སྡུག་སྡུག་སྐད་ཟེར་ལ། གཏི་ཞིང་སྨྲ་སྟེ། འཇིག་རྟེན་ན་བསོད་ནམས་འདོད་པ་སུ་ཡོད། འཇིག་རྟེན་ན་བསོད་ནམས་འདོད་པ་སུ་ཡོད་ཅེས་ཟེར་རོ། །བཅོམ་ལྡན་འདས་ཀྱང་དེ་དང་ཐག་མི་རིང་བ་ཞིག་ན་འཆག་ས་ན་འཆག་ཅིང་བཞུགས་སོ། །
145b
དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་སྣ་ལྟ་བུའི་ཕྱག་བརྐྱང་ནས། གདང་ཟབ་ཅིང་སྙན་ལ་ཟུར་ཕྱིན་པ་དང ། བྱ་ཀ་ལ་པིང་ཀའི་སྐད་ལྟ་བུར་ཡིད་དུ་འོང་བ། རྔ་བོ་ཆེའི་སྒྲ་ལྟར་སྙན་པའི་གསུང་གིས་བཀའ་སྩལ་པ། དགེ་སློང ། ང་ནི་འཇིག་རྟེན་བསོད་ནམས་འདོད་པའོ། །དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པ་ཐོས་ནས། གུས་བར་བསྒྲིམས་པས་ལ་གོར་དུ། བཅོམ་ལྡན་འདས་ཀྱི་ཕྱག་ནས་བཟུང་སྟེ། རང་གི་མགོ་བོ་ལ་བཞག་ནས་སྨྲས་པ། བཅོམ་ལྡན་འདས། ཁྱོད་ཀྱི་ཕྱག་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་བསགས་ན། འོན་ཀྱང་ད་དུང ། བཅོམ་ལྡན་འདས། འདི་སྐད་དུ། དགེ་སློང ། ད་ནི་འཇིག་རྟེན་ན་བསོད་ནམས་འདོད་པའོ་ཞེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ང་ནི་བསོད་ནམས་ཀྱིས་ཆོག་མི་ཤེས་ཏེ། དགེ་སློང ། ངས་ནི་བསོད་ནམས་ཀྱི་རོ་མྱོང་བས་ན་དེའི་ཕྱིར་ང་བསོད་ནམས་ཀྱི་ཆོག་མི་ཤེས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་མི་མཁྱེན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་
146a
༄#། །དང་བྲལ་པ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་ལས་ཡོངས་སུ་གྲོལ་པ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པ་འདི་ལྟ་བུ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ། ང་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོ་ག་མི་ཤེས་པ་དེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཞི་བའི་སྒྲ་ཆེན་ཞེས་བྱ་བ་ན། རྒྱལ་པོ་ཞི་ལྡན་ཞེས་བྱ་བརྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་པ་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ།
146b
གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ།་གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེ་ནས་དེ་ནང་བར་སྔར་ལངས་ཏེ་མཆོད་སྦྱིན་གྱི་འདུན་ཁང་དུ་སོང་ནས། ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད། གོས་འདོད་པ་རྣམས་ལ་ནི་གོས་སྦྱིན་པར་བྱེད་ཅིང ། ནོར་དང ། འབྲུ་དང ། འགྲོན་བུ་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་རྣམས་ཡོངས་སུ་གཏོང་བར་བྱེད་དོ། །འོན་ཀྱང་དེའི་བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱིས་ཆོག་མི་ཤེས་སོ། །དེ་བཙུན་མོའི་འཁོར་དུ་སོང་ནས། བཙུན་མོའི་འཁོར་ལ་ཟས་དང ། སྐོམ་སྦྱིན་པར་བྱེད་དོ། །བུ་རྣམས་དང ། བློན་པོ་རྣམས་དང ། དཔའ་བོ་དང ། རུ་མཆོག་དང ། གྲོང་རྡལ་གྱི་མི་རྣམས་དང ། ཡུལ་གྱི་མི་རྣམས་ལ་ཟས་དང ། གོས་སྦྱིན་པར་བྱེད་དོ།། དེ་ནས་རྒྱལ་པོ་ཞི་ལྡན་འདི་སྙམ་དུ་སེམས་ཏེ། བདག་གིས་མི་རྣམས་ནི་ཚིམ་པར་བྱས་ན། སྲོག་ཆགས་ཕྲ་མོ་རྣམས་ལུས་པ་དེ་དག་ཅི་ཞིག་གིས་ཚིམ་པར་བྱ་སྙམ་མོ། །དེས་བདོག་པ་ཐམས་
147a
༄#། །ཅད་ཡོངས་སུ་བཏང་བས་གོས་ཡ་གཅིག་ཙམ་གྱོན་པར་ཟད་དེ། ལུས་ཉི་ཚེ་ལས་བར་གྱུར་ནས་བསམས་པ། སྲོག་ཆགས་ཕྲ་མོ་རྣམས་ལ་ནི་རང་གི་ལུས་སྦྱིན་པར་བྱའོ་སྙམ་མོ། །དེའི་ལུས་བཞོགས་ནས་གང་ན་ཤ་སྦྲང་དང ། སྦྲང་བུ་མཆུ་རིང་ལ་སོགས་པ་ཡོད་པ་དེར་ལུས་བོར་ཏེ་འདུག་ནས། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཁྲག་གིས་ཚིམ་པར་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེ་འདི་སྙམ་དུ་སེམས་ཏེ། ཇི། རྒྱལ་པོ་ཞི་ལྡན་འདི་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟར་བྱེད་དམ། འོན་ཏེ་སྙིང་རྗེས་བྱེད་ཅིག་གུ་སྙམ་ནས། བདག་གིས་འདི་བགམ་པར་བྱའོ་སྙམ་མོ། །དེ་ནས་བྱ་རྒོད་སྟང་ཟིལ་བཅག་པའི་འཕྲོ་ལྟ་བུ་དང ། སྣག་ཚའི་མདོག་ཅན་ལྟ་བུར་བདག་ཉིད་སྤྲུལ་ཏེ། རྒྱལ་པོ་ཞི་ལྡན་གྱི་ཐད་དུ་སོང་ནས། མཆུས་མིག་བྲུ་བར་གཟས་ནའང་རྒྱལ་པོ་དེ་སྐྲག་པར་ནི་མ་གྱུར་གྱི། བྱམས་པའི་མིག་ཆེན་བོས་བྱ་རྒོད་དེ་ལ་བལྟས་ནས། སྨྲས་པ། བུ་ངའི་ལུས་ལས་གང་འདོད་པ་ལས་ཅི་དགའ་མགུར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་གྱུར་ཏེ་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས། རྒྱལ་པོ་ཞི་ལྡན་གྱི་མདུན་དུ་འགྲེང་སྟེ་སྨྲས་པ། རྒྱལ་པོ། ལེགས་ཀྱི་ཁྱོད་ཀྱི་མིག་གཉིས་ང་ལ་བྱིན་ཅིག་།རྒྱལ་པོས་སྨྲས་པ། ཀྱེ་བྲམ་ཟེ། ངའི་ལུས་འདི་ལ་
147b
འགོག་པ་སུ་འང་མེད་ཀྱི། ཅི་འདོད་པ་ཁྱེར་ཅིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷག་པར་དགའ་བར་གྱུར་ནས། བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ཏེ་རང་གི་གཟུགས་སུ་འདུག་ནས། རྒྱལ་པོ་སྤྲོ་བ་བསྐྱེད་དེ། སྨྲས་པ། ཀྱེ་རྒྱལ་པོ། ལེགས་སོ། །ལེགས་སོ། །ཁྱོད་ཀྱི་བློ་ཤིན་ཏུ་ངེས་སོ། །ཁྱོད་ཀྱི་སྨོན་ལམ་བསྐྱོད་དུ་མེད་དོ། །སེམས་ཅན་རྣམས་ལ་ཁྱོད་ཀྱི་སྙིང་རྗེ་ཆེན་པོའི་རྒྱུན་འབབ་པར་གྱུར་ཏོ། །ཁྱོད་འཇིགས་པར་བྱ་བའི་ཆོས་རྣམས་ལ་འདི་ལྟར་འཇིགས་པ་མེད་པ་ལས་ན། ཁྱོད་རིང་པོ་མི་ཐོགས་པར་བརྩོན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཞི་ལྡན་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེའི་ཚེ་འང་ང་བསོད་ནམས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཆོག་མ་ཤེས་ན། ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྦྱིན་པ་དག་སྦྱིན་ནོ། །བསོད་ནམས་དག་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གཟུགས་བཟང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་
148a
༄#། །པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་བཤད་དོ། །འཁོར་བརྒྱ་ཕྲག་དུ་མས་ཀྱང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལ་ཆོས་རོ་དང་ལྡན་ནོ་ཅོག་མཉན་པ་དེའི་ཚེ། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་
148b
པ།་སེམས་ཅན་འདི་རྣམས་ཆོས་རིན་པོ་ཆེའི་སྣོད་དུ་འང་འགྱུར་ཏེ། གུས་པར་མཉན་པར་སེམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་བཞིན་གཤེགས་པས་ཇི་ལྟར་གུས་པ་བསྐྱེད་དེ། ཆོས་མཉན་པ་དང ། བཟུང་བ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན།་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་གཟུགས་བཟང་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། འཐབ་པ་དང ། རྩོད་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནང་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང།་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེ་འང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེ་ནས་རྒྱལ་པོ་དེ་ལ་བཙུན་མོ་མཛེས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་
149a
༄#། །བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་ཡོད་དོ། །བུ་གཅིག་པ་མཛེས་ལྡན་ཞེས་བྱ་བ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་བཟོད་པ་དང་ལྡན་པ། མི་མཐུན་པ་མེད་པ་ཞིག་ཀྱང་ཡོད་དོ། །དེ་ནས་ཕྱི་ཞིག་ན། རྒྱལ་པོ་གཟུགས་བཟང་ཆོས་འདོད་པར་གྱུར་ནས། དེས་བློན་པོ་ཐམས་ཅད་གསོག་སྟེ། སྨྲས་པ།་ཡུལ་གྱི་གཙོ་བོ་དག་།ང་ཆོས་འདོད་ཀྱི་ངའི་ཆོས་ཚོལ་ཅིག་ཅེས་བསྒོའོ། །དེ་ནས་བློན་པོ་དེ་དག་གིས་ཐལ་མོ་སྦྱར་ཏེ་གསོལ་པ། རྒྱལ་པོ་ཆེན་པོ། ཆོས་ནི་དཀོན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱུང་ན་གདོད་ཆོས་འབྱུང་ངོ་ཞེས་གདའོ། །དེ་ནས་རྒྱལ་པོས་གསེར་འབུམ་ཡོད་པའི་སྣོད། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས། ངའི་ཡུལ་ན་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གསེར་འབུམ་ཡོད་པའི་སྣོད་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བཀུར་ཞིང་བསྟོད་པར་བྱའོ་ཞེས་ཀྱང་བྱས་སོ། །དེ་ནས་ཡུན་རིང་མོ་ཞིག་ལོན་ཀྱང་ཆོས་སྨྲ་བ་སུའང་མི་སྣང་ངོ ། །དེ་ནས་རྒྱལ་པོ་ཆོས་ཀྱི་ཕྱིར་གདུང་ཞིང་ཡི་ཆད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེས་རྒྱལ་པོ་ཆོས་ཀྱི་ཕྱིར་ཕོངས་ཤིས་འདུག་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་གཟུགས་བཟང་བགམ་པར་བྱའོ་སྙམ་མོ། །དེ་ནས་བདག་ཉིས་\?\་བཟོད་སྦྱིན། \?\་།ང་ལག་དང ། མིག་མི་
149b
སྡུག་པ་ཞིག་ཏུ་སྤྲུལ་ནས། རྒྱལ་པོ་འཁོར་དུ་མའི་ནང་ན་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་ཆོས་འདོད་ཅེ་ན། ངས་ཁྱོད་ལ་ཆོས་བསྟན་ཏོ། །དེ་ནས་རྒྱལ་པོས་ཆོས་ཀྱི་སྒྲ་ཐོས་པས་དགའ་ཞིང་མཆོག་ཏུ་དགའ་བ་སྐྱེས་ནས་གནོད་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པ། ཆོས་སྨྲོས་ཤིག་།སྨྲོས་ཤིག་།ངས་མཉན་པར་བྱའོ། །གནོད་སྦྱིན་གྱིས་སྨྲས་པ། ཀྱེ་མ་རྒྱལ་པོ་ཆེན་པོ། བདེ་ཞིང་འཁོད་པ་ནི་ཆོས་སྨྲ་བར་བྱེད་ཀྱི་ང་ནི་བཀྲེས་ཀྱི་ཇེ་ཟན་བྱིན་ཅིག་།དེ་ནས་རྒྱལ་པོས་དེ་ཐོས་ནས་ཞོ་ཤས་འཚོ་བ་རྣམས་ལ་འདིའི་བཟའ་བ་དང ། བཅའ་བའི་རྣམ་པར་དག་འོན་ཅིག་ཅེས་བསྒོའོ། ། གནོད་སྦྱིན་གྱིས་སྨྲས་པ། ང་ནི་འཕྲལ་ལ་བསད་པའི་ཤ་དང ། ཁྲག་ཟ་ཞིང་འཐུང་བ་ཡིན་གྱི། བུ་གཅིག་པ་མཛེས་ལྡན་འདི་ང་ལ་བྱིན་ཅིག་།དེ་ནས་རྒྱལ་པོས་དེ་ཐོས་ནས་མཆོག་ཏུ་མི་དགའ་བར་གྱུར་ཏེ་བརྒྱ་ལམ་ན་ལན་གཅིག་དེང་ལྟ་ཞིག་ཆོས་ཀྱི་སྒྲ་དང་ཕྲད་ན་དེའང་རིན་ཐང་གདབ་ཏུ་མེད་པས་ཉོ་དགོས་སོ་སྙམ་མོ། །དེ་ནས་གཞོན་ནུ་མཛེས་ལྡན་གྱིས་དེ་ཐོས་ནས་ཡབ་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། ལྷ།་བཟོད་པ་མཛད་དེ། ལྷའི་དགོངས་པ་རྫོགས་པར་མཛད་ལ། བདག་གསང་བ་པའི་ཟས་སུ་སྩལ་བར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་བུ་གཅིག་པ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ། བཟོད་པ་དང་ལྡན་པ། མི་མཐུན་པ་མེད་པ་དེ་ཆོས་ཀྱི་དོན་དུ་གནོད་སྦྱིན་ལ་བྱིན་ནོ། །དེ་ནས་གནོད་སྦྱིན་གྱིས་རང་གི་རྫུ་འཕྲུལ་
150a
༄#། །གྱི་སྟོབས་ཀྱིས་རྒྱལ་པོ་དང ། འཁོར་རྣམས་ལ་ཁྱེའུའི་ཡན་ལག་དང ། ཉིང་ལག་རྣམས་སོ་སོར་བཅད་ཅིང་བཅད་ཆིག་ཟོས་པ་དང ། ཁྲག་ཀྱང་འཐུངས་པར་བསྟན་ཏེ། ། རྒྱལ་པོ་དེས་དེ་མཐོང་ན། ཆོས་འདོད་པའི་ཕྱིར་མི་དགའ་བར་མ་གྱུར་ཏོ། །དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ང་མ་འདྲངས་ཀྱི་ཡང་བྱིན་ཅིག་ཅེས་བྱས་སོ། །རྒྱལ་པོས་དེ་ལ་སྙིང་དུ་སྡུག་པའི་ཆུང་མའང་སྦྱིན་ནོ། །དེ་ནས་དེ་འང་ཐབས་དེ་ཁོ་ན་ལྟར་ཟོས་པར་བསྟན་ཏོ། །དེ་ནས་ཡང་རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ། ང་ད་དུང་མ་འདྲངས་སོ། །དེ་ནས་རྒྱལ་པོས་གནོད་སྦྱིན་ལ་སྨྲས་པ། བུ་ངས་བུ་གཅིག་པ་དང ། སྡུག་པའི་ཆུང་མའང་བྱིན་ཟིན་ན། ཡང་ཅི་འདོད། གནོད་སྦྱིན་གྱིས་སྨྲས་པ། རང་གི་ལུས་ང་ལ་བྱིན་ཅིག་དང ། དེས་ན་ང་འདྲངས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། གལ་ཏེ་རང་གི་ལུས་ཁྱོད་ལ་བྱིན་ན། ངས་ཇི་ལྟར་ཆོས་མཉན་གྱིས། སྔར་ང་ལ་ཆོས་ཇེ་སྟོན་དང ། ངས་ཆོས་ཐོས་པའི་འོག་ཏུ་རང་གི་ལུས་ཡོངས་སུ་གཏང་བར་བྱའོ་ཞེས་བྱས་སོ། །དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་དམ་གྱི་འོག་ཏུ་བཅུག་ནས། འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་ཆོས་བསྟན་པ། སྡུག་པ་དག་ལས་མྱ་ངན་སྐྱེ། །སྡུག་པ་དག་ལས་འཇིགས་པ་སྐྱེ། །འཇིགས་པ་དག་ལས་རྣམ་གྲོལ་རྣམས། །མྱ་ངན་མེད་ན་ག་ལ་འཇིགས། །དེ་ནས་རྒྱལ་པོས་ཚིགས་སུ་བཅད་པ་འདི་ཐོས་མ་ཐག་ཏུ་ཡིད་རབ་ཏུ་ས་མི་པར་གྱུར་
150b
ཏེ།་དབང་པོ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས། གནོད་སྦྱིན་ལ་སྨྲས་པ། གནོད་སྦྱིན་ངའི་ལུས་འདི་ཇི་དགའ་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། རྒྱལ་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྷུན་པོ་བཞིན་དུ་མི་གཡོ་བར་རིག་ནས། གནོད་སྦྱིན་གྱི་གཟུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་དགའ་ཞིང་མདངས་ཕྱུང་བའི་མིག་དང་ལྡན་པས་ལག་པ་ཡ་གཅིག་གིས་ནི་བུ་བཟུང ། ཡ་གཅིག་གིས་ནི་ཆུང་མ་བཟུང་ནས། རྒྱལ་པོ་སྤྲོ་བ་བསྐྱེད་དེ་སྨྲས་པ། སྐྱེས་བུ་དམ་པ། ལེགས་སོ། །ལེགས་སོ། །ཁྱོད་ཀྱི་གོ་ཆ་བརྟན་གྱིས་བརྩོན་པ་འདིས་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཁྱོད་ཀྱི་སྡུག་པའི་མི་དང་ཕྲད་པའང་འདི་ཡིན་ནོ་ཞེས་བྱས་སོ། ། དེ་ནས་རྒྱལ་པོས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ་།བདག་གི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་ལེགས་སོ། །ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཟུགས་བཟང་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །གཞོན་ནུ་མཛེས་ལྡན་ནི་ཀུན་དགའ་བོ་ཡིན་ནོ། ། མཛེས་ལྡན་མ་ནི་གྲགས་འཛིན་མ་ཡིན་ནོ། །དགེ་སློང་དག་།དེའི་ཚེའང་ངས་ཆོས་ཀྱི་ཕྱིར་གཉེན་སྡུག་པ་ཡོངས་སུ་གཏོང་བ་དང ། རང་གི་སྲོག་ཡོངས་སུ་གཏོང་བ་བྱས་ན། ད་ལྟར་ལྟ་ཅི་སྨོས་
151a
༄#། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །ཆོས་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་དགུ་པ། མཛའ་བོའི་བུ་མོ། ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙན་གསོས་དང །
151b
སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ། ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ། ལེགས་པར་མཆོད་པ་བྱེད་པ་དང ། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་།ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ། ལེགས་པར་མཆོད་པ་བྱེད་པ་དང ། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་།ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ། ལེགས་པར་མཆོད་པ་བྱེད་པ་དང ། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་སློང་དག་།ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ། ལེགས་པར་མཆོད་པ་བྱེད་པ་དང །
152a
༄#། །ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མེ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མེ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་།ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང ། ལེགས་པར་མཆོད་པ་བྱེད་པ་དང ། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོའི་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང ། །རྐང་པ་དག་ཀྱང་བཀྲུ་བ་དང ། །ཡང་ན་ཟས་དང་སྐོམ་རྣམས་དང ། །གོས་དང་མལ་ཆ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་གྱུར་ལ། །ཤི་ནའང་མཐོ་རིས་དགའ་བར་འགྱུར། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་འདི་བཀའ་སྩལ་པ་དེའི་ཚེ། དགེ་སློང་དག་།ཐེ་ཚོམ་སྐྱེས་
152b
ཏེ།་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས། ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པ་ན་ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ། མ་ལ་གནོད་པ་ཆུང་ངུ་བྱས་པས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ལ། བཀུར་སྟི་ཆུང་ངུ་བྱས་པས་ཀྱང་བདེ་བ་ཆེན་པོ་མྱོང་བར་གྱུར་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དེད་དཔོན་མཛའ་བོ་ཞེས་བྱ་
153a
༄#། །བ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་བ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་དག་བྱུང་ཡང་ཤི་བར་གྱུར་ཏེ། དེ་ལག་པ་ལ་སྐོམ་ཚུགས་བཅས་ནས། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང ། བདག་ལ་བུའང་མེད། བུ་མོའང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་དེ་ལ་ཁ་ཅིག་གིས་གདམས་ངག་བསྟན་པ། གལ་ཏེ་ཁྱོད་ཀྱི་བུ་བྱུང་བར་གྱུར་ན། དེ་ལ་བུ་མོའི་མིང་ཐོགས་ཤིག་དང ། དེ་ལྟར་བྱས་ན་དེ་ཡུན་རིང་དུ་འཚོ་བར་འགྱུར་རོ་ཞེས་བྱས་སོ། །དེ་བུ་མེད་དེ། བུ་འདོད་པའི་ཕྱིར་གུ་ལང་དང ། ཆུ་ལྷ་དང ། ཀུ་པེ་ར་དང།་བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལའང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པའི་ལྷ་དང ། ཆོས་མཐུན་པ་བ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་
153b
བ་བདེབས་ལ་འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ།་གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང།་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས། ཤི་འཕོས་ནས་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པའང་ཤེས་ལ་མ་ཆགས་པའང་ཤེས་པ་དང ། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང ། བུ་ཆགས་པའང་ཤེས་པ་དང ། གང་ལས་བུ་ཆགས་པ་ཤེས་པ་དང ། ཁྱེའུའང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་
154a
༄#། །གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱི་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །དེ་ཡང་དགའ་ཆེས་ཏེ། རོ་སྟོད་ནི་བཏེག་།ལག་པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ ། །བདག་གི་བུ་རུང་བར་གྱུར་ཅིག་།མི་རུང་བར་མ་གྱུར་ཅིག་།བསོས་ན་བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་།གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག་།ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་།བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག་།བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་འང་བདག་ཅག་གི་ཕྱིར་མང་ཡང་རུང ། ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས། དེ་གཉིས་གང་དང ། གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིགས་ནས་བུའི་རིམ་གྲོ་བྱ་བའི་ཕྱིར། ཁང་བཟང་གི་སྟེང་དུ་ཉམ་རངས་སུ་བཞག་སྟེ།་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང ། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང ། སྨན་པས་བསྟན་པའི་ཟས་རྣམས་དང ། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང ། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང ། ཧ་ཅང་ལན་ཚཝ་ཆེ་བ་མ་ཡིན་པ་རྣམས་དང ། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང ། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང ། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ།
154b
ཁ་བ་དང ། སྐྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཚ་བ་དང ། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་དོ་ཤལ་དང ། སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང ། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང ། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང ། བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ། མཛེས་པ། མདོག་བཟང་པ། གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། ཁྱེའུ་འདི་མཛའ་བོའི་བུ་ཡིན་ལ་བུ་མོ་ལྟར་ཡིན་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་མཛའ་བོའི་བུ་མོ་ཞེས་བྱའོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མཛའ་བོའི་བུ་མོ་བང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་\?\་གྱི་སྙིང་བུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་
155a
༄#། །བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེའི་ཕ་ནི་རྒྱ་མཚོ་ཆེན་པོར་སོང་ནས་དེ་ཉིད་དུ་ཤིའོ། །དེ་ནས་གང་གི་ཚེ་མཛའ་བོའི་བུ་མོ་ཆེར་སྐྱེས་པ་དེའི་ཚེ། མ་ལ་སྨྲས་པ། ཡུམ།་བདག་གི་ཕ་སྔོན་ལས་ཇི་ལྟ་བུ་ཞིག་གིས་འཚོ་བར་གྱུར། བདག་གིས་ཀྱང་དེའི་རྗེས་སུ་དེ་དང་འདྲ་བར་བགྱི་འཚལ་ལོ། །དེ་ནས་མས་བསམས་པ།་གལ་ཏེ་བདག་གིས་འདི་ལ་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་དོ་ཞེས་བྱས་ན་ནི། འདི་ཡང་བརྒྱ་ལ་རྒྱ་མཚོ་ཆེན་པོར་སོང་ནས་དེ་ཉིད་དུ་འཆི་བར་འོང་ངོ་སྙམ་ནས་སྨྲས་པ། བུ་ཁྱོད་ཀྱི་ཕ་ནི་སྔོན་ཡུལ་ཚོང་པ་བྱེད་བྱེད་ཀྱི་ཁྱོད་ཀྱང་འདོད་ན་ཡུལ་ཚོང་པ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེས་ཡུལ་ཚོང་བའི་ལས་བྱས་ན་དང་པོའི་ཉིན་པར་ཀཱཪྵཱ་པ་ཎ་བཞི་རྙེད་དེ། དེ་མ་ལ་བྱིན་ནས། ཡུམ།་འདིས་དགེ་སྦྱོང་དང ། བྲམ་ཟེ་དང ། སྡུག་ཅིང་ཕོངས་པ་དང ། བཀྲེས་པ་རྣམས་ལ་སྦྱིན་པ་མཛོད་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་གཞན་ཞིག་ན་རེ། ཁྱོད་ཀྱི་ཕ་སྤོས་ཀྱི་ཚོང་པ་བྱེད་བྱེད་དོ་ཞེས་བྱས་པ་དང ། དེས་ཡུལ་ཚོང་པའི་ལས་བཏང་སྟེ། སྤོས་ཀྱི་ཚོང་བྱས་སོ། །དེ་ནས་ཀཱཪྵཱ་པ་ཎ་བརྒྱད་རྙེད་དེ། དེ་དག་ཀྱང་དེས་མ་ལ་བྱིན་ནོ། །དེ་ནས་རེ་ཞིག་ན་གཞན་ཞིག་ན་རེ། ཁྱོད་ཀྱི་ཕ་གསེར་དངུལ་གྱི་ཚོང་པ་བྱེད་བྱེད་དོ་ཞེས་བྱས་པ་དང ། དེས་སྤོས་འཚོང་པ་བཏང་སྟེ། གསེར་དངུལ་གྱི་ཚོང་བྱས་སོ། །དེ་ནས་དང་པོའི་ཉིན་པར་
155b
ཀཱཪྵཱ་པ་ཎ་བཅུ་དྲུག་རྙེད་དོ། །དེ་དག་ཀྱང་དེས་མ་ལ་བྱིན་ནོ། །དེ་ནས་ཕྱི་དེ་ཉིན་པར་ཀཱཪྵཱ་པ་ཎ་སུམ་ཅུ་རྩ་གཉིས་རྙེད་དེ། དེ་དག་དེས་མ་ལ་བྱིན་ནོ། །དེ་ནས་རེ་ཞིག་ན་གསེར་དངུལ་གྱི་ཚོང་པ་ཕྲག་དོག་གི་རང་བཞིན་ཅན་དག་གིས་ཁྱེའུ་དེ་གནས་ཐམས་ཅད་ཀྱི་ཉོ་ཚོང་གི་རྒྱུས་ཤེས་པར་རིག་ནས། སྨྲས་པ། མཛའ་བོའི་བུ་མོ་ཁྱོད་ཀྱི་ཕ་ནི་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་ན། ཅི། ཁྱོད་ལ་ཆོས་མ་ཡིན་པའི་འཚོ་བ་འདི་ཅི་དགོས། ཁྱོད་སུས་སེམས་ཅན་ངན་པའི་ཉོ་ཚོང་གི་ལས་བྱེད་དུ་བཅུག་ཅེས་བྱས་སོ། །དེ་ནས་དེ་གསེར་དངུལ་གྱི་ཚོང་པའི་ཚིག་གིས་བསྐུལ་ནས་མའི་ཐད་དུ་སོང་སྟེ་སྨྲས་པ། ཡུམ།་བདག་གི་ཕ་སྔོན་རྒྱ་མཚོ་ཆེན་པོའི་ཚོང་པ་བྱེད་བྱེད་ཅེས་དེ་སྐད་གྲགས་པས། བདག་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་མཆི་འཚལ་གྱི་གནང་བར་མཛོད་ཅིག ། མས་སྨྲས་པ། བུ་གཅིག་དེ་ནི་བདེན་མོད་ཀྱི། འོན་ཀྱང་ཁྱོད་བྱིས་པ་ཡིན་ལ་བུ་གཅིག་པའང་ཡིན་གྱི་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཞིག་།དེ་ནས་དེ་མི་དགེ་བའི་བཤེས་གཉེན་ཕྲག་དོག་གི་རང་བཞིན་ཅན་དག་གིས་བྲིད་པས་ལྡོག་དུ་མ་བཏུབ་ནས། དེས་མའི་ཚིག་མ་མཉན་ཏེ། གྲོང་ཁྱེར་ཝཱ་ར་ཎཱ་སིར་དྲིལ་བསྒྲགས་ནས། ཀྱེ།་ཝཱ་ར་ཎཱ་སི་ན་གནས་པའི་ཚོང་པ་རྣམས་ཁྱེད་ཉོན་ཅིག་།དེད་དཔོན་མཛའ་བོའི་བུ་མོ་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་བར་ཆད་ཀྱི་ཁྱེད་ཀྱི་ནང་ནས་དེད་དཔོན་མཛའ་བོའི་བུ་མོ་དང་ལྷན་ཅིག་ཏུ་ཤོ་གམ་མི་དགོས་པ་དང ། ལ་གཅན་གྱི་
156a
༄#། །བཙས་མི་དགོས་པ་དང ། གྲུ་བཙས་མི་དགོས་པར་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་འདོད་པ་དེ་དག་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་སྟ་གོན་གྱིས་ཤིག་ཅེས་བྱས་ནས། དགེ་མཚན་དང ། བཀྲ་ཤིས་དང ། བདེ་ལེགས་སུ་འགྱུར་བ་རྣམས་བྱས་ཏེ། གཡོག་འཁོར་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཆས་ཏེ། ཤིང་རྟ་དང ། ཁུར་དང ། སྒྱེ་དང ། སྐོན་པ་དང ། རྔ་མོ་དང།་བ་ལང་དང ། བོང་བུ་དག་གིས་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོད་བསྐྱས་སོ། །དེའི་མ་ནི་སྙིང་བྱམས་པས་ཅི་བྱ་གཏོལ་མེད་ནས་མཆི་མ་འཛག་ཅིང་དུ་བཞིན་ཕྱུང་སྟེ། རྐང་པ་ལ་འཇུས་ནས་བུ་གཅིག་ང་བོར་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་མ་འགྲོ་ཞིག་ཅེས་བྱས་སོ། །དེ་ལྟར་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་བའི་སྐད་ཕྱུང་ཡང་དེས་བཏུལ་ཏེ་མའི་མགོ་བོ་ལ་རྡོག་པས་བསྣུན་ནས་འགྲོན་པོ་རྣམས་དང་ཆས་སོ། །དེ་ནས་མས་སྨྲས་པ། བུ་ཁྱོད་ཀྱིས་ལས་འདིའི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་དེས་གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་དང ། ཡུལ་པོ་ཆེ་དེ་དག་མཐོང་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏོ། །དེ་ནས་དེས་ཀཱཪྵཱ་བ་ཎ་ལྔ་བརྒྱས་གྲུ་ཉོས། ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ། གྲུ་པ་དང ། ཆུ་འཕྱག་པ་དང ། མཉན་པ་དང ། བྱིའུ་ཟུལ་མཁན་དང ། རུ་སྐྱ་འཛིན་པ་རྣམས་ཀྱང་ཁྲིད་དེ། ལན་གསུམ་དྲིལ་བསྒྲགས་ནས་རྒྱ་མཚོ་ཆེན་
156b
པོའི་ནང་དུ་ཞུགས་སོ། །དེ་ནས་རེ་ཞིག་ན་གྲུ་དེ་ཉའི་རིགས་ཆུ་སྲིན་མ་ཀ་རས་མ་རུང་བར་བྱས་ཏེ་བུབ་པར་བྱས་སོ། །དེ་ནས་མཛའ་བོའི་བུ་མོས་སྤང་ལེབ་ཅིག་ལ་ཟིན་ནས་སྐམ་ལ་ཕྱིན་ཏོ། ། དེ་ནས་སྐམ་ལ་སོང་སོང་ནས་ཐག་རིང་པོ་ཞིག་ནས་གྲོང་ཁྱེར་ལོངས་སྤྱོད་བྱེད་ཅེས་བྱ་བ་མཐོང་ནས་དེ་དེ་ལོགས་སུ་སོང་བ་དང ། རེ་ཞིག་ན་དེའི་ནང་ནས་ལྷའི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་བཞི་ཞིག་བྱུང་ནས། དེ་དག་ན་རེ། མཛའ་བོའི་བུ་མོ་ཚུར་སྤྱོན། ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང ། སྐོམ་གཞག་པའི་ཁང་པ་དང ། གོས་གཞག་པའི་ཁང་པ་དང ། གཟིམས་ཁང་ལགས་ཏེ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱི་ཚུར་སྤྱོན་དང ། ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས་དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང ། དགེ་བ་བྱེད་བྱེད་པ་དང ། རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེ་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང ། ལྷག་པར་ཡང་དེར་འགྲོ་འདོད་པར་གྱུར་ནས་རེ་ཞིག་ནའང་ལྷོ་ཕྱོགས་སུ་སོང་བ་དང ། གྲོང་ཁྱེར་རྟག་ཏུ་མྱོས་ཞེས་བྱ་བ་མཐོང་སྟེ། དེ་དེའི་སྒོར་ཕྱིན་པ་དང ། རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་
157a
༄#། །ཆེས་གཟུགས་བཟང་ཞིང་ཆེས་བལྟ་ན་སྡུག་ལ་ཆེས་མཛེས་པ་བརྒྱད་བྱུང་ནས། དེ་དག་ན་རེ། མཛའ་བོའི་བུ་མོ་ཚུར་སྤྱོན། ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང ། སྐོམ་གཞག་པའི་ཁང་པ་དང ། གོས་གཞག་པའི་ཁང་པ་དང ། གཟིམས་ཁང་ལགས་ཏེ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱི་ཚུར་སྤྱོན་དང ། ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས་དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང ། དགེ་བ་བྱེད་བྱེད་པ་དང ། རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེར་འགྲོ་འདོད་པར་གྱུར་ནས་རེ་ཞིག་ནའང་ལྷོ་ཕྱོགས་སུ་སོང་བ་དང ། གྲོང་ཁྱེར་དགའ་བྱེད་ཅེས་བྱ་བ་མཐོང་སྟེ། དེ་དེའི་སྒོར་ཕྱིན་པ་དང ། རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་ཆེས་གཟུགས་བཟང་ཞིང་ཆེས་བལྟ་ན་སྡུག་ལ་ཆེས་མཛེས་པ་བཅུ་དྲུག་བྱུང་ནས། དེ་དག་ན་རེ། མཛའ་བོའི་བུ་མོ་ཚུར་སྤྱོན། ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་གཞག་པའི་ཁང་པ་དང ། སྐོམ་གཞག་པའི་ཁང་པ་དང ། གོས་གཞག་པའི་ཁང་པ་དང །
157b
གཟིམས་ཁང་ལགས་ཏེ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱི་ཚུར་སྤྱོན་དང ། ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས་དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང ། དགེ་བ་བྱེད་བྱེད་པ་དང ། རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོར་མི་སྟེར་ནས། དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེར་འགྲོ་འདོད་པར་གྱུར་ནས། རེ་ཞིག་ནའང་ལྷོ་ཕྱོགས་སུ་སོང་བ་དང ། ཁང་བཟང་ཚངས་པའི་བླ་མ་ཞེས་བྱ་བ་མཐོང་སྟེ། དེ་དེའི་སྒོར་ཕྱིན་པ་དང ། རེ་ཞིག་ན་དེའི་ནང་ནས་ཀྱང་ལྷའི་བུ་མོ་ཆེས་གཟུགས་བཟང་ཞིང་ཆེས་བལྟ་ན་སྡུག་ལ་ཆེས་མཛེས་པ་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་དག་ན་རེ། མཛའ་བོའི་བུ་མོ་ཚུར་སྤྱོན། ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གིས་ཟས་གཞག་པའི་ཁང་པ་དང ། སྐོམ་གཞག་པའི་ཁང་པ་དང ། གོས་གཞག་པའི་ཁང་པ་དང ། གཟིམས་ཁང་ལགས་ཏེ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་ལགས་ཀྱི་ཚུར་སྤྱོན་དང ། ལོངས་སྤྱད་པར་བགྱིའོ་ཞེས་ཟེར་ནས་དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་འདི་ནི་བསོད་
158a
༄#། །ནམས་བྱེད་བྱེད་པ་དང ། དགེ་བ་བྱེད་བྱེད་པ་དང ། རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ཡང་ལྷོ་ཕྱོགས་སུ་སོང་བ་ལས་འགྲོར་མི་སྟེར་ནས།་དེ་ལྷོ་ཕྱོགས་ཀྱི་ལམ་དེར་འགྲོར་མི་སྟེར་བ་དང་ལྷག་པར་ཡང་དེར་འགྲོ་འདོད་དེ། དེ་ཇི་ཙམ་དུ་ལྷོ་ཕྱོགས་སུ་སོང་བ་དེ་ཙམ་དུ་དེའི་འདོད་པ་སྐྱེའོ། །རེ་ཞིག་ན་ཡང་ལྷོ་ཕྱོགས་སུ་སོང་བ་དང ། ལྕགས་ཀྱི་མཁར་ཞིག་མཐོང་སྟེ། དེ་དེའི་ནང་དུ་སོང་ནས་ནང་དུ་སོང་མ་ཐག་ཏུ་དེའི་སྒོ་བཅད་དོ། །དེ་ནས་དེ་བས་ཀྱང་ནང་དུ་སོང་བ་དང ། དེའི་སྒོའང་བཅད་དོ། །དེ་བས་ཀྱང་ནང་དུ་སོང་བ་དང ། རེ་ཞིག་ན་མི་བོ་ཆེ་ཞིག་མཐོང་ན། དེའི་མགོ་བོ་ལ་ལྕགས་ཀྱི་འཁོར་ལོ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ཞིག་འཁོར་ཞིང་འདུག་ལ་དེའི་མགོ་བོ་ལས་རྣག་ཁྲག་ཅི་འཛག་པ་དེ་དག་ནི་དེའི་ཟས་སུ་ཟའོ། །དེ་ནས་མཛའ་བོའི་བུ་མོས་མི་དེ་ལ་དྲིས་པ། ཀཝ་ཡེ་མི་ཁྱོད་སུ་ཡིན། དེ་ན་རེ། ང་ནི་མ་ལ་གནོད་པ་བྱེད་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །མི་དེས་སྨྲས་མ་ཐག་ཏུ་མཛའ་བོའི་བུ་མོས་ལས་དེ་དྲན་ནས་ང་འང་མ་ལ་གནོད་པ་བྱེད་བྱེད་པ་ཡིན་པ་སྙམ་གྱི་ང་འང་ལས་དེ་ཁོ་ནས་འདིར་ཁྲིད་པ་ལྟ་སྙམ་མོ། །དེ་ནས་དེའི་སྐབས་སུ་ནམ་མཁའ་ལས་སྒྲ་བྱུང་སྟེ། བཅིངས་པ་གང་ཡིན་པ་དེ་དག་ནི་གྲོལ་བར་གྱུར་ཏོ། །གྲོལ་བ་གང་ཡིན་པ་དེ་དག་ནི་བཅིངས་སོ་ཞེས་
158b
ཟེར་ཏེ། དེ་སྐད་ཟེར་མ་ཐག་ཏུ་མི་དེའི་མགོ་བོ་ལ་འཁོར་ལོ་མི་སྣང་བར་གྱུར་ནས། མཛའ་བོའི་བུ་མོའི་མགོ་ལ་བྱུང་ངོ ། །དེ་ནས་མི་དེས་མཛའ་བོའི་བུ་མོ་སྡུག་བསྔལ་གྱིས་དཀོས་ཐག་པ་མཐོང་ནས།་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་ལོངས་སྤྱོད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང ། །ཅི་ཡི་ཕྱིར་ན་འདི་རུ་འོངས། །མཛའ་བོའི་བུ་མོས་སྨྲས་པ། བདག་ནི་ལོངས་སྤྱོད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང ། །འདོད་ཆེན་གྱིས་ནི་འདིར་འོངས་སོ། །ལས་ཀྱིས་རིང་དུ་ཁྲིད་པར་བྱེད། །རིང་པོ་ནས་ཀྱང་ལས་ཀྱིས་ཁྲིད། །གང་དུ་ལས་ཀྱི་རྣམ་པར་སྨིན། །དེར་ནི་ལས་ཀྱིས་ཁྲིད་པར་བྱེད། །ལས་ཀྱི་རྣམ་སྨིན་གང་ཞིག་གིས། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་རབ་ཏུ་སྡང་སེམས་ཀྱིས། །མ་གཅིག་དཀའ་བ་བྱེད་བྱེད་པའི། །མགོ་བོར་རྡོག་པས་བསྣུན་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །མཛའ་བོའི་བུ་མོས་སྨྲས་པ། ལོ་གྲངས་སྟོང་ཕྲག་དུ་མའི་བར། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་གྱུར། །མི་དེས་སྨྲས་པ། ལོ་ནི་སྟོང་ཕྲག་དྲུག་ཅུ་དང ། །བརྒྱ་ཕྲག་དྲུག་ཅུའི་བར་སྲིད་དུ། །ལྕགས་ཀྱི་འཁོར་ལོ་འབར་བ་ནི། །ཁྱོད་ཀྱི་མགོ་ལ་འཁོར་བར་འགྱུར། །མཛའ་བོའི་བུ་མོས་སྨྲས་པ།
159a
༄#། །ཀྱེ།་གཞན་ཡང ། འདིར་འོང་བ་འགའ་ལྟ་ཡོད་དམ། མི་དེས་སྨྲས་པ། སུ་འདི་ལྟ་བུའི་ལས་བྱེད་བྱེད་པ་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ་མི་དེ་ལ་སྨྲས་པ། ཀྱེ།་ང་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་བོའི་སྟེང་དུ་འཛིན་པར་འདོད་ཀྱི། འདི་ལྟ་བུའི་ལས་བྱེད་བྱེད་པ་གཞན་སུའང་འདིར་འོང་བར་མ་གྱུར་ཅིག་ཅེས་བྱས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་མཛའ་བོའི་བུ་མོའི་འཁོར་ལོ་དེ་མགོ་བོ་ལས་གྱེན་དུ་འཕགས་ནས་ཏ་ལ་བདུན་གྱི་སྲིད་ཙམ་དུ་ནམ་མཁའ་ལ་འདུག་གོ་།དེ་ནི་ཤི་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་བོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། ངས་ཉོ་ཚོང་བྱས་ནས་མ་ལ་ཀཱཪྵཱ་པ་ཎ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་གྲོང་ཁྱེར་ཆེན་པོ་བཞིར་བདེ་བ་ཆེན་པོ་མྱོང་ངོ ། །ངས་མ་ལ་གནོད་པ་ཆུང་ངུ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ ། །དགེ་སློང་དག་།དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཕ་མ་ལ་བཀུར་སྟི་བྱའོ། །གནོད་པ་མི་བྱའོ། །འོན་ཏང་མཛའ་བོའི་བུ་མོ་སོ་སོའི་སྐྱེ་བོར་གྱུར་པའི་ཚེ་ཉེས་པ་དེ་དག་ལྟ་བུ་འབྱུང་བར་མི་འགྱུར་ལ། དེ་ཉིད་ལྷའི་བུར་གྱུར་པའི་ཡོན་ཏན་གང་ཡིན་པ་དེ་ལྟ་བུ་
159b
ནི་ཐོབ་པར་འགྱུར་རོ་ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།བུའི་ཕ་མ་གཉིས་ནི་དཀའ་བ་བྱེད་པ་དང ། སྐོམ་ལྡུད་པ་དང ། གསོ་བ་དང ། བསྐྱེད་པ་དང ། ནུམ་སྣུན་པ་དང ། འཛམ་བུའི་གླིང་བཀྲ་བ་སྟོན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བུས་ཕ་མ་གཉིས་ཕྲག་པ་གཡས་གཡོན་དུ་བཞག་སྟེ་ལོ་བརྒྱའི་བར་དུ་ཁྱེར་རམ། ཡང་ན་ས་ཆེན་པོ་འདི་ནོར་བུ་དང ། མུ་ཏིག་དང ། བཻཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དང ། དངུལ་དང ། རྡོའི་སྙིང་པོ་དང ། སྤུག་དང ། པདྨ་རཱ་ག་དང ། གཡས་སུ་འཁྱིལ་བ་དང ། དེ་ལྟ་བུ་དག་གིས་བཀང་བའི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ཀྱང་དེ་ཙམ་གྱིས་ནི་བུས་ཕ་མ་གཉིས་ལ་དྲིན་གསོག་པའམ། ཕན་བཏགས་པར་མི་འགྱུར་གྱི། གང་གིས་ཕ་མ་དེ་གཉིས་དད་པ་མེད་པ་ལས་དད་པ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང ། འདུལ་བ་དང ། གནས་པར་བྱེད་པ་དང ། འཇོག་པར་བྱེད་པ་དང ། ཚུལ་ཁྲིམས་འཆལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། སེར་སྣ་ཅན་ལས་གཏོང་བ་ཕུན་སུམ་ཚོགས་པ་དང ། ཤེས་རབ་འཆལ་བ་ལས་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཛུད་པ་དང ། འདུལ་བ་དང ། གནས་པར་བྱེད་པ་དང།་འཇོག་པར་བྱེད་པ་དེ་ཙམ་གྱིས་ན། བུས་ཕ་མ་གཉིས་ལ་དྲིན་བསབས་པའམ། ཕན་བཏགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་
160a
༄#། །ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རི་བོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་ཕྱུག་ཅིང་ནོར་མངལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེས་རིགས་
160b
མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ཞིག་བཙས་ནས་དེ་བསྐྱེད་བསྲིངས་ཏེ་ཆེར་གྱུར་ཏོ། །དེའི་ཕ་ནི་ནོར་ཡང་ཟད་པར་གྱུར། ལོངས་སྤྱོད་ཀྱང་ཟད་པར་གྱུར་ཏོ། །དེའང་མཛའ་བོ་དང ། ཉེ་དུ་དང ། རྩ་ལག་གི་འདབ་ཆེ་བ་ཞིག་སྟེ། བུ་དེ་དུས་དུས་སུ་ཉེ་དུ་རྣམས་ཀྱི་ཐད་དུ་གཏོང་ངོ ། །དེ་ནས་དེ་ཉེ་དུ་དེ་དག་གིས་ཅི་ནས་དེ་དག་ཀྱང་ཕྱིར་ཞིང་མཛའ་བར་འགྱུར་བ་དེ་ལྟ་བུར་གཞན་ཏོ། །ཕྱིས་རེ་ཞིག་ན་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུ་\?\་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་ཏེ། དེ་ཐོས་པས་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ། ཕ་མ་གཉིས་ཀྱིས་གནང་ནས། བཅོམ་
161a
༄#། །ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཉེ་དུ་དེ་དག་དང་ལྷན་ཅིག་ཏུ་འདུ་ཞིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཁྱིམ་པ་དང་འདུ་བ་ལས་བཟློག་ནས་དགོན་པར་གནས་པ་ལ་འཛུད་པར་མཛད་ན་དེ་དེར་མི་དགའོ། །དེ་ནས་དེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་ཁྱིམ་པ་དང་འདུ་བ་ལས་བཟློག་པར་མཛད་དེ། བུ།་ཁྱིམ་པ་དང་འདུ་བ་འདི་ནི་ཉེས་པ་དུ་མ་དང་ལྡན་ཏེ། མིག་གིས་ཤེས་པར་བྱ་བའི་གཟུགས་སྡུག་པ་དང ། ཕངས་པ་དང ། སྙིང་དུ་སྡུག་པ་དང ། ཡིད་དུ་འོང་བ་དང ། འདོད་པ་དང་ལྡན་པ་དང ། ཆགས་པར་འགྱུར་བ་དང ། ཚེར་མ་དང་འདྲ་བ་དང ། རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང ། སྣས་ཤེས་པར་བྱ་བའི་དྲི་རྣམས་དང ། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང ། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང ། སྡུག་པ་དང ། ཕངས་པ་དང ། སྙིང་དུ་སྡུག་པ་དང ། ཡིད་དུ་འོང་བ་དང ། འདོད་པ་དང་ལྡན་པ་དང ། ཆགས་པར་འགྱུར་བ་དང ། ཚེར་མ་དང་འདྲ་བ་དག་ཡོད་དོ་ཞེས་གསུངས་སོ། །གང་དུ་གནས་བཅས་ན་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་བའི་དགོན་པའི་ཡོན་ཏན་དག་ཀྱང་རྣམ་གྲངས་དུ་མར་བསྔགས་སོ། །དེ་ནས་རེ་ཞིག་ན་རིགས་ཀྱི་བུ་དེས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས། དགོན་པར་གནས་པ་ལའང་རྟག་ཏུ་བརྩོན་པ་དང ། བསྒྲུབ་པ་དང །
161b
འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་རྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་བལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེས་སྔོན་གྱི་གནས་རྗེས་སུ་དྲན་ལ། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་དཀའ་བ་སྤྱོད་པའང་མཐོང་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། གུས་པ་དང་བཅས་པས་བསྟོད་ཅིང་རི་མོ་བྱས་སོ། །དེ་ནས་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་འདི་ལན་གསུམ་གྱི་བར་དུ་གྲོང་ནས་བཟློག་སྟེ། དགོན་པའི་གནས་ལ་བཙུད་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཞག་པ་ལ་གཟིགས། བཅོམ་ལྡན་
162a
༄#། །འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང།་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པའི་ཚེ་རིགས་ཀྱི་བུ་འདི་ལན་གསུམ་གྱི་བར་དུ་གྲོང་ནས་བཟློག་སྟེ་དགོན་པའི་གནས་ལ་བཙུད་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཞག་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུགས་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེའང་ངས་རང་གི་སྲོག་ཡོངས་སུ་བཏང་ནས་རིགས་ཀྱི་བུ་འདི་གྲོང་ནས་བཟློག་སྟེ། དགོན་པའི་གནས་ལ་བཙུད་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། རིའི་སུལ་ཆུ་འབབ་ཅིང་མེ་ཏོག་དང ། འབྲས་བུ་དང ། རྡོ་གུ་ཕུན་
162b
སུམ་ཚོགས་པ་དང་ལྡན་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་སྤྱོད་པ། ཟས་སུ་འབྲས་བུ་དང ། རྩ་བ་དང ། ཆུས་འཚོ་བ། རི་དྭགས་ཀྱི་གཡང་གཞི་དང ། ཤིང་ཤུན་གྱོན་པ། མེའི་སྦྱིན་སྲེག་བྱེད་པ་ཞིག་འདུག་གོ་།དྲང་སྲོང་དེའི་མཛའ་བོའང་རི་བོང་མིའི་སྐད་ཤེས་པ་ཞིག་ཡོད་དེ། དེ་ཉིན་གཅིག་བཞིན་དུ་དྲང་སྲོང་གི་ཐད་དུ་དུས་གསུམ་དུ་འགྲོའོ། །དེར་སོང་ནས་གུས་པར་སྨྲ་བ་བྱས་ཏེ། གཏམ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་དགའ་བར་བྱས་ནས། དེ་གཉིས་ཕྱིར་ཞིང་མཛའ་བར་གྱུར་ཏེ། ཕ་སྤད་དང་འདྲ་བར་འདུག་གོ་།ཕྱིས་རེ་ཞིག་ན་ཐན་ཆེན་བྱུང་ནས་དེས་ཆུ་ཀླུང་དང ། ཁྲོན་པ་རྣམས་ཆུ་ཆུང་བར་གྱུར་ལ། ཤིང་རྣམས་ཀྱང་མེ་ཏོག་དང ། འབྲས་བུ་མེད་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེ་གནས་དེ་ན་བཟའ་བ་མེད་པས་མི་དགའ་ནས་དེས་རི་དྭགས་ཀྱི་གཡང་གཞི་དང ། ཤིན་ཤུན་རྣམས་ཀྱང་བརྟུལ་ཏོ། །དེ་ནས་རི་བོང་དེས་དེ་ལྟ་བུར་གྱུར་པ་མཐོང་ནས། དྲང་སྲོང་ཆེན་པོ་གར་བཞུད་ཅེས་དྲིས་སོ། །དྲང་སྲོང་ན་རེ། ང་ནི་གྲོང་དུ་འགྲོ་སྟེ། དེར་བཙོས་པའི་སློང་མོས་འཚོ་བར་བྱའོ་ཞེས་ཟེར་རོ། །དེ་ནས་དེས་དྲང་སྲོང་གི་ཚིག་ཐོས་ནས་གདུང་བར་གྱུར་ཏེ། ཕ་དང་བྲལ་བ་ཙམ་དུ་བསམས་ནས། དྲང་སྲོང་དེའི་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། བདག་མི་དོར་བར་གསོལ། གཅིག་ཏུ་ན་ཁྱིམ་གྱི་གནས་ནི་ཉེས་པ་དུ་མས་གང་ལ་དགོན་པའི་གནས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལགས་སོ་ཞེས་བྱས་སོ། །དེ་སྐད་ལན་དུ་མ་བྱས་ཀྱང་དེ་ལྡོག་
163a
༄#། །ཏུ་མ་བཏུབ་བོ། །དེ་ནས་རི་བོང་གིས་སྨྲས་པ། གལ་ཏེ་མི་འགྲོར་མི་རུང་ནའང་དེང་ཙམ་གཞེས་ལ། སང་གར་དགྱེས་པར་བཞུང་ཅིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་དེ་འདི་སྙམ་དུ་སེམས་ཏེ།་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འདི་དག་ནི་སྡུག་ཅིང་གསོག་པ་ལ་སྲེད་པས་ན། འདིས་ནི་བདག་དེང་ཁ་ཟས་སྣ་འགའ་ཞིག་ལ་གཡར་འདྲེན་པར་འདོད་གོར་མ་ཆག་སྙམ་སྟེ། དེས་དེ་ལ་ཁས་བླངས་སོ། །དེ་ནས་ཉིན་པར་གྱི་བྱ་བ་བྱས་ཟིན་ཏེ། དྲོ་ལ་བབ་བ་ན་རི་བོང་འོངས་ནས། དྲང་སྲོང་དེ་ལ་བསྐོར་བ་བྱས་ཏེ། བཟོད་པ་གསོལ་བ། དྲང་སྲོང་ཆེན་པོ། གང་བདག་གིས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་བྱ་མི་བྱ་མི་ཤེས་ནས་ཁྱོད་ལ་ཅུང་ཟད་ནོངས་པ་ཅི་བགྱིས་པ། བདག་ལ་ཁྱོད་ཀྱིས་བཟོད་པ་མཛོད་ཅིག་ཅེས་སྨྲས་ནས། ཚམ་ཚོམ་མེད་པར་མེའི་ནང་དུ་མཆོངས་སོ། །དེ་ནས་དྲང་སྲོང་དེ་མི་དགའ་བར་གྱུར་ནས། དུ་བཞིན་ཕྱུང་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ལ་གོར་དུ་བླངས་ནས། བུ་འདི་ཅི་བྱེད་ཅེས་སྨྲས་སོ། །རི་བོང་ན་རེ། དྲང་སྲོང་ཆེན་པོ། དགོན་པའི་དགའ་བས་བདག་གི་ཤ་གསོལ་ལ། ཞག་གཅིག་གི་བར་དུ་འཚོ་བར་མཛོད་ཅིག་།ང་གཅིག་ཏུ་ན། ནགས་ཁུང་དག་ཏུ་སྐྱེས་པའི་རི་བོང་ལ། །སྲན་སྡེའུ་ཏིལ་དང་འབྲས་རྣམས་ཅི་མ་མཆིས། །བདག་གི་ལུས་འདི་ཞུགས་ལ་སྒྲོལ་མཛོད་ལ། །གསོལ་ཏེ་དེང་ཙམ་དཀའ་ཐུབ་ཚལ་དུ་བཞུགས། །དེ་ནས་དྲང་སྲོང་དེས་རི་བོང་གི་ཚིག་ཐོས་ནས་མི་དགའ་བར་གྱུར་ཏེ། སྨྲས་
163b
བ།་གལ་ཏེ་དེ་ལྟ་ན་ཁྱོད་སྙིང་དུ་སྡུག་པ་དང ། དགོ་ན་པ་སྙིང་དུ་སྡུག་པའི་ཕྱིར་འདི་ཉིད་དུ་སྲོག་བོར་ཡང་བླ་ཡི། གྲོང་དུ་ནི་བདག་མི་འགྲོའོ་ཞེས་བྱས་སོ། །དེ་ནས་རི་བོང་གིས་ཚིག་དེ་ཐོས་ནས་སེམས་དགའ་བར་གྱུར་ཏེ། ནམ་མཁའ་ལ་གྱེན་དུ་བལྟས་ནས་གསོལ་བ་བཏབ་སྟེ། བདག་ནི་དགོན་པར་སོང་ནས་ཀྱང ། །དབེན་པ་ལ་ནི་ཡིད་དགའ་ན། །དེ་ཡི་བདེན་པའི་ཚིག་གིས་ན། །དབང་ཆེན་ཆར་ནི་འབབ་པར་ཤོག་།ཅེས་ཀྱང་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་མཐུས་དབང་ཆེན་གྱི་གནས་ཀུན་ཏུ་གཡོས་སོ། །ལྷ་རྣམས་ནི་འོག་ཏུ་ཤེས་པའི་མཐོང་བ་འཇུག་སྟེ། ཅི་ལས་གྱུར་སྙམ་པ་དང ། བྱང་ཆུབ་སེམས་དཔའི་མཐུ་ཡིན་བར་མཐོང་ངོ ། །དེ་ནས་རེ་ཞིག་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་མལ་དེར་དབང་ཆེན་གྱི་ཆར་ཕབ་ནས་ཕྱིར་ཡང་རྩཝ་དང ། གེལ་པ་དང ། སྨན་དང ། མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེས་དགེ་བའི་བཤེས་གཉེན་རི་བོང་ལ་བརྟེན་ནས།་དེ་ན་གནས་བཞིན་དུ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དྲང་སྲོང་དེས་རི་བོང་ལ་སྨྲས་པ། ཀྱེ་རི་བོང ། དཀའ་བ་བྱེད་པ་དང ། བརྩོན་པ་དང ། སྙིང་རྗེ་བའི་རང་བཞིན་འདིས་ཅི་ཞིག་བསྒྲུབ་པར་སེམས། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང ། མགྲོལ་བ་རྣམས་འགྲོལ་བ་དང །
164a
༄#། །དབུགས་མ་ཕྱིན་པ་རྣམས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་དེས་ཚིག་དེ་ཐོས་ནས་རི་བོང་ལ་སྨྲས་པ། གང་གི་ཚེ་ཁྱོད་སངས་རྒྱས་སུ་གྱུར་པ་དེའི་ཚེ། བདག་ཀྱང་དྲན་པར་གྱིས་ཤིག་།རི་བོང་གིས་སྨྲས་པ། དེ་ལྟར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །དྲང་སྲོང་ནི་རིགས་ཀྱི་བུ་འདི་ཁོ་ན་ཉིད་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་དང་གནས་པར་བྱ་ཡི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན། སེམས་ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་
164b
པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་མ་ཟེར་ཞིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ།་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང ། མ་འདྲེས་པ་དང ། ཡོངས་སུ་རྫོགས་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དགེ་བའི་བཤེས་གཉེན་ལ་བརྟེན་ནས། སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང ། སེམས་ཅན་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པའི་ཆོས་ཅན་རྣམས་རྒ་བ་དང ། ན་བ་དང ། འཆི་བ་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ། དེ་བས་ན་རྣམ་གྲངས་འདི་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་
165a
༄#། །བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང ། མ་འདྲེས་པ་དང ། ཡོངས་རྫོགས་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་ཚོལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང།་མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་
165b
དང།་གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ལུགས་ཀྱིས་ནང་པར་སྔར་ལངས་ཏེ། བཅོམ་ལྡན་འདས་བལྟ་བའི་ཕྱིར་སོང་ནས། རང་གིས་ལག་དར་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྲེལ་བཞིག་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་བསོད་ནམས་འདོད་པ་ནམས་ལ་བསོད་ནམས་ཀྱི་གནས་བསྟན་པའི་ཕྱིར། ཉིད་ཀྱིས་ཕྱག་དར་ཏེ། ཕྱགས་མ་བསྣམས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་མཛད་དོ། །ཉན་ཐོས་ཆེན་དེ་\?\་སྔ་\?\་རིའི་བུ་དང ། མོའུ་དགལ་གྱི་བུ་དང ། འོད་སྲུང་དང ། ཀུན་དགའ་བོ་དང ། ནམ་གྲུ་ལ་སོགས་པས་ཀྱང་བཅོམ་ལྡན་འདས་མཐོང་ནས། ཕྱག་དར་བྱེད་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དང ། ཉན་ཐོས་ཆེན་པོ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕྱགས་ནས་མདུན་ཁང་དུ་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ལྔ་པོ་འདི་དག་ནི་ཕྱག་དར་བྱེད་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བདག་ཉིད་
166a
༄#། །སེམས་དགའ་བར་འགྱུར་བ་དང ། གཞན་སེམས་དགའ་བར་འགྱུར་བ་དང ། ལྷ་རྣམས་མགུ་བར་འགྱུར་བ་དང ། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་གསོག་པ་དང ། ལུས་དང་བྲལ་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བའོ། །དེ་ནས་མགོན་མེད་ཟས་སྦྱིན་ཡང་ཕྱོགས་དེར་ཕྱིན་ནས་དེས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་གཅིག་ཏུ་ཕྱག་དར་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕྱགས་སོ་ཞེས་དེ་སྐད་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། གང་དུ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་གཅིག་ཏུ་ཕྱག་དར་ཏེ། ཕྱག་དར་མཛད་པ་དེའི་སྟེང་དུ་བདག་ཇི་ལྟར་འགྲོ་སྙམ་མོ། །དེ་ནས་མགོན་མེད་ཟས་སྦྱིན་ཤིན་ཏུ་འཛེམ་ཞིང་ངོ་ཚ་དང་ལྡན་པའི་སེམས་ཀྱིས་དེ་ཁོ་ནའི་གནས་ན་སྡོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་འདྲི་བ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སུ་ཞིག་ཅེས་སྨྲས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ། མགོན་མེད་ཟས་སྦྱིན་ལགས་ཏེ། བཅོམ་ལྡན་འདས་ལ་ཤིན་ཏུ་འཛེམ་ཞིང་ངོ་ཚ་བ་དང་ལྡན་པའི་སེམས་ཀྱིས་འདི་ལྟར་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དག་དང་ཐབས་གཅིག་ཏུ་ཕྱག་དར་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕྱག་དར་མཛད་པས་དེའི་སྟེང་དུ་སུག་པས་བརྫིས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་མཆི་བར་མི་
166b
འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཁྱིམ་བདག་།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ལ་གུས་ལ་དགྲ་བཅོམ་པ་རྣམས་ཀྱི་བླ་མ་ནི་ཆོས་ཡིན་པས་ན། སངས་རྒྱས་ཀྱི་བཀའ་ཁ་ཏོན་གྱིས་ལ་ནང་དུ་ཤོག་ཅིག་།དེ་ནས་མགོན་མེད་ཟས་སྦྱིན་ཚིགས་སུ་བཅད་པ་བརྗོད་ཅིང ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། །ཡང་དག་པར་དགའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། །ཡང་དག་པར་དགའ་བར་མཛད་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཆོས་ལ་ཞེས་སྐྱེས་ཤིང་གུས་པ་སྐྱེས་ཏེ། ཆོས་ཀྱི་བསྔགས་པ་འབའ་ཞིག་གསུང་བ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་
167a
༄#། །བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་ཟིན་པའི་ཚེ། ཆོས་ལ་ཞེས་སྐྱེས་ཤིང་གུས་པ་སྐྱེས་ཏེ། ཆོས་ཀྱི་བསྔགས་པ་འབའ་ཞིག་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བའི་ཚེ་ཡང་ངས་ཆོས་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་གཏོང་བ་བྱས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང།་འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་
167b
པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེའང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ། ཆགས་པ་མེད་པར་ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེ་ནས་དེ་ཕྱི་ཞིག་ན། བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་བཙུན་མོ་དེ་ལ་བུ་ཆགས་ནས། ལེགས་པར་གསུངས་པ་མཉན་པར་བྱའོ་སྙམ་དུ་ཡིད་ལ་འདོད་པ་སྐྱེས་ཏེ། དེས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་ཀྱང་ལྟས་མཁན་རྣམས་བཀུག་སྟེ་སྨྲས་ན། དེ་དག་གིས་ཀྱང ། ལྷ།སེམས་ཅན་དེའི་མཐུ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་ལེགས་པར་གསུངས་པ་སྨྲ་བ་བཙལ་བའི་ཕྱིར། གསེར་བྱེ་བ་ཐོགས་ཏེ་གྲོང་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་བསྐོར་ན། འོན་ཀྱང་ལེགས་པར་གསུངས་པ་དེ་མ་རྙེད་ནས། རེ་ཞིག་ན་ཟླ་བ་དགུ་ཚང་བ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་
168a
༄#། །བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པའི་ཚེ་བཙས་སྟོན་བྱས་ནས། ཁྱེའུའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བློན་པོ་རྣམས་ན་རི། ཁྱེའུ་འདི་མ་བཙས་བཞིན་དུ་ལེགས་པར་གསུངས་པ་ཚོལ་བས་ན། དེའི་ཕྱིར་ཁྱེའུའི་མིང་ལེགས་པར་གསུངས་པ་ཚོལ་བ་ཞེས་བྱའོ་ཞེས་ཟེར་ནས། དེའི་མིང་ལེགས་པར་གསུངས་པ་ཚོལ་བ་ཞེས་བཏགས་སོ། །དེ་ནས་ཁྱེའུ་ལེགས་པར་གསུངས་པ་ཚོལ་བ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེའང་ལེགས་པར་གསུངས་པ་བཙལ་ཏེ་མ་རྙེད་དོ། །དེ་ནས་དེ་ཕ་ཤི་བའི་འོག་ཏུ་རྒྱལ་པོར་བཅུག་ནས། བློན་པོ་རྣམས་ལ་བསྒོ་བ། ཡུལ་གྱི་གཙོ་བོ་དག་།ང་ལ་ལེགས་པར་གསུངས་པ་དགོས་ཀྱི། ངའི་ལེགས་པར་གསུངས་པ་ཚོལ་ཅིག་ཅེས་བྱས་སོ། །དེ་ནས་བློན་པོ་དེ་དག་གིས་ལེགས་པར་གསུངས་པ་བཙལ་
168b
བའི་ཕྱིར། འཛམ་བུ་གླིང་ཐམས་ཅད་དུ་གསེར་བྱེ་བ་བསྟན་ཀྱང་ལེགས་པར་གསུངས་པ་མ་རྙེད་དོ། །དེ་ནས་དེ་དག་གིས་རྒྱལ་པོ་ལ་གསོལ་སོ། །དེ་ནས་རྒྱལ་པོ་དེ་ལེགས་པར་གསུངས་པ་ཉན་པར་འདོད་པའི་ཕྱིར་གདུང་ཞིང་ཡི་ཆད་དོ། །ལྷའི་དབང་པོ་བརྒྱ་བྱིན་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་སྟེ། དེས་རྒྱལ་པོ་ལེགས་པར་གསུངས་པ་མཐོས་པས་ཕོངས་པ་མཐོང་ནས།་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་བག་པར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གནོད་སྦྱིན་གྱི་ཆ་ལུགས་རྐང་ལག་དང ། མིག་མི་སྡུག་པ་ཞིག་ཏུ་བསྒྱུར་ནས།་རྒྱལ་པོའི་མདུན་དུ་ཚིགས་སུ་བཅད་པ་སྨྲས་པ། ལེགས་སྤྱོད་ཆོས་ནི་སྤྱད་པར་བྱ། །ཉེས་པར་སྤྱོད་པ་དེ་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་བདེ་ལ་རྟེན་པར་འགྱུར། ། དེ་ནས་རྒྱལ་པོ་ཡ་མཚན་དུ་གྱུར་ནས་མདངས་ཕྱུང་སྟེ། གནོད་སྦྱིན་ལ་སྨྲས་པ། གསང་བ་པ། ཚིགས་སུ་བཅད་པ་དེ་བདག་གིས་མཉན་གྱིས་གསུངས་གསུངས། དེ་ནས་གནོད་སྦྱིན་གྱིས་རྒྱལ་པོ་ལ་སྨྲས་པ། གལ་ཏེ་བདག་ཇི་སྐད་མཆི་བ་བཞིན་དུ་ཁྱོད་ཀྱིས་མཛད་ན་ནི། དེའི་འོག་ཏུ་བདག་གིས་ཀྱང ། བཀའ་ཅི་སྩལ་པ་བཞིན་དུ་བགྱིའོ། །རྒྱལ་པོས་སྨྲས་པ། བདག་ལ་བཀའ་སྩལ་པ་ཅི་མཆིས། གནོད་སྦྱིན་གྱིས་སྨྲས་པ། ཉིན་མཚན་བདུན་གྱི་བར་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ནས། གལ་ཏེ་དེར་བདག་ཉིད་ཀྱིས་མཆོང་སྦྱོད་ན་ནི་དེའི་འོག་
169a
༄#། །ཏུ་ཁྱོད་ལ་བདག་གིས་ཚིགས་སུ་བཅད་པའང་བཟླས་པར་བགྱིའོ། །རྒྱལ་པོས་དེ་སྐད་ཐོས་ནས་སེམས་དགའ་བར་གྱུར་ཏེ། གནོད་སྦྱིན་དེ་ལ་སྨྲས་པ། དེ་ལྟར་བགྱིའོ། །དེ་ནས་རྒྱལ་པོས་གནོད་སྦྱིན་དམ་གྱི་འོག་ཏུ་བཅུག་ནས། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་དེང་ནས་ཞག་བདུན་ན་རྒྱལ་པོ་ལེགས་པར་གསུངས་པ་མཉན་པའི་ཕྱིར་མེ་དོང་དུ་བདག་ཉིད་མཆོང་བར་ཆད་ཀྱི། ཁྱེད་ཀྱི་ནང་ནས་གང་རྨད་དུ་བྱུང་བ་མཐོང་འདོད་པ་དེ་དག་འདིར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པ་ཁོང་དུ་ཆུད་པར་འདོད་པ་དང ། རྨད་དུ་བྱུང་བ་བལྟ་བའི་ཕྱིར་མི་འབུམ་ཕྲག་དུ་མ་འདུས་པ་དང ། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་འདུས་ཏེ་འཁོད་པའི་ནང་དུ་གནོད་སྦྱིན་དེ་ནམ་མཁའ་ལ་འཕགས་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ། ཇི་ལྟར་དམ་བཅས་པ་བཞིན་དུ་མཛོད་ཅིག་།དེ་ནས་རྒྱལ་པོ་བུ་ཐུ་བོ་རྒྱལ་པོར་དབང་བསྐུར་ནས་བློན་པོ་རྣམས་དང ། གྲོང་རྡལ་གྱི་མི་རྣམས་དང ། ཡུལ་གྱི་མི་རྣམས་ལ་ཉེས་པ་བཤགས་ཏེ། སྐྱེ་བོའི་ཚོགས་རྣམས་དབུགས་ཕྱུང་ནས་མེ་དོང་གི་དྲུང་དུ་སོང་སྟེ། ཚིགས་སུ་བཅད་པ་འདི་སྨྲས་སོ། །ང་ནི་ཆོས་ཕྱིར་མེ་འབར་ཉི་མ་ཁྲག་མདོག་འདྲ་བའི་མདག་མའི་དོང ། །ཤས་ཆེར་འཇིགས་བྱེད་ནད་དུ་མཆོང་བར་སེམས་ངེས་
169b
སྲོག་ཕྱིར་འཇིགས་པ་མེད། །མེ་དོང་འདི་ནི་བདག་གི་བསོད་ནམས་མཐུ་ཡིས་རྫིང་བུ་རབ་བཟང་བ། །ཙནྡན་འདམ་གྱིས་བསྒོས་པའི་ཆུ་བསིལ་པདྨས་གང་བར་འགྱུར་ཡང་དག་།བྱང་ཆུབ་སེམས་དཔས་དེ་སྐད་ཅེས་སྨྲས་ནས། མེ་དོང་དེའི་ནང་དུ་མཆོངས་སོ། །མཆོངས་མ་ཐག་ཏུ་དེའི་མེའི་དོང་དེ་རྫིང་བུ་ཞིག་ཏུ་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང ། མི་དད་པར་བྱེད་པའི་ཆོ་འཕྲུལ་རྨད་དུ་བྱུང་བ་དེ་མཐོང་ནས། གནོད་སྦྱིན་གྱི་གཟུགས་མི་སྣང་བར་བྱས་ཏེ། རང་གི་གཟུགས་སུ་འདུག་ནས་ཚིགས་སུ་བཅད་པ་སྨྲས་པ། ལེགས་སྤྱོད་ཆོས་ནི་སྤྱད་པར་བྱ། །ཉེས་པར་སྤྱོད་པ་དེ་མི་བྱ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱོད་བདེ་ལ་རྟེན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་དེ་ཡིད་ལ་བཟུང་ནས། གསེར་གྱི་གླེགས་བམ་ལ་བྲིས་ཏེ། འཛམ་བུའི་གླིང་ཐོག་ཐག་ཏུ་གྲོང་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་ཀུན་ཏུ་བསྐོར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེའི་ཚེའང་ངས་ལེགས་པར་གསུངས་པ་མཉན་པའི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་ན་ད་ལྟར་ལྟ་ཅི་སྨོས། དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱའོ་ཆོས་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །ཆོས་ལ་བཀུར་སྟིར་བྱས། བླ་མར་
170a
༄#། །བྱས།་རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མགོན་མེད་ཟས་སྦྱིན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས།་རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ།་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་
170b
སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་གཤེགས་ཏེ། ལམ་པོ་ཆེར་ཞུགས་པ་དང ། བྲམ་ཟེ་ཞིག་ཀྱང་ལམ་པོ་ཆེ་དེར་འོངས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་ཤིན་ཏུ་ཡུན་རིང་དུ་བརྟགས་ནས་ས་ལ་རི་མོ་བྲིས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་གོའུ་ཏ་མ། བདག་ལ་ཀཱཪྵཱ་པ་ཎཱ་ལྔ་བརྒྱ་མ་སྩལ་གྱི་བར་དུ་ཁྱོད་ཀྱིས་རི་མོ་འདི་མི་འདའ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཆུད་མི་ཟ་བར་བསྟན་པ་དང ། མ་བྱིན་པར་ལེན་པ་ལས་བཟློག་པའི་ཕྱིར། སྒོ་སྐྱེས་བཙུགས་པ་བཞིན་དུ་གཤེགས་སོ། །དེ་ནས་མཉན་དུ་ཡོད་པ་ཐོག་ཐག་ཏུ་བཅོམ་ལྡན་འདས་ལམ་པོ་ཆེར་བྲམ་ཟེ་ཞིག་གིས་ཀཱཪྵཱ་པ་ཎཱ་ལྔ་བརྒྱའི་ཕྱིར་འགྲོར་མ་སྟེར་རོ་ཞེས་དེ་སྐད་དུ་གཏམ་གྲགས་པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་མ་ཐག་ཏུ་བློན་པོའི་ཚོགས་ཀྱིས་ཞམ་རིང་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་
171a
༄#། །སྩལ་གྱི། བཅོམ་ལྡན་འདས། གཤེགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་དག་ནི་ཁྱོད་ཀྱིས་སྦྱིན་པར་བྱ་བ་མ་ཡིན་གྱི། དེ་དག་ནི་གཞན་ཞིག་གིས་སྦྱིན་དགོས་སོ། །དེ་བཞིན་དུ་རི་དྭགས་འཛིན་གྱི་མས་ག་དང ། བཙུན་མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང ། གནའི་མི་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་ལྷ་རྣམས་དང ། རྣམ་ཐོས་ཀྱི་བུ་ལ་སོགས་པས་ཀྱང་གསེར་དངུལ་ཁྱེར་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ན་དེ་དག་ལའང་བཅོམ་ལྡན་འདས་ཀྱིས་དེ་དག་ནི་ཁྱེད་ཀྱིས་ཀྱང་སྦྱིན་པར་བྱ་བ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་གསེར་གྱི་གཞོང་པ་གསེར་དངུལ་གྱིས་བཀང་པའི་སྟེང་དུ་ཀཱཪྵཱ་པ་ཎཱ་ལྔ་བརྒྱ་བཞག་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་འདི་བཞེས་སུ་གསོལ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་འདི་དག་ནི་ཁྱོད་ཀྱིས་སྦྱིན་པར་བྱ་བ་ཡིན་གྱི། བྲམ་ཟེ་ལ་བྱིན་ཅིག་།དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསེར་གྱི་གཞོང་པ་གང་བ་དེ་བྲམ་ཟེ་དེ་ལ་བྱིན་ནོ། །དེ་ནས་དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བྲམ་ཟེ་འདིས་བཅོམ་ལྡན་འདས་ཀྱང་གཤེགས་སུ་མ་སྟེར་ནས་
171b
མགོན་མེད་ཟས་སྦྱིན་གྱིས་ཀཱཪྵཱ་པ་ཎཱ་སྩལ་བ་ལ་གཟིགས། བཅོམ་ལྡན་འདས། ཇི་སྲིད་གཅིག་ནས་འདིའི་བུ་ལོན་ཆགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །དགེ་སློང་དག་།འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བརྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ། རྒྱལ་སྲིད་བསྐྱངས་སོ། །དེ་ནས་ཕྱི་ཞིག་ན་དེའི་བུ་རབ་རྒྱལ་ཚབ་བྱེད་པ་དེ་དཔྱིད་ཀྱི་དུས་གྱི་ཚེ་ཤིང་རྣམས་མེ་ཏོག་རྒྱས་ཤིང ། ངང་པ་དང ། དུར་པ་དང ། རྨ་བྱ་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་ན་བློན་པོའི་བུ་རྣམས་ཀྱིས་གཡོག་བྱས་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེའི་གྲོགས་པོ་བློན་པོའི་བུ་ཞིག་ཡོད་པ་དེ་རྒྱན་པའི་མི་གཞན་ཞིག་དང་ལྷན་ཅིག་ཏུ་ཆོ་ལོས་རྩེས་པ་ལས་
172a
༄#། །བློན་པོའི་བུ་དེ་མི་དེས་ཀཱཪྵཱ་པ་ཎཱ་ལྔ་བརྒྱས་ཕམ་པར་བྱས་ནས། རྒྱལ་པོའི་བུས་ཀྱང་དེའི་གཉའ་བྱས་པ་ལས་དེ་མཐུ་དང་ལྡན་ཏེ། ང་ནི་རྒྱལ་པོའི་བུའོ་སྙམ་ནས་མ་བྱིན་ནོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོའི་བུར་གྱུར་བ་གང་ཡིན་པ་དེ་ནི་ང་ཡིན་ནོ། །བློན་པོའི་བུ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིན་ནོ། །རྒྱན་པོ་བྱེད་པ་དེ་ནི་བྲམ་ཟེ་འདི་ཁོ་ན་ཡིན་ཏེ། ངས་གཉའ་བྱས་པ་ལས་ང་ནི་རྒྱལ་པོའི་བུ་ཡིན་ནོ་སྙམ་ནས། རྒྱན་པོ་བྱེད་པ་དེ་ལ་ཀཱཪྵཱ་པ་ཎཱ་མ་བྱིན་པ་ང་དེས་ན་འཁོར་པ་ན་ལོངས་སྦྱོད་ཀྱིས་ཕོངས་པ་མཐའ་ཡས་པ་མྱོང་ལ། ད་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང་འདིས་བུ་ལོན་བདས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱའོ། །མ་བྱིན་པར་ལེན་པ་སྤངས་པ་ལའང་འབད་པར་བྱ་སྟེ། ཅི་ནས་དེ་ལྟ་བུའི་
172b
ཉེས་པར་མི་འགྱུར་བར་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་པ། རབ་བཟང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་བས་དང ། གཟིམས་ཆད་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ།་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་ཀུ་ཤིན་གྱད་ཀྱི་ཉེན་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་
173a
༄#། །ཁོ་ནའི་དུས་ཀྱི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་དོ་ནུབ་ནམ་ཕྱེད་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་གྱི། ཤིང་སཱ་ལ་ཟུང་བི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲོ་ཤོམས་ལ། སྔས་བྱང་ཕྱོགས་སུ་སྟོན་ཅིག་།དེ་ནས་བཙུན་པ། དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། སཱ་ལ་ཟུང་གི་བར་དུ་གཟིམས་ཁྲོ་བཤམས་ཏེ།་སྔས་བྱང་ཕྱོགས་སུ་བསྟན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ ། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། དེ་བཞིན་གཤེགས་པའི་གཟིམས་ཁྲི་སཱ་ལ་ཟུང་གི་བར་དུ་བཤམས་ཏེ། སྔས་བྱང་ཕྱོགས་སུ་བསྟན་ལགས་སོ། །དེ་ནས་བཅོམ་ལྡན་འདས་གཟིམས་ཁྲི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ་ཞབས་གཤིབས་ནས་སྣང་བའི་འདུ་ཤེས་དང ། དྲན་པ་དང ། ཤེས་བཞིན་དང་ལྡན་ཞིང ། མྱ་ངན་ལས་འདས་པའི་འདུ་ཤེས་འབའ་ཞིག་ཐུགས་ལ་དགོངས་སོ། །དེའི་ཚེ་གྲོང་ཁྱེར་ཀུ་
173b
ཤིན་ཀུན་ཏུ་རྒྱུར་བ་བཟང་ཞེས་བྱ་བ་ཞིག་འདུག་སྟེ། དེ་རྒས་ཏེ་རྙིས་ཤིང་འཁོགས་ལ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་ཏེ། གྲོང་ཁྱེར་ཀུ་ཤི་ན་འཁོད་པའི་གྱད་ཡུལ་བ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ་དགྲ་བཅོམ་པར་འཛིན་ཏོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་དགེ་སྦྱོང་གོའུ་ཏ་མདོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་ཆོས་རྣམས་ལ་སོམ་ཉིའང་ཡོད། ཐེ་ཚོམ་ཡང་ཡོད་ལ། གོའུ་ཏ་མ་དེས་བདག་གི་སོམ་ཉི་དེ་བསལ་བར་ནུས་པའི་རེ་བའང་བདག་ལ་ཡོད་དོ་སྙམ་ནས། ཐོས་མ་ཐག་ཏུ་གྲོང་ཁྱེར་ཀུ་ཤིར་སོང་སྟེ་སཱ་ལ་ཟུང་ག་ལ་བ་དེར་སོང་ངོ ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་གཙུག་ལག་ཁང་གི་ཕྱི་རོལ་གྱི་ཐང་གི་འཆགས་ནས་འཆག་ཅིང་འདུག་པ་ཀུན་ཏུ་རྒྱུ་རབ་བཟང་གིས་མཐོང་ངོ ། །ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་ནས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང ། ཡང་དག་པར་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས་ཕྱོགས་གཅིག་ཏུ་སྡོད་དོ། །ཕྱོགས་གཅིག་ཏུ་བསྡད་ནས། ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་
174a
༄#། །སྨྲས་སོ། །ཀྱེ་ཀུན་དགའ་བོ། དགེ་སྦྱོང་གོའུ་ཏ་མ་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བདག་གིས་ཐོས་ཏེ། །བདག་ཆོས་རྣམས་ལ་སོམ་ཉིའང་མཆིས། ཐེ་ཚོམ་ཡང་མཆིས་ལ། གོའུ་ཏ་མ་དེས་བདག་གི་སོམ་ཉི་དེ་བསལ་བར་ནུས་པའི་རེ་བའང་བདག་ལ་མཆིས་ན། ཀུན་དགའ་བོ། གལ་ཏེ་ཁྱོད་ལ་ཡང་གནོད་པ་མ་མཆིས་ལ་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་པ་ལྟ་ན། བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །ཀུན་དགའ་བོས་སྨྲས་པ། རབ་བཟང ། བཅོམ་ལྡན་འདས་སྐུ་མཉེལ་ཏེ། བདེ་བར་གཤེགས་པ་སྐུའོ་བརྒྱལ་གྱི། རབ་བཟང ། ཐོངས་ལ། བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག་།ལན་གཉིས་ལན་གསུམ་གྱི་བར་དུའང་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀུན་དགའ་བོ། དགེ་སྦྱོང་གོའུ་ཏ་མ་དོ་ནུབ་ན་མ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བདག་གིས་ཐོས་ཏེ། བདག་ཆོས་རྣམས་ལ་སོམ་ཉིའང་མཆིས། ཐེ་ཚོམ་ཡང་མཆིས་ལ། གོའུ་ཏ་མ་དེས་བདག་གི་སོ་མ་ཉི་དེ་བསལ་བར་ནུས་པའི་རེ་བའང་བདག་ལ་མཆིས་ན། ཀུན་དགའ་བོ། གལ་
174b
ཏེ་ཁྱོད་ལའང་གནོད་པ་མ་མཆིས་ལ། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་པ་ལྟ་ན། བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་ཀུན་ཏུ་རྒྱུ་རབ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །རབ་བཟང ། བཅོམ་ལྡན་འདས་སྐུ་མཉེལ་ཏེ། བདེ་བར་གཤེགས་པ་སྐུ་འོ་བརྒྱལ་གྱི། རབ་བཟང ། ཐོང་ལ། བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག་ཅེས་བྱས་ཀྱང་ཀུན་ཏུ་རྒྱུ་རབ་བཟང་གིས་ཡང ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀུན་དགའ་བོ། ངའི་ཀུན་ཏུ་རྒྱུ་རྒས་ཤིང་འཁོགས་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་པོ་དག་ལས་བདག་གིས་ཐོས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བརྒྱ་ལམ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་ཟད་དེ། དཔེར་ན། ཨུ་དུ་མ་ཝཱ་རའི་མེ་ཏོག་དང་འདྲའོ་ཞེས་གྲག་ལ། གོའུ་ཏ་མ་དེའང་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། བདག་ཆོས་རྣམས་ལ་སོམ་ཉིའང་མཆིས། ཐེ་ཚོམ་ཡང་མཆིས་ལ། གོའུ་ཏ་མ་དེས་བདག་གི་སོམ་ཉི་དེ་བསལ་བར་ནུས་པའི་རེ་བའང་བདག་ལ་མཆིས་ན། ཀུན་དགའ་བོ། གལ་ཏེ་ཁྱོད་ལའང་གནོད་པ་མ་མཆིས་ལ། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་
175a
༄#། །འབྱེད་པ་ལྟ་ན་བདག་ནང་དུ་མཆིས་ཏེ་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་ཀུན་ཏུ་རྒྱུ་རབ་བཟང་ལ་འདི་སྐད་ཅེས་སྨྲས་སོ། ། རབ་བཟང ། བཅོམ་ལྡན་འདས་སྐུ་མཉེལ་ཏེ། བདེ་བར་གཤེགས་པ་སྐུ་འོ་བརྒྱལ་གྱི། རབ་བཟང ། ཐོངས་ལ། བཅོམ་ལྡན་འདས་ལ་གནོད་པ་མ་བྱེད་ཅིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཀུན་ཏུ་རྒྱུ་རབ་བཟང་དང་སྐབས་སུ་གཏམ་གླེངས་པ་དེ། བཅོམ་ལྡན་འདས་ཀྱིས་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །གསན་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། དེ་སྐད་མ་ཟེར་བར་ཀུན་ཏུ་རྒྱུ་རབ་བཟང་མ་དགག་པར་ནང་དུ་ཐོང་ལ། ཅི་དང ། ཅི་འདོད་པ་འདྲིར་ཆུག་ཅིག་།འདི་ནི་ངའི་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་དང་སྐབས་སུ་གཏམ་གླེང་བའི་ཐ་མ་ཡིན་ནོ། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་རབ་བཟང་འདི་ནི་ངའི་མངོན་སུམ་གྱི་ཉན་ཐོས་རྣམས་ལ། དགེ་སློང་ཚུར་ཤོག་།ཚངས་པར་སྤྱོད་ཅིག་ཅེས་བྱ་བའི་ཐ་མའང་ཡིན་ནོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས། དགའ་ཞིང་མགུ་ལ་རབ་ཏུ་དགའ་སྟེ། ཡི་རངས་ནས་དགའ་བ་དང ། ཡིད་བདེ་བ་སྐྱེས་པས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་མངོན་སུམ་
175b
དུ་ཡང་དག་པར་མགུ་བར་འགྱུར་བ་དང ། ཡང་དག་པར་དགའ་བར་འགྱུར་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་རབ་བཟང་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོའུ་ཏ་མ། འཇིག་རྟེན་ན་མུ་སྟེགས་ཅན་གྱི་གནས་ཐ་དད་པ། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང།་ཀུན་ཏུ་རྒྱུ་གང་ལྷས་ཀྱི་བུ་དང ། སྨྲར་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང ། ཐུབ་མེད་སྐྲའི་ལ་བ་ཅན་དང ། ཀ་ཏྱའི་བུ་ནོག་ཅན་དང ། གཅེར་བུ་པ་གཉེན་གྱི་བུ་དང ། འདི་རྣམས་རང་རང་གི་དམ་བཅས་བརྟོགས་པ་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་དེ་གསུངས་པ། ང་ནི་ལོ་གྲངས་ཉི་ཤུ་དགུ་ལོན་ན། །དགེ་བ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང ། །རབ་བཟང་ང་ནི་རབ་ཏུ་བྱུང་ནས་ཀྱང ། །དེ་ཡི་ཕྱིན་ཆད་ལོ་ནི་ལྔ་བཅུ་གཅིག་།ཚུལ་ཁྲིམས་ཏིང་འཛིན་རྐང་པ་རེག་པ་རྣམས། །ངས་ནི་རྩེ་གཅིག་སེམས་ཀྱིས་རབ་ཏུ་བསྒོམས། །རིགས་པའི་ཆོས་ཀྱི་ཕྱོགས་ཙམ་སྨྲ་བ་ཡང ། །འདི་ལས་ཕྱི་རོལ་དགེ་སྦྱོང་གཞན་ལའང་མེད། །རབ་བཟང ། ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་པ་དེ་ལ་ནི་དགེ་སྦྱོང་དང་པོའང་མེད་དོ། །དེ་ལ་ནི་དགེ་སྦྱོང་གཉིས་པ་དང ། གསུམ་པ་དང ། བཞི་པའང་མེད་དོ། །རབ་བཟང ། ཆོས་འདུལ་བ་གང་ལ་འཕགས་པའི་
176a
༄#། །ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དགེ་སྦྱོང་དང་པོའང་ཡོད་དོ། །དགེ་སྦྱོང་གཉིས་པ་དང ། གསུམ་པ་དང ། བཞི་པའང་ཡོད་དོ། །རབ་བཟང ། ཆོས་འདུལ་བ་འདི་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པས་ན། དགེ་སྦྱོང་དང་པོའང་འདི་ལ་ཡོད་དོ། །གཉིས་པའང་འདི་ལ་ཡོད་དོ། །གསུམ་པའང་ཡོད་དོ། ། བཞི་པའང་འདི་ལ་ཡོད་དོ། །འདི་ལ་ས་ཕྱི་རོལ་པ་ལ་ནི་དགེ་སྦྱོང་དང ། བྲམ་ཟེ་མེད་ལ། ཕས་ཀྱི་རྒོལ་བདག་ནི་དགེ་སྦྱོང་རྣམས་དང ། བྲམ་ཟེ་རྣམས་ཀྱིས་སྟོང་སྟེ། ང་ནི་འདིར་འཁོར་གྱི་ནང་དུ་དེ་སྐད་ཅེས་ཡང་དག་པར་སེང་གེའི་སྒྲ་སྒྲོགས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་ཏུ་རྒྱུ་རབ་བཟང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། ཀུན་ཏུ་རྒྱུ་རབ་བཟང་གིས་ཆོས་མཐོང ། ཆོས་རྙེད། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་བརྒལ། ཐེ་ཚོམ་ལས་བརྒལ་ནས། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་ཅིང ། གཞན་གྱིས་བཀྲི་བ་མེད་དེ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ཏུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ། སློབ་དཔོན་ཆེན་པོས་སློབ་དཔོན་
176b
ཆེན་པོའི་ཉེ་གནས་ཀྱི་དབང་བསྐུར་བས་དབང་བསྐུར་བ་དེ་ནི། བཙུན་པ་ཀུན་དགའ་བོས་རྙེད་པ་ལེགས་པར་རྙེད་དོ། །གཅིག་ཏུ་ན་བདག་གིས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་འགྱུར་བ་དེ་ནི་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཀུན་ཏུ་རྒྱུ་རབ་བཟང་འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་འགྱུར་བར་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག་།ཚངས་པར་སྤྱད་པ་སྤྱོད་ཅིག་།དེ་ནས་དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་རབ་ཏུ་བྱུང་བར་གྱུར་ཏེ། བསྙེན་པར་རྫོགས་པའང་དེ་ཡིན་ལ་དགེ་སློང་གི་དངོས་པོའང་དེ་ཡིན་ནོ། །དེ་ལྟར་རབ་ཏུ་བྱུང་ནས། ཚེ་དང་ལྡན་པ་དེ་གཅིག་པུ་དབེན་པར་འདུག་སྟེ། བག་ཡོད་ཅིང་བརྟུན་ལ་བཅུམ་ནས་གནས་ཏེ། གང་གི་ཕྱིར་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ཚོན་ཅན་བགོས་ཏེ། ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པའི་ཚངས་པར་སྤྱོད་པ་བླ་ན་མེད་པའི་མཐར་ཐུག་པ་དེ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་
177a
༄#། །ཁོང་དུ་ཆུད་ལ་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་ཟིན་ཏོ། །བྱ་བ་ནི་བྱས་སོ། །འདི་ལ་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཀུན་ཤེས་པར་གྱུར་ནས།་ཚེ་དང་ལྡན་པ་དེ་དགྲ་བཅོམ་པར་གྱུར་ཏེ་སེམས་རྣམ་པར་གྲོལ་ལོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་དགྲ་བཅོམ་པ་ཐོབ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང ། བདེ་བ་ཉམས་སུ་མྱོང་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི་བདག་གི་ཆ་མ་ཡིན་གྱི། དེ་བས་ཆེས་སྔར་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་གོར་མ་ཆག་སྙམ་ནས། དེར་ཚེ་དང་ལྡན་པ་རབ་བཟང་ཆེས་སྔར་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་བཅོམ་ལྡན་འདས་མྱ་ངན་ལས་འདས་སོ། །གང་གི་ཚེ་བཅོམ་ལྡན་འདས་གཟིམས་མལ་གྱི་ཐ་མར་བཞུགས་ཏེ། གནད་ལ་གནོད་པའི་ཚོར་བ་མྱོང་ཞིང་གནད་རྣམས་འཆད་ལ་ཚིགས་རྣམས་འབྱེ་བ་ན་རབ་བཟང་དགྲ་བཅོམ་པ་ཉིད་ལ་བཞག་པ་དང ། གྲོང་ཁྱེར་ཀུ་ཤའི་གྱད་ཡུལ་བ་མང་པོ་ཆོས་ལ་བཙུད་པ་དེའི་ཚེ། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀུན་ཏུ་རྒྱུར་བ་བཟང་འདི་བཅོམ་ལྡན་འདས་གནད་རྣམས་འཆད་ཅིང་ཚིགས་རྣམས་འབྱེ་བ་ན། འཁོར་བའི་སྤུ་གུ་ལས་བཀྲོལ་
177b
ཏེ།་གཞའ་གསང་གི་མཐར་ཐུག་པའི་གྲུབ་པ་དང ། བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག ། ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བའི་ཚེ། ངས་ཀུན་ཏུ་རྒྱུ་རབ་བཟང་འཁོར་བའི་སྤུ་གུ་ལས་བཀྲོལ་ནས། གཞའ་གསང་གི་མཐར་ཐུག་པའི་གྲུབ་པ་དང ། བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ན། བྱ་མི་བྱ་མི་ཤེས་པའི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ཚེའང་ནས་རང་གི་སྲོག་ཡོངས་སུ་བཏང་སྟེ། ཀུན་ཏུ་རྒྱུ་རབ་བཟང་དང།་གྲོང་ཁྱེར་ཀུ་ཤའི་གྱད་ཡུལ་བ་རྣམས་འཇིགས་པ་ལས་འཇིགས་པ་མེད་པ་ལ་བཀོད་པ་དེ་ལགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་
178a
༄#། །དག་།སྔོན་བྱུང་བ་འདས་པའི་དུས་ན། རིའི་སུལ་ཞིག་ན་རི་དྭགས་ཀྱི་ཁྱུའི་གཙོ་བོ་རི་དྭགས་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ། མཁས་ཤིང་གསལ་ལ་ཡིད་གཞུངས་པ་ཞིག་འདུག་པ་ལས། རི་དྭགས་ཀྱི་ཁྱུ་དེ་རྔོན་པས་བྱ་ར་བྱས་ནས་རྒྱལ་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ཆས་ཏེ། རི་དྭགས་ཀྱི་ཁྱུ་དེ་དག་ཐམས་ཅད་ཁོངས་སུ་བཅུག་གོ་།དེ་ནས་ཁྱུའི་གཙོ་བོ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་འདི་རྣམས་དམ་བསྲུངས་ན་ནི། དེང་དུ་འདི་དག་གཏན་མེད་པར་འོང་ངོ་སྙམ་མོ། །དེ་ནས་ཁྱུའི་གཙོ་བོས་ཁོ་ར་ཁོར་ཡུག་ཏུ་བལྟས་ཏེ། རི་དྭགས་ཀྱི་ཚོགས་འདི་དག་ཕྱོགས་གང་ལོགས་ནས་ཐར་བར་འགྱུར་ཞིག་གུ་སྙམ་མོ། །དེས་རིའི་སུལ་དེ་ན་ཆུ་ཀླུང་འབབ་པ་ཞིག་མཐོང་སྟེ། ཆུ་ཀླུང་དེའང་ཤུགས་དྲག་ཅིང་དྲག་ཏུ་ཁྱེར་བར་བྱེད་པ་ཞིག་ཡིན་ལ། རི་དྭགས་དེ་དག་ཀྱང་ཉམ་ཆུང་བ་ཤ་སྟག་གོ་།དེ་ནས་ཁྱུའི་གཙོ་བོ་དེ་ཚམ་ཚོམ་མེད་པར་ཆུ་ཀླུང་དེའི་ནང་དུ་ཞུགས་ཏེ། དབུས་སུ་སྡོད་ནས་ཁྱེད་ཚུར་ཤོག་ལ་འགྲམ་འདི་ནས་མཆོངས་ཏེ་ངའི་རྒྱབ་ཏུ་རྐང་ལག་གི་སྟེགས་ཆོས་ལ་ཕ་རོལ་གྱི་འགྲམ་དུ་སོང་ཞིག་དང ། ཐབས་དེས་ན་ཁྱེད་ཐར་པར་མཐོང་གི་།དེ་ལྟར་མ་བྱས་ན་ནི་འཆི་བར་འགྱུར་རོ་ཞེས་སྐད་ཀྱིས་པོས་སོ། །དེ་ནས་རི་དྭགས་དེ་དག་གིས་དེ་བཞིན་
178b
དུ་བྱས་སོ། །དེ་ནས་དེའི་རྒྱབ་ཏུ་རྨིག་པ་བཙུགས་པས་ལྤགས་པ་རྡོལ་ནས། ཤ་དང ། ཁྲག་དང ། རུས་པའི་ལྷག་མ་ཙམ་ཞིག་ལུས་པར་ཟད་དེ། འོན་ཀྱང་དེ་རི་དྭགས་དེ་དག་ལ་སྙིང་རྗེ་བཏུད་པས་བརྩོན་པ་མ་བཏང་ངོ ། །དེ་ནས་རི་དྭགས་ཐམས་ཅད་བརྒལ་བའི་འོག་ཏུ་འདིར་མ་བརྒལ་བ་འགའ་ལྟ་མེད་གྲང་སྙམ་སྟེ་ཕྱིར་བལྟས་ན། རི་དྭགས་ཀྱི་ཕྲུ་གུ་གཅིག་ད་དུང་མ་བརྒལ་བ་མཐོང་ངོ ། །དེ་ནས་ཁྱུའི་གཙོ་བོ་དེ་གནད་རྣམས་འཆད་ཅིང་ཚིགས་རྣམས་འབྱེ་བ་ན། སྲོག་ཕངས་པ་ལ་མ་བལྟས་ཏེ། འགྲམ་དུ་བྱུང་ནས་རི་དྭགས་ཀྱི་ཕྲུ་གུ་རྒྱབ་དུ་ཞོན་ཏེ་ཆུ་ཀླུང་བསྒྲལ་ནས་འགྲམ་དུ་བཞག་སྟེ། དེ་རི་དྭགས་ཀྱི་ཚོགས་དེ་དག་བརྒལ་ཟིན་པར་མཐོང་ནས་འཆི་ཁར་སྨོན་ལམ་བཏབ་པ། ཇི་ལྟར་བདག་གིས་རི་དྭགས་འདི་རྣམས་དང།་རི་དྭགས་ཀྱི་ཕྲུ་གུ་འདི་སྲོག་ཕངས་པ་བསྐྱབས་ཏེ། ཕོངས་པ་ལས་སྐྱབས་བྱས་པ་དེ་བཞིན་དུ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་འཁོར་བའི་སྦུ་གུ་ལས་ཐར་བར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་ཁྱུའི་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །རི་དྭགས་རྣམས་ནི་གྲོང་ཁྱེར་ཀུ་ཤའི་གྱད་ཡུལ་པ་འདི་རྣམས་ཡིན་ནོ། །རི་དྭགས་ཀྱི་ཕྲུ་གུ་དེ་ནི་རབ་བཟང་འདི་
179a
༄#། །ཁོ་ན་ཡིན་ནོ། །དེ་ནས་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རབ་བཟང་གིས་ལས་ཅི་དག་བགྱིས་ན་དེས་མངོན་སུམ་གྱི་ཉན་ཐོས་རྣམས་ཀྱི་ཐ་མར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རབ་བཟང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་རྣམས་བྱས་ཤིང་བསགས་པས་ན། རབ་བཟང་གིས་ལས་བྱས་ཤིང་བསགས་པ་རྣམས་གཞན་དུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་བ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོའི་དེ་ཉིད་ལ་སྐྱེད་གུའི་ཚེ་ལོ་ཉི་ཁྲི་ཐུབ་པ་
179b
ན།་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རི་དྭགས་ཀྱི་ནགས་དྲང་སྲོང་སྨྲ་བ་ན་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔོན་པོ་མྱ་ངན་མེད་ཅེས་བྱ་བ་ཐར་པ་འདོད་པའི་ཕྱིར། བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ནས། དེ་ཐར་པ་ལ་རང་དབང་ཡོད་པ་ཙམ་དུ་འཛིན་ཏེ། བརྩོན་འགྲུས་མ་བྱས་སོ། །རེ་ཞིག་ན་ཡུན་རིང་མོ་ཞིག་ལོན་པའི་འོག་ཏུ་མྱ་ངན་མེད་ཀྱིས་ལྗོངས་སུ་དབྱར་གནས་པ་དམ་བཅས་སོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་གཟིམས་མལ་གྱི་ཐ་མར་ཞུགས་སོ། །དགེ་སློང་མྱ་ངན་མེད་ཀྱང་ཤིང་མྱ་ངན་འཚང་གི་དྲུང་ན་ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །དེ་ནས་ཤིང་མྱ་ངན་འཚང་དེ་ལ་གནས་པའི་ལྷ་དེས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཐོས་ནས་དུ་ཞིང་འདུག་སྟེ། དེ་དུ་བའི་མཆི་མ་ཟགས་
180a
༄#། །པ་མྱ་ངན་མེད་ཀྱི་ལུས་ལ་བབ་བོ། །དེ་ནས་མྱ་ངན་མེད་ཀྱིས་གྱེན་དུ་བལྟས་ནས། ལྷ་དུ་བ་དེ་ལ་སྨྲས་པ། ལྷ་ཅིའི་ཕྱིར་དུ། ལྷས་སྨྲས་པ། དོ་ནུབ་ནམ་ཕྱེད་ན།་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་མྱ་ངན་མེད་ཀྱིས་ལྷའི་ཚིག་ཐོས་ནས། གནད་དུ་ཕོག་པ་བཞིན་དུ་ཡེད་ཅེས་བྱས་ཏེ། དེའང་སྙིང་རྗེ་རྗེ་སྐད་དུ་དུས་སོ། །དེ་ནས་ལྷས་དྲིས་པ། ཁྱོད་ཅིའི་ཕྱིར་དུ། མྱ་ངན་མེད་ཀྱིས་སྨྲས་པ། ཉེ་དུ་དང་བྲལ་བ་དང ། མཁན་པོ་དང་བྲལ་བའི་ཕྱིར་ཏེ།་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ནི་བདག་གི་ཞང་པོ་ཡིན་པས། བདག་བསོད་ནམས་སུ་འདུག་འདུག་སྟེ། བརྩོན་འགྲུས་མ་བྱས་སོ། །ད་ནི་དེ་ལམ་རིངས་ལ་བདག་ནི་སོ་སོའི་སྐྱེ་བོར་ལུས་ཏེ། ལམ་རིངས་པས་བདག་གིས་ཁྱད་པར་ཐོབ་པར་མི་ནུས་སོ། །ལྷས་སྨྲས་པ། གལ་ཏེ་བདག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྱོད་བཀྲི་ན། ཅི་ཁྱད་པར་ཐོབ་པར་ནུས་སམ། མྱ་ངན་མེད་ཀྱིས་སྨྲས་པ། འདི་ལྟར་བདག་གིས་ཡིད་ལ་བཅོམ་ལྡན་འདས་མཐོང་མ་ཐག་ཏུ་ཁྱད་པར་ཐོབ་པར་འགྱུར་སྙམ་བྱེད་དོ། །དེ་ནས་ལྷས་རྫུ་འཕྲུལ་གྱི་མཐུས་མྱ་ངན་མེད་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྱེར་ཏེ། དེས་བཅོམ་ལྡན་འདས་མཐོང་ནས་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་
180b
འོད་སྲུང་གིས་གང་ཐོས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཐོག་མ་ཁོ་ནར་ཚེ་དང་ལྡན་པ་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དེས་ཚེ་དང་ལྡན་པ་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ནས། དགའ་བ་བསྐྱེད་དེ། ཚེ་དང་ལྡན་པ་འདིས་ཁྱད་པར་ཅི་ཐོབ་པ་ཐམས་ཅད་ནི་བདག་ལས་བརྟེན་པ་ཡིན་གྱི། བདག་ཀྱང་འདི་བཞིན་དུ་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ་གཟིམས་མལ་གྱི་ཐ་མར་ཞུགས་པ་ན། བདག་ཀྱང་དེའི་མངོན་སུམ་གྱི་ཉན་ཐོས་ཀྱི་ཐ་མར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྔ་རོལ་དུ་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ལྷར་གྱུར་པ་གང་ཡིན་
181a
༄#། །པ་དེ་ནི་རབ་བཟང་འདི་ཡིན་ནོ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་དང་གནས་པར་བྱའི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་དང་གནས་པར་མི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདིར་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན། སེམས་ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་གྱུར་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟ་སྟེ། དགེ་བའི་བཤེས་
181b
གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང ། མ་འདྲེས་པ་དང ། ཡོངས་སུ་རྫོགས་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང ། སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དགེ་བའི་བཤེས་གཉེན་ལ་བརྟེན་ནས། སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང ། སེམས་ཅན་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པའི་ཆོས་ཅན་རྣམས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ། དེ་བས་ན་རྣམ་གྲངས་འདི་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང ། དགེ་བའི་གྲོགས་པོ་དང ། དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང ། མ་འདྲེས་པ་དང ། ཡོངས་སུ་རྫོགས་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང ། སྡིག་པའི་གྲོགས་པོ་དང །
182a
༄#། །སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་སྟེ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་རྣམས་རྫོགས་སོ།། །།སྡོམ་ནི། བུ་རམ་གནས་དང་ཁ་ཟས་དང ། །ཆུ་དང་ཕྱི་སའི་སྣོད་རྣམས་དང ། ། མོའུ་དག་ལ་བུ་དང་ཆུ་སྨད་དང ། །དམུས་ལོང་དང་ནི་ཚོང་དཔོན་དང ། །བུ་རྣམས་དང་ནི་ཕྱི་ས་ཁུང ། །སྡེ་ཚན་དག་ཏུ་བསྟན་པ་ཡིན། །བུ་རམ་འཚིར་བའི་གནས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་
182b
དང།་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་འདིའི་ཚེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་གཉིས་ཀྱིས་འདི་ལྟར་དམ་བཅས་ཏེ། སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དྭགས་རྣམས་ཀྱི་ནང་ནས་སེམས་ཅན་གཅིག་ཙམ་ཡང་ཐར་བར་མ་བྱས་ཀྱི་བར་དུ་ཟན་མི་བཟའོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་དེ་གཉིས་དུས་སུ་རེས་འགའ་ནི་སེམས་ཅན་དམྱལ་བར་རྒྱུ་ཞིང་འགྲོའོ། །རེས་དགའ་ནི་དུད་འགྲོའི་ནང་དུ་རྒྱུ་ཞིང་འགྲོའོ། །རེས་དགའ་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་འགྲོའོ། །དེ་གཉིས་ཀྱིས་དེར་སེམས་ཅན་གནོད་པ་སྣ་ཚོགས་ཀྱིས་ཉེན་པ་རྣམས་ཀྱི་སྐད་ངན་ཐོས་ནས་རྒྱུ་བ་ལས་སླར་འཁོར་ཏེ། འཁོར་བཞི་པོ་རྣམས་ལ་རྗོད་པར་བྱེད་དོ། །དེ་དག་གིས་ཀྱང་ཐོས་ནས་སྐྱོ་བར་འགྱུར་རོ། །དེ་ནས་དེ་གཉིས་ཀྱིས་དེ་ལས་བརྟེན་ནས་དེ་དང་མཐུན་པའི་ཆོས་སྟོན་པར་བྱེད་དེ། དེས་ན་སེམས་ཅན་དུ་མས་ཐོས་ནས་
183a
༄#། །ཁྱད་པར་ཐོབ་པར་འགྱུར་བ་དང ། ཆོས་ཐོས་པ་དང ། གཏམ་བྱ་བའི་གནས་སུ་འགྱུར་རོ། །ཕྱིས་རེ་ཞིག་ན་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་སོང་བ་དང ། ཡི་དྭགས་ལྟོ་ནི་རི་ཙམ་ལ། ཁ་ནི་ཁབ་ཀྱི་ཞིག་ཙམ་སྟེ། རང་གི་སྐྲས་ཡོག་པ། འབར་ཞིང ། རབ་ཏུ་འབར་ལ། ཀུན་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པོ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང ། བཤང་གཅིག་ལ་ཡོད་པ་དེར་འཁོར་ལ། དེའང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ངོ ། །དེ་ནས་གནས་བརྟན་དེས་ཡི་དྭགས་དེ་ལ་དྲིས་པ། ཀྱེ།་ཁྱོད་ཀྱིས་ལས་ཅི་ཞིག་བྱས་ནས། དེས་འདི་ལྟ་བུ་སྡུག་བསྔལ་དྲག་པོ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་འདུག་།ཡི་དྭགས་ཀྱིས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱི། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཞིག་དང ། དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩིམ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མའང་དབང་པོ་
183b
རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་དགལ་གྱི་བུ། ཚུར་ཤོག་།ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གདོད་ག་ལས་འོངས། མོའུ་དགལ་གྱི་བུས་གསོལ་པ། བཙུན་པ། བདག་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་བདག་གིས་ཡི་དྭགས་ལྟོ་ནི་རི་ཙམ་ལ། ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། རང་གི་སྐྲས་ཡོག་པ། ཕྱི་ས་བཞིན་དུ་དྲི་ང་བ། མཆོག་ཏུ་དྲི་ང་བ། མི་སྡུག་པ། མཆོག་ཏུ་མི་སྡུག་པ། ཟས་སུ་ཕྱི་ས་འཚལ་ལ། དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ལུས་ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག་།རང་གི་སྒྲས་ནི་གདོང་གཡོག་གཅེར་བར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིང ། །དེ་ལྟར་གཅེར་བུ་སྐྲས་ཡོག་པ། །རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །དུ་ཞིང་ཀུན་ཏུ་རྒྱུག་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུ་བཅིང་སྡུག་བསྔལ་དག་གིས་ཉེ་ན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་
184a
༄#། །བ་ཉམས་སུ་མྱོང ། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་བ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཡི་དྭགས་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །མོའུ་དགལ་གྱི་བུ། འོ་ན། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །མོའུ་དགལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེའི་བུ་རམ་ཤིང་འཚིར་བའི་གནས་གྲཝ་ལྔ་བརྒྱ་ཡོད་དོ། །དེ་དག་ཏུ་དེ་བུ་རམ་ཤིང་འཚིར་བར་བྱེད་དོ། །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ་ཞིག་བྱུང་ནས། དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་
184b
ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ངོ ། །བཙུན་པ། དེའང་ནད་ཁོང་སྐམ་གྱིས་ཐེབས་ཏེ། དེ་ལ་སྨན་པས་བུ་རམ་ཤིང་གི་ཁུབ་ཕན་པར་བསྟན་ནས། ཚོང་དཔོན་ཆེན་པོ་དེའི་ཐད་དུ་སོང་ངོ ། །ཚོང་དཔོན་གྱིས་ཀྱང་རང་སངས་རྒྱས་ལུས་ཀྱང་མཛེས་ལ་སེམས་ཀྱང་མཛེས་པ་དེ་མཐོང་ངོ ། །མཐོང་ནས་ཀྱང་ཚོང་དཔོན་གྱིས་སྨྲས་པ། འཕགས་པ། ཅི་བཞེད། རང་སངས་རྒྱས་ཀྱིས་སྨྲས་པ། ཁྱིམ་བདག་།བུ་རམ་ཤིང་གི་ཁུ་བ་འདོད་དོ། །དེ་ནས་ཁྱིམ་བདག་དེས་ཚལ་ཟ་ཞིག་ལ་འཕགས་པ་ལ་བུ་རམ་ཤིང་གི་ཁུ་བ་ཕུལ་ཅིག་ཅེས་བསྒོ་ནས། ཁྱིམ་བདག་དེ་ནི་དོན་ཞིག་ལ་ཕྱི་རོལ་ཏུ་ཆས་སོ། །དེ་ནས་མི་དེ་གཞན་གྱི་རྫས་ལ་སེར་སྣ་སྐྱེས་ནས། གལ་ཏེ་བདག་གིས་འདི་ལ་བུ་རམ་ཤིང་གི་ཁུ་བ་བྱིན་དུ་ཟིན་ན་ཕྱིས་ཀྱང་འདིར་འོང་བར་འགྱུར་རོ་སྙམ་ཏེ། མི་སྡུག་པའི་འགྲོ་བ་གསུམ་གྱི་གཡན་སར་གཞོལ་བ་ཐམས་ཅད་ཀྱིས་འདོད་པར་བྱ་བའི་འགྲོ་བ་གཉིས་བོར་བ། འཕགས་པའི་ལམ་རྣམས་ཐག་པ་སྲིངས་པ་དེས་སྡིག་པའི་སེམས་བསྐྱེད་ནས། རང་སངས་རྒྱས་དེ་ལ་སྨྲས་པ། དགེ་སློང ། ལྷུང་བཟེད་ཚུར་བྱིན་ཅིག་དང ། བུ་རམ་ཤིང་གི་ཁུ་བ་སྦྱིན་ནོ་ཞེས་བྱས་སོ། །ཉན་ཐོས་ཀྱི་དགྲ་བཅོམ་པ་དང།་རང་སངས་རྒྱས་རྣམས་ནི་མ་དགོངས་ཀྱི་བར་དུ་ཤེས་པའི་མཐོང་བ་མི་འཇུག་སྟེ། སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བས་མི་དེ་ལ་ངས་ཕན་གདགས་པར་བྱའོ་སྙམ་ནས་ལྷུང་
185a
༄#། །བཟེད་དེ་བྱིན་ནོ། །དེ་ནས་སྤྱོད་པ་ངན་ཅིང་སྙིང་རྗེ་མེད་པ་དེས་དེ་བླངས་ཏེ། ལྐོག་ཞིག་ཏུ་སོང་ནས་གཅིན་གྱིས་བཀང་སྟེ། སྟེང་དུ་བུ་རམ་ཤིང་གི་ཁུ་བའི་དབུ་བས་བཀབ་ནས་རང་སངས་རྒྱས་དེ་ལ་ཕུལ་བ་དང ། དེས་ཚོར་ནས། དེས་བསམས་པ། ཉོན་མོངས་འདིས་སྡིག་པ་ཆེན་པོ་ཞིག་བྱས་ཀྱི་མད་དོ་སྙམ་སྟེ། དེ་ཕྱོགས་གཅིག་ཏུ་སོང་ནས་ཕོ་སྟེ་སོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཚལ་ཟ་གྱུར་པ་གང་ཡིན་པ་དེ་ནི་ཡི་དྭགས་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ལ། ད་ལྟར་ཡང་ཡི་དགས་སུ་གྱུར་ནས། སྡུག་བསྔལ་མི་བཟད་པ་མྱོང་བ་ཡིན་ནོ། །མོའུ་དགལ་གྱི་བུ། དེ་བས་ན་ཅི་ནས་ཡི་དྭགས་དེའི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །མོའུ་དགལ་གྱི་བུ། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །མོའུ་དགལ་གྱི་བུ། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། འདྲེན་མ་རྣམས་སྤངས་ལ་ལས་གཅིག་
185b
ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། མོའུ་དགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གཞན་དག་ཀྱང་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཁ་ཟས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་
186a
༄#། །མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ཉིན་པར་གནས་པའི་ཕྱིར་ཤིང་ཞིག་གི་དྲུང་དུ་འདུག་པ་དང ། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཡི་དྭགས་མོ་ཞིག་གི་སྒྲ་ཐོས་ཏེ། ཉམ་ཐག་པའི་སྐད་འབྱིན་ཅིང་སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཁ་ཟས་སློང་ཞིང ། གྲོགས་མོ་དག་།བདག་བཀྲེས་སོ། །གྲོགས་མོ་དག་།བདག་སྐོམ་མོ་ཞེས་ཟེར་བ་ཐོས་སོ། །དེ་ནས་གནས་བརྟན་མོའུ་དགལ་གྱི་བུ་ཆེན་པོས་ཡི་དྭགས་མོ་དེ་མཐོང་ནས་དྲིས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས་ན། དེས་འདི་ལྟ་བུའི་སྡུག་བསྔལ་དག་མྱོང་ཞིང་འདུག་།ཡི་དྭགས་མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱི། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང ། དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མའང་དབང་པོ་རྣམས་མི་གཡོ་བ། བཅོམ་ལྡན་འདས་
186b
ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་།འོངས་པ་ལེགས་སོ་ཞེས་གཟུང་བ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་དགལ་གྱི་བུ། ཚུར་ཤོག ། ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། མོའུ་དགལ་གྱི་བུས་གསོལ་པ། བཙུན་པ། བདག་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་བདག་གིས་ཡི་དྭགས་མོ་ལྟོ་ནི་རི་ཙམ་ལ། ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། རང་གི་སྐྲས་ཡོག་པ། གཅེར་བུར་མཆིས་ཤིང་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང།་མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ལུས་ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག་།རང་གི་སྐྲས་ནི་གདོང་ཡོག་གཅེར་བར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོག་པར་།རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །དུ་ཞིང་ཀུན་དུ་རྒྱུགས་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉན། །ཉམ་ཐག་སྐད་ཀྱང་
187a
༄#། །འབྱིན་པར་བྱེད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང ། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཡི་དྭགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །མོའུ་དགལ་གྱི་བུ། འོ་ན། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །མོའུ་དགལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་གྲོང་ཁྱེར་ཝཱ་ར་ཎཱ་སི་དེ་ན། ཁྱིམ་བདག་ཅིག་གི་ཆུང་མ་སེར་སྣ་ཅན། འཇུངས་པ། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁྲ་ལའང་གཏོར་མ་མི་སྟེར་ན། སློང་བ་གཞན་
187b
དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་ཞིག་ཡོད་དོ། དེ་དགེ་སྦྱོང་དང ། བྲམ་ཟེ་དང ། སྡུག་ཅིང་ཕོངས་པ་དང ། བཀྲེན་པ་དག་མཐོང་ན་སེམས་ཀྱིས་སྡང་བར་བྱེད་དོ། །རེ་ཞིག་ན་བསོད་སྙོམས་པ་ཞིག་དེའི་ཁྱིམ་དུ་འོངས་ནས། དེས་དེ་མཐོང་ན་སེར་སྣ་སྐྱེས་ཏེ། སེམས་ཀྱང་སྡང་བར་གྱུར་ནས། འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་འདི་ལ་བཀུར་སྟི་བྱས་ན་ནི།་འདི་ཕྱིས་ཀྱང་འོང་བར་འགྱུར་རོ་སྙམ་མོ། །དེ་ནས་སྡིག་ཅན་དེས་ཚེ་ཕྱི་མའི་མི་སྡུག་པ་ཁྱད་དུ་བསད་ནས། དགེ་སློང་དེ་ནང་དུ་བོས་ཏེ་སྒྲོ་བཅད་ནས་སྨྱུང་དུ་བཅུག་གོ་།མང་དུའང་སྤྱོས་ཏེ། དགེ་སློང་ཁྱོད་ལ་བཀུར་སྟི་མ་ཡིན་པ་བྱས་པ་འདི་ཡིན་གྱི། ཕྱིན་ཆད་ཁྱིམ་འདིར་མ་འོངས་ཤིག་།ཅེས་བྱས་སོ། །དེ་ནས་དེ་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ཡི་དྭགས་སུ་སྐྱེས་ཏེ། དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ངོ ། །མོའུ་དགལ་གྱི་བུ་དེ་བས་ན་ཅི་ནས། ཡི་དྭགས་མོ་དེའི་ཉེས་པ་གང་ཡིན་པ་དེ་ལྟ་བུ་དང ། མི་འོང་བར་བྱ་བའི་ཕྱིར་སེར་སྣ་སྤོང་བ་ལ་བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་དང ། ལྷ་དང ། ལྷ་མ་ཡིན་དང།་ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་གཞན་དག་ཀྱང་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
188a
༄#། །ཆུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང།་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བརྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་སོང་བ་དང ། ཡི་དྭགས་མོ་སྡོང་དུ་མ་མེ་རེག་འདྲ་ལ་རང་གི་སྐྲས་ཡོག་པ། ལྟོ་ནི་རི་རབ་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་
188b
ཏེ།་མེ་ལྕེ་གཅིག་ཏུ་འབར་ནས། ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྐོམ་གྱིས་གདུངས་ཏེ་སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང ། དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་དང ། ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང ། གང་གི་ཚེ་ཆར་འབབ་པ་དེའི་ཚེ། དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་ཞིག་མཐོང་ངོ ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་དེ་ལ་སྨྲས་པ། ཀྱཻ། ཁྱོད་ཀྱི་སྡིག་པ་ཅི་ཞིག་བྱས་ནས། དེས་འདི་ལྟ་བུའི་སྡུག་བསྔལ་བ་མྱོང་ཞིང་འདུག་།ཡི་དྭགས་མོས་སྨྲས་པ། བཙུན་པ། མོའུ་དགལ་གྱི་བུ་ཆེན་པོ། བདག་ནི་སྡིག་པ་བྱེད་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་དོན་འདི་ཞུས་ཞིག་དང ། དེ་ཁྱོད་ལ་བདག་གིས་ལས་ཀྱི་རྣམ་པ་སྟོན་པར་འགྱུར་ཏེ། དེ་ཐོས་ནས་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩིམ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མའང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་
189a
༄#། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་དགལ་གྱི་བུ། ཚུར་ཤོག་།ཁྱོད་འོངས་པ་ལེགས་སོ། །ཁྱོད། ད་གཟོད་ག་ལས་འོངས། མོའུ་དགལ་གྱི་བུས་གསོལ་པ། བཙུན་པ། བདག་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་སླར་མཆིས་ཏེ། དེ་བདག་གིས་ཡི་དྭགས་མོ་སྡོང་པོ་མེ་རེག་འདྲ་ལ་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས། ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ་སྐོམ་གྱིས་གདུངས་ཏེ། སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང ། དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་དང ། ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང ། གང་གི་ཚེ་ཆར་འབབ་པ་དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་ཞིག་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཡི་དྭགས་མོ་དེ་ནི་སྡིག་པ་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་
189b
དམ།་བཙུན་པ། ཉན་པར་འཚལ་ལགས་སོ། །མོའུ་དགལ་གྱི་བུ། འོ་ན། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །མོའུ་དགལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་པ་ན། དེར་དགེ་སློང་ཞིག་ལམ་དུ་ཞུགས་ནས་དེ་སྐོམ་གྱིས་གདུངས་ཏེ། ཁྲོན་པའི་དྲུང་དུ་སོང་ནས། དེ་ན་བུ་མོ་ཞིག་བུམ་པ་ཆུས་བཀང་སྟེ། འདུག་པ་ལ་དགེ་སློང་དེས་སྨྲས་པ། ཆེ་ཞེ། བདག་ནི་སྐོམ་གྱིས་གདུངས་ཀྱི། ཆུ་བྱིན་ཅིག་ཅེས་བྱས་ན། ཡོ་བྱད་ལ་ཀུན་ཏུ་འཛིན་པ་དེ་སེར་སྣ་སྐྱེས་ནས། དགེ་སློང་དེ་ལ་སྨྲས་པ། དགེ་སློང ། བདག་གི་བུམ་པ་འགྲིབས་སུ་འོང་གིས་གལ་ཏེ་ཁྱོད་ཤིན་ནའང་ཆུ་མི་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་དགེ་སློང་དེ་སྐོམ་གྱིས་གདུངས་བཞིན་དུ་རེ་ཐག་ཆད་ནས་སོང་ངོ ། །དེ་ནས་བུ་མོ་དེ་སེར་སྣ་ཀུན་ཏུ་བསྟན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེ་ལྟ་བུས་ཤི་ནས་ཡི་དྭགས་སུ་
190a
༄#། །སྐྱེས་ཏེ། དེ་ལྟ་བུའི་སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་འདུག་གོ་།མོའུ་དགལ་གྱི་བུ། དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེར་སྣ་སྤང་བར་བྱ་བའི་ཕྱིར་བརྩོན་པར་བྱའོ་ཞེས། མོའུ་དགལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་གཅིག་པ། ཕྱི་སའི་སྣོད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་
190b
ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་སྔ་གྲོ་ཤམ་ཐབས་དང ། ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ཏེ། ཟན་ཟོས་ནས་ཟས་ཕྱིས་ལེན་པ་སྤངས་ཏེ། ལྷུང་བཟེད་དང་ཆོས་གོས་བཞག་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེགས་ཏེ་ཉིན་པར་གནས་པའི་ཕྱིར། ཤིང་ཞིག་གི་དྲུང་དུ་རྟེན་ཅིང་འདུག་གོ་།དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཡི་དྭགས་མོ་སྡོང་དུ་མ་མེ་རེག་འདྲ་ལ། གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ། ཕྱི་ས་བཞིན་དུ་དྲི་ང་ཞིང་མཆོག་ཏུ་དྲི་ང་བ། ཟས་སུ་ཕྱི་ས་ཟ་ལ་དེའང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ངོ ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་མི་དགའ་བར་གྱུར་ནས་ཡི་དྭགས་
191a
༄#། །མོ་ལ་དྲིས་པ། ཁྱོད་ཀྱིས་སྔོན་སྡིག་པ་ཅི་ཞིག་བྱས་ན་དེས་འདི་ལྟ་བུའི་འབྲས་བུ་མྱོང་ཞིང་འདུག་།ཡི་དྭགས་མོས་སྨྲས་པ། བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ། བདག་ནི་སྡིག་པ་བྱེད་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་དོན་འདི་ཞུས་ཞིག་དང ། དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་ཏེ། དེ་ཐོས་ནས་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་གྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩིམ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མའང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་བོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་པ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་དགལ་གྱི་བུ། ཚུར་ཤོག། ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། མོའུ་དགའ་གྱི་བུ་བུས་གསོལ་པ། བཙུན་པ། བདག་ནི་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་དེར་བདག་གིས་ཡི་དྭགས་མོ་སྡོང་དུ་མ་མེ་རེག་འདྲ་ལ། གཅེར་བུར་མཆིས་ཤིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་
191b
ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ་སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང ། དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་དང ། ཁྲོན་པ་རྣམས་སྐ་མར་འགྱུར་བ་དང ། གང་གི་ཚེ་ཆར་འབབ་པ་དེའི་སྟེ་དེའི་སྟེང་དུ་མི་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་དང ། ཕྱི་ས་བཞིན་དྲིང་ཞིང་མཆོག་ཏུ་དྲི་ང་བ། ཟས་སུ་ཕྱི་ས་ཟ་བ་འཚལ་ལ། དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ཉམ་ཐག་སྐད་ཀྱང་འབྱིན་པར་བྱེད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང ། །གང་ན་ཕྱི་སའི་གནས་ཡོད་པ། །དེར་ནི་སྡུག་བཞིན་རྒྱུག་པར་བགྱིད། །ཕྱི་ས་བཟའ་འམ་བཏུང་སྙམ་ན། །དེ་ཡང་བདེ་བླག་རྙེད་མི་འགྱུར། །དེ་ཡིས་མི་ཡི་འཇིག་རྟེན་དུ། །སྡིག་པ་རབ་འཇིགས་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་ཉམས་སུ་མྱོང ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་མོའུ་དགལ་གྱི་བུ། ཡི་དྭགས་མོ་དེ་ནི་སྡིག་པ་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །མོའུ་དགལ་གྱི་བུ། འོ་ན། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །མོའུ་དགལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རང་སངས་རྒྱས་སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་
192a
༄#། །གྱིས་འཚོ་བ་ཞིག་ཡོད་ལ། དེ་ཡང་ནད་བུ་ཅན་ཞིག་སྟེ། ཝཱ་ར་ཎཱ་སིར་བསོད་སྙོམས་ལ་སོང་ངོ ། །རེ་ཞིག་ན་དེ་ལ་སྨན་པས་མཐུན་པའི་ཟས་བསྟན་ནས། དེ་ཚོང་དཔོན་ཞིག་འདུག་པ་ག་ལ་བ་དེར་སོང་བ་དང ། དེད་དཔོན་དེས་ཀྱང་མཐོང་ནས་དྲིས་པ། འཕགས་པ། ཁྱོད་ཅི་བཞེད། དེས་སྨྲས་པ། མཐུན་པའི་ཁ་ཟས་འདོད་དོ། །དེ་ནས་ཚོང་དཔོན་དེས་འཕགས་པ་ལ་ཁ་ཟས་མཐུན་པ་ཕུལ་ཅིག་མནའ་མ་ལ་བསྒོའོ། །དེ་ནས་དེའི་མནའ་མ་སེར་སྣ་སྐྱེས་ཏེ། གལ་ཏེ་བདག་གིས་དེང་འདི་ལ་ཁ་ཟས་བྱིན་དུ་ཟིན་ན་སང་ཡང་འོང་བར་འགྱུར་རོ་སྙམ་ནས། ཕྱོགས་གཅིག་ཏུ་སོང་སྟེ། ལྷུང་བཟེད་ཕྱི་སས་བཀང་ནས། སྟེང་འབྲེས་ཆེན་གྱིས་བཀབ་སྟེ། རང་སངས་རྒྱས་དེ་ལ་ཕུལ་ལོ། །ཉན་ཐོས་དང ། རང་སངས་རྒྱས་རྣམས་ནི་མ་དགོངས་ཀྱི་བར་དུ་ཤེས་པའི་མཐོང་བ་མི་འཇུག་སྟེ། དེས་བླངས་སོ། །བླངས་ནས་ཚོར་ཏེ། འདི་དྲིང་བ་ལས་ན་འདིས་ཕྱི་སས་བཀང་གོར་མ་ཆག་གོ་སྙམ་མོ། །དེ་ནས་བདག་ཉིད་ཆེན་པོ་དེས་དེ་ག་ཞིག་ཏུ་བོར་ནས་སོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་མནའ་མར་གྱུར་པ་གང་ཡིན་པ་དེ་ནི་ཡི་དྭགས་མོ་འདི་ཡིན་ཏེ། དེས་སྡིག་པའི་ལས་དེ་ལྟ་བུ་བྱས་ནས། དེ་ཕྱིན་ཆད་རྟག་ཏུ་སེམས་ཅན་དམྱལ་བ་དང །
192b
དུད་འགྲོ་དང ། ཡི་དྭགས་རྣམས་སུ་སྐྱེས་ཏེ། རྟག་ཏུ་ཟས་སུ་ཕྱི་ས་ཟ་བར་གྱུར་ཏོ། །མོའུ་དགལ་གྱི་བུ། དེ་བས་ན་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ། ཅི་ནས་ཡི་དྭགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འོང་བར་མི་འགྱུར་བ་དེ་ལྟར་མོའུ་དགལ་གྱི་བུ་ཁྱོད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མོའུ་དགལ་བྱི་བུ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། མོའུ་དགལ་གྱི་བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་
193a
༄#། །དང།་སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་ནི་ཕ་རོལ། འོད་མའི་ཚལ་གྱི་ནི་ཚུ་རོལ་དེའི་བར་སྐབས་ན། ཡི་དྭགས་མོ་སྡོང་དུམ་མེ་རེག་འདྲ་ལ། གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་སྟེ། མེ་ལྕེ་གཅིག་ཏུ་འབར་ནས། ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བ་ལྔ་བརྒྱ་ཁཝ་ཁྱུས་ལྡིང་བ་བཞིན་དུ་ནམ་མཁའ་ལ་འཁོར་ཏེ། གང་དུའང་འདུག་ས་མི་རྙེད་དོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་དུ་བསོད་སྙོམས་ལ་སོང་བ་དང ། དེས་ཡི་དྭགས་དེ་དག་མཐོང་ངོ ། ། ཡི་དྭགས་དེ་དག་གིས་ཀྱང་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་མཐོང་ངོ ། །དེ་ནས་དེ་དག་གཅིག་ཏུ་འདྲིལ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོའི་ཐད་དུ་དོང་སྟེ། ཕྱི་ནས་སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་སྨྲ་བར་ཚིག་མཐུན་པར་སྨྲས་པ། བཙུན་པ་མོའུ་དགལ་གྱི་བུ། བདག་ཅག་ནི་རྒྱལ་པོའི་ཁབ་ཏུ་ཚོང་དཔོན་ལྔ་བརྒྱར་གྱུར་ཏེ།
193b
བདག་ཅག་སེར་སྣ་ཅན་འཇུངས་པ་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པར་གྱུར་ནས། བདག་ཅག་ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་ལ། གཞན་དག་སྦྱིན་པ་བྱེད་པ་ལའང་བགེགས་བྱས་སོ། ། སྦྱིན་པའི་གནས་རྣམས་ལ་ཡང་ཡི་དྭགས་ཀྱི་ཚིག་ལྟ་བུས་མང་དུ་སྦྱོས་ཏེ། ཁྱོད་ནི་ཡི་དྭགས་སུ་སྐྱེས་པ་བཞིན་དུ་གཞན་གྱི་ཁྱིམ་ཕྱི་ཉུག་པའོ་ཞེས་བྱས་སོ། །དེས་ན་བདག་ཅག་ཤི་བའི་འོག་ཏུ་འདི་ལྟ་བུའི་ཡི་དྭགས་སུ་སྐྱེས་སོ། །བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ། དེ་བས་ན་བདག་ཅག་གི་ཉེ་དུ་རྒྱལ་པོའི་ཁབ་ན་གནས་པ་དེ་དག་ལ་བདག་ཅག་གི་ལས་ཀྱི་རྣམ་པ་ཤེས་པར་མཛོད་ལ་དད་པ་དྲིས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ནས། བདག་ཅག་གི་སླད་དུ་ཡོན་གྱི་རབས་འདོན་པར་གསོལ་ཅིག་།འོན་ཏང་བདག་ཅག་ཡི་དྭགས་ཀྱི་སྐྱེ་གནས་ནས་ཐར་ཀྱང་སྲིད་དོ་ཞེས་གསུངས་ཤིག་།དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུས་ཀྱང་ཡི་དྭགས་རྣམས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུས་དེ་དག་གི་ཉེ་དུ་རྣམས་ཀྱི་ཁྱིམ་ཁྱིམ་དུ་དད་པ་དྲིས་ནས། ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་སོ། །ཡི་དྭགས་རྣམས་ལའང་སྦྲན་ཏེ། སང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་ཀྱི་ཁྱེད་ཀྱང་དེར་ཤོག་ཅིག་ཅེས་བྱས་སོ། །དེ་དག་གི་ཉེ་དུ་རྣམས་ལའང་
194a
༄#། །ཁྱེད་ཀྱང་ཤོག་ཅིག་དང ། ཉེ་དུའི་མཆོད་སྟོན་བྱེད་པ་དེར་ཡི་དྭགས་དེ་དག་མཐོང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཉིད་མཆོད་སྟོན་གྱི་ཞལ་ཏ་བྱེད་པ་ལ་ཞུགས་སོ། །དེ་ནས་ནམ་ནངས་ནས་ཞལ་ཟས་བཤམས་ཏེ། གདུགས་ཚོད་ལ་བབ་ན་ཡི་དྭགས་དེ་དག་མི་སྣང་ངོ ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ལྷའི་མིག་གིས་ཡི་དྭགས་དེ་དག་བསམས་ན། ཡུལ་མ་ག་དྷ་ཐོག་ཐག་ནའང་མི་སྣང་ལ། མཐར་གྱིས་གླིང་བཞིའི་བར་དུ་བལྟས་ནའང་དེ་ན་ཡང་མི་སྣང་ངོ། །དེ་ནས་ཇི་སྲིད་དུ་དེའི་ཡེ་ཤེས་མཐོང་བ་འཇུག་པ་དེ་སྲིད་དུ་བལྟས་ཀྱང་དེ་ནའང་མི་སྣང་ངོ ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་གི་སྦྱིན་བདག་དེ་རྣམས་མི་གདའ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཐོངས་ལ། ཁྱོད་མི་དགར་མ་བྱེད་ཅིག་།ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ཡོད་དེ། དེ་དག་ཏུ་ལས་ཀྱི་རླུང་གིས་འཕངས་མོད་ཀྱི།་འོན་ཀྱང་མོའུ་དགལ་གྱི་བུ། དེང་དེ་བཞིན་གཤེགས་པའི་སྟོབས་ལ་ལྟོས་ཤིག་།ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟིགས་པ་མངོན་པར་བྱའོ། །དེ་བཞིན་གཤེགས་པའི་རྫུ་
194b
འཕྲུལ་གྱི་རྣམ་པར་འཕྲུལ་པའང་བསྟན་གྱི་གཎྜི་རྡུངས་ཤིག་།དེ་ནས་གཎྜི་བརྡུངས་པ་དང ། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱང་འདུས། ཡི་དྭགས་ཀྱི་ཉེ་དུ་རྣམས་དང ། ཡི་དྭགས་མཐོང་བར་འདོད་པའི་སེམས་ཅན་གཞན་དག་ཀྱང་ལྟད་མོ་ལ་ལྷགས་ཏེ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཡི་དྭགས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བ་མཐོང་བར་འགྱུར་བ་དང ། བདག་ཅག་གི་ཕྱིར་ཉེ་དུ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བཤོས་གསོལ་ཞིང་འཁོད་དོ་སྙམ་དུ་དྲན་པ་རྙེད་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པས་ཡོན་གྱི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང ། །དེ་ནི་ཡི་དྭགས་ཕྱི་བཞིན་སོང ། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་དག་མྱུར་དུ་ཐར་གྱུར་ཅིག་།ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་དེ་ལས་བརྟེན་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མས་སེར་སྣའི་དྲི་མ་སྤངས་ཏེ། བདེན་པ་མཐོང་བར་གྱུར་ཏོ། །ཡི་དྭགས་དེ་དག་ཀྱང་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་
195a
༄#། །རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་ཡི་དྭགས་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བ་དེ་དག་གིས་མཐོང་ངོ ། །དེ་ནས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ཏེ་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱི། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་སྔོན་ཡི་དྭགས་སུ་གྱུར་པའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་མགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲི་ཀ་ལ་ལ་སོགས་པས་བྱུགས་པ་དེ་རྣམས་ཀྱིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང།་པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཁོ་ར་ཁོར་ཡུག་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་རྣམས་ཀྱི་བསམ་པ་
195b
དང།་བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་དེ་ངང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་དེ་དག་གིས་ཁྱད་པར་ཆེན་པོ་ཐོབ་པོ། །དེ་དག་ཚོང་པ་ཁེ་སྤོགས་ཕྱིན་པ་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཁྱོད་ཀྱིས་ཡི་དྭགས་མང་པོ་དག་ལྷའི་ནང་དུ་བཀོད་ནས་དེ་དག་ཀྱང་མདང་སུམ་ངའི་ཐད་དུ་འོངས་ཏེ། དེ་དག་ལ་ངས་ཆོས་བསྟན་ནས། དེ་དག་གིས་རྙེད་པར་བྱ་བ་རྙེད་དེ་མཐོང་བར་འགྱུར་བ་རྙེད་ནས་དོང་བ་དེ་ནི་ཁྱོད་ཀྱིས་ཞལ་ཏ་བྱས་པ་འབྲས་བུ་ཡོད་པར་གྱུར་ཏེ། ལེགས་སོ། །ལེགས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་དེ་དག་གི་ཉེ་དུ་རྣམས་ལའང་ཤེས་པར་བྱས་ཏེ། དེ་དག་གིས་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་བཀུར་སྟི་བྱས་སོ། །མོའུ་དགལ་གྱི་བུ། དེ་བས་ན་ཁྱོད་ཀྱིས་ཅི་ནས་ཡི་དྭགས་དེ་དག་གི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤོང་བ་ལ་བརྩོན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་
196a
༄#། །གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆུ་སྨད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང།་གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་བ་དས་རིགས་མཉམ་
196b
པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་འགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང ། བུ་བྱུང་སྟེ་ཁྱེའུ་ཞིག་བཙས་ནས་དེ་བཙས་པའི་བཙས་སྟོན་བྱས་ཏེ། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། དེ་ཉེ་དུ་རྣམས་ན་རེ། ཁྱེའུ་འདི་རྒྱུ་སྐར་ཆུ་སྨད་ལ་བཙས་པས་ན། དེའི་ཕྱིར་མིང་ཆུ་སྨད་ཅེས་གདགས་སོ་ཞེས་ཟེར་ནས། དེའི་མིང་ཆུ་སྨད་ཅེས་བཏགས་སོ། །དེ་ནས་ཁྱེའུ་ཆུ་སྨད་བསྐྱེད་བསྲིངས་ཏེ་ཆེར་སྐྱེས་ནས། དེའི་ཕ་ཤི་བ་དང ། རང་གི་ཁྱིམ་གྱི་བདག་པོར་གྱུར་ཏོ། །དེ་ནས་དེས་ཚོང་དུས་བཀྲམ་ནས་ཉོ་ཚོང་བྱེད་ཅིང་ཉོ་ཚོང་གིས་འཚོ་བར་བྱེད་པ་ལས། དེ་ཉིན་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། དེས་བཅོམ་ལྡན་འདས་མཐོང་བ་དང ། དམ་པའི་ཆོས་ཐོས་པས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་གྱུར་ནས། དེ་རབ་ཏུ་འབྱུང་བའི་སེམས་སྐྱེས་ཏེ། དེས་མ་ལ་གསོལ་བ་བཏབ་པ། ཡུམ།་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གི་གནང་བར་མཛོད་ཅིག་།དེ་ནས་དེའི་མས་སྨྲས་པ། བུ། ཁྱོད་ནི་བུ་གཅིག་པ་ཡིན་གྱི། བདག་ཇི་སྲིད་འཚོའི་བར་དུ་རབ་ཏུ་མ་འབྱུང་ཞིག་།བདག་ཤི་བའི་འོག་ཏུ་ཅི་བྱ་བ་བྱོས་ཤིག་ཅེས་ཟེར་རོ། །ཆུ་སྨད་དེས་ཀྱང་ཅི་རྙེད་པ་དེ་དག་ཐམས་ཅད་མ་ལ་བྱིན་
197a
༄#། །ཏེ།་ཡུམ།་འདིས་དགེ་སྦྱོང་དང ། བྲམ་ཟེ་དང ། སྡུག་ཅིང་ཕོངས་པ་དང ། བཀྲེན་པ་རྣམས་ལ་སྦྱིན་པ་དག་གྱིས་ཤིག་ཅེས་བྱས་སོ། །དེའི་མ་དེ་ནི་རྐམ་ཆགས་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་ཞིག་སྟེ། ཀཪྵ་པ་ཎ་དེ་དག་སྤས་ནས། དགེ་སྦྱོང་དང ། བྲམ་ཟེ་གང་དག་ཟས་འདོད་དེ། ཁྱིམ་དེར་འོངས་པ་དེ་དག་ལ་རྒྱ་ཆེ་ཞིང་ཁྱེད་ནི་ཡི་དྭགས་སུ་སྐྱེས་པ་བཞིན་དུ་ཁྱིམ་ཕྱི་ཉུག་ཅིང་སློང་ངོ་ཞེས་ཟེར་རོ། །བུ་དེ་ལའང་སླུ་བར་བྱེད་དེ། བདག་གིས་ཉིན་གཅིག་བཞིན་དུ་དགེ་སློང་འདི་སྙེད་འདི་སྙེད་ཅིག་ལ་ཟན་བྱིན་ནོ་ཞེས་ཟེར་རོ། །ཕྱིས་རེ་ཞིག་ན་དེ་ཤི་བ་དང ། དེ་ཡི་དྭགས་སུ་སྐྱེས་ནས་བུ་ཆུ་སྨད་མ་དང་བྲལ་བའི་མྱ་ངན་བྱེད་དོ། །སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོད་
197b
པར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་བཞིན་དུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ་དང ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ནས། དེས་ཆུ་ཀླུང་གངྒཱའི་འགྲམ་དུ་ལོ་མའི་སྤྱིལ་པོ་བྱས་ཏེ་བསམ་གཏན་བྱེད་དོ། །དེའི་མ་ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེས་པ་དེའང་སྟོང་དུམ་མེ་རེག་འདྲ་ལ། གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ། ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ཏེ། ཚེ་དང་ལྡན་པ་ཆུ་སྨད་ཀྱི་ཐད་དུ་སོང་ནས། རེ་ཞིག་ན་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཡི་དྭགས་མོ་དེ་མཐོང་ནས་དྲིས་པ། འདི་ཁོ་ན་འདྲ་བ་ཁྱོད་སུ་ཞིག་།ཡི་དྭགས་མོས་སྨྲས་པ། པུ་\?\་གཅིག་གང་ལས་བཙས་པ་ཡི། །བྱམས་པའི་མ་ནི་བདག་ཡིན་ཏེ། །ཟས་དང་སྐོམ་དང་བྲལ་བ་ཡི། །ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེས། །བདག་ནི་ཤི་བའི་དུས་འདས་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་ཏེ། །ཆུ་ཡི་བག་ཀྱང་མ་མཐོང་ན། །ཁ་ཟས་ལྟ་ཞིག་ག་ལ་མཐོང ། །འབྲས་བུ་
198a
༄#། །ལྡན་པའི་ཤིང་རྣམས་ཀྱི། །དྲང་སྲོང་དེ་དག་འབྲས་མེད་འགྱུར། །གང་བའི་མཚོ་འགྲམ་བདག་སོང་ཡང ། །དེ་དག་ཀྱང་ནི་སྐམ་པར་འགྱུར། །བཙུན་པའི་ཤིང་དྲུང་བདེ་བ་ལགས། །ཁྱོད་ཀྱི་སྣོད་ནང་ཆུ་ཡང་བསིལ། །བཀྲེན་པ་བདག་ལ་ཐུགས་རྗེ་སྐྱེད། །སྐོམ་གྱིས་གདུངས་ཀྱི་ཆབ་སྩོལ་ཅིག་།དེ་ནས་ཆུ་སྨད་ཀྱིས་མ་ལ་སྨྲས་པ། ཡུམ། ཁྱོད་མིར་གྱུར་པའི་ཚེ་བདག་གིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དུ་མ་བཅུག་གམ། ཡི་དྭགས་མོས་སྨྲས་པ། བུ་གཅིག་།བདག་ནི་སེར་སྣས་ནོན་པས་སྦྱིན་པ་དག་ཀྱང་མ་བྱིན་བསོད་ནམས་དག་ཀྱང་མ་བྱས་ཏེ། ནོར་རྙེད་པ་དེ་དག་ཐམས་ཅད་སྡིག་པའི་སེམས་ཀྱིས་དོང་དུ་སྦས་སོ། །བུ་གཅིག་དེ་བས་ན་དད་པ་དྲིས་ལ་བདག་གི་ཕྱིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ནས་ཡོན་གྱི་རབས་འདོན་པར་གསོལ་ཅིག་།འོན་ཏང་བདག་ཡི་དྭགས་ཀྱི་སྐྱེ་གནས་ནས་ཐར་ཀྱང་སྲིད་དོ། །ཆུ་སྨད་ཀྱིས་སྨྲས་པ། དེ་ལྟར་བགྱི་ཡི། ཁྱོད་ཀྱང་གྲལ་དཔོན་གྱི་མདུན་དུ་འདུག་ཅིག་།ཡི་དྭགས་མོས་སྨྲས་པ། བུ་གཅིག་།བདག་ནི་གཅེར་བུར་འདུག་པས་ངོ་ཚ་སྟེ་ངོས་མི་ཐུབ་བོ། །ཆུ་སྨད་ཀྱིས་སྨྲས་པ། ཡུམ། ཁྱོད་གང་གི་ཚེ་སྡིག་པ་བྱེད་པ་དེའི་ཚེ་ངོ་མི་ཚ་ན། ད་ལྟར་འབྲས་བུ་མྱོང་བའི་ཚེ་ཅིའི་ཕྱིར་ངོ་ཚ། ཡི་དྭགས་མོས་སྨྲས་པ། འོ་ན་དེ་བཞིན་དུ་འོང་བར་བྱའོ། །དེ་ནས་ཆུ་སྨད་ཀྱིས་
198b
ཉེ་དུ་རྣམས་ཀྱི་ཁྱིམ་ཁྱིམ་དུ་དད་པ་དྲིས་ནས། ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ནས། གདུགས་ཚོད་ལ་བབ་པ་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་ཀྱང་འདུས། ཡི་དྭགས་མོ་དེའང་གྲལ་དཔོན་གྱི་མདུན་དུ་འདུག་སྟེ། སྲོག་ཆགས་འབུམ་ཕྲག་དུ་མ་འདུག་པ་རྣམས་ཀྱིས་ཡི་དྭགས་མོ་དེ་མཐོང་ངོ ། །དེ་དག་གིས་ཡི་དྭགས་མོ་དེའི་ལུས་མི་སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས། ཡི་དྭགས་མོའི་ཕྱིར་ཡོན་གྱི་རབས་གདོན་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པས་སྦྱིན་པའི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང ། །དེ་ནི་ཡི་དྭགས་ཕྱི་བཞིན་སོང ། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་གྱུར་ཅིག་།ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་དེ་ལས་བརྟེན་ནས་ཡི་དྭགས་མོ་དེ་དང ། སྐྱེ་བོ་མང་པོ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། སྲོག་ཆགས་འབུམ་ཕྲག་དུ་མས་དེས་ཐོས་ནས་བདེན་པ་མཐོང་བར་གྱུར་ཏོ། །ཡི་དྭགས་མོ་དེ་འང་སེམས་དགའ་བར་འགྱུར་ཏེ། ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་མོར་སྐྱེས་སོ། །ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཡང་ཡི་དྭགས་རྫུ་འཕྲུལ་
199a
༄#། །ཆེན་མོར་སྐྱེས་པར་ཤེས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སྨྲས་པ། ཡུམ། ད་ནི་མཐུ་ཡོད་ཀྱི་སྦྱིན་པ་ཡོངས་སུ་གཏང་བ་དག་གྱིས་ཤིག་།ཡི་དྭགས་རྫུ་འཕྲུལ་ཆེན་མོས་སྨྲས་པ། བུ་གཅིག་།བདག་ནི་སྦྱིན་པ་ལ་དགའ་བ་མེད་དེ་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཡི་དྭགས་རྫུ་འཕྲུལ་ཆེན་མོ་ལ་སྨྲས་པ། ཆགས་པའི་མུན་པས་མིག་ནི་རབ་བསྒྲིབས་ཏེ། །ཁྱོད་ཀྱིས་ཡི་དྭགས་འཇིག་རྟེན་བསྒྲུབས་པ་ཡི། །ཁྱོད་ཀྱི་རུས་བུ་ཆེན་པོ་ཤ་མེད་པ། །རུས་པ་པགས་པ་སྐྱི་རྣམས་ད་དུང་འདུག་།ཅེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ལན་མང་དུ་སྤྱོས་ནས་སྨྲས་པ་དང ། དེའི་འོག་ཏུ་དེ་ལས་རས་ཟུང་གཅིག་ཐོབ་བོ། །དེ་ནས་ཆུ་སྨད་ཀྱིས་དགེ་འདུན་ལ་ཕུལ་ནས། གང་གིས་དགེ་འདུན་ལ་རས་ཟུང་གཅིག་པོ་ཉོས་པའི་དགེ་སློང་དེས་གོས་ཀྱི་གདང་ལ་བཞག་གོ་།དེ་ནས་ཡི་དྭགས་མོ་དེ་མཚན་མོ་འོངས་ནས་བརྐུས་སོ། །དེ་ནས་དགེ་སློང་དེས་ཚེ་དང་ལྡན་པ་ཆུ་སྨད་ལ་བསྙད་ནས། ཆུ་སྨད་སོང་སྟེ་ཡི་དྭགས་མོ་སྤྱོས་ནས་ཕྱིར་བཀུག་སྟེ་བྱིན་ནོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་དགེ་སློང་དེ་ལས་བརྐུས་ནས། ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཕྱིར་བཀུག་སྟེ་བྱིན་པ་དང ། དགེ་སློང་དེས་ཀྱང་དེ་ཤེས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྟན་ལ་ཀླན་ཏོ། །དེ་ནས་དེ་ཕྱིན་ཆད་མ་བརྐུས་སོ། །དེ་བས་ན་སེམས་ཅན་རྣམས་ལ་དེ་ལྟར་སེར་སྣས་
199b
མཐོ་འཚམ་པར་བྱེད་པ་མཐོང་ནས། ཅི་ནས་ཡི་དྭགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར། སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དམུས་ལོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང།་ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་
200a
༄#། །བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ ། །མཉན་དུ་ཡོད་པར་བསོད་སྙོམས་བྱས་ནས་ཟན་ཟོས་ཏེ། ཟས་ཕྱིས་ལེན་པ་སྤངས་ནས། ལྷུང་བཟེད་དང།་ཆོས་གོས་བཞག་སྟེ་ཡི་དྭགས་ཀྱི་ཡུལ་རྒྱུ་ཞིང་སོང་བ་ལས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཡི་དྭགས་མོ་སྡོང་དུམ་མེ་རེག་འདྲ་ལ། དམུས་ལོང་དུ་འདུག་པ་རང་གི་སྐྲས་ཡོག་པ།་ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། དུར་ཁྲོད་བཞིན་དུ་དྲི་ང་བ། ཁཝ་དང ། བྱ་རྒོད་དང ། ཁྱི་དང ། ཝ་རྣམས་ཀྱིས་བསྐོར་ནས། ཕྱོགས་ཀུན་ནས་ཤ་བཅད་ཅིང་བཅད་ཅིང་ཟ་བ་དང ། དེ་གནད་ལ་བབ་སྟེ། དཀོས་ཐག་ནས་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང ། མི་བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བ་མྱོང་ཞིང་འདུག་པ་ཞིག་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་མི་དགའ་བར་གྱུར་ནས་དྲིས་པ། སྲིང་མོ། ཁྱོད་ཀྱིས་སྔོན་སྡིག་པའི་ལས་ཅི་ཞིག་བྱས་ནས། དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིག་འདུག་།ཡི་དྭགས་མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱི། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང ། དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་
200b
འགྱུར་ཏེ། དེ་ཐོས་ན་སེམས་ཅན་གཞན་དག་ཀྱང་སྡིག་པ་སྤོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩིམ་བསྐོལ་པ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མའང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུངས་པ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བྱེད། ཚུར་ཤོག་ཁྱོད་འོངས་བ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། དགའ་བྱེད་ཀྱིས་གསོལ་པ། བཙུན་པ། བདག་ནི་ཡི་དྭགས་རྒྱུ་བའི་ནང་ནས་མཆིས་ཏེ། དེར་བདག་གིས་ཡི་དྭགས་མོ་སྡོང་དུམ་མེ་རེག་འདྲ་ལ། དམུས་ལོང་དུ་མཆིས་པ། རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། དུར་ཁྲོད་བཞིན་དུ་དྲི་ང་བ་དང ། ཁཝ་དང ། བྱ་རྒོད་དང ། ཁྱི་དང ། ཝ་རྣམས་ཀྱིས་བསྐོར་ནས། ཕྱོགས་ཀུན་ནས་ཤ་བཀུམ་ཞིང་བཀུམ་ཞིང་འཚལ་བ་དང ། དེ་གནད་ལ་བབ་སྟེ་དཀོས་ཐག་ནས་ཉམ་ཐག་བའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང ། མི་
201a
༄#། །བཟད་པ་དང ། ཚ་བ་དང ། ཡིད་དུ་མི་འོང་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ལུས་ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག་།རང་གི་སྐྲས་ནི་གདོང་ཡོག་གཅེར་བུར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོག་པ། །རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །ངུ་ཞིང་ཀུན་ཏུ་རྒྱུགས་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉེན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང ། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་གྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྱེད། ཡི་དྭགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །དགའ་བྱེད། འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་བཤད་དོ། །དགའ་བྱེད། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་
201b
པ།་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་གྲོང་ཁྱེར་ཝཱ་ར་ཎཱ་སི་དེ་ན། ཚོང་དཔོན་གྱི་བུ་མོ་ཞིག་འདུག་པ་དེ་ཆོས་འདོད་དེ། དེས་ཆོས་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ། དེས་ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་ནས་དེའི་ཕྱིར་ཉེ་དུ་རྣམས་ཀྱིས་དགེ་སློང་མའི་གཙུག་ལག་ཁང་བྱས་ནས་དེ་དེ་ན་སློབ་པ་དང ། མི་སློབ་པའི་དགེ་སློང་མ་དག་དང་ལྷན་ཅིག་ཏུ་གནས་པ་ལས་རེ་ཞིག་ན་དེས་བག་མེད་པའི་དབང་གིས་བསླབ་པའི་གཞི་ལ་ལྷོད་པར་བྱས་སོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་ཚུལ་ཁྲིམས་འཆལ་པའི་ཕྱིར་བསྐྲད་དོ། །དེ་ནས་དེས་སྦྱིན་བདག་ཁྱིམ་བདག་རྣམས་དད་པས་ངེས་པར་འབུལ་བའང་གཅོད་དུ་བཅུག་།སློབ་པ་དང ། མི་སློབ་པའི་དགེ་སློང་མ་རྣམས་ཀྱི་བསྔགས་པ་མ་ཡིན་པའང་བརྗོད། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པ་དེ་དག་མཐོང་ནའང་མིག་བཙུམས་ཏེ་འདུག་གོ་།དགའ་བྱེད། ཇི་སྙམ་དུ་སེམས། ཚོང་དཔོན་གྱི་བུ་མོ་གང་ཡིན་པ་དེ་ནི་ཡི་དྭགས་མོ་འདི་ཡིན་ཏེ། དེས་གཙུག་ལག་ཁང་ལ་སེར་སྣ་བྱས་པ་དེས་ནི་ཡི་དྭགས་སུ་སྐྱེས་སོ། །དེས་ནར་མ་
202a
༄#། །བཅད་པ་དེས་ནི་ཁཝ་དང ། བྱ་རྒོད་དང ། ཁྱི་དང ། ཝ་རྣམས་ཀྱིས་བསྐོར་ཏོ། །དེ་སློབ་པ་དང ། མི་སློབ་པ་དགེ་སློང་མ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པས་ནི་དེའི་ལུས་དྲི་ང་བར་གྱུར་ཏོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་མཐོང་ན་མིག་བཙུམས་པས་ནི་དམུས་ལོང་དུ་གྱུར་ཏོ། །དགའ་བྱེད། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། ། ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགའ་བྱེད། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགའ་བྱེད། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྲོག་ཆགས་ས་ཡས་བདེན་པ་མཐོང་བར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།སེར་སྣ་དང ། ངག་གི་ཉེས་པར་སྤྱོད་པའི་ཉེས་དམིགས་དེ་དག་དང་གཞན་དག་ཀྱང་རྟོགས་ནས་སེར་སྣ་དང ། ངག་གི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར་བརྩོན་པར་བྱ་སྟེ། དགེ་སློང ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་
202b
ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཚོང་དཔོན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང།་ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་
203a
༄#། །ཆེ་བ།་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། དེ་ཕྱི་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་ཏེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀུན་ལ་གྲགས་པ་དང ། བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ཏེ། གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ནད་གསོས་དང ། སྨོན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེས་ཡོངས་སུ་བཟུང་བའི་ཡོ་བྱད་རྙེད་དོ་ཅོག་གསོག་པར་བྱེད་དེ། དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བགོ་བཤའ་མ་བྱས་སོ། །དེ་ནས་སེར་སྣ་
203b
ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ན། རང་གི་ཡོ་བྱད་ལ་ལྷག་པར་ཞེན་བཞིན་དུ་ཤི་ནས་རང་གི་གནས་ཁང་དུ་ཡི་དྭགས་སུ་སྐྱེས་སོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གཎྜི་མཇུག་མེད་པ་བརྡུངས་ནས་རུས་བུ་ཕྱིར་བྱུང་ངོ ། །དེ་ནས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ནས། ཕྱིར་གཙུག་ལག་ཁང་དུ་ལྷགས་སོ། །དེ་ནས་གནས་ཁང་གི་སྒོ་ཕྱེ་སྟེ་ཆོས་གོས་དང ། ལྷུང་བཟེད་གཡར་སྔ་འགྲེམས་པ་ལ་ཞུགས་པ་དང ། རེ་ཞིག་ན་ཡི་དྭགས་རྐང་ལག་དང ། མིག་མི་སྡུག་ལ་ལུས་མཆོག་ཏུ་འཇིགས་ལ་ཆོས་གོས་དང ། ལྷུང་བཟེད་འཛིན་ཅིང་འདུག་པ་དེ་མཐོང་ངོ ། །དེ་ལྟར་མི་སྡུག་པ་དེ་མཐོང་ནས། དགེ་སློང་ངག་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ། དེ་ལ་ཕན་གདགས་པ་དང ། སློབ་མའི་ཚོགས་རྣམས་སྐྱོ་བ་བསྐྱེད་པ་དང ། སེར་སྣའི་རྣམ་པར་སྨིན་པ་མི་སྡུག་པ་ཡང་དག་པར་བསྟན་པའི་ཕྱིར་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གནས་དེར་གཤེགས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་
204a
༄#། །བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེས་ཏེ། དེ་ངོ་ཚ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆར་སྤྲིན་གྱི་འབྲུག་སྒྲ་ལྟ་བུར་ཟབ་པ་དང ། རྔ་སྒྲ་ལྟ་བུའི་གསུང་གིས་ཡི་དྭགས་དེ་སྤྱོས་ཏེ། བཞིན་བཟང ། ཁྱོད་ཉིད་ཀྱིས་བདག་ཉིད་ཕུང་བའི་ཕྱིར་ཆོས་གོས་དང ། ལྷུང་བཟེད་འདི་བསྒྲུབས་ཏེ། དེས་ནི་ཡི་དྭགས་སུ་སྐྱེས་པ་ཡིན་གྱི། དའང་ང་ལ་སེམས་དགའ་བར་གྱིས་ལ་ཡོ་བྱད་འདི་ལའང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ལས་ཀྱང་ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་རེ།་དེ་ནས་ཡི་དྭགས་དེས་ཆོས་གོས་དང ། ལྷུང་བཟེད་དགེ་འདུན་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཉེས་པ་བཤགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་དྭགས་ཀྱི་ཕྱིར་ཡོན་གྱི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང ། །དེ་ནི་ཡི་དྭགས་ཕྱི་བཞིན་སོང ། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་གྱུར་ཅིག་།དེ་ནས་ཡི་དྭགས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་པོར་སྐྱེས་སོ། །དེ་ནས་ཡི་དྭགས་རྫུ་འཕྲུལ་ཆེན་པོ་རྣ་ཆ་གདུང་འཁོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་
204b
ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤལ་དང་པདྨ་དང ། ཀུ་མུད་དང ། པདྨ་དཀར་པོ་དང ། མན་ད་ར་བ་རྣམས་ཀྱིས་ཐུབ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལ་ན་ད་ག་གནས་པ་ཁོ་ར་ཁོར་ཡུག་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་དགའ་བ་སྐྱེས་ཏེ་སོང་ངོ ། །དེའི་ཚེ་དགེ་སློང་སྲོད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །དེ་མཐོང་ནས་ཐེ་ཚོམ་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མད་ང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་དག་།མི་མཇེད་ཀྱི་བདག་པོའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ཡི་དྭགས་དེ་ཤི་ནས་ཡི་དྭགས་རྫུ་འཕྲུལ་ཆེན་པོར་སྐྱེས་ཏེ། དེ་མདངས་སུམ་ངའི་ཐད་དུ་འོངས་ནས། ངས་དེ་ལ་ཆོས་བསྟན་ཏེ། དེར་སའམ་སྐྱེས་ནས་སོང་ངོ ། །དགེ་སློང་དག་།དེ་བས་ན་ཅི་ན་ས་ཚོང་དཔོན་ལ་ས་ཡི་དྭགས་སུ་
205a
༄#། །གྱུར་པ་དེའི་ཉེས་པ་དེ་ལྟ་བུ་དག་བྱུང་བར་མི་འགྱུར་བར་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ། དགེ་སློང ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང།་ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་
205b
དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོང་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ངོ ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ནས་ཟན་ཟོས་ཏེ། ཟས་ཕྱིས་ལེན་པ་སྤངས་ནས། ཆོས་གོས་དང།་ལྷུང་བཟེད་བཞག་སྟེ། ཡི་དྭགས་ཀྱི་ཡུལ་དུ་རྒྱུ་ཞིང་སོང་བ་དང ། དེས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཉེན་ཀོར་དུ་ཡི་དྭགས་མོ་གཤིན་རྗེའི་སྲིན་མོ་འདྲ་ལ་ལུས་ཁྲག་གིས་བསྒོས་པ། དུར་ཁྲོད་ན་འདུག་བཞིན་དུ་ཀེང་རུས་ཀྱིས་བསྐོར་བ། ཉིན་མོ་དང ། མཚན་མོ་བུ་ལྔ་ལྔ་བཙའ་ཞིང་དེ་ལྟ་བུའི་སྡུག་བསྔལ་མྱོང་ལ། བུ་ལ་བྱམས་པ་ཡོད་བཞིན་དུ་དེ་བཀྲེས་པས་ཉེན་ནས་དེ་དག་ཟ་ཞིང་འདུག་པ་ཞིག་མཐོང་ངོ ། །དེ་ནས་གནས་བརྟན་འདམ་བུ་སྦྱིན་གྱི་བུས་དེ་ལ་དྲིས་པ། ཁྱོད་ཀྱིས་སྔོན་ལས་ཅི་ཞིག་བྱས་ན། དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་འདུག། ཡི་དྭགས་མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱི། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང ། དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་ཏེ། དེ་ཐོས་ན་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་འགྱུར་རོ། །དེ་ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་
206a
༄#། །དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མ་ཡང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ། སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ། སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་ལ་བཀའ་སྩལ་པ། འདམ་བུ་སྦྱིན་གྱི་བུ། ཚུར་ཤོག་།ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གདོད་ག་ལས་འོངས། འདམ་བུ་སྦྱིན་གྱི་བུས་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་ནི་ཡི་དྭགས་ཀྱི་ནང་དུ་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་བདག་གིས་ཡི་དྭགས་མོ་གཤིན་རྗེའི་སྲིན་མོ་འདྲ་ལ། ལུས་ཁྲག་གིས་བཤེར་བ། དུར་ཁྲོད་ན་འདུག་པ་བཞིན་དུ་ཀེང་རུས་ཀྱིས་བསྐོར་བ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། བདག་ནི་ཉིན་བཞིན་བུ་ལྔ་བཙའ། །མཚན་ཡང་དེ་བཞིན་ལྔ་བཙའ་སྟེ། །བཙས་ནས་དེ་དག་ཟོས་ན་ཡང ། །འགྲངས་པར་མི་འགྱུར་ཞེས་མཆི་ན། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་
206b
བཀའ་སྩལ་པ། འདམ་བུ་སྦྱིན་གྱི་བུ། ཡི་དྭགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེ་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ། མཉན་པར་འཚལ་ལགས་སོ། །འདམ་བུ་སྦྱིན་གྱི་བུ། འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །འདམ་བུ་སྦྱིན་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུའང་མེད། བུ་མོའང་མེད་དེ། དེ་ལག་པ་ལ་སྐོམ་ཚུགས་བཅས་ནས། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བུའང་མེད། བུ་མོའང་མེད་པས། བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ། སེམས་ཁོངས་སུ་ཆུད་ཅིང་འདུག་གོ་།དེ་ནས་བུ་མེད་དེ་བུ་འདོད་པའི་ཕྱིར་གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལའང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་
207a
༄#། །དང།་གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པ་དང ། ཆོས་མཐུན་པ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ལ། འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེ་འང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང།་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། དེས་ལྷ་མཉེས་པར་བྱས་ཀྱང་བུའང་མ་བྱུང ། བུ་མོའང་མ་བྱུང་ནས། དེའི་བློ་འདི་ལྟ་བུ་ཞིག་སྐྱེས་ཏེ། མ་ལ། བདག་གིས་ཆུང་མ་ཞིག་བླངས་ན། བརྒྱ་ལ་བུ་ཡོད་པར་གྱུར་ལྟ་སྲིད་དམ་སྙམ་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་བུ་ཆགས་པར་གྱུར་ནས། དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས། ཁྱིམ་ཐབ་ལ་སྤྲན་པ། ཇོ་བོ། བདག་ལ་
207b
སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན། ཁྱེའུར་འགྱུར་བར་ངེས་ཀྱི། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །དེའང་དགའ་ཆེས་ཏེ། རོ་སྟོད་ནི་བཏེག་།ལག་པ་གཡས་པ་ནི་བརྐྱང་ནས། བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ ། །བདག་གིས་བུ་རུང་བར་ཤོག་ཅིག་།མི་རུང་བར་མ་གྱུར་ཅིག་།བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་།གསོས་པའི་ལན་ཕྱིར་གསོལ་བར་ཤོག་ཅིག་།ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་།བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག་།བདག་ཅག་འདས་ཏེ་ཤི་བའི་འོག་ཏུའང་བདག་ཅག་གི་ཕྱིར་མང་ཡང་རུང ། ཉུང་ཡང་རུང་སྟེ། སྦྱིན་བ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང ། གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང ། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང ། སྨན་པས་བསྟན་པའི་ཟས་རྣམས་དང ། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང ། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང།་ཧ་ཅང་ལན་ཚཝ་བ་མ་ཡིན་པ་རྣམས་དང ། ཧ་ཅང་མདར་བ་མ་ཡིན་པ་རྣམས་དང ། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང ། ཧ་ཅང་བསྐལ་བ་མ་ཡིན་པ་རྣམས་དང ། ཁ་བ་དང །
208a
༄#། །སྐྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཚ་བ་དང ། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང ། དོ་ཤལ་དང ། སེ་མོ་དོ་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང ། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང ། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་ཆུང་མ་སྔ་མ་དེས་དེ་བཀུར་ཞིང་གཅེས་པར་བྱེད་པ་མཐོང་ནས་ཕྲག་དོག་སྐྱེས་ཏེ་སེམས་པ། གལ་ཏེ་འདི་ལས་བུ་བཙས་པར་གྱུར་ན་ནི། བདག་ལ་གནོད་པ་བྱེད་པར་འགྱུར་གྱི། ཅི་ནས་དེའི་ཐབས་ཤིག་བྱ་དགོས་སྙམ་མོ། །འདོད་པ་ལ་ཡོངས་སུ་བསྟེན་པ་ལ་ནི་སྡིག་པའི་ལས་མི་བྱ་བའི་བག་ཅི་ཡང་མེད་དེ། མི་སྡུག་པའི་འགྲོ་བའི་གཡང་སར་ཁ་བལྟས་པ། དེས་ཡིད་རྟོན་དུ་བཅུག་ནས་གང་འཐུངས་པ་ཙམ་གྱིས་ཉོན་མོངས་མ་དེའི་བུ་འཕྱིལ་བར་འགྱུར་བ་དེ་ལྟ་བུའི་མངལ་རླུག་པའི་རྩི་བྱིན་ནོ། །དེ་ནས་ཆུང་མ་ཕྱི་མ་དེས་ཉེ་དུ་ཐམས་ཅད་བསྡུས་ནས་ཆུང་མ་སྔ་མ་དེ་ཞལ་ལྕེ་ལ་བཀུག་སྟེ། ཁྱོད་ཀྱིས་བདག་ཡིད་རྟོན་དུ་བཅུག་ནས་མངལ་རླུག་པའི་རྩི་བྱིན་ཏེ། དེས་བདག་གི་བུ་འཕྱིལ་ཏོ་ཞེས་བྱས་སོ། །དེ་ནས་ཆུང་མ་སྔ་མ་དེས་ཉེ་དུ་རྣམས་ཀྱི་ནང་དུ་མནའང་བོར་ཏེ། གལ་ཏེ་བདག་གིས་ཁྱོད་ལ་མངལ་རླུག་པའི་རྩི་བྱིན་པར་
208b
གྱུར་ན་བདག་ཡི་དྭགས་མོར་གྱུར་ཏེ། བུ་བྱུང་ངོ་ཅོག་ཟ་བར་ཤོག་ཅིག་བྱས་སོ། །འདམ་བུ་སྦྱིན་གྱི་བུ། ཇི་སྙམ་དུ་སེམས། ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་ཡི་དྭགས་མོ་དེ་ཡིན་ཏེ། དེས་སྔོན་ཕྲག་དོག་བྱས་པ་དེས་ན་ཡི་དྭགས་མོར་སྐྱེས་སོ། །དེས་བརྫུན་བྱས་ཏེ་མནའ་བོར་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་ནི་ཉིན་མོ་དང ། མཚན་མོ་བུ་ལྔ་ལྔ་བཙའ་ཞིང་ཟ་བར་གྱུར་ཏོ། །འདམ་བུ་སྦྱིན་གྱི་བུ། དེ་བས་ན་ཁྱོད་ཀྱིས་ངག་གི་ཉེས་པ་སྤང་བ་ལ་བརྩོན་པར་བྱ་སྟེ། ཅི་ནས་ཡི་དྭགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དེ་ལྟར་འདམ་བུ་སྦྱིན་གྱི་བུ་ཁྱོད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་གཉིས་པ། ཕྱི་ས་ཁུང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང །
209a
༄#། །ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང།་གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡངས་པ་ཅན་ན། སྦྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་གནས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཡངས་པ་ཅན་ན་གྲོང་ཁྱེར་འོབས་ཤིག་གི་ནང་ན། ཡི་དྭགས་ཟས་སུ་སྐྱུགས་པ་ཟ་བ། པོར་བ་ཟ་བ། ངར་སྣབས་དང ། གཅིན་གྱིས་འཚོ་བ། རྣག་དང ། ཁྲག་དང ། ཕྱིས་ཟ་བ། མི་བཟད་པ། རང་བཞིན་གྱིས་སྡུག་བསྔལ་བ་ལྔ་བརྒྱ་གནས་སོ། །ཡང་སྨྲས་པ། སྐྱུགས་པ་ཟ་ཞིང་བོར་བ་ཟ། །ངར་སྣབས་གཅིན་གྱིས་འཚོ་བ་དང ། །རྣག་ཁྲག་དང་ནི་ཕྱི་ས་ཟ། །མི་བཟད་རང་བཞིན་སྡུག་ཅིང་འདུག་།ཡངས་པ་ཅན་དེ་ན་བྲམ་ཟེ་ཞིག་ཀྱང་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་དེའི་ལུས་དྲི་ང་བར་
209b
གྱུར་ཏོ། །དེ་ནས་བྲམ་ཟེ་དེས་མཚན་མཁན་རྣམས་བཀུག་སྟེ་དྲིས་ན། དེ་དག་ན་རེ། འདི་ནི་ལྟོ་ན་ཁྱེའུ་འདུག་པ་དེའི་མཐུ་ཡིན་ནོ་ཞེས་ཟེར་རོ། །རེ་ཞིག་ན་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་མདོག་ངན་ཅིང་བལྟ་ན་མི་སྡུག་ལ་བྱད་ངན་པོ་ལུས་མི་གཙང་བས་བསྒོས་པ་དྲི་ང་བ་ཞིག་བཙས་སོ། །དེ་མཆོག་ཏུ་མི་སྡུག་མོད་ཀྱི། བྱམས་པའི་དབང་གིས་སྦྲེལ་བས་ཕ་མ་གཉིས་ཀྱིས་གསོས་སོ། །དེ་མི་གཙང་བའི་གནས་རྣམས་འབའ་ཞིག་ཏུ་དགའ་ལ་ཕྱག་དར་གྱི་ཕུང་པོ་དང ། ཕྱིས་ཁུང་དུ་སྐྲ་འབལ་ཞིང་ཁར་མི་གཙང་བ་འཛུད་ནས། དེའི་མིང་ཕྱིས་ཁུང་ཞེས་བྱ་བར་གྱུར་ཏོ། །རེ་ཞིག་ན་དེ་ཕན་ཚུན་དུ་འཁྱམ་པ་ལས་འོད་སྲུང་རྫོགས་བྱེད་ཀྱིས་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་དེ་ལྟ་བུའི་གནས་རྣམས་སུ་དགའ་བ་ལས་ན་འདི་ནི་གོར་མ་ཆགས་པར་གྲུབ་པའི་སྐྱེས་བུ་ཞིག་ཡིན་གྱི་བདག་གིས་འདིར་རབ་ཏུ་དབྱུང་ངོ་སྙམ་མོ། །དེས་དེ་རབ་ཏུ་ཕྱུང་ནས་གཅེར་བུར་འཁྱམ་ཞིང་འདུག་ལ། ལེགས་པ་བྱེད་པ་ལའང་གནས་སོ། །དེ་ནས་དེ་འཁྱམ་ཞིང་སོང་བ་ལས་ཡངས་པ་ཅན་གྱི་འོབས་ཀྱི་ནང་ན་ཡི་དྭགས་ལྔ་བརྒྱ་འཁོད་པ་རྣམས་མཐོང་ནས། དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་འབྲེལ་པས་གྲོང་ཁྱེར་གྱི་འོབས་དེའི་ནང་དུ་སོང་ནས་དེ་དག་དང་ལྷན་ཅིག་འདུས་ཤིང་ཕྲད་དེ། དགའ་བར་གྱུར་ནས་གྲོགས་པོར་གྱུར་ཏོ། །ཕྱིས་རེ་ཞིག་ན་ཁྱེའུ་ཕྱིས་ཁུང་དོན་ཞིག་ལ་བྲེལ་ཏེ་ཡངས་པ་ཅན་དུ་སོང་ངོ ། །བཅོམ་ལྡན་
210a
༄#། །འདས་ཀྱང་གྲོང་ཁྱེར་གྱི་འོབས་དེར་བྱོན་ནས་ཡི་དྭགས་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་པ་མཐོང་ངོ ། །མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། བཅོམ་ལྡན་འདས་བདག་ཅག་ཕོངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅིས་ཕོངས། ཡི་དྭགས་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས། བདག་ཅག་ནི་སྐོམ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་སོར་ལྔ་ལས་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྒྱུན་ལྔ་ཕབ་སྟེ། དེས་ཡི་དྭགས་ལྔ་བརྒྱ་པོ་དེ་དག་ཚིམ་པར་མཛད་དོ། །དེ་ནས་དེ་དག་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་ཀྶྱེས་སྙམ་མོ། ། དེ་ནས་ཡི་དྭགས་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེ་དག་གིས་མཐོང་ངོ ། །དེ་ནས་
210b
སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ཏེ། གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར། འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱི། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེ་རྣམས་ཀྱི་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། ཁང་པ་བརྩེགས་པའི་གནས་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་རྣམས་ཀྱི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་ལྔ་བརྒྱས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་གིས་བདེན་པ་མཐོང་ནས་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་
211a
༄#། །པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་བ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་པའི་འབྱོར་བ་དེ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་རང་གི་གནས་སུ་དོང་ངོ ། །དེ་ནས་ཁྱེའུ་ཕྱི་ས་ཁུང་གྲོང་ཁྱེར་གྱི་འོབས་སུ་འོངས་པ་དང ། ཡི་དྭགས་དེ་དག་མ་མཐོང་ངོ ། །དེ་ནས་ཚོལ་བ་ལ་ཞུགས་ཏེ། དེ་དེ་དག་ཡོངས་སུ་ཚོལ་བས་སྐྱོ་བར་འགྱུར་ལ་དེ་དག་ནི་མ་རྙེད་དོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཞིག་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་ལ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་ལ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་
211b
ལག་ལྔ་རྣམས་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་པས་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་འགྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ལས་ཕྱུང་སྟེ། མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་
212a
༄#། །གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་ཕྱི་ས་ཁུང་ལ་ཕན་གདགས་པའི་ཕྱིར་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་གཤེགས་པ་དང ། རེ་ཞིག་ན་མཐར་གྱིས་བསོད་སྙོམས་བསྐོར་ཏེ་སྲང་དུ་གཤེགས་ན། ཕྱི་ས་ཁུང་ཡང་ཕན་ཚུན་འཁོར་འཁོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲེང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དབེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་བ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་དེའི་མོད་ལ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བར་བྱས་སོ། །དེ་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཐལ་མོ་སྦྱར་ནས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་སེམས་ཅན་བདག་ཅག་ལྟ་བུའང་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་
212b
འབྱུང་བ་མཆིས་ཏེ། ཆུད་པར་གྱུར་ན་བདག་ཅག་ཀྱང་རབ་ཏུ་འབྱུང་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་རྣམས་ཀྱི་བསམ་པ་དང ། བག་ལ་ཉལ་བ་མཁྱེན་པས། དེ་ཤིན་ཏུ་སྐལ་བ་དང་ལྡན་པར་ཐུགས་སུ་ཆུད་ནས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང ། ཚུར་ཤོག་།ཚངས་པར་སྤྱད་པ་སྤྱོད་ཅིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ། སྐྲ་དང ། ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར་པ། ལག་ན་ནི་ལྷུང་བཟེད་དང ། ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་
213a
༄#། །པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགྲ་བཅོམ་པ་ཉིད་ཐོབ་ཟིན་ནའང་ངན་པ་ལ་དགའ་བར་གྱུར་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། འདི་ལྟ་སྟེ། ངའི་དགེ་སློང་ཕྱི་ས་ཁུང་འདི་ནི་ངའི་ཉན་ཐོས་ཀྱི་དགེ་སློང་ངན་ངོན་ལ་མོས་པ་རྣམས་ཀྱི་མཆོག་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ།་གནས་བརྟན་ཕྱིས་ཁུང་གིས་ལས་ཅི་བགྱིས་ན་དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཕྱིས་ཁུང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན།
213b
ཕྱི་ས་ཁུང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་སྨིན་པར་འགྱུར་རོ། །ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་མཛེས་ལྡན་ཞེས་བྱ་བ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེའི་རྒྱལ་པོའི་ཕོ་བྲང་དེར་ཁྱིམ་བདག་གཅིག་གིས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེར་ཕྱོགས་དང ། ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་འོངས་པ་དང ། འགྲོ་བ་དང ། གནས་པར་སེམས་
214a
༄#། །སོ། །གཙུག་ལག་ཁང་དེ་ན་སོ་སོའི་སྐྱེ་བོའི་དགེ་སློང་ཞིག་གནས་ཏེ། དེ་ཡང་གནས་ལ་ཤིན་ཏུ་སེར་སྣ་ཆེ་བ་ཞིག་སྟེ། དགེ་སློང་གསར་དུ་འོང་བ་རྣམས་མཐོང་ན། ཚིག་པ་ཟ་ཞིང་འཁྲུག་ལ་གནོད་སེམས་བྱེད་དེ། ཞུལ་ཞུལ་པོར་འདུག་ཅིང་འཁྲུག་པ་སྐྱེད་པར་བྱེད་དོ། །དགེ་སློང་གང་དག་གཙུག་ལག་ཁང་དེ་ནས་གུད་དུ་འགྲོ་བ་དེ་དག་མཐོང་ན་ནི། ཤས་ཆེར་དགའ་ཞིང་མཆོག་ཏུ་དགའ་ལ་སྐྱེལ་ཞིང་སྨྲ་བར་བྱེད་དོ། །ཕྱིས་རེ་ཞིག་ན་གཞིག་གི་ཡུལ་ནས་དགེ་སློང་དགྲ་བཅོམ་པ་ཞིག་འོངས་སོ། །གཙུག་ལག་ཁང་གི་བདག་པོ་དེའང་ཕྱིར་མི་འོང་བ་ཡིན་ཏེ། དེས་སྤྱོད་ལམ་གྱི་སྒོ་ནས་དགྲ་བཅོམ་པ་ཡིན་པར་ཤེས་སོ། །དེ་ནས་དགའ་བ་སྐྱེས་ཏེ། ཕྱི་དེ་ཉིན་དགེ་སློང་གི་དགེ་འདུན་དང་བཅས་པར་ཆོ་ག་དང་ལྡན་པའི་ཁྲུས་དང ། བཤོས་ལ་སྤྱན་དྲངས་སོ། །དགེ་སློང་གཞི་བ་དེ་ནི་དེ་ན་མེད་པ་ལས་རེ་ཞིག་ན་ཕྱི་དེ་ཉིན་ཆོག་དང་ལྡན་པའི་ཁྲུས་ཀྱང་ཕུལ། བཤོས་ཀྱང་བཤམས་པ་དང ། དགེ་སློང་གཞི་པ་དེའང་འོངས་ཏེ། དེའང་ཆོ་ག་དང་ལྡན་པའི་ཁྲུས་སར་སོང་ནས། གཙུག་ལག་ཁང་གི་བདག་པོ་ཁྱེད་རིངས་སུ་བྱུང་སྟེ། དགེ་སློང་གསར་དུ་འོངས་པའི་བྱི་དོར་བྱེད་ཅིང་འདུག་པ་མཐོང་ངོ ། །དེ་ནས་དེ་ཕྲག་དོག་སྐྱེས་ནས། དེས་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་སྨྲས་ཏེ། དགེ་སློང་ཁྱེད་ནི་ལུས་མི་གཙང་བས་བྱུགས་ཀྱང་བླ་ཡི། སྦྱིན་བདག་འདི་ལྟ་བུའི་བསྙེན་བཀུར་ལེན་པ་ནི་དེ་
214b
ལྟ་མ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་ཉོན་མོངས་པ་འདི་ལས་ཆེས་མིང་བཟད་པ་སྐལ་པ་ཅན་དུ་འགྱུར་ན་མི་རུང་ངོ་སྙམ་ནས། ཅང་མི་ཟེར་བར་དང་དུ་བླངས་སོ། །རེ་ཞིག་ན་ཚོགས་པར་གྱུར་ཏེ་དྲོ་ལ་བབ་པ་ན་དགེ་སློང་གཞི་བ་དེས་དགྲ་བཅོམ་པ་ལ་ཁྱོད་ཀྱིས་སྡང་བའི་སེམས་བསྐྱེད་དོ་ཞེས་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེ་འགྱོད་པ་སྐྱེས་སོ། །དེ་ནས་དགེ་སློང་དགྲ་བཅོམ་པ་དེའི་རྐང་པ་ལ་ཕྱག་འཚལ་ཏེ། འཕགས་པ། བདག་གིས་ཁྱོད་ལ་ཚིག་རྩུབ་པོ་སྨྲས་པ་དེ་བཟོད་པ་གསོལ་ལོ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་དེའི་དད་པ་བསྐྱེད་པའི་ཕྱིར། ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ལྷག་པར་ཡང་འགྱོད་པ་སྐྱེས་ཏེ། དེ་ནས་དེའི་མདུན་དུ་ལས་ཀྱི་ཉེས་པ་དེ་མཐོལ་ཞིང་བཤགས་ཏེ། ཤང་ཀྱིས་སྦྱངས་སོ། །འོན་ཀྱང་དེས་མཐར་ཐུག་པའི་ཡེ་ཤེས་བསྐྱེད་ནི་མ་ནུས་སོ། །དེ་ནས་རེ་ཞིག་ན་འཆི་བའི་དུས་ལ་བབ་པ་དང ། དེས་སྨོན་ལམ་བཏབ་པ། བདག་གིས་དགྲ་བཅོམ་པ་ལ་སྡང་བའི་སེམས་བསྐྱེད་པ་དང ། ངག་གི་ལས་རྩུབ་པོ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པ་ནི་བདག་གིས་མྱོང་བར་མ་གྱུར་ཅིག་།བདག་གིས་བཀླགས་པ་དང ། ཁ་ཏོན་བྱས་པ་དང ། སྦྱིན་པ་དང ། སྦྱིན་པ་ཆེན་པོ་དག་བྱིན་པ་དང།་དགེ་འདུན་པ་བསྙེན་བཀུར་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེས་ནི་མ་འོངས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་ཤོག་ཅིག་།ཅེས་བྱས་སོ། །དགེ་
215a
༄#། །སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་གཞི་པར་གྱུར་པ་གང་ཡིན་པ་དེ་ནི་ཕྱི་ས་ཁུང་འདི་ཉིད་ཡིན་ཏེ། དེས་དགྲ་བཅོམ་པ་ལ་ངག་གི་ལས་རྩུབ་པོ་སྨྲས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ཏེ། ལས་དེ་ཉིད་ཀྱི་ལྷག་མ་ལུས་པས་དེ་ལྟར་སྲིད་པ་ཐ་མ་ལ་བབ་པའི་ཚེའང་འདི་ལྟར་དྲི་ང་ཞིང་མཆོག་ཏུ་དྲི་ང་བར་གྱུར་ལ། མི་གཙང་བ་དང ། སྙག་སྙིག་ལ་དགའ་བར་གྱུར་ཏོ། །དེ་ནས་ཁ་ཏོན་བྱས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང ། གནས་དང ། གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་ས་ཁུང་སོ་སོའི་སྐྱེ་བོར་གྱུར་པའི་ཉེས་པ་གང་ཡིན་པ་དེ་དག་འབྱུང་བར་མི་འགྱུར་བ་དང ། དེས་དགྲ་བཅོམ་པ་ཉིད་ཐོབ་པའི་ཡོན་ཏན་གྱི་ཚོགས་འདི་ལྟ་བུར་འགྱུར་བའི་ཕྱིར་ཏེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་
215b
དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སོ།། །།སྡོམ་པ་ནི། སྤྲུལ་ནག་དང་ནི་ཟླ་བ་དང ། །སཱ་ལ་དང་ནི་དཔལ་ལྡན་མ། །གོས་དང་ནེ་ཙོ་ཕོ་ཉ་དང ། །མ་ཧེ་དང་ནི་གསོ་སྦྱོང་དང ། ངང་པ་ཐ་མར་བརྗོད་པ་ཡིན། །སྦྲུལ་ནག་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་
216a
༄#། །བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེའང་སེར་སྣ་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁཝ་ལའང་གཏོར་མ་མི་སྟེར་བ་ཞིག་སྟེ། དེས་དགེ་སྦྱོང་དང ། བྲམ་ཟེ་དང ། སྡུག་ཅིང་ཕོངས་པ་དང ། བཀྲེན་པ་དག་མཐོང་ན་སེམས་སྡང་བར་བྱེད་དོ། །དེ་ནས་དེས་རང་གི་སྐྱེད་མོས་ཚལ་དུ་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྦས་ཏེ་བཞག་ནས། དེ་དེ་ལ་ཆགས་ཏེ་ལྷག་པར་ཞེན་བཞིན་དུ་ཤིའོ། ། དེ་ཤི་ནས་དེ་ཉིད་ཀྱི་སྟེང་དུ་སྦྲུལ་གདུག་པ། སྦྲུལ་ནག་པོ་ཆེན་པོ་མིག་གདུག་པ་ཞིག་ཏུ་སྐྱེས་སོ། །དེ་ནས་སྐྱེད་མོས་ཚལ་དེར་སྐྱེ་བོའི་ཚོགས་གང་སོང་བ་དེ་དག་བལྟས་པ་ཙམ་གྱིས་གསོད་པར་བྱེད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐོག་ཐག་ཏུའང་ཆེ་གེ་མོའི་སྐྱེད་མོས་ཚལ་དུ་སོང་བ་དེ་དག་ཐམས་ཅད་བརླག་པར་འགྱུར་རོ་ཞེས་སྒྲ་གྲག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཀྱིས་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་དེ་འདུལ་ནུས་པར་གཞན་དུ་ཞིག་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེ་བོ་མང་པོའི་འཁོར་དང་བཅས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་
216b
ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། རྒྱལ་པོའི་ཁབ་འདི་ན་སྐྱེད་མོས་ཚལ་ག་གེ་མོ་ཞིག་ན་སྦྲུལ་གདུག་པ། སྦྲུལ་ནག་པོ་ཆེན་པོ་ཆེན་པོ་མིག་གདུག་པ་ཞིག་མཆིས་ཏེ། སྐྱེ་བོ་མང་པོ་བརླག་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དེ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་སྟན་ལས་ལངས་ནས་སོང་ངོ ། །
217a
༄#། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་སྐྱེད་མོས་ཚལ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། བཅོམ་ལྡན་འདས་ཀྱིས་འོད་ཟེར་གསེར་གྱི་ཁ་དོག་ཅན་ཉི་མ་སྟོང་གི་འོད་ལས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་སྐྱེད་མོས་ཚལ་དེ་དག་ཐམས་ཅད་སྣང་བར་བྱས་སོ། །བསྐལ་པ་སྟོང་གི་བར་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་གྱུར་ཏོ། །དེ་ནས་སྦྲུལ་གདུག་པ་དེས་ཕན་ཚུན་དུ་བལྟས་ཏེ། སུའི་མཐུས་བདག་གི་ལུས་སིམ་པར་གྱུར་ཅིག་གུ་སྙམ་པ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་དད་པའི་སེམས་བསྐྱེད་དེ། དད་པའི་སེམས་དང་ལྡན་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་ཏེ། བཞིན་བཟང་ཁྱོད་ཉིད་ཀྱིས་རྫས་འདི་བསྒྲུབས་པ་དེས་ན་ཁྱོད་སྦྲུལ་གདུག་པར་ལྷུང་བར་བྱས་སོ། །ད་ཡང་ང་ལ་དད་པའི་སེམས་བསྐྱེད་
217b
ལ་གཏེར་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་སྐྱེས་རེ། དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ཚེ་རབས་དྲན་པར་མཛད་པ་དེའི་ཚེ་དེ་དུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་མེད། །མི་ཁོམ་པར་ནི་སྐྱེས་ཟིན་གྱི། །དོན་མེད་དུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་བསྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཏང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་སྦྲུལ་དེ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། འོད་མའི་ཚལ་དུ་བསྣམས་སོ། །དེའི་སྐབས་སུ་རྒྱལ་པོ་དང ། ཡུལ་མ་ག་དྷའི་སྐྱེ་བོའི་ཚོགས་ཀྱིས་སྦྲུལ་གདུག་པ་དེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཏུལ་བ་ཐོས་སོ། །དེ་ནས་སྦྲུལ་གདུག་པ་དེ་རང་གི་ལུས་ལ་སྨད་དེ་ཁ་འཚོས་ནས། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་སྦྲུལ་གདུག་པ་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང །
218a
༄#། །བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་སྤྲུལ་གདུག་པར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀཱ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མན་ད་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཆལ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སྤྲུལ་གདུག་པར་གྱུར་པའི་ལྷའི་བུའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པའི་བཞི་རྟོགས་པར་འགྱུར་པ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་
218b
ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ཏུ་བརྗོད་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། ། སྲིད་པ་སྟོང་དུ་མཐོང་པ་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགར་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་
219a
༄#། །བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་ལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་སྤྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་པོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་དེ་ཉིད་ཀྱི་མཚན་མོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་སོང་ནས། རྒྱལ་པོའི་ཕོ་བྲང་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ཏེ། རྒྱལ་པོ་བསླང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ལོངས། ཉལ་ཏེ་ཅི་བྱ། དེ་ནས་རྒྱལ་པོ་སད་དེ་འོད་ཆེན་པོ་དང ། ལྷའི་བུ་དེ་མཐོང་ངོ ། །མཐོང་ནས་ཀྱང་དགའ་ཞིང་མགུ་སྟེ་ཁྱོད་སུ་ཞིག་ཅེས་དྲིས་སོ། །དེ་ན་རེ། བདག་ནི་སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་ཀྱིས་སྤྲུལ་གདུག་པ་བཏུལ་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་ཡིན་ཏེ། བཅོམ་ལྡན་འདས་ལའང་བདག་གིས་བསྙེན་བཀུར་བྱས་ནས་བདེན་པ་མཐོང་བར་གྱུར་ཏོ། །ད་བདག་གིས་ཁྱོད་ལ་བསྟན་གྱིས་ཁྱོད་སོང་ལ། སྐྱེད་མོས་ཚལ་དེའི་ཕྱོགས་ག་གེ་མོ་ཞིག་ནས་གཏེར་ཆེན་པོ་ཕྱུང་ལ། བདག་གི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་ཏེ། ཡོན་གྱི་རབས་ཀྱང་གདོན་པར་གསོལ་ཅིག་།དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷའི་
219b
བུ་ལ་ཅང་མི་ཟེར་བར་ཁས་བླངས་སོ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་རྒྱལ་པོས་ཅང་མི་ཟེར་བས་ཁས་བླངས་པར་རིག་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཉིད་ཀྱི་མཚན་མོ་ཡུལ་མ་ག་དྷའི་ཕོ་བྲང་འཁོར་གྱི་མི་དང ། ཡུལ་མི་རྣམས་ལ་བསྒོ་ནས་སྐྱེད་མོས་ཚལ་དེར་སོང་སྟེ་གཏེར་བྱུང་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་གསོལ་ཏེ་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། སྔོན་སྤྲུལ་གདུག་པར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན་དེས་སྤྲུལ་གདུག་པར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ནས་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཤས་ཆེར་ཆགས་པ་བསྐྱེད་དེ། དགེ་སྦྱོང་དང ། བྲམ་ཟེ་དང ། སྡུག་ཅིང་ཕོངས་པ་དང ། བཀྲེན་པ་རྣམས་ལ་སྡང་བའི་སེམས་བསྐྱེད་པ་དེས་ནི་སྤྲུལ་གདུག་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷའི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་བསྙེན་དུ་གྱུར་ཏོ། སྐྱབས་སུ་སོང་བ་དང ། བསླབ་པའི་གཞི་བླངས་པ་དེས་ནི་བདེན་པ་མཐོང་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། དེ་བས་ན་སེར་སྣ་སྤང་བའི་ཕྱིར་བརྩོན་པར་བྱ་སྟེ། ཅི་ནས་སྤྲུལ་གདུག་པར་གྱུར་པའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང ། དེ་ཉིད་ལྷའི་བུར་གྱུར་
220a
༄#། །པའི་ཡོན་ཏན་གྱི་ཚོགས་དེ་དག་ལྟ་བུར་འགྱུར་བར་རྒྱལ་པོ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་སྟན་ལས་ལངས་ནས་སོང་ངོ ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་
220b
པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིང་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེ་བོ་ཐམས་ཅད་ཀྱི་མིག་སིམ་པར་བྱེད་པ་ཞིག་བཙས་སོ། །དེ་ཡང་བྲམ་ཟེ་དེས་དཀའ་བས་རྙེས་པ་ཡིན་ཏེ། དེ་ལ་བུ་དང ། བུ་མོ་གཞན་ཡང་མེད་ནས་དེ་བསྐྱེད་བསྲིངས་ཏེ་ཕྱིར་སྐྱེས་ནས། དེ་འཇིག་རྟེན་ཐམས་ཅད་སིམ་པར་བྱེད་པའི་ཕྱིར་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱིས་ཁྱེའུ་དེའི་མིང་ཟླ་བ་ཞེས་བཏགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ཟླ་བ་གྲོང་ཁྱེར་ཐམས་ཅད་དུ་བརྒྱུད་དེ་བསྐོར་བས་བྲམ་ཟེ་དེའང་ཁྱེའུ་དེ་ལ་ལྷག་པར་བྱམས་པར་གྱུར་ཏེ། འཆག་པ་དང ། འདུག་པ་དང ། ཉལ་བ་དག་གི་ཚེའང་རྟག་ཏུ་ལེགས་པར་བསྲུང་བ་ལྷུར་བྱེད་ཅིང་འདུག་གོ་།བྲམ་ཟེ་དེའི་ཁྱིམ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ཉེ་བ་ཞིག་ན་འདུག་གོ་།དེ་ནས་བྲམ་ཟེའི་ཁྱེའུ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་བསྟེན་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་སངས་རྒྱས་ཀྱི་གསུང་ཐོས་ནས། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དོ། །དེ་ཡང་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་
221a
༄#། །སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲི་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུད་དང ། པདྨ་དཀར་པོ་དང ། མན་ད་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུའི་བསམ་པ་དང ། བག་ལ་ཉལ་དང །
221b
ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟང་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་ལྷ་དང་མིས་
222a
༄#། །མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡིས། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་འགྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་ལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། །ནད་པ་ན་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་ནི་སྲིད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐ་དད་དུ་སྣང་བ་ཆེན་པོས་འབྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས། མ་དང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་
222b
ཕྱིར་འོངས་པ་མ་ཡིན་གྱི། བྲམ་ཟེའི་བུ་གཅིག་པ་དེ་ཚེ་ཐུང་སྟེ་ཤི་ནས་དེ་ང་ལས་སེམས་དགའ་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདངས་སུམ་ངའི་ཐད་དུ་འོངས་ཏེ།་ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ ། །དེའི་སྐབས་སུ་བྲམ་ཟེ་དེས་བུ་གཅིག་པ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང ། བཟོད་པ་དང་ལྡན་པ་དང ། མི་མཐུན་པ་མེད་པ་དེ་དུར་ཁྲོད་དུ་ཁྱེར་ནས་བང་བར་བཞག་སྟེ། ཀྱི་ཧུད་བུ། ཀྱི་ཧུད་བུ་ཐུ་བོ། །ཀྱི་ཧུད་བུ་གཅིག་པ་ཞེས་ཟེར་ཞིང་འབོད་དེ། དེའི་ཉེ་དུ་རྣམས་ཀྱིས་དེ་ལྟར་བཅུགས་ཀྱང་བསླང་མ་ནུས་ནས། དེ་ཁཝ་དང ། ཆུན་ལག་དང ། བུ་རྒོད་དང ། ཝ་རྣམས་ཀྱིས་ནི་བསྐོར། བུད་མེད་སྐྲ་བཤིག་པ་དང་ནི་འགྲོགས། སྐྱེ་བོ་མང་པོས་ནི་བལྟ་ཞིང་འདུག་གོ། དེ་ནས་དེའི་བུ་ལྷར་སྐྱེས་པས། ཕ་སྨྲེ་སྔགས་འདོན་པ་མཐོང་ནས་སྙིང་རྗེས་སྙིང་བསྐྱོད་དེ། ཕའི་མྱ་ངན་བསལ་བའི་ཕྱིར་བདག་ཉིད་དྲང་སྲོང་གི་ཆ་ལུགས་སུ་སྤྲུལ་ནས། དུར་ཁྲོད་ཀྱི་འདབ་ཏུ་དཀའ་ཐུབ་ལྔ་བྱེད་ཅིང་འདུག་གོ་།དེ་ནས་བྲམ་ཟེ་དེས་དྲང་སྲོང་དེ་དྲིས་པ། ཀྱེ་དྲང་སྲོང་ཆེན་པོ། ཁྱོད་དཀའ་ཐུབ་འདིས་ཅི་ཞིག་སྒྲུབ། དྲང་སྲོང་གིས་སྨྲས་པ། ང་ནི་རྒྱལ་སྲིད་སྒྲུབ་སྟེ། ངའི་གསེར་གྱི་ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། ཉི་མ་དང ། ཟླ་བ་གཉིས་ཀྱིས་ཤིང་རྟའི་འཁོར་ལོ་བྱས་ལ། འཇིག་རྟེན་སྐྱོང་བ་བཞིས་ནི་མདུན་ནས་འདྲེན་ཏེ། ཤིང་རྟ་དེ་ལ་ཞོན་ཞིང་ས་ཆེན་
223a
༄#། །པོ་འདི་བསྐོར་བར་འདོད་དོ། །བྲམ་ཟེས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་དཀའ་ཐུབ་སྤྱད་བྱས་ཏེ། །དཀའ་ཐུབ་མཆོག་ནི་སྤྱད་བྱས་ཀྱང་།། གནས་དེ་ཁྱོད་ཀྱིས་རེ་མི་ཐོབ། །དྲང་སྲོང་གིས་སྨྲས་པ། ཁྱོད་ཀྱང་ཤི་བའི་ཁོག་པ་མཆོག་ཏུ་མནམ་ཞིང་མི་གཙང་བའི་རོ་ཤིང་འདྲ་བར་གྱུར་པ་འདིས་ཅི་ཞིག་སྒྲུབ། བྲམ་ཟེས་སྨྲས་པ།་སྡུག་པའི་བུ་གཅིག་པ་ཤི་སྟེ་དེ་སྒྲུབ་བོ། །དྲང་སྲོང་གིས་སྨྲས་པ། གལ་ཏེ་ལོ་བརྒྱ་ཐམ་པའི་བར། །རྒྱུན་དུ་དུ་བའི་ལས་བྱས་ཀྱང ། །བུ་དེ་ཁྱོད་ཀྱིས་རེ་མི་ཐོབ། །ཁྱོད་ནི་ལུས་ཀྱང་ཅི་ལ་ཕན། །དེ་ནས་བྲམ་ཟེ་དེ་དྲང་སྲོང་གི་ཚིག་བདེན་ནོ་སྙམ་ནས་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་ཁྱོད་སུ་ཞིག་ཅེས་བྱའོ། །དེ་ནས་དྲང་སྲོང་གི་ཆ་ལུགས་དེ་མི་སྣང་བར་བྱས་ནས། རང་གི་ཆ་ལུགས་སུ་འདུག་སྟེ་ཕ་ལ་སྨྲས་པ། བདག་ནི་ཁྱོད་ཀྱི་བུ་གཅིག་པ་དེ་ཡིན་ཏེ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། ཁྱོད་ཀྱི་མྱ་ངན་བསལ་བའི་ཕྱིར་འདིར་འོངས་སོ། །ཡབ་ཁྱོད་ཚུར་སྤྱོན། བཅོམ་ལྡན་འདས་ལ་སྐྱབས་སུ་བཞུད་ཅིག་དང ། ཁྱོད་ཀྱང་འཁོར་བ་ལས་འདའ་བར་འགྱུར་ཡང་སྲིད་དོ། །དེ་ནས་བྲམ་ཟེ་དེས་ཤི་བའི་རུས་བུ་བོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་
223b
བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་བྲམ་ཟེ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེས་མཐོ་བར་གྱུར་པ་ཐོབ་ཅིང་རྙེད་པ་ཐོབ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་བ་བྱས་ཏེ་སོང་ངོ ། །དེ་ནས་དགེ་སློང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅད་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ལྷའི་བུ་འདིས་འདི་ལྟར་ཕའི་མྱ་ངན་བསལ་ནས་བདེན་པ་མཐོང་བ་ལ་ཡང་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་འདིས་བདེན་པ་མཐོང་ནས། ཕ་ཡོངས་སུ་བསྐྱབས་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདིས་ནི་འདས་པའི་དུས་ན་སོ་སོའི་སྐྱེ་བོར་འདུག་པའི་ཚེ་འང་ཕ་བསད་པ་ལ་ཐུག་པ་ལས་ལན་གསུམ་སྐྱབས་བྱས་ཏེ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་གཞན་གྱི་ཆུང་མ་ལ་བྱི་བ་སྐྱེད་པ་ཞིག་ཡོད་དེ། དེའི་བུ་ནི་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་མི་རྣམས་ཤིན་ཏུ་འདྲང་བ་ཞིག་
224a
༄#། །གོ་།དེ་ནས་རེ་ཞིག་ན་དེའི་ཕས་རྐུན་པོ་བྱས་ནས་རྒྱལ་པོས་གཤེད་མ་རྣམས་ལ་གསོད་ཅིག་ཅེས་བསྒོའོ། །དེ་ནས་བུས་ལན་གསུམ་གྱི་བར་དུ་རྒྱལ་པོ་ལ་གསོལ་ནས་སྲོག་ཕངས་པ་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཞན་གྱི་ཆུང་མ་ལ་བྱི་བ་བྱེད་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཡིན་ནོ། །བྱི་བ་བྱེད་པའི་བུ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་འདི་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ལས་ཅི་ཞིག་བགྱིས་ན་དེས་ཕ་དང ། བུ་གཉིས་ཀ་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་གཉི་ག་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང ། བསླབ་པའི་གཞི་བླངས་པས་ན་དེའི་ཕྱིར་དེ་ལྟར་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་།དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང ། ཆོས་ཐམས་ཅད་བདག་མེད་པ་དང ། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་དུ་མྱ་ངན་ལས་འདས་པ་ལ་འབད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་
224b
རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སཱ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང།་ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པར་སཱ་ལ་གཅོག་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ནས ། ཤིང་སཱ་ལའི་མེ་ཏོག་བླངས་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་མོ་ཞིག་གིས་སཱ་ལའི་མེ་ཏོག་བླངས་ཏེ། མཉན་དུ་ཡོད་པའི་ནང་དུ་སོང་བ་དང །
225a
༄#། །བཅོམ་ལྡན་འདས་ཀྱང་དགེ་སློང་གི་ཚོགས་ཀྱི་ཞམ་རིང་བྱས། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། མཉན་དུ་ཡོད་པར་བསོད་སྙོམས་མཛད་དེ་སླར་གཤེགས་ནས།་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་སཱ་ལའི་མེ་ཏོག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ཕྱིར་ལོག་ནས་ཁྱིམ་དུ་དགོས་པའི་ཕྱིར་ཡང་གཞན་དག་བླང་ངོ་སྙམ་པ་དང ། རེ་ཞིག་ན་དེ་སཱ་ལའི་ཤིང་ལ་འཛེགས་པ་ལས་ལྷུང་སྟེ་ཤི་ནས། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །དེ་ནས་རེ་ཞིག་ན་ལུས་དང ། གཞལ་མེད་ཁང་སཱ་ལའི་མེ་ཏོག་གིས་བརྒྱན་ཏེ། ལྷའི་འདུན་སའི་ནང་དུ་སོང་ངོ ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་འདུན་ས་ཆོས་བཟང་ན་ལྷའི་ཚོགས་ཀྱི་ནང་ན་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་འདུག་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་མོ་ལུས་དང ། གཞལ་མེད་ཁང་སཱ་ལའི་མེ་ཏོག་གིས་བརྒྱན་པ། དགེ་བའི་རྩ་བ་འབར་བ་དེ་མཐོང་
225b
ངོ། །མཐོང་ནས་ཀྱང་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་ལུས་མདོག་དག་པའི་གསེར་འདྲ་པདྨ་ཨུཏྤལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་འབྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པདྨ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གིས་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། ལྷ་མོས་སྨྲས་པ། མཚན་མཆོག་དག་གིས་རྒྱས་པ་ཡི། །མི་ཡི་ཉི་མ་ཉན་ཐོས་བཅས། །སཱ་ལའི་མེ་ཏོག་རྡུལ་མེད་པ། །བཟང་པོ་དག་གིས་ལེགས་པར་གཏོར། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །བདག་ནི་ལྷག་པར་མངོན་དུ་མཛེས། །བཞིན་མདོག་པདྨ་ཟླ་བ་ལྟར། །རྣམ་དག་འོད་ལྡན་བལྟ་ན་སྡུག་།བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་སྐྱེ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པདྨའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པདྨ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ན་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་
226a
༄#། །དང།་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ ། །དེ་ནས་ལྷའི་བུ་མོ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ།། དེ་ནས་ལྷའི་བུ་མོ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེ་ལྷའི་བུ་མོ་འབུམ་ཕྲག་དུ་མས་གཡོག་བྱས་ནས། དེ་ཉིད་ཀྱི་མཚན་མོ་སཱ་ལའི་མེ་ཏོག་གི་གཞལ་མེད་ཁང་དེ་ཉིད་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་མོ་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་མོ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་
226b
ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་པས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡིས། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་འགྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་ལྷས་ལྷ་ཡུལ་སོང ། །དེ་ནས་ལྷའི་བུ་མོ་དེ་ཚོང་བ་ཁེ་སྤོགས་ཕྱིན་པ་དང །
227a
༄#། །ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་པ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་ནི་སྲོད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས ། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །བུ་མོ་གང་གིས་ལམ་ཁར་མེ་ཏོག་གིས་གཏོར་བ་དེ་ཁྱོད་ཀྱིས་མཐོང་ངམ། བཙུན་པ། མཐོང་ལགས་སོ། །དེ་ནི་ང་ལ་སེམས་དགའ་བ་བསྐྱེད་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་
227b
བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་ནས་བརྟེན་ཏེ་གནས་པར་བྱའོ། །ཞེས་དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་གསུམ་པ། དཔལ་ལྡན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་
228a
༄#། །ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང།་རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལས་བདེན་པ་མཐོང་བ་དེའི་ཚེ། བཙུན་མོའི་འཁོར་དང་བཅས་ཏེ་དུས་གསུམ་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོའོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབ་པའི་ཚེ། ཤིང་ལྗོན་པ་རྣམས་མེ་ཏོག་རྒྱས་ལ་ངང་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུགས་དང ། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་ན་སྐྱེད་མོས་ཚལ་གྱི་སར་བཙུན་མོ་དམ་པ་དང ། བཙུན་མོའི་འཁོར་དང་བཅས་ཏེ་དོང་ནས། དེར་བཙུན་མོའི་འཁོར་གྱིས་རྒྱལ་པོ་ལ་གསོལ་པ། ལྷ།་བདག་ཅག་ནི་གདུགས་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆི་བའི་རྔོ་མི་
228b
ཐོག་ན། ལྷ།་བཙུན་མོའི་འཁོར་གྱི་ནང་འདིར་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོ་བར་ཅི་གནང ། འོན་ཏང་བདག་ཅག་གིས་དེ་ལ་རྒྱུན་དུ་མར་མེ་དང ། བདུག་པ་དང ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་གིས་བཀུར་སྟི་བགྱིའོ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་ལ་དབུ་སྐྲ་དང ། སེན་མོ་སྩལ་དུ་གསོལ། འོན་ཏ་ང་བདག་གིས་མཆིས་བྲང་འཁོར་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོ་བར་བགྱིའོ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོ་བྱིན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཙུན་མོ་འཁོར་དང་བཅས་པས་བཙུན་མོའི་འཁོར་གྱི་ནང་དུ་བཀུར་སྟི་ཆེན་པོ་དང་ལྡན་པས། དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་བརྩིགས་ཏེ་ཞལ་བསྲོས་ནས་དེ་ལ་བཙུན་མོ་དཀོར་གྱིས་མར་མེ་དང ། གདུག་པ་དང ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་གིས་ཀྱང་མཆོད་པ་བྱེད་དོ། །དེ་ནས་གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་རྦད་དེ། ཡབ་ཆོས་དང་ལྡན་པ་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་བསད་ནས་རང་རྒྱལ་པོར་ཞུགས་པ་དེའི་ཚེ །
229a
༄#། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སྦྱིན་པར་བྱ་བའི་ཆོས་ཐམས་ཅད་བཅད་དེ། སུ་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བཀུར་སྟི་མ་བྱེད་ཅེས་ཁྲིམས་ཀྱང་བཅས་སོ། །དེ་ནས་གང་གི་ཚེ་ཚེས་བཅོ་ལྔ་ལ་སྐབས་འབྱེད་པའི་དུས་ལ་བབ་པ་དེའི་ཚེ། དབུ་སྐྲ་དང ། སེན་མོའི་མཆོད་རྟེན་དེ་ལ་སུའང་ཕྱག་དར་བྱེད་པའམ། མར་མེ་དང ། གདུག་པ་དང ། མེ་ཏོག་འབུལ་བ་མེད་དོ། །དེ་ནས་བཙུན་མོའི་འཁོར་གྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་དེ་དེ་ལྟ་བུར་གྱུར་པའང་མཐོང ། རྒྱལ་པོ་གཟུགས་ཅན་སྙིང་པོའང་དྲན་ནས་སྙིང་རྗེ་རྗེ་སྐད་དུ་དུ་ཞིང ། ཀྱི་ཧུད། ཆོས་དང་ལྡན་པའི་རྒྱལ་པོ་དང་བྲལ་བས་བདག་ཅག་བསོད་ནམས་ལས་འགྲིབས་སོ་ཞེས་འཛེར་ཏོ། །དེའི་ནང་ནས་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བ་དེས་རང་གི་སྲོག་དང་བསྔོས་ཏེ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས། དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་ཕྱག་དར་བྱས་ཏེ། མར་མེའི་ཕྲེང་བ་དངར་ཏོ། །དེ་ནས་རེ་ཞིག་ན་རྒྱལ་པོ་མ་སྐྱེས་དགྲ་ཁང་པ་བརྩེགས་པའི་སྟེང་དུ་བྱུང་སྟེ། སྣང་བ་ཆེན་པོ་དེ་མཐོང་ནས་འདི་ཅི་ཞིག་ཅེས་འདྲིས་པ་དང ། རེ་ཞིག་ན་གཞན་ཞིག་གིས་དཔལ་ལྡན་མས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་བ་ལགས་སོ་ཞེས་བྱས་སོ། །དེ་ནས་དཔལ་ལྡན་མ་བཀུག་སྟེ་ཅིའི་ཕྱིར་ཁྱོད་ཀྱིས་རྒྱལ་པོའི་བཀའ་བཅག་ཅེས་སྨྲས་ན། དེ་ན་རེ། བདག་
229b
གིས་ཁྱོད་ཀྱི་བཀའ་བཅག་ཏུ་ལགས་ཀྱང ། བདག་གིས་ཆོས་དང་ལྡན་པའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཀའ་མ་བཅག་གོ་ཞེས་ཟེར་རོ། །དེ་ནས་དེ་ཁྲོས་ནས་འཁོར་ལོ་འཕངས་ཏེ་སད་དོ། །དེ་ནས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །དེའི་ཚེ་ལྷ་མདུན་མ་ཞིག་ཀྱང་འདུས་ནས། ལྷའི་བུ་མོ་དཔལ་ལྡན་ན་ལྷའི་འོད་ཀྱི་དཀྱིལ་འཁོར་སྣང་བ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་དང་ལྡན་པ་དེ་ལྷའི་མདུན་སའི་ནང་དུ་སོང་ངོ ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྣང་བ་ཆེན་པོ་དེ་དང ། ལྷའི་འོད་དཔག་ཚད་གཅིག་པ་མཐོང་ནས་དྲིས་པ། ཅིའི་ཕྱིར་ཁྱོད་ཀྱི་ལུས་མདོག་དག་པའི་གསེར་འདྲ་པདྨ་ཨུཏྤལ་ལྟ་བུར་གྱུར། །འདི་ན་ལུས་དཔལ་མཚུངས་མེད་ཁྱོད་ཀྱི་ལུས་ལས་འོད་འབྱུང་འདི་དག་ཅི་ལས་གྱུར། །ཅི་ཡི་ཕྱིར་ན་ཁྱོད་ཀྱི་བཞིན་མདོག་པདྨ་རྒྱས་འདྲ་གསེར་མདོག་ལྟ་བུར་གྱུར། །ལས་རྣམས་གང་གི་འབྲས་བུ་མྱོང་གྱུར་འདི་ནི་ལྷ་མོ་ཁྱོད་ཀྱིས་བདག་ལ་སྨྲོས། ལྷ་མོས་སྨྲས་པ།་འཇིག་རྟེན་གསུམ་མགོན་འགྲོ་བའི་སྒྲོན་ཅིག་པོ། །མཚན་མཆོག་རྣམས་ཀྱིས་ཕྱུག་པའི་སངས་རྒྱས་མཐོང ། །སྨྲ་མཆོག་ཉོན་མོངས་མུན་པ་སེལ་བ་ལ། །མུན་པ་སེལ་བའི་མར་མེ་ཡོན་དུ་ཕུལ། །ཟླ་བའི་འོད་ཟེར་མཆོག་དང་འདྲ་བའི་འོད། །མཐོང་ནས་ཐུབ་ལ་སྙིང་ནས་དད་པ་བསྐྱེད། །འོད་ཟེར་མཐོང་ནས་དགའ་བར་གྱུར་པ་ཡིས། །སྟོན་པ་སྨྲ་བའི་མཆོག་ལ་ཕྱག་ཀྱང་
230a
༄#། །བགྱིས། །ལས་དགེ་དེ་འདྲ་བྱས་པའི་ཕྱིར། །བདག་ནི་ལྷག་པར་མངོན་དུ་མཛེས། །བཞིན་མདོག་པདྨ་ཟླ་བ་ལྟར། །རྣམ་དག་འོད་ལྡན་བལྟ་ན་སྡུག་།བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་མ་ཡོན་ཏན་ཉིད་ཀྱི་ཞིང ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །མཐོ་རིས་སྡུག་པར་སྐྱེ་བའི་ཕྱིར། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །བཞིན་མཛེས་པདྨའི་འདབ་མ་ཡངས་པ་འདྲ་བའི་མིག་ལྡན་མ། །བུད་མེད་མཆོག་རྣམས་ཀྱིས་ནི་གང་ལ་བཀུར་སྟི་བྱས་པ་ཡི། །སངས་རྒྱས་པདྨ་རྒྱས་པའི་འདབ་ཡངས་འདྲ་བའི་སྤྱན་མངའ་བ། །གསེར་མཆོག་ཕུང་པོ་ལྟ་བུར་མདངས་དཀར་དེ་ལ་སུ་མི་མཆོད། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས།་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་ལྷའི་འོད་ཀྱི་སྣང་བས་གང་བ་དེས་དེ་ཉིད་ཀྱི་མཚན་མོ་
230b
མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་མོ་དཔལ་ལྡན་མའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་མོ་དཔལ་ལྡན་མས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་དེས་བདེན་པ་མཐོང་ནས། དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་དང ། མི་རྣམས་ཀྱི་ནང་དུ་བཞག་པའི་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །
231a
༄#། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་འཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ།། འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་འཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤ་ལ་འཕྱང་བདག་འགྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་ལྷའི་བུ་མོ་དཔལ་ལྡན་མ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་ནི་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་
231b
བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིན་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དཔལ་ལྡན་མ་ཞེས་བྱ་བས་རང་གི་སྲོག་དང་བསྔོས་ཏེ། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་དངར་ནས། རྒྱལ་པོ་མ་སྐྱེས་དགྲ་ཁྲོས་པས་བསད་དེ། དེ་ང་ལ་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས་དེ་མདང་སུམ་ངའི་ཐད་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ ། །དགེ་སློང་དག་།དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སྟོན་པ་ལ་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །སྟོན་པ་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
232a
༄#། །གོས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཆལ་ཕུལ་ཏེ། མཐར་གྱིས་གསེར་སྲང་བྱེ་བ་ཕྲག་བརྒྱ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཕུལ་བ་དེའི་ཚེ། དེའི་བློ་སྐྱེས་པ། མ་ལ། བདག་སྦྱིན་པ་དག་བྱིན་ཞིང ། བསོད་ནམས་དག་བྱེད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད་ཀྱི་བདག་གིས་སྐྱེ་བོ་དབུལ་པོ་རྣམས་
232b
ལ་ཕན་གདགས་པའི་ཕྱིར་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་རྣམས་དད་པ་བསྡུས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱའོ། །དེ་ལྟར་བྱས་པ་དང་བདག་གིས་སྐྱེ་བོ་མང་པོ་ལའང་ཕན་བཏགས་པར་འགྱུར་ལ། བསོད་ནམས་མང་པོའང་བསྐྱེད་པར་འགྱུར་རོ་སྙམ་མོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཇི་ལྟར་བསམས་པ་དེ་རྒྱལ་པོ་ལ་གསོལ་ནས།་རྒྱལ་པོས་ཀྱང་མཉན་དུ་ཡོད་པ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། མཉན་དུ་ཡོད་པ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་ཁྱེད་རྣམས་ཉོན་ཅིག་།དེང་ནས་ཞག་བདུན་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཕྱིར་གླང་པོ་ཆེ་ལ་ཞོན་ཏེ་དད་པ་སྡུད་པར་འདོད་ཀྱི། ཁྱེད་གང་གིས་ཇི་ཙམ་ཡོངས་སུ་གཏོང་བར་བྱ་བ་དེ་ཡོངས་སུ་གཏང་བར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་རེ་ཞིག་ན་ཞག་བདུན་ལོན་པ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གླང་པོ་ཆེ་ལ་ཞོན་ཏེ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ཕྱིར་དད་པ་སྡུད་པ་ལ་ཞུགས་ཏེ། དེར་གང་དག་ལ་ཇི་ཙམ་བདོག་པ་དེ་དག་དེ་ཙམ་སྦྱིན་པར་བྱེད་དེ། ཁ་ཅིག་ནི་མགུལ་གྱི་སེ་མོ་དོ་སྦྱིན་པར་བྱེད། ཁ་ཅིག་ནི་གདུབ་བུ་སྦྱིན་པར་བྱེད། ཁ་ཅིག་ནི་དཔུང་རྒྱན་སྦྱིན་པར་བྱེད།་ཁ་ཅིག་ནི་གསེར་གྱི་ཕྲེང་བ་སྦྱིན་པར་བྱེད། ཁ་ཅིག་ནི་སོར་གདུབ་ཀྱི་རྒྱན་སྦྱིན་པར་བྱེད། ཁ་ཅིག་ནི་མུ་ཏིག་གི་དོ་ཤལ་སྦྱིན་པར་བྱེད། ཁ་ཅིག་ནི་གསེར་སྦྱིན་པར་བྱེད། ཁ་ཅིག་ནི་དངུལ་
233a
༄#། །སྦྱིན་པར་བྱེད། ཁ་ཅིག་ནི་ཐ་ན་ཞོའི་བརྒྱད་ཆ་ཙམ་ཡང་སྦྱིན་པར་བྱེད་དོ། །ཁྱིམ་བདག་དེའང་གཞན་ལ་ཕན་གདགས་པར་ཕྱིར་ལེན་པར་བྱེད་དོ། །དེ་ནས་རེ་ཞིག་ན་བུད་མེད་ཤིན་ཏུ་དབུལ་མོ་ཞིག་གི་ཤ་ཐང་སྟེ། ཟླ་བ་གསུམ་གྱིས་རས་ཡུག་གཅིག་རྙེད་ནས། དེས་རས་དེ་གྱོན་ཏེ་སྲང་དུ་ཞུགས་པ་དང ། དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དུང་འབུད་ཅིང་རྔ་ཟླུམ་རྡུང་བཞིན་དུ་རྒྱང་ནས་འོང་བ་མཐོང་ནས། དེས་དགེ་བསྙེན་ཞིག་ལ་དྲིས་པ། ཇི་སྟེ་ཁྱིམ་བདག་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། གཏེར་སའི་འོག་ཏུ་སྦས་པ་རྣམས་ཀྱང་མཐོང་ན། ཅིའི་ཕྱིར་འདི་གཞན་གྱི་ཁྱིམ་ནས་སློང་ཞིང་སྐོར་བར་བྱེད་ཅེས་བྱས་པ་དང ། དགེ་བསྙེན་དེ་ན་རེ། གཞན་ལ་ཕན་གདགས་པའི་ཕྱིར་ཏེ། གང་དག་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་མི་ནུས་པ་དེ་དག་གི་དོན་དུ་ཕན་འདོགས་པར་བྱེད་དེ། ཅི་ནས་མང་པོ་བསྡོངས་ཏེ། བཅོམ་ལྡན་འདས་ལ་དབུལ་དུ་འཇུག་གོ་ཞེས་ཟེར་རོ། །དེ་ནས་བུ་མོ་དེའི་བློ་སྐྱེས་པ། འོ་ན་བདག་ནི་བསོད་ནམས་མ་བྱས་པ་ཡིན་ལ་བདག་གཅིག་པུས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བའི་མཐུ་བདག་ལ་མེད་ཀྱི། བདག་གིས་འདི་ལ་ཅུང་ཟད་དབུལ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་བདག་ཉིད་ལ་ཅི་བདོག་ཅེས་བལྟས་ན་རས་ཡུག་གཅིག་མ་གཏོགས་པ་
233b
གཞན་ཅི་ཡང་མ་མཐོང་སྟེ། དེས་བསམས་པ། གལ་ཏེ་བདག་འདི་ན་འདུག་བཞིན་དུ་རས་འདི་ཕུལ་ན་ནི་བདག་གཅེར་བུར་འབྱུང་གི་བདག་ཁང་ཐོག་ཏུ་སོང་ལ་རས་དོར་རོ་སྙམ་མོ། །དེ་ནས་དེ་ཁང་ཐོག་ཏུ་སོང་ནས་རང་གི་ལུས་ལས་རས་ཕུད་དེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟེང་དུ་བོར་བ་དང ། ཁྱིམ་བདག་དེས་ཀྱང་འཕྲིགས་ཏེ། འདིས་ཁང་ཐོག་ནས་པོར་པ་ལས་ན་འདི་ལ་ནོར་དེ་ལས་མེད་གོར་མ་ཆག་སྙམ་ནས། རང་གི་གཡོག་རྣམས་ལ་བསྒོ་བ། ཁྱེད་དོང་ལ་རས་འདི་སུས་བོར་བ་ལྟོས་ཤིག་ཅེས་བྱས་ནས། དེ་དག་གིས་བལྟས་པ་དང ། རེ་ཞིག་ན་བུ་མོ་དེ་ཙོག་ཙོག་པོར་འདུག་པ་མཐོང་ངོ ། །དེ་ནས་དེ་དག་གིས་དྲིས་པ་དང ། དེ་ན་རེ། བཅོམ་ལྡན་འདས་ཀྱིས་ཡོན་ཏན་བརྗོད་པ་བདག་གིས་ཐོས་ནས་དབུལ་བའི་འཇིགས་པས་སྐྲག་སྟེ། བདག་གིས་གོས་རྙེད་པ་དེ་དེ་བཞིན་གཤེགས་པ་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་རོ། །དེ་ནས་དེ་དག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཆོག་ཏུ་ངོ་མཚར་དུ་གྱུར་ནས། བུ་མོ་དེ་ལ་གོས་དང ། རྒྱན་རྣམ་པ་སྣ་ཚོགས་བསྐོན་ཏོ། །དེ་ནས་དེ་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། སྐྱེས་མ་ཐག་ཏུ་ལྷའི་བུ་དང ། ལྷའི་བུ་མོ་གཞན་སུ་ལའང་མེད་པ་དེ་ལྟ་བུའི་གོས་དག་དེ་ལ་བྱུང་ངོ ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་
234a
༄#། །འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོ་སྐྱེས་པ་དང ། བཅོམ་ལྡན་འདས་ལ་རས་ཕུལ་བར་དེས་མཐོང་ངོ ། །དེ་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ཏ་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་
234b
དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མཉི་རྒྱ་མཚོ་བསྐམས་པ་དང ། རུས་བའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་གཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོ་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་འགྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་ལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་རས་འབུལ་
235a
༄#། །འབུལ་བའི་ལྷའི་བུ་མོ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་ནི་སྲོད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོས་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མ་ཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་པའི་ཕྱིར་འོངས་པ་མ་ཡིན་ཏེ། རས་འབུལ་འབུལ་བའི་བུད་མེད་དེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དད་པ་སྡུད་པར་བྱེད་པ་ལ་རས་ཕུལ་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ ། །དགེ་སློང་དག། དེ་
235b
བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་བཀུར་སྟི་བྱ་ཡི། བཀུར་སྟི་མེད་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ནེ་ཙོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་གཟུགས་ཅན་སྙིང་
236a
༄#། །པོ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་བཞི་བ་དང།་འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །རྒྱལ་པོ་དེའང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་དང ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་ཏེ། སྙིང་རྗེ་ཆེ་བ། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ་ཞིག་གོ་།དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་མཐོང་བར་སྨོན་ཏེ། ལག་པ་ལ་རྐོམ་ཚུགས་བཅས་ནས། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ།་ཅི་སླད་དུ་ཐུགས་ངན་མཛད། རྒྱལ་པོས་སྨྲས་པ། ངས་བཅོམ་ལྡན་འདས་རིང་ཞིག་མ་མཐོང་ངོ ། །ངས་བདེ་བར་གཤེགས་པ་རིང་ཞིག་མ་མཐོང་ངོ ། །ད་ནི་བཅོམ་ལྡན་འདས་མཐོང་བར་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཉིན་པར་གནས་པ་ལ་ཞུགས་པས། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྨོན་པ་གསན་ཏོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་
236b
གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཞིག་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུད་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ་དང ། མི་འཇིགས་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ།་ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལེ་གནས་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཕྱོགས་བཅུར་གྲགས་པས་ཀུན་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆོས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ།
237a
༄#། །སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉ་མང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉ་མང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པ་བྱ། སུ་ནི་འདོད་པའི་འདམ་དུ་བྱིད་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕན་གདགས་པའི་ཕྱིར་དབྱར་ཟླ་བ་གསུམ་འདས་ནས། ཆོས་གོས་མཛད་དེ། ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་ལྗོངས་རྒྱུ་ཞིང་མཐར་གྱིས་གཤེགས་པ་ལས་ནགས་ཁྲོད་གཅིག་ཏུ་བྱོན་པ་དང ། ནགས་ཁྲོད་དེ་ན་ནེ་ཙོ་མི་སྐད་ཤེས་པ་ཞིག་གནས་ཏེ། དེས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་།།
237b
དེ་ནས་ཤིན་ཏུ་རིངས་པར་སོང་སྟེ། བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཚུར་གཤེགས། བཅོམ་ལྡན་འདས། གཤེགས་པ་ལེགས་སོ། །ལེགས་སོ། །བདག་ལ་ཕན་གདགས་སུ་གསོལ་ནགས་ཁྲོད་འདི་ཁོ་ནར་གཤེགས་དགོངས་གདབ་པར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ནེ་ཙོ་དེ་ལ་ཕན་གདགས་པའི་ཕྱིར་ཤིང་གང་ལ་ནེ་ཅོ་གནས་པ་དེའི་དྲུང་དུ་རྩཝའི་གདན་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཉན་ཐོས་ཆེན་པོ་རྣམས་ནི་ཤིང་གཞན་དག་གི་དྲུང་དུ་འཁོད་དོ། །དེ་ནས་ནེ་ཙོས་བཅོམ་ལྡན་འདས་དང ། ཉན་ཐོས་རྣམས་ལ་མིའམ། མི་མ་ཡིན་པའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། གཅན་ཟན་གནོད་པ་བྱེད་དུ་དོགས་ཏེ། མཚན་ཐོག་ཐག་ནགས་ཁྲོད་དེ་ན་ཕན་ཚུན་སྐོར་བ་བྱེད་དོ། །དེ་ནས་ནམ་ནངས་པ་དང ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཟོད་པ་གསོལ་ཏེ། བཅོམ་ལྡན་འདས། བདག་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལགས་པས། བདག་ལ་བཅོམ་ལྡན་འདས་མཆོད་པའི་རྒྱུ་ཅི་ཡང་མ་མཆིས་ན་བཟོད་པ་མཛད་དུ་གསོལ། དེ་ལྟ་ལགས་ཀྱིས་ཀྱང་བདག་སྔོན་དུ་མཆིས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བཅོམ་ལྡན་འདས་གཤེགས་སོ་ཞེས་སྦྲན་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་གྱིས་ཤིག་།དེ་ནས་རེ་ཞིག་ན་དེ་བཅོམ་ལྡན་འདས་ཀྱི་སྔོན་དུ་ཆས་ཏེ། མཐར་གྱིས་རྒྱལ་པོའི་ཐད་དུ་ཕྱིན་ཏོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་
238a
༄#། །ནི་ཁང་བཟང་གི་སྟེང་ན་བུད་མེད་འབའ་ཞིག་དང་སིལ་སྙན་གྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་དེ་ཙོ་མི་སྐད་ཤེས་པ་དེས་རྒྱལ་པོ་ལ་སྨྲས་པ། ཀྱེ་རྒྱལ་པོ། ཁྱེད་མཁྱེན་པར་མཛོད་ཅིག་།བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱོད་ཀྱི་ཡུལ་དུ་གཤེགས་ལགས་ཀྱི། ལྷ།ཁྱེད་ཀྱིས་བཤོས་སྟ་གོན་མཛད་པའི་རིགས་སོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཤིན་ཏུ་རིངས་པར་ཁང་བཟང་གི་སྟེང་ནས་བབས་ནས་བློན་པོ་ཆེན་པོའི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། བཅོམ་ལྡན་འདས་ཀྱི་གདན་རྣམས་བཤམས་ནས། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་དང ། བདུག་པ་དང ། སྤོས་དང ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་བསུའོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཀུར་སྟི་ཆེན་པོ་དང་ལྡན་པས་ནང་དུ་སྤྱན་དྲངས་ནས་ཞལ་ཟས་བཟང་པོས་ཚིམ་པར་བྱས་སོ། །དེ་ནས་ནེ་ཙོ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་འབྱོར་པ་འདི་དག་ཐམས་ཅད་ནི་བདག་གི་ཡོན་ཏན་ཡིན་ནོ་སྙམ་དུ་རིག་ནས། དགའ་ཞིང་མགུལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་རྒྱལ་པོའི་མདུན་ལོགས་སུ་ཕན་ཚུན་དུ་ལྡིང་བ་ལས་ཁྲས་ཁྱེར་ཏེ་བསད་དོ། །བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དེ་ཤི་བས་ནི་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་
238b
པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ ། །དེ་ནས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དེས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུད་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་དེས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐགས་སུ་ཆུད་ནས།
239a
༄#། །འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རའི་རྩ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་རི་ལས་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཆུན་མ་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡི་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་
239b
མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དགའ་བ་ཡིས། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བདག་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་ནེ་ཙོ་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྦོགས་ཕྱིན་པ་དང།་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་པ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་ཡོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དགེ་སློང་དག་ནི་སྲོད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས། མ་དང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག།་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །ནེ་ཙོ་གང་གིས་ང་ནགས་ཁྲོད་དེར་ནུབ་མོའི་དགོངས་
240a
༄#། །མལ་ལ་སྤྱན་དྲངས་པ་དེ་ཁྱེད་ཀྱིས་དེ་མཐོང་ངམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། །ནེ་ཙོ་དེ་ཉིད་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དེ་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ། སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན་དེས་ནེ་ཙོར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ། བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོངས་བའི་ལས་དེ་དག་བྱས་ཤིང་བསགས་པ་ན། སྔོན་ནེ་ཙོར་གྱུར་པའི་ལྷའི་བུས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་ངག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་
240b
པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པ་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ད་ན་དགེ་བསྙེན་གཅིག། འདུག་པ་དེས་བསླབ་པ་ལྷོད་པར་བྱས་ཏེ། ལས་དེའི་རྣམ་པར་སྨིན་པས་ནི་ནེ་ཙོར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷར་སྐྱེས་སོ། །དེས་བསླབ་པའི་གཞི་ལྷག་མ་རྣམས་བསྲུངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་
241a
༄#། །དག་།ཁྱེད་གྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་བསྟོད་དོ།། །།ཕོ་ཉ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་དང།་ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཀ་གནས་པར་དབྱར་གནས་པ་དམ་བཅས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག་།སྐུ་ཚེ་རིང་རབ་ཤོག་ཅིག་།ཅེས་བསྟོད་ནས་གསོལ་
241b
བ་བཏབ་པ།་ལྷ།་མཁྱེན་པར་མཛད་དུ་གསོལ། བདག་གིས་བཅོམ་ལྡན་འདས་ཡུན་རིང་མོ་ཞིག་ཏུ་མ་མཐོང་སྟེ། བདག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ལོ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་།བཅོམ་ལྡན་འདས་དེ་ད་ལྟར་གང་དུ་དབྱར་གནས་པར་བཞེད་པ་ཁྱོད་ཀྱིས་ཅི་ཐོས། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ལྷ།་བདག་གི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་དམ་བཞེས་སོ་ཞེས་ཐོས་ལགས་སོ། །དེ་ནས་ཀ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། ཁྱིམ་བདག་མགོན་མེད་ཟས་བྱིན་ལ་སོགས་པ་ཕོ་བྲང་འཁོར་གྱི་མི་དང ། བློན་པོ་རྣམས་ཀྱིས་མི་ཞིག་ཕོ་ཉས་བཀུག་སྟེ། ཀྱེ་མི་ཁྱོད་ཚུར་ཤོག་།བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལ་བདག་ཅག་གིས་མཆིད་ནས། བཅོམ་ལྡན་འདས། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ལ། འདི་སྐད་དུ་བཙུན་པ། ཀོ་ས་ལའི་རྒྱལ་པོ་དང་མཉན་དུ་ཡོད་པ་ན་གནས་པ་ཕོ་བྲང་འཁོན་གྱི་མི་རྣམས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ཏེ། བདག་ཅག་གིས་བཅོམ་ལྡན་འདས་ཡུན་
242a
༄#། །རིང་པོ་ཞིག་ཏུ་མ་མཐོང་བས། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ན།་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་སུ་གསོལ་ཞེས་མཆིའོ་ཞེས་གསོལ་ཅི་གཅེས་བསྒོའོ། །དེ་ནས་མི་དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་བློན་པོ་དང ། ཕོ་བྲང་འཁོར་གྱི་མི་དང ། ཡུལ་མི་རྣམས་ཀྱིས་བསྒོ་བ་བཞིན་དུ་མཉན་ཏེ། རྒྱལ་པོའི་ཁབ་ཏུ་སོང་ནས། མཐར་གྱིས་སོང་སོང་བ་ལས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཕྱིན་ཏོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་དུ་བལྟས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། མཁྱེན་པར་མཛད་དུ་གསོལ། ཀོ་ས་ཀའི་རྒྱལ་པོ་གསལ་རྒྱལ་དང ། མཉན་དུ་ཡོད་པ་ན་གནས་པའི་ཕོ་བྲང་འཁོར་གྱི་མི་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོར་ཕྱག་བཙལ་ཏེ། བཅོམ་ལྡན་འདས། གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་མཆིའོ། །འདི་སྐད་དུ། བདག་ཅག་གིས་བཅོམ་ལྡན་འདས་རིང་མོ་ཞིག་དུ་མ་མཐོང་སྟེ། བདག་ཅག་ནི་བཅོམ་
242b
ལྡན་འདས་མཐོང་བར་འཚལ་བས་སྐོམ་ལགས་སོ། །བདག་ཅག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ན། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་མཉན་དུ་ཡོད་པར་གཤེགས་སུ་གསོལ་ཞེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ།གལ་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོས་འགྲོར་སྟེར་ན་འགྲོ་བར་བྱའོ། །དེ་ནས་ཕོ་ཉ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཤེགས་པར་རྒྱལ་པོ་གཟུགས་ཅན་སྙིང་པོས་དད་པ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་བཅོམ་ལྡན་འདས་དབྱར་ཟླ་གསུམ་འདས་ནས།་ཆོས་གོས་མཛད་དེ། ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ཞམ་རིང་འཁོར་མང་པོ་དག་དང་མཉན་དུ་ཡོད་པ་ལ་ལོགས་སུ་ཆས་ཏེ་གཤེགས་སོ། །ཕོ་ཉའང་ཤིང་རྟ་ལ་ཞོན་ཏེ་ཆས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་ཞབས་ཀྱིས་གཤེགས་པ་མཐོང་ནས། ཤིང་རྟ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཐུགས་བརྩེ་བའི་སླད་དུ་བདག་གི་ཤིང་རྟ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
243a
༄#། །པ།་རྫུ་འཕྲུལ་རྐང་པའི་ཤིང་རྟ་དང ། །ཡང་དག་རྩོལ་ལ་ང་གནས་ན། །ཉོན་མོངས་ཚེ་རམས་མ་སྣད་པར། །ས་སྟེང་ཀུན་ཏུ་རྒྱུ་བར་བྱེད། །ཕོ་ཉས་གསོལ་པ ། བཅོམ་ལྡན་འདས་ནི་རྫུ་འཕྲུལ་གྱི་ཞབས་ཀྱིས་གཤེགས་པ་ལགས་ཀྱིས་ཀྱང་བདག་ལ་ཕན་གདགས་པ་དང ། ཐུགས་བརྩེ་བའི་སླད་དུ་བཅིབས་སུ་གསོལ་དེ་ནས་བཅོམ་ལྡན་འདས་ཕོ་ཉ་ལ་ཕན་གདགས་པའི་ཕྱིར་རྫུ་འཕྲུལ་གྱིས་ཤིང་རྟའི་སྟེང་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཤིང་རྟ་ལ་བཅིབས་བཞིན་དུ་མཉན་དུ་ཡོད་པར་བྱོན་ནས། ཕོ་ཉས་ཀྱང་རྒྱལ་པོ་ལ་སྦྲན་ཏོ། །དེ་ནས་རྒྱལ་པོ་དང ། བློན་པོ་དང ། ཕོ་བྲང་འཁོར་གྱི་མི་དང ། ཡུལ་མི་རྣམས་ཀྱིས་བཅོམ་ལྡན་འདས་བསུ་ནས་ཆོས་མཉན་པའི་ཕྱིར་དེའི་མཚན་མོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་འཁོད་དོ། །ཕོ་ཉ་དེ་ནི་ཚེ་ཐུང་སྟེ། ཆོས་ཐོས་པའི་འོག་ཏུ་དེ་ཉིད་ཀྱི་མཚན་མོ་ཤི་སྟེ། དེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ ། །དེ་ནས་སྔོན་ཕོ་ཉར་གྱུར་པའི་
243b
ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། ཀུ་མུ་ད་དང ། པདྨ་དང ། པདྨ་དཀར་པོ་དང ། མན་དཱ་ར་བ་རྣམས་ཀྱིས་ཐུབ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏི། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཕོ་ཉར་གྱུར་པའི་ལྷའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ཕོ་ཉར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་
244a
༄#། །གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་ལ་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་པ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས ། ནང་མི་དང ། གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། ། བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ།། མི་མཆོག་དབང་ངོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུང་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་
244b
སྔོན་ཕོ་ཉར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁང་བཟང་གི་སྟེང་ན་འདུག་པས། སྣང་པ་ཆེན་པོ་དེ་མཐོང་ནས་ནམ་ནངས་པ་དང ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ཁྱོད་ཀྱི་ཕོ་ཉ་དེ་ང་ལ་སེམས་དགའ་བར་གྱུར་ནས། ཤི་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ ། །དེ་ནས་རྒྱལ་པོ་དེ་ངོ་མཚར་དུ་གྱུར་ནས། ཀྱེ་མ་སངས་རྒྱས།་ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། འདི་དག་ལ་ནི་ཆུང་ངུ་ཞིག་བྱས་ཀྱང་རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་
245a
༄#། །གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་སྟན་ལས་ལངས་ཏེ་སོང་ངོ ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།འདི་གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང ། ཆོས་མཆོག་ཏུ་གདགས་པ་དང ། དགེ་འདུན་མཆོག་ཏུ་གདགས་པའོ། །སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ།་རྐང་མང་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། ། སངས་རྒྱས་ལ་མངོན་པར་དགའ་བ་སུ་འང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པའང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་གྱུར་པར་ཤེས་པར་བྱ་སྟེ། འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །ཆོས་
245b
མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུའང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པའང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ།་འདུས་པའམ། མང་པོའམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་མཆོག་ཡིན་པར་བསྟན་ཏེ། དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་གི་རྣམ་པར་སྨིན་པའང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱིས་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་བཞི་པ། མ་ཧེ་ཞེས་བྱ་བ་ནི།
246a
༄#། །སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ནགས་ཁྲོད་གཅིག་ཏུ་བྱོན་པ་དང ། ནགས་ཁྲོད་དེ་ན་མ་ཧེ་ཁྱུ་ཆེན་པོ་དང ། མ་ཧེའི་རྫི་ལྔ་བརྒྱ་འཁོད་དོ། །དེ་ནས་རེ་ཞིག་ན་དེའི་ནང་ན་མ་ཧེ་སྟོབས་དང་ལྡན་ཞིང་སྟོབས་ཀྱི་མཆོག་དང་ལྡན་པ་ཞིག་ཡོད་དེ། དེ་མི་གཞན་དང་གི་དྲི་ཚོར་ན་ཕྱི་བཞིན་རྒྱུག་པར་བྱེད་དོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་སོ། །དེ་ནས་མ་ཧེའི་རྫི་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐག་རིང་པོ་ཞིག་ནས་མཐོང་ངོ ། །དེ་ནས་དེ་དག་གིས་སྐད་ཆེར་
246b
བོས་ཏེ། བཅོམ་ལྡན་འདས། འདི་ནམ་ཧེ་མ་རུངས་པ་མཆིས་ཀྱི། ཤུལ་འདིར་མི་གཤེགས་སུ་གསོལ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ངས་འདིར་དུས་ལ་བབ་པར་ཤེས་ཀྱི་ཁྱེད་སྙིང་མ་ཆུང་ཞིག་།དེ་ནས་མ་ཧེ་དེས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་བ་དང ། རྔ་མ་ལྡང་དུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་སེང་གེ་རལ་པ་ཅན་རལ་པ་གཡེངས་པ་ལྔ་སྤྲུལ་དེ་གློ་གཡས་གཡོན་དུ་མེ་ཆེན་པོ་ལྔ་སྤྲུལ་ཏོ། །སྟེང་དུ་ནི་ལྕགས་ཀྱི་ཕ་བོང་ཆེན་པོ་ཞིག་སྤྲུལ་ཏོ། །དེ་ནས་མ་ཧེ་དེས་ཕྱོགས་ཀུན་ཏུ་འཇིགས་པ་ཆེན་པོ་མཐོང་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ལྕེས་བལྡགས་ནས། ཞུམ་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་བལྟས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེས་བརྡ་ཕྲད་པའི་སྐད་དུ། བཞིན་བཟང ། འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། ། ཤེས་ཆོས་ཚིག་གསུམ་བསྟན་ནས། ཚེ་རབས་ཀྱང་དྲན་པར་མཛད་དེ། དེ་ཐོས་ནས་དུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་ནས། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་ཡོད། །མི་ཁོམ་པར་ནི་སྐྱེས་ཟིན་གྱི། །དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་བསྐྱེད་ལ། །དུད་འགྲོའི་སྐྱེ་གནས་
247a
༄#། །སྤངས་ན་ལེགས། །འོན་ཏང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་མ་ཧེ་མ་རུངས་པ་དེས་རང་གི་ལུས་ལ་དམད་དེ། ཁ་འཚེས་ནས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ནི་མེའི་དྲོད་ཆེ་བས་དེ་སྐྱེན་པར་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ ། །དེ་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི་བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ།་ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། ནགས་ཁྲོད་དེ་དག་ཐམས་ཅད་འོད་ཆེན་
247b
པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་མ་ཧེར་གྱུར་པའི་ལྷའི་བུའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་མ་ཧེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོང་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་ལ་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་
248a
༄#། །གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེ་མཐོང་འབྲས་བུ་ཡོད། ། དེ་ནས་དོ་ཤལ་འཕྱང་བ་དག་འགྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་གཉེར་\?\་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་བ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དེ་ནས་མ་ཧེ་རྫི་དེ་དག་གིས་སྣང་བ་ཆེན་པོ་དེ་མཐོང་ངོ ། །དེ་མཐོང་ནས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། མདང་སུམ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ཏེ། ལྷའི་འོད་ཀྱིས་སྣང་བར་བགྱིད་པ་དེ་སུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱི་མ་ཧེ་དེ་ང་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། དེ་མདང་སུམ་ངའི་ཐད་
248b
དུ་འོངས་ནས། ངས་དེ་ལ་ཆོས་བསྟན་ཏེ། བདེན་པ་མཐོང་བར་གྱུར་ནས་རང་གི་གནས་སུ་སོང་ངོ ། །དེ་ནས་མ་ཧེ་རྫི་དེ་དག་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ་ངོ་མཚར་ཏོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འདིའང་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་དང་ཕྲད་ནས་ལྷའི་ནང་དུ་སྐྱེས་ཏེ། བདེན་པ་མཐོང་བར་གྱུར་ན་བདག་ཅག་གིས་ཅི་སྟེ་ཁྱད་པར་ཐོབ་པར་མི་འགྱུར་སྙམ་མོ། །དེ་ནས་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞལ་ཟས་བཟང་པོས་ཚོམ་པར་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དག་གིས་བརྩོན་པ་པ་དང ། བསྒྲུབ་པ་དང ། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམས་ཀྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྔོན་མ་ཧེ་ར་གྱུར་པའི་ལྷའི་བུས་གང་དག་བགྱིས་ན་དེས་མ་ཧེར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ་བདེན་པ་མཐོང་བར་གྱུར་ལགས། མ་ཧེ་རྫི་རྣམས་ཀྱིས་ནི་ལས་ཅི་བགྱིས་ན་དེ་ས་མ་ཧེ་རྫིར་གྱུར་ལགས། ལས་གང་བགྱིས་པས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།འདི་དག་ཉིད་ཀྱིས་སྔོན་ཚེ་རབས་གཞག་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་
249a
༄#། །ལས་དེ་དག་བྱས་ཤིང་བསགས་པས་ན། དེ་དག་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་དགེ་སློང་དག་གཏན་ལ་འབེབས་པར་བྱེད་པ་ན། དགེ་སློང་སྡེ་སྣོད་གསུམ་པ་ཞིག་འཁོར་ལྔ་བརྒྱ་དང་
249b
གཏན་ལ་འབེབས་པའི་ནང་ན་འདུག་གོ་།དེའི་ནང་ན་སློབ་པ་དང་མི་སློབ་པའི་དགེ་སློང་དག་ཀྱང་ཡོད་དེ། དེ་དག་སྡེ་སྣོད་གསུམ་པ་ལ་འདྲི་བར་བྱེད་ལ། དེས་ནི་ལན་མ་ཐེབས་པ་དང ། དེ་ཁྲོས་ནས་ངག་གི་ལས་རྩུབ་པོ་ཕྱུང་སྟེ། ནགས་ཀྱི་མ་ཧེ་དང་འདྲ་བ་འདི་དག་ཅི་ཤེས་ཞེས་བྱས། དེའི་སློབ་མ་རྣམས་ཀྱིས་ཀྱང་མ་ཧེ་རྫི་དང་འདྲ་བ་འདི་དག་ཅི་ཤེས་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དགེ་སློང་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་ཉིད་མ་ཧེ་འདི་ཡིན་ནོ། །སློབ་མ་དེ་དག་ནི་མ་ཧེ་རྫི་འདི་དག་ཡིན་ཏེ། ལས་དེས་ན་ཆེ་རབས་ལྔ་བརྒྱར་མ་ཧེར་སྐྱེས་སོ། །སློབ་མ་རྣམས་ཀྱང་མ་ཧེ་རྫི་ལྔ་བརྒྱར་གྱུར་ཏོ། །ང་ལ་སེམས་དགའ་བར་གྱུར་པ་དེས་ནི་ལྷར་སྐྱེས་སོ། །དགེ་སློང་གི་དངོས་པོ་ཐོབ་སྟེ། ཚུལ་ཁྲིམས་བསྲུངས་པས་ནི་བདེན་པ་མཐོང་བ་དང ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་བས་ན་ངག་གི་ཉེས་པ་སྤངས་པའི་ཕྱིར་འབད་པར་བྱ་སྟེ། ཅི་ནས་མ་ཧེ་དང ། མ་ཧེ་རྫི་རྣམས་ཀྱི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང ། ལྷའི་བུ་དེའི་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་པར་འགྱུར་བར་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བསྙེན་གནས་ཞེས་བྱ་བ་ནི། སངས་རྒྱས་
250a
༄#། །བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྷའི་བུ་བསྙེན་གནས་ཞེས་བྱ་བ་ཞིག་ཡོད་དེ། དེ་ཆོས་ཉན་པའི་ཕྱིར་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོའོ། །དེ་ནས་ཕྱིས་རེ་ཞིག་ན་ལྷའི་བུ་བསྙེན་གནས་གཡོག་འཁོར་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་ཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་
250b
ལྡན་འདས་ཀྱིས་ལྷའི་བུ་བསྙེན་གནས་ཀྱི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ།་དེ་ཐོས་ནས་ལྷའི་བུ་བསྙེན་གནས་ཀྱི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང ། མཆིལ་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་ལ་བསྒྲལ་བ་དང ། ངན་སོང་གི་སྒོ་རྣམས་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་
251a
༄#། །དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་ལྷའི་བུ་བསྙེན་གནས་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་པོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་བ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་བ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ ། །དེའི་ཚེ་དགེ་སློང་དག་སྲོད་དང ། ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་
251b
ཡིན་གྱི། ལྷའི་བུ་བསྙེན་གནས་གཡོག་འཁོར་ལྔ་བརྒྱ་དང་བཅས་པ་ང་ལ་བལྟ་བའི་ཕྱིར་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་འགྱུར་ཏེ། རང་གི་གནས་སུ་སོང་ངོ ། །དེ་ནས་དགེ་སློང་དག ། ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ལྷའི་བུ་བསྙེན་གནས་ག་ལས་བྱུང་ལགས། མིང་ནི་ཅི་ལས་བཏགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱེད་ཉན་པར་འདོད་དམ། གསོལ་པ། བཙུན་པ། ཉན་པར་འཚལ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་།འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །ཕྱིས་རེ་ཞིག་ན་རྒྱལ་པོ་ཀྲྀ་ཀྲཱྀ་བཅོམ་ལྡན་འདས་ལ་བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་སོང་ངོ ། །དེ་ནས་རེ་ཞིག་ན་བྲམ་ཟེ་གཉིས་དྲང་སྲོང་སྨྲ་བར་དོན་ཞིག་ལ་སོང་བ་དང ། དེ་གཉིས་ཀྱིས་རྒྱལ་པོ་དེ་རྒྱལ་པོའི་འབྱོར་བ་ཆེན་པོ་དང ། རྒྱལ་པོའི་
252a
༄#། །མཐུ་སྟོབས་ཆེན་པོ་དང་ལྡན་པ་མཐོང་ངོ ། །དེ་ནས་དེ་གཉིས་རྒྱལ་སྲིད་ལ་འདོད་པ་སྐྱེས་ནས། དེ་གཉིས་ཀྱིས་དགེ་བསྙེན་ཞིག་ལ་དྲིས་པ། ཀྱེ་སངས་རྒྱས་ཀྱི་དགེ་བསྙེན། ལས་ཅི་ཞིག་བྱས་ན། དེས་ཅི་བསམས་པ་དང ། ཅི་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱས་སོ། །དགེ་བསྙེན་གྱིས་སྨྲས་པ། གང་གིས་བསྙེན་གནས་ཡན་ལག་བརྒྱད་པ་ཡོངས་སུ་དག་པར་བསྲུངས་པ་དེའི་ནི་ཅི་བསམས་པ་དང ། ཅི་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་བྲམ་ཟེ་དེ་གཉིས་ཀྱིས་ཁྱིམ་བདག་ཆུ་སྟོད་ལས་བསྙེན་གནས་ཡན་ལག་བརྒྱད་པ་བླངས་ཏེ་བསྲུངས་སོ། །དེ་ན་གཅིག་གིས་ནི་ཡོངས་སུ་དག་པར་བསྲུངས་ཏེ། དེ་ནས་ཤི་ནས་རྒྱལ་པོ་ཀྲྀ་ཀྲྀའི་བུར་སྐྱེས་ཏེ། དེའི་མིང་ལེགས་སྐྱེས་ཞེས་བཏགས་ནས་ཕ་ཤི་བའི་འོག་ཏུ་དེ་རྒྱལ་པོར་བཅུག་གོ་།གཅིག་ཤོས་ཀྱིས་ནི་བསྙེན་གནས་ཉམས་པར་བྱས་ཏེ། དེ་ནི་ཤི་ནས་ཀླུའི་ནང་དུ་སྐྱེས་ཏེ། དེའི་སྟེང་དུ་ཉིན་གཅིག་བཞིན་དུ་ལན་བདུན་བདུན་བྱེ་ཚན་བབ་སྟེ། དེས་རུས་པ་འབའ་ཞིག་ལུས་པར་བྱེད་དོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལས་གང་གིས་འབྲས་བུ་ཡིན། འདི་ལས་གང་གིས་འབྲས་བུའི་རྣམ་པར་སྨིན་པ་ཡིན་ན། དེས་བདག་གི་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་འདུག་སྙམ་མོ། །དེ་ནས་དེས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བདག་གིས་བླངས་པ་ལས་བསླབ་པ་ལྷོད་པར་བྱས་པ་དེས་འདི་ལྟ་
252b
བུའི་སྡུག་བསྔལ་བདག་གིས་ཉམས་སུ་མྱོང་ལ། གང་གིས་བླངས་ཏེ། བསྲུངས་པ་དེས་ནི་རྒྱལ་སྲིད་ཐོབ་པར་གྱུར་ཏོ་སྙམ་མོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། དེའང་བདག་གིས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པར་བསྲུང་བར་བྱའོ། །འོ་ན་ཏང་བདག་ཀླུའི་སྐྱེ་གནས་ལས་ཐར་བར་འགྱུར་ཡང་སྲིད་དོ་སྙམ་མོ། །དེ་ནས་བྲམ་ཟེའི་ཆ་ལུགས་སུ་བདག་ཉིད་སྤྲུལ་ནས། རྒྱལ་པོའི་ཐད་དུ་འོངས་ཏེ་ཕྱིན་ནས་རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག་།སྐུ་ཚེ་རིང་བར་ཤོག་ཅིག་ཅེས་བསྟོད་ནས་སྨྲས་པ། རྒྱལ་པོ་ཆེན་པོ། བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བདག་ལ་འཚལ་གྱི། ལྷ།་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བཙལ་དུ་གསོལ། གལ་ཏེ་མ་བཙལ་ན་གདོན་མི་འཚལ་བར་ལྷའི་དབུ་ཚལ་བ་བདུན་དུ་འགས་པར་འགྱུར་རོ་ཞེས་བྱས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཇིགས་ཤིང་སྐྲག་སྟེ་མི་དགའ་ལས་ཀྱི་བུང་ཞེས་བྱས་ནས། གསེར་འབུམ་ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། བདག་གི་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ནས།་སུ་ང་ལ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་སྟོན་པ་དེ་ལ་གསེར་འབུམ་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བསྙེན་བཀུར་བྱའོ་ཞེས་བསྒོའོ། །དེ་ནས་རེ་ཞིག་ན་ཤིང་མཁན་གྱི་བུ་མོ་བུད་མེད་རྒན་མོ་ཞིག་འདུག་པ་དེས་རྒྱལ་པོ་ལ་ཀ་བ་ཞིག་བསྟན་ཏེ། སྔོན་བདག་གི་ཕ་རྟག་ཏུ་ཀ་བ་འདི་ལ་སྤོས་དང ། བདུག་པ་དང ། མེ་ཏོག་གིས་མཆོད་པ་བགྱིད་ན་འདི་ཕྱུང་སྟེ་གཟིགས་
253a
༄#། །ཤིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་ཞམ་རིང་བ་རྣམས་ལ་ཀ་བ་འདི་ཕྱུངས་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོའི་ཞམ་རིང་རྣམས་ཀྱིས་ཀ་བ་དེ་ཕྱུང་བ་དང ། དེའི་འོག་ནས་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་དང ། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་དང ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གསེར་གྱི་གླེགས་བམ་ལ་བྲིས་པ་ཞིག་རྙེད་དོ། །དེ་ནས་རྒྱལ་པོས་ཀླུ་དེ་ལ་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་ཞིག་བྲིས་ཏེ་བྱིན་ནོ། །དྲང་སྲོང་སྨྲ་བ་ན་གནས་པའི་དྲང་སྲོང་ཁྲི་ཉིས་སྟོང་གིས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་སུམ་དུ་བྱས་སོ། །ཀླུ་དེས་ཀྱང་བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་བསྲུངས་ནས་ཐང་ལ་བྱུང་སྟེ། ལུས་བོར་ནས་དེ་ཁ་འཚོས་ཏེ་འདུག་གོ་།དེ་ནས་ཤི་སྟེ་གཡོག་འཁོར་ལྔ་བརྒྱ་དང་བཅས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །དགེ་སློང་དག་།བསྙེན་གནས་ནི་དེ་ནས་བྱུང་སྟེ་མིང་ཡང་དེ་ལས་བཏགས་སོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ངང་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་
253b
རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། པ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །ཕྱིས་རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་བལྟ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་
254a
༄#། །བ་དང ། པཉྩ་ལའི་རྒྱལ་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ངང་པ་ལྔ་བརྒྱ་སྐྱེས་སུ་བསྐུར་ཏེ། གང་གི་ཚེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དེའི་ཚེ། ངང་པ་ལྔ་བརྒྱ་པོ་དེ་དག་ཕུལ་ལོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ངང་པ་དེ་དག་ལ་མི་འཇིགས་པ་བྱིན་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་ཉིད་དུ་བཏང་ནས། གང་གི་ཚེ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོའི་འཁོར་དང་བཅས་པ་བཤོས་གསོལ་ཞིང་བཞུགས་པ་དེའི་ཚེ་ངང་པ་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་ལ། བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་དེ་དག་གིས་ཀྱང་དེ་རྣམས་ཁྱོས་མ་བྱིན་ཏེ། དེ་དག་གིས་ཟོས་ནས་ཚིམ་ཞིང་མགུ་ལ་དབང་པོ་རྟས་ཏེ་འཁོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་བཞི་པོ་དེ་དག་ལ་ཆོས་སྟོན་པ་དེའི་ཚེ། ངང་པ་དེ་དག་བཅོམ་ལྡན་འདས་ཀྱི་ཐང་དུ་དོང་སྟེ། ཆོས་ཉན་པར་བྱེད་དོ། །དེ་ནས་དེ་དག་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་ངང་པ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང ། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་དག་གིས་མཐོང་ངོ ། །དེ་ནས་
254b
སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱི། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོ་ར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་ཀུམ་དང ། ཏ་མ་ལའི་ལོ་མ་དང ། སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེ་དག་གིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། མན་དཱ་ར་རྣམས་ཀྱི་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ།་དེ་ཐོས་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་
255a
༄#། །དག་གིས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་ཁྲག་དང ། མཆི་མའི་རྒྱ་མཚོ་བསྐམས་པ་དང ། རུས་པའི་ལ་བསྒྲལ་བ་དང ། ངན་སོང་གི་སྒོ་བཅད་པ་དང ། མཐོ་རིས་དང ། ཐར་པའི་སྒོ་རྣམས་ཕྱེ་བ་དང ། བདག་ཅག་ལྷ་དང ། མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང ། གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་ལམ་བདག་ཅག་རྣམས་ཀྱིས་ཐོབ། །བདག་ཅག་དེ་རིང་ཉེས་པ་སྤངས་པའི་མིག་།ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། ། བདག་ཅག་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། ། སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་རྣམས་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །
255b
དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང ། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང ། །དེ་ནས་སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཚོང་པ་ཁེ་སྤོགས་ཕྱིན་པ་དང ། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང ། དཔའ་བོ་གཡུལ་ལས་རྒྱལ་བ་དང ། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་དོང་ངོ ། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ནོ། །དགེ་སློང་དག་།ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ངང་པ་ལྔ་བརྒྱ་འདིར་བཏང་བ་ཁྱོད་ཀྱིས་མཐོང་ངམ། བཙུན་པ། མཐོང་ལགས་སོ། །བཀའ་སྩལ་པ། དེ་དག་ང་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། དེ་དག་མདང་སུམ་
256a
༄#། །ངའི་ཐད་དུ་ལྷགས་ནས་དེ་དག་ལ་ངས་ཆོས་བསྟན་ཏེ། བདེན་པ་མཐོང་བར་གྱུར་ནས་རང་གི་གནས་སུ་དོང་ངོ ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས་ལས་གང་དག་བགྱིས་ན། དེས་ངང་པར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་ཏེ་བདེན་པ་མཐོང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།འདི་དག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྔོན་ངང་པར་གྱུར་པའི་ལྷའི་བུ་རྣམས་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་གྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་
256b
སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་འདི་དག་རབ་ཏུ་བྱུང་བ་ལས་བསླབ་པ་ལ་ལྷོད་བར་བྱས་པ་དེས་ནི་ངང་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་ལྷར་སྐྱེས་སོ། །བསླབ་པ་ལྷག་པ་རྣམས་བསྲུངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་།ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
257a
༄#། །བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་རྫོགས་སོ།། །།སྡོམ་ནི། གསེར་འོད་དང་ནི་དྲི་ཞིམ་དང ། །བྱད་བཟང་སྟོབས་ལྡན་སྡུག་གུ་དང ། །པདྨ་མིག་དང་རྔ་སྒྲ་དང ། །བུ་དང་ཉི་མ་གྱད་པ་དང ། །གསེར་འོད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་\?\་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། བསྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་
257b
མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས།་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་འཛམ་བུ་ཆུ་བོའི་གསེར་གྱི་མདོག་འདྲ་བ་ཞིག་བཙས་ཏེ། དེའི་གསེར་གྱི་འོད་ཀྱིས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་ཕ་མ་དང ། སེམས་ཅན་གཞན་དག་གིས་དེ་མཐོང་ནས་ལྟད་མོ་ལ་ལྷགས་ཏེ། སེམས་ཅན་གྱི་ཁྱད་པར་འདི་ལྟ་བུ་ནི་ག་ལས་འོངས་ཞིག་གུ་ཞེས་མཆོག་ཏུ་ངོ་མཚར་དུ་གྱུར་ནས་སེམས་པ་ལ་ཞུགས་སོ། །དེ་ན་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་པ་ན་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་གསེར་གྱི་འོད་ཀྱིས་སྣང་བར་བྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་གསེར་འོད་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་གསེར་འོད་བང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་
258a
༄#། །ནས།་དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེའང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང ། དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་དང ། བདག་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ་ཆོས་འདོད་པ་ཞིག་གོ་།ཕྱིས་རེ་ཞིག་ན་དེ་བྱད་གཟུགས་ཀྱི་རྒྱགས་པས་མྱོས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ན་རྩེ་ཞིང་འདུག་གོ ། ཤཱཀྱ་མང་པོ་དག་གཅིག་ཀྱང་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་དོང་ངོ ། །དེ་ནས་ཁྱེའུ་གསེར་འོད་ཀྱིས་མཐོང་ནས་དྲིས་པ། ཁྱེད་གར་འདོང ། དེ་དག་གིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་འགྲོའོ། །དེ་ནས་ཁྱེའུ་གསེར་འོད་ཀྱིས་སངས་རྒྱས་ཞེས་བྱ་བ་ཐོས་ཏེ། སྔོ་མ་ཐོས་པའི་མིང་ཐོས་ནས་སྤུ་ཐམས་ཅད་ཟིང་ཞེས་བྱས་ཏེ། མཆོག་ཏུ་ངོ་མཚར་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ། བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་གོར་མ་ཆགས་སྙམ་ནས། དེའང་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། ཁྱེའུ་གསེར་འོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ།
258b
དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོ་མ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུའི་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་བྱད་གཟུགས་ཀྱི་རྒྱགས་པ་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས། དེ་ཆོས་ཐོས་པ་དང ། རབ་ཏུ་འབྱུང་བར་འདོད་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ནས་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་ཁ་དོག་ཅན་གླང་པོ་ཆེའི་སྣ་ལྟར་འདུག་པ་བརྐྱང་ནས། ཁྱེའུ་གསེར་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ཚུར་ཤོག་།ཚངས་པར་སྤྱོད་ཅིག་།དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ། སྐྲ་དང ། ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་
259a
༄#། །རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང ། ཆུ་སྣོད་ཐོགས་པར་གྱུར་ཏེ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་\?\་ཞེས་བཀའ་སྩལ་པས། །དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོ་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བར། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷའི་བུ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་
259b
བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གསེར་འོད་ཀྱིས་ལས་གང་དག་བགྱིས་ན། དེས་འདི་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།གསེར་འོད་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གསེར་འོད་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ།་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་
260a
༄#། །དང།་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་འོད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། མཆོད་རྟེན་གྱི་དུས་སྟོན་ཡང་ལུགས་བཏོད་དོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་གཅིག་མཆོད་རྟེན་གྱི་དུས་སྟོན་བྱེད་པ་དེར་སོང་བ་ལས་མཆོད་རྟེན་དེ་ལས་གསེར་གྱི་མེ་ལོང་ཞིག་ལྷུང་བ་དེས་མཐོང་ནས་དེས་དེའི་རྣ་བའི་གོང་རྒྱན་དུ་བཅོས་ནས་མཆོད་རྟེན་དེ་ལ་བཏགས་ཏེ། སྤོས་དང ། བདུག་པ་དང ། མེ་ཏོག་གིས་མཆོད་ནས་ཞབས་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་
260b
པ་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཁྱེའུ་གསེར་འོད་འདི་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དེས་ན་འདི་ལྟ་བུར་བྱད་གཟུགས་ཀྱི་ཁྱད་པར་ཅན་དུ་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེན་མ་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དྲི་ཞིམ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་
261a
༄#། །རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ།་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེའི་ཁ་ནས་མེ་ཏོག་ཨུཏྤ་ལའི་དྲི་འབྱུང་བ་ལུས་ཐམས་ཅད་ནས་
261b
ནི་ཙནྡན་གྱི་དྲི་བྱུང་ངོ ། །དེ་ནས་དེའི་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། དེའི་ཉེ་དུ་རྣམས་ན་རེ། འདིའི་ཁ་ནས་ཨུཏྤ་ལའི་དྲི་བྱུང་ལ།་ལུས་ཐམས་ཅད་ནས་ཙནྡན་གྱི་དྲི་བྱུང་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དྲི་ཞིམ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་དྲི་ཞིམ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱི་སའོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང།་གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེའང་སྔོན་གྱི་རྒྱུའི་སྟོབས་ཀྱི་ཤུགས་ཀྱིས་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་ལ། བདག་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་ལ་ཆོས་འདོད་པ་ཞིག་སྟེ། གང་གི་ཚེ་ཁྱེའུ་དྲི་ཞིམ་དཔུང་རྒྱན་དང ། མགུལ་བའི་དོ་ཤལ་དང།་གདུ་བུས་བརྒྱན་ཏེ་སྲང་གི་ནང་དུ་ཞུགས་པ་དེའི་ཚེ། ཙནྡན་གྱི་དྲི་བསུང་གིས་གྲོང་ཁྱེར་ཐམས་ཅད་ཁྱབ་པར་གྱུར་སྟེ། སྐྱེ་བོ་མང་པོས་ཀྱང་ལྷའི་སྤོས་ཀྱི་དྲི་ཚོར་ནས་མཆོག་ཏུ་ཡ་མཚན་དུ་འཛིན་ཏེ། འདི་སྐད་དུ། ཀྱེ་མ།་བསོད་ནམས་དག་གི་མཐུ་ཞེས་འཛེར་ཏོ། །ཕྱིས་རེ་ཞིག་ན་ཁྱེའུ་དྲི་ཞིམ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་
262a
༄#། །ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ།། དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང།་བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་དྲི་ཞིམ་གྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་
262b
པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང ། ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་བ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང།་ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དྲི་ཞིམ་གྱིས་ལས་གང་དག་བགྱིས་ན། དེས་འདིའི་ཁ་ནས་ནི་ཨུཏྤ་ལའི་དྲི་འབྱུང་ལ། ལུས་ཐམས་ཅད་ནས་ནི་ཙནྡན་གྱི་དྲི་འབྱུང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དྲི་ཞིམ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་སྦར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དྲི་ཞིམ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང །
263a
༄#། །རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་དེ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱི་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས་རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། ། དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་
263b
གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། མཆོད་རྟེན་གྱི་དུས་སྟོན་ཡང་ལུགས་བཏོད་དོ། །ཁྱིམ་བདག་གཅིག་གིས་ཀྱང་དེ་ལ་དད་པ་སྐྱེས་ནས། སྤོས་དང ། བྱུང་\?\་བ་རྣམ་པ་སྣ་ཚོགས་ཕུལ་ཏེ། བདུག་པ་དང ། མེ་ཏོག་གིས་མཆོད་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན།་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཁྱེའུ་དྲི་ཞིམ་འདི་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དེས་ན་འདི་ལྟ་བུར་དྲི་ཞིམ་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་དང །
264a
༄#། །ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅོ་ལྔ་པ། བྱད་བཟང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང།་མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་
264b
སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་བུའི་ནོར་དང་ལྡན་པ། རྣམ་ཐོས་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས།་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང ། བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ། ལུས་བྱད་དཔེ་མེད་ལ་མདོག་འཇམ་པ། ལུས་ཀྱི་བདུན་མཐོ་བ། ཆེ་བར་གྲགས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ།་འདིའི་ལུས་དཔེ་མེད་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་བྱད་བཟང་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་བྱད་བཟང་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང།་དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་དང །
265a
༄#། །གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་སྟེ། འཇིག་རྟེན་ཐམས་ཅད་དང ། ཐ་ན་མི་མ་ཡིན་པ་རྣམས་ཀྱིས་ཀྱང་མཆོད་ཅིང་རྗོད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་ས་ཕྱོགས་གང་དུ་གོམ་པ་བོར་བ་དེ་དག་ཀྱང་གཙང་མར་གྱུར་ཏེ། དེ་ལྟར་བསོད་ནམས་དང་ལྡན་ཞིང་ཆེ་བར་གྲགས་སོ། །ཕྱིས་རེ་ཞིག་ན་དེ་ཤིང་ནྱ་གྲོ་དྷྱའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་བྱད་བཟང་གིས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་
265b
འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱི་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྱད་བཟང་གིས་ལས་གང་དག་བགྱིས་ན། དེས་འདི་ལྟ་བུའི་ལུས་འདི་ལྟ་བུར་གྱུར་ལ་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
266a
༄#། །སློང་དག་།བྱད་བཟང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བྱད་བཟང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། །བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་
266b
གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས་རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་རྒྱལ་པོ་གཉེན་ཡོད་གཉེན་གྱི་ཚོགས་དང་བཅས་པ་དང ། བློན་པོའི་ཚོགས་ཀྱིས་ཞམ་རིང་བྱས་པས་མཆོད་རྟེན་གྱི་དུས་སྟོན་བྱས་སོ། །ཕྱིས་རེ་ཞིག་ཉི་མ་གཅིག་ཅིག་མི་དབུལ་པོ་ཞིག་མཆོད་རྟེན་གྱི་འཁོར་སའི་ནང་དུ་སོང་ནས་དེས་དེ་ལ་མེ་ཏོག་རྙིས་པ་དག་དང ། མཆོད་རྟེན་རྡུལ་གྱིས་ཡོག་པ་དག་མཐོང་ངོ ། །དེ་ནས་དེས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ། ཕྱགས་མ་བླངས་ནས་མཆོད་རྟེན་ཡང་ཕྱགས། མེ་ཏོག་རྙིས་པའང་བསལ་ཏོ། །དེ་ནས་མཆོད་རྟེན་ལ་རྡུལ་མེད་ཅིང་དྲི་མ་མེད་པ་མཐོང་ནས་དད་པ་སྐྱེས་ཏེ། ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་འདིས་ན། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་
267a
༄#། །ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མི་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི། བྱད་བཟང་འདི་ཡིན་ཏེ། དེས་མཆོད་རྟེན་ལ་ཕྱག་དར་བྱས་པས་ན། བྱད་གཟུགས་བཟང་པོར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྟོབས་ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང །
267b
ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས།་རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་གཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྟོབས་ཀྱི་ཤུགས་གཞན་ལས་འཕགས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་
268a
༄#། །དེ།་ཉེ་དུ་རྣམས་ན་རེ། ཁྱེའུ་འདིའི་སྟོབས་ཀྱི་ཤུགས་དང་ལྡན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྟོབས་ལྡན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་སྟོབས་ལྡན་པང་ན་འཚོ་བའི་མ་མ་གཉིས་དང ། ནུམ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱི་འོ་མ་དང།་ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་གོ་།དེ་ནས་ཕྱིས་རེ་ཞིག་ན་དེ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་
268b
པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་སྟོབས་ལྡན་གྱིས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ་དང ། དབང་པོ་དང ། ཉེ་དབང་
269a
༄#། །དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲས་པའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྟོབས་ལྡན་གྱིས་ལས་གང་དག་བགྱིས་ན། དེས་འདིའི་ལུས་སྟོབས་དང་ལྡན་པར་གྱུར་ལ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྟོབས་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྟོབས་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམས་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། ལས་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུང་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་
269b
བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ།་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ། འཇིག་རྟེན་དུ་བྱུང་སྟེ།་དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་བརྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས།་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལ་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ།་མཆོད་རྟེན་གྱི་དུས་སྟོན་བྱེད་པ་དེར་སྐྱེ་བོ་ཕལ་པོ་ཆེས་གླུ་བླངས་གར་བྱས་པས་མཆོད་རྟེན་རྡུལ་གྱིས་ཡོག་པར་གྱུར་ཏོ། །ཕྱིས་རེ་ཞིག་ན་ཁྱིམ་བདག་གཅིག་མཆོད་རྟེན་གྱི་འཁོར་སའི་ནང་དུ་སོང་བ་དང ། དེས་མཆོད་རྟེན་གྱི་འཁོར་ས་རྡུལ་གྱིས་ཡོག་པ་མཐོང་ངོ ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་སྐྱེས་ཏེ། སྤོས་ཀྱི་ལྡེ་གུ་ཏིལ་མར་
270a
༄#། །དང་སྦྱར་བ་ཕུལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་དག་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྟོབས་ལྡན་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དེས་ན་སྟོབས་དང་ལྡན་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྡུག་གུ་
270b
ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས།་བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་
271a
༄#། །ཞིང་བལྟ་ན་སྡུག་ལ་མཛེས་པ་ཆེ་བར་གྲགས་པ། མཐོང་ན་དགའ་བ་ཞིག་བཙས་ཏེ། དེ་བཙས་པ་ན་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་གྲགས་པས་རྒྱས་པར་གྱུར་ཏོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམ་ན་རེ། ཁྱེའུ་འདི་བཙས་མ་ཐག་ཏུ་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པས་ན། ཁྱེའུ་འདིའི་མིང་སྡུག་གུ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའི་སྡུག་གུ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱི་ས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེས་དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་ལ་སྦྱིན་པ་རྣམ་པ་སྣ་ཚོགས་གཏོང་བས་སྡུད་པར་བྱེད་དོ། །དེ་ནས་ཕྱིས་རེ་
271b
ཞིག་ན་ཁྱེའུ་སྡུག་གུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཆོས་ཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་སྡུག་གུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉིད་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་བའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་
272a
༄#། །བར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། །བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་ནས། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང།་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྡུག་གུས་ལས་གང་དག་བགྱིས་ན། དེས་འདི་གྲགས་པ་ཆེན་པོ་དང་ལྡན་པ་དང ། སྡུག་ཅིང་ཡིད་དུ་འོང་བར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྡུག་གུ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྡུག་གུ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་
272b
དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ལས་དགེ་བ་དང ། ལས་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་བ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང།་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས་རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་
273a
༄#། །རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །དེ་ནས་ཕྱིས་རེ་ཞིག་ན་དཔྱིད་ཀྱི་དུས་སུ་ཤིང་རྣམས་མེ་ཏོག་རྒྱས་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་འབྱུང་བ་ན། ཁྱིམ་བདག་གཅིག་ཅིག་གིས་རྒྱལ་པོ་ལ་གསོལ་ཏོ། །བདག་ནི་ལྷ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་གདགས་པར་འཚལ་ལོ། །རྒྱལ་པོས་སྨྲས་པ། དེ་ལྟར་གྱིས་ཤིག་།དེ་ནས་ཁྱིམ་བདག་དེ་དང ། རྒྱལ་པོ་དང ། བློན་པོ་དང ། ཞབས་འབྲིང་བ་རྣམས་ཀྱིས་དྲིལ་བསྒྲགས་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་སྟ་གོན་བྱས་ནས། བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་བདགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་སེམས་དགའ་བ་བསྐྱེད་ནས། དགེ་བའི་རྩ་བ་རྣམས་ཡང་དག་པར་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྡུག་གུ་འདི་ཡིན་ཏེ། དེས་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་གཅིག་ཏུ་དགེ་བའི་རྩ་བ་རྣམས་བསྐྱེད་པ་དེས་ནི། སྐྱེ་བོ་ཕལ་པོ་ཆེའི་སྙིང་དུ་སྡུག་པའི་ཡིད་དུ་འོང་བར་གྱུར་ལ། རྒྱུ་དེ་ཉིད་
273b
ཀྱིས་ན་བལྟ་ན་སྡུག་ཅིང་མཛེས་པར་གྱུར་ལ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།པདྨའི་མིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས་
274a
༄#། །བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ།། དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིག་པདྨ་སྔོན་པོ་འདྲ་བ། མགོ་བོ་ལ་ལྷའི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཐོགས་པ་ཞིག་བཙས་ཏེ། དེས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ནོར་བུ་མཐོན་ཀའི་
274b
ཁ་དོག་ཅན་དུ་བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། ཁྱེའུ་འདིའི་མིག་པདྨ་འདྲ་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་པདྨའི་མིག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་པདྨའི་མིག་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། དེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་ཉིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ་གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། དེ་གང་དག། གང་དུ་འགྲོ་བ་དེ་དང ། དེར་ལྷ་དང ། མི་རྣམས་ཀྱིས་མཆོད་ཅིང་རྗེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་པདྨའི་མིག་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ།
275a
༄#། །འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ ། །མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་པདྨའི་མིག་གིས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས། སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས། ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་
275b
ཅན་ཡིན་པར་རྩད་ཆོད་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རེ་ཞིག་ན་དེ་བསོད་སྙོམས་ལ་སོང་བ་དང ། སྐྱེ་བོ་ཕལ་པོ་ཆེས་དེ་ལ་བལྟས་ནས་ངོ་ཚ་བར་གྱུར་ཏོ། །དེ་ནས་པདྨའི་མིག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅི་ནས་བདག་གི་ནོར་བུ་རིན་པོ་ཆེ་མ་མཆིས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ།་འདི་ནི་ལས་ལས་སྐྱེས་པ་ཡིན་པས་ན་ནོར་བུ་རིན་པོ་ཆེ་མེད་པར་བྱ་མི་ནུས་སོ། །དེ་ལྟ་མོད་ཀྱི་ཅི་ནས་དད་པ་དང་ལྡན་པ་རྣམས་ཀྱིས་ནི་མཐོང་ལ། མ་དད་པ་རྣམས་ཀྱིས་མི་མཐོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་མཛད་དོ། །དེ་ནས་དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་
276a
༄#། །གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། པདྨའི་མིག་གིས་ལས་གང་དག་བགྱིས་ན། དེས་འདི་ཆི་པར་གྲགས་པ་དང ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པདྨའི་མིག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། པདྨའི་མིག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་དག་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང།་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་\?\་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་
276b
པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་\?\་དཔའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས། མཐོ་རིས་དང ། ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་གྲུའི་དོན་གྲུབ་སྟེ། ཕྱིར་འོངས་ནས་དེས་དེའི་ནང་ནས་ནོར་བུ་ཆེན་པོ་མཐོན་ཀ་ཆེན་པོ་ཞིག་ཁྱེར་ཏེ་འོངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་མཐོང་ནས་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་ཏེ། ནོར་བུ་རིན་པོ་ཆེ་དེ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་གྱི་ཆར་ཁེབ་ལ་བཏགས་ནས། དེའི་མཐུས་ཕྱོགས་
277a
༄#། །དང།་ཕྱོགས་མཚམས་ཐམས་ཅད་མཐོན་ཀའི་ཁ་དོག་ལྟ་བུར་འདུག་པར་བྱས་སོ། །མེ་ཏོག་པདྨ་དག་གིས་ཀྱང་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་པདྨའི་མིག་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་ནོར་བུ་རིན་པོ་ཆ་བཏགས་པའི་ལས་དེའི་རྣམ་པར་སྨིན་པས་འདིའི་མགོ་བོ་ལས་ནོར་བུ་རིན་པོ་ཆེ་བྱུང་ངོ ། །པདྨ་སྔོན་པོ་དག་གིས་མཆོད་པ་བྱས་པ་དེས་ནི། མིག་པདྨ་སྔོན་པོ་ལྟ་བུར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱ་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་
277b
བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྔ་སྒྲ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་
278a
༄#། །ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཆེ་བར་གྲགས་པ། བྱ་ཀ་ལ་པིང་ཀ་ལྟར་སྐད་སྙན་པ། རྔ་སྒྲ་ལྟར་གདངས་སྙན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། ཁྱེའུ་འདི་རྔ་སྒྲ་ལྟ་བའི་གདངས་དང་ལྡན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་རྔ་སྒྲ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་རྔ་སྒྲ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ།་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་
278b
ཅན་བདག་ཉིད་ཆེ་བ། ཆོས་འདོད་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེ་ནས་ཕྱི་ཞིག་ན་ཁྱེའུ་རྔ་སྒྲ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ནས་ཁྱེའུ་རྔ་སྒྲས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས།
279a
༄#། །ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ།་རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་བལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྔ་སྒྲས་ལས་ཅི་བགྱིས་ན། དེས་འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་
279b
གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྔ་སྒྲ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྔ་སྒྲ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་
280a
༄#། །གཉེན་ལྡན་རྟེན་ཅིང་བཞུགས་པ་ལས། རེ་ཞིང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་\?\་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས། །དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས། མཐོ་རིས་དང ། ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་གཅིག་གིས་རོལ་མོའི་ཆ་སྤྱད་རྣམ་པ་སྣ་ཚོགས་དང ། མི་ལས་རོལ་མོ་བསླབས་ཏེ། མཆོད་རྟེན་དེ་ལ་ཕུལ་ནས། དེ་དག་མཆོད་རྟེན་དེ་ལ་ཉིན་གཅིག་བཞིན་དུ་རོལ་མོའི་སྒྲའི་ཁྱད་པར་དག་གིས་བཀུར་སྟི་བྱེད་དོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་དུ་གྱུར་པ་གང་ཡིན་པ་དེ་ནི་རྔ་སྒྲ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་རོལ་མོའི་སྒྲའི་ཆ་སྤྱད་རྣམ་པ་སྣ་ཚོགས་ཕུལ་བ་དེས་ན་རྔ་སྒྲ་ལྟ་བུའི་གདངས་ཅན་དུ་གྱུར་ལ། རྒྱུ་དེ་ཉིད་ཀྱིས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་
280b
ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི། རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི། རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང།་མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང །
281a
༄#། །གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་ཏེ། བུ་བཙས་ནས་ཤ་སྣག་བུ་ཆེན་པོ་ཞིག་བྱུང་སྟེ། ཕ་མ་དང ། ཁྱིམ་དེ་ན་གནས་པ་གཞན་དག་དང ། གཡོག་འཁོར་དང ། ཉེ་དུ་རྣམས་ཀྱིས་དེ་མཐོང་ནས། འདི་ལྟ་བུ་བཙས་པ་ཅི་ཡིན་ཞེས་མི་དགའ་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་དེ་མྱ་ངན་གྱི་ཁང་བུར་ཞུགས་ཏེ། ལག་པ་ལ་རྐོམ་ཚུགས་བཅས་ནས།་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། འདི་ཅི་ཡིན། སུ་ལ་བསྙད་པར་བྱ་ཤེས་པ་སུ་ཡོད་སྙམ་མོ། །དེ་ནས་དེའི་བློ་སྐྱེས་པ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་ཏེ། དེས་མཁྱེན་ཀྱི། སངས་རྒྱས་བཅོམ་ལྡན་འདས་ལ་བསྙད་པར་བྱའོ་སྙམ་ནས། ད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས །
281b
བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།ཁྱོད་མ་འཇིགས་ཤིག་།མ་འཇིགས་ཤིག་།ཤ་སྣག་བུ་དེ་རས་བལ་ལེགས་པར་རྨེལ་བའི་ནང་དུ་ཆུག་ལ།་ཞག་བདུན་གྱི་བར་དུ་ཉིན་གཅིག་ཀྱང་དུས་གསུམ་གསུམ་དུ་ལག་པ་བྲིམས་ཏེ། འོ་མས་ཀྱང་ཡང་དང ། ཡང་དུ་གཏོར་ཅིག་དང ། དེའི་འོག་ཏུ་རྡོལ་ཏེ། བུ་བརྒྱ་འབྱུང་བར་འགྱུར་ལ། དེ་དག་ཐམས་ཅད་ཚད་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ནས་ཁྱིམ་བདག་དེས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། བསམས་པ། བདག་གིས་བུ་དེ་ལྟ་བུ་དག་འབྱུང་\?\་བར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དེས་དེ་བཞིན་དུ་བྱས་པ་དང ། ཞག་བདུན་ལོན་པ་དང་ཤ་སྣག་བུ་དེ་རྡོལ་ནས་བུ་བརྒྱ་བྱུང་སྟེ། ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་གོ་།དེ་ནས་རེ་ཞིག་ན་མཐར་གྱིས་བསྐྱེད་བསྲིངས་ནས་ཆེར་སྐྱེས་པ་དང ། དེ་དག་ཐམས་ཅད་བྱད་གཟུགས་དང ། ལང་ཚོའི་རྒྱགས་པས་དྲེགས་ཏེ། ཕན་ཚུན་འཁྱམ་པ་ལས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་
282a
༄#། །འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དག་གིས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་དག་གི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཐམས་ཅད་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་དག་ཐམས་ཅད་ཀྱིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་
282b
ནས་གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གཞོན་ནུ་བརྒྱ་པོ་འདི་དག་གིས་ལས་གང་དག་བགྱིས་ན། དེས་སྤུན་དུ་གྱུར་ལ་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་རྣམས་ཀྱི་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང །
283a
༄#། །སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ལྷ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས། མཐོ་རིས་དང ། ཐར་
283b
བར་འགྲོ་བར་གྱུར་རོ། །དེ་ནས་རེ་ཞིག་ན་མཛའ་སྡེ་བོ་བརྒྱ་ཕྱི་རོལ་དུ་བྱུང་བ་དང ། དེ་དག་གིས་མཆོད་རྟེན་དེ་མཐོང་ནས། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་ཏེ། དེ་དག་ཏུ་ལྷན་ཅིག་ཏུ་ཏིལ་མར་སྤོས་ཅན་གྱིས་བྱུགས་ནས། མེ་ཏོག་དང ། མེ་ཏོག་ཕྲེང་དང ། མར་མེ་དབུལ་བ་དག་གིས་ཀྱང་བསྙེན་བཀུར་བྱས་ནས། ལྷན་ཅིག་ཏུ་སྨོན་ལམ་བཏབ་བ། བདག་ཅག་གང་དང ། གང་དུ་སྐྱེས་པ་དེ་དང ། དེར་སྤུན་དུ་གྱུར་ཏེ། ལྷན་ཅིག་ཏུ་ལྟོ་གཅིག་ཁོ་ན་ནས་བྱུང་བར་གྱུར་ཅིག་།ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པ་དང ། བྱད་གཟུགས་དང་ལྡན་པར་གྱུར་ཅིག་།མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་སྡེ་བོར་གྱུར་པ་གང་ཡིན་པ་དེ་དག་ནི་ཚན་པོ་ཆེ་འདི་དག་ཡིན་ཏེ། དེ་དག་གིས་ལྷན་ཅིག་ཏུ་མཆོད་རྟེན་དེ་ལ་བཀུར་སྟི་བྱས་པ་དེས་ན། འདི་ལྟར་ལྷན་ཅིག་ཏུ་སྐྱེས་ཏེ། ཚན་པོ་ཆེའི་སྟོབས་ཀྱི་ཤུགས་ཐོབ་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་གཅིག་ཏུ་མཐུན་པར་རབ་ཏུ་བྱུང་བར་རབ་ཏུ་བྱུང་ནས། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བ་
284a
༄#། །བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། དགེ་སློང་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་བ། བམ་པོ་བཅུ་དྲུག་པ། ཉི་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང།་ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་
284b
དང།་གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་བཅས་པ། ཡུལ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱའི་བུ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ནོར་བུ་རིན་པོ་ཆེ་མགོ་བོ་ལ་ཐོགས་པ་ཞིག་བཙས་ནས། དེ་ལས་ཁོ་ར་ཁོར་ཡུག་ཏུ་ཉི་མའི་འོད་ཟེར་ལྟ་བུ་འཕྲོ་སྟེ། དེའི་སྣང་བས་མཚན་མོ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཁྱབ་པར་གྱུར་པས་ཉིན་མོ་བཞིན་དུ་སྣང་བར་བྱས་སོ། །དེ་ནས་ཕ་མ་དང ། ཁྱིམ་དེ་ན་གནས་པའི་གཡོག་འཁོར་རྣམས་དང ། ཉེ་དུ་རྣམས་དང ། སེར་སྐྱའི་གནས་ན་འཁོད་པའི་ཤཱཀྱ་རྣམས་ཀྱིས་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་དགའ་བས་རྒྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། ཁྱེའུ་འདི་བཙས་མ་ཐག་ཏུ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཉི་མ་བཞིན་དུ་
285a
༄#། །སྣང་བར་བྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ཉི་མ་ཞེས་གདག་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ཉི་མ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། གཏོང་བ་ལ་སྲེད་པ། སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་པ་ལ་མངོན་པར་དགའ་བ། གཏོང་བ་ཆེན་པོ་ལ་གནས་པ་ཞིག་གོ་།དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་ཉི་མ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པ་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས་མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་
285b
སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བདག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེས་ཁྱེའུ་ཉི་མས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་ཏེ། དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས། ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་
286a
༄#། །དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་པར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ་དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་ཚེ་དང་ལྡན་པ་ཉི་མ་བསོད་སྙོམས་ལ་འགྲོ་བ་དེའི་ཚེ་བྲམ་ཟེ་དང ། ཁྱིམ་བདག་མ་དད་པ་རྣམས་འཕྱ་ཞིང་སྨོད་ལ། ལྐོག་འཕྱས་བྱེད་དེ། དེ་འདི་ལྟར་ནོར་བུ་རིན་པོ་ཆེ་མགོ་བོ་ལ་ཐོགས་ནས། ལམ་པོ་ཆེ་དང ། སྲང་དང ། བཞི་མདོ་དང ། སུམ་མདོ་དག་ཏུ་འཁྱམ་པ་ལས་ནི། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པའོ། །བྲམ་ཟེའི་ཚུལ་ནི་ཚིག་པའོ་ཞེས་འཛེར་ཏོ། །དེ་ནས་དེ་ཤིན་ཏུ་ངོ་ཚ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་ནས་བདག་གི་ནོར་བུ་རིན་པོ་ཆེ་མ་མཆིས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ། འདི་ནི་ལས་ལས་སྐྱེས་པ་ཡིན་པས་ན། མེད་པར་བྱར་མི་ནུས་སོ། །དེ་ལྟ་མོད་ཀྱི་ཅི་ནས་དད་པ་དང་ལྡན་པ་
286b
རྣམས་ཀྱིས་ནི་མཐོང་ལ། མ་དད་པ་རྣམས་ཀྱིས་ནི་མི་མཐོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་མཛད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཉི་མས་ལས་གང་དག་བགྱིས་ན། དེས་འདི་ཆེ་བར་གྲགས་པ་དང ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན་ཉི་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་དག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང།་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་ཅུ་རྩ་
287a
༄#། །གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས། མཐོ་རིས་དང ། ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་མཆོད་རྟེན་དེའི་མཆོད་པ་ལ་བབ་པ་ན། བྲམ་ཟེ་དང ། ཁྱིམ་བདག་དད་པ་དང་ལྡན་པ་རྣམས་ཀྱིས་སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་རྣམ་པ་སྣ་ཚོགས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རོལ་མོའི་སྒྲ་རྣམས་
287b
ཀྱིས་མཆོད་པ་བྱེད་དོ། །དེ་ནས་རེ་ཞིག་ན་མི་ཞིག་རྒྱལ་པོ་དང ། རྒྱན་པོས་རྩེས་ནས་སྐུགས་སུ་ནོར་བུ་རིན་པོ་ཆེ་མེ་ཤེལ་ཞིག་ཐོབ་བོ། །དེ་ནས་དེ་དད་པ་སྐྱེས་ནས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་གྱི་ཆར་ཁེབས་ལ་བཏགས་ཏེ། ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་གིས་ཀྱང་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་།ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ཡན་སྤྱི་བོ་ལ་ཐོགས་བཞིན་དུ་མའི་ལྟོ་ནས་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན།་ཆོ་ལོ་ལ་ངོར་སྒྱུ་བྱེད་པ་གང་ཡིན་པ་དེ་ནི་ཉི་མ་འདི་ཉིད་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བཀུར་སྟི་བྱས་པ་དང ། ནོར་བུ་རིན་པོ་ཆེ་རྟགས་པ་དེས་ན།་འདིའི་མགོ་བོ་ལས་ནོར་བུ་རིན་པོ་ཆེ་བྱུང་ལ། རྒྱུ་དེ་ཉིད་ཀྱིས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་
288a
༄#། །གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་འང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གྱད་ཀྱི་བ་དན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང།་དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་
288b
ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ།་གང་གི་ཚེ་ཁྱེའུ་དེ་བཙས་པ་དེའི་ཚེ་ལྷ་རྣམས་ཀྱིས་ཁོ་ར་ཁོར་ཡུག་ནས་ལྷའི་བ་དན་དག་བསྒྲེངས་སོ། །ལྷའི་རོལ་མོའི་ཆ་བྱད་དག་ཀྱང་བརྡུངས་སོ། །ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང།་ཀུ་མུ་ད་དང ། པདྨ་དཀར་པོ་རྣམས་ཀྱིས་ཀྱང་གཏོར་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཐམས་ཅད་དུ་གྲགས་པས་རྒྱས་པར་གྱུར་ཏོ། །ཁྱིམ་ཐམས་ཅད་དུ་ཡང་དེའི་ཕྱིར་བ་དན་བསྒྲེངས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། ཁྱེའུ་འདི་བཙས་པ་ན་འཇིག་
289a
༄#། །རྟེན་ཐམས་ཅད་གྲགས་པས་རྒྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྙན་གྲགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་སྙན་གྲགས་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང།་མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་གྲགས་པར་གྱུར་ཏོ། །དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་གོ་།དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་སྙན་གྲགས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་དང ། དེར་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དགའ་བ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་
289b
བཙལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ཐོས་ནས་ཁྱེའུ་སྙན་གྲགས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་སྦྱིན་ཏེ། དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས། ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པ་འཐོར་བ་དང ། རྣམ་།པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་ཐམས་ཅད་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་
290a
༄#། །བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་གསོལ་བ་བཏབ་སྟེ་ཕུལ་བའི་གོས་སྤྱོད་དེ། གསོལ་བ་བཏབ་སྟེ་ཕུལ་བ་མ་ཡིན་པ་ནི་ཉུང་ངུ་སྤྱོད་དོ། །གསོལ་བ་བཏབ་སྟེ་ཕུལ་བའི་ཟས་དང ། མལ་ཆ་དང ། སྟན་དང ། ནད་གསོས་དང ། སྨན་ཟོང་སྤྱོད་དེ། གསོལ་བ་བཏབ་སྟེ་ཕུལ་བ་མ་ཡིན་པ་ནི་ཉུང་ངུ་སྤྱོད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྙན་གྲགས་ཀྱིས་ལས་གང་དག་བགྱིས་ན། དེས་བཙས་མ་ཐག་ཏུ་ལྷ་རྣམས་ཀྱིས་བ་དན་བསྒྲེངས་ནས། འཇིག་རྟེན་དུ་གྲགས་པས་རྒྱས་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྙན་གྲགས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས། སྙན་གྲགས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་
290b
གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་
291a
༄#། །འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩེགས་ཏེ། དེར་སྲོག་ཆགས་འབུམ་ཕྲག་དུ་མས་བཀུར་སྟི་བྱས་ནས། མཐོ་རིས་དང ། ཐར་པར་འགྲོ་བར་འགྱུར་རོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉེན་ཡོད་ཀྱིས་མཆོད་རྟེན་དེ་ལ་དུས་སྟོན་བྱས་ནས། མཆོད་རྟེན་གྱི་དུས་སྟོན་བྱེད་པ་དེར་གྱད་འགྱེད་པ་རྣམས་ཀྱི་བ་དན་དག་བསྒྲེང་ངོ ། །དེ་ནས་རེ་ཞིག་ན་རྒྱལ་པོའི་གྱད་གཅིག་གིས་གྱད་གཅིག་ནོན་པ་དང ། དེས་གྱད་ཀྱི་བ་དན་ཐོབ་ནས། དེས་དེ་བླངས་ཏེ་སྲོག་ཆགས་འབུམ་ཕྲག་དུ་མའི་འཁོར་དང་བཅས་པ་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ལེན་ཅིང ། བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཡོན་ཏན་དྲན་པར་བྱས་ཏེ། བ་དན་དེ་མཆོད་རྟེན་གྱི་སྟེང་གི་སྲོག་ཤིང་ལ་བཏགས་ནས་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ལྟ་བུ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གྱད་དུ་གྱུར་པ་གང་ཡིན་པ་དེ་ནི་སྙན་གྲགས་
291b
འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བསྙེན་བཀུར་བྱས་པ་དེས་ན། འཁོར་བ་ན་བདེ་བ་མཐའ་ཡས་མྱོང་བར་གྱུར་ལ། རྒྱུ་དེ་ཉིད་ཀྱི་དེ་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པ་རྟོགས་པ་བརྗོད་པ་བརྒྱ་པ་ལས། རྟོགས་པ་བརྗོད་པ་སྣ་ཚོགས་ཞེས་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བརྗོད་པ་བདུན་པ་རྫོགས་སོ།། །།སྡོམ་ནི། འོད་བཟང་མ་དང་རབ་སྡུག་མ། །དཀར་མོ་ཟླ་བ་ཨུཏྤ་ལ། །མཛེས་ལྡན་མ་དང་མུ་ཏིག་དང ། །ཀ་ཙང་ག་ལ་
292a
༄#། །བདེ་བྱེད་མ། །མི་སྡུག་སྡེ་ཚན་བཅད་དེ་བསྟན། །འོད་བཟང་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ།་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་
292b
དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ལྷའི་རྒྱན་གྱིས་ཀླུབས་པ། ནོར་བུ་རིན་པོ་ཆེ་མགུལ་ན་ཐོགས་པ་ཞིག་བཙས་ཏེ། དེ་ལས་འོད་བྱུང་བ་དེས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། བུ་མོ་འདི་བཙས་མ་ཐག་ཏུ་ནོར་བུ་རིན་པོ་ཆེའི་འོད་ཀྱིས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་ན། དེའི་ཕྱིར་བུ་མོ་འདིའི་མིང་འོད་བཟང་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་འོད་བཟང་མ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་དེ། མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དེའང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ་ཞིག་སྟེ། དེ་ལ་སློང་བ་སུ་དང ། སུ་འོངས་
293a
༄#། །ཀྱང་རུང་བ་དེ་དང ། དེ་དག་ལ་མགུལ་ནས་རྒྱན་བཀྲོལ་ཏེ་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་ཡང་རྒྱན་འབྱུང་བར་འགྱུར་རོ། །དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ། རྒྱལ་པོའི་བུ་རྣམས་དང ། བློན་པོའི་བུ་རྣམས་དང ། །ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་འོང་ངོ ། །དེ་ནས་དེ་དག་གིས་གནོད་པར་གྱུར་ནས། དེའི་ཕ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི། གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས་ཁོང་དུ་ཆུད་པ་མཐོང་ནས་སྨྲས་པ། ཡབ། ཅི་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་དེའི་དོན་རྒྱས་པར་བསྙད་དོ། །དེ་ནས་ཕྱིས་བུ་མོ་དེ་ན་རེ། ཡབ། ཐུགས་ངན་མ་མཛད་ཅིག་དང ། ད་སྟེ་ཞག་བདུན་ན་བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་ཚོང་དཔོན་དེས་རྒྱལ་པོ་གསལ་རྒྱལ་ལ་གསོལ་ནས། །མཉན་དུ་ཡོད་པར་དྲིལ་བསྒྲགས་ཏེ། ད་སྟེ་ཞག་བདུན་ན་བུ་མོ་འོད་བཟང་མ་རང་ཉིད་ཁྱིམ་ཐབ་འདམ་པར་ཆད་ཀྱི། ཁྱེད་ཀྱི་བྱ་བ་གང་ཡིན་པ་དེ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང ། བུ་མོ་འོད་བཟང་མ་ཤིང་རྟ་ལ་ཞོན་ཏེ། ཆོས་གོས་ཚོན་ཅན་གྱི་རྒྱལ་མཚན་བསྒྲེང་ནས། སངས་རྒྱས་བཅོམ་ལྡན་འདས་
293b
ཀྱི་སྐུ་གཟུགས་རི་མོར་བྲིས་ཏེ་བསྟོད་པ་འདོན་ཅིང་སྲང་དུ་ཞུགས་སོ། །དེ་ནས་དེར་རྒྱལ་པོའི་བུ་རྣམས་དང ། བློན་པོའི་བུ་རྣམས་དང ། ཚོང་དཔོན་གྱི་བུ་རྣམས་དེ་ལ་ཡིད་སྨོན་བྱེད་ཅིང་ལྟ་བ་དེ་དག་ལ་གཏམ་རྣམ་པ་སྣ་ཚོགས་ཀྱིས་ཤད་ཀྱིས་བྱང་པར་བཤད་དེ། བདག་གིས་ཁྱེད་ལ་གང་གི་སྒོ་ནས་ཀྱང་སྐུ་བརྙས་ནི་མི་འཚལ་ན་ཡོང་ཡེ་བདག་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་པ་ཁོ་ན་བས་སོ། །བདག་ནི་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། དེའི་ཐད་དུ་རབ་ཏུ་འབྱུང་ངོ་ཞེས་བྱས་ནས་དེ་དག་ཕྱིར་ལོག་གོ་།བུ་མོ་འོད་བཟང་མའང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་བ་དང ། བག་ལ་ཉལ་བ་དང ། ཁམས་དང ། རེང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་འོད་བཟང་མས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ ། དེས་བདེན་པ་མཐོང་ནས་མངོན་པར་ཤེས་པའང་བསྒྲུབས་སོ། །དེ་ནས་བུ་མོ་འོད་བཟང་མ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་
294a
༄#། །ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཙུན་པ། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་གདུལ་བར་བྱ་བ་མང་པོ་དག་དེས་འདྲེན་པར་འགྱུར་བར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ། སོང་ལ་འཁོར་རྣམས་ཀྱང་ལྟོས་ཤིག་།དེ་ནས་བུ་མོ་འོད་བཟང་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་བྱུང་སྟེ། མང་པོ་འདུས་པའི་ནང་དུ་སོང་བ་དང ། དེར་སོ་སོ་ནས་བསམས་པ། འདི་མཐུས་དབྲོག་པར་བྱའོ་སྙམ་སྟེ། དེ་དག་གིས་བཟུང་བར་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་དེ་དག་གིས་བསྙེགས་པ་དང ། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ། དེ་ནས་དེ་དག་གིས་ལྷ་དང ། མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་དེ་མཐོང་
294b
ངོ། །མཐོང་ནས་ཀྱང་སྤུ་ཟིང་ཞེས་བྱས་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་བཙལ་ནས་གསོལ་བ་བཏབ་པ། སྲུ། མར་སྤྱོན། སྲུ། མར་སྤྱོན། ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་དོ་ཞེས་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་ནམ་མཁའ་ལས་བབས་ནས། །སྐྱེ་བོ་ཕལ་པོ་ཆེའི་གུང་ལ་འདུག་སྟེ། གང་ཐོས་པས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ། དེས་དེ་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ།་ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་
295a
༄#། །པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འོད་བཟང་མས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། མགུལ་པ་ནས་ཀྱང་ནོར་བུ་རིན་པོ་ཆེ་བྱུང་ལ་རབ་ཏུ་བྱུང་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འོད་བཟང་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འོད་བཟང་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང །
295b
མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་བ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས་རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉན་ཡོད་ཀྱིས་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་
296a
༄#། །ཡོད་པ་ཞིག་བརྩིགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉེན་ཡོད་ཀྱི་བཙུན་མོ་དམ་པ་རྒས་ནས་རྒྱན་རྣམ་པ་སྣ་ཚོགས་ལུས་ལས་བཀྲོལ་ཏེ། མཆོད་རྟེན་དེ་ལ་ཕུལ་ལོ། །དེ་ནས་ཞབས་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན།་བདག་གིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ཡོད་ཀྱི་བཙུན་མོ་དམ་པར་གྱུར་པ་གང་ཡིན་པ་དེ་ནི་འོད་བཟང་མ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་རྣམ་པ་སྣ་ཚོགས་བཏགས་པ་དེ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པར་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་
296b
འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་ལྟ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རབ་སྡུག་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང།་བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང།་གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙན་གསོས་དང ། སྨན་ཟོང་རྣམས་བརྙེས་
297a
༄#། །པ།་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་ན་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་མཉམ་དུ་ཡོད་པ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྙིང་དུ་རབ་ཏུ་སྡུག་མ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། བུ་མོ་འདི་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་རབ་སྡུག་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེའང་ཚེ་རབས་དྲན་ཏེ། བཙས་མ་ཐག་ཏུ་ཚིགས་སུ་བཅད་པས་སྨྲས་པ། སྦྱིན་པ་བྱིན་པ་མང་ཉུང་ཅི་ཡང་རུང ། །ཞིང་གི་ཁྱད་པར་བཞི་ལས་འཕེལ་བར་འགྱུར། །དེའི་ཕྱིར་མཁས་པས་བསྒྲིམས་ཏེ་འཇིག་རྟེན་དུ། །དད་པས་ལྷ་མིའི་དབང་ཕྱུག་སངས་རྒྱས་སྦྱིན། །དེ་ནས་དེའི་ཕ་མ་དང ། གཞན་ཡང ། ཁྱིམ་དེ་ན་གནས་པ་རྣམས་ཀྱིས་ཚིག་བརྗོད་པ་དེ་ཐོས་ནས་སྐྲག་ཅིང་སྡངས་ཏེ། མི་དགའ་བར་གྱུར་ལ། སྐྱི་བུང་ཞེས་བྱེད་ནས་སྨྲས་པ། ཀྱེ་མ། བུ་མོ་འདི་ནི་ཤ་ཟ་མོ་ཞིག་
297b
གོ་།དེས་སྨྲས་པ། ཡུམ། བདག་ནི་ཤ་ཟ་མོའང་མ་ལགས། སྲིན་མོའང་མ་ལགས་ཀྱི། བདག་ནི་བུ་མོ་ལགས་ཏེ། སྦྱིན་པ་དག་སྦྱིན་པར་འཚལ་ལོ། །དེ་ནས་དེའི་མས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བུ་མོ་དེས་འདི་སྐད་མཆིའོ་ཞེས་བསྙད་དོ། །དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ཏེ། དེའི་ཕྱིར་སྦྱིན་པའི་རབས་འདོན་དུ་བཅུག་གོ་།དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ལོ་བདུན་ལོན་པ་དེའི་ཚེ། ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེ་དགེ་སློང་མ་ཐམས་ཅད་ལ་སྡུག་པ་དང ། ཕངས་པ་དང ། སྙིང་དུ་སྡུག་པ་དང ། ཡིད་དུ་འོང་བར་གྱུར་ཏོ། ། རེ་ཞིག་ན། དེའི་ཚེ་མུ་གེའི་བར་གྱི་བསྐལ་པ་དང་འདྲ་བའི་མུ་གེ་ཆེན་པོ་བྱུང་ནས་དེར་སྲོག་ཆགས་འབུམ་ཕྲག་དུ་མ་བཟའ་བ་དང ། བཏུང་བ་མེད་པས་ཤིའོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་སོང་ལ་རབ་སྡུག་མ་ལ། ང་ན་རེ། འཁོར་བཞི་པོ་རྣམས་ལ་ཁྱོད་ཀྱིས་ཟླ་བ་གསུམ་གྱི་བར་དུ་གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ནད་གསོས་དང ། སྨན་ཟོང་རྣམས་ཕུལ་ཅིག་ཅེས་གྱིས་ཤིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རབ་སྡུག་མའི་ཐད་དུ་
298a
༄#། །སོང་ནས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ཀྱིས་འཁོར་བཞི་པོ་རྣམས་ལ་ཟླ་བ་གསུམ་གྱི་བར་དུ་གོས་དང ། ཟས་དང ། མལ་ཆགས་སྟན་དང ། ནད་གསོས་དང ། སྨན་ཟོང་རྣམས་ཕུལ་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་རབ་ཏུ་སྡུག་མས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་མནོས་ནས་བཀའ་བཞིན་འཚལ་ཞེས་སྨྲས་སོ། །དེ་ནས་རབ་སྡུག་མ་སྤྱོད་ཡུལ་གྱི་གྲོང་བལྟ་བའི་ཕྱིར་མཉན་དུ་ཡོད་པར་ཆས་སོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཏམ་དེ་ཐོས་ནས་ཤིན་ཏུ་རིངས་པར་རབ་སྡུག་མའི་མདུན་དུ་སོང་སྟེ། སྨྲས་པ། རབ་སྡུག་མ། གར་འགྲོ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་གསུམ་གྱི་བར་དུ་ཞལ་ཏ་བའི་ལས་བྱེད་པར་བསྐོས་སོ། །མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ཁྱོད་ཀྱི་དེ་དག་ཐམས་ཅད་བདག་གིས་སྦྱར་གྱི། ཁྱོད་ཀྱིས་བྱ་མ་དགོས་སོ། །རབ་སྡུག་མས་སྨྲས་པ། གལ་ཏེ། ཡབ་བདེན་པ་མཐོང་བ་ལགས་སོ། སའི་འོག་ཐོག་ཐག་ཏུ་སྦས་པའི་གཏེར་རྣམས་ཀྱང་མངོན་དུ་གཟིགས་ན་སྦྱར་བ་འདི་ལ་ངོ་མཚར་ཆེ་བ་ཅི་མཆིས། འོན་ཀྱང་བདག་ནི་སྐྱེ་བོ་དབུལ་པོ་ལ་ཕན་གདགས་པའི་སླད་དུ་ཞལ་ཏ་བགྱིད་དོ། །དེ་བཞིན་དུ་དགེ་བསྙེན་ལྔ་བརྒྱ་དང ། བཙུན་
298b
མོ་ཕྲེང་རྒྱུད་མ་དང ། རྒྱལ་རིགས་ཀྱི་བུ་མོ་དབྱར་ཚུལ་མ་དང ། བཙུན་མོ་འཁོར་གྱི་བླ་བྲང་སྲོང་སྦྱིན་དང ། གནའ་མི་དང ། རི་དྭགས་འཛིན་གྱི་མ་ས་ག་དང ། རྒྱལ་པོ་གསལ་རྒྱལ་རྣམས་ཀྱིས་ཀྱང་སྐབས་ཕྱེ་སྟེ། ཁྱོད་ཀྱིས་བྱ་མི་དགོས་སོ་ཞེས་བྱས་སོ། །དེ་ནས་ནགས་ཁུང་དུ་སོང་ནས་དེར་མི་ཡིན་པ་མིའི་ཆ་ལུགས་ཅན་དག་གིས་ཀྱང་སྐབས་ཕྱེའོ། །དེ་ལྟར་སྐབས་ཕྱེ་ནས་ཀྱང ། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །དེས་ཟླ་བ་གསུམ་པོ་དེ་ཉིད་ཀྱི་སྐབས་སུ་བརྩོན་པ་དང ། བསྒྲུབ་བ་དང ། འབད་བས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་དང ། ཙནྡན་སྤངས་བ་ལྟ་བུར་བསིལ་
299a
༄#། །བར་གྱུར་བ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཟླ་བ་གསུམ་འདས་པ་དང ། ཆོས་གོས་མཛད་དེ། ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་ཏུ་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་ཆས་ཏེ་གཤེགས་སོ། །དེ་ནས་རབ་སྡུག་མས་བཅོམ་ལྡན་འདས་དང་ལམ་དུ་ཕྲད་ནས། འོ་བརྒྱལ་མི་འཚལ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་ནགས་ཁུང་ཆུ་དང་ལྡན་པ་ཞིག་ཏུ་ཕྱིན་ནས་དྲོལ་བབ་ན་རྒྱགས་ཀྱང་མེད་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པར་གསོལ་ཏོ། །དེ་ནས་ལྷུང་བཟེད་ལག་པ་གཡོན་པ་ལ་བཞག་སྟེ། ཚིག་ཏུ་སྨྲས་པ། གལ་ཏེ་བསོད་ནམས་དག་གི་རྣམ་པར་སྨིན་པ་ཡོད་ཅེ་ན། བདག་གི་ལྷུང་བཟེད་བཟའ་བ་དང ། བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ལྷས་ལྷའི་བདུད་
299b
རྩིས་བཀང་ངོ ། །དེ་ནས་རབ་སྡུག་གིས་གྲལ་རིམས་བཞིན་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་རྣམས་ཞལ་ཟས་ཀྱིས་བཀང་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ངའི་ཉན་ཀྱི་དགེ་སློང་མ་བསོད་ནམས་བྱས་པ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་མ་རབ་སྡུག་མ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅུན་པ། རབ་སྡུག་མས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། སྐྱེ་བོ་ཐམས་ཅད་ཀྱི་བཀུར་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རབ་སྡུག་ཉིད་ཀྱིས་སྔོན་ཆེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རབ་སྡུག་མ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱེ་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་
300a
༄#། །ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་རིང་བྱས་ཏེ། མདུན་དུ་བདར་ནས་ཝཱ་ར་ཎཱ་སིར་བསོད་སྙོམས་ལ་གཤེགས་པ་དང ། རེ་ཞིག་ན་ཚོང་དཔོན་ཞིག་གཡོག་འཁོར་དང་
300b
བཅས་ཏེ་སྐྱེད་མོས་ཚལ་དུ་སོང་ནས་བཟའ་བ་དང ། བཅའ་བ་མང་པོ་དག་ཀྱང་ཁྱེར་རོ། །དེ་ནས་རེ་ཞིག་ན་དེའི་མངག་གཞུག་མ་བུ་མོ་ཞིག་འབྲས་ཆན་གྱི་གཟེབ་ཁྱེར་ཏེ། ཇོ་བོའི་ཕྱི་བཞིན་དུ་འགྲོ་བ་ལས་བུ་མོ་མངག་གཞུག་མ་དེས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལམ་ཁར་མཐོང་ནས། དེ་དགའ་བར་གྱུར་ཏེ་བློ་སྐྱེས་པ། བདག་ལ་རྗེ་བོས་ལན་གཉིས་སུ་བྲན་མོར་བྱར་ཅི་ཡོད་ཀྱི། བདག་གིས་བཅོམ་ལྡན་འདས་བཤོས་གསོལ་གོར་མ་ཆག་སྙམ་མོ། །དེ་ནས་དེས་གསད་པ་དང ། བཅིང་བ་དང།་བརྡེག་པ་དང ། བསྡོས་ནས་འབྲས་ཆན་གྱི་གཟེབ་ཕྱེ་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞལ་ཟས་སྣ་ཚོགས་ཀྱིས་ཚིམ་པར་བྱས་སོ། །དེ་ནས་ཚོད་དཔོན་གྱི་ཐད་དུ་སོང་བ་དང ། རེ་ཞིག་ན་ཚོང་དཔོན་གྱི་བུ་མོ་འབྲས་ཆན་གྱི་གཟེབ་དེ་ག་རེ་ཞེས་དྲིས་སོ། །དེས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཞལ་ཟས་ཕུལ་ལོ་ཞེས་བྱས་པ་དང ། ཚོང་དཔོན་གྱིས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་སྨྲས་པ། བུ་མོ། ཁྱོད་དང་ཕྱིན་ཆད་ཕྲན་མོ་ལས་ཕྱུང་གི་སོང་ཞིག་།ཁྱོད་ཀྱིས་བདག་གཉིད་ཀྱིས་ལོག་པ་ན་མེལ་ཚེ་བྱས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་
301a
༄#། །དེ་ཐལ་མོ་སྦྱར་ཏེ། ཁྱིམ་བདག་ལ་གསོལ་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་དེས་ལྷུང་བཟེད་དང་ཆོས་གོས་ཀྱང་བྱིན་ནས། དེ་རྗེ་བོས་བྱིན་པའི་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་ལོ་དགུ་སྟོང་གི་བར་དུ་ཞལ་ཏ་པའི་ལས་བྱས་ཏེ། འབྲས་ཆན་དང ། སྐྱོ་མ་དང ། ཐུག་པ་བཏུང་བ་དང ། རྟག་རེས་འཁོར་དང།་མགྲོན་དུ་བོད་པ་དང ། མར་མེའི་ཕྲེང་བ་དང ། ཆོས་གོས་སྲ་བརྐྱང་རྣམས་དང ། སྦྱིན་པ་དང ། རབ་ཏུ་སྦྱིན་པ་རྣམས་ཀྱང་ཕུལ་ཏེ། སྨོན་ལམ་བཏབ་པ། བདག་གིས་དཀའ་བས་བསྒྲུབས་ཏེ། བཅོམ་ལྡན་འདས་འོད་སྲུང་ལ་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་ཕུལ་བའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་རབ་ལ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་མངག་བཞུག་མར་གྱུར་པ་གང་ཡིན་པ་དེ་ནི་རབ་སྡུག་མ་འདི་ཡིན་ཏེ། དེས་བཅོམ་
301b
ལྡན་འདས་འོད་སྲུང་ལ་ཞལ་ཟས་ཕུལ་བ་དེས་ན་ཕྱུག་པོའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བར་གྱུར་ཏོ། ། སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དཀར་མོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་
302a
༄#། །སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས་བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བསྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཤཱཀྱ་རྣམས་ཀྱི་ནང་ན། ཤཱཀྱ་སྣར་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། །རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་གཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱད་དོ། །དེ་དེ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུའང་མེད། བུ་མོའང་མེད་དེ། ལག་པ་ལ་རྐོམ་ཚུགས་བཅས་ནས་བསམས་པ། བདག་གི་ཁྱིམ་ནོར་དུ་མ་དང་
302b
ལྡན་དུ་ཟིན་ཀྱང ། བདག་ལ་བུའང་མེད། བུ་མོའང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་དགེ་སྦྱོང་དང ། བྲམ་ཟེ་དང ། ལྷས་མཁན་དང ། མཛའ་བོ་དང ། གཉེན་དང ། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པས་གུ་ལང་དང ། ཆུ་ལྷ་དང ། ཀུ་བེར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པའི་ལྷ་དང ། ཆོས་མཐུན་པ་དང ། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་ཡོད་མོད་ཀྱི། དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་པའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་
303a
༄#། །འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང།་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་ནས། དེས་ཁྱིམ་ཐབ་ལ་སྦྲན་ཏོ། །དེ་ནས་ཁྱིམ་ཐབ་གྱིས་སྨྲས་པ། བཟང་མོ། གལ་ཏེ་ཁྱེའུ་ཞིག་བཙས་ན་ནི་ལེགས། དེ་མ་ཡིན་ཏེ་བུ་མོ་ཞིག་བཙས་ན་ནི། དེ་ཉིད་དང་བཅས་ཏེ་ཁྱོད་ཁྱིམ་ནས་བསྐྲད་དེ་གཏོང་ངོ ། །དེ་ནས་རེ་ཞིག་ན་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ། གོས་དཀར་པོ་གྱོན་པ་མངལ་གྱི་དྲི་མས་མ་གོས་པ་ཞིག་བཙས་སོ། །དེ་ནས་རེ་ཞིག་ན་ཤཱཀྱ་སྣར་མས་ཁྱོད་ཀྱི་ཆུང་མ་ལ་བུ་བྱུང་སྟེ། བུ་མོ་ཞིག་བཙས་སོ། །ཞེས་ཐོས་པ་དང ། དེ་ཁྲོས་ཏེ་ནང་དུ་སོང་ངོ ། །དེ་ནས་དེའི་ཆུང་མས་ལྷའི་གོས་གྱོན་པའི་བུ་མོ་ཕུལ་ལོ། །དེ་ནས་ཤཱཀྱ་སྣར་མས་བུ་མོ་མཐོང་ནས། མཆོག་ཏུ་ཡ་མཚན་དུ་གྱུར་ནས། དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོའི་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་
303b
པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་གོས་དཀར་པོ་གྱོན་བཞིན་དུ་བཙས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་དཀར་མོར་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་དཀར་མོ་པང་ན་འཚོ་བའི་མ་མ་གཉིས་དང ། ནུམ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང།་ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དཀར་མོ་ཇི་ཙམ་དུ་སྐྱེ་བ་དེ་ཙམ་དུ་གོས་དེ་དག་ཀྱང་སྐྱེ་སྟེ། དྲི་མ་ཅན་དུའང་མི་འགྱུར་ལ། དེའི་ལུས་ལའང་དྲི་མས་གོས་པར་མི་འགྱུར་རོ། །དེ་ནས་གང་གི་ཚེ་བུ་མོ་དཀར་མོ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ། རྒྱལ་པོའི་བུ་རྣམས་དང ། ཚོང་དཔོན་གྱི་བུ་མང་པོ་དེ་དག་དེ་སློང་དུ་འོང་ངོ ། །དེ་ནས་དེ་དག་གིས་གནོད་པར་གྱུར་ནས།་དེའི་ཕ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ ། དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས་ཁོང་དུ་ཆུད་ཅིང་འདུག་པ་མཐོང་ནས་སྨྲས་པ། ཡབ། ཅི་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེ་ནས་དེའི་དོན་རྒྱས་བར་
304a
༄#། །བསྙད་དོ། །དེ་ནས་བུ་མོ་ན་རེ། ཡབ། ཐུགས་ངན་མ་མཛད་ཅིག་།བདག་ནི་འདོད་པ་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གི་།ཡབ་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་རེ་ཞིག་ན་དེས་ཕ་མ་གཉིས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། གོས་གང་དག་གྱོན་ཏེ་བཙས་པ་དེ་དག་ཉིད་ཆོས་གོས་ལྔ་ཚང་བར་གྱུར་ཏོ། །དེ་ནས་དེས་བརྩོན་པ་དང ། སྦྱོར་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་
304b
སྟི་ལ་མི་བལྟ་བ། དབང་པོ་དང ། ཉེ་དབང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དཀར་མོས་ལས་གང་དག་བགྱིས་ན་དེ་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། གོས་དཀར་མོ་གྱོན་པ་དང ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། །དཀར་མོ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དཀར་མོ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམས་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པ་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །
305a
༄#། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན།་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་ཆུང་མ་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ་ཞིག་འདུག་པ་དོན་ཞིག་ལ་དྲང་སྲོང་སྨྲ་བར་སོང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་
305b
ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ནས་དེས་དད་པ་རྙེད་དེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ནས། དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་ལོ། །དེ་ནས་མཐར་གྱིས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེས་དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་བ་དེས་ན། གོས་དཀར་པོ་གྱོན་བཞིན་དུ་བཙས་སོ། །ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་
306a
༄#། །ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་བདུན་པ། ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཕྱུག་ཅིང་ནོར་མངལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡང་ཤིང་རྒྱ་ཆེ་བ།
306b
རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ཡང་རིག་བྱེད་གསུམ་གྱི་མཐར་ཕྱིན་ཏེ། མིང་གི་རྣམ་གྲངས་དང ། ཤེས་གསལ་དང་བཅས་པ་དང ། ཡི་གེའི་རབ་ཏུ་དབྱེ་བ་དང ། ལྔ་པ་སྟེ། གཏམ་རྒྱུད་དང་བཅས་པ་རྣམས་ཚིག་རེ་རེ་ནས་བརྡའ་སྤྲོད་ནུས་པ་ཞིག་གོ་།དེ་ནས་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ། བྲམ་ཟེའི་སྔགས་འདོན་པའི་སློབ་དཔོན་བྱེད་དོ། །དེ་ནས་དེས་བུ་དགོས་པའི་ཕྱིར་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་གཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ཡན་ལག་དང ། ཉིད་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། །ཉེ་དུ་རྣམས་ན་རེ། བདག་ཅག་གི་བུ་ཚ་ཕལ་ཆེ་ཟླ་བ་ཞེས་འདོགས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་ཟླ་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཟླ་བ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་
307a
༄#། །མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏེ། །དེ་ནས་བུ་མོ་ཟླ་བ་མཐར་གྱིས་ཆེན་མོར་གྱུར་པ་དང ། དེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང ། བྱ་བ་ལ་མཁས་པ་དང ། དྲན་པ་དང་ལྡན་པ་དང ། ཐོས་པ་འཛིན་པ་གྱུར་ཏོ། །དེ་ནས་རེ་ཞིག་ན་དེའི་ཕ་བྲམ་ཟེའི་ཁྱེའུ་རྣམས་ལ་སྔགས་སློབ་པ་ན་དེས་ཐོས་པ་ཙམ་གྱིས་ལོབས་སོ། །ཐོས་ནས་ཀྱང་བསྟན་ཆོས་དེ་དག་ལྟག་འོག་ནང་སྦྱོར་ཞིང་འཆད་ནུས་སོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་ཐམས་ཅད་རྒྱས་པར་གྱུར་ཏོ། །མུ་སྟེགས་ཅན་དག་ཀྱང་ཉིན་གཅིག་བཞིན་དུ་དེ་ལ་བལྟ་བའི་ཕྱིར་འོངས་ཏེ། དེ་དང་ལྷན་ཅིག་ཏུ་གཏན་ལ་འབེབས་པར་བྱེད་དོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་མཉན་དུ་ཡོད་པར་གཤེགས་ནས། མཁས་པ་རྣམས་དང ། མཁས་པར་བགྲང་བ་དེ་དག་ལས་ཕལ་ཆེར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དེར་དོང་བར་བྱེད་དོ། །དེ་ནས་དེ་དག་མི་སྣང་ནས་ནང་མི་རྣམས་ལ་སྨྲས་པ། ཀྱེ།་ཅིའི་ཕྱིར་ད་བསྟན་བཅོས་
307b
ཤེས་པ་དག་མི་འོང་བ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཤཱཀྱ་ཐུབ་པ་འདིར་གཤེགས་ཏེ། དེ་དག་ཐམས་ཅད་དེ་ལ་གཞོལ་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་བྱུང་བ་ཐོས་ནས། དེ་སྤུ་ཐམས་ཅད་ཟིང་ཞེས་བྱས་སོ། །དེ་ནས་བུ་མོ་ཟླ་བས་སངས་རྒྱས་ཞེས་བྱ་བའི་སྒྲ་ཐོས་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་བ་ནས། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་ཟླ་བའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་དུ་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་ཟླ་བས་འཇིག་ཚོགས་ལ་ལྔ་པའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྐྱེ་དགུའི་
308a
༄#། །བདག་མོ་ཆེན་མོའི་ཐད་དུ་རབ་ཏུ་བྱུང་ངོ ། །དེ་ནས་དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་པར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་དང ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང།་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ།་དགེ་སློང་དག་།ཁྱེད་ཅག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་བའི་མདོ་བཤད་པ་གདོན་པར་གྱིས་ཤིག་།ཅེས་བཀའ་སྩལ་པ་དང ། དེའི་ཚེ་སྐྱེ་དགུའི་བདག་མོ་
308b
ཆེན་མོས་གསོལ་པ། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། བདེ་བར་གཤེགས་པས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དགེ་སློང་མ་ལ་ཚིག་རེ་རེ་ནས་ཆོས་ཀྱི་ལུང་དབོག་པར་མི་མཛད་དེ། གལ་ཏེ་ཁྱེད་ལས་ལན་གཅིག་སྨྲས་པས་འཛིན་ནུས་པ་འགའ་ཞིག་ཡོད་ན་ནི། ངས་ལུང་དབོག་གོ་།དེ་ནས་དེའི་ཚེ་དགེ་སློང་མ་ཟླ་བ་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ་།དེ་ནས་དགེ་སློང་མ་ཟླ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལན་གཅིག་བཀའ་སྩལ་པས་བདག་གིས་བཟུང་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་མདོ་ལུང་དབོག་ཏུ་གསོལ། བདེ་བར་གཤེགས་པས་སོ་སོར་ཐར་བའི་མདོ་ལུང་དབོག་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱས་པར་ལུང་དབོག་པར་མཛད་ནས། ལན་གཅིག་བཀའ་སྩལ་པས་དགེ་སློང་མ་ཟླ་བས་ལོབས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ངའི་ཉན་ཐོས་ཀྱི་དགེ་སློང་མ་མང་དུ་ཐོས་པ་རྣམས་དང ། ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ནི། འདི་ལྟ་
309a
༄#། །སྟེ།་དགེ་སློང་མ་ཟླ་བ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ།་དགེ་སློང་མ་ཟླ་བས་ལས་གང་དག་བགྱིས་ཤིང་བསགས་པ་དེས་ན་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། ཐོས་པ་འཛིན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཟླ་བ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཟླ་བ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་
309b
སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོང་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་བྲམ་ཟེའི་བུ་མོ་ཞིག་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེས་དེ་ལ་ལུང་མནོས་ཏེ་བསླབས་ནས་ཁ་ཏོན་བྱས་ཏེ་ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང ། གནས་དང ། གནས་མ་ཡིན་པ་ལ་མཁས་པར་བྱས་སོ། །མཐར་ཐུག་པའི་ཡེ་ཤེས་ནི་སྐྱེད་མ་ནུས་སོ། །དེ་མཁན་མོ་གང་ལས་རབ་ཏུ་བྱུང་བ་དེ་ནི། བཅོམ་ལྡན་འདས་འོད་སྲུང་གི་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་མ་དེ་འཆི་བའི་ཚེ་སྨོན་ལམ་བཏབ་པ། ཇི་ལྟར་བདག་གིས་མཁན་མོ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་མ་འོངས་པའི་དུས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་
310a
༄#། །དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པའི་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདག་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོར་གྱུར་བ་གང་ཡིན་པ་དེ་ནི་དགེ་སློང་མ་ཟླ་བ་འདི་ཡིན་ཏེ། དེས་སྨོན་ལམ་བཏབ་པ་དེས་ན། ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ལུང་མནོས་ཏེ་བསླབས་ནས་ཁ་དོན་དུ་བྱས་པ་དེ་ནི། ད་ལྟར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་པས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་
310b
རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ུཏྤ་ལ་ཞེས་བྱ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང།་གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན། ཀླུའི་རྒྱལ་པོ་རི་བོ་དང ། ཡིད་འོང་གཉིས་ཕྲད་པ་ཞེས་བྱ་བའི་
311a
༄#། །དུས་སྟོན་བྱུང་སྟེ། དེར་གྲོང་ཁྱེར་ཆེན་པོ་དྲུག་པོ་ཐམས་ཅད་ནས་སྐྱེ་བོ་མང་པོ་འདུའོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་ཟློས་གར་མཁན་གྱི་སློབ་དཔོན་ཞིག་འོངས་པ་དེའི་བུ་མོ་ཨུཏྤ་ལ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ། ལང་ཚོ་དང ། ནད་མེད་པའི་རྒྱགས་པས་དྲེགས་པ་ཞིག་ཡོད་དེ། དེ་གང་གི་ཚེ་ལྟད་མོ་པའི་ནང་དུ་འོངས་པ་དེའི་ཚེ། ལྟད་མོ་བ་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ཅིང་ལྟ་བར་བྱེད་དོ། །གང་སོ་སོར་རྟོག་པའི་ཤས་ཆུང་བ་དེ་དག་གིའང་ཡིད་འཕྲོག་པར་བྱེད་དོ། །དེར་གང་གི་ཚེ་དུས་སྟོན་བྱུང་བ་དེའི་ཚེ། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ཀྱང་འོང་ངོ ། །དེ་ནས་བུ་མོ་ཨུཏྤ་ལས་སྐྱེ་བོ་མང་པོ་ལ་སྨྲས་པ། ཀྱེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་མིར་གྱུར་པའི་ནང་ན་བདག་དང་བྱད་གཟུགས་ཀྱིས་མཉམ་པའམ། ཁྱད་པར་དུ་འཕགས་པ་དེ་ལྟ་བུ་འགའ་ལྟ་ཡོད་དམ། སྐྱེ་བོ་མང་པོས་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་འཁོར་དང་བཅས་པ་ཡོད་དོ། །ུཏྤ་ལས་སྨྲས་པ། ཅི་དེ་མི་ཡིན་ནམ། འོན་ཏེ་ལྷ་ཡིན། སྐྱེ་བོ་མང་པོས་སྨྲས་པ། མི་ནི་ཡིན་མོད་ཀྱི། དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །དེ་ནས་ཚིག་དེ་ཐོས་ནས། ཨུཏྤ་ལ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ། བཅོམ་ལྡན་འདས་ཀྱི་ཐད་
311b
དུ་སོང་ངོ ། །སོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འདུག་སྟེ། གར་བྱེད་ཅིང་གླུ་ལེན་ལ་རོལ་མོ་བྱེད་དོ། །བུད་མེད་ཀྱི་མཚན་མ་རྣམས་དང ། བུད་མེད་ཀྱི་རྟགས་རྣམས་དང ། བུད་མེད་ཀྱི་བརྡ་རྣམས་དང ། བུད་མེད་ཀྱི་རྩེད་མོ་རྣམས་ཀྱང་སྟོན་པར་བྱེད་དོ། །དེར་དགེ་སློང་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་དག་ནི་དེས་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་གདུལ་བ་དང ། ུཏྤ་ལའི་བྱད་གཟུགས་དང ། ལང་ཚོས་རྒྱགས་པ་བསལ་བའི་ཕྱིར། རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་གིས་ཨུཏྤ་ལ་རྒས་ཤིང་འཁོགས་ལ་མགོ་སྐྱ་བ་དང ། སོ་རྟོ་ཞིང་ཕྱམ་དགུ་པོ་ལྟར་སྒུར་བུར་འགྱུར་བ་དེ་ལྟ་བུར་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་དེ་ལྟར་སྤྲུལ་པའི་མོད་ལ་ཨུཏྤ་ལས་བདག་ཉིད་མི་སྡུག་པར་མཐོང་ནས། བྱད་གཟུགས་དང ། ལང་ཚོས་རྒྱགས་པ་དེ་མེད་པར་གྱུར་ཏོ། །དགེ་སློང་འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ཀྱང་སྐྱོ་བར་གྱུར་ཏོ། །དེ་ནས་ཨུཏྤ་ལ་རྒྱགས་པ་མེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱིས་བདག་ཅི་ནས་རང་ཅན་ཀྱི་ལུས་འདི་ལས་ཚེགས་ཆུང་དུས་ཡོངས་སུ་
312a
༄#། །གྲོལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཨུཏྤ་ལ་དང ། དགེ་སློང་འདོད་ཆགས་དང་མ་བྲལ་བ་དེ་དག་གི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁ་ཅིག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ།་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ུཏྤ་ལ་ཡང་དད་པ་རྙེད་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་པ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་
312b
དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ།་སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ་དང ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །ཟློས་གར་མཁན་དེ་དག་ཀྱང་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཟློས་གར་མཁན་གྱི་བུ་མོ་ཨུཏྤ་ལ་བྱད་གཟུགས་དང།་ལང་ཚོས་རྒྱགས་པ་ལས་རྒ་བས་སྐྱོ་བར་མཛད་ནས་གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པའི་བར་དག་ཏུ་བཞག་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་
313a
༄#། །བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་དང ། ཤེས་བྱ་ཐམས་ཅད་ལ་དབང་ཐོབ་ཟིན་པའི་ཚེ་བུ་མོ་ཨུཏྤ་ལ་བྱད་གཟུགས་དང ། ལང་ཚོའི་རྒྱགས་པས་དྲེགས་པ་ལས་རྒ་བས་སྐྱོ་བར་བྱས་ནས། གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པའི་བར་དུ་བཞག་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད་དེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞེ་སྡང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ནའང ། ངས་བུ་མོ་ཨུཏྤ་ལ་རྒ་བས་སྐྱེ་བར་བྱས་ནས་བརྟུལ་ཞུགས་ཀྱི་གནས་ལྔ་ལ་བཞག་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཞུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་
313b
པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། ། དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོང་པ་ལས་ཕྱིས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་ངམ། དགུན་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ།་མདོག་བཟང་བ། གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདིའི་ཡབ་ཡུལ་ཀ་ཤིའི་རྒྱལ་པོ་ཡིན་ལ་འདིའང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ཀ་ཤི་མཛེས་ལྡན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ཀ་ཤི་མཛེས་ལྡན་པང་ན་འཚོ་བའི་མ་མ་གཉིས་དང ། ནུམ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་
314a
༄#། །བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། །དེ་ནས་དེ་རྒྱལ་པོ་བྱེད་པ་ནི་ཉེས་པ་དུ་མ་དང་ལྡན་ཞིང་གནོད་པ་དུ་མའི་རྩ་བ་ཡིན་པར་རིག་ནས། དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ ། །དེ་ཡང་གངས་ཀྱི་སུལ་ཞིག་ན་གནས་ཏེ་འབྲས་བུ་དང ། རྩ་བ་དང ། ཆུས་འཚོ་ཞིང ། རི་དྭགས་ཀྱི་གཡང་གཞི་དང ། ཤིང་ཤུན་གྱོན་ལ་མེའི་སྦྱིན་སྲེག་བྱེད་དོ། །ཕྱིས་རེ་ཞིག་ན་འབྲས་བུ་དང ། རྩ་བའི་ཕྱིར་རིའི་སུལ་ཞིག་ཏུ་སོང་བ་དང ། རེ་ཞིག་ན་དེར་མའི་མ་ཅིའི་བུ་མོ་ཞིག་གིས་དྲང་སྲོང་གཞོན་ནུ་དེ་མཐོང་ནས་ཆགས་པར་གྱུར་ཏེ། གར་བྱེད་ཅིང་གླུ་ལེན་ལ་རོལ་མོ་བྱེད་དོ། །བུད་མེད་ཀྱི་མཚན་མ་རྣམས་དང ། བུད་མེད་ཀྱི་རྟགས་རྣམས་དང ། བུད་མེད་ཀྱི་རྩེད་མོ་རྣམས་ཀྱང་སྟོན་པར་བྱེད་དོ། །དེ་ནས་རེ་ཞིག་ན་དྲང་སྲོང་ཀ་ཤི་མཛེས་ལྡན་གྱིས་བུ་མོ་དེ་ལ་ཆོས་བཤད་དེ། ཆེ་ཞེ། ཁྱོད་རྒས་ཏེ་ཁྱོད་ཀྱི་ང་རོ་དང་པོ་ནི་སྙན་ཅིང་མཉེན་ལ་མཇུག་ནི་ར་ར་བོར་གྱུར་ཏོ་ཞེས་བྱས་སོ། །དེ་ནས་དེས་ཆོས་དེ་ལྟ་
314b
བུ་བསྟན་ཏེ། དེ་ཐོས་ནས་མིའམ་ཅིའི་བུ་མོའི་བྱད་གཟུགས་ཀྱི་རྒྱགས་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་དད་པ་སྐྱེས་ནས་སྨོན་ལམ་བཏབ་པ་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། བདག་ཁྱོད་ཀྱི་སློབ་མར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །མིའམ་ཅིའི་བུ་མོ་དེ་ནི་ཨུཏྤ་ལ་འདི་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཨུཏྤ་ལས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་པ་ལགས། ལས་གང་དག་བགྱིས་ན། དེས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ུཏྤ་ལ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསག་པ་ན། ཨུཏྤ་ལ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང །
315a
༄#། །རླུང་གི་ཁམས་ལ་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་མཛེས་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་ཟློས་གར་མཁན་གྱི་སློབ་དཔོན་ཞིག་འོངས་སོ། །དེར་གང་གི་ཚེ་རྒྱལ་པོ་མཛེས་པ་བཅོམ་ལྡན་འདས་ཀྱིས་བདེན་པ་མཐོང་བར་མཛད་པ་དེའི་ཚེ་ཟློས་གར་མཁན་གྱི་སློབ་དཔོན་ལ་བསྒོ་བ། ངའི་མདུན་དུ་སངས་རྒྱས་ཀྱི་ཟློས་གར་གྱི་གར་ཐབས་གྱིས་ཤིག་ཅེས་བྱས་ནས། དེ་དག་གིས་རྒྱལ་པོ་དེའི་བཀའ་སྤྱི་བོས་མ་ནོས་ཏེ། ལྷ། བཀའ་བཞིན་འཚལ་ལོ་ཞེས་བྱས་སོ།།
315b
དེ་ནས་སངས་རྒྱས་ཀྱི་ཟློས་གར་སྦྱར་ཏེ། ལེགས་པར་སྦྱངས་ནས། རྒྱལ་པོའི་བློན་པོའི་ཚོགས་དང་བཅས་པའི་མདུན་དུ་ཟློས་གར་གྱི་གར་ཐབས་བྱས་སོ། །དེ་ནས་དེ་ཟློས་གར་མཁན་གྱི་སློབ་དཔོན་ཉིད་ནི་སངས་རྒྱས་ཀྱི་ཆ་ལུགས་ཀྱིས་ནང་དུ་འོངས་སོ། །ཟློས་གར་མཁན་གཞན་རྣམས་ནི། དགེ་སློང་གི་ཆ་ལུགས་ཀྱིས་ནང་དུ་འོངས་སོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས། ཟློས་གར་མཁན་གྱི་སློབ་དཔོན་ལ་སོགས་པ་ཟློས་གར་མཁན་གྱི་ཚོགས་རྣམས་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །དེ་ནས་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་སྦྱིན་ནས་ཡང་དག་པའི་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་ཅག་ཀྱང་མ་འོངས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་།ཅེས་བྱས་སོ། །དགེ་སློང་དང་།ཇི་སྙམ་དུ་སེམས། ཟློས་གར་མཁན་གང་ཡིན་པ་དེ་དག་ནི་ཨུཏྤ་ལ་སོགས་པ་འདི་དག་ཡིན་ཏེ། འདི་དག་གིས་དེར་སྨོན་ལམ་བཏབ་པ་དེས་ན། ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་ཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་
316a
༄#། །ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེན་མར་གྱུར་ཏོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཛེས་ལྡན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་
316b
སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་བྱིན་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་པ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། བུ་མོ་འདི་ཀ་
317a
༄#། །ཤིའི་རྒྱལ་པོའི་བུ་མོ་ཡིན་ལ་བྱད་གཟུགས་ཀྱང་བཟང་བས་དེའི་ཕྱིར་བུ་མོ་འདིའི་མིང་ཀ་ཤི་མཛེས་ལྡན་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཀ་ཤི་མཛེས་ལྡན་མ་ཕང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས་དེ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་སྐྱེད་སྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་བུ་མོ་ཀ་ཤི་མཛེས་ལྡན་མ་ཆེན་མོར་གྱུར་པ་དེའི་ཚེ་ཉི་འོག་གི་རྒྱལ་པོ་དྲུག་གིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་བཙས་ཞེས་བདག་གིས་ཐོས་ཀྱི། གཞན་ལ་མི་སྦྱིན་པར་བདག་གི་བུ་ལ་བྱིན་ཅིག་ཅེས་སྤྲིང་ངོ ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་མྱ་ངན་གྱི་ཁང་བུར་བཞུགས་ནས།་ལག་པ་ལ་རྐོམ་ཚུགས་བཙས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་ནི་བདག་གི་དགྲར་འགྱུར་རོ་སྙམ་ནས། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་རེ་ཞིག་ན་བུ་མོ་ཀ་ཤི་མཛེས་ལྡན་མ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་ཕའི་ཐད་དུ་སོང་བ་དང ། དེས་ཕ་མྱ་ངན་གྱིས་ནོན་པ་མཐོང་ནས་བྲིས་པ། ཡབ་ཅིའི་སླད་དུ་མྱ་ངན་མཛད། །དེ་
317b
ནས་ཕས་ཀྱང་དེ་ལ་ཇི་ལྟར་གྱུར་པ་བསྙད་དོ། །དེ་ནས་བུ་མོ་ཀ་ཤི་མཛེས་ལྡན་མས་ཕ་ལ་སྨྲས་པ། ཡབ། ཉི་ལོག་གི་རྒྱལ་པོ་རྣམས་ལ་ང་སྟེ་ནས། བདུན་ན་བུ་མོ་ཀ་ཤི་མཛེས་ལྡན་མ་རང་ཉིད་ཀྱི་ཁྱིམ་ཐབ་འདམ་པར་ཆད་ཀྱི། ཁྱེད་ཀྱི་བྱ་བ་གང་ཡིན་པ་དེ་གྱིས་ཤིག་ཅེས་ཕོ་ཉ་གཏང་དུ་གསོལ་ཞེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང ། ཉི་འོག་གི་རྒྱལ་པོ་དྲུག་པོ་དེ་རྣམས་འདུས་སོ། །བུ་མོ་ཀ་ཤི་མཛེས་ལྡན་མའང་ཤིང་རྟ་ལ་ཞོན་ཏེ། ཆོས་གོས་ཚོན་ཅན་གྱི་བ་དན་བསྒྲེང་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལག་ན་ཐོགས་ཏེ།་རྒྱལ་པོ་འདུས་པའི་ནང་དུ་སོང་ནས་སྨྲས་པ། ཀྱེ།་ཉི་འོག་གི་རྒྱལ་པོ་རྣམས་གསོན་གཅིག་།བདག་ནི་ཁྱེད་ཀྱི་གཟུགས་དང ། ལང་ཚོ་དང ། རིགས་དང ། ལོངས་སྤྱོད་དང ། དབང་ཕྱུག་ལ་མི་སེམས་ཀྱི་བདག་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་ཏེ། བདག་ནི་རས་འདི་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲིས་པ་གང་ཡིན་པ་དེའི་སློབ་མ་ལགས་ཏེ།་དེའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་ཞེས་བྱས་ནས་དྲང་སྲོང་སྨྲ་བར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་
318a
༄#། །དུ་ཚངས་པར་སྤྱོད་པ་སྤྱད་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་པོ་ལ་གཏད་དོ། །དེ་ནས་དེས་ཀྱང་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་འཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོའི་བུ་དེ་དག་གིས་དེའི་གཟུགས་དང ། ལང་ཚོ་དང ། མཛེས་པ་རྗེས་སུ་དྲན་ནས། འདོད་ཆགས་ཀྱི་རྒྱགས་པས་མྱོས་ཏེ། རབ་ཏུ་བྱུང་བཞིན་དུ་ཡང་གསོལ་བ་
318b
འདེབས་སོ། །དེ་ནས་དེ་དག་གིས་གསོལ་བ་བཏབ་ནས། ངད་པའི་རྒྱལ་པོ་འདབ་མ་བརྐྱང་པ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ། དེ་ནས་རྒྱལ་པོའི་བུ་དེ་དག་གིས་ལྷ་དང ། མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་མཐོང་ནས་སྤུ་ཟིང་ཞེས་བྱེད་དེ། རྐང་པ་ལ་ཕྱག་བཙལ་ནས་བཟོད་པ་གསོལ་ཏེ། སྲུ། ཁྱོད་ཀྱི་ཆོས་འདི་ལྟ་བུ་དག་མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་ཀྱི་བཟོད་པར་མཛོད་ཅིག་ཅེས་བྱས་སོ། །དེ་ནས་བུ་མོ་དཀ་ཤི་མཛེས་ལྡན་མ་ནམ་མཁའ་ལས་བབས་ཏེ། སྐྱེ་བོ་མང་པོའི་གུང་ལ་འདུག་ནས་ཆོས་དེ་ལྟ་བུ་དག་བསྟན་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་བོ། །དེ་ནས་དགེ་སློང་དག་།ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀ་ཤི་མཛེས་ལྡན་མས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཀ་ཤི་མཛེས་ལྡན་མ་ཉིད་ཀྱི་སྔོན་གྱི་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་
319a
༄#། །དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཀ་ཤི་མཛེས་ལྡན་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གི་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབས་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་རེ་ཞིག་ན་རྒྱལ་པོའི་བུ་མོ་དེ་དད་པ་དང་ལྡན་ལ། དགེ་ཞིང་བསམ་
319b
པ་བཟང་བ་ཞིག་ཡོད་པ་དེས་བཙུག་ལག་ཁང་ཞིག་བརྩིག་ཏུ་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་གང་བར་བྱས་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལའང་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་བྱམས་པ་བསྒོམས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་ཀ་ཤིའི་མཛེས་ལྡན་མ་འདི་ཡིན་ཏེ། དེས་གཙུག་ལག་ཁང་ཕུལ་བ་དེས་ནི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ་།བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས། ལོ་ཁྲིའི་བར་དུ་བྱམས་པ་བསྒོམས་པ་དེས་ནི། ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེས་མ་སྤངས་ལ།་ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
320a
༄#། །དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མུ་ཏིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ། རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང།་ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། བསྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མངོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་རྒྱལ་བ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་
320b
ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱིས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང ། བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མགོ་བོ་ལ་མུ་ཏིག་གི་ཕྲེང་བ་བཏགས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། བུ་མོ་འདི་བཙས་མ་ཐག་ཏུ་མགོ་བོ་ལ་མུ་ཏིག་གི་ཕྲེང་བ་བྱུང་བས་ན། དེའི་ཕྱིར་བུ་མོ་འདིའི་མིང་མུ་ཏིག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་མུ་ཏིག་པང་ན་འཚོ་བའི་མ་མ་གཉིས་དང།་ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གི་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་བུ་མོ་མུ་ཏིག་མཐར་གྱིས་ཆེན་མོར་གྱུར་པ་དང ། དེའི་མུ་ཏིག་གི་ཕྲེང་བ་དེ་ཕོག་ན་ཕྱིར་ཞིང་འབྱུང་བར་གྱུར་ཏོ། །དེ་ནས་བུ་མོ་དེས་བཀྲེན་པ་དང ། ཕོངས་པ་རྣམས་མཐོང་ནས་ལོངས་སྤྱོད་ཀྱི་
321a
༄#། །བགོ་བཤའ་བྱེད་དོ། །དེ་ནས་གང་གི་ཚེ་བག་མར་བཏང་རྣམས་པར་གྱུར་བ་དང ། རྒྱལ་པོའི་བུ་རྣམས་དང ། བློན་པོའི་བུ་རྣམས་དང ། ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་འོང་ངོ ། །དེ་ནས་དེའི་ཕ་མྱ་ངན་གྱི་ཁང་བུར་ཞུགས་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་བུ་མོ་དེས་ཕ་ལ་གསོལ་པ། ཡབ། ཅིའི་སླད་དུ་ཐུགས་ངན་མཛད། དེ་ནས་དེས་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་དོ། །དེ་ནས་བུ་མོས་སྨྲས་པ། ཡབ། བདག་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་ལོ། །དེ་ནས་ཡང་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ཐ་ཆུང་རབ་སྡུག་ཅེས་བྱ་བ་དེས་ཕ་ལ་གསོལ་པ། བདག་གི་མཆིས་འབྲང་དུ་བུ་མོ་དེ་བསླང་བར་གསོལ་ཞེས་བྱས་སོ། ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་དཔོན་རྒྱལ་བ་ལ་ཕོ་ཉ་བཏང་སྟེ། བུ་མོ་མུ་ཏིག་བདག་གི་བུ་ལ་བྱིན་ཅིག་།དེ་ལྟར་བྱས་པ་དང་གཉེན་དུའང་འགྱུར་ལ། ཇི་སྲིད་འཚོའི་བར་དུའང་མཛའ་བོར་འགྱུར་རོ་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་རྒྱལ་གྱིས་བདག་གི་བུ་མོ་ལ་དོན་དེ་བསྙད་དོ། །དེས་སྨྲས་པ། གལ་ཏེ་ཤེད་བྱེ་སྟེ་ཆེར་སྐྱེས་པ་ན། བདག་
321b
དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་དམ་བཅས་ན་ནི་བདག་གི་ཁྱིམ་ཐབ་ཏུ་བགྱིའོ་ཞེས་བྱས་སོ། །དེ་ནས་དེས་དེ་ལྟར་བྱས་ནས་རེ་ཞིག་ན་སྐབས་ཤིག་ཏུ་གཉིས་ཀ་ཁྱིམ་ནས་བྱུང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་ནས་དེ་གཉིས་ཀྱིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ།་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་བལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་
322a
༄#། །པ་མུ་ཏིག་གིས་ལས་གང་དག་བགྱིས་ན། དེས་མུ་ཏིག་གི་ཕྲེང་བ་མགོ་ལ་ཐོགས་བཞིན་དུ་བཙས་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། མུ་ཏིག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མུ་ཏིག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་
322b
པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན། དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་པ་ལས་ཉེ་ཞོ་མེད་པ་གྲུའི་དོན་གྲུབ་སྟེ་ཕྱིར་འོངས་སོ། །དེ་ནས་དེས་མུ་ཏིག་གི་ཕྲེང་བ་མཆོག་ཏུ་བཟང་བ་ཞིག་ཁྱེར་ཏེ་འོངས་སོ། །དེའི་ཆུང་མ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྟེ། དེས་དེའི་མགོ་བོ་ལ་བཏགས་སོ། །དེ་ནས་དེས་ཝཱ་ར་ཎཱ་སི་ན་ཁྱིམ་བདག་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་ལ་ཕན་པ་དང ། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ་ཆོས་འདོད་པ་ཞིག་གནས་པ་དེའི་བློ་སྐྱེས་པ། མ་ལ། བདག་གིས་དད་པ་བསྡུས་ལ། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལོ་ལྔ་པའི་དུས་སྟོན་བྱ་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་ཀྲྀ་ཀྲཱི་ལ་གསོལ་ཏེ། བདག་གིས་དད་པ་བསྡུས་ལ། བཅོམ་ལྡན་འདས་ཀྱི་ལོ་ལྔའི་བར་དུ་དུས་སྟོན་བགྱི་བར་འཚལ་ལོ་ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་རྑྱིམ་བདག་དེ་གླང་པོ་ཆེ་ལ་ཞོན་ཏེ། གྲོང་ཁྱེར་ཝཱ་ར་ཎཱ་སིའི་ལམ་པོ་ཆེ་དང ། བཞི་མདོ་དང ། སུམ་མདོ་དག་ཏུ་
323a
༄#། །ཏུ་སོང་ནས། དད་པ་སྡུད་པར་བྱེད་དོ། །དེ་ནས་རེ་ཞིག་ན་དེད་དཔོན་གྱི་ཆུང་མས་མུ་ཏིག་གི་ཕྲེང་བ་མགོ་བོ་ལ་ཕོག་ནས་དད་པ་སྡུད་པ་ལ་ཕུལ་ལོ། །དེ་ནས་རེ་ཞིག་ན་དེད་དཔོན་འོངས་པ་དང ། མུ་ཏིག་གི་ཕྲེང་བ་མགོ་བོ་ལ་ཕོག་པར་མཐོང་ནས། བཟང་མོ། མུ་ཏིག་གི་ཕྲེང་བ་དེ་ག་རེ་ཞེས་དྲིས་སོ། །དེ་ནས་དེས་སྨྲས་པ། ཇོ་བོ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་སྡུད་པ་ལ་ཕུལ་གྱི་དགྱེས་པ་བསྐྱེད་དུ་གསོལ། དད་པ་བསྐྱེད་དུ་གསོལ། །ཞེས་བྱས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་གྱིས་རིན་པོ་ཆེས་ཕྱིར་བླུས་ནས་ཆུང་མ་དེ་ཉིད་ལ་བྱིན་ན། དེ་ཕྱིར་ལེན་དུ་མ་བཏུབ་སྟེ། བདག་གིས་འདི་ཡོངས་སུ་བཏང་བ་ལགས་སོ་ཞེས་བྱས་སོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བཟང་མོ། ངས་འདི་གསེར་དངུལ་མང་པོས་ཉོས་ན་ཅིའི་ཕྱིར་མི་འདོད། དེ་ནས་བུ་མོ་དེས་དེ་བླངས་ནས་མེ་ཏོག་མང་པོ་གསགས་ཏེ། སྤོས་དང ། མེ་ཏོག་ཕྲེང་ལ་སོགས་པའང་ཁྱེར་ནས་དྲང་སྲོང་སྨྲ་བར་སོང་ངོ ། །དེ་ནས་དྲི་གཙང་ཁང་སྤོས་ཀྱིས་བྱུགས་ནས། མེ་ཏོག་གིས་གཏོར་ཏེ། མུ་ཏིག་གི་ཕྲེང་བ་ནི་བཅོམ་ལྡན་འདས་ཀྱི་དབུ་ལ་བོར་ནས་བཅོམ་ལྡན་འདས་འོད་སྲུང་གི་དབུ་ལ་གནས་པར་གྱུར་ཏོ། །དེ་ནས་དད་པ་སྐྱེས་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།སྟོན་པ་འདི་ཁོ་ན་ལྟ་བུ་དག་
323b
མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་མུ་ཏིག་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་འོད་སྲུང་ལ་བཀུར་སྟི་བྱས་པ་དེས་ན་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། དེའི་མགོ་ལའང་མུ་ཏིག་གི་ཕྲེང་བ་བྱུང་བར་གྱུར་ཏོ། །རྒྱུ་དེ་ཉིད་ཀྱིས་ན་ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་གྱུར་ཏོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀ་ཙང་ག་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་
324a
༄#། །རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་ཀ་ཙང་ག་ལ་ན། ཀ་ཙང་ག་ལའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་ཡུལ་ཀ་ཙང་ག་ལ་དེ་ལ་ནི་རྒན་མོ་ཀ་ཙང་ག་ལ་ཞེས་བྱ་བ་ཞིག་གནས་པ་དེས་བུམ་པ་ཐོགས་ཏེ། ཁྲོན་པའི་དྲུང་དུ་ཆུ་ཆུར་སོང་བ་དང ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་རྒན་མོ་དེ་ལ་བཅོམ་ལྡན་འདས་སྐྱེམས་ཀྱི། ཆུ་ཕུལ་ཅིག་ཅེས་གྱིས་ཤིག་།དེ་ནས་ཀུན་དགའ་བོས་བསྒོ་ནས། དེ་ན་རེ། འཕགས་པ། བདག་ཉིད་ཀྱིས་འཚལ་ཏེ་མཆིའོ་ཞེས་
324b
ཟེར་རོ། །དེ་ནས་རེ་ཞིག་ན་ཀ་ཙང་ག་ལས་བུམ་པ་ཆུས་བཀང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་དང ། ཀ་ཙང་ག་ལས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་ལེགས་པར་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བུ་ལ་བྱམས་པའི་སེམས་སྐྱེས་ཏེ། ནུ་མ་གཉིས་ལས་ཀྱང་འོ་མའི་རྒྱུན་བབ་ནས་ངེས། བུ་བུ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འཁྱུད་པར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་བཀག་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་རྒན་མོ་འདི་མ་བཀག་ཅིག་།དེའི་ཕྱིར་ཞེ་ན། འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་རྒྱུན་དུ་ངའི་མར་གྱུར་ཏེ། ང་ལ་བུ་ཡི་བྱམས་པ་ཡིས། །འདི་ནི་ལུས་ལ་འཁྱུད་པར་བྱེད། །ང་ཡི་ལུས་ལ་ཁྱུད་པ་ལས། །གལ་ཏེ་འདི་ནི་བཀག་གྱུར་ན། །འདི་ནི་དེའུ་རེ་འཕྲལ་ཉིད་དུ། །ཁ་ནས་ཁྲག་དྲོན་སྐྱུགས་པར་འགྱུར། །བུ་ལ་བྱམས་པ་འདི་མཐོང་ནས། །དྲིན་དུ་གཟོ་བ་དྲན་གྱུར་ཏེ། །སྙིང་ཡང་རྗེ་ཞིང་སྙིང་བརྩེ་བས། །ལུས་ལ་ཡང་ནི་འཁྱུད་དུ་གཞུག་།དེ་ནས་རེ་ཞིག་ན་དེ་བུ་ལ་བྱམས་བརྩེ་ཞིལ་ནས། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་
325a
༄#། །སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཀ་ཙང་ག་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། དཀའ་བ་བྱེད་པའི་མ་ལ་ནི། །བུ་བཟང་གིས་ནི་གང་བྱ་བ། །སེམས་ནི་གྲོལ་བར་འགྲོ་འགྱུར་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བྱས། །བདག་ནི་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །ངན་འགྲོ་དག་ལས་ཕྱུང་ནས་ཀྱང ། །མཐོ་རིས་ཐར་པ་དག་ལ་བཞག་།ཁྱད་པར་ཤིན་ཏུ་ཆེན་པོར་སྤགས། །དེ་ནས་རེ་ཞིག་ན་དེས་ཇོ་བོ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་
325b
གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་པར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་མདོར་ལུང་དཔོག་པ་མཛད་ནས། ནང་དུ་ཡང་དག་འཇོག་ལས་བཞེངས་པ་དེའི་ཚེ། ཀ་ཙང་ག་ལས་དགེ་སློང་མ་རྣམས་ལ་བརྡ་སྤྲོད་པར་བྱེད་དོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་སྡེ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ག་ལ་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀ་ཙང་ག་ལ་ལས་གང་དག་བགྱིས་ན་དེ་རྒས་ནས་གདོད་རབ་ཏུ་བྱུང་ལགས། ལས་གང་དག་བགྱིས་ན་དེས་བྲན་མོར་གྱུར་ལགས། ལས་གང་དག་བགྱིས་ན་དེས་བཅོམ་ལྡན་འདས་མངལ་ན་གནས་པ་ཐ་མར་འཛིན་པར་
326a
༄#། །མ་གྱུར་ལགས། དེ་ཅིའི་སླད་དུ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ། མདོ་སྡེ་རྣམ་པར་འབྱེད་པར་བགྱིད་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཀ་ཙང་ག་ལ་ཉིད་ཀྱིས་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཀ་ཙང་ག་ལ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར།། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཚེ་རབས་ལྔ་བརྒྱར་རྒྱུན་ཆགས་པར་འདི་ངའི་མར་གྱུར་ཏེ། གང་གི་ཚེ་ང་རབ་ཏུ་འབྱུང་
326b
བར་འདོད་པ་དེའི་ཚེ། འདིས་ངའི་བགེགས་བྱས་ཏེ་ལས་དེའི་རྣམ་པར་སྨིན་པས་ནི་རྒས་ནས་གདོད་རབ་ཏུ་བྱུང་ངོ ། །ང་སྦྱིན་པར་བྱེད་པ་ན་འདིས་ངའི་སྦྱིན་པའི་བར་ཆད་བྱས་པ་དེས་ནི་དབུལ་མོར་གྱུར་ཏོ། །འདིས་སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་ཆེ་བར་གྲགས་པར་འགྱུར་བའི་ལས་དེ་ལྟ་བུ་མ་བྱས་པ་དེ་ནི་ང་མངལ་ན་གནས་པ་ཐ་མའི་ཚེ་འདིས་མ་བཟུང་ངོ ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས་དེས་སློབ་པ་དང ། མི་སློབ་པའི་དགེ་སློང་མ་རྣམས་ལ་བྲན་མོ་ཞེས་བྱ་བའི་ཚིག་སྨྲས་ཏེ། དེས་ན་བྲན་མོར་གྱུར་ཏོ། །དེས་དེར་བསླབས་ཤིང་ཁ་ཏོན་དུ་བྱས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང ། གནས་དང ། གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། མདོ་སྡེ་རྣམ་པར་འབྱེད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ།
327a
༄#། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅོ་བརྒྱད་པ། བདེ་བྱེད་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང།་གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་
327b
བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། རྒྱལ་པོ་ཚངས་པས་བྱིན་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏོ། །དེ་ནས་རེ་ཞིག་ན། ཀཽ་ས་ལའི་རྒྱལ་པོ་གསལ་རྒྱལ་དེའི་ཡུལ་འདབ་ཏུ་སོང་ནས་ཕྲུ་མ་བཏབ་སྟེ་འདུག་གོ་།རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དཔུང་ཡན་ལག་བཞི་པ། གླང་པོ་ཆེའི་ཚོགས་དང ། རྟའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དེ་དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཆུ་ཀླུང་ཞིག་གི་གྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ་།དེ་ནས་རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ཉིད་དུ་བཙུན་མོ་དམ་པ་ཁྲིད་དེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། །རྒྱལ་པོ་ཚངས་པས་བྱིན་ཡང་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཉི་མ་གཅིག་ཏུ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོའང་བཙས། རྒྱལ་པོ་ཚངས་པས་བྱིན་གྱི་བུ་ཕོའང་བཙས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉི་གའི་ཕོ་བྲང་འཁོར་ན་དགའ་བའི་རྔ་རྡུང་བར་བྱེད་དོ། །སློང་བ་རྣམས་ལའང་སྦྱིན་པ་དག་སྦྱིན་པར་བྱེད་དོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་མི་དག་ལ་དྲིས་ཏེ། ཚངས་པས་བྱིན་གྱི་ཕོ་བྲང་འཁོར་འདིར་ཅི་ཞིག་བྱུང་ན་འདི་ལྟར་དགའ་སྟོན་བྱེད་ཅེས་བྱས་ནས། དེ་དག་གིས་ཀྱང་རྒྱལ་པོ་ཚངས་པས་བྱིན་གྱི་བུ་ཕོ་བཙས་སོ་ཞེས་གསོལ་ཏོ། །རྒྱལ་པོ་ཚངས་པས་བྱིན་གྱིས་
328a
༄#། །ཀྱང་དེ་བཞིན་དུ་དྲིས་ནས། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བཅས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་བཙས་པའི་ཕྱིར་མཆོད་སྦྱིན་བྱེད་དོ་ཞེས་བདག་གིས་ཐོས་ལ། བདག་གི་འང་བུ་ཕོ་བཙས་ཀྱི། བུ་མོ་དེ་བདག་གི་བུ་ལ་བྱིན་ཅིག་དང ། དེ་ལྟར་བྱས་ན་གཉེན་དུའང་འགྱུར་ལ། ཇི་སྲིད་འཚོའི་བར་དུའང་འཁོན་མེད་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་དེ་ལྟར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དེ་གཉིས་ཕན་ཚུན་དུ་མཛའ་བོ་བྱས་ནས་བདེ་བར་གྱུར་ཏེ། རྒྱལ་པོ་ཚངས་པས་བྱིན་གྱི་ཁྱེའུ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུའི་མིང་བདེ་བྱེད་ཅེས་བཏགས་སུ། །གོས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བུ་མོ་བཅས་པའི་བཙས་སྟོན་བྱས་ནས། བུ་མོའི་མིང་བདེ་བྱེད་མ་ཞེས་བཏགས་སོ། །དེ་ནས་གཉིས་ཀའང་བསྐྱེད་བསྲིངས་ནས། རེ་ཞིག་ན་མཐར་གྱིས་ཆེར་སྐྱེས་སོ། །དེ་ནས་ཁྱེའུ་དེས་བུ་མོ་དེ་ལ་དོ་ཤལ་དང ། སེ་མོ་དང ། ཕྲེང་བ་དང ། རྣ་ཆ་དང ། མགུལ་རྒྱན་རྣམས་བསྐུར་རོ། །དེ་ནས་གང་གི་ཚེ་བུ་མོ་དེ་ཆེན་མོར་གྱུར་པ་དེའི་ཚེ། །དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། འདོད་པ་རྣམས་ལའང་ཉེས་པར་ལྟ་བར་གྱུར་ཏོ། །དེ་ནས་དེས་དེ་དག་ལ་དྲིས་པ། སྐྱེས་འདི་
328b
རྣམས་གང་ལས་འོངས་ཞེས་བྱས་པ་དང ། འཁོར་རྣམས་ཀྱིས་ཀྱང་གཏན་ཚིག་དང་བཅས་ཏེ་རྒྱས་པར་བསྙད་དོ། །དེ་ནས་དེ་ཐོས་ནས་ཡབ་ལ་གསོལ་པ། ཡབ།་བདག་ནི་འདོད་པ་རྣམས་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་གྱི། ཡབ་ཀྱིས་བདག་ལ་གནང་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བུ་མོ།་གང་གི་ཕྱིར་ཁྱོད་བཙས་པ་ན། ང་བདེ་བར་གྱུར་བས་ན་འདི་ནི་ངས་བཅོས་སུ་མེད་དོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། བུ་མོ་འདི་ནི་རབ་ཏུ་འབྱུང་བར་འདོད་ཀྱི། ཚུར་ཤོག་ལ་འདི་ལོང་ཞིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་དུས་བཏབ་སྟེ། དེ་སྟེ་ཞག་བདུན་ན་འོང་གི་ཁྱོད་ཀྱིས་བྱ་བ་དང ། བཤམ་པར་བྱ་བ་གང་ཡིན་པ་དེ་དག་གྱིས་ཤིག་ཅེས་བྱས་སོ། །དེ་ནས་བུ་མོ་བདེ་བྱེད་མས་ཞག་བདུན་ན་བག་མར་ལེན་ནོ་ཞེས་ཟེར་བའི་གཏམ་དེ་ཐོས་སོ། །དེ་ནས་བདེ་བྱེད་མ་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ། སྐྱི་བུང་ཞེས་བྱས་ནས་ཁང་ཐོག་ཏུ་སོང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཕྱོགས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །ཡང་སྨྲས་པ། དྲང་སྲོང་ཆེན་པོ་ཐུགས་རྩེ་ཐུགས་རྗེ་གནས་པ་བསམ་གཏན་མཛད། །འདུལ་མཛད་ཞི་བའི་ཐུགས་ལྡན་རབ་ཞི་འདུལ་བའི་ཆོ་ག་མཁྱེན།།
329a
༄#། །བདག་ནི་མགོན་པོ་ཁྱོད་ལ་སྐྱབས་སུ་མཆིས་ཀྱི་མགོན་ཁྱོད་ཀྱིས། །མགོན་མེད་བདག་ནི་ཚུལ་བཞིན་ངན་སོང་དག་ལས་དགྲོལ་དུ་གསོལ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་པ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུངས་པ་ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ།་ལམ་ཡན་ལག་བརྒྱད་
329b
པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ་བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམས་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིད་པ་ལས་ལག་པ་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །དགའ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱི་བདེ་བྱེད་མ་གདུལ་བའི་དུས་ལ་
330a
༄#། །བབ་པར་གཟིགས་ཏེ། རྫུ་འཕྲུལ་གྱིས་གཤེགས་ཏེ་བྱོན་ནས། འཕགས་པའི་བདེན་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བདེ་བྱེད་མས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ། མངོན་པར་ཤེས་པའང་བསྒྲུབས་སོ། །དེ་ནས་བདེ་བྱེད་མ་འདོད་པའི་ཁམས་ནས་འདས་ཏེ། གཉེན་པོ་ཐོབ་ནས་འཇིགས་པ་མེད་པ་ལ་གནས་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཞག་བདུན་ལོན་ཏེ། བག་མ་ལེན་པའི་དུས་ལ་བབ་པ་ན། རྒྱལ་པོའི་བུ་སྐྱེ་བོ་བརྒྱ་ཕྲག་དུ་མ་དང་ལྷགས་ཏེ་མཆོད་སྦྱིན་གྱི་སྟེགས་བུའི་དྲུང་དུ་འོངས་ནས། བྲམ་ཟེ་མདུན་ན་འདོན་གྱིས་འབྲས་ཡོས་དང ། མར་དང ། ཡུངས་ཀར་མ་གྲུགས་པ་རྣམས་བྱིན་ནོ། །དེ་ནས་ཁྱེའུ་དང་བུ་མོ་གཉིས་ལག་པ་སྦྲེལ་པར་ཆེད་པ་དང་བདེ་བྱེད་མ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་པ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་པ་སྲོག་ཆགས་དུ་མས་མཐོང་ངོ ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། རྒྱལ་པོ་ཚངས་པས་བྱིན་དང ། རྒྱལ་པོའི་བུ་བདེ་བྱེད་དང ། གཞན་ཡང ། སེམས་ཅན་ལྟད་མོ་ལ་ལྷགས་པ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ནས།་རྐང་པ་ལ་ཕྱག་བཙལ་ཏེ་གསོལ་བ་བཏབ་པ། བུ་མོ། ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་མངོན་དུ་བྱས་པ་ལས་ན། །ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་ཀྱི། བཟོད་པ་མཛོད་ཅིག་
330b
ཅེས་བྱས་སོ། །དེ་ནས་བདེ་བྱེད་མ་ནམ་མཁའ་ལས་བབས་ནས། སྐྱེ་བོ་མང་པོའི་གུང་ལ་འདུག་སྟེ། ཆོས་གང་ཐོས་ན་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཏོ། །དེ་ནས་བུ་མོ་བདེ་བྱེད་མས་ཕལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོར་གཏད་དོ། །དེ་ནས་དེ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
331a
༄#། །དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་ཤེས་རབ་ཆེ་བ་དང ། སྡོབས་པ་ཆེ་བ་རྣམས་ཀྱི་མཆོག་ནི།་འདི་ལྟ་སྟེ། དགེ་སློང་མ་བདེ་བྱེད་མ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བདེ་བྱེད་མས་ལས་གང་དག་བགྱིས་ན་དེས་ཤེས་རབ་ཆེ་བ་དང ། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། བདེ་བྱེད་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བདེ་བྱེད་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང།་ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚེགས་ཤིང་དུས་ལ་
331b
ལ་བང་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག།་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ།་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ།་ལྷ་དང ། མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན། དེ་ན་ཚོང་དཔོན་གྱི་བུ་མོ་ཞིག་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་སྦྱིན་ཏེ། ལོ་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མི་ཐོབ་བོ། །དེ་མཁན་མོ་གང་ལས་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་འོད་སྲུང་གིས་ཤེས་རབ་ཅན་གྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་སྨོན་ལམ་བཏབ་པ། ཇི་ལྟར་བདག་གི་མཁན་མོ་ཤེས་རབ་ཅན་གྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་མ་འོངས་པའི་དུས་སུ་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་
332a
༄#། །པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བར་ལུང་བསྟན་པ་གང་ཡིན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་བདེ་བྱེད་མ་འདི་ཡིན་ཏེ། དེས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་པ་དེས་ན་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་སོ། །དེས་ལོ་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་
332b
དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མི་སྡུག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང།་གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་དེའི་ཚེ་མཉན་དུ་ཡོད་པ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང།་རྒྱལ་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་
333a
༄#། །དང།་ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་ཞིག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། མིང་ར་སྠ་ཞེས་བཏགས་སོ། །དེ་ནས་གང་གི་ཚེ་མཐར་གྱིས་བག་མར་གཏང་རན་པར་གྱུར་པ་དེའི་ཚེ། སུ་ལ་བྱིན་ནའང་མི་སྡུག་ཆེས་པས་སུས་ཀྱང་མ་བླངས་སོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་དེད་དཔོན་གང་ག་ཞེས་བྱ་བ་ཕྱུག་ཆེན་ཞིག་འོངས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བློ་སྐྱེས་པ། དེད་དཔོན་གང་ག་འདི་ནི་འདིའི་སྐྱོན་གྱི་རྒྱུས་མི་ཤེས་ཀྱིས་ངས་འདི་དེ་ལ་སྦྱིན་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོས་མཚན་མོ་མུན་སྲོས་པ་དང ། གང་ག་ཕོ་ཉས་བཀུག་ནས་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ཆུང་མར་བྱིན་ནོ། །དེ་ནས་ར་སྠ་གང་ག་ལ་བྱིན་ནས་གང་གར་སྠ་གང་ག་ར་སྠ་ཞེས་བྱ་བའི་མིང་བྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་དེད་དཔོན་གང་གས་ཕྱི་དེ་ཉིན་པར་
333b
ནམ་ནངས་ཏེ། བུ་མོ་དེ་བལྟས་ན་མཆོག་ཏུ་མི་སྡུག་པ་མཐོང་ངོ ། །མཐོང་ནས་ཀྱང་སྐྲག་པར་གྱུར་ཀྱང་རྒྱལ་པོ་ལས་བསམས་ཏེ། འདོར་མ་ཕོད་ནས་བདག་གི་ཁྱིམ་འབའ་ཞིག་ཏུ་འཇོག་གོ་།དེ་ནས་རེ་ཞིག་ན་དེད་དཔོན་གང་ག་དུས་སྟོན་ཞིག་ལ་ཆས་ཏེ། མཛའ་སྡེ་རྣམས་ཀྱི་ནང་དུ་སོང་ངོ ། །མཛའ་སྡེ་རྣམས་ཀྱིས་ཀྱང་ནང་ཁྲིམས་བཅས་ཏེ། སུ་ཆུང་མ་དང་བཅས་ཏེ་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་མ་སོང་བ་དེ་མཛའ་སྡེ་རྣམས་ལ་ཆད་པར་ཀཱར་ཥ་པ་ཎ་ལྔ་བརྒྱ་སྦྱིན་དུ་གཞུག་གོ་ཞེས་བྱས་སོ། །དེ་ནས་གང་ག་བདག་གི་ཁྱིམ་དུ་འོངས་ནས་མྱ་ངན་གྱི་ཁང་བུར་ཞུགས་ཏེ། ལག་པ་ལ་རྐོམ་ཚུགས་བཅས་ནས་སེམས་ཁོང་དུ་ཆུང་ཅིང་འདུག་གོ་།དེ་ནས་དེ་བློ་སྐྱེས་པ། མ་ལ། བདག་གིས་ཆད་པ་འཇལ་བ་ནི་ཆེས་བླ་ཡི། བདག་གིས་འདི་དེ་དག་ལ་བསྟན་དུ་ནི་མི་རུང་སྟེ། མཐོང་མ་ཐག་ཏུ་གཏམ་ངན་པར་འགྱུར་དུ་འོང་ངོ་སྙམ་མོ། །དེ་ནས་གང་གིས་སྒོ་བཅད་དེ་ཆད་པ་ཀཱར་ཥ་པ་ཎ་ལྔ་བརྒྱ་ཁྱེར་ནས་མཛའ་སྡེ་རྣམས་ཀྱི་ནང་དུ་སོང་ངོ ། །དེ་ནས་བུ་མོ་དེ་ཡིད་མི་དགའ་བ་ཆེན་པོ་སྐྱེས་ནས། བདག་འཚོ་བ་འདི་འདྲ་བས་འཚོ་བས་ཅི་རུང ། གསོན་ཅིང་འདུག་ན་ཁྱིམ་ཐབ་ཀྱང་སེམས་མི་བདེ་ལ་བདག་ཀྱང་སེམས་མི་བདེ། ད་ནི་བདག་གིས་བདག་གསད་པའི་དུས་ལ་བབ་བོ་སྙམ་མོ། །དེ་ནས་ཐག་པ་ཁྱེར་ཏེ་ཁང་ཕུགས་སུ་འགེགས་སུ་སོང་ངོ ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་
334a
༄#། །པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་པ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ།་འགྲོང་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་པར་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་
334b
རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང ། ཉམ་ང་པ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ།་སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལ་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པས་འོད་ཟེར་གསེར་གྱི་ཁ་དོག་ཅན་བཀྱེ་སྟེ། དེས་ཁྱིམ་དེ་ཉི་མ་སྟོང་ཤར་བ་བཞིན་དུ་སྣང་བར་བྱས་ནས། རྫུ་འཕྲུལ་གྱིས་ཀྱང་དེར་གཤེགས་ཏེ། འགུལ་པ་ནས་འགག་ཐག་བཀྲོལ་ནས་བུ་མོ་དེ་དབུགས་ཕྱུང་ངོ ། །འཇིག་རྟེན་དུ་ངོ་མཚར་རྨད་དུ་བྱུང་བའི་གནས་དྲུག་འབྱུང་བ་ཡོད་དེ། དེ་བཞིན་
335a
༄#། །གཤེགས་པ་དང ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང ། མིར་སྐྱེ་བ་དང ། འཕགས་པ་གནས་པར་སྐྱེ་བ་དང ། དབང་པོ་ཚང་བ་དང ། དགེ་བའི་ཆོས་ལ་འདུན་པ་དང ། ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་དུ་བྱུང་བ་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་དད་པ་རྙེད་ནས་བཅོམ་ལྡན་འདས་བཤོས་གསོལ་ཏེ་ན་བཟའ་ཡང་ཕུལ་ལོ། །དེ་ནས་བུ་མོ་དེའི་མི་སྡུག་པ་མེད་པར་གྱུར་ཏེ་བཟང་མོར་གྱུར་ནས་ལྷའི་བུ་མོ་བཞིན་དུ་ཁང་ཕུགས་འོད་ཀྱིས་སྣང་བར་བྱས་ཏེ་འདུག་གོ ། བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །དེ་ནས་བུ་མཛའ་སྡེ་བོ་རྣམས་ཀྱི་བློ་སྐྱེས་པ། གོར་མ་ཆགས་པར་འདིའི་ཆུང་མ་ནི་མཆོག་ཏུ་སྡུག་པ་ཞིག་ན་དེས་ཕྲག་དོག་གིས་རང་བཞིན་གྱིས་ཆད་པ་འཇལ་བ་དང་བསྔོས་ཏེ། དེ་བསྟན་པར་ནི་མི་འདོད་ཀྱི། བདག་ཅག་གིས་འདི་ཆང་སྣ་མི་མཐུན་པས་ར་རོ་བར་བྱས་ལ་ལྡེ་མིག་རྣམས་བླངས་ཏེ། འདིའི་ཁྱིམ་དུ་སོང་ལ་ཆུང་མ་བལྟའོ་སྙམ་མོ། །དེ་ནས་དེ་དག་གིས་ཆང་གར་པོ་སྣ་མི་མཐུན་པས་གཏུ་ལུམ་པར་བས་ནས། ལྡེ་མིག་རྣམས་ཁྱེར་ཏེ་ཁྱིམ་དུ་སོང་ནས་སྒོ་རྣམས་ཕྱེ་སྟེ་བུ་མོ་དེ་མཐོང་
335b
ངོ། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་ཏེ་བསམས་པ། གང་གས་འདི་བདག་ཅག་ལ་མི་བསྟན་ནི་ཡུས་སོ་སྙམ་མོ། །དེ་ནས་དེ་དག་ཕྱིར་ལོག་སྟེ། གང་ག་ཆང་གི་དབང་གིས་གཉིད་ལོག་ཅིང་འདུག་པ་ལས་བསླང་ནས་སྨྲས་པ། གང་ག་།ཁྱོད་ཀྱི་ཆུང་མ་དེ་ལྟར་སྡུག་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱས་སོ། །དེ་ནས་གང་ག་ལྷག་པར་ཡང་མི་དགའ་བར་གྱུར་ཏེ། ཆད་པའང་བདག་གིས་གཅལ་ལ། བདག་ལ་གཏམ་ངན་པར་ཡང་གྱུར་ཏོ་སྙམ་མོ། །དེ་ནས་མི་དགའ་བཞིན་དུ་བདག་གི་ཁྱིམ་དུ་འོངས་ནས་སྒོ་ཕྱེ་སྟེ་ཆུང་མ་ལ་བལྟས་ན་ནགས་ཚལ་མེ་ཏོག་རྒྱས་པའི་ནང་ན་ནགས་ཀྱི་ལྷ་མོ་འདུག་པ་བཞིན་དུ་ཤིན་ཏུ་མཛེས་པ་མཐོང་ནས་དྲིས་པ། བཟང་མོ་དེ་ཅི། ཅི་ཞིག་བྱས་ན་འདི་ལྟ་བུའི་གཟུགས་ཁྱད་པར་ཅན་དུ་གྱུར་ཅེས་བྱས་སོ། །དེ་ནས་ཇི་ལྟར་གྱུར་པ་ཐམས་ཅད་ཁྱིམ་ཐབ་ལ་བསྙད་དེ། དེ་ཐོས་ནས་དེས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་ནས་རེ་ཞིག་ན་བུ་མོ་དེས་མཐར་གྱིས་ཁྱིམ་ཐབ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་རྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་
336a
༄#། །སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ།་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟིལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏེ། དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ར་སྠས་ལས་གང་དག་བགྱིས་ན། དེས་ཕྱུག་པོའི་རིགས་སུ་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་མི་སྡུག་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ར་སྠ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་བས་ན། ར་སྠ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག །
336b
ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་བར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཚོང་དཔོན་གྱི་ཆུང་མ་གཏུམ་ཞིང་བརླང་ལ་གཟུ་ལུམ་ཅན་ཞིག་འདུག་གོ་།སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་ན་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། དེ་ནས་རེ་ཞིག་ན་རང་སངས་རྒྱས་མི་སྡུག་པ་ཞིག་དེའི་ཁྱིམ་དུ་སོང་བ་དང ། དེས་མི་སྡུག་པ་འདི་ལྟ་བུ་ངའི་ཁྱིམ་དུ་ཅི་འདོད་ཅེས་སྤྱོས་མང་དུ་བརྒྱད་ནས་ཁྱིམ་ནས་བསྐྲད་དོ། །དེ་ནས་རང་སངས་རྒྱས་དེས་དེ་ལ་ཕན་གདགས་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ཚོང་དཔོན་གྱི་ཆུང་མ་འགྱོད་པ་སྐྱེས་ནས་དེ་ལ་གཟོད་པ་གསོལ་
337a
༄#། །ཏེ།་བཤོས་ཀྱང་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་རང་སངས་རྒྱས་ལ་སྤྱོས་བརྒྱད་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག ། འདི་ལྟ་བུའི་ཆོས་དག་ཀྱང་ཐོབ་པར་གྱུར་ཅིག་།འདི་ལས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་ར་སྠ་འདི་ཡིན་ཏེ། དེར་རང་སངས་རྒྱས་ལ་བཤོས་ཕུལ་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་སོ། །མི་སྡུག་པའི་ཚིག་སྨྲས་ཏེ། །ཁྱིམ་ནས་བསྐྲད་པ་དེས་ནི་མི་སྡུག་པར་གྱུར་ཏོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་བསླབས་ཤིང་ཁ་དོན་དུ་བྱས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང ། གནས་དང ། གནས་མ་ཡིན་པ་ལ་མཁས་པར་བྱས་པ་དང ། ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་
337b
ནི་རྣམ་པར་སྨིན་པ་རང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་པ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོག་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་རྫོགས་སོ།། །།སྡོམ་ནི། རྒྱ་མཚོ་དང་ནི་སྣམ་དང ། །ལག་ན་གསེར་ཐོགས་སྡེ་སྣོད་གསུམ། །གྲགས་བཤེས་རྫུས་ཏེ་སྐྱེས་པ་དང ། །མཛེས་ལྡན་དང་ནི་ཀ་པི་ན། །བཟང་ལྡན་དང་ནི་ཡུལ་འཁོར་བསྲུང ། སྡེ་ཚན་དག་ཏུ་བསྟན་པ་ཡིན། །རྒྱ་མཚོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མི་འམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་
338a
༄#། །པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་རེ་ཞིག་ན་དེའི་སེམས་སྐྱེས་པ། བདག་ཇི་སྲིད་དུ་ལང་ཚོལ་བབ་པ་དེ་སྲིད་དུ་ནི་ནོར་སྤེལ་བར་བྱའོ། །ཕྱིས་རྒས་པའི་ཚེ་ནི་བདེ་བར་ལོངས་སྤྱོད་པར་བྱའོ་སྙམ་མོ། །དེ་ནས་དེད་དཔོན་དེ་གཡོག་འཁོར་ཚོང་པ་ལྔ་བརྒྱ་དང་རྒྱ་མཚོའི་གྲུ་ཉོས་ནས་ཆུང་མ་དང་བཅས་ཏེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་སོ། །དེ་ནས་རེ་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། རྒྱ་མཚོ་དེ་ཉིད་ཀྱི་ནང་དུ་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་
338b
ནས།་མིང་རྒྱ་མཚོ་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་དེ་གྲུ་དོན་གྲུབ་ནས་ཉེ་ཞོ་མེད་པར་རྒྱ་མཚོ་ཆེན་པོ་ནས་ཕྱིར་འཁོར་ཏེ། དེ་ནས་གང་གི་ཚེ་ཁྱེའུ་རྒྱ་མཚོ་ཆེར་སྐྱེས་པ་དེའི་ཚེ། ཕས་དེད་དཔོན་དུ་བསྐོས་ནས་གཡོག་འཁོར་ཚོང་པ་ལྔ་བརྒྱ་དང་རྒྱ་མཚོ་ཆེན་པོར་བཏང་སྟེ། དེ་མཐར་གྱིས་སོང་སོང་བ་ལས། གྲོང་དང ། གྲོང་རྡལ་དང ། གྲོང་ཁྱེར་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། ཚོང་འདུས་རྣམས་མཐོང་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏེ། ཀཱ་ར་ཥ་པ་ཎ་ལྔ་བརྒྱས་གྲུའི་གླ་བྱས་ནས། ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ། གྲུ་ཤོལ་བ་དང།་ཆུ་འཕྱག་པ་དང ། མཉན་པ་དང ། ཕྱེའུ་ཟུལ་མཁན་དང ། རུ་སྐྱ་འཛིན་པ་རྣམས་ཀྱང་ཁྲིད་དེ། དེ་ལན་གསུམ་དུ་དྲིལ་བསྒྲགས་ནས་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ནས་དེ་དག་རྒྱ་མཚོ་ཆེན་པོར་སོང་བ་དང ། སྲིན་པོ་ནག་པོའི་རླུང་གིས་གྲུ་དེ་ཕུ་མདར་བསྐོར་ཏོ། །དེད་དཔོན་རྒྱ་མཚོ་ནི་མུ་སྟེགས་ཅན་ལ་དགའ་སྟེ། དེ་དུས་མ་ཡིན་པར་འཆི་བས་འཇིགས་སྐྲག་ནས།་སྟོན་པ་དྲུག་ལ་གསོལ་བ་འདེབས་པ་ལ་ཞུགས་ཀྱང་གྲུ་དེ་རླུང་གིས་ཡེ་བསྐོར་ཏོ། །དེ་ནས་རེ་ཞིག་ན་ཚོང་པ་གཞན་དག་ཀྱང་ལྷ་སྟོང་སྙེད་ལ་གསོལ་བ་འདེབས་པ་ལ་ཞུགས་ཏེ་སྨྲས་པ། གུ་ལང་ཆུ་ལྷ་ཀུ་བེ་ར་དང་རླུང་ལྷ་མེ་ལྷ་དབང་ཆེན་དང ། །དྲང་སྲོང་སྣ་ཚོགས་ལྷ་དང་ས་ལ་གནས་པའི་ཀླུ་མང་དེ་དག་ལ། །བདག་ཅག་དད་པ་ལགས་ཀྱི་བདག་ཅག་འདི་
339a
༄#། །ན་འཆི་བའི་གནོད་གྱུར་ལགས། །མྱུར་དུ་སྡུག་བསྔལ་འདི་དག་བསལ་ཏེ་འགྲོན་པོ་རྣམས་ནི་བསྐྱབ་པར་གསོལ། །དེ་ནས་དེ་དག་གིས་དེ་ལྟར་སྨྲེ་སྔགས་བཏོན་ཀྱང་སྐྱབས་བྱེད་པ་སུའང་མེད་དོ། །དེ་ནས་རེ་ཞིག་ན་དགེ་བསྙེན་ཞིག་གྲུ་དེའི་ནང་ན་འདུག་པ་དེས་སྨྲས་པ། ཀྱེ། སྟོན་པ་དྲུག་དང ། ལྷ་གཞན་དག་གིས་ཀྱང་ཁྱེད་ལ་ཅི་བྱར་ཡང་མེད་ཀྱི། མངོན་སུམ་དུ་ཡོད་པའི་ལྷ་སངས་རྒྱས་བཅོམ་ལྡན་འདས་ལ་སྙིང་ནས་སྐྱབས་སུ་སོང་ཞིག་དང ། དེ་ཁྱེད་ཀྱི་སྐྱབས་སུ་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེད་དཔོན་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་རྣམས་ཀྱིས་སྐད་བསྙམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་སོང་ངོ ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང ། ལྷག་མཐོང་ལ་གནས་པ།་རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་
339b
བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་ལ་དབང་བྱེད་པ་བས་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང།་ཉམ་ང་བ་དང ། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་པ་ལས་ལ་གནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་
340a
༄#། །ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲ་བ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པས་ཉི་མ་སྟོང་པས་ལྷག་པའི་འོད་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་ནས། དེ་དག་གིས་ཚོང་པ་དེ་དག་ཀུན་ནས་སྣང་བར་བྱས་སོ། །བསྐལ་པ་སྟོང་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་སིམ་པར་བྱས་ནས། སྲིན་པོ་ནག་པོའི་རླུང་ཡང་བཟློག་གོ་།དེ་ནས་རེ་ཞིག་ན་དེད་དཔོན་ན་རྒྱ་མཚོ་གྲུའི་དོན་གྲུབ་ནས་ཉེ་ཞོ་མེད་པར་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་འཁོར་ཏེ་འཆི་བས་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་ནས་ཉེ་དུའི་སྐྱེ་བོ་རྣམས་དབུགས་ཕྱུང་སྟེ། དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་སིམ་པར་བྱས་ནས། ཚོང་པ་ལྔ་བརྒྱའི་འཁོར་རིལ་གྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་
340b
པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པ་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱི་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་འདི་དག་སྲོག་ཕངས་པ་སྩལ་ཏེ། ཕོངས་པ་ལས་ཡོངས་སུ་བསྐྱབས་པ་དང ། གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་
341a
༄#། །སྡང་དང་བྲལ་བ་དང ། གཏི་མུག་དང་བྲལ་བ་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང།་ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང ། ཤེས་བྱ་ཐམས་ཅད་ལ་དབང་ཐོབ་ཟིན་པའི་ཚེ།་ངས་རྒྱ་མཚོ་ལ་སོགས་པ་ཚོང་པ་ལྔ་བརྒྱ་པོ་འདི་དག་སྲོག་ཕངས་པ་བྱིན་ཏེ། ཕོངས་པ་ལས་ཡོངས་སུ་བསྐྱབ་པ་དང ། གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པ་ལ་བཀོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མགྲོལ་བའི་ཚེ་ཡང་ཚོང་པ་འདི་དག་ཉིད་ངས་ཡོངས་སུ་བསྐྱབས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་རྒྱ་མཚོའི་འགྲམ་ཞིག་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། དཀའ་ཐུབ་དྲག་པོ་སྤྱོད་པ། ཟས་སུ་རྩ་བ་དང ། འབྲས་བུ་ཟ་ལ། གོས་སུ་རི་དྭགས་ཀྱི་གཡང་གཞི་དང ། ཤིང་ཤུན་གྱོན་པ། མེའི་སྦྱིན་སྲེག་
341b
ཕྱེད་པ་ཞིག་གནས་སོ། །དེའང་སྙིང་རྗེ་ཅན། བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། ཕོངས་པར་གྱུར་པ་རྣམས་ལ་ཡོངས་སུ་སྐྱོབ་པ་ཞིག་གོ་།དེ་ནས་རེ་ཞིག་ན་ཝཱ་ར་ཎཱ་སིའི་ཚོང་པ་ལྔ་བརྒྱ་རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་འདོད་པར་གྱུར་ཏེ། དེ་དག་མཐར་གྱིས་སོང་སོང་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང ། དེ་དག་གིས་དྲང་སྲོང་དེ་མཐོང་ནས་དད་པ་སྐྱེས་ཏེ། རྐང་པ་ལ་ཕྱག་བཙལ་ནས་གསོལ་བ་བཏབ་པ། བཅོམ་ལྡན་འདས། གལ་ཏེ་བདག་ཅག་རྒྱ་མཚོའི་ནང་དུ་མཆིས་པ་ལས་ཕོངས་པ་འགའ་ཞིག་བྱུང་བར་གྱུར་ན། བཅོམ་ལྡན་འདས་ཁྱེད་ཀྱིས་བདག་ཅག་ཡོངས་སུ་བསྐྱབས་པར་གསོལ་ཞེས་བྱས་ནས། དེས་ཀྱང་གནང་སྟེ། དེ་ལྟར་བྱའོ་ཞེས་བྱས་སོ། །དེ་ནས་ཚོང་པ་དེ་དག་གིས་རིན་པོ་ཆེ་དག་བླངས་ནས་འཛམ་བུའི་གླིང་ལོགས་སུ་ཆས་སོ། །དེ་ནས་རེ་ཞིག་ན་སྲིན་པོ་ནག་པོའི་རླུང་གིས་ཀུན་ཏུ་བསྐོར་བ་ལས། དྲང་སྲོང་དེས་ཡོངས་སུ་བསྐྱབས་སོ། །དེ་ནས་གྲུའི་དོན་གྲུབ་སྟེ། ཉེ་ཞོ་མེད་པར་ཕྱིར་འཕོར་ནས་དྲང་སྲོང་གི་ཐད་དུ་ཕྱིན་ཏེ་སྨྲས་པ། ཀྱེ་དྲང་སྲོང་ཆེན་པོ། དཀའ་བས་འབད་པ་དང ། སྙིང་རྗེའི་རང་བཞིན་འདིས་ཅི་ཞིག་བསྒྲུབ་ཅིང་བཞུགས། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་གྲོལ་བ་དང ། མ་གྲོལ་བ་རྣམས་འགྲོལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང །
342a
༄#། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །དེ་དག་གིས་སྨྲས་པ། ནམ་ཁྱོད་སངས་རྒྱས་སུ་གྱུར་པ་དེའི་ཚེ། བདག་ཅག་ལའང་དགོངས་པར་གསོལ། དྲང་སྲོང་གིས་སྨྲས་པ། དེ་ལྟར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །ཚོང་པ་དེ་དག་ནི་རྒྱ་མཚོ་ལ་སོགས་པ་འདི་དག་ཡིན་ཏེ། དེའི་ཚེའང་ངས་འདི་དག་ཡོངས་སུ་བསྐྱབས་སོ།། གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེར་དེ་དག་གིས་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང།་ལས་འདྲས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་
342b
དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྣམ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས།་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོད་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་
343a
༄#། །བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་བཙས་སོ་ཅོག་ཤིའོ། །དེའི་ཚེ་གནས་བརྟན་མ་འགགས་པ་ནི་ཁྱིམ་དེར་འགྲུལ་ལོ། །དེ་ནས་ཁྱིམ་བདག་དེའི་བློ་སྐྱེས་པ། གནས་བརྟན་མ་འགགས་པ་འདི་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པས་ཆེ་བར་གྲགས་པ་ཡིན་གྱི། གལ་ཏེ་བདག་གི་བུ་བཙས་པར་གྱུར་ན། འདིའི་སློབ་མར་དབུལ་ལོ་ཞེས་འདི་ལ་ཇེ་གསོལ་བ་གདབ་བོ་སྙམ་མོ། །དེ་ནས་ཁྱིམ་བདག་དེས་གནས་བརྟན་མ་འགགས་པ་ཁྱིམ་དུ་སྤྱན་དྲངས་ཏེ། བཤོས་གསོལ་ནས་གསོལ་བ་བཏབ་པ། གནས་བརྟན། གལ་ཏེ་བདག་གི་བུ་བཙས་ཏེ་མ་གུམ་ན་གནས་བརྟན་གྱི་སློབ་མར་དབུལ་ལོ་ཞེས་བྱས་སོ། །གནས་བརྟན་མ་འགགས་པས་སྨྲས་པ། དེ་ལྟར་དམ་བཅས་པ་མ་བརྗེད་པར་གྱིས་ཤིག་།དེ་ནས་ཕྱིས་རེ་ཞིག་ནའང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེས་ལུས་ལས་དྲི་བསང་ཞིམ་པོ་བྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ལྷའི་སྣ་མའི་མེ་ཏོག་གི་རལ་ཆུང་གྱོན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། སྣ་མ་ཞེས་མིང་བཏགས་སོ། །དེ་ནས་
343b
གནས་བརྟན་མ་འགགས་པ་ཁྱིམ་གྱི་ནང་དུ་བཤོས་ལ་སྤྱན་དྲངས་ནས་ཁྱེའུ་དེ་དེ་ལ་ཕུལ་ལོ། །དེ་ནས་གནས་བརྟན་མ་འགགས་པས་དེ་ལ་ཆོས་གོས་ཚོན་ཅན་དག་བྱིན་ཏེ། ཚེ་རིང་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པའང་བྱས་སོ། །དེ་ནས་གང་གི་ཚེ་བཙས་ནས་ལོ་བདུན་ལོན་པ་དེའི་ཚེ་ཕ་མ་གཉིས་ཀྱིས་གནས་བརྟན་མ་འགགས་པ་ལ་ཕུལ་ལོ། །གནས་བརྟན་མ་འགགས་པས་ཀྱང་རབ་ཏུ་ཕྱུང་ནས་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་
344a
༄#། །རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་འང་དབང་པོ་རྣོན་པོ་ཞིག་སྟེ། གང་གི་ཚེ་ཕྱག་དར་ཁྲོད་ཀྱི་གོས་འདྲུབ་པ་དེའི་ཚེ། ཁབ་ལན་རེ་འཛུགས་པ་ལ་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ཅིང་ལྡང་པར་བྱེད་དོ། །དེ་ནས་ཕྱིས་རོ་ཞིག་ན་གནས་བརྟན་མ་འགགས་པས་བསྒོ་བ། བུ་གཅིག་།སོང་ལ་ཆུ་ཀླུང་ཁང་ལྡན་ནས་ཆུ་ལོང་ཞིག་ཅེས་བྱས་སོ། །དེ་ནས་དགེ་ཚུལ་པ་སྣ་མས་བུམ་པ་ཁྱེར་ཏེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་ངོ ། །དེ་ནས་ཁྲུས་བྱས་ཏེ། བུམ་པ་ཆུས་བཀང་ནས་ནམ་མཁའ་ལ་བྱུང་སྟེ། ཆེད་འགའ་ནི་བུམ་པ་སྔོན་དུ་བཏང་ལ་དགེ་ཚུལ་པ་སྣ་མ་ཕྱི་བཞིན་འོང་ངོ ། །ཆེད་འགའ་ནི་དགེ་ཚུལ་པ་སྣ་མ་སྔོན་དུ་འགྲོ་ལ་བུམ་པ་ཕྱི་བཞིན་འོང་ངོ ། དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་ཆོས་སྟོན་ཏེ། དེར་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། དགེ་ཚུལ་པ་དྲན་པ་དང་ལྡན་པ། དབང་པོ་ཤིན་ཏུ་མཉམ་པར་བཞག་པ་བུམ་པ་ཆུས་བཀང་སྟེ་འོང་བ་འདི་མཐོང་ངམ། འདོད་ཆགས་ཞེ་སྡང་རལ་\?\་སྤངས་ཤིང ། །མ་རིག་པ་དང་བྲལ་ནས་ནི། །ལུས་ཀྱི་ཐ་མ་འཛིན་བྱེད་པ། །དེ་ནི་ཆུ་ཆུན་རབ་ཏུ་མཛེས། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་
344b
འདུན་གྱི་མདུན་དུ་དགེ་ཚུལ་པ་སྣ་མ་བསྟོད་ཅིང་བསྔགས་པ་དེའི་ཚེ། དགེ་སློང་དག་།ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྣ་མ་འདིས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། ལྷའི་སྣ་མའི་མེ་ཏོག་གི་རལ་ཆུང་འཚལ་བཞིན་དུ་སྐྱེས་ལ་དབང་པོ་རྣོ་བ་དང ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྣ་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྣ་མ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན།
345a
༄#། །བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ཡོད་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་གནས་པ་དེ་གཞོན་ནུའི་ཚེ་ནས་རབ་ཏུ་བྱུང་བའི་སེམས་སྐྱེས་པ་ལས་དེ་རབ་ཏུ་འབྱུང་མ་ནུས་ནས། གང་གི་ཚེ་རྒས་པར་གྱུར་པ་དེའི་ཚེ་དེ་འགྱོད་པ་སྐྱེས་ཏེ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་མ་བྱུང་བ་ནི་བདག་གིས་མ་ལེགས་པ་བྱས་སོ་སྙམ་མོ། །དེ་ནས་དེས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་སྣ་མའི་མེ་ཏོག་བཏགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འང་བཤོས་གསོལ་ཏེ། ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པར་གྱུར་ཅིག་།མི་
345b
མཉེས་པ་བྱེད་པར་མ་གྱུར་ཅིག་།གང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དེར་གཞོན་ནུའི་ཚེ་ནས་འཕགས་པའི་ཆོས་རྣམས་རྟོགས་པར་གྱུར་ཅིག་ཅེས་བྱས་སོ། གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་པར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་།ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལག་ན་གསེར་ཐོགས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་བོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་
346a
༄#། །དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེ་ལ་བུའང་མེད། བུ་མོའང་མེད་པས་དེ་ལག་པ་ལ་རྐོམ་ཚུགས་བཅས་ཏེ། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང ། བདག་ལ་བུའང་མེད། བུ་མོའང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་ནས།
346b
སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་དགེ་སྦྱོང་དང ། བྲམ་ཟེ་དང ། ལྟས་མཁན་དང ། མཛའ་བོ་དང ། གཉེན་དང ། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །འཇིག་རྟེན་ན་འང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང ། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་བའི་རིགས་སོ། །དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ་སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིགས་གཞན་ཞིག་ནས་ཤི་འཕོས་ནས་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་འང་ཤེས་ལ་མ་ཆགས་པའང་ཤེས་པ་དང ། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང ། བུ་ཆགས་པའང་ཤེས་པ་དང ། གང་ལས་བུ་ཆགས་པ་ཤེས་པ་དང །
347a
༄#། །ཁྱེའུ་ཡང་ཤེས་ལ་བུ་མོ་འང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ་བདག་གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན་ཁྱེའུ་འགྱུར་བར་ངེས་ཀྱི་དགྱེས་པ་སྐྱེད་དུ་གསོལ་ཞེས་བྱས་སོ། །དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག་།ལག་པ་གཡས་པ་ནི་བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པ་བུའི་ངོ་མཐོང་བར་འོང་ངོ ། །བདག་གི་བུ་རུང་བར་ཤོག་ཅིག་།མི་རུང་བར་མ་གྱུར་ཅིག་།བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་།གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག ། ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་།བདག་གི་རིགས་རྒྱུན་རིང་དུ་གནས་པར་ཤོག་ཅིག་།བདག་ཅག་འདས་ཏེ་ཤི་བའི་འོག་ཏུའང་བདག་ཅག་གི་ཕྱིར་མང་ཡང་རུང ། ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས། དེ་གཉིས་གང་དང ། གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས། བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམས་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང ། ཚ་བའི་ཚེ་
347b
བའི་ཡོ་བྱད་རྣམས་དང ། སྨན་པས་བསྟན་པའི་ཟས་རྣམས་དང ། ཧ་ཅང་ཁབ་མ་ཡིན་པ་རྣམས་དང ། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང ། ཧ་ཅང་ལན་ཚཝ་ཆེ་བ་མ་ཡིན་པ་རྣམས་དང།་ཧ་ཅང་མངར་བ་མ་ཡིན་པ་རྣམས་དང ། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང ། ཧ་ཅང་བསྐར་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང ། སྐྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཚ་བ་དང ། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བརྟེན་ཅིང་དོ་ཤལ་དང ། སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང ། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང ། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མ་ཐོས་པར་བྱས་སོ། །དེ་ནས་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེའི་ལག་པ་གཉིས་ལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་གསེར་གྱི་དོང་ཙེ་མཚན་མས་བཏབ་པ་གཉིས་བྱུང་སྟེ། གང་གི་ཚེ་དེ་ཕྱུང་བ་དེའི་ཚེ། ཡང་གཞན་འབྱུང་བར་འགྱུར་རོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་ ་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་མ་ཐག་ཏུ་ལག་པ་གཉིས་ལ་ལས་ཀྱི་རྣམ་པར་
348a
༄#། །སྨིན་པ་ལས་བྱུང་བའི་གསེར་གྱི་དོང་ཙེ་གཉིས་བྱུང་བས་ན་དེའི་ཕྱིར་ན་ཁྱེའུ་འདིའི་མིང་ལག་ན་གསེར་ཐོགས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ན་ཁྱེའུ་ལག་ན་གསེར་ཐོགས་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ་།དེ་ཡང་དད་པ་དང་ལྡན་ལ། དགེ་ཞིང་བསམ་པ་བཟང་བ། བདག་དང ། གཞན་ལ་ཕན་པ་ལ་ཞུགས་པ།་སྙིང་རྗེ་ཅན་ཞིག་སྟེ། གང་གི་ཚེ་སྲང་དུ་འགྲོ་བ་དེའི་ཚེ་དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་མཐོང་ན་ལག་པ་གཉིས་བརྐྱང་ནས་དེ་ལ་གསེར་དང ། དངུལ་གྱི་དོང་ཙེ་མཚན་མས་བཏབ་པའི་ཕུང་པོ་དེ་དག་ལ་ཇི་ཙམ་དགོས་པ་འབྱུང་བར་འགྱུར་རོ། །དེ་ནས་དེའི་གྲགས་པས་མཉན་དུ་ཡོད་པ་ཐམས་ཅད་རྒྱས་པར་འགྱུར་ཏོ། །དེ་ནས་ཕྱིས་རེ་ཞིག་ན་ཁྱེའུ་ལག་ན་གསེར་ཐོགས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་
348b
མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ།་རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེད་དོ། །དགའ་བ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས། དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ། སློབ་དཔོན། བདག་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བར་འཚལ་ལོ། །གནས་བརྟན་ཀུན་དགའ་བོས་སྨྲས་པ།་བུ།་ཀཪྵ་པ་ཎ་དགོས་སོ། །དེ་ནས་ཁྱེའུ་ལག་ན་གསེར་ཐོགས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་འགྲེང་སྟེ། ལག་པ་གཉིས་བརྐྱང་ནས། གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྤུངས་སོ། །དེ་ནས་དགེ་འདུན་གྱི་གནས་བརྟན་དང ། དགེ་སློང་གཞན་དག་དང ། གནས་བརྟན་ཀུན་དགའ་བོས་དེ་མཐོང་ནས། མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་ཁྱེའུ་ལག་ན་གསེར་ཐོགས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་
349a
༄#། །འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱེའུ་ལག་ན་གསེར་ཐོགས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་དེས་ཉེ་དུ་རྣམས་ལ་ལོངས་སྤྱོད་ཀྱི་བགོ་བཤའ་བྱས་ཏེ། དགེ་སློང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་རྣམས་ཚིམ་པར་བྱས་ནས། ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་མཐོང་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་འདྲ་བའི་སེམས་དང །
349b
དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་སྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ལག་ན་གསེར་ཐོགས་ཀྱིས་ལས་གང་དག་བགྱིས་ན། དེས་འདིའི་སུག་པ་གཉིས་ལ་གསེར་གྱི་དོང་ཙེ་མཚན་མས་བཏབ་པ་གཉིས་བྱུང་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།དགེ་སློང་དག། ལག་ན་གསེར་ཐོགས་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ལག་ན་གསེར་ཐོགས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་
350a
༄#། །དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ། ཡོངས་སུ་མྱ་ངན་ལས་འདས་ནས། རྒྱལ་པོ་ཀྲྀ་ཀྲཱི་དེའི་སྐུ་གདུང་ལ་སྐུ་གདུང་གིས་མཆོད་པ་བྱས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོར་ཁོར་ཡུག་
350b
ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །མཆོད་རྟེན་དེའི་དུས་སྟོན་བྱེད་པ་ན་རྒྱན་པོ་བ་ཞིག་གིས་གསེར་གྱི་དོང་ཙེ་གཉིས་མཆོད་རྟེན་དེའི་སྲོག་ཤིང་ལ་བཏགས་སོ། །དེ་ནས་ཞབས་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། བདག་གང་དང ། གང་དུ་སྐྱེས་པ་དེ་དང ། དེར་ལག་པ་ལ་གསེར་ཡོད་པ་ཁོ་ནར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱན་པོ་པར་གྱུར་པ་དེ་ནི་ལག་ན་གསེར་ཐོགས་འདི་ཡིན་ཏེ། དེས་མཆོད་རྟེན་ལ་གསེར་གྱི་དོང་ཙེ་གཉིས་བཏགས་པ་དེས་ན་འདི་ལྟ་བུའི་ཁྱད་པར་ཅན་དུ་གྱུར་ཏོ། །སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པར་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང །
351a
༄#། །ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བམ་པོ་བཅུ་དགུ་པ། སྡེ་སྣོད་གསུམ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
351b
དེའི་ཚེ་མཉན་དུ་ཡོད་པ་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་དེ་བཙུན་མོ་དང ། ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གོས་སུ་ཆོས་གོས་ཚོན་ཅན་གྱོན་ལ་དགེ་སློང་གི་ཆ་ལུགས་ཅན་ཚེ་རབས་དྲན་པ་ཞིག་བཙས་སོ། །དེ་ནས་སྐྱེས་མ་ཐག་ཏུ་དྲིས་པ། ཅི། མཉན་དུ་ཡོད་པ་འདི་ཁོ་ན་ན་བཅོམ་ལྡན་འདས་དང ། ཤཱ་རི་བུ་དང ། མོའུ་འགྲལ་གྱི་བུ་དང ། འོད་སྲུང་དང ། ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་བཞུགས་སམ་ཞེས་ཟེར་རོ། །དེ་ནས་དེའི་མ་ཡ་མཚན་དུ་གྱུར་ཏེ་དགའ་བས་རྒྱས་ནས་སྨྲས་པ། བུ།མཉན་དུ་ཡོད་པ་འདི་ཁོ་ནན་བཅོམ་ལྡན་འདས་དང ། ཉན་ཐོས་ཆེན་པོ་རྣམས་བཞུགས་སོ་ཞེས་བྱས་སོ།།
352a
༄#། །དེ་ནས་རེ་ཞིག་ན་དོན་དེ་རྒྱལ་པོ་གསལ་རྒྱལ་ལ་གསོལ་ཏེ། ཁྱོད་ཀྱི་སྲས་གོས་སུ་ཆོད་གོས་ཚོན་ཅན་འཚལ་བ། དགེ་སྦྱོང་གི་ཆ་ལུགས་ཅན་ཚེ་རབས་དྲན་པ་ཞིག་བཙས་ཏེ། དེ་བཅོམ་ལྡན་འདས་དང ། ཉན་ཐོས་ཆེན་པོ་རྣམས་ག་ལ་བཞུགས་པའང་རྨེད་དོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུ་དེ་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས་རྒྱལ་པོ་གསལ་རྒྱལ་གྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བུ་པང་པར་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྲིམས་ནད། བཅོམ་ལྡན་འདས། བདག་གི་བུ་འདི་བཙས་མ་ཐག་ཏུ་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་དྲན་ལགས་སོ་ཞེས་གསོལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བུ་དེ་ལ། སྡེ་སྣོད་གསུམ་པ། ཁྱོད་ནད་མེད་པར་གྱུར་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་
352b
འཚལ་ལོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཙས་ནས་ལོ་བདུན་ལོན་པ་དེའི་ཚེ། ཆོས་གོས་ཚོན་ཅན་དེ་དག་ཉིད་གྱོན་བཞིན་དུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྡེ་སྣོད་
353a
༄#། །གསུམ་པས་ལས་གང་དག་བགྱིས་ན། དེས་ཆོས་གོས་ཚོན་ཅན་འཚལ་བ་དགེ་སྦྱོང་གི་ཆ་ལུགས་ཅན་ཚེ་རབས་དྲན་བཞིན་དུ་བཙས་ཏེ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྡེ་སྣོད་གསུམ་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན ། སྡེ་སྣོད་གསུམ་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་འབྱུང་བ་འདས་པའི་དུས་ན། བསྐལ་
353b
བ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀྲྀ་ཀྲཱིའི་བུ་དྲང་སྲོང་སྨྲ་བར་སོང་ངོ ། །དེ་ནས་ངེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་པ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་དེ་ལྟ་བུ་སྟན་ཏེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་
354a
༄#། །དུ་ལྟ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ལ་གསོལ་ཏེ། ཡབ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་འཚལ་ན། གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །རྒྱལ་པོས་སྨྲས་པ། ཁྱོད་རིང་པོ་མ་ཐོགས་པར་རྒྱལ་ཚབ་ཏུ་དབང་བསྐུར་དགོས་པས་འདི་ནི་ངས་བཅོས་སུ་མེད་དོ། །བུས་སྨྲས་པ། རྒྱལ་སྲིད་ཉེས་པ་མང་པོ་དང་ལྡན་པ། ཆོས་ཀྱི་དགྲར་གྱུར་པ་བདག་ལ་མི་འཚལ་གྱི། བདག་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་མི་འབྱུང་དུ་མི་གནང་ངོ ། །དེ་ནས་ཡབ་ཀྱིས་མ་གནང་ནས། དེས་ཞག་གཅིག་དང ། གཉིས་དང ། གསུམ་ནས་ཞག་དྲུག་གི་བར་དུ་ཁ་འཚོས་སོ། །དེ་ནས་དེའི་ཟླ་གྲོགས་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །ལྷ།་མཁྱེན་པར་མཛད་དུ་གསོལ། སྲས་འདི་ནི་རབ་ཏུ་བྱུང་ན་ལེགས་ཀྱི། དེའུ་རེ་འདིར་འགུམ་ན་མ་ལེགས་སོ། །དེ་ནས་རྒྱལ་པོས་གནང་ནས་དམ་འཆར་བཅུག་སྟེ། ནམ་ཁྱོད་སྡེ་སྣོད་གསུམ་མ་ལོབས་ཀྱི་བར་དུ་ང་དང་འཕྲད་དུ་མ་འོང་ཞིག་ཅེས་བསྒོའོ། །དེ་ནས་རེ་ཞིག་ན་དེ་ཡབ་ཀྱིས་གནང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་རིང་པོ་མ་ལོན་པར་སྡེ་སྣོད་གསུམ་ལོབས་ཏེ། རིག་པ་དང ། གྲོལ་བ་སྨྲ་བ་ཆོས་སྟོན་པར་གྱུར་ནས་དེ་
354b
འདི་སྙམ་དུ་སེམས་ཏེ། མ་ལ། བདག་གིས་སྡོན་དམ་བཅས་པ་གཉེར་དགུམ་གོར་མ་ཆག་སྙམ་ནས། དེ་ཡབ་ཀྱི་ཐད་དུ་སོང་སྟེ་ཕྲད་ནས་དྲིས་པ། བུ། ཅུང་ཟད་ལོབས་པ་ལྟ་ཡོད་དམ། དེས་སྨྲས་པ། སྡེ་སྣོད་གསུམ་ལོབས་ལགས་སོ། །དེ་ནས་དེས་ཡབ་ལ་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ཐོས་ནས་རྒྱལ་པོ་མགུ་བར་གྱུར་ཏོ། །དེ་ནས་དགའ་བ་སྐྱེས་ཏེ་སྨྲས་པ།་བུ་གཅིག། ཁྱོད་ལ་ཅི་དགོས། དེས་སྨྲས་པ། བདག་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྤྱན་དྲངས་ལ་ཡོ་བྱད་དྲུག་དབུལ་བར་འཚལ་ལོ། ། རྒྱལ་པོས་སྨྲས་པ། རྒྱལ་པོའི་ཕོ་བྲང་ནི་རྒྱ་ཆེ་ཡི། ཅི་དགའ་བ་གྱིས་ཤིག་།དེ་ནས་སྡེ་སྣོད་གསུམ་པས་བཅོམ་ལྡན་འདས་ཞབས་འབྲིང་འཁོར་ཉི་ཁྲི་དང་བཅས་ཏེ་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས། དགེ་སློང་རེ་རེ་ལའང་ཡོ་བྱད་དྲུག་དྲུག་ཕུལ་ལོ། །དེ་ནས་ཞབས་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། བདག་ད་ལྟར་དཀའ་བས་རབ་ཏུ་བྱུང་བ་ཐོབ་ནས། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏང་བ་འདིས་ན། བདག་གང་དང ། གང་དུ་སྐྱེས་པ་དེ་དང ། དེར་གོས་སུ་ཆོས་གོས་ཚོན་ཅན་གྱོན་ལ་དགེ་སྦྱོང་གི་ཆ་ལུགས་འདི་དང་ལྡན་ཏེ། ཚེ་རབས་དྲན་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་
355a
༄#། །བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀྲྀ་ཀྲཱིའི་བུར་གྱུར་པ་གང་ཡིན་པ་དེ་ནི་སྡེ་སྣོད་གསུམ་པ་འདི་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། ཚེ་རབས་དྲིན་པར་གྱུར་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་བར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གྲགས་བཤེས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་
355b
དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟེ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་དེད་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡང་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེའི་ཚེ་མུ་གེ་མི་བཟད་པས་གནོད་པ་བྱུང་སྟེ། སློང་བས་ཀྱང་བཟས་མི་རྙེད་དོ། །ལྟས་མཁན་རྣམས་ཀྱིས་ཀྱང་ཆར་མི་འབབ་པར་བསྟན་པ་ལས་རེ་
356a
༄#། །ཞིག་ན། དེད་དཔོན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ།་ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། གང་གི་ཉིན་པར་ཁྱེའུ་དེ་བཙས་པ་དེ་ཁོ་ནའི་ཉིན་པར་ནས་ཐན་པ་མེད་པར་གྱུར་ཏོ། །དེ་ནས་དེའི་གྲགས་པ་མཉན་དུ་ཡོད་པ་མཐའ་དག་ཏུ་རྒྱས་པར་གྱུར་ཏོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདིའི་གྲགས་པ་ཀུན་ཏུ་རྒྱས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་གྲགས་བཤེས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་གྲགས་བཤེས་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང་དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཁྱེའུ་གྲགས་བཤེས་ཆེར་སྐྱེས་པ་དེའི་ཚེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོན་ཞིག་ལ་སོང་ངོ ། །དེ་ནས་དེས་
356b
སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པར་མཛད་དེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ། ཕ་མ་ལ་གསོལ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་
357a
༄#། །མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་བྱུང་སྟེ། དེས་ན་དེ་ལ་སྐོམ་པའི་གནོད་པ་མེད་དེ། གང་གི་ཚེ་ཚ་བའི་དུས་སུ་དགེ་སློང་སྐོམ་པ་རྣམས་གུང་སྐྱེམས་ལ་དགེ་འདུན་གྱི་ནང་དུ་འདུ་བ་དེའི་ཚེའང་དེ་མི་འོང་ངོ། །དེ་ནས་དེ་དང་བཤེས་པའི་དགེ་སློང་རྣམས་ཀྱིས་དྲིས་པ། ཅིའི་ཕྱིར་ཁྱོད་ལ་སྐོམ་པའི་གནོད་པ་མེད་ཅེས་བྱས་སོ། །དེས་སྨྲས་པ། བདག་གི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེས་ནས་བདག་ལ་སྐོམ་པའི་གནོད་པ་མེད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གྲགས་བཤེས་འདིས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། མཆེ་བ་
357b
གཉིས་ལས་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་དག་།གྲགས་བཤེས་ཉིད་ཀྱི་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གྲགས་བཤེས་ཉིད་ཀྱིས་ལས་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
358a
༄#། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་ཞིག་དགེ་སློང་རྒན་པོ་ཞིག་ལ་རབ་ཏུ་བྱུང་བ་ལས། དེའང་ལེ་ལོ་ཅན་ཞིག་སྟེ། གཞན་ལ་དེ་བསྙེན་བཀུར་བྱེད་མི་འདོད་དོ། །དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གནས་བརྟན་དེ་ཉིད་ཀྱི་བསྙེན་བཀུར་བྱེད་པར་བསྐོས་པ་དང ། དེ་བདག་ནི་བསྙེན་བཀུར་བྱེད་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་འཛིན་ཏེ། དགེ་སློང་ཆེས་རྒན་པ་རྣམས་ཀྱི་བསྙེན་བཀུར་ལེན་པར་བྱེད་པས་ན། དེའི་དགེ་བའི་རྩ་བ་རྣམས་ཟད་དེ། ཕྱིས་རེ་ཞིག་ན་ནད་ཀྱིས་བཏབ་པ་དང ། གནས་བརྟན་གྱིས་སྨན་པའི་ལུང་བཞིན་དུ་སྨན་མར་བླུད་ནས། དེ་མཚན་མོ་སྐོམ་སྟེ་ཅི་བྱ་གཏོལ་མེད་ནས་ཆུ་བཏུང་སྙམ་སྟེ། བདག་གི་ཆུ་སྣོད་ཀྱི་དྲུང་དུ་སོང་ན་ཆུ་མེད་པར་མཐོང་ངོ ། །དེ་བཞིན་དུ་མཁན་པོ་དང ། སློབ་དཔོན་དང ། དགེ་འདུན་གྱི་དྲུང་ཚང་དུ་སོང་ན་དེ་དག་ཀྱང་ཆུ་མེད་པར་མཐོང་ངོ ། །དེ་ནས་རེ་ཞིག་ན་ཆུ་ཀླུང་ཟློག་བྱེད་ཀྱི་འགྲམ་དུ་སོང་ན་དེའང་ཆུ་མེད་པར་གྱུར་ཏེ། དེ་མི་དགའ་བར་གྱུར་ནས་བདག་གི་
358b
ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྐྱོ་བ་སྐྱེད་པ་དང ། དད་པས་བྱིན་པ་ལྕི་བར་བསྟན་པའི་ཕྱིར་ཆུ་ཀླུང་ཟློག་བྱེད་ཀྱི་ཕ་རོལ་ན་ཤིང་ཞིག་ཡོད་པ་ལ་འཛེགས་ཏེ། རས་ཤིག་དེར་བཏགས་ནས། རང་གི་ལས་རྣམས་ལས་བསམས་ཏེ་ལས་ལ་རྟེན་ཅིང་འདུག་གོ་།དེ་ནས་རེ་ཞིག་ན་ཕྱི་དེ་ཉིན་པར་ནམ་ནངས་པ་དང ། གཏམ་དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བསྙད་དོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྐབས་དེ་ཐོས་ནས་མི་དགའ་བར་གྱུར་ཏེ་ཕན་ཚུན་དུ་བསྙད་དོ། །དེ་ནས་དེའི་མཁན་པོས་ཆུ་བྱིན་ན་དེའང་མ་མཐོང་ངོ ། །དེ་ནས་དེ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་འོད་སྲུང་ལ་གསོལ་ཏོ། །བཅོམ་ལྡན་འདས་འོད་སྲུང་གིས་གཎྜི་རྡུངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཁང་སྐྱོང་གིས་གཎྜི་བརྡུངས་པ་དང ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདུས་སོ། །གྲོང་ཁྱེར་ཝཱ་ར་ཎཱ་སིའི་ཐོག་ཐག་ཏུ་ཡང་གཏམ་དེ་གྲགས་ཏེ། སེམས་ཅན་འབུམ་ཕྲག་དུ་མ་འདུས་སོ། །དེ་ནས་རེ་ཞིག་ན་དེའི་མཁན་པོས་གྲལ་དཔོན་གྱི་མདུན་དུ་འདུག་ཏུ་བཅུག་ནས། རིལ་བ་སྤྱི་བླུགས་ཆུས་བཀང་སྟེ་ཕྱིན་ནས། བུ།་ཆུ་འདི་དགེ་འདུན་ལ་བྲིམས་ཤིག་ཅེས་བྱས་སོ། །དེ་ནས་འབྲས་བུ་མངོན་སུམ་དུ་མཐོང་བ་དེས་སྐྱེ་བར་གྱུར་པ་དེ་ཉིད་ཀྱིས། བཅོམ་ལྡན་འདས་དང་ཉན་ཐོས་
359a
༄#། །རྣམས་ལ་དད་པ་བསྐྱེད་ནས་བསམ་པ་དྲག་པོས་ཆུ་དེ་དགེ་འདུན་ལ་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཕན་གདགས་པའི་ཕྱིར་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་ནས། འཇིགས་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ཕྱག་གིས་ཆུ་དེ་བཞེས་ཏེ། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་བླངས་ན། འོན་ཀྱང་ཟད་པར་མ་གྱུར་ཏོ། །དགེ་འདུན་ཐམས་ཅད་ལ་བྲིམས་ནའང་ཟད་པར་མ་གྱུར་ཏོ། །དེ་ནས་ལྷ་དང ། མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཡ་མཚན་ཅན་དེ་མཐོང་ནས། སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེའི་རྒྱུད་ལའང་དགེ་བའི་རྩ་བ་རྣམས་སོར་ཆུད་པར་གྱུར་ཏོ། །གང་གི་ཚེ་ནད་སོས་པ་དེའི་ཚེ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆུས་མི་བྲེལ་བར་བྱས་ཏེ། ལོ་ཁྲི་ཉིས་སྟོང་གི་བར་དུ་དེས་དགེ་འདུན་ལ་ཆུ་བྲིམས་སོ། །དེ་ནས་ཕྱིས་རེ་ཞིག་ན་འཆི་བའི་དུས་ལ་བབ་པའི་ཚེ། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་
359b
བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་།བདག་གི་མཆེ་བའི་ཕྲག་ནས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་གྲགས་བཤེས་འདི་ཡིན་ཏེ། དེས་ལོ་ཁྲི་ཉིས་སྟོང་གི་བར་དུ་དགེ་འདུན་ལ་ཆུ་བྲིམས་ཏེ་སྨོན་ལམ་བཏབ་པ་དེས་ན། ཚེ་འདི་ལ་མཆེ་བའི་ཕྲག་ནས་ཆུ་འབྱུང་བ་རྒྱུ་དེ་ཉིད་ཀྱིས་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་པར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་
360a
༄#། །ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྫུས་ཏེ་སྐྱེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང་སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་རྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན། རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་བསྐྲུན་པའི་ཡུམ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལའང་ཆོས་སྟོན་ཏོ། །དེའི་ཚེ་ཚེ་དང་
360b
ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ནི་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་གནས་པར་དམ་བཅས་སོ། ། དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱེད་དོ། །ཆོས་ཀྱིས་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ་།དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་མོའི་འགལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་ད་ལྟར་བཅོམ་ལྡན་འདས་གང་དུ་དབྱར་གནས་པར་དམ་བཞེས་པ་ཅུང་ཟད་གསན་ཏམ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་སྨྲས་
361a
༄#། །པ།་ཀྱེ།་བདག་གིས་ནི་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་རྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུའི་སྟེང་དུ་དབྱར་གནས་པར་དམ་བཞེས་ཏེ། སྐུ་བསྐྲུན་པའི་ཡུམ་དང ། སུམ་ཅུ་རྩ་གསུམ་པའི་ལྷ་གཞན་དག་ལའང་ཆོས་སྟོན་ཅིང་བཞུགས་སོ་ཞེས་ཐོས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་སྨྲས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རངས་ཏེ་རྐང་པ་ལ་ཕྱག་བཙལ་ནས་སྟན་ལས་ལངས་ཏེ་དོང་ངོ ། །དེ་ནས་འཁོར་བཞི་པོ་རྣམས་དབྱར་ཟླ་བ་གསུམ་འདས་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱེད་དོ། ། ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་བཅང་མི་
361b
ཟེར་བ་འདུག་གོ་།དེ་ནས་འཁོར་བཞི་པོ་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ། མཁྱེན་པར་མཛད་དུ་གསོལ། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཞལ་མ་མཐོང་ནས་རིང་མོ་ཞིག་ལགས་ཏེ། བདག་ཅག་ནི་བཅོམ་ལྡན་འདས་མཐོང་བས་སྐོམ་ལགས་སོ། །བདག་ནི་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། གལ་ཏེ་བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་གནོད་པ་མ་མཆིས་ན། བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཞབས་ལ་ཕྱག་བཞེས་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ལ་འདི་སྐད་ཅེས་ཀྱང་གསུངས་ཤིག་།བཙུན་པ། འཛམ་བུའི་གླིང་བའི་འཁོར་བཞི་པོ་རྣམས་བཅོམ་ལྡན་འདས་མཐོང་བར་འཚལ་ཏེ། འདི་སྐད་དུ། བཙུན་པ། འཛམ་བུའི་གླིང་པའི་མི་རྣམས་ལ་ནི་གང་གིས་འཛམ་བུའི་གླིང་པའི་མི་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཐད་དུ་མཆི་བ་དང ། བསྙེན་བཀུར་
362a
༄#། །བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང ། མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཐད་དུ་མཆི་བ་དང ། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང ། མཐུ་མཆིས་ན་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གཤེགས་སུ་གསོལ་ཞེས་མཆིའོ་ཞེས་མོལ་དུ་གསོལ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་འཁོར་བཞི་པོ་རྣམས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་སྟན་ལས་ལངས་ཏེ་དོང་ངོ ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འཁོར་བཞི་པོ་རྣམས་དོང་ནས་རིང་པོ་མ་ལོན་པར་རིག་ནས། ཇི་ལྟར་སེམས་མཉམ་པར་བཞག་ན། དཔེར་ན། མི་སྟོབས་པོ་ཆེ་ལག་པ་བསྐུམ་པ་ལས་བརྐྱང་པའམ། བརྐྱང་པ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་མཉན་དུ་
362b
ཡོད་པ་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་ན་ཤིང་གི་རྒྱལ་པོ་ཡོངས་འདུ་ས་རྟོལ་གྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་རྡོ་ལེབ་སྣམ་བུ་དཀར་པོ་ལྟ་བུར་འདུག་པ་དེར་སོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ནི་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལྷའི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ ། །མཐོང་ནས་ཀྱང་འཛུམ་དམུལ་ཏེ། བཅོམ་ལྡན་འདས་ནི་ཇི་ལྟར་འཛམ་བུའི་གླིང་ན་འཁོར་བཞི་པོ་རྣམས་ཀྱིས་གང་བ་བཞིན་དུ་འདི་ནའང་འཁོར་མང་པོ་དང་བཞུགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་སེམས་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་འགལ་གྱི་བུ། འདི་དག་ལ་ནི་རང་དབང་མེད་དེ། གང་གི་ཚེ་ངས་དེང་ཞིག་ཅེས་བསམས་ན་ནི་དེའི་ཚེ་འདོང་བར་འགྱུར་རོ། །གང་གི་ཚེ་ངས་ཤོག་ཅིག་ཅེས་བསམས་ན་ནི་དེའི་ཚེ་འོང་བར་འགྱུར་རོ། །སེམས་ཀྱིས་ངའི་བསམས་པ་ཤེས་ནས་འོང་བ་དང་འདོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་བཅོམ་
363a
༄#། །ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ལྷའི་འཁོར་ཐམས་ཅད་ལ་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཀྱེ་མ་ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་ལགས་སོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ་ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་མཆིས་སོ། །ཆོས་དང ། དགེ་འདུན་དང ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པ་དག་ཀྱང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་སྨྲས་པ་ལ་མཐུན་པར་དགོངས་ཏེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་འགལ་གྱི་བུ་ཆེན་པོ། དེ་ནི་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀྱེ་མ། ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་
363b
དོ། །ཆོས་དང ། དགེ་འདུན་དང ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་སྨྲས་པ་ལ་མཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ།ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་འཁོར་གྱི་ནང་ནས་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང ། དགེ་འདུན་དང ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་བུ་གཞན་ཞིག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་པ་དང ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ་ལ་མཐུན་པར་བསམས་ཏེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ། དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀྱེ་མ། ལྷའི་འཁོར་སྣ་ཚོགས་འདུས་ཤིང་འཁོད་དོ། །ལྷའི་
364a
༄#། །འཁོར་གྱི་ནང་ན་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་བའི་ལྷ་དེ་ལྟ་བུ་དག་ཀྱང་ཡོད་དོ། །ཆོས་དང ། དགེ་འདུན་དང ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་ནས་ལྷ་ཁ་ཅིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ནི་སངས་རྒྱས་ལ་ཤེས་ནས་དང་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པ་ལགས་སོ། །ལྷ་གཞན་དག་གཅིག་གིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ནི་ཆོས་དང ། དགེ་འདུན་དང ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྡན་ཏེ། ལུས་དང་བྲལ་ནས་འདིར་སྐྱེས་པ་ལགས་སོ། །དེ་ནས་དེར་ལྷ་བརྒྱ་ཕྲག་དུ་མ་དང ། ལྷ་སྟོང་ཕྲག་དུ་མ་དང ། ལྷ་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ་སོའི་རྒྱུན་དུ་ཞུགས་པའི་འབྲས་བུ་བརྡ་སྤྲོད་པ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ལྷ་རྣམས་དོང་བར་རིག་ནས། བླ་གོས་ཕྲག་པ་
364b
གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། མི་བདེ་བ་མི་མངའ་མ། བདེ་བ་ལ་རེག་པ་ལ་གནས་སམ་ཞེས་ཀྱང་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་དང ། འཛམ་བུའི་གླིང་ན་འཁོར་བཞི་པོ་འཁོད་པ་རྣམས་བདེ་བར་གྱུར་ཅིག་།མོའུ་འགལ་གྱི་བུས་གསོལ་པ། བཙུན་པ། འཛམ་བུའི་གླིང་ན་འཁོར་བཞི་པོ་མཆིས་པ་རྣམས་ནི། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་འཚལ་ཏེ་འདི་སྐད་ཅེས་ཀྱང་མཆིའོ། །བཙུན་པ། འཛམ་བུའི་གླིང་པའི་མི་རྣམས་ལ་ནི་གང་གིས་འཛམ་བུའི་གླིང་པའི་མི་རྣམས་བཅོམ་ལྡན་འདས་བལྟ་བ་དང ། ཐད་དུ་མཆི་བ་དང ། བསྙེན་བཀུར་བགྱི་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང ། མཐུ་མ་མཆིས་ལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ནི་གང་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཐད་དུ་མཆི་བ་
365a
༄#། །དང ། བསྙེན་བཀུར་བགྱི་བའི་སླད་དུ་འཛམ་བུའི་གླིང་དུ་མཆི་བ་དེ་ལྟ་བུའི་རྫུ་འཕྲུལ་དང ། མཐུ་མཆིས་ན་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གཤེགས་སུ་གསོལ་ཞེས་ཀྱང་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ། འོ་ན་ཁྱོད་འཛམ་བུའི་གླིང་དུ་སོང་ལ་འཁོར་བཞི་པོ་རྣམས་ལ། ཀྱེ།་བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་བད་ཛ་རའི་ནགས་སུ་ཤིང་ཨུ་དུམ་ཝཱ་རའི་དྲུང་དུ་གཤེགས་སོ་ཞེས་སྒྲོན་ཅིག་།དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཇི་ལྟར་སེམས་མཉམ་པར་བཞག་ན། དཔེར་ན། མི་སྟོབས་པོ་ཆེ་ལག་པ་བསྐུམ་པ་ལས་བརྐྱང་པའམ། བརྐྱང་པ་ལས་བསྐུམ་པ་བཞིན་དུ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་མི་སྣང་བར་གྱུར་ཏེ། འཛམ་བུའི་གླིང་དུ་སོན་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་
365b
འོངས་ནས་འཁོར་བཞི་པོ་རྣམས་ལ་སྨྲས་པ། ཀྱེ། བཅོམ་ལྡན་འདས་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་བད་ཛ་རའི་ནགས་སུ་ཤིང་ཨུ་དུམ་ཝཱ་རའི་དྲུང་དུ་གཤེགས་སོ་ཞེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ནས་འཛམ་བུའི་གླིང་དུ་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་བད་ཛ་རའི་ནགས་སུ་ཤིང་ཨུ་དུ་མ་ཝཱ་རའི་དྲུང་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་སྣང་ལྡན་དུ་གཤེགས་པ་དེའི་ཚེ་སྲོག་ཆགས་འབུམ་ཕྲག་དུ་མ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདུས་སོ། །དེ་ནས་དེར་དགེ་སློང་རྫུས་ཏེ་སྐྱེས་པ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་བཅས་པ་དང ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དེ་དག་བཤོས་ལ་སྤྱན་དྲངས་ནས་རེ་ཞིག་ན་གདུགས་ཚོད་ལ་བབ་པ་དང ། སེམས་བསྐྱེད་མ་ཐག་ཏུ་གདན་དར་ཡུག་ཁྱིམ་ཆེན་པོས་གཡོགས་པ་དག་དང ། ལྷའི་ཞལ་ཟས་བཟའ་བ་དང ། བཅའ་བ་དག་བྱུང་བར་གྱུར་ཏོ། །དེ་ནས་དགེ་སློང་རྫུས་ཏེ་སྐྱེས་པ་དེས་བཅོམ་ལྡན་འདས་ལྷའི་ཞལ་ཟས་ཀྱིས་ཚིམ་པར་བྱས་ཏེ། ལྷ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དེ་
366a
༄#། །དག་ལའང་བཀུར་སྟི་ལེགས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམས་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་དགེ་སློང་རྫུས་ཏེ་སྐྱེས་པ་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ།་རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་
366b
སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྫུས་ཏེ་སྐྱེས་པས་ལས་གང་དག་བགྱིས་ན། དེས་རྫུས་ཏེ་སྐྱེས་པར་གྱུར་ལ། འདིས་སེམས་བསྐྱེད་པའི་མོད་ལ་ཅི་བསམས་པ་དང ། ཅི་འཚལ་བ་དེ་དག་ཐམས་ཅད་གྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། རྫུས་ཏེ་སྐྱེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འབྱུང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྫུས་ཏེ་སྐྱེས་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུང་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་
367a
༄#། །གཅིག་པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་གྲོང་མེད་པ་དགོན་པའི་གནས་ཤིག་ན། དགེ་སློང་ལྔ་དབྱར་གནས་པར་དམ་བཅས་པ་ལས། དེའི་ནང་ནས་དགེ་སློང་གཅིག་གིས་དགེ་སློང་བཞིའི་ཞལ་ཏ་བྱས་ནས། དེ་དག་གིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་གཅིག་ཤོས་ཀྱིས་ནི་དེ་དག་གི་རྐང་པ་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། འདི་ལྟར་འདི་རྣམས་ཀྱིས་བདག་ལས་བརྟེན་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པ་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་རབ་ཏུ་བྱུང་སྟེ། ཡོ་བྱད་ཀྱི་ཁྱད་པར་དག་གིས་བྲེལ་བར་མ་གྱུར་ཅིག་ཅེས་བྱས་
367b
སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་རྫུས་ཏེ་སྐྱེས་པ་འདི་ཡིན་ནོ། །གསོལ་པ། བཙུན་པ། རྫུས་ཏེ་སྐྱེས་པས་ལས་གང་དག་བགྱིས་ན། དེས་རྫུས་ཏེ་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་དེ་ན་ཚོང་དཔོན་ཞིག་གནས་པ་དེའི་ཆུང་མ་བུ་བཙས་པའི་ཚེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཏེ་ཉམ་ཐག་པའི་སྐད་འབྱིན་ཅིང་དུ་བ་དང ། དེས་དེའི་སྒྲ་ཐོས་ནས་མཆོག་ཏུ་མི་དགའ་བར་གྱུར་ཏོ། །མྱ་ངན་གྱི་ཁང་བུར་ཞུགས་ནས་ལག་པ་རྐོམ་ཙུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་དེའི་བློ་སྐྱེས་པ། མ་ལ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ། ཅི་ནས་བདག་གིས་ནམ་ཡང་མངལ་དུ་གནས་པ་ཉམས་སུ་
368a
༄#། །མྱོང་བར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་གོར་མ་ཆག་མཉམ་སྟེ། དེ་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་དེས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་འདིས་ན་བདག་གང་དང་།གང་དུ་སྐྱེ་བ་དང ། དེར་རྫུས་ཏེ་སྐྱེ་བར་གྱུར་ཅིག་།ནམ་ཡང་མངལ་དུ་གནས་པ་ཉམས་སུ་མྱོང་བར་མ་གྱུར་ཅིག་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་རྫུས་ཏེ་སྐྱེས་པ་འདི་ཡིན་ཏེ། སྨོན་ལམ་བཏབ་པ་དེས་ནི་རྫུས་ཏེ་སྐྱེས་པར་གྱུར་ཏོ། །དེས་དེར་དབང་པོ་རྣམས་ཡོངས་སུ་སྨིན་པར་བྱས་པས་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་
368b
ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཛེས་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་\?\་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གནས་ན་ཤཱཀྱ་ཕྱུག་ཅིང་ནོར་
369a
༄#། །མང་ལ། ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ནས། དེ་བཙས་པའི་ཚེ་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཐོག་ཐག་མཛེས་པར་བྱས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་པ་ན་གྲོང་ཁྱེར་སེར་སྐྱའི་གནས་མཛེས་པར་བྱས་པ་ན་དེའི་ཕྱིར་ཁྱེའུ་འདིའི་མིང་མཛེས་པ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མཛེས་པ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་
369b
སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་ངོ ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བ་བསྐྱེད་དོ། །དེ་དགའ་བ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ།་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཏེ། དེ་ཐོས་ནས་ཁྱེའུ་མཛེས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་
370a
༄#། །བྱུང་ནས། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ།་ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་བལྟ་བ། དབང་པོ་དང ། ཉེ་དབང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། མཛེས་པས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། མིའི་ཁ་
370b
དོག་ལས་ནི་འདས། །ལྷའི་ཁ་དོག་ནི་མ་ཐོབ་པར་གྱུར་ལ། འདི་བཙས་པའི་ཚེའང་ཤིན་ཏུ་རྨད་དུ་བྱུང་བ་དུ་མ་བྱུང་བར་གྱུར་ཏེ། དེ་དག་གིས་གྲོང་ཁྱེར་སེར་སྐྱའི་གནས་ཀུན་ཏུ་མཛེས་པར་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མཛེས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས། མཛེས་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་དུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
371a
༄#། །པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་མཛེས་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རྒྱལ་པོ་མཛེས་པས་དེའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་བརྩིགས་སོ། །དེ་ནས་རེ་ཞིག་ན་དེའི་དུས་སྟོན་ཞིག་བྱུང་བའི་ཚེ། མཛའ་སྡེ་དག་ཅིག་མཆོད་རྟེན་གྱི་དྲུང་དུ་དོང་བ་ལས། དེ་དག་གིས་མཆོད་རྟེན་དེ་མཐོང་བ་ལས། དད་པ་སྐྱེས་ཏེ་མེ་ཏོག་བཏགས་སོ། །དེ་དག་གི་ནང་ན་མཛའ་སྡེ་བོ་ཅིག་ན་རེ། བདག་ལ་ནི་ཅི་ཡང་མེད་ཀྱི། བདག་ནི་ཅི་ཡང་མི་བྱེད་དོ་ཞེས་ཟེར་ནས། མཛའ་སྡེ་དེ་དག་གི་ནང་ནས་ཕྱིར་བྱུང་བ་ལས་དེ་འགྱོད་པ་སྐྱེས་ཏེ། དེས་མེ་ཏོག་རྣམ་པ་སྣ་ཚོགས་བཏུས་ནས་མཆོད་རྟེན་དེ་ཉིད་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མཛའ་སྡེ་བོ་འགྱོད་པ་སྐྱེས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མེ་ཏོག་དབུལ་བ་གང་ཡིན་པ་དེ་ནི་མཛེས་པ་
371b
འདི་ཡིན་ནོ། །དགེ་སློང་དག་།མཛེས་པས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཚོང་དཔོན་ཞིག་གནས་པ་དེས་རང་སངས་རྒྱས་ནད་པ་ཞིག་མཐོང་ངོ ། །དེ་ནས་དད་པ་སྐྱེས་ཏེ་རྐང་པ་ལ་ཕྱག་བཙལ་ནས་བསོད་སྙོམས་ཀྱང་ཕུལ། གོས་ཀྱང་ཕུལ་ལོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་མཛེས་པ་འདི་ཡིན་ནོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་\?\་ལ་མི་དབུལ་པོ་ཤིང་ཐུར་\?\་ཞིག་ཏུ་གྱུར་ཏེ། དེ་རི་སུ་ལ་ཞིག་ཏུ་ཤིང་ཐུར་སོང་བ་དང ། དེས་མཆོད་རྟེན་ཞིག་མཐོང་ན་མཆོད་རྟེན་དེའི་འཁོར་ས་ན་རྩཝ་དག་ཀྱང་ཞེས་སོ། །དེ་ནས་དེ་དད་པ་སྐྱེས་ནས་རྩཝ་རྣམས་ཀྱང་ཕྱུང་སྟེ། ཕྱགས་མ་ཐོགས་ནས་མཆོད་རྟེན་དང ། མཆོད་རྟེན་གྱི་འཁོར་ས་ཕྱགས་སོ། །དེ་ནས་ཞབས་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་འདིས་ན་བདག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག་།མ་འོངས་པའི་དུས་ནའང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པ་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དབུལ་
372a
༄#། །པོ་ཤིང་ཐུན་དུ་གྱུར་པ་གང་ཡིན་པ་དེ་ནི་མཛེས་པ་འདི་ཉིད་ཡིན་ཏེ། དེས་མཆོད་རྟེན་དང ། མཆོད་རྟེན་གྱི་འཁོར་ས་ཆགས་པ་དེས་ན་གང་དང་གང་དུ་སྐྱེས་པ་དེ་དང ། དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཉིད་ཀྱིས་ན་ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་པ། ཀ་པི་ན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་
372b
འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྤྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ལྷོ་ཕྱོགས་ན་རྒྱལ་པོ་རྟོགས་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང་མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང །
373a
༄#། །འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེ་ར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་ཕྱིས་རེ་ཞིག་ན་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཀ་པི་ན་ཞེས་མིང་བཏགས་སོ། །དེ་ནས་ཁྱེའུ་ཀ་པི་ན་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་བཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ།། གང་གི་ཉིན་པར་རྒྱལ་པོའི་བུ་ཀ་པི་ནི་བཙས་པ་དེ་ཁོ་ནའི་ཉིན་པར་བློན་པོ་ཁྲི་བརྒྱད་སྟོང་གི་བུའང་བཙས་ཏེ། ཐམས་ཅད་ཀྱང་ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་
373b
སྟག་གོ་།དེ་དག་གི་མིང་ཡང་སོ་སོའི་རྐྱེན་རྐྱེན་དུ་འཚམ་པར་བཏགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་རྟོགས་ལྡན་ཤི་ནས་དེའི་འོག་ཏུ་བུ་ཀ་པི་ན་རྒྱལ་པོར་བཅུག་གོ་།བློན་པོའི་བུ་ཁྲི་བརྒྱད་སྟོང་དེ་དག་ཐམས་ཅད་ཀྱང་བློན་པོར་བསྐོས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞམ་རིང་བྱས་ཏེ་རི་དྭགས་ཤོར་དུ་སོང་བ་དང་དེས་མདུན་ལོགས་དང ། རྒྱབ་ལོགས་སུ་དཔུང་ཆེན་པོ་ཐམས་ཅད་བལྟས་ནས། བློན་པོ་རྣམས་ལ་དྲིས་པ། ཀཝའེ། ད་ལྟར་ངའི་དཔུང་ཆེན་པོ་འདི་ལྟ་བུ་དག་གཞན་སུ་ལ་ཡོད་ཅེས་བྱས་སོ། །དེ་ནས་བློན་པོ་སྙན་པར་སྨྲ་བ་རྣམས་ཀྱིས། ལྷ།་སུ་ལའང་མ་མཆིས་སོ་ཞེས་བྱས་སོ། །དེ་ནས་ཡུལ་དབུས་ནས་ཚོང་པ་དག་ཅིག་ལྷོ་ཕྱོགས་སུ་སོང་བ་དེ་དག་གིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་སྐྱེས་ཕུལ་ལོ། །དེ་ནས་རྒྱལ་པོས་སྨྲས་པ། ཀྱེ།་ཚོང་པ་དག་།ཡུལ་དེའི་རྒྱལ་པོ་སུ་ཡིན། ཚོང་པ་རྣམས་ཀྱིས་གསོལ་པ། ལྷ།་ཡུལ་ཁ་ཅིག་ན་ནི་མང་པོ་ཚོགས་པ་དབང་བགྱིད་དོ། །ཡུལ་ཁ་ཅིག་ན་ནི་རྒྱལ་པོ་དབང་བགྱིད་དོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཀ་པི་ན་ཆེན་པོས་མཉན་དུ་ཡོད་པ་ལ་སོགས་པ་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཕོ་ཉ་བཏང་སྟེ། གལ་ཏེ་ཁྱེད་འགྲེང་བ་ལ་བབ་པ་ནའང་མ་འདུག་པར་མྱུར་དུ་གཤེགས་ཤིག་།དེ་ལྟར་མ་བྱས་ན་ཆད་པས་ཆེར་གཅད་
374a
༄#། །དོ་ཞེས་བྱས་སོ། །དེ་ནས་ཚིག་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་རྒྱལ་པོ་རྣམས་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ། སྐྱི་བུང་ཞེས་བྱས་ནས་འདུས་ཤིང་ཚོགས་ཏེ་གྲོས་མཐུན་པར་བྱས་ནས་མཉན་དུ་ཡོད་པར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། གཏམ་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་དབུགས་ཕྱུང་སྟེ་ཕོ་ཉ་དེ་ངའི་ཐད་དུ་ཁུག་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་དེ་དག་གིས་ཕོ་ཉ་ལ་ཁོ་བོ་ཅག་གི་རྒྱལ་པོའི་ཡང་རྒྱལ་པོ་ཡོད་ཀྱི། རེ་ཞིག་ན་དེའི་སྤྱན་སྔར་མཆི་ཞིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་འོང་བར་ཐུགས་སུ་ཆུད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལྷའི་གྲོང་ཁྱེར་བལྟ་ན་སྡུག་དང་འདྲ་བར་རིན་པོ་ཆེ་སྣ་བཞིར་སྤྲུལ་ཏོ། །རྒྱལ་པོ་ཆེན་པོ་བཞི་ནི་དེའི་སྒོ་དཔོན་ལྟ་བུར་བཀོད་དོ། །གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་དག་དང ། རྟ་སྤྲིན་གྱི་ཤུགས་ཅན་ལྟ་བུ་དག་དང ། ཤིང་རྟ་དགའ་བྱེད་སྒྲ་ལྟ་བུ་དག་དང ། མི་གནོད་སྦྱིན་མི་བཟད་པ་ལྟ་བུ་དག་ཀྱང་བཀོད་དོ། །བཅོམ་ལྡན་འདས་ཉིད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་སྤྲུལ་ཏོ། །སེང་གེའི་ཁྲི་འཕང་དུ་ཏ་ལ་བདུན་ཙམ་ཡོད་པའང་སྤྲུལ་ཏེ། དེ་ལ་བཅོམ་ལྡན་འདས་བཞུགས་
374b
སོ། །དེ་ནས་ཕོ་ཉས་དེ་ལྟ་བུར་མཛེས་པ་དག་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲིན་ཡིག་བྲིས་ནས་ཕོ་ཉ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཀ་པི་ན་ལ་ང་ན་རེ། འཕྲིན་ཡིག་མཐོང་བ་དེ་ཁོ་ནའི་ཚེ་གལ་ཏེ་ཁྱོད་འགྲེང་བ་ལ་བབ་ནའང་མ་འདུག་པར་མྱུར་དུ་ཤོག་ཅིག་།གལ་ཏེ་མ་འོངས་ན་ང་དཔུང་གི་ཚོགས་ཆེན་པོ་དང་འོང་ངོ་ཞེས་གྱིས་ཤིག་།དེ་ནས་ཕོ་ཉ་སོང་སྟེ། རྒྱལ་པོ་ཀ་པི་ན་ཆེན་པོ་འཕྲིན་ཡིག་དང ། ཁ་དན་དུ་བཏབ་པ་དེ་དག་ཐམས་ཅད་བྱས་སོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གིས་ཞམ་རིང་བྱས་ཏེ་མཐར་གྱིས་སོང་སོང་ནས་མཉན་དུ་ཡོད་པར་ཕྱིན་པ་དང ། ཉེ་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་བསུ་ནས་དེ་དག་གིས་བཀུར་སྟི་ཆེན་པོས་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཏེ། མཉེལ་བསོ་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་འོང་བར་ཐུགས་སུ་ཆུད་ནས། ཐམས་ཅད་སྔ་མ་བཞིན་དུ་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། མཐོང་མ་ཐག་ཏུ་དེའི་གཟུགས་ལ་གཟུགས་ཀྱི་རྒྱགས་པ་དང ། དབང་ཕྱུག་ལ་དབང་ཕྱུག་གི་རྒྱགས་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །སྟོབས་ཀྱིས་དྲེགས་པ་ནི་ད་དུང་ཡོད་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
375a
༄#། །འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དབང་པོའི་གཞུ་ཁྱེར་ཏེ་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁ་ལོ་པའི་ཆ་ལུགས་ཀྱིས་དབང་པོའི་གཞུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོ་ལ་བྱིན་ན། དེ་རྒྱལ་པོ་ཀ་པི་ན་ཆེན་པོས་བཏེག་པར་ཡང་མ་ནུས་ན་བརྡུང་བར་ལྟ་ག་ལ་ནུས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་རྔ་བོ་ཆེ་བདུན་སྤྲུལ་ཏེ། ཉིད་ཀྱི་གཞུ་དེ་ཟླ་གམ་བཞིན་བརྡུངས་ནས་གནམ་མདའ་འཕངས་ཏེ། དེས་ལྕགས་ཀྱི་རྔ་བོ་ཆེ་བདུན་ཆར་ཐལ་ཕྱུང་ནས། དེ་ལས་སྒྲ་བྱུང་བ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པ་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་བྱ་བའི་སྒྲ་བྱུང་ནས་སྒྲ་དེ་ཡང་འོག་མིན་གྱི་ལྷའི་ཡུལ་མན་ཆད་དུ་གྲགས་སོ། །དེ་ནས་རྒྱལ་པོ་ཀ་པི་ན་ཆེན་པོའི་སྟོབས་ཀྱི་དྲེགས་པ་དེའང་མེད་པར་གྱུར་ཏེ། དེའི་བློ་སྐྱེས་པ། ཨེ་མ། དེ་ཅི་ཞིག་
375b
སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཀ་པི་ན་ཆེན་པོའི་སེམས་ཀྱི་རྒྱུ་བ་ཐུགས་སུ་ཆུད་ནས། འཁོར་ལོས་བསྒྱུར་བའི་ཆ་ལུགས་མི་སྣང་བར་མཛད་དེ་མདོ་འདི་གསུངས་སོ། །དགེ་སློང་དག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིས་མི་འཇིགས་པ།་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ལ་དམ་བཅས་པ། ཚངས་པའི་འཁོར་ལོ་བསྐོར་བ། འཁོར་གྱི་ནང་དུ་ཡང་དག་པའི་སེང་གེའི་སྒྲ་སྒྲོགས་པ་སྟེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེས་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང ། གཟུགས། མིང་དང ། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་
376a
༄#། །ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང ། གཟུགས་འགག་།མིང་དང ། གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགག་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་།སྐྱེ་བ་འགགས་པས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སྦྱོང་དག་།ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བ། རྣམ་པར་ཕྱེ་བ། རྒྱུ་བ་གཅོད་པ། ལྷ་དང ། མི་མན་ཆད་ལ་ཡང་དག་པར་ལེགས་པར་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་ནི་ལེགས་པར་གསུངས་པ། གསལ་བ། རྣམ་པར་ཕྱེ་བ། རྒྱུ་བ་གཅོད་པ། ལྷ་དང་མི་མན་ཆད་ལ་ཡང་དག་པར་ལེགས་པར་
376b
བསྟན་པ་ལ་ནི་རིགས་ཀྱི་བུ་དད་པས་རབ་ཏུ་བྱུང་བས་སྟོན་པའི་བསྟན་པ་ལ་བརྩོན་པར་བྱ་བའི་རིགས་པ་ཁོ་ནའོ། །སྦྱོར་བར་བྱ་བའི་རིགས་སོ། །བག་ཡོད་པར་བྱ་བའི་རིགས་སོ། ། ལུས་ཀྱི་ཤ་ཁྲག་ཀུན་བསྐམས་ཏེ། པགས་པ་དང ། ཆུ་བ་དང ། རུས་པ་འབའ་ཞིག་ལུས་པ་ནི་སླ་ཡི། ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ། མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་དང་ལྡན་པ། མཐུ་རྩལ་དང་ལྡན་པ། བརྩོན་པ་མི་འདོར་\?\་བས་ཐོབ་པར་བྱ་བ་གང་ཡིན་པ་དེ་མ་ཐོབ་ཀྱི་བར་དུ་བར་མ་དོར་བརྩོན་འགྲུས་བཏང་བར་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་ནི་སྡུག་བསྔལ་བཞིན་དུ་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེས་དང ། རྒ་ཤིར་འགྱུར་བ་རྣམས་དང་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོའང་ཡོངས་སུ་ཉམས་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེ་བར་གནས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་སྐྱེ་བར་བྱེད་པ། རིམས་ནད་དང་བཅས་པ། སྡུག་བསྔལ་གྱི་རྣམ་པར་སྨིན་པ་དང་ལྡན་པ། ཕྱི་མ་ལ་སྐྱེ་བ་དང ། རྒ་ཤིར་འགྱུར་བ་རྣམས་དང་མ་འདྲེས་པ་ཡིན་ཏེ། དེའི་ནི་དོན་ཆེན་པོའང་
377a
༄#། །ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་སློང་དག་།འདི་ལྟ་སྟེ། སྟོན་པ་ཡང་མངོན་སུམ་དུ་བཞུགས། ཆོས་ཀྱང་སྟོན་ཏེ། ཉེ་བར་ཞི་བར་བྱེད་པ ། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས་གསུངས་པའི་གསུང་རབ་འདི་ནི་ཉིང་ཁུ་བཏུང་བར་འོས་པ་ཡིན་ནོ། །དགེ་སློང་དག། དེ་བས་ན་བདག་གི་དོན་དང ། གཞན་གྱི་དོན་དང ། གཉི་གའི་དོན་ཡང་དག་པར་མཐོང་བ་རྣམས་ཀྱིས་ནི་འདི་ལ་སོ་སོ་ནས་ལེགས་པར་བསླབ་པར་བྱ་སྟེ། ཇི་ལྟར་བྱས་ནས་བདག་ཅག་རབ་ཏུ་བྱུང་བ་དོན་ཡོད་པ་དང ། འབྲས་བུ་དང་བཅས་པ་དང ། བདེ་བ་བསྐྱེད་པ་དང ། བདེ་བའི་རྣམ་པར་སྨིན་པར་འགྱུར་ལ། གང་དག་གི་གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ནད་གསོས་དང ། སྨན་ཟོང་རྣམས་བདག་ཅག་གིས་ལོངས་སྤྱད་པ་དེ་དག་གི་བཀུར་སྟི་དེ་དག་ཀྱང་ཇི་ལྟར་བྱས་ན་འབྲས་བུ་ཤིན་ཏུ་ཆེ་བ་དང ། ཕན་ཡོན་ཆེ་བ་དང ། བྱིན་ཆེ་བ་དང ། རྒྱ་ཆེ་བར་འགྱུར་བ་ཞིག་གུ་སྙམ་དུ་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཀ་པི་ན་ཆེན་པོ་བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་
377b
ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀ་པི་ན་ས་ལས་གང་དག་བགྱིས་ན། དེ་གཟུགས་
378a
༄#། །བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། བློན་པོ་ཁྲི་བརྒྱད་སྟོང་གི་འཁོར་དང་བཅས་པར་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཀ་པི་ན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཀ་པི་ན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་
378b
པ་ལ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ།་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་སོ། །དེ་ནས་རེ་ཞིག་ན་དེད་དཔོན་ཞིག་གིས་རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་མང་པ་ཁྱེར་ཏེ་འོངས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་ལ་སྤྱན་དྲངས་སོ། །གཙུག་ལག་ཁང་ཡང་བརྩིགས་ནས་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་ལོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་ཀ་པི་ན་འདི་ཡིན་ནོ། །དགེ་སློང་དག་།ཀ་པི་ནས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་
379a
༄#། །བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཚོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ཕྱི་ཞིག་ན་བློན་པོ་ཁྲི་བརྒྱད་སྟོང་གིས་ཞབས་འབྲིང་བྱས་ཏེ། སྐྱེད་མོས་ཚལ་གྱི་ཤིང་རྣམས་མེ་ཏོག་རྒྱས་ལ། ངང་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ་སོང་བ་ལས་དེས་སྐྱེད་མོས་ཚལ་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ནས་དེས་དེ་ལ་ཟླ་བ་གསུམ་གྱི་བར་དུ་ཕན་པའི་ཟས་ཀྱིས་བསྙེན་བཀུར་བྱས་སོ། །ཡོངས་སུ་མྱ་ངན་འདས་པའི་འོག་ཏུའང་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བློན་པོའི་ཚོགས་དང་བཅས་པས་ཏིལ་མར་གྱིས་བསྐུས་ཏེ། དེས་ན་འཁོར་དང་བཅས་པ་ཚན་པོ་ཆེའི་སྟོབས་དང་ལྡན་པར་གྱུར་ཏོ། །གཞན་ཡང ། སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན། ད་ལྟར་དགྲ་བཅོམ་པ་ཉིད་མངོན་
379b
སུམ་དུ་བྱས་སོ། །དགེ་སློང་དག། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བཟང་ལྡན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་
380a
༄#། །སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་ལོན་ཏེ། ལོ་བཅུ་གཉིས་འདས་ནས། གྲོང་ཁྱེར་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་བྲེ་བོ་ཟས་དང ། བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་སྟོང་ཕྲག་དུ་མས་བདེན་པ་མཐོང་སྟེ། རྒྱལ་པོ་ཟས་གཙང་ནི་མ་གཏོགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་སྲས་ཀྱི་ལེགས་པ་དེ་དག་མཐོང་ནས། མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། དེའི་བློ་སྐྱེས་པ། གལ་ཏེ་བདག་གི་བུ་རབ་ཏུ་མ་བྱུང་དུ་ཟིན་ན་ནི་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོར་འགྱུར་བ་ཞིག་ན། ད་ནི་འདི་ཐོར་ཚུགས་ཅན་རབ་ཏུ་བྱུང་བའི་གཡོག་བྱས་པ་ནི་རབ་ཏུ་མི་མཛེས་ཀྱི། བདག་
380b
གིས་ཤཱཀྱ་རྣམས་ལས་ཁྱིམ་རེ་མི་རེ་རབ་ཏུ་འབྱུང་དུ་གཞུག་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་ཐམས་ཅད་བསྡུ་བའི་ཕྱིར་གྲོང་ཁྱེར་དུ་དྲིལ་བསྒྲགས་སོ། །དེ་ནས་ཤཱཀྱ་ཐམས་ཅད་འདུས་པའི་ནང་དུ་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཀྱེ།་ཤཱཀྱ་ཁྱེད་རྣམས་ཉོན་ཅིག་།གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་དུ་ཟིན་ནའང་ཁྱེད་ཁོ་ནས་འདི་ལ་བསྙེན་བཀུར་བྱ་དགོས་ན་ད་འདིར་རབ་ཏུ་བྱུང་གི་།ཤཱཀྱ་ཁྱིམ་རེས་མི་རེས་བསྙེན་བཀུར་བྱ་བའི་ཕྱིར་རབ་ཏུ་ཕྱུང་ཞིག་ཅེས་བྱས་སོ། །དེ་ནས་བཟང་ལྡན་དང ། མ་འགགས་པ་དང ། ནམ་གྲུ་དང ། ལྷ་སྦྱིན་ལ་སོགས་པ་ཤཱཀྱའི་བུ་ལྔ་བརྒྱ་རབ་ཏུ་འབྱུང་བར་ཆས་སོ། །དེ་ནས་དེ་དག་གི་འདྲེག་མཁན་བསྙེན་བཀུར་བྱེད་པ་ཉེ་བར་འཁོར་དེས་དེ་དག་རབ་ཏུ་འབྱུང་བ་མཐོང་ནས་དུས་སོ། །དེ་ནས་ཤཱཀྱ་རྣམས་ཀྱིས་ཉེ་བར་འཁོར་ཁྱོད་ཅིའི་ཕྱིར་དུ་ཞེས་དྲིས་སོ། །དེ་ནས་དེས་སྙིང་རྗེ་རྗེ་སྐད་ཟེར་ཞིང ། སྡུག་སྡུག་སྐད་ཟེར་ལ། གཏི་ཞིང་སྨྲ་སྟེ། ཁྱེད་རབ་ཏུ་བྱུང་ན་ད་བདག་ལ་ཟས་དང ། གོས་སྐྱོང་བ་སུ་ཞིག་མཆིས། དེ་ནས་ཤཱཀྱ་རྣམས་ཀྱིས་སྨྲས་པ། ཉེ་བར་འཁོར། འོ་ན་རས་ཐིང་ཞིག་བྱས་སོ། །དེ་ནས་དེས་རས་བཏིང་ནས་ཤཱཀྱ་རྣམས་ཀྱིས་ལུས་ལ་ཐོགས་པའི་དོ་ཤལ་དང ། སེ་མོ་དོ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་
381a
༄#། །ཌཱུརྱ་དང ། དཔུང་རྒྱན་དང ། སོར་རྡུབ་རྣམས་ཕུང་པོ་ཆེན་པོར་སྤུངས་ཏེ་བྱིན་ནོ། །དེ་ནས་འདྲེག་མཁན་ཉེ་བར་འཁོར་གྱིས་རབ་ཏུ་འབྱུང་བ་དེ་དག་ཀྱང་མཐོང་ལ། རྒྱན་རྣམ་པ་སྣ་ཚོགས་ལའང་བལྟས་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྐྱེས་ཏེ། ཤཱཀྱ་འདི་དག་ནི་ཆོ་རིགས་དང ། བྱད་གཟུགས་དང ། ལང་ཚོ་དང ། འབྱོར་པ་དང་ལྡན་པ་ཡིན་ན། འོན་ཀྱང་བཙུན་མོ་རྣམས་དང ། རྒྱན་འདི་དག་མཆིལ་མ་བཞིན་དུ་བོར་ནས། རབ་ཏུ་བྱུང་ན་བདག་ཅིའང་མི་བདོག་པ་ཞིག་གིས་ད་རྒྱན་འདི་དག་ཁྱིམ་དུ་བསྐུར་དུ་ཅི་ཡོད་དེ། འདི་དག་བཏང་ལ་བདག་ཀྱང་འདི་དག་གི་རྗེས་སུ་རབ་ཏུ་འབྱུང་གོར་མ་ཆག་སྙམ་མོ། །དེ་ནས་འདྲེག་མཁན་ཉེ་བར་འཁོར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བདག་ཅག་ལྟ་བུའང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་མཆིས་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང ། ཚུར་ཤོག །
381b
ཅེས་བྱས་པས་རབ་ཏུ་ཕྱུང་ངོ ། །དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བརྒྱ་དགེ་སློང་གི་ཆ་ལུགས་ཅན་རྣམས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་བར་བྱས་པ་ལས། དེ་དག་གིས་ཉེ་བར་འཁོར་གྱི་རྐང་པ་ངོ་ཤེས་ནས་ཆོ་རིགས་དང ། བྱད་གཟུགས་དང ། འབྱོར་པ་དང་ལྡན་པའི་ཕྱིར་ཉེ་བར་འཁོར་ལ་ཕྱག་འཚལ་དུ་མ་བཏུབ་ནས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་བཀའ་སྩལ་པ། བཟང་ལྡན། གང་གི་ཕྱིར་ངའི་བསྟན་པ་འདི་ལ་ནི་ཆོ་རིགས་དང ། བྱད་གཟུགས་དང ། ལང་ཚོ་དང ། དབང་ཕྱུག་དང ། རིགས་བཞི་རྣམ་པར་དག་པ་དང་སྦྱར་བ་མེད་ཀྱི། འདི་ལ་ཕྱག་ཚོལ་ཅིག་།དེ་ནས་བཟང་ལྡན་ལ་སོགས་པ་ཤཱཀྱ་ལྔ་བ་རྒྱས་ཆོས་ཉིད་བཙན་པར་བྱས་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་བྱས་སོ། །དེ་དག་གིས་རྐང་པ་ལ་ཕྱག་བྱས་པའི་མོད་ལ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། དེ་ནས་དེར་ཚེ་དང་ལྡན་པ་བཟང་ལྡན་གྱིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་
382a
༄#། །ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའང་བདག་ཉིད་ཆེ་བ་དང ། སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་ཞིག་སྟེ། ཕྱི་ཞིག་ན་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་སྤྱོད་ཡུལ་ལ་ཆས་སོ། །དེ་ནས་རེ་ཞིག་ན་རིགས་ངན་ཞིག་གི་ཁྱིམ་དུ་བསོད་སྙོམས་ལ་སོང་ངོ ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གླང་པོ་ཆེའི་གཙོ་བོ་པདྨ་དཀར་པོ་གཅིག་པུ་ཞེས་བྱ་བ་ལ་ཞོན་ཏེ། ཁ་ལོ་པ་རྒྱུ་བའི་བུ་རིང་པོ་དང ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཆས་པ་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཟང་
382b
ལྡན་དབང་པོ་ཞི་བ། ཡིད་ཞི་བ། སེམས་མཆོག་ཏུ་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་ལ། ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཁྱེར་ཏེ་རིགས་ངན་གྱི་ཁྱིམ་དེ་ནས་ཕྱིར་བྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་ཁ་ལོ་རྒྱུ་བའི་བུ་རིང་པོ་ལ་དྲིས་པ། འདི་དགེ་སློང་བཟང་ལྡན་མ་ཡིན་ནམ། ཁ་ལོ་བས་སྨྲས་པ། ལྷ། བཀའ་སྩལ་པ་བཞིན་ཏེ། དེ་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁམས་ནས་བརྒྱལ་ཏེ་ས་ལ་ལྷུང་ངོ ། །དེ་ནས་ཆུས་གཏོར་བ་དང ། ཕྱིར་སངས་ཏེ་སེམས་རྟས་ནས་ཁ་ལོ་པ་རྒྱུ་བའི་བུ་རིང་པོས་བསླང་ངོ ། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་རྨད་དུ་བྱུང་བ་ཞིག་མཐོང་སྟེ། ཤཱཀྱའི་རྒྱལ་པོ་བཟང་ལྡན་ཏེ། ཕྱག་དར་ཁྲོད་ཀྱི་གོས་གྱོན་ཞིང་ཁ་ཟས་ངན་པ་ཐོགས་ཏེ། ལྷ་དང ། མི་དད་པར་བགྱི་བའི་སྤྱོད་ལམ་ཤིན་ཏུ་ཞི་བས་བསོད་སྙོམས་བླངས་ཏེ། རིགས་ངན་གྱི་ཁྱིམ་ནས་སླར་བྱུང་བ་དེ་ལ་བདག་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཤིན་ཏུ་དུལ་བར་བགྱིད་པ་ལགས་ཏེ། དེ་ལ་བསྟེན་ན་འདི་ལྟ་བུར་སྐྱིད་དེ་མཆིས་ལ། བདེ་བས་བསྐྱེད་པ་
383a
༄#། །དག་ཀྱང་འདི་ལྟར་ཚུལ་དུལ་བར་གྱུར་པ་ནི་ངོ་མཚར་ཆེའོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། བཟང་ལྡན་འདི་ལ་ནི་ངོ་མཚར་ཆེ་བ་གཞན་ཡང་ཡོད་ཀྱི་ཉོན་ཅིག་།རྒྱལ་པོ་ཆེན་པོ། བཟང་ལྡན་འདི་ནི་དགོན་པ་ན་གནས་སམ། ཤིང་དྲུང་ནས་གནས་སམ། ཁང་སྟོང་ན་གནས་ཀྱང་རུང་སྟེ། ཀྱེ་མ་རེ་སྐྱིད། ཀྱེ་མ་རེ་སྐྱིད། བདག་རབ་ཏུ་མ་བྱུང་བ་ཙམ་ན་རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་སྟེ། བློན་པོ་ཆེན་པོ་དང ། གྲོང་རྡལ་གྱི་མི་དང ། ཡུལ་གྱི་མི་རྣམས་ཀྱིས་ཤིན་ཏུ་ལེགས་པར་བསྲུངས་ལ། རབ་བ་དང ། འོབས་དང ། སྒོ་དང ། གཅན་རྣམས་ཀྱིས་བསྐྱབས་ཀྱང་སྙིང་གཞན་ལ་དོགས་ཤིང་མི་དགའ་ལ། ཀུན་ལའང་ཁུ་འཕྲིག་ཟ་བཞིན་ཏེ། གཉིད་ཀྱང་མི་འོང་བ་ལས། ད་ནི་བདག་ལུས་དང་སྲོག་ལའང་མི་ལྟ་བས་གནས་གང་དང ། གང་དུའང་བདེ་བར་འདུག་ཏུ་ཡོད་ངོ་ཞེས་དགའ་བའི་ཚིག་ལན་གསུམ་དུ་རྗོད་པར་བྱེད་དོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ ། བཙུན་པ། བཟང་ལྡན་གྱིས་སྔོན་ཚེ་རབས་གཞན་དག་ཏུ་ལས་གང་དག་བགྱིས་ཤིང་བསགས་ན། དེས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། རྒྱལ་
383b
པོའི་རིགས་ཕྱུག་པོར་སྐྱེས་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བཟང་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བཟང་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་སྤྲང་པོ་ཞིག་གནས་པ་ལུས་བཀྲེས་ཤིང་ཉམ་ཆུང་བས་ནོན་ནས། ཕན་ཚུན་དུ་འཁོར་འཁོར་བ་ལས་བུ་མོ་འཁུར་བ་ཁྱེར་བ་ཞིག་མཐོང་ངོ ། །དེ་ནས་སྦྲང་པོ་དེས་
384a
༄#། །འཁུར་བ་འདོད་པའི་ཕྱིར་བུ་མོ་དེ་བསྙེགས་ཏེ། ནན་གྱིས་འཁུར་བ་ཅིག་ཕྲོགས་ནས་ཕན་ཚུན་དུ་བྲོས་སོ། །བུ་མོ་དེའང་དེའི་ཕྱི་བཞིན་འབྲང་བཞིན་ནོ། །དེ་ནས་སྤྲང་པོ་དེས་ཚམ་ཚོམ་མེད་པར་ཆུ་ཀླུང་ཟློག་བྱེད་ལ་འབོགས་སོ། །སངས་རྒྱས་རྣམས་མི་འབྱུང་བའི་ཚེ་ན། རངས་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་ཤིག་སྤྲང་པོ་དེའི་མདུན་དུ་འོངས་སོ། །དེ་ནས་སྤྲང་པོ་དེས་རང་སངས་རྒྱས་སྤྱོད་ལམ་ཞི་བ་དེ་མཐོང་ནས་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དགའ་བ་ཆེན་པོས་རང་གི་སྡུག་བསྔལ་དང་བསྔོས་ཏེ་རང་སངས་རྒྱས་ལ་འཁུར་བ་དེ་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེས་དེའི་དགའ་བརྒྱ་ཆེན་པོ་བསྐྱེད་པའི་ཕྱིར ། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་སྤྲང་པོ་དེས་ལྷ་དང་།མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྒང་བ་ལ་ཕྱག་བཙལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་བརྟུལ་ཞུགས་གྲུབ་པ་
384b
ལ་ཕུལ་བའི་དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་གང་དང ། གང་དུ་སྐྱེས་པ་དེ་དང ། དེར་རིགས་མཐོན་པོར་སྐྱེ་བ་དང ། འདི་ལྟ་བུའི་ཆོས་དག་ཐོབ་པར་གྱུར་ཅིག་།འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་དག་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། སྤྲང་པོར་གྱུར་པ་གང་ཡིན་པ་དེ་ནི་བཟང་ལྡན་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་ཁུར་བ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་ཤཱཀྱའི་རིགས་ཕྱུག་པོར་སྐྱེས་སོ། །གཞན་ཡང ། སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུང་བ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག ། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གང་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གང་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་
385a
༄#། །གཅིག་ཏུ་ངེས་པར་གང་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཡུལ་འཁོར་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་
385b
དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་གསུས་པོ་ཆེ་ཞེས་བྱ་བ་ན། གསུས་པོ་ཆེའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་ཡུལ་གསུས་པོ་ཆེན་རྒྱལ་པོ་སྒྲ་མི་སྙན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་ནུ་བོའི་བུ་ཡུལ་འཁོར་སྐྱོང་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིད་ལག་ཐམས་ཅད་དང་ལྡན་པ་ཞིག་ཡོད་པ་དེ་གདུལ་བའི་དུས་ལ་བབ་པར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཅིང་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། ཡུལ་གསུས་པོ་ཆེར་བསོད་སྙོམས་ལ་གཤེགས་པ་དང ། ཡུལ་འཁོར་སྐྱོང་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་
386a
༄#། །ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱེད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། རབ་ཏུ་འབྱུང་བར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བུ་ཁྱོད་ཕ་མས་གནང་ངམ། ཡུལ་འཁོར་སྐྱོང་གིས་གསོལ་པ། བཙུན་པ། མ་གནང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ། དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི། ཕ་མས་མ་གནང་བར་རབ་ཏུ་འབྱུང་བའམ ། བསྙེན་པར་རྫོགས་པར་མི་མཛད་དོ། །དེ་ནས་ཡུལ་འཁོར་སྐྱོང་ཕ་མའི་ཐད་དུ་སོང་སྟེ། ཕྱིན་ནས་སངས་རྒྱས་ཀྱི་བསྔགས་པ་བརྗོད་དེ། བདག་གིས་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྒྱས་པ་དང ། བཙུན་མོ་དྲུག་ཁྲི་སྤངས་ནས་དབུ་སྐྲ་བྲེགས་
386b
ཏེ།་ཆོས་གོས་སྣམ་སྦྱར་གསོལ་ནས། ཡུལ་གསུས་པོ་ཆེ་འདི་ཉིད་ན་བསོད་སྙོམས་ལ་རྒྱུ་ཞིང ། བཞུགས་པ་མཐོང་གི་།བདག་བཅོམ་ལྡན་འདས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་གནང་བར་མཛད་པའི་རིགས་སོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་མ་གནང་ངོ ། །དེ་ནས་དེ་ཞག་གཅིག་དང ། གཉིས་དང ། གསུམ་ནས་དྲུག་གི་བར་དུ་ཁ་ཚོས་སོ། །དེ་ནས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། །བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང ། ། ཤེས་པར་གྱིས་ཤིག་།ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ཀྱིས་སྡུག་མ་མྱོང་བ་ཡིན་ལ། ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ན་དཀའོ། །གཅིག་པུ་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང ། ནགས་ཁུང་དང ། བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀའ། བུ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱོད་པར་གྱིས་ཤིག་།སྦྱིན་པ་དག་ཀྱང་བྱིན་ཅིག་།བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ནས། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཉེ་དུ་རྣམས་ལ་བསྐུལ་ཏེ། ཀྱེ།་ཉེ་དུ་
387a
༄#། །རྣམས་བུ་ཡུལ་འཁོར་སྐྱོང་སློངས་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཉེ་དུ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ལྷགས་ནས། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང ། ཤེས་པར་གྱིས་ཤིག་།ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ། ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུར་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང ། ནགས་ཁུང་དང་བས་མཐའི་གནས་མལ་དུ་གནས་བཅའ་བ་ནི་ཡིད་ལ་བསམ་པར་ཡང་དཀའི། །བུ་ཡུལ་འཁོར་སྐྱོད། ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱད་པར་གྱིས་ཤིག་།སྦྱིན་པ་དག་ཀྱང་བྱིན་ཅིག་།བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་དེ་སྐད་བྱས་ནའང ། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ཀྱིས་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་བསྐུལ་ཏེ། ཀྱེ།་བྱིས་པ་དག ། བུ་ཡུལ་འཁོར་སྐྱོང་སློངས་ཤིག་ཅེས་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ལྷགས་ནས། ཁྱིམ་
387b
བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས། བུ་ཡུལ་འཁོར་སྐྱོང ། ཤེས་པར་གྱིས་ཤིག་།ཁྱོད་ནི་སྐྱིད་དེ་བར་འདུག་འདུག་པ་བདེ་བ་འདོད་པ་ཡིན་ཏེ། ཁྱོད་ནི་སྡུག་མ་མྱོང་བ་ཡིན་ལ། ཚངས་པར་སྤྱོད་པ་ནི་སྤྱད་པར་དཀའོ། །དབེན་པར་གནས་པ་ནི་དཀའོ། །གཅིག་པུར་འདུག་པ་ནི་དགའ་བར་བྱ་དཀའོ། །དགོན་པ་དང ། ནགས་ཁུང་དང་བས་མཐའི་གནས་མལ་དུ་གནས་བཅའ་བར་ནི་ཡིད་ལ་བསམ་པར་ཡང་དཀའི། དེས་པ་ཡུལ་འཁོར་སྐྱོང་ཁྱོད་འདི་ཉིད་དུ་འདུག་ལ་འདོད་པ་རྣམས་ཀྱང་ལོངས་སྤྱོད་པར་གྱིས་ཤིག་།སྦྱིན་པ་དག་ཀྱང་བྱིན་ཅིག་།བསོད་ནམས་དག་ཀྱང་གྱིས་ཤིག་།ཅེས་དེ་སྐད་བྱས་ནས་ཡང་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་ཟེར་རོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ག་ལ་བ་དེར་སོང་སྟེ་ལྷགས་ནས། ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གཉིས་མཁྱེན་པར་མཛོད་ཅིག་།དེས་པ་ཡུལ་འཁོར་སྐྱོང་གུམ་ན་ཅི་རུང་གི་།ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་དུ་སྩོལ་ཅིག་དང ། གལ་ཏེ་རབ་ཏུ་བྱུང་བ་ལ་དགའ་བར་གྱུར་ན་ནི། གསོན་པོར་མཆིས་ན་ནི་ཁྱོད་ཀྱིས་གཟིགས་པར་འགྱུར་གྲང ། གལ་ཏེ་དགའ་བར་མ་
388a
༄#། །གྱུར་ན་ནི། བུ་འགྲོ་བའི་ས་ཕ་མ་མ་གཏོགས་པ་གཞན་མ་མཆིས་སོ། །ཕ་མ་གཉིས་ཀྱིས་སྨྲས་པ། བྱིས་པ་དག་།གལ་ཏེ་བུ་ཡུལ་འཁོར་སྐྱོང་རབ་ཏུ་བྱུང་བའི་འོག་ཏུ་ངད་དང་འཕྲད་དུ་འོང་ན་ནི་དེ་བཞིན་དུ་གནང་ངོ ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་གྲོགས་པོ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ག་ལ་བ་དེར་སོང་སྟེ་ལྷགས་ནས། ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཡུལ་འཁོར་སྐྱོང་ཁྱོད་རབ་ཏུ་འབྱུང་བར་ནི་ཕ་མ་གཉིས་ཀྱིས་གནང་མོད་ཀྱི། གལ་ཏེ་རབ་ཏུ་བྱུང་བའི་འོག་ཏུ་ཕྲད་དུ་འོང་བ་ན་གདོད་གནང་ངོ ། །ཞེས་ཟེར་རོ། །ཡུལ་འཁོར་སྐྱོང་གིས་སྨྲས་པ། ཀྱེ། ཕྲད་པར་བགྱིའོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཁད་ཀྱིས་ལུས་ཀྱི་མཐུ་དང་སྟོབས་བསྐྱེད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི་ཕ་མས་གནང་ལགས་ན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་
388b
ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །ཞེས་གསོལ་ནས་རིགས་ཀྱི་བུ་ཡུལ་འཁོར་སྐྱོང་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས ། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱི་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
389a
༄#། །དག་།ངའི་ཉན་ཐོས་ཀྱི་དགེ་སློང་དགོན་པ་པ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཡུལ་འཁོར་སྐྱོང་གིས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཡུལ་འཁོར་སྐྱོང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཡུལ་འཁོར་སྐྱོང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མིའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དེ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་
389b
དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། ལུས་འཕགས་ཀྱི་རྒྱལ་པོ་ཕོ་བྲང་འཁོར་གྱི་མི་དང་བཅས་པ་ཕ་རོལ་གྱི་དམག་ཚོགས་བྱུང་སྟེ། ཅི་བྱ་གཏོལ་མེད་ནས་ནགས་ཁུང་དུ་ཞུགས་ཏེ། དེ་ཉི་མའི་གུང་ལ་ཉི་མའི་འོད་ཟེར་ཚ་བས་གདུངས་ནས་དཔུང་གི་ཚོགས་དང་བཅས་ཏེ་ཕན་ཚུན་འཁོར་འཁོར་ནས་ལམ་ཡང་མ་རྙེད་དོ། །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱི་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རེ་ཞིག་ན་རང་སངས་རྒྱས་ཤིག་དགོན་པའི་ལམ་དེ་ན་གནས་པ་དེས་སྙིང་རྗེ་བསྐྱེད་ནས། ལུས་འཕགས་ཀྱི་རྒྱལ་པོ་དེ་ལ་ལམ་ཡང་བསྟན། ཆུའི་ལྟེང་ཀའང་བསྟན་ནས། དེས་རྒྱལ་པོ་དེ་འཁོར་དང་བཅས་པའི་སྲོག་ཕངས་པ་བསྐྱངས་སོ། །དེ་ནས་རྒྱལ་པོ་དེ་དད་པ་སྐྱེས་ནས། རང་གི་གྲོང་ཁྱེར་དུ་ཁྲིད་དེ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །མྱ་ངན་ལས་འདས་པའི་འོག་ཏུ་འང་དེའི་སྐུ་གདུང་གི་
390a
༄#། །མཆོད་རྟེན་བརྩིགས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཡིན་ནོ། །དགེ་སློང་དག་།ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་པ་ཏེ། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།་དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཀྲི་ཀྲཱི་རྒྱལ་པོ་བྱེད་དེ། དེའི་རིང་ལ་
390b
འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་དེའི་བུ་ཐ་ཆུང་དྲང་སྲོང་སྨྲ་བར་སོང་བ་དང ། དེ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ཏེ།་དེ་དད་པ་སྐྱེས་པས་བཅོམ་ལྡན་འདས་འོད་སྲུང་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱས་ཏེ་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གཞི་རྣམས་བླངས་སོ། །ཡོངས་
391a
༄#། །སུ་མྱ་ངན་ལས་འདས་པའི་འོག་ཏུའང་མཆོད་རྟེན་ལ་གདུགས་བུ་ཆུང་བཏགས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །ཡུལ་འཁོར་སྐྱོང་གིས་ནི་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་བྲམ་ཟེ་ལས་སུ་རྩ་བ་རྐོ་བ་ཞིག་གནས་པ་དེ་རི་ཞིག་ལ་རྩ་བ་རྐོར་སོང་སྟེ་ནགས་ཁྲོད་དུ་འཁོར་འཁོར་བ་ལས་དེས་དེར་རང་སངས་རྒྱས་ནད་པ་ཞིག་མཐོང་ངོ ། །དེ་ནས་དེ་དད་པ་སྐྱེས་ཏེ། དེ་ལ་བསྙེན་བཀུར་བྱས་ནས་གང་གི་ཚེ་ནད་སོས་པ་དེའི་ཚེའང་བཤོས་གསོལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག་།འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྩ་བ་རྐོ་པའི་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་ནམ་ཡང་སྡུག་བསྔལ་མྱོང་བར་མ་གྱུར་ལ། ད་ལྟར་ཡང་རྒྱལ་པོའི་རིགས་ཕྱུག་པོར་སྐྱེས་ཏེ །
391b
གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སོ།། །།སྡོམ་ནི། རབ་འབྱོར་དང་ནི་རྒན་པོ་དང ། །ལག་པ་ཅན་དང་འདེ་གུས་གསོས། །འཁོར་བ་དང་ནི་སྤེད་པ་དང ། །མི་སྡུག་པ་དང་གངྒཱ་པ། །སེན་རིང་དང་ནི་ཡང་དག་སྡུག་།སྡེ་ཚན་དག་ཏུ་བསྟན་པ་ཡིན། །རབ་འབྱོར་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་
392a
༄#། །ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྗོངས་སོ་སོར་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཉན་ཐོས་རྣམས་བསྐོས་པ་དེའི་ཚེ།
392b
བསམ་གཏན་པ་གང་ཡིན་པ་དེ་དག་ནི་རི་རབ་ཀྱི་བང་རིམ་ལ་བསམ་གཏན་ལྷུར་བྱེད་ཅིང་འཁོད་དོ། །དེ་ནས་རེ་ཞིག་ན་བྱའི་རྒྱལ་པོ་འདབ་བཟང་གིས་རྒྱ་མཚོ་ཆེན་པོའི་ནང་ནས་ཀླུའི་ཕྲུ་གུ་ཞིག་བླངས་ཏེ། དེས་དེ་རི་རབ་ཀྱི་བང་རིམ་གྱི་སྟེང་དུ་ཕྱུང་ནས་བཟའ་བར་བརྩམས་སོ། །དེ་ནས་ཀླུའི་ཕྲུ་གུ་དེ་འཆི་བའི་ཚེ་ཉན་ཐོས་ཆེན་པོ་རྣམས་ལ་སེམས་དགའ་བར་བྱས་ཏེ་ཤིའོ། །དེ་ནས་དེ་ཤི་ནས་མཉན་དུ་ཡོད་པར་བྲམ་ཟེ་འབྱོར་བ་ཞེས་བྱ་བ་དེའི་ཆུང་མ་ཆེན་མོའི་ལྟོར་ཞུགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་དེའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ།། ཉེ་དུ་རྣམས་ན་རེ། ཁྱེའུ་འདིའི་ཕ་འབྱོར་པ་ཡིན་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་རབ་འབྱོར་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་རབ་འབྱོར་བསྐྱེད་བསྲིངས་ཏེ་ཆེར་སྐྱེས་ནས་དེ་སྔོན་གྱི་རྒྱུའི་སྟོབས་དང ། ཤུགས་ཀྱིས་སྤྲོ་ཐུང་བ་དང ། ཁྲོ་བ་དང ། ཞེ་གནག་པའི་ཤས་ཆེ་བར་གྱུར་ཏོ། །དེ་ནས་ཕ་མ་གཉིས་ཀྱིས་སྲིད་སྲུང་ལས་ཕྱུང་སྟེ། དྲང་སྲོང་གི་ནང་དུ་རབ་ཏུ་ཞུགས་ནས་དེའང་དེ་ན་བསམ་གཏན་ལྷུར་བྱེད་པར་གྱུར་ཏེ། ནགས་ཁྲོད་གཅིག་ན་རྟེན་ཅིང་འདུག་གོ་།ནགས་ཁྲོད་དེ་ན་ལྷ་བདེན་པ་མཐོང་བ་ཞིག་ཀྱང་གནས་ཏེ །
393a
༄#། །དེས་དེ་ལ་སྙིང་རྗེ་བསྐྱེད་ནས་རིགས་ཀྱི་བུ་འདི་ནི་ཁྲོ་བ་དང ། ཞེ་གནག་པའི་ཤས་ཆེ་བས་ཁྱད་པར་ཐོབ་པར་མི་འགྱུར་གྱི། བདག་གིས་འདི་བཅོམ་ལྡན་འདས་ལ་བལྟར་གཞུག་གོ་སྙམ་མོ། །དེ་ནས་ལྷ་དེས་རབ་འབྱོར་གྱི་མདུན་དུ་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་བསྔགས་པ་བརྗོད་དོ། །དེ་ནས་རབ་འབྱོར་བཅོམ་ལྡན་འདས་ལ་བལྟ་བའི་འདོད་པ་བསྐྱེད་ནས་ལྷ་དེའི་རྫུ་འཕྲུལ་གྱི་མཐུས་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་དོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་སེམས་ཅན་རྣམས་ལ་ཞེ་ནོན་པའི་སེམས་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་
393b
ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་རིགས་ཀྱི་བུ་རབ་འབྱོར་གྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་བྱམས་པ་བསྒོམས་པས་སེམས་བཏུལ་ནས། ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་
394a
༄#། །གྱིས་གང་ནས་ཤི་འཕོས་པ་དང ། གང་དུ་སྐྱེས་པ་དང ། ལས་གང་གིས་སྐྱེས་པ་བསམས་པ་དང ། དེས་ཚེ་རབས་ལྔ་བརྒྱའི་བར་དུ་ཀླུ་ལས་ཤི་འཕོས་ཏེ་ཀླུ་འབའ་ཞིག་ཏུ་སྐྱེས་པར་མཐོང་ངོ ། །དེ་ནས་དེའི་བློ་སྐྱེས་པ། བདག་གིས་འདི་ལྟར་ཞེ་སྡང་གི་རྐྱེན་བསྒྲུབས་པ་དེས་ན་བདག་ཚེ་རབས་ལྔ་བརྒྱར་ཀླུ་འབའ་ཞིག་ཏུ་སྐྱེས་ཏེ། དེ་ཁོ་ནའི་ཕྱིར་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་གྱི། ད་ནི་ཅི་ནས་བདག་ལ་གཞན་དག་གིས་ཞེ་སྡང་སྐྱེ་བར་འགྱུར་ཞིང་དེ་དང་ལྡན་པས་ལུས་དང་བྲལ་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུར་མི་འགྱུར་བར་བྱའོ་སྙམ་ནས། དེ་ཉོན་མོངས་པ་མེད་པ་ལ་གནས་པའི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་གང་གི་ཚེ་དགེ་འདུན་གྱི་ནང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་སུ་བསོད་སྙོམས་ཀྱི་ཕྱིར་གནས་པར་འདོད་པ་དེའི་ཚེ། ཐོག་མ་ཁོ་ནར་སྤྱོད་ཡུལ་ལ་ལྟ་བར་འདོད་དེ། བདག་མཐོང་ན་ཐ་ན་གྲོག་སྦུར་ཡན་ཆད་སུ་ཡང་སྣ་འགའ་ཞིག་གི་ཕྱིར་སེམས་སྡང་བར་མི་འགྱུར་གྲང་སྙམ་ནས་དེས་སྤྱོད་ལམ་དེ་བཏང་ཏེ། གཞན་དུ་བསྒྱུར་ནས། དས་སེམས་ཅན་དེ་དག་གི་སེམས་དགའ་བར་གྱུར་ཏེ། དེ་དགྲ་བཅོམ་པ་ཉིད་ཡིན་དུ་ཟིན་ཀྱང་དེ་ལྟ་བུའི་ཉམ་ང་བ་
394b
མྱོང་ངོ ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་བློ་སྐྱེས་པ། མ་ལ། བདག་གི་ད་ནི་སྐྱེ་བོ་མང་པོ་ལ་ཕན་གདགས་སོ་སྙམ་མོ། །དེ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལྡིང་ལྔ་བརྒྱ་སྤྲུལ་ཏེ། དེ་དག་མཐོང་ནས་ཀླུ་རྣམས་སྐྲག་ཅིང་དངངས་ཏེ་མི་དགའ་ནས་ཕན་ཚུན་དུ་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རབ་འབྱོར་གྱིས་ཡང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡོངས་སུ་བསྐྱབས་སོ། །དེ་ནས་དེ་དག་སེམས་དགའ་བར་གྱུར་ནས། བྱམས་པའི་ལུང་ཕོག་གོ་།དེ་ནས་ཡང་ཀླུ་ཆེན་པོའི་གཟུགས་སུ་སྤྲུལ་ནས་ནམ་མཁའ་ལྡིང་ལྔ་བརྒྱ་གཙེས་ཏེ།་དེ་དག་ཀྱང་སྐྲག་ནས་བྱམས་པའི་ལུང་ཕོག་ནས། དེས་དེ་ལྟར་ཀླུ་དང་ནམ་མཁའ་ལྡིང་གི་རིགས་ལྔ་བརྒྱ་ལྔ་བརྒྱ་བཏུལ་ཏོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ངའི་ཉན་ཐོས་ཀྱི་དགེ་སློང་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ནི། །འདི་ལྟ་སྟེ། རིགས་ཀྱི་བུ་རབ་འབྱོར་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལས་གང་དག་བྱས་ན་དེས་ཉོན་མོངས་པ་མ་མཆིས་པར་གནས་པའི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རབ་འབྱོར་ཉིད་
395a
༄#། །ཀྱིས་སྔོན་ཚེ་རབས་གཞན་དག་དུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པ་ན། རབ་འབྱོར་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མ་ཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་
395b
ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། ། དེ་ནས་དེར་འདི་རབ་ཏུ་བྱུང་སྟེ། འདིས་སྦྱིན་པ་དག་བྱིན་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང ། སེམས་བསྐྱེད་པ་དང ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་མ་འོངས་པའི་དུས་སུ་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས། ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་ཅིག་ཅེས་བྱས་སོ། །ལས་གང་དག་གིས་ཀླུར་སྐྱེས་ཤེ་ན། ཉོན་མོངས་པ་རྣམས་མ་སྤངས་པ་དང ། དབང་པོ་རྣམས་འཁྲུལ་པ་དང ། ལས་ཀྱི་ལམ་རྣམས་མཐར་ཐུག་པར་མ་བྱས་པ་དང ། སློབ་པ་དང་མི་སློབ་པའི་དགེ་སློང་རྣམས་ལ་སྡང་བའི་སེམས་བསྐྱེད་ནས། སྦྲུལ་གདུག་པ་ཞེས་བྱ་བའི་ཚིག་བརྗོད་དེ། དེས་ན་ཀླུར་སྐྱེས་སོ། །དེས་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་བྱིན་ནས། ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་
396a
༄#། །དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་རྩ་གཅིག་པ། རྒྱན་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་
396b
མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཚོང་དཔོན་ཕྱུག་པ་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་དེ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། བུ་མ་བྱུང་བར་རེ་ཞིག་ན་ཡང་དེ་ཉིད་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་མངལ་ན་བུ་སྔ་མ་དེ་འདུག་བཞིན་དུ་རེ་ཞིག་ན། མའི་ལྟོར་
397a
༄#། །བུ་སྔ་ཕྱིར་བཅུ་བྱུང་ཡང་བུ་དང་པོ་དེ་ནི་མངལ་ཉིད་ན་འདུག་བཞིན་ནོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་དེའི་ཆུང་མ་དེ་ན་བར་གྱུར་ནས། དེ་ལ་རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་ནད་དེ་ཞི་བར་མ་གྱུར་ནས། གང་གི་ཚེ་དེ་ཤི་ལ་ཐུག་པའི་ནད་ཀྱི་ཐེབས་ཏེ།་འཆིར་ཉེ་བ་དེའི་ཚེ་དེས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ། མཁྱེན་པར་མཛོད་ཅིག་།འདིའི་ནང་ན་བདག་གི་བུ་དང་པོ་མཆིས་ཀྱི་ནམ་བདག་གུམ་པ་ན། གློ་གཡས་རོལ་མཚོན་གྱིས་དྲལ་ཏེ། ཁྱེའུ་དང་པོ་ནས་མཆིས་པ་དེ་ཕྱུངས་ཤིག་ཅེས་དེ་སྐད་སྨྲས་ནས། བསགས་པ་ཀུན་ནི་ཐ་མར་ཟད། །མཐོན་པོ་རྣམས་ནི་ཐ་མར་ཉིལ། །ཕྲད་པ་རྣམས་ནི་ཐ་མར་འབྲལ། །གསོན་པོ་རྣམས་ནི་ཐ་མར་འཆི། །ཞེས་སྨྲས་ཏེ་ཤིའོ། །དེ་ནས་དེ་ཤི་ནས་གོས་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དག་གིས་ཁྱོགས་བརྒྱན་ཏེ། བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ཁྱེར་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་བོས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐོག་ཐག་ཏུའང་འདི་ལྟར་བུད་མེད་ཆེ་གེ་མོ་ཞིག་ལ་ལོ་འདི་སྙེད་ཅིག་གི་བར་དུ་བུ་མངལ་ན་འདུག་འདུག་སྟེ། དེའི་བུ་གཞན་བཅུ་བྱུང་ཡང་ཐོག་མའི་བུ་མངལ་ན་འདུག་པ་དེ་མ་བྱུང་ནས།
397b
དེང་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་ཤི་བ་དེའི་ལྷོ་མཚོན་གྱིས་དྲལ་ཏེ། དང་པོའི་ཁྱེའུ་མངལ་དུ་འདུག་པ་དེ་དབྱུང་བར་འཚལ་ལོ་ཞེས་དེ་སྐད་དུ་སྒྲ་གྲག་གོ་།སྒྲ་གྲག་ནས་ཀྱང་སྲོག་ཆགས་འབུམ་ཕྲག་དུ་མ་དང ། རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་རྣམས་ཀྱང་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ལྟད་མོ་ལ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ། འདི་སྐད་དུ། བཅོམ་ལྡན་འདས་དུར་ཁྲོད་རྒྱུ་ཞིང་གཤེགས་པར་བཞེད་ཀྱི། ཁྱེད་ལས་གང་རྨད་དུ་བྱུང་བ་ལྟ་འདོད་པ་དེ་དག་གཤེགས་ཤིག་ཅེས་སྒོ་ཞིག་།དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང ། རླངས་པ་དང ། མིང་ཆེན་དང ། མ་འགགས་པ་དང ། ཤཱ་རིའི་བུ་དང ། མོའུ་འགལ་གྱི་བུ་དང ། འོད་སྲུང་དང ། ཀུན་དགའ་བོ་དང ། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཞམ་རིང་བྱས་ཏེ། བསིལ་བའི་ཚལ་གྱི་དུར་ཁྲོད་དུ་གཤེགས་སོ། །སྐྱེ་བོའི་ཚོགས་ཀྱིས་ཀྱང་བཅོམ་ལྡན་འདས་མཐོང་ནས་གོ་ཕྱེའོ། །དེ་ནས་སྨན་པ་འཚོ་བྱེད་ཀྱིས་བུད་མེད་དེའི་གློ་གཡས་པ་དྲལ་ཏོ། །དེ་ནས་ཁྱེའུ་དེ་རབ་བྱུང་ན་སྐྲ་དཀར་ཞིང་ཡན་ལག་གཉེར་མས་གང་བ་ལུས་ཀྱི་ཕྱོགས་ཆ་རྣམས་རྒན་ཤར་གྱུར་པ། དབང་
398a
༄#། །པོ་རྙིས་པ་རིད་དེ་བ། ཉམ་སྟོབས་ཆུང་བ་ཞིག་བྱུང་ངོ ། །དེ་ནས་བྱུང་མ་ཐག་ཏུ་སྐྱེ་བོའི་ཚོགས་དེ་དག་ལ་བལྟས་ནས་ཚིག་ཏུ་སྨྲས་པ ། ཀྱེ།་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། ཕ་མའམ། མཁན་པོའམ། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཅིག་།ཇི་ལྟར་བདག་མའི་ལྟོར་ཕོ་བ་དང ། ལོང་ཀ་གཉིས་ཀྱི་བར་དུ་ལོ་དྲུག་ཅུ་འདུག་འདུག་པ་དེ་ལྟ་བུའི་ཉམས་མྱོང་བར་གྱུར་ཏ་རེ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ་།དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།འདི་ལྟར་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཀྱང་ཉམས་འདི་ལྟ་བུ་མྱོང་བར་འགྱུར་གྱི། སྲིད་པར་སྐྱེ་བ་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག་།སྲེད་པར་སྐྱེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཆོག་པར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ལ་བཀའ་སྩལ་པ།་ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བཅོམ་ལྡན་འདས། བདག་ནི་རྒན་པོ་ལགས་སོ། །ཁྱེའུ་ཁྱོད་རྒན་པོ་ཡིན་ནམ། བདེ་བར་གཤེགས་པ། བདག་ནི་རྒན་པོ་ལགས་སོ། །དེ་ནས་གཞི་དེ་ལས་དེའི་མིང་རྒན་པོ་ཞེས་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ས་གཞི་དེ་ལས་དེ་ལྟ་བུའི་ཆོས་བསྟན་པ་མཛད་དོ། །དེ་ཐོས་ནས་
398b
སེམས་ཅན་བརྒྱ་ཕྲག་མང་པོ་སྐྱོ་བར་གྱུར་ནས་ཁྱད་པར་ཆེན་པོ་ཐོབ་བོ། །རྒན་པོ་དེའང་ལོ་བཅུའི་བར་དུ་ཁྱིམ་གྱི་གནས་ན་འདུག་འདུག་ནས་ལོ་བདུན་ཅུ་ལོན་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ཉི་ཤུ་རྩ་ལྔ་དང་ཐབས་གཅིག་ཏུ་དབྱར་གནས་པར་དམ་བཅས་སོ། །དེ་ནས་དེར་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོའི་སྐྱེ་བོར་འདུག་བཞིན་དུ་གང་གིས་ཀྱང་སྐབས་དབྱེ་བར་མི་བྱའོ་ཞེས་ཁྲིམས་བཅས་སོ། །དེ་ནས་རེ་ཞིག་ན་ཟླ་བ་གསུམ་ལོན་པ་དང ། དགེ་སློང་ཉི་ཤུ་རྩ་བཞིས་དགྲ་བཅོམ་པ་ཉིད་ཐོབ་ན། རྒན་པོ་གཅིག་པུ་སོ་སོའི་སྐྱེ་བོའི་སོ་ན་འདུག་གོ་།དེ་ནས་དགེ་འདུན་གྱི་གནས་བརྟན་གྱིས་སྐབས་འབྱེད་པ་བྱེད་པའི་ནང་དུ་ཤིན་ཏུ་མང་དུ་བརྒྱད་བཀག་ནས་ཚོགས་ཀྱི་ནང་ནས་བསྐྲད་དེ་བཏང་ངོ ། །དེ་ནས་དེས་མཚོན་ཆ་བླངས་ཏེ་ཁང་ཕུགས་སུ་ཞུགས་ནས་ངུ་ཞིང་རྣམ་པ་དུ་མར་སྨྲེ་སྔགས་བཏོན་ཏོ། །སྨྲས་པ། ནགས་ཚལ་ཐམས་ཅད་འབར་འགྱུར་ཏེ། །རི་རྣམས་སེར་བོར་གྱུར་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། ། ཕུ་ཆུ་དག་གི་སྒྲ་ཡང་ཞི། །འབབ་ཆུ་དག་ཀྱང་བྲི་བཞིན་དུ། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སྒོ་ང་ལ་སྐྱེས་བྱ་འདི་དག་།སྒྲ་སྐད་གཅོམ་
399a
༄#། །ཡང་ཆུང་གྱུར་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ནགས་ཚལ་འདི་དག་ལོ་མ་སེར། །ཤིང་རྣམས་འདབ་མ་ལྷགས་གྱུར་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །ལུང་འབོག་པ་ཡི་གནས་བརྟན་རྣམས། །ཕྱོགས་ཕྱོགས་དག་ཏུ་དོང་ཟིན་ན། །འོན་ཀྱང་ད་དུང་སྡིག་པའི་སེམས། །རྣམ་པར་གྲོལ་བར་མ་གྱུར་ཏོ། །སོ་སོའི་སྐྱེ་བོར་འདུག་བཞིན་དུ། །སྟོན་པའི་ཐད་དུ་ཇི་ལྟར་འགྲོ་།དོན་མེད་གསོན་པ་ཅི་དགོས་ཀྱི། །བདག་ནི་ཚོན་གྱིས་ལྕེབས་ཏེ་གཏང ། །ཞེས་ཟེར་རོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུངས་པ། ཞི་གནས་དང ། ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབ་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་བ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་
399b
འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ།་ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲེག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག་།སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང ། ཐར་པ་དང ། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་
400a
༄#། །བསྐྱེད་ཟིན་པ་ལས་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་།འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་རྫུ་འཕྲུལ་གྱིས་ཀྱང་དེའི་ཐད་དུ་གཤེགས་ནས། དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཚེ་དང་ལྡན་པ་རྒན་པོས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་
400b
ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒན་པོས་དགྲ་བཅོམ་པ་ཉིད་ཐོབ་ནས་བདག་གིས་ཀྱང་གདུལ་བར་བྱ་བ་འགའ་ལྟ་ཡོད་དམ་སྙམ་དུ་བསམ་པ་དང ། དེས་ཚོང་པ་ལྔ་བ་རྒྱ་ཙམ་རྒྱ་མཚོའི་ནང་ན་སྲིན་པོ་ནག་པོའི་རླུང་གིས་བསྐོར་ཅིང་འདུག་པ་མཐོང་ནས་སྡུག་བསྔལ་དང་ཕྲད་པ་འདི་དག་བདག་གིས་སྡུག་བསྔལ་དེ་ལས་ཡོངས་སུ་བསྐྱབ་པར་བྱའོ། །འོན་ཀྱང་དེ་དག་བདག་གིས་འདུལ་བར་འགྱུར་རོ་སྙམ་མོ། །དེ་ནས་རྒན་པོ་རྫུ་འཕྲུལ་གྱིས་སོང་ནས་འཇིགས་པ་དེ་ལས་ཡོངས་སུ་བསྐྱབས་སོ། །དེ་ནས་དེ་དག་དད་པ་སྐྱེས་ཏེ།་ཐམས་ཅད་རབ་ཏུ་བྱུང་ནས་དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེ་དག་ཐམས་ཅད་ཀྱིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དེ་དག་གིས་ཡོན་ཏན་རྣམས་སུས་ཀྱང་མི་ཤེས་ནས། དྲུག་སྡེ་རྣམས་འཕྱ་བར་གྱུར་ཏེ། རྒན་བླུན་དུ་འདུག་ལ་མི་ལྔ་བརྒྱ་དང་ལྷན་ཅིག་འཁོད་ཅིང་དྲུང་དུ་བཞག་པས་འདི་དག་ཀྱང་དེ་དང་འདྲ་བར་དུལ་བར་མི་འགྱུར་རོ་ཞེས་འཛེར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚངས་པ་མཚུངས་པར་སྤྱོད་པ་ལ་མཉེས་གཤིན་ལ་གཞན་ལ་ཕན་འདོགས་པ་ལ་ཞུགས་པས། ཚེ་དང་ལྡན་པ་གནས་བརྟན་གླེང་བར་འདོད་ནས། ཚེ་དང་ལྡན་པ་གནས་བརྟན་རྒན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་དགེ་སློང་
401a
༄#། །གནས་བརྟན་རྒན་པོ་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང ། ཡང་དག་པར་དགའ་བར་འགྱུར་པའི་གཏམ་རྣམ་པ་སྣ་ཚོགས་ཀྱིས་འདྲེས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་གནས་བརྟན་རྒན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དྲིས་ནས་དྲི་བ་ལུང་བསྟན་པའི་ཕྱིར་སྐབས་ཕྱེ་ན། ཚེ་དང་ལྡན་པ་གནས་བརྟན་རྒན་པོ་ལ་བདག་ཕྱོགས་འགའ་ཞིག་འདྲིའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དྲིས་ཤིག་དང ། ཐོས་ནས་ཁྱོད་ལ་བསྙད་པར་བྱའོ། །ཚེ་དང་ལྡན་པ་གནས་བརྟན་རྒན་པོ། དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་འཆད་པར་ཡིད་ལ་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ། དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གཉིས་རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ། ཞི་གནས་དང ། ལྷག་མཐོང་ངོ། །གནས་བརྟན། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་དོན་གང་དག་ཉམས་སུ་མྱོང་བར་འགྱུར། ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དོན་གང་ཉམས་སུ་མྱོང་བར་འགྱུར། ཚེ་དང་ལྡན་པ་ཀུན་དགའ་བོ། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །
401b
ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ། ཞི་གནས་དང ། ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི། ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །གནས་བརྟན། ཁམས་རྣམས་གང་དག་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ། སྤོང་བའི་ཁམས་གང་ཡིན་པ་དང ། འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང ། འགོག་པའི་ཁམས་གང་ཡིན་པའོ། །གནས་བརྟན། གང་སྤངས་པ་ལ་སྤོངས་པའི་ཁམས་ཞེས་བྱ། གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱ། གང་འགགས་པ་ལ་འགོག་པའི་ཁམས་ཞེས་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ། འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགག་པ་ལ་འགོག་པའི་ཁམས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། གནས་བརྟན་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་དགེ་སློང་ལྔ་བརྒྱ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་ལྔ་བརྒྱ་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་
402a
༄#། །འཆད་པར་ཡིད་ལ་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ། དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གཉིས་རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ། ཞི་གནས་དང ། ལྷག་མཐོང་ངོ ། །ཚེ་དང་ལྡན་པ་དག། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་དོན་གང་ཉམས་སུ་མྱོང་བར་འགྱུར། ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། དོན་གང་ཉམས་སུ་མྱོང་བར་འགྱུར། ཚེ་དང་ལྡན་པ་ཀུན་དགའ་བོ། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ལྷག་མཐོང་ཀུན་ཏུ་བསྟེན་ཅིང་མང་དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ།་ཞི་གནས་དང ། ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི་ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །ཚེ་དང་ལྡན་པ་དག། ཁམས་རྣམས་གང་དག་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ། སྤོང་བའི་ཁམས་གང་ཡིན་པ་དང ། འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང ། འགོག་པའི་ཁམས་གང་ཡིན་པའོ། །ཚེ་དང་ལྡན་པ་དག་།གང་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱ། གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱ། གང་འགགས་
402b
པ་ལ་འགོག་པའི་ཁམས་ཞེས་བྱ། ཚེ་དང་ལྡན་པ་ཀུན་དགའ་བོ། འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགགས་པ་ལ་འགོག་པའི་ཁམས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གང་དག་རྒྱུན་མི་འཆད་པར་ཡིད་ལ་བགྱི། ཀུན་དགའ་བོ། དགེ་སློང་དགོན་པ་ན་གནས་པ་དང ། ཤིང་དྲུང་ན་གནས་པ་དང ། ཁང་སྟོང་ན་གནས་པས་ཆོས་གཉིས་རྒྱུན་མི་འཆད་པར་ཡིད་ལ་བྱ་སྟེ། ཞི་གནས་དང ། ལྷག་མཐོང་ངོ ། །བཙུན་པ། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས། དོན་གང་ཉམས་སུ་མྱོང་བར་འགྱུར་ལགས། ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བགྱིས་པས་དོན་གང་ཉམས་སུ་མྱོང་བར་འགྱུར་ལགས། ཀུན་དགའ་བོ། ཞི་གནས་ཀུན་ཏུ་བསྟེན་ཅིང་བསྒོམས་
403a
༄#། །ཏེ་མང་དུ་བྱས་པས་ནི་ལྷག་མཐོང་ལ་བསྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ལྷག་མཐོང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ནི་ཞི་གནས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་འགྱུར་རོ། །ཀུན་དགའ་བོ། །ཞི་གནས་དང ། ལྷག་མཐོང་ཡོངས་སུ་བསྒོམས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་ནི་ཁམས་ཀྱི་སྒོ་ནས་རྣམ་པར་གྲོལ་བར་འགྱུར་རོ། །བཙུན་པ། ཁམས་རྣམས་གང་དག་ལགས། ཀུན་དགའ་བོ། སྤོང་བའི་ཁམས་གང་ཡིན་པ་དང ། འདོད་ཆགས་དང་བྲལ་བའི་ཁམས་གང་ཡིན་པ་དང ། འགོག་པའི་ཁམས་གང་ཡིན་པའོ། །བཙུན་པ། གང་སྤངས་པ་ལ་སྤོང་བའི་ཁམས་ཞེས་བགྱི། གང་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བགྱི། གང་འགགས་པ་ལ་འགོག་པའི་ཁམས་ཞེས་བགྱི། ཀུན་དགའ་བོ། འདུ་བྱེད་ཐམས་ཅད་སྤངས་པ་ལ་སྤོང་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་ཁམས་ཞེས་བྱའོ། །འདུ་བྱེད་ཐམས་ཅད་འགགས་པ་ལ་འགོག་པའི་ཁམས་ཞེས་བྱའོ། །བཙུན་པ། སྟོན་པ་དང་ཉན་ཐོས་རྣམས་འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང ། དོན་དུ་མཐུན་ཞིང་འདྲ་བ་དང ། ཚིག་དང ། ཚིག་ཏུ་མཐུན་ཞིང་འདྲ་བ་དང ། ཡི་གེ་དང ། ཡི་གེ་མཐུན་ཞིང་འདྲ་
403b
བ་ནི་ངོ་མཚར་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ། འདིར་བདག་གནས་བརྟན་དགེ་སློང་རྒན་བོ་ག་ལ་བ་དེར་མཆིས་ནས་གནས་བརྟན་རྒན་པོ་ལ་དོན་འདི་ཉིད་ཚིག་འདི་རྣམས་དང ། ཡི་གེ་འདི་རྣམས་ཀྱིས་སྨྲས་ནའང་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་ཁོ་ན་བཞིན་དུ་དེས་བདག་ལ་དོན་འདི་ཉིད་ཚིག་འདི་རྣམས་དང་ཡི་གེ་འདི་རྣམས་ཀྱིས་སྨྲས་པའི་ལན་བཏབ་ལ། བདག་གནས་བརྟན་དགེ་སློང་རྒན་པོས་བཤད་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས་དགེ་སློང་ལྔ་བརྒྱ་པོ་རྣམས་ག་ལ་བ་དེར་མཆིས་ཏེ། དགེ་སློང་ལྔ་བརྒྱ་པོ་རྣམས་ལ་དོན་འདི་ཉིད་ཚིག་འདི་རྣམས་དང ། ཡི་གེ་འདི་རྣམས་ཀྱིས་སྨྲས་ནའང་ད་ལྟར་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་ཁོ་ན་བཞིན་དུ་དེ་དག་གིས་ཀྱང་བདག་ལ་དོན་འདི་ཉིད་ཚིག་འདི་རྣམས་དང ། ཡི་གེ་འདི་རྣམས་ཀྱིས་སྨྲས་པའི་ལན་བཏབ་སྟེ། བཙུན་པ། སྟོན་པ་དང ། ཉན་ཐོས་རྣམས། འདི་ལྟ་སྟེ། ཚིག་གི་མཆོག་གིས་འདི་ཁོ་ན་ལྟར་དོན་དང ། དོན་དུ་མཐུན་ཞིང་འདྲ་བ་དང ། ཚིག་དང ། ཚིག་ཏུ་མཐུན་ཞིང་འདྲ་བ་དང ། ཡི་གེ་དང ། ཡི་གེར་མཐུན་ཞིང་འདྲ་བ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཀུན་དགའ་བོ། ཁྱོད་ཀྱིས་དགེ་སློང་རྒན་པོ་སུ་ཡིན་ཤེས་སམ། གསོལ་པ། བཙུན་པ་དགེ་སློང་རྒན་པོ་ནི་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་
404a
༄#། །བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལགས་སོ། །དགེ་སློང་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་ལགས་སོ། །གང་གི་ཚེ་བཅོམ་ལྡན་འདས་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྒན་པོ་དང ། དགེ་སློང་ལྔ་བརྒྱ་པོ་དེ་དག་གླེངས་ཤིང་བསྒྲགས་པ་དེའི་ཚེ། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྒན་པོས་ལས་གང་དག་བགྱིས་ན། དེས་ལོ་དྲུག་ཅུའི་བར་དུ་མའི་ལྟོ་ན་མཆིས་པར་གྱུར་ལགས། བཙུན་པ། ལས་གང་དག་བགྱིས་ན། དེས་ཡིད་རྟུལ་བར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྒན་པོ་ཉིད་ཀྱི་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རྒན་པོ་ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་
404b
འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ན་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་ཞིག་ལས་རབ་ཏུ་བྱུང་ངོ ། །གནས་བརྟན་དེ་ནི་དགྲ་བཅོམ་པ་འདོད་ཆགས་སྤངས་པ་ཞིག་གོ་།དེ་ནས་རེ་ཞིག་ན་ཡུལ་དེར་དུས་སྟོན་ཞིག་བྱུང་ནས། དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླངས་ཏེ་བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་བྱས་སོ། །གནས་བརྟན་གྱིས་སྨྲས་པ། བུ།་ད་དུང་
405a
༄#། །སྔས་ཀྱི། རེ་ཞིག་སོང་ལ་དགེ་བའི་ཕྱོགས་ཀྱིས་ཤིག་།ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ། བཞེངས་པ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་ཅེས་བྱས་ན། ཡང་ལན་གཉིས་ལན་གསུམ་གྱི་བར་དུ་གནས་བརྟན་གྱིས། བུ། ད་དུང་སྔས་ཀྱི་སོང་ལ་དགེ་བའི་ཕྱོགས་ཀྱིས་ཤིག་ཅེས་བྱས་སོ། །དེ་ནས་དགེ་སློང་གཞོན་ནུ་ལྟོ་འདུན་ཅན་དེས་ངག་གི་ལས་རྩུབ་པོ་སྨྲས་ཏེ། ཁྱེད་ལོ་དྲུག་ཅུའི་བར་དུའང་ཁྱིམ་ནས་མ་བྱུང་ཞིག་།ང་ནི་སོང་ཟིན་ནོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་རྒན་པོ་འདི་ཡིན་ཏེ། དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ངག་གི་ལས་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ལོ་དྲུག་ཅུའི་བར་དུ་མའི་ལྟོ་ན་འདུག་གོ་།གཞན་ཡང ། ཆོས་ལ་སེར་སྣ་བྱས་པ་དེས་ནི་ཤེས་རབ་འཆལ་བར་གྱུར་ཏེ། དབང་པོ་རྣམས་ཚེགས་ཆེན་པོས་ཡོངས་སུ་སྨིན་པར་གྱུར་ཏོ། །དེས་དེར་བསླབ་པ་དང ། ཁ་ཏོན་བྱས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང ། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།།
405b
དགེ་སློང་དག་།དེ་བས་ན་ངག་གི་ཉེས་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། ཅི་ནས་རྒན་པོ་དེ་སོ་སོའི་སྐྱེ་བོར་གྱུར་པའི་ཚེ་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱའོ། །དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་པའི་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་ཐོབ་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལག་པ་ཅན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་རྣམས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་
406a
༄#། །རབ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་ཁ་དོག་ཅན། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ། རང་བཞིན་གྱིས་ཚེ་རབས་དྲན་པ་ཞིག་བཙས་སོ། །དེ་ནས་དེས་རང་གི་ལག་པ་བཟུང་སྟེ་འོ་བྱེད་ཅིང་མཐང་ལ་འཇོར་བར་བྱེད་ལ་འཁྱུད་པར་བྱེད་དེ། ཚིག་ཏུ་སྨྲས་པ། ཀྱེ་མ། བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ། །ཀྱེ་མ། བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཉེ་དུ་རྣམས་ན་རེ། འདི་བཙས་མ་ཐག་ཏུ་ལག་པ་བཟུང་སྟེ་འོ་བྱེད་ཅིང་མཐང་ལ་འཇོར་ལ་འཁྱུད་པར་བྱེད་པས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་ལག་པ་ཅན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ལག་པ་ཅན་པང་ན་འཚོ་བའི་མ་མ་གཉིས་
406b
དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཡུལ་དེར་འཇིགས་པ་ཞིག་བྱུང་བ་དེའི་ཚེ་སྐྱེ་བའི་ཚོགས་འཇིགས་པར་གྱུར་ཏེ། ཕན་ཚུན་དུ་ཅི་བྱ་གཏོལ་མེད་ནས་རྫས་རྣམས་སྦེད་པར་བྱེད་དོ། །ཁྱེའུ་ལག་པ་ཅན་ནི་ལག་པ་གཉིས་སྦེད་པར་བྱེད་དེ། སྐྱེ་བོའི་ཚོགས་ལའང་འདི་སྐད་དུ། ཀྱེ། ཡོན་གནས་རྣམས་ལ་སེམས་སྡང་བར་མ་བྱེད་ཅིག་།ཚིག་རྩུབ་བོ་མ་ཟེར་ཅིག་།ཀྱེ། བདག་གི་ལག་གུ་གཉིས་ཤིན་ཏུ་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་ལག་པ་ཅན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང ། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་ས་བཅོམ་ལྡན་འདས་ལ་སེམས་དགའ་བར་བྱས་ཏེ། དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་
407a
༄#། །ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལག་པ་ཅན་གྱི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་
407b
པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཀྱང་དེ་བཞིན་དུ་དགེ་སློང་རྣམས་ལ་ཆོས་སྟོན་ཏེ། ཀྱེ།ཡོན་གནས་རྣམས་ལ་སེམས་སྡང་བར་མ་གྱུར་ཅིག་།ཚིག་རྩུབ་པོ་མ་ཟེར་ཅིག་།ཀྱེ་མ། བདག་གི་ལག་གུ་གཉིས་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་ཟེར་རོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ ། བཙུན་པ། ལག་པ་ཅན་གྱིས་ལས་གང་དག་བགྱིས་ཤིང་བསགས་ན་དེས་དགྲ་བཅོམ་པ་ཉིད་ཐོབ་ལགས་ནའང་དེ་བཞིན་དུ། ཀྱེ་མ། བདག་གི་ལག་གུ་གཉིས་ཤིན་ཏུ་ཡུན་རིང་མོ་ཞིག་ནས་གདོད་རྙེད་དོ་ཞེས་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།གང་ཟག་འདི་ནི་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེས་ཅི་ལས་བསམས་ཏེ་དེ་སྐད་ཟེར་བར་ཁྱེད་ཉན་པར་འདོད་དམ། བཙུན་པ། ཉན་པར་འཚལ་ལགས་སོ། །དགེ་སློང་དག་།ལག་པ་ཅན་ཉིད་ཀྱིས་སྔོན་ཆེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ལག་པ་ཅན་
408a
༄#། །ཉིད་ཀྱི་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་།ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟད། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ།་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་པའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །རེ་ཞིག་ན་དེ་ན་དགེ་སློང་གཉིས་ཤིག་མཛའ་ཞིང་འདུག་སྟེ།
408b
དེའི་ནང་ན་གཅིག་ནི་དགྲ་བཅོམ་པའང་ཡིན་ལ་མང་དུ་ཐོས་པའང་ཡིན་ནོ། །གཅིག་ཤོས་ནི་སོ་སོའི་སྐྱེ་བོའང་ཡིན་ལ་ཐོས་པའང་ཉུང་ངོ ། །དེ་ལ་དགྲ་བཅོམ་པ་མང་དུ་ཐོས་པ་དེ་ནི་ཀུན་གྱི་ཤེས་པ་བསོད་ནམས་ཆེན་པོ་དང་ལྡན་པ། གོས་དང ། ཟས་དང ། མལ་ཆ་དང ། ནད་གསོས་དང ། སྨན་ཟོང་རྣམས་རྙེད་པ་གཡར་འདྲེན་པ་མང་དུ་རྙེད་པ་ཞིག་སྟེ། གང་དུ་གཡར་དྲངས་པ་དེར་དེས་དགེ་སློང་མཛའ་བོ་དེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་ཁྲིད་དོ། །རེ་ཞིག་ན་ཉི་མ་གཅིག་ཅིག་དགྲ་བཅོམ་པ་དེ་གཡར་དྲངས་ཏེ། འགྲོ་བར་ཆད་པ་ལས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དེ་བཙལ་ན་མ་རྙེད་དོ། །དེ་ནས་དེ་མི་སྣང་ནས་དེས་དགེ་སློང་གཞན་ཞིག་ཁྲིད་པ་དང ། རེ་ཞིག་ན་དགེ་སློང་གཞོན་ནུ་སེམས་དགོད་པ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དག ། གཟིགས་དང ། དེས་ཕྱི་བཞིན་འབྲང་བའི་དགེ་སློང་འདི་འང་དེང་མ་ཁྲིད་དེ་གཞན་ཁྲིད་དོ་ཞེས་བྱས་སོ། །དེས་ན་དེ་ཁྲོས་ཏེ་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ངག་གི་ལས་རྩུབ་པོ་སྨྲས་ཏེ། བདག་གིས་ཕྱིན་ཆད་དེའི་ལྷུང་བཟེད་བཀྲུས་སུ་ཟིན་ན། བདག་གི་ལག་པ་འདི་གཉིས་མེད་པར་གྱུར་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག ། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་མཛའ་བོར་གྱུར་པ་གང་ཡིན་པ་དེ་ནི་ལག་པ་ཅན་ཡིན་ཏེ། དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ཏེ། ངག་གི་ལས་རྩུབ་པོ་སྨྲས་པ་དེས་ཚེ་
409a
༄#། །རབས་ལྔ་བརྒྱར་ལག་པ་མེད་པར་གྱུར་ཏོ། །ཕྱིས་སྙིང་ནས་འགྱོད་པ་སྐྱེས་ཏེ་ཉེས་པ་ལ་ཉེས་སོ་ཞེས་མཐོལ་ཞིང་བཤགས་ཏེ། རྣམ་པར་ཕྱེ་ཞིང་གསལ་བར་བྱས་པ་དེས་ནི་ལག་པ་ཐོབ་པར་གྱུར་ཏོ། །དེས་དེར་བསླངས་པ་དང ། ཁ་ཏོན་དུ་བྱས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང ། གནས་དང ། གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་གནག་པར་འགྱུར། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། ། ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པའང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འདེ་གུས་གསོས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང །
409b
བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་མདོག་ངན་པ། བལྟ་ན་མི་སྡུག་པ། བྱད་ངན་པོ་ཞིག་བཙས་ཏེ། དེ་བཙས་མ་ཐག་
410a
༄#། །ཏུ་དེའི་མའི་ནུ་མ་གཉིས་ལ་འོ་མ་མེད་པར་གྱུར་ཏོ། །རེ་ཞིག་ན་བྲམ་ཟེ་དེས་དེའི་མ་མ་གཞན་ཞིག་བཀུག་ན་དེའི་འོ་མ་འང་ཁྱེའུ་དེའི་ལས་ཀྱི་རྣམ་པར་སྨིན་པས་མེད་པར་གྱུར་ཏོ། །དེ་ནས་གང་གི་ཚེ་དེའི་ཕྱིར་འོ་མ་འབྱུང་བའི་ཐབས་སྦྱར་བ་ཐམས་ཅད་ལས་ཀྱང་འོ་མ་མི་འབྱུང་བར་གྱུར་པ་དེའི་ཚེ་འདེ་གུས་གསོས་ནས་དེའི་མིང་འདེ་གུས་གསོས། འདེ་གུས་གསོས་ཞེས་བྱ་བ་བཏགས་སོ། །དེ་བསོད་ནམས་ཆུང་བར་གྲགས་ཤིང་བསོད་ནམས་ཆུང་བ་ཞིག་སྟེ། གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ལྟོ་གང་ཡང་མི་རྙེད་དོ། །དེ་ནས་དེས་དགེ་སློང་ཤམ་ཐབས་ལེགས་པར་གྱོན་ལ་གོས་ལེགས་པར་བགོས་པ་དག་ལྷུང་བཟེད་བུང་བའི་མདོག་ལྟ་བུར་གནག་པ་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་འགྲོ་ལ། དེ་དག་ཀྱང་ལག་པའང་བཀང་ལྷུང་བཟེད་ཀྱང་བཀང་སྟེ། ཕྱིར་འབྱུང་བ་མཐོང་ངོ ། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འདོད་པར་གྱུར་ནས་དེ་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་རབ་ཏུ་བྱུང་ཡང་ལྟོ་གང་ཡང་མི་རྙེད་ནས་དེ་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་
410b
པ་ཉིད་མངོན་སུམ་དུ་བྱས་ནས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ།་ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཕྱིས་རེ་ཞིག་ན་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་པ་ལ་ཞུགས་ཏེ། དེས་དེ་ཕྱགས་ནས་ཤམ་ཐབས་དང ། ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ ། ། དེ་ནས་དེས་བསོད་སྙོམས་བཟང་པོ་མང་པོ་དག་རྙེད་དེ། དེས་དེའི་དབང་པོ་རྣམས་དང ། འབྱུང་བ་ཆེན་པོ་རྣམས་ཚིམ་པར་གྱུར་ཏོ། །དེ་ནས་དེ་དབང་པོ་ཚིམ་པར་གྱུར་ནས་བསམ་གཏན་དང ། རྣམ་པར་ཐར་པ་དང ། སྙོམས་པར་འཇུག་པ་རྣམས་ཀྱིས་མཚན་རངས་པ་འདས་པར་བྱས་སོ། །དེ་ནས་དེའི་བློ་སྐྱེས་པ། མ་ལ། ཐབས་འདི་ནི་བཟང་པོ་ཞིག་གི་།བདག་གིས་དགེ་སློང་གི་དགེ་འདུན་ལ་གསོལ་བ་གདབ་བོ་སྙམ་མོ། །དེ་ནས་དེས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་གསོལ་བ་བཏབ་པ། བཙུན་པ། བདག་ནི་བསོད་ནམས་ཆུང་སྟེ། གང་གི་ཚེ་དྲི་གཙང་ཁང་དུ་ཕྱག་དར་བགྱིས་ནས་བསོད་
411a
༄#། །སྙོམས་ལ་མཆིས་པ་དེའི་ཚེ། གདོད་འདྲངས་པར་གྱུར་ཏེ། དེ་བས་ན་བདག་ལ་དགེ་འདུན་གྱི་ཐུགས་བརྩེ་བར་མཛོད་ལ་གཞན་སུས་ཀྱང་དྲི་གཙང་ཁང་དུ་ཕྱག་དར་མི་མཛད་པར་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་དུ་སུས་ཀྱང་ཕྱག་དར་མི་བྱའོ་ཞེས་དགེ་འདུན་གྱི་ཁྲིམས་བཅས་ནས་དེས་བག་ཡངས་སུ་དྲི་གཙང་ཁང་ཕྱགས་པའི་འོག་ཏུ་མཉན་དུ་ཡོད་པར་བསོད་སྙོམས་ལ་འགྲོ་བར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་འཁོར་ལྔ་བརྒྱ་དང ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དབྱར་གནས་པར་དམ་བཅས་ནས། མཉན་དུ་ཡོད་པར་ལྷགས་ཏེ། སྟོན་པ་ལ་གུས་པ་སྐྱེས་ནས། དྲི་གཙང་ཁང་དུ་ཕྱག་དར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་འདེ་གུས་གསོས་ཀྱིས་ཚོར་ནས་དེས་སྨྲས་པ།་གནས་བརྟན་ཁྱོད་ཀྱིས་དྲི་གཙང་ཁང་དུ་ཕྱག་དར་བྱས་པ་ནི་བདག་གི་ལྟོར་བསྣུན་པར་བས་སོ། །གནས་བརྟན་གྱིས་སྨྲས་པ། ཅི་ཉེས། འདེ་གུས་གསོས་ཀྱིས་སྨྲས་པ། གནས་བརྟན་གང་གི་ཚེ་བདག་གི་དྲི་གཙང་ཁང་དུ་ཕྱག་དར་མ་བྱས་པ་དེའི་ཚེ་བདག་གིས་བསོད་སྙོམས་མི་རྙེད་དོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་སྨྲས་པ། གལ་ཏེ་དེ་ལྟར་ན་བདག་ག་ཞིག་ཏུ་གཡར་དྲངས་ཀྱི། ཁྱོད་སྙིང་མ་ཆུང་ཞིག་དང ། བདག་གིས་དེར་ཁྱོད་ལ་ཁ་ཟས་སྦྱིན་པར་བྱའོ། །དེ་ནས་གནས་བརྟན་ཤཱ་རིའི་བུ་འཁོར་ལྔ་བརྒྱ་དང་བཅས་པའི་སྤྱན་འདྲེན་འོངས་ནས་
411b
འདེ་གུས་གསོས་ཀྱང་དེ་དང་ལྷན་ཅིག་ཏུ་ཆས་སོ། །དེ་ནས་གང་གི་ཚེ་ཁྱིམ་བདག་དེའི་སྒོ་དང་ཉེ་བ་ཞིག་ཏུ་ཕྱིན་པ་དེའི་ཚེ། འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཁྱིམ་དེར་འཐབ་མོ་ཆེན་པོ་བྱུང་ངོ ། །དེ་ནས་ཚེ་དང་ལྡན་པ་འདེ་གུས་གསོས་འདི་སྙམ་དུ་སེམས་ཏེ། བདག་བསོད་ནམས་ཆུང་བའི་ཕྱིར་འཐབ་མོ་བྱུང་ངོ་སྙམ་མོ། །དེ་ནས་ཕྱིར་ལོག་སྟེ་གཙུག་ལག་ཁང་དུ་སོང་ནས་སྨྱུང་བར་འདུག་གོ། དེ་ནས་ཕྱི་དེ་ཉིན་པར་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱོད་ཅིའི་ཕྱིར་མ་འོངས། དེས་སྨྲས་པ། བདག་བསོད་ནམས་ཆུང་བའི་ཕྱིར་འཐབ་མོ་ཇི་ལྟར་བྱུང་བ་གནས་བརྟན་གྱིས་མི་མཁྱེན་ཏམ། དེ་ནས་གནས་བརྟན་ཤཱ་རིའི་བུས་དེའི་ཉིན་པར་མདུན་དུ་བཅུག་སྟེ། ཁྱིམ་དེའི་ནང་དུ་སོང་ནས་དགེ་འདུན་གྱི་ཁྲོད་དུ་འདུག་ན་ཡང་གཡས་གཡོན་ནི་ཁ་ཟས་བྲིམས་ལ། དེ་ལ་ནི་འདྲིམ་པའི་མིས་ཀྱང་བརྗེད་ནས་དེ་དགེ་འདུན་གྱི་ཁྲོད་དེ་ཁོ་ནར་ལན་གཉིས་སུ་སྨྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་གཏམ་དེ་གནས་བརྟན་ཀུན་དགའ་བོས་ཐོས་སོ། །ཐོས་ནས་ཀྱང་འདེ་གུས་གསོས་ལ་སྨྲས་པ། འོ་ན། ཁྱོད་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ཉིད་དུ་འདུག་ཅིག་དང ། །བདག་གིས་ཁྱོད་ཀྱི་ཟས་ཁྱེར་ཏེ་འོང་ངོ ། ། ཞེས་བྱས་སོ། །གནས་བརྟན་ཀུན་དགའ་བོ་ནི་བཅོམ་ལྡན་འདས་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལོབས་པ་དང ། དགེ་སློང་གཞན་དག་ལས་ཉི་ཁྲི་ལོབས་པ་དེ་ལྟ་བུའི་དྲན་པ་དང་ལྡན་པ་
412a
༄#། །ཡིན་ན། འདེ་གུས་གསོས་ཀྱི་ལས་ཀྱི་སྒྲིབ་པས། གནས་བརྟན་ཀུན་དགའ་བོས་ཀྱང་བརྗེད་པར་གྱུར་ཏོ། །དེར་ཡང་དེ་ལན་གསུམ་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་བཞི་ལོན་པའི་ཚེ། གནས་བརྟན་ཀུན་དགའ་བོས་བསྒྲིམས་ཏེ་བསོད་སྙོམས་བྱིན་ན། དེ་ཡང་ཕྱིར་འགྲོ་བའི་ཚེ་ཁྱི་རྣམས་ཀྱིས་འཕྲོགས་ཏེ། དེར་ཡང་དེ་ལན་བཞི་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་ལྔ་ལོན་པའི་ཚེ། གནས་བརྟན་མོའུ་དགལ་གྱི་བུ་ཆེན་པོས་ཐོས་ནས། འདེ་གུས་གསོས་ཀྱི་ཕྱིར་བསོད་སྙོམས་བླངས་ནས་རྫུ་འཕྲུལ་གྱིས་ཆས་པ་དང ། འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་འདབ་ལྕག་གིས་བསྣུན་ནས་རྒྱ་མཚོའི་ནང་དུ་བོར་ཏེ་དེར་ཡང་ལན་ལྔ་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་དྲུག་ལོན་པའི་ཚེ་གནས་བརྟན་ཤཱ་རིའི་བུས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ། བདག་ཁོ་ནས་འདེ་གུས་གསོས་ཀྱི་བསོད་སྙོམས་བླངས་གོར་མ་ཆག་སྙམ་མོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་དེའི་བསོད་སྙོམས་བླངས་ནས་ཁྱིམ་དེ་ཉིད་དུ་མི་སྣང་བར་བྱས་ཏེ། འདེ་གུས་གསོས་ཀྱི་གནས་ཁང་གི་སྒོར་འོངས་སོ། །དེ་ན་འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་སྒོ་དེ་ཡང་བྲག་གིས་འཁོར་བར་གྱུར་ཏོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་རྫུ་འཕྲུལ་གྱི་སྒོ་དབྱེའོ་སྙམ་ནས་ལྷུང་བཟེད་དེས་ལ་བཞག་པ་དང ། དེ་ཡང་འདེ་གུས་གསོས་ཀྱི་ལས་ཀྱི་རྣམ་པར་
412b
སྨིན་པས་ཐུར་དུ་དཔག་ཚད་བརྒྱད་ཁྲིའི་འོག་ན་གསེར་གྱིས་གཞི་ཡོད་པའི་སྟེང་དུ་སོང་ནས་དེ་ལས་ཀྱང་གནས་བརྟན་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་ཕྱུང་ནས་ཟས་དེ་ཁར་གཞུག་གོ་སྙམ་སྟེ། ཟས་དེ་ཁར་བཅུག་ན་དེའི་ལས་ཀྱི་རྣམ་པར་སྨིན་པས་ཁ་དེ་མེད་པར་ཕྱི་ལ་བོར་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདེ་གུས་གསོས་ལ་སྐལ་བ་མེད་པར་ཤེས་ནས་སྐྱོ་བར་གྱུར་ཏེ། དེར་ཡང་བཙུན་པ་དེ་ལན་དྲུག་སྨྱུང་བར་གྱུར་ཏོ། །དེ་ནས་ཞག་བདུན་ལོན་པའི་ཉིན་པར་ཚེ་དང་ལྡན་པ་འདེ་གུས་གསོས་ཀྱིས་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པ་དང ། ལས་རྣམས་ཆུད་མི་ཟ་པར་བསྟན་པ་དང ། ལས་ཀྱི་སྟོབས་གླེང་བའི་ཕྱིར་ལྷུང་བཟེད་ཐལ་བས་བཀང་སྟེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་སྤྱན་སྔར་འདུག་ནས་ཆུ་དང་བསྐྱོས་ཏེ་འཐུངས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྐྱོ་བར་གྱུར་ཏེ། དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འདེ་གུས་གསོས་ཀྱིས་ལས་གང་དག་བགྱིས་ན། དེར་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཀྱང་ཞག་དྲུག་སྨྱུང་བར་གྱུར་ནས། ཞག་བདུན་པའི་གདུགས་ལ་ཕུང་པོའི་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
413a
༄#། །སྩལ་པ། དགེ་སློང་དག། འདེ་གུས་གསོས་ཉིད་ཀྱི་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་ན། འདེ་གུས་གསོས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན།་གྲོང་ཁྱེར་ཝཱ་ར་ཎ་སི་ན་ཁྱིམ་བདག་གཅིག་གི་ཆུང་མ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་ཞིག་འདུག་པ་དེ་རྒྱུན་མི་འཆད་པར་དགེ་སློང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་དང ། སློང་པ་རྣམས་ལ་སྦྱིན་པ་དག་བྱེད་དོ། །ཕྱིས་དེའི་ཁྱིམ་ཐབ་ཤི་ནས་རེ་ཞིག་ན་དེའི་བུ་བདག་གི་ཁྱིམ་གྱི་བདག་པོར་གྱུར་ཏོ། །དེ་ཡང་སེར་སྣ་ཅན་འཇུངས་
413b
པ།་ཡོ་བྱད་ལ་ཀུན་ཏུ་འཛིན་པ། ཁཝ་ལ་ཡང་གཏོར་མ་མི་སྟེར་བ་ཞིག་སྟེ། དེ་དགེ་སློང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་དང ། སློང་བ་རྣམས་མཐོང་ན་སེམས་སྡང་བར་བྱེད་དོ། །དེའི་མ་ནི་སྔོན་གྱི་ལུགས་བཞིན་དུ་དགེ་སྦྱོང་དང ། བྲམ་ཟེ་དང ། བཀྲེན་པ་དང ། སྡུག་ཅིང་ཕོངས་པ་དང ། སློང་བ་རྣམས་ལ་སྦྱིན་པ་དང ། རབ་ཏུ་སྦྱིན་པ་དག་སྦྱིན་པར་བྱེད་དོ། །དེ་ནས་དེའི་བུ་སེར་སྣས་ནོན་པ་དེས་སྨྲས་པ། ཡུམ། བདག་མ་དད་ཀྱི་སྦྱིན་པ་མ་བྱིན་ཅིག། དེས་སྨྲས་པ། བུ་གཅིག། ཁྱིམ་འདི་ན་ཁྱིམ་གྱི་ལུགས་ཀྱིས་དེ་ཡིན་ནོ། །དེ་ནས་དེ་ལོགས་ཤིག་ཏུ་ཟན་ཕོག་སྟེ་བཞག་ན་འོན་ཀྱང་དེ་ཟན་གྱི་ཕྱེད་ནི་སྦྱིན་པར་བྱེད་དོ། །ཕྱེད་ནི་བདག་ཉིད་ཟའོ། །དེ་ནས་སེར་སྣས་ནོན་ཅིང་ཁྲོ་བས་བསྒྲིབས་པའི་བློ་ཅན་དེས་ཡང་དང་ཡང་དུ་བཀག་སྟེ། ཐབས་ཇི་ལྟ་བུས་བཀག་ཀྱང་དེ་དགགས་མ་ནུས་ནས། མ་ལ་སྨྲས་པ། ཡུམ། བགྱི་བ་ཞིག་མཆིས་ཀྱི་ཁྱིམ་གྱི་ཕུག་ཏུ་བཞུད་ཅིག་།དེ་ནས་རང་བཞིན་གྱིས་དྲང་བ་དེ་ཁྱིམ་གྱི་ཕུག་ཏུ་སོང་ངོ ། །དེ་ནས་དེས་སྒོ་བཅད་དེ་ཉི་མ་གཅིག་ཟན་གཅད་ནས། དེས་སྨྲས་པ། བུ། བདག་བཀྲེས་སོ། །དེ་ནས་དེ་ཚིག་རྩུབ་པོ་སྨྲས་ཏེ་ཐལ་བ་འགོམ་ཞིག་ཅེས་སྨྲས་སོ། །དེ་ནས་རེ་ཞིག་ན་ཉམ་ང་ཞིང་མི་བདེ་ལ་གནོད་པ་དང་ཕྲད་པ་དེས་སྙིང་རྗེ་རྗེ་སྐད་དུ་ཁུས་བཏབ་ཀྱང་ཞག་དྲུག་གི་བར་དུ་སྨྱུང་དུ་བཅུག་སྟེ། མ་བཏང་ནས་ཤིའོ། །འོན་ཀྱང་སེར་སྣས་བསྒྲིབས་པ་དེ་མ་དང་བྲལ་བ་ལ་འགྱོད་
414a
༄#། །པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་བུར་གྱུར་པ་གང་ཡིན་པ་དེ་ནི་འདི་གུས་གསོས་འདི་ཡིན་ཏེ། དེས་མ་ལ་གནོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་བསྐལ་བ་གཅིག་གི་བར་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །རྒྱུ་དེ་ཁོ་ནས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཀྱང་སྨྱུང་བར་གྱུར་ཏེ། ཐལ་བ་ཟོས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་དག་།འདེ་གུས་གསོས་ཀྱིས་ལས་གཞན་དག་ཀྱང་བྱས་ཤིང་བསགས་ཏེ། དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་བྲམ་ཟེ་ལྷ་ལ་རྟེན་པ་ཝཱ་ར་ཎ་སི་ན་གནས་པའི་བྲམ་ཟེ་དང ། ཁྱིམ་བདག་དང ། སྐྱེ་བོ་ཐམས་ཅད་ཀུན་ཏུ་བཀུར་སྟི་བྱ་བ་དང ། བླ་མར་བྱ་བ་དང ། རི་མོར་བྱ་བ་དང ། མཆོད་པ་བྱེད་ཅིང་བཀུར་བ་ཞིག་ཡོད་དེ། ཆོས་ཉིད་ཀྱིས་ན་སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་དང ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ།་རེ་ཞིག་ན་རང་སངས་རྒྱས་གཅིག་ཝཱ་ར་ཎཱ་སིར་བསོད་སྙོམས་ལ་སོང་བ་དང ། དེ་དེར་ལག་པ་ཡང་བཀང ། ལྷུང་བཟེད་ཀྱང་བཀང་སྟེ། ཕྱིར་བྱུང་བ་བྲམ་ཟེ་དེས་མཐོང་ནས། དེ་
414b
སེར་སྣ་སྐྱེས་ཏེ་ལྷུང་བཟེད་བལྟ་ཡི། ཚུར་ཁྱེར་ཤོག་ཅེས་བྱས་སོ། །ཉན་ཐོས་དང ། རང་སངས་རྒྱས་རྣམས་ནི་མ་བསམ་པར་ཤེས་པ་མི་འཇུག་སྟེ། བཙུན་པ་དེས་བསྟན་ཏོ། །དེ་ནས་དེས་ས་ལ་ཕོ་ནས་རྐང་པས་བསྣུན་ཏོ། །དེ་ནས་རང་སངས་རྒྱས་དེ་སྨྱུང་བར་འདུག་ཀྱང་བྲམ་ཟེ་དེ་འགྱོད་པ་མ་སྐྱེས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི་འདེ་གུས་གསོས་འདི་ཡིན་ནོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི། རྣམ་པར་སྨིན་པའང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཁོར་བ་ཞེས་བྱ་བ་ནི།
415a
༄#། །སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་
415b
ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་ཁྱིམ་གྱི་མི་རྣམས་ལ་བལྟས་ནས་ཚིག་ཏུ་སྨྲས་པ། ཀྱེ་མ། འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ། དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་མ་ཐག་ཏུ་འཁོར་འཁོར་བ་ཞེས་སྒྲོགས་བས་ན་དེའི་ཕྱིར་ཁྱེའུ་འདིའི་མིང་འཁོར་བ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འཁོར་བ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་ཉིང་ཁུ་དང ། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ནས། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་མཐར་གྱི་ཆེར་སྐྱེས་པ་དང ། དེ་རང་བཞིན་གྱིས་ཚེ་རབས་དྲན་པས་སྐྱེ་བོའི་ཚོགས་ལ་ཆོས་སྟོན་ཏེ། ཀྱེ། བླ་མ་རྣམས་དང ། བླ་མ་ལྟ་བུ་རྣམས་དང ། ཕ་མ་དང ། མཁན་པོ་དང ། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཞིག་།འཁོར་
416a
༄#། །བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་ཟེར་རོ། །དེ་ནས་ཕྱིས་རེ་ཞིག་ན་ཕན་ཚུན་དུ་འཁྱམ་དུ་སོང་སོང་བ་ལས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ནས། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་སྟོན་པ་མཛད་དོ། དེ་ཐོས་ནས་ཁྱེའུ་འཁོར་བ་འཁོར་བ་ལ་ཉེས་པར་ལྟ་བ་དང ། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་གྱུར་ཏེ། ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་
416b
རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགྲ་བཅོམ་པར་གྱུར་ཀྱང་དགེ་སློང་རྣམས་ལ་ཆོས་སྟོན་ཏེ། ཚེ་དང་ལྡན་པ་དག་།བླ་མ་རྣམས་དང ། བླ་མ་ལྟ་བུ་རྣམས་དང ། ཕ་མ་དང ། མཁན་པོ་དང ། སློབ་དཔོན་རྣམས་ལ་ཚིག་རྩུབ་པོ་མ་ཟེར་ཞིག། འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་བའོ། །ཞེས་ཟེར་རོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འཁོར་བས་ལས་གང་དག་བགྱིས་ན་དེས་ཚེ་རབས་ལྔ་བརྒྱའི་བར་དུ་མའི་ལྟོ་ནས་གུམ་པའི་རོ་བྱུང་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འཁོར་བ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་
417a
༄#། །རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འཁོར་བ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པ་སྨིན་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག ། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་
417b
ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཚོང་དཔོན་གྱི་བུ་ཞིག་གནས་བརྟན་ཞིག་ལས་རབ་ཏུ་བྱུང་ངོ ། །གནས་བརྟན་དེ་ནི་དགྲ་བཅོམ་པ་འདོད་ཆགས་སྤངས་པ་ཞིག་གོ།་དེ་ནས་རེ་ཞིག་ན་ཡུལ་དེར་དུས་སྟོན་ཞིག་བྱུང་ངོ ། །དེ་ནས་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ། བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་དོ་ཞེས་བྱས་སོ། །གནས་བརྟན་གྱིས་སྨྲས་པ། བུ་ད་དུང་སྔས་ཀྱི། རེ་ཞིག་སོང་ལ་དགེ་བའི་ཕྱོགས་གྱིས་ཤིག་།ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་གཞོན་ནུ་དེས་གནས་བརྟན་དེ་བསླང་སྟེ་བཞེངས་ལ་སྤྱོད་ཡུལ་གྱི་གྲོང་དུ་བཞུད་ཅེས་བྱས་ན་ལན་གཉིས་ལན་གསུམ་གྱི་བར་དུ་གནས་བརྟན་གྱི་བུ་ད་དུང་སྔས་ཀྱི། སོང་ལ་དགེ་བའི་ཕྱོགས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དགེ་སློང་གཞོན་ནུ་ལྟོ་མདུན་ཅན་དེས་དག་གི་ལས་རྩུབ་པོ་སྨྲས་ཏེ། ཁྱོད་ཚེ་རབས་ལྔ་བརྒྱའི་བར་དུ་ཡང་གསོན་པོར་ཁྱིམ་ནས་ཕྱིར་མ་འབྱུང་ཞིག། ང་ནི་སོང་ཟིན་ནོ་ཞེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་འདི་ཡིན་ནོ། །དེས་དགྲ་བཅོམ་པ་ལ་སེམས་སྡང་བར་བྱས་ནས་ཚིག་རྩུབ་པོ་བྱས་པའི་རྣམ་པར་སྨིན་པས་ཚེ་རབས་སྔ་བརྒྱའི་བར་དུ་མའི་ལྟོ་ནས་ཤི་བའི་རོ་བྱུང་ནས་ད་ལྟར་མིར་སྐྱེས་ཏེ། དེ་དྲན་ནས་འཁོར་བ་ནི་སྡུག་བསྔལ་བའོ། །འཁོར་བ་ནི་མཆོག་ཏུ་སྡུག་བསྔལ་
418a
༄#། །བའོ། །ཞེས་ཟེར་བ་ཡིན་ནོ། །དེ་འགྱོད་པ་སྐྱེས་ཏེ་གནས་བརྟན་ལ་ཉེས་པ་བཤགས་པ་དང ། ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག། དེ་ལྟར་ན་ལས་གཅིག་ཏུ་ངེས་བར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་ཉི་ཤུ་རྩ་གཉིས་པ་སྟེ་ཐ་མ། སྦེད་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང །
418b
ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་རྒྱ་སྐེགས་ཀྱི་རྣ་བ་ཅན་གྱིས་སྤྱན་དྲངས་ཏེ། ཡུལ་སློབ་མ་ཅན་གྱི་སྐྱེ་བོ་འདུལ་བར་བྱ་བ་རྣམས་དད་པར་མཛད་པ་དེའི་ཚེ། ཡུལ་སློབ་མ་ཅན་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་སྟེ་འཁོད་དོ། །དེའི་ཚེ་ཡུལ་སློབ་མ་ཅན་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་
419a
༄#། །མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ཞིག་བཙས་ནས་བཙས་མ་ཐག་ཏུ་དེའི་ལུས་ཐམས་ཅད་ཕོལ་མིག་གིས་ཞུ་ལུ་བ་ཏུ་ཁྱབ་པར་འདུག་སྟེ། གང་གི་ཚེ་ཕོལ་མིག་དེ་དག་རྡོལ་བ་དེའི་ཚེ། ཤ་སྣག་བུ་ཕྱིལ་པོར་གྱུར་ཏེ། དེའི་ལུས་ལས་རྣག་ཁྲག་འཛག་ཅིང་དྲི་ཤིན་ཏུ་མནམ་པར་འབྱུང་ངོ ། །དེ་ནས་དེའི་ཕས་དབང་ཕྱུག་གི་སྟོབས་ཀྱི་ཤུགས་ཀྱིས་ནོར་དང ། སྔགས་དང ། སྨན་དང ། གཡོག་དང་ལྡན་པར་བདག་ཉིད་ཀྱིས་གསོས་ན་འོན་ཀྱང་ལས་ཀྱི་སྟོབས་ཀྱིས་ཤུགས་ཐོབ་པས་ནད་དེ་ཞི་བར་མ་གྱུར་ཏེ། ལུས་ཐམས་ཅད་དེ་ལྟ་བུར་གྱུར་ནས་ངོ་ཚ་སྟེ། གོས་ཀྱིས་སྦེད་པར་བྱེད་པས་ན། དེའི་མིང་སྦེད་པ་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་ཁྱེའུ་སྦེད་པ་ཆེར་སྐྱེས་ནས་དེའི་གྲོགས་པོ་ན་ཟླ་རྣམས་མཉན་དུ་ཡོད་པའི་གྲོང་ཁྱེར་སློབ་མ་ཅན་དུ་དོང་དོང་བ་དེ་དག་གིས་དེའི་ཕ་ལ་སྨྲས་པ། ཡབ། གལ་ཏེ་འདི་མཉན་དུ་ཡོད་པར་ཁྲིད་ན་ནི་དེ་ན་སྨན་པ་དང ། སྨན་ལ་སོགས་པ་མཆིས་ཏེ། མོད་པས་ནད་དེ་ལས་གསོ་ནུས་སོ་ཞེས་བྱས་སོ།། དེ་ནས་དེའི་ཕས་ཚིག་དེ་མཉན་ནས་རིན་པོ་ཆེ་མང་པོ་དང ། གཡོག་རྣམས་བྱིན་ཏེ་མཉན་དུ་ཡོད་པར་བཏང་ནས་དེ་མཐར་གྱིས་གྲོགས་པོ་ན་ཟླ་རྣམས་དང་མཉན་དུ་ཡོད་པར་
419b
ཕྱིན་ན། དེ་ན་སྨན་པ་དང ། ནོར་དང ། སྨན་དང ། གཡོག་ཀྱང་མང་དུ་ཡོད་ཀྱི་དེའི་ལས་ལས་སྐྱེས་པའི་ནད་དེ་གསོ་མ་ནུས་སོ། །དེ་ནས་ཕྱིས་རེ་ཞིག་ན་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་པས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་པ་མཐོང་ནས་མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ནད་དང ། ཕོལ་མིག་དང ། ཟུག་རྔུ་དང ། སྡིག་པ་དང ། མི་རྟག་པ་དང ། སྡུག་བསྔལ་ཡིན་པར་རྟོགས་ཏེ། འདུ་བྱེད་ཐམས་ཅད་མི་རྟག་པར་རིག་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་
420a
༄#། །བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩོད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། །གསེར་དང ། །བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའི་གྲོགས་པོ་ན་ཟླ་དེ་དག་ཀྱང་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་རབ་ཏུ་བྱུང་ནས། དེ་དག་ཚེ་དང་ལྡན་པ་སྦེད་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་སྦེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྦེད་པ་འཇིག་རྟེན་ན་འཇིག་པའི་ཆོས་ཅན་ནི་གང་ཡིན། འཇིག་རྟེན་ན་འཇིག་པའི་ཆོས་ཅན་མ་ཡིན་པ་ནི་གང་ཡིན། ཚེ་དང་ལྡན་པ་དག་གཟུགས་ནི་འཇིག་པའི་ཆོས་ཅན་ཡིན་ནོ། །དེ་འགགས་པའི་མྱ་ངན་ལས་འདས་པ་ནི་འཇིག་པའི་ཆོས་ཅན་མ་ཡིན་པའོ། །ཚེ་དང་ལྡན་པ་དག། ཚོར་བ་དང ། འདུ་ཤེས་
420b
དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི་འཇིག་པའི་ཆོས་ཅན་ཡིན་ནོ། །དེ་འགགས་པའི་མྱ་ངན་ལས་འདས་པ་ནི་འཇིག་པའི་ཆོས་ཅན་མ་ཡིན་པའོ། །ཚེ་དང་ལྡན་པ་དག། ཇི་སྙམ་དུ་སེམས། གཟུགས་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན། ཚེ་དང་ལྡན་པ་སྦེད་པ། དེ་ནི་མི་རྟག་པ་ཡིན་ནོ། །ཚེ་དང་ལྡན་པ་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། ཚེ་དང་ལྡན་པ་སྦེད་པ། དེ་ནི་སྡུག་བསྔལ་བ་ཡིན་ནོ། །ཚེ་དང་ལྡན་པ་དག། ཅི་མི་རྟག་པ་དང ། སྡུག་བསྔལ་བ་དང ། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་འདི་སྙམ་དུ་འདི་ནི་བདག་གིའོ། །འདི་ནི་བདག་གོ། འདི་ནི་བདག་གི་བདག་ཡིན་ནོ། །སྙམ་དུ་བདག་ཏུ་འཛིན་པར་འགྱུར་རམ། ཚེ་དང་ལྡན་པ་སྦེད་པ། དེ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག། ཇི་སྙམ་དུ་སེམས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན། ཚེ་དང་ལྡན་པ་སྦེད་པ། དེ་ནི་མི་རྟག་པ་ཡིན་ནོ། །ཚེ་དང་ལྡན་པ་དག། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། ཚེ་དང་ལྡན་པ་སྦེད་པ། དེ་ནི་སྡུག་བསྔལ་བ་ཡིན་ནོ། །ཚེ་དང་ལྡན་པ་དག། ཅི་མི་རྟག་པ་དང ། སྡུག་བསྔལ་བ་དང ། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་
421a
༄#། །པ་དང་ལྡན་པའི་འཕགས་པ་ཉན་ཐོས་འདི་སྙམ་དུ་འདི་ནི་བདག་གིའོ། །འདི་ནི་བདག་གོ། འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་བདག་ཏུ་འཛིན་པར་འགྱུར་རམ། ཚེ་དང་ལྡན་པ་སྤེད་པ། དེ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག། དེ་བས་ན་གཟུགས་ཅི་ཡང་རུང་བ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའམ། ཕྱི་རོལ་ལམ། ནང་ངམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་བའམ། ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ། །སྙམ་དུ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་ཅི་ཡང་རུང་བ་དང ། རྣམ་པར་ཤེས་པ་ཅི་ཡང་རུང་བ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའམ། ནང་ངམ་ཕྱི་རོལ་ལམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་བའམ་ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །ཚེ་དང་ལྡན་པ་དང ། དེ་ལྟར་བ་ལྟ་བའི་ཐོས་པ་དང་ལྡན་པའི་ཉན་ཐོས་ནི་གཟུགས་ལས་ཀྱང་སྐྱོ་བར་འགྱུར་རོ། །ཚོར་བ་དང ། འདུ་ཤེས་དང །
421b
འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལས་ཀྱང་སྐྱོ་བར་འགྱུར་ཏེ། སྐྱོ་ནས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་ཟིན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་སྙམ་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁོ་ནར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་།གྲོགས་པོ་ན་ཟླ་དེ་རྣམས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བས་རྣམ་པར་དག་གོ། དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦེད་པས་ལས་གང་དག་བགྱིས་ན། དེས་དེའི་ལུས་འདི་ལྟ་བུར་མི་སྡུག་ཅིང་ནད་མང་ལ་དྲི་ང་བར་གྱུར་ལགས། ལས་གང་དག་བགྱིས་ན་དེས་བློ་རྣོ་ཞིང་གསལ་བར་གྱུར་ཏེ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྦེད་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་དུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དཔའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། སྦེད་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་
422a
༄#། །པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཚོང་དཔོན་ཞིག་འདུག་པ་དེ། ཚོང་དཔོན་གཞན་ཞིག་དང་མི་མཛའ་ནས་དེས་རྒྱལ་པོ་ལ་ནོར་མང་པོ་ཕུལ་ཏེ། གསོལ་བ་བཏབ་པ། ལྷ། ཚོང་དཔོན་འདིས་ནོངས་པ་བགྱིས་ཀྱི་འདི་ཆད་པས་བཅད་ཅིང་ཚར་གཅད་པར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་གནང་སྟེ། དེ་ཉིད་ཆད་པས་གཅོད་དུ་བཅུག་གོ། དེ་ནས་དེས་བདག་གི་ཁྱིམ་དུ་བཀུག་ནས་ལྕག་གིས་བཞུས་སོ། །དེ་ནས་ལུས་ལས་ཁྲག་བྱུང་ནས། དུག་དྲག་པོའི་ཕྱེ་མ་མང་པོས་བཏབ་སྟེ། དེས་དེའི་ལུས་དེ་ཤ་སྣག་བུ་བཞིན་དུ་ཕྱིལ་པོར་འདུག་པར་གྱུར་ཏེ། དེ་ནས་ཚོང་དཔོན་དེའི་གྲོགས་པོ་རྣམས་ཀྱིས་དེའི་ཇི་ལྟར་བྱས་པ་ཐོས་ནས་དེ་དག་བསྡོངས་ཏེ་ཡོ་བྱད་ཀྱི་ཁྱད་པར་དག་གིས་ནད་དེ་ལ་གསོས་པར་བྱས་སོ། །དེ་ནས་སྐྱོ་བར་གྱུར་པ་དེ་ཁོ་ནས་ཁྱིམ་ནས་བྱུང་སྟེ། རབ་ཏུ་བྱུང་ནས་དེས་སློབ་
422b
དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེའི་སེམས་སྐྱེས་པ་ཚོང་དཔོན་དེས་ནི་བདག་གི་རྒྱུད་ལས་བསོད་ནམས་མ་ཡིན་པ་ཆེན་པོ་བསྐྱེད་ཀྱིས་མེད་ན། མ་ལ་བདག་དེའི་ཐད་དུ་སོང་ལ་སྐྱོ་བ་བསྐྱེད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེའི་མདུན་དུ་སོང་ནས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དོ། །དེ་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ཡོན་གནས་ཆེན་པོ་མར་གཤེགས། ཁྱོད་ལ་བདག་གིས་ནོངས་པ་བགྱིས་ཀྱི། དེ་ཡང་ཁྱེད་ཉིད་ལས་བརྟེན་ཏེ་བྱང་བར་བགྱིའོ། །ཞེས་བྱས་ཏེ། དེས་རང་སངས་རྒྱས་དེ་ལ་བཟོད་པ་གསོལ་ནས། བཤོས་གསོལ་ཏེ་ན་བཟའ་ཕུལ་ནས་སྨོན་ལམ་བཏབ་པ། བདག་ཁྲོས་ཏེ་ཁྱོད་ལ་ནོངས་པ་བགྱིས་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་མྱོང་བར་མ་གྱུར་ཅིག། བདག་གི་བཀུར་སྟི་བགྱིས་པ་འདིས་ནི་ཡོན་ཏན་འདི་ལྟ་བུ་དག་བདག་གིས་ཐོབ་པར་གྱུར་ཅིག་།འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
423a
༄#། །དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི་སྤེད་པ་འདི་ཡིན་ཏེ། ལས་དེའི་མཐུས་ཚེ་རབས་ལྔ་བརྒྱའི་བར་དུ་ལྕགས་འོག་ཏུ་ཤིའོ། །རྒྱུ་དེ་ཁོ་ནས་ད་ལྟར་ཡང་ལུས་འདི་འདྲ་བ་ཐོབ་པར་གྱུར་ཏོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་གྲོགས་པོ་ན་ཟླ་རྣམས་དང་ལྷན་ཅིག་ཏུ་བྱུང་སྟེ།་དེས་དེ་དག་གི་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས། དེ་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི། རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་ཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་ཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མི་སྡུག་པ་ཅེས་བྱ་བ་ནི། སངས་རྒྱས་བཅོམ་
423b
ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། ཅིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་བྷ་རྒ་ཞེས་བྱ་བ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་
424a
༄#། །དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ནས་ཕ་མ་གཉིས་བུ་ལ་ཆགས་ཏེ་དེ་གསོས་སོ། །དེ་ནས་གང་གི་ཚེ་དེ་མཐར་གྱིས་ཆེར་སྐྱེས་པ་དེའི་ཚེ་མི་སྡུག་པའི་ཕྱིར་ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་དེ། དེ་གང་དང ། གང་དུ་སོང་བ་དེ་དང ། དེར་ཡང་ཡིད་དུ་མི་འོང་བའི་ཕྱིར་སྐྱེ་བོ་མང་པོས་བསྐྲད་དོ། ། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམས་ཀྱིས་ཀྱང་དེ་ལ་གཟི་བརྗིད་ཀྱིས་བརྙས་པ་བྱེད་ན། མིར་གྱུར་པ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་གྲོང་ཁྱེར་ཅི་ནང་ནས་བསྐྲད་ནས་སྐྱེད་མོས་ཚལ་དུང་ཡག་ཅིག་ཏུ་འདུག་སྟེ། དེས་རེས་འགའ་ནི་འབྲས་བུ་དང ། རྩ་བ་རྙེད་ན་ཟ་བར་བྱེད་དོ། །རེས་འགའ་འབྲས་བུ་དང ། རྩ་བ་མ་རྙེད་ན་ནི་རྩཝ་དང ། མེ་ཏོག་དང ། ལོ་མ་དག་གིས་འཚོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་སྡུག་པ་གདུལ་བའི་དུས་ལ་བབ་པར་གཟིགས་ནས། ཉན་ཐོས་ཆེན་པོ་བཞི་ལ་བཀའ་སྩལ་པ། དགེ་སློང་དག། ཚུར་ཤོག་ཅིག་དང ། མི་སྡུག་པ་གདུལ་ལོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཞམ་རིང་བྱས་ཏེ། སྐྱེད་མོས་ཚལ་དུང་ཡག་ག་ལ་བ་དེར་གཤེགས་པ་དང ། དེས་བཅོམ་ལྡན་འདས་མཐོང་ནས་ངོ་ཚ་སྟེ། ཕན་ཚུན་དུ་བྲོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཡང་འབྲོས་མི་ནུས་པར་བྱིན་གྱིས་བརླབས་སོ། །
424b
དེ་ནས་བཅོམ་ལྡན་འདས་དང ། ཉན་ཐོས་ཆེན་པོ་རྣམས་འགོག་པའི་སྙོམས་པར་འཇུག་པར་ཞུགས་སོ། །དེ་ནས་འགོག་པ་ལས་བཞེངས་ཏེ་བདག་ཉིད་མི་སྡུག་པར་སྤྲུལ་ཏོ། །སྤྲུལ་ནས་ཀྱང་ཁམ་ཕོར་ཟས་ཀྱིས་བཀང་བ་བསྣམས་ཏེ། མི་སྡུག་པའི་ཐད་དུ་གཤེགས་སོ། །དེ་ནས་མི་སྡུག་པས་མཐོང་བ་དང ། དགའ་བར་གྱུར་ནས་སྨྲས་པ། གྲོགས་པོ་ཆེན་པོ། ག་ལས་འོངས། ཚུར་ཤོག་།བདག་ཅག་གཉིས་ལྷན་ཅིག་ཏུ་འདུག་གོ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཟས་བྱིན་ཏེ་དབང་པོ་ཚིམ་པར་གྱུར་ནས། བཅོམ་ལྡན་འདས་ཉིད་ཀྱི་ཆ་ལུགས་སུ་བསྒྱུར་ཏོ། །དེ་ནས་མི་སྡུག་པས་སངས་རྒྱས་བཅོམ་ལྡན་འདས་མཐོང་ནས། གསོལ་པ། ད་ནི་ཁྱོད་བྱད་གཟུགས་བཟང་པོར་གྱུར་ན་ལས་གང་གི་མཐུ་ལས་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སེམས་དགའ་བར་བྱེད་པ་ཞེས་བྱ་བའི་རིགས་སྔགས་ཡོད་དེ། འདི་ནི་དེའི་མཐུ་ཡིན་ནོ། །དེ་ནས་དེས་བཅོམ་ལྡན་འདས་དང ། ཉན་ཐོས་ཆེན་པོ་འགོག་པའི་སྙོམས་པར་ཞུགས་པ་དེ་དག་ལ་སེམས་དགའ་བ་བསྐྱེད་དེ། དེས་ན་དེའི་མི་སྡུག་པ་མེད་པར་གྱུར་ནས་བཟང་པོར་གྱུར་ཏེ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། མི་སྡུག་པས་ལས་གང་དག་བགྱིས་ན་
425a
༄#། །དེས་འདི་ལྟ་བུར་མདོག་ངན་པ་རེག་ཏུ་མི་བཟོད་པ་དང ། མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། མི་སྡུག་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ།་དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མི་སྡུག་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམས་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང ། ཞབས་སུ་
425b
ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་ཞིག་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་དགོངས་ན། དེའི་ཚེ་ཉེ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དང ། བྱམས་པའོ། །དེ་ལ་བྱམས་པ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་གྱུར་ལ། གདུལ་བར་བྱ་བ་རྣམས་ཡོངས་སུ་མ་སྨིན། ཤཱཀྱ་ཐུབ་པ་ནི་རང་གི་རྒྱུད་ཡོངས་སུ་མ་སྨིན་ལ། གདུལ་བར་བྱ་བ་རྣམས་ནི་ཡོངས་སུ་སྨིན་པར་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གངས་ཀྱི་རིའི་སྟེང་དུ་གཤེགས་ཤིང་རིམ་པོ་ཆེའི་ཕྲག་ཕུག་ཏུ་ཞུགས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འབྲས་བུ་དང ། རྩ་བ་དག་གི་ཕྱིར་རིའི་རྒྱལ་པོ་གངས་ཀྱི་སྟེང་དུ་སོང་སྟེ། དེ་ཕན་ཚུན་སོང་སོང་བ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་
426a
༄#། །གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། དེ་མཐོང་མ་ཐག་ཏུ་དེས་ཉིན་མཚན་བདུན་གྱི་བར་དུ་རྐང་པ་ཡ་གཅིག་གི་འགྲེང་སྟེ། ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ། དེ་ལྟ་བུ་སེམས་རྩེ་གཅིག་ཏུ་བྱ་བ་ཐོབ་སྟེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སློང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདི་ནའང་ཡོང་གིས་མེད་ལ་རྣམ་ཐོས་བུ་ཡི་ཕོ་བྲང་ན་ཡང་མེད། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ན་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་མ་ལུས་བསྐོར་ཀྱང་ག་ལ་ཡོད། ཅེས་བསྟོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་གྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་རྒྱུད་ཡོངས་སུ་སྨིན་པར་གཟིགས་ནས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ། ལེགས་སོ། །ལེགས་སོ། །བྲམ་ཟེ་དམ་པ་དེ་རིང་དུ། །དེ་བཞིན་གཤེགས་ལ་ལེགས་བསྟོད་པའི། །སྟོབས་དང་བརྩོན་འགྲུས་རྫོགས་པ་འདིས། །བསྐལ་པ་དགུ་ཞིག་འདུམས་པར་གྱུར། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལྷ་ཆེ་བར་གགས་པ་རྣམས་ཀྱིས་ཞམ་རིང་བྱས་ཏེ། ཕུག་དེའི་ནང་ན་གནས་པའི་ལྷ་ཆུང་བར་གྲགས་པ་ཞིག་ཡོད་པ་དེས་ཕུག་པ་དེའི་ནང་དུ་འགྲོ་མ་ནུས་སོ། །དེ་ནས་དེས་མིག་མི་སྡུག་
426b
པར་བསྒྱུར་ཏེ། བཅོམ་ལྡན་འདས་ལ་བསྡིགས་སོ། །དེས་ཡུན་རིང་མོ་ཞིག་ཏུ་བསྡིགས་ཀྱང ། བཅོམ་ལྡན་འདས་ལ་གནོད་པ་བྱེད་མ་ནུས་ནས། དེས་དད་པ་རྙེད་དེ། དྲང་སྲོང་འདི་ནི་བཟང་པོ་ཞིག་སྟེ། བརྟུལ་ཞུགས་གྲུབ་པ་ཞིག་གོ་སྙམ་མོ། །དེ་ནས་དེས་ལུས་རྒྱས་པར་སྤྲུལ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ནས། བཤོས་ཀྱང་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཕུག་དེ་ན་གནས་པའི་ལྷར་གྱུར་པ་གང་ཡིན་པ་དེ་ནི་མི་སྡུག་པ་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བར་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ལ་ད་ལྟར་ཡང་རྒྱུ་དེ་ཁོ་ནས་མི་སྡུག་པར་གྱུར་ཏོ། །དེས་ཕྱིས་སེམས་དགའ་བ་བསྐྱེད་པ་དེས་ནི་འདིའི་མི་སྡུག་པ་མེད་པར་གྱུར་ཏེ། བཟང་པོར་གྱུར་ནས་རབ་ཏུ་བྱུང་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག་།དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་
427a
༄#། །པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་གཱ་བ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས་མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་
427b
ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུ་ཡང་མེད། བུ་མོ་ཡང་མེད་ནས། དེ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས། བདག་འདས་པའི་འོག་ཏུ་ནི་བུ་ཡང་མེད། བུ་མོ་ཡང་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ། སེམས་ཁོངས་ཆུད་ཅིང་འདུག་གོ། དེ་ནས་དགེ་སྦྱོང་དང ། བྲམ་ཟེ་དང ། ལྟས་མཁན་དང ། མཛའ་བོ་དང ། གཉེན་དང ། རྩ་ལག་གཞན་དག་གི་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པའི་ཕྱིར་ལྷ་གུ་ལང་དང ། ཆུ་ལྷ་དང ། ཀུ་བེ་ར་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། ལམ་གྱི་བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། གཏོར་མ་ལེན་པའི་ལྷ་དང ། ལྷན་ཅིག་སྐྱེས་པ་དང ། ཆོས་མཐུན་པ་པ་དང ། རྟག་ཏུ་ཕྱིར་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ཏེ། འཇིག་
428a
༄#། །རྟེན་ན་འང་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང ། བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང ། མ་དུས་ལ་བབ་ཅིང་ཟླ་མཚན་ལྡན་པ་དང ། དྲི་ཟ་འོངས་པ་ཏེ། གནས་འདི་གསུམ་ཚོགས་པ་ལས་བུ་དང ། བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིགས་ཤིག་ནས་ཤི་འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དོ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཡང་ཤེས་ལ། མ་ཆགས་པ་ཡང་ཤེས་པ་དང ། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང ། བུ་ཆགས་པ་ཤེས་པ་དང ། གང་ལས་བུ་ཆགས་པ་དང ། ཁྱེའུ་ཡང་ཤེས་ལ། བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ཕྱོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ཕྱོགས་སུ་རྟེན་ཅིང་གནས་སོ། །དེ་ནས་
428b
དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱི། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེ་ཡང་དགའ་ཆེས་ནས་རོ་སྟོད་ནི་བཏེག། ལག་པ་གཡས་པ་ནི་བརྐྱང་ནས། བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ ། །བདག་གི་བུ་རུང་བར་གྱུར་ཅིག། མི་རུང་བར་མ་གྱུར་ཅིག། བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག། གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག། ནོར་སྐལ་ལ་སྤྱོད་པར་ཤོག་ཅིག། བདག་གི་རིགས་རྒྱུན་རིང་དུ་གནས་པར་ཤོག་ཅིག། བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས། དེ་གཉིས་གང་དང ། གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམས་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང ། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང ། སྨན་པས་བསྟན་པའི་ཁ་ཟས་རྣམས་དང ། ཧ་ཅང་ཁ་བ་ཡང་མ་ཡིན་པ་རྣམས་དང ། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང ། ཧ་ཅང་ལན་ཚཝ་ཆེ་བ་མ་ཡིན་པ་རྣམས་དང ། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང ། ཧ་ཅང་
429a
༄#། །རོ་ཚ་བ་མ་ཡིན་པ་རྣམས་དང ། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་དང ། ཁ་བ་དང ། སྐྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཚ་བ་དང ། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང ། དོ་ཤལ་དང ། སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས། ཁྲིའི་སྟེང་དང ། ཁྲི་བུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་གཞི་ལ་མི་འབབ་པ་དང ། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མ་ཐོས་པར་བྱས་སོ། །དེ་ནས་དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཡན་ལག་དང ། ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་པའི་བཙས་སྟོན་བྱས་ནས། དེའི་མིང་གང་གཱ་བ་ཞེས་བཏགས་སོ། །དེ་ནས་ཁྱེའུ་གང་གཱ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྣུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱི་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་ཉིང་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ཡང་ངེས་པར་འབྱེད་པར་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་ཏེ། ཁྱིམ་ན་གནས་
429b
པར་མི་དགའ་ནས་ཕ་མ་གཉིས་ཀྱི་རྐང་པ་ལ་ཕྱག་བཙལ་ཏེ་གསོལ་བ་བཏབ་པ། ཡབ་ཡུམ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་གནང་བ་མཛད་དུ་གསོལ། དེ་ནས་དེའི་ཕ་མ་གཉིས་ཀྱིས་བུ་གཅིག་པ་ཡིན་པའི་ཕྱིར་མ་གནང་ངོ ། །དེ་ནས་གང་གཱ་བའི་བློ་སྐྱེས་པ། མིར་སྐྱེ་བ་འཐོབ་པ་ནི་རྙེད་པར་དཀའ་བ་ཡིན། དེ་བཞིན་གཤེགས་པ་འབྱུང་བ་ཡང་རྙེད་པར་དཀའ་བ་ཡིན། གཞན་དུ་ན་དབང་པོ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་བ་ཡིན་ན། མ་ལ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་བྱ་བའི་ཐབས་ཅི་ཡོད་སྙམ་མོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ། བདག་གིས་སྨོན་ལམ་བཏབ་ལ། བདག་འཆི་བར་བྱས་ཏེ། ཅི་ནས་མིར་སྐྱེ་བ་ཐོབ་ནས་ཤིན་ཏུ་མྱུར་བར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེས་དེ་ལྟར་བསམས་ནས་དུག་འཐུངས་ན་ཡང་མ་ཤིའོ། །མེའི་ནང་དུ་མཆོངས་ན་ཡང་མ་ཤི། བྲག་ལ་མཆོངས་ན་ཡང་མ་ཤི། ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་མཆོངས་ན་དེར་ཡང་མ་ཤི་ནས། དེའི་བློ་སྐྱེས་པ། བདག་འཆི་བར་བྱ་བའི་ཐབས་གཞན་ཅི་ཡོད་སྙམ་མོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ། རྒྱལ་པོ་མ་སྐྱེས་དགྲ་དེ་ནི་ཡོང་ཡེ་གཏུམ་ཞིང་བརྒྱུད་ལ་ཞེ་རྩུབ་ཅིང་གཟུ་ལུམ་ཅན་ཞིག་ཡིན་གྱི། བདག་དེའི་ཕོ་བྲང་དུ་སོང་ལ་མཚན་མོ་ཁྱིམ་ཕུགས་གདབ་བོ་སྙམ་སྟེ། དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་སོང་ནས་ནམ་སྲོས་
430a
༄#། །ཏེ་སྨག་ལ་བབ་པ་ན་ཁྱིམ་འབིགས་ཤིང་འདུག་གོ། དེ་ནས་སྲུང་མ་རྣམས་ཀྱིས་གསོན་པོར་བཟུང་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ཏེ། ལྷ། མི་འདིས་ནི་རྐུན་མ་ཕོ་བྲང་སུན་འབྱིན་པ་ནོངས་པ་བགྱིས་ལགས་ཏེ། མཚན་མོ་ཕོ་བྲང་དུ་ཁྱིམ་ཕུགས་བཏབ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ཉེས་པ་བྱེད་བྱེད་པའི་ཕྱིར་གསད་པར་ཆད་དོ། །དེ་ནས་གཤེད་མ་གོས་སྔོན་པོ་གྱོན་པ། ཀ་ར་ཝཱི་རའི་མེ་ཏོག་གི་ཕྲེང་བ་མགུལ་དུ་ཐོགས་པ་ལག་ན་མཚོན་ཆ་ཐོགས་པ་རྣམས་ཀྱིས་ཁྲིད་དེ་ལམ་པོ་ཆེ་དང ། སྲང་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། བསྒྲགས་པའི་གནས་རྣམས་སུ་འོ་དོད་བོས་ཏེ། གྲོང་ཁྱེར་གྱི་ལྷོ་སྒོ་ནས་ཕྱིར་བྱུང་སྟེ། བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ཁྲིད་དོ།། དེ་ཁྲིད་པ་ན་གཤེད་མ་དེ་དག་ལ་སྨྲས་པ། ཀྱེ། རྒྱལ་པོའི་བཀའ་འགྱུར་ན་མི་རུང་གི། རིངས་པར་རབ་ཏུ་དྲོངས་ཤིག་ཅེས་ཟེར་རོ། །དེ་ནས་གཤེད་མ་དེ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །དེ་ན་རྒྱལ་པོས་ཕྱིར་བཟློག་ཏེ་དྲིས་པ། ཀཝའི་མི་ཁྱོད་ཅིའི་ཕྱིར་སྲོག་ཕངས་པ་ཡོངས་སུ་གཏོང་བར་འདོད། དེ་ནས་དེས་གཏམ་དེ་རྒྱས་པར་རྒྱལ་པོ་ལ་གསོལ་ཏེ། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཀ་དམ་པའི་མེ་ཏོག་བཞིན་དུ་སྤུ་ཟིང་ཞེས་བྱས་ཏེ། མཆི་མས་བརྣངས་ཞིང་དུ་བའི་བཞིན་གྱིས། ཀྱེ་མ། འདི་ལྟར་འདི་རབ་ཏུ་དབྱུང་བའི་ཕྱིར་སྲོག་ཕངས་
430b
པ་གཏོང་བར་འབད་པ་ལས་ན་འདིའི་བློའི་རྒྱུད་ནི་ཡོངས་སུ་སྨིན་ཏོ། །འཁོར་བའི་ཉེས་པ་ནི་ཤིན་ཏུ་རྟོགས་སོ། །དད་པ་ཕུན་སུམ་ཚོགས་པ་ནི་ལེགས་པར་ཐོབ་བོ་ཞེས་དགའ་བའི་ཚིག་ཏུ་བརྗོད་དོ། །དེ་ནས་རྒྱལ་པོས་དབུགས་ཕྱུང་སྟེ་སྨྲས་པ། བུ་གཅིག། ང་ནི་ཁྱོད་ཀྱི་སྲོག་ལ་དབང་གི། ད་སོང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིག་ཅེས་བྱས་ནས། དེ་རྒྱལ་པོས་བཏང་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ན་དེས་བརྩོན་པ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིགས་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང ། ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་
431a
༄#། །སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ངའི་ཉན་ཐོས་ཀྱི་དགེ་སློང་དད་པས་རབ་ཏུ་བྱུང་བ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། ཝཱ་ར་ཎཱ་སིའི་ཚོང་དཔོན་གྱི་བུ་གང་གཱ་པ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་གཱ་པས་ལས་གང་དག་བགྱིས་ན། དེ་དག་གི་རྣམ་པར་སྨིན་པས་དེའི་ལུས་ལ་མེས་ཀྱང་མི་ཚུགས། དུག་དང ། མཚོན་དང ། ཆུས་ཀྱང་འཆི་བར་མི་འགྱུར་ལ། འདིས་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། གང་གཱ་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གང་གཱ་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་
431b
དང།་ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་ཞིག་གནས་པ་དེས་རེ་ཞིག་ན་འགྲོན་པོ་དག་བཅོམ་སྟེ་རྫས་ཐོབ་པ་དང ། དེའི་ཕྱི་བཞིན་དུ་མི་རྒོད་དག་གིས་བསྙགས་པ་ལས་རེ་ཞིག་ན་དུར་ཁྲོད་ཀྱི་ཕྱོགས་ཤིག་ཏུ་རང་སངས་རྒྱས་འགོག་པའི་སྙོམས་པར་ཞུགས་པ་དེའི་མདུན་དུ་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་དེས་རྫས་བོར་ནས་དེ་ཉིད་དུ་ཡིབ་བོ། །དེ་ནས་མི་རྒོད་དེ་དག་གིས་རང་སངས་རྒྱས་མཐོང་ནས་བོང་རྡོ་དག་གིས་ཀྱང་བསྣུན། མཚོན་གྱིས་ཀྱང་བཏབ། མེས་ཀྱང་བསྲེགས་ན་འོན་ཀྱང་དེ་འགོག་པའི་སྙོམས་པར་ཞུགས་པས་ན། དེའི་ཆོས་གོས་ཀྱི་གཝ་ཙམ་ཡང་བསྐྱོང་མ་ནུས་སོ། །དེ་ནས་གང་གི་ཚེ། མི་རྒོད་དེ་དག་ངལ་བར་གྱུར་ཏེ། ཕྱིར་དོང་པ་དེའི་ཚེ་རང་སངས་རྒྱས་དེ་ཁད་ཀྱིས་ཏིང་ངེ་འཛིན་ལས་ལངས་སོ། །དེ་ནས་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བ་དེས་རང་སངས་རྒྱས་དེ་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་བ། བདག་གིས་ཀྱང་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པར་གྱུར་ཅིག། འདི་ལྟར་གཞན་གྱིས་མི་ཚུགས་པ་དེ་བཞིན་དུ་བདག་ཀྱང་གང་དང ། གང་དུ་སྐྱེས་པ་དེ་དང ། དེར་གཞན་
432a
༄#། །གྱིས་མི་ཚུགས་པར་ཤོག་ཅིག། འདི་བས་ཀྱང་ཆེས་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིང་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིགས་ངན་དུར་ཁྲོད་ཀྱི་རྫས་ལ་རྐུ་བར་གྱུར་པ་གང་ཡིན་པ་དེ་ནི་གང་གཱ་པ་འདི་ཡིན་ནོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་འདི་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ན་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀའ་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་བ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེར་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
432b
སེན་རིང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིགས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་སྤང་སྤོས་ཅན་གྱི་གྲོང་ན་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་པ་དེས། བྲམ་ཟེ་མ་ཐ་རེའི་བུ་མོ་ཤཱ་རི་ཞེས་བྱ་བ་ཐོབ་ནས་གང་གི་ཚེ་ཤཱ་རིའི་ལྟོར་ཤཱ་རིའི་བུ་ཞུགས་པ་དེའི་ཚེ་བུད་མེད་དེ་མིང་པོ་སེན་རིང་དང ། གཞུང་གི་བརྒྱབ་ན་མིང་པོ་ཆད་པ་ལ་ཐུག་པར་བྱེད་དོ། །དེ་ནས་སེན་རིང་གིས་བློ་སྐྱེས་པ། འདིའི་ལྟོར་སེམས་ཅན་བསོད་ནམས་ཆེ་བར་གྲགས་པ་ཞིག་གིས་ཉིང་མཚམས་སྦྱར་བ་འདྲ་སྟེ། དེའི་མཐུ་
433a
༄#། །ཡིན་གྱི། མ་ལ། བདག་གིས་སྔ་ནས་ཕྱོགས་འགའ་ཞིག་ལ་བརྟེན་པར་བྱའོ་སྙམ་མོ། །དེ་ནས་སེན་རིང་ལྷོ་ཕྱོགས་སུ་སོང་ནས་བསྟན་ཆོས་མང་པོ་བསླབས་སོ།། དེ་ནས་རེ་ཞིག་ནས་མཐར་གྱིས་ཤཱ་རིའི་བུ་བཙས་ཏེ། དེས་ལོ་བཅུ་དྲུག་ལོན་ན་དབང་པོའི་བརྡ་སྤྲོད་པ་ལོབས་ནས་གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་དོ། །དེ་ནས་དེ་མཐར་གྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་ནས་རེ་ཞིག་ན་ཀུན་ཏུ་རྒྱུ་སེན་རིང་གིས་མུ་སྟེགས་པ་དེ་དག་ཐམས་ཅད་ཚ་བོས་ཚར་བཅད་ནས། ད་ལྟར་དགེ་སྦྱོང་གཽ་ཏ་མའི་སློབ་མར་ཁས་བླངས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཤས་ཆེར་དེ་ཆད་པའི་འདུ་ཤེས་སྐྱེས་ལ་བསྟན་ཆོས་ཐམས་ཅད་ལ་ཡང་མུ་ཐུག་པ་མེད་པའི་འདུ་ཤེས་སྐྱེས་སོ། ། དེ་ནས་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང ། དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏོ། །ཤཱ་རིའི་བུ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོ་བ་ཅིང་འདུག་གོ་།དེ་ནས་ཀུན་ཏུ་རྒྱུ་སེན་རིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀུན་ཏུ་རྒྱུ་སེན་རིང་གིས་བཅོམ་ལྡན་འདས་ཟླ་བ་ཚེས་པའི་དབྱིབས་ལྟ་བུར་འཁོར་གྱིས་བསྐོར་ཅིང་བཞུགས་
433b
ཏེ་ཆོས་སྟོན་པ་དང ། ཤཱ་རིའི་བུ་ཡང་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོ་བ་ཅིང་འདུག་བ་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ། གཽ་ཏ་མ། བདག་ནི་ཐམས་ཅད་མི་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེའི་ཆ་ལུགས་ཅན་གྱི་བུ། བདག་ནི་ཐམས་ཅད་མི་འདོད་དོ་ཞེས་ལྟ་བ་གང་ཡིན་པ་འདི་ཡང་ཁྱོད་མི་འདོད་དམ། ཀྱཻ། གཽ་ཏ་མ། བདག་ནི་ཐམས་ཅད་མི་འཚལ་ལོ་ཞེས་བགྱི་བའི་ལྟ་བ་གང་ལགས་པ་འདི་ཡང་བདག་མི་འཚལ་ལོ། །མེའི་ཆ་ལུགས་ཅན་གྱི་བུ། འོ་ན་ནི་ཁྱེད་དེ་ལྟར་ཤེས་ཤིང་དེ་ལྟར་ལྟ་བར་གྱུར་ན། ལྟ་བ་འདི་ཡང་སྤངས་པ་དང ། བོར་བ་དང ། བསལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིད་མཚམས་སྦྱོར་བ་མེད་པ་དང ། ལེན་པ་མེད་པ་དང ། འབྱུང་བ་མེད་པར་འགྱུར་རོ། །གོའུ་ཏ་མ། བདག་ནི་དེ་ལྟར་ཤེས་ཤིང་དེ་ལྟར་ལྟ་བས་ལྟ་བ་འདི་ཡང་སྤངས་པ་དང ། བོར་བ་དང ། བསྩལ་བར་འགྱུར་ལ། ལྟ་བ་གཞན་ཡང ། ཉིང་མཚམས་སྦྱོར་བ་མ་མཆིས་པ་དང ། འབྱུང་བ་མ་མཆིས་པར་འགྱུར་ལགས་སོ། །མེའི་ཆ་ལུགས་ཅན་གྱི་བུ། འོ་ན་ནི་ཁྱོད་སྐྱེ་བོ་མང་པོ་དང་མཐུན་པར་འགྱུར་ཞིང་མཚུངས་པར་འགྱུར་ཏེ། སྐྱེ་བོ་མང་པོ་ཡང་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ལ། ཁྱོད་ཀྱང་དེ་སྐད་སྨྲ་བས་ན་ཁྱོད་ཀྱང་དེ་ཁོ་ན་དང་འདྲའོ། །མེའི་ཆ་ལུགས་ཅན་གྱི་བུ་དགེ་སྦྱོང་ངམ། བྲམ་ཟེ་སུ་ཡང་རུང་སྟེ། ལྟ་བ་དེ་ངེས་པར་སྤོང་ལ་
434a
༄#། །ལྟ་བ་གཞན་ཡང་ལེན་པར་མི་བྱེད་པ་དེ་དག་ནི་འཇིག་རྟེན་ན་ཉུང་བ་བས་ཀྱང་ཆེས་ཉུང་ཞེས་བྱ་བ། །མེའི་ཆ་ལུགས་ཅན་གྱི་བུ། ལྟ་བའི་གནས་ནི་འདི་གསུམ་ཡིན་ཏེ།་གསུམ་གང་ཞེ་ན། མེའི་ཆ་ལུགས་ཅན་གྱི་བུ། འདི་ན་ཁ་ཅིག་ནི་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །གཞན་ཡང ། འདི་ནི་ཁ་ཅིག་ནི་བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་སྐད་སྨྲའོ། །གཞན་ཡང ། འདི་ན་ཁ་ཅིག་ནི་བདག་ནི་གཅིད་འདོད་ལ་གཅིག་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །མེའི་ཆ་ལུགས་ཅན་གྱི་བུ། དེ་ལ་བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ནི་ཀུན་ཏུ་འདོད་ཆགས་པར་འགྱུར་གྱི། ཀུན་ཏུ་འདོད་ཆགས་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བར་འགྱུར་གྱི། ཀུན་ཏུ་ཞེ་སྡང་བ་མེད་པར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པར་འགྱུར་གྱི། ཀུན་ཏུ་གཏི་མུག་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་སྦྱོར་བར་འགྱུར་གྱི། ཀུན་ཏུ་འབྲལ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་འགྱུར་གྱི། རྣམ་པར་བྱང་བར་མི་འགྱུར་རོ། །ཀུན་ཏུ་འཕེལ་བར་འགྱུར་གྱི། ཀུན་ཏུ་འབྲི་བར་མི་འགྱུར་ཏེ། མངོན་པར་དགའ་བ་དང ། ཉེ་བར་ལེན་པ་དང ། ལྷག་པར་ཞེན་པར་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ། དེ་ལ་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ནི་ཀུན་ཏུ་
434b
འདོད་ཆགས་པ་མེད་པར་འགྱུར་གྱི། ཀུན་ཏུ་འདོད་ཆགས་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བ་མེད་པར་འགྱུར་གྱི། ཀུན་ཏུ་ཞེ་སྡང་བར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པ་མེད་པར་འགྱུར་གྱི། ཀུན་ཏུ་གཏི་མུག་པར་མི་འགྱུར་རོ། །འབྲལ་བར་འགྱུར་གྱི། སྦྱོར་བར་མི་འགྱུར་རོ། །རྣམ་པར་བྱང་བར་འགྱུར་གྱི། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། ། ཀུན་ཏུ་འབྲི་བར་འགྱུར་གྱི། ཀུན་ཏུ་འཕེལ་བར་མི་འགྱུར་ཏེ། མངོན་པར་དགའ་བ་མེད་པ་དང ། ཉེ་བར་ལེན་པ་མེད་པ་དང ། ལྷག་པར་ཞེན་པ་མེད་པར་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ། དེ་ལ་བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ལ་རེ་ཞིག་དེས་འདོད་པ་གང་ཡིན་པ་དེ་ནི་འདོད་ཆགས་པར་འགྱུར་གྱི། ཀུན་ཏུ་འདོད་ཆགས་མེད་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བར་འགྱུར་གྱི། ཀུན་ཏུ་ཞེ་སྡང་བ་མེད་པར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པར་འགྱུར་གྱི། ཀུན་ཏུ་གཏི་མུག་པ་མེད་པར་མི་འགྱུར་རོ། །ཀུན་ཏུ་སྦྱོར་བར་འགྱུར་གྱི། ཀུན་ཏུ་འབྲལ་བར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པར་འགྱུར་གྱི། རྣམ་པར་བྱང་བར་མི་འགྱུར་རོ། །ཀུན་ཏུ་འཕེལ་བར་འགྱུར་གྱི། ཀུན་ཏུ་འབྲི་བར་མི་འགྱུར་ཏེ། མངོན་པར་དགའ་བ་དང ། ཉེ་བར་ལེན་པ་དང ། ལྷག་པར་ཞེན་པར་འགྱུར་རོ། །དེས་མི་འདོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་འདོད་ཆགས་པ་མེད་པར་འགྱུར་གྱི། ཀུན་
435a
༄#། །ཏུ་འདོད་ཆགས་པར་མི་འགྱུར་རོ། །ཀུན་ཏུ་ཞེ་སྡང་བ་མེད་པར་འགྱུར་གྱི། ཀུན་ཏུ་ཞེ་སྡང་བར་མི་འགྱུར་རོ། །ཀུན་ཏུ་གཏི་མུག་པ་མེད་པར་འགྱུར་གྱི། ཀུན་ཏུ་གཏི་མུག་པར་མི་འགྱུར་རོ། །ཀུན་ཏུ་འབྲས་བར་འགྱུར་གྱི། ཀུན་ཏུ་སྦྱོར་བར་མི་འགྱུར་རོ། །རྣམ་པར་བྱང་བར་འགྱུར་གྱི། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཀུན་ཏུ་འབྲི་བར་འགྱུར་གྱི།་ཀུན་ཏུ་འཕེལ་བར་མི་འགྱུར་ཏེ། མངོན་པར་དགའ་བ་མེད་པ་དང ། ཉེ་བར་ལེན་པ་མེད་པ་དང ། ལྷག་པར་ཞེན་པ་མེད་པར་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་སློབ་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི་བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང ། བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དེ་གཉིས་དང་བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་པ་དང་བཅས་པ་དང ། རྩོད་པ་དང་བཅས་པ་དང ། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས། ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང ། དོར་བ་དང ། སེལ་བར་འགྱུར་
435b
ལ། ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་འགྱུར། ཉེ་བར་ལེན་པར་མི་འགྱུར། ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི། བདག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང ། བདག་ནི་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དེ་གཉིས་དང་བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་པ་དང་བཅས་པ་དང ། རྩོད་པ་དང་བཅས་པ་དང ། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས། ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང ། འདོར་བ་དང ། སེལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་འགྱུར། ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་འདི་ལྟར་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། གལ་ཏེ་བདག་གཅིག་ནི་འདོད་ལ་གཅིག་ནི་མི་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་ནི་གཅིག་ནི་ཐམས་ཅད་འདོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང ། བདག་ནི་ཐམས་ཅད་མི་འདོད་དོ་ཞེས་དེ་ལྟར་སྨྲ་ཞིང་དེ་སྐད་སྨྲ་
436a
༄#། །བ་གང་ཡིན་པ་དེ་གཉིས་དང ། བདག་འགྱེད་པར་འགྱུར་རོ། །འགྱེད་པར་གྱུར་ན་རྩོད་པར་འགྱུར་རོ། །རྩོད་པར་གྱུར་ན་རྣམ་པར་འཚེ་བར་འགྱུར་རོ་སྙམ་སྟེ། འགྱེད་པ་དང་བཅས་པ་དང ། རྩོད་པ་དང་བཅས་པ་དང ། རྣམ་པར་འཚེ་བ་དང་བཅས་པར་ཡང་དག་པར་མཐོང་ནས། ལྟ་བ་དེ་ཡང་སྤོང་ལ་ལྟ་བ་གཞན་ཡང་མི་ལེན་ཏོ། །དེ་ལྟར་ན་ལྟ་བ་དེ་ཡང་སྤོང་བ་དང ། འདོར་བ་དང ། སེལ་བར་འགྱུར་ལ་ལྟ་བ་གཞན་ཡང་ཉིང་མཚམས་སྦྱོར་བར་མི་འགྱུར། ཉེ་བར་ལེན་པར་མི་འགྱུར། འབྱུང་བར་མི་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ་ལུས་འདི་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་སྟེ། དེ་ལ་ནི་འཕགས་པ་ཉན་ཐོས་ཀྱིས་རྒྱུན་མི་འཆད་པར་སྐྱེ་བ་དང ། འཇིག་པར་རྗེས་སུ་ལྟ་བས་གནས་པར་བྱའོ། །འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང ། འགོག་པར་རྗེས་སུ་ལྟ་བ་དང ། སྤངས་པར་རྗེས་སུ་ལྟ་བས་གནས་པར་བྱའོ། །འཕགས་པ་ཉན་ཐོས་ཀྱིས་དེ་ལ་རྒྱུན་མི་འཆད་པར་སྐྱེ་བ་དང ། འཇིག་པར་ལྟ་བས་གནས་ན་དེའི་ལུས་ལ་འདུན་པ་དང ། ལུས་ལ་བྱམས་པ་དང ། ལུས་ལ་ཕངས་པ་དང ། ལུས་ལ་གནས་པ་དང ། ལུས་ལ་ཞེན་པ་དང ། ལུས་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ལ། དེའི་སེམས་ཟིལ་གྱིས་ནོན་ཅིང་འདུག་པར་མི་འགྱུར་རོ། །མེའི་ཆ་ལུགས་ཅན་གྱི་བུ། ཚོར་བ་འདི་ནི། འདི་གསུམ་
436b
ཡིན་ཏེ། གསུམ་གང་ཞེ་ན། བདེ་བ་དང ། སྡུག་བསྔལ་བ་དང ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་སྟེ། ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི་གང་གི་ཚ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ། དེའི་སྡུག་བསྔལ་དང ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགགས་པར་འགྱུར་ཏེ། དེའི་ཚེ་འཕགས་པ་ཉན་ཐོས་ཀྱི་བདེ་བའི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ། བདེ་བའི་ཚོར་བ་དེ། ཡང་མི་རྟག་པ་དང ། འགོག་པའི་ཆོས་ཅན་ཡིན་ནོ། །འཕགས་པ་ཉན་ཐོས་ནི་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བར་མྱོང་བ་དེའི་ཚེ། དེའི་བདེ་བ་དང ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་འཕགས་པ་ཉན་ཐོས་ཀྱིས་སྡུག་བསྔལ་གྱི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ། སྡུག་བསྔལ་གྱི་ཚོར་བ་དེ་ཡང་མི་རྟག་པ་དང ། འགོག་པའི་ཆོས་ཅན་ཡིན་ནོ། །འཕགས་པ་ཉན་ཐོས་ནི་གང་གི་ཚེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དེའི་ཚེ། དེའི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་འཕགས་པ་ཉན་ཐོས་ཀྱིས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཉི་ཚེ་མྱོང་བར་འགྱུར་ལ།་སྡུག་བསྔལ་ཡང་མ་ཡིན། བདེ་པ་ཡང་མ་ཡིན་པའི་ཚོར་བ་དེ་ཡང་མི་རྟག་པ་དང ། འགོག་པའི་ཆོས་ཅན་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་རྣམས་ཀྱི་གཞི་ནི་གང་
437a
༄#། །ཡིན། སྐྱེད་པ་ནི་གང་ཡིན། རིགས་ནི་གང་ཡིན། འབྱུང་བར་བྱེད་པ་ནི་གང་ཡིན་ཞེ་ན། ཚོར་བ་འདི་རྣམས་ཀྱི་གཞི་ནི་རེག་པའོ། །སྐྱེད་པ་ནི་རེག་པའོ། ། རིགས་ནི་རེག་པའོ། །འབྱུང་བར་བྱེད་པ་ནི་རེག་པ་སྟེ། རེག་པ་དེ་དང་དེ་སྐྱེས་ན་ཚོར་བ་དེ་དང་དེ་དག་སྐྱེ་བར་འགྱུར་ལ། རེག་པ་དེ་དང་དེ་འགགས་ན་ཚོར་བ་དེ་དང་དེ་དག་འགག་པར་འགྱུར། ཉེ་བར་ཞི་བར་འགྱུར། བསིལ་བར་འགྱུར། མེད་པར་འགྱུར་རོ་སྙམ་ནས་དེས་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགའ་ཞིག་མྱོང་ན་ཚོར་བ་དེ་དག་གི་སྐྱེ་བ་དང ། མེད་པར་འགྱུར་བ་དང ། ཉམས་པ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་ཚོར་བ་དེ་དག་གི་སྐྱེ་བ་དང ། མེད་པར་འགྱུར་བ་དང ། ཉམས་པ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཚོར་བ་སྐྱེས་སོ་ཅོག་ལ་མི་རྟག་པར་རྗེས་སུ་ལྟ་བ་དང ། འཇིག་པར་རྗེས་སུ་ལྟ་བ་དང ། འགོག་པར་རྗེས་སུ་ལྟ་བ་དང ། སྤོང་བར་རྗེས་སུ་ལྟ་བས་གནས་སོ། ། དེ་ལུས་དང་དུས་མཉམ་པའི་ཚོར་བ་མྱོང་བ་ན། ལུས་དང་དུས་མཉམ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། སྲོག་དང་དུས་མཉམ་པའི་
437b
ཚོར་བ་མྱོང་བ་ན། སྲོག་དང་དུས་མཉམ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སྲོག་གི་མཐར་ཐུག་ནས། ལུས་དང་བྲལ་བའི་འོག་ཏུ་དེའི་ཚོར་བ་ཐམས་ཅད་མ་ལུས་པར་འདི་ཉིད་དུ་འགག་པར་འགྱུར། མ་ལུས་པར་མེད་པ་དང ། ཡོངས་སུ་ཟད་པ་དང ། གཏུགས་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། ལུས་དང་བྲལ་བའི་ཚེ། བདེ་བའི་ཚོར་བ་མྱོང་བ་ཡང་སྡུག་བསྔལ་གྱི་མཐར་ནི་དེ་ཁོ་ནར་ཟད་དོ། །ལུས་དང་བྲལ་བའི་ཚེ། སྡུག་བསྔལ་དང ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་ན་ཡང་སྡུག་བསྔལ་གྱི་མཐར་ནི་དེ་ཁོ་ནར་ཟད་དོ་སྙམ་མོ། །དེ་བདེ་བའི་ཚོར་བ་མྱོང་ན་ཡང་མི་ལྡན་པ་མྱོང་གི་ལྡན་པ་ནི་མ་ཡིན་ནོ། །སྡུག་བསྔལ་དང ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་ན་ཡང་མི་ལྡན་པ་མྱོང་གི། ལྡན་པ་ནི་མ་ཡིན་ནོ། །མི་ལྡན་པ་ཅི་དང་མི་ལྡན་ཞེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང་མི་ལྡན་ནོ། །སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་དང ། སྡུག་བསྔལ་དང་མི་ལྡན་ནོ། །ཞེས་ང་སྨྲའོ།། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཟླ་བ་ཕྱེད་ལོན་པ་དང ། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་འགྲེང་སྟེ། བསིལ་ཡབ་ཐོགས་ནས། བཅོམ་ལྡན་འདས་ལ་གཡོབ་
438a
༄#། །པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་ཆོས་དེ་དང ། དེ་དག་གི་མྱོང་བ་འབའ་ཞིག་བརྗོད་པར་མཛད། འདོད་ཆགས་དང་བྲལ་བ་འབའ་ཞིག་དང ། འགོག་པ་འབའ་ཞིག་དང ། དོར་བ་འབའ་ཞིག་བརྗོད་པར་མཛད་ཀྱི། མ་ལ། བདག་ཀྱང་ཆོས་དེ་དང ། དེ་དག་སྤོང་བར་རྗེས་སུ་ལྟ་བས་གནས་བར་བྱ་གོར་མ་ཆག་།འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང ། འགོག་པར་རྗེས་སུ་ལྟ་བ་དང ། དོར་བར་རྗེས་སུ་ལྟ་བས་གནས་པ་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་དེ་དང ། དེ་དག་ལ་མི་རྟག་པར་རྗེས་སུ་ལྟ་བས་གནས་པ་དང ། འཇིག་པར་རྗེས་སུ་ལྟ་བ་དང ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང ། འགོག་པར་རྗེས་སུ་ལྟ་བ་དང ། དོར་བར་རྗེས་སུ་ལྟ་བས་གནས་ནས། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཀུན་ཏུ་རྒྱུ་སེན་རིང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་ཏུ་རྒྱུ་སེན་རིང་གིས་ཆོས་མཐོང ། ཆོས་ཐོས། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས་ཏེ། སོམ་ཉི་ལས་བརྒལ། ཐེ་ཚོམ་ལས་བརྒལ་ནས། གཞན་གྱི་དྲིང་མི་འཇོག་ཅིང ། གཞན་གྱིས་བཀྲི་བ་མེད་ལ་སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་
438b
ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་དུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཀུན་ཏུ་རྒྱུ་སེན་རིང་གིས་ལགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང ། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་བོ། །དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེ་གཅིག་པུ་དབེན་པ་དང ། བག་ཡོད་པ་དང ། བརྟུན་པ་དང ། སྤོང་བའི་བདག་ཉིད་དུ་གནས་སོ། །གཅིག་པུ་དབེན་པ་དང ། བག་ཡོད་པ་དང ། བརྟུན་པ་དང ། སྤོང་བའི་བདག་ཉིད་དུ་གནས་ནས། རིགས་ཀྱི་བུ་རྣམས་གང་གི་ཕྱིར་སྐྲ་དང ། ཁ་སྤུ་བྲེགས་ཏེ། ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པའི་ཚངས་པར་སྤྱོད་པ་ན་བླ་ན་མེད་པ་མཐར་ཐག་པ་དེའི་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་ཉམས་སུ་མྱོང་སྟེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་ཟིན་ཏོ།། བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཀུན་ཤེས་པར་གྱུར་ནས། ཚེ་དང་ལྡན་པ་དེ་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་ཏོ། །དེར་བཅོམ་ལྡན་
439a
༄#། །འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ངའི་ཉན་ཐོས་ཀྱི་དགེ་སློང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་གསུས་པོ་ཆེ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གསུས་པོ་ཆེས་ལས་གང་དག་བགྱིས་པ་དེས་གཞུང་གི་སྨྲ་བ་ཆེན་པོར་གྱུར་ལ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསུས་པོ་ཆེ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། གསུས་པོ་ཆེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །
439b
བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་ཝཱ་ར་ཎཱ་སི་ན་སྡེ་དཔོན་ཞིག་ལ་སོགས་པ་མི་རྒོད་ལྔ་བརྒྱ་ཀུན་པོ་ལ་ཆས་སོ། །རེ་ཞིག་ན་དེ་དག་སོང་བ་དང ། སེང་ལྡེང་གི་ནགས་ཤིག་ཏུ་ཕྱིན་ནས། དེད་དཔོན་གྱིས་སྨྲས་པ། པདྨ་ལྟ་བུའི་མིག་དང་ལྡན་པ་དག། ཁྱེད་ཀྱིས་འདི་ན་གཞན་གྱི་མི་འགའ་ལྟ་ཡོད་དམ་ལྟོས་དང ། དེས་བདག་ཅག་གིས་གནོད་སྦྱིན་ལ་མཆོད་པ་གསོལ་ཏེ། དོང་ངོ་ཞེས་བྱས་སོ། །དེ་ནས་མི་རྒོད་དེ་དག་འཁོར་འཁོར་ཏེ་སེང་ལྡེང་གི་ནགས་དེ་ན་རང་སངས་རྒྱས་ཤིག་འདུག་པ་དེ་མཐོང་ནས་བཟུང་སྟེ་སྡེ་དཔོན་གྱི་ཐད་དུ་ཁྲིད་དོ། །དེ་ནས་མི་རྒོད་ཀྱི་སྡེ་དཔོན་གྱིས་གསོད་ཅིག་ཅེས་བསྒོའོ། །དེ་ནས་རང་སངས་རྒྱས་དེས་དེ་དག་ལ་ཕན་གདགས་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་པ་བཞིན་དུ་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་མི་རྒོད་ཀྱི་སྡེ་དཔོན་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་བཙལ་ནས། ཉེས་པ་བཤགས་ཏེ་བཤོས་ཀྱང་གསོལ་ནས་སྨོན་ལམ་བཏབ་པ། བདག་ཅག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་
440a
༄#། །ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མི་རྒོད་ཀྱི་སྡེ་དཔོན་དུ་གྱུར་པ་དེ་ནི་གསུས་པོ་ཆེ་འདི་ཡིན་ནོ། །གཞན་ཡང ། བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས། དེས་དེར་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཏེ། དེས་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །དགེ་སློང་དག། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཡང་དག་སྡུག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། ཕྱུག་པོ་རྣམས་དང ། ཕོ་བྲང་འཁོར་གྱི་མི་རྣམས་དང ། ཚོང་དཔོན་རྣམས་དང ། དེད་དཔོན་རྣམས་
440b
དང ། ལྷ་རྣམས་དང ། ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང ། ཞལ་ཟས་དང ། གཟིམས་ཆ་དང ། གདན་དང ། སྙུན་གསོས་དང ། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པ་དེའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་དོ་ནུབ་ནམ་ཕྱེད་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲི་ཤོམས་ལ་སྔས་བྱང་ཕྱོགས་སུ་སྟོན་ཅིག་།དེ་ནས། བཙུན་པ། དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་ཤིང་སཱ་ལ་ཟུང་གི་བར་དུ་གཟིམས་ཁྲི་བཤམས་ཏེ། སྔས་བྱང་
441a
༄#། །ཕྱོགས་སུ་བསྟན་ནས། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འགྲེང་ངོ ། །ཕྱོགས་གཅིག་ཏུ་འགྲེང་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་གཟིམས་ཁྲི་བཤམས་ཏེ། སྔས་བྱང་ཕྱོགས་སུ་བསྟན་ལགས་སོ། །དེ་ནས་བཅོམ་ལྡན་འདས་གཟིམས་ཁྲི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། གློ་གཡས་ཕྱོགས་ཀྱིས་གཟིམས་ཏེ་ཞབས་བཤིབས་ནས་སྣང་བའི་འདུ་ཤེས་དང ། དྲན་པ་དང ། ཤེས་བཞིན་དང་ལྡན་ཞིང་མྱ་ངན་ལས་འདའ་བའི་འདུ་ཤེས་འབའ་ཤིག་ཐུགས་ལ་དགོངས་ནས། དེར་བཅོམ་ལྡན་འདས་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་མོད་ལས་ཆེན་པོ་ནི་ཤིན་ཏུ་གཡོས། སྐར་མདའ་ནི་ལྟུང ། མཐའ་ནས་ནི་ལྗིབ་ལམ་ལམ། བར་སྣང་ལས་ནི་ལྷའི་རྔ་སྒྲ་དག་བརྡུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པའི་མོད་ལ་ནགས་ཀྱི་ཤིང་ལྗོན་པའི་མཆོག་ཤིང་སཱ་ལ་ཟུང་འདུད་པར་གྱུར་ཏེ། དེ་བཞིན་གཤེགས་པ་སེང་གེའི་ཐབས་སུ་གཟིམས་པ་ལ་མེ་ཏོག་དག་གིས་གཏོར་
441b
ཏོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ། དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སཱ་ལའི་ཚལ་གྱི་ཡོན་པའི་མཆོག་།འདི་ཉིད་མཛེས་པར་ལྡན་པ་སྟེ། །སྟོན་པ་མྱ་ངན་འདས་པ་ལ། མེ་ཏོག་དག་གིས་ཡོངས་སུ་གཏོར། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག་།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་མྱར་བར་ཞི་བ་བདེ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ། མི་མཇེད་ཀྱི་བདག་པོ་ཚངས་པས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་འདི་ན་སེམས་ཅན་ཀུན། །ལུས་རྣམས་ངེས་པར་འདོར་བར་བྱེད། །འཇིག་རྟེན་འདི་ན་ཟླ་མེད་པའི། །སྟོན་པ་པོ་ནི་འདི་འདྲ་བ། །དེ་བཞིན་གཤེགས་པ་སྟོབས་བརྙེས་པ། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་པ་དེའི་ཚེ། ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་དེ་སྨྲས་པ། བརྟན་པའི་ཐུགས་ལྡན་སྐྱོབ་པའོ། །ཕྱི་ནང་རྒྱུ་བའི་དབུགས་ཆད་དེ། །མི་གཡོ་ཞི་ལ་བརྟེན་ནས་ཀྱང ། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོན་པ་གང་ཚེ་འདས་གྱུར་པ། །དེ་ཚེ་འཇིགས་པ་ཆེན་པོ་བྱུང ། །དེ་ཚེ་སྐྱི་ཡང་བུང་ཞེས་བྱེད། །ཞུམ་
442a
༄#། །པ་མེད་པའི་ཐུགས་ཀྱི་ནི། །ཚོར་བ་དང་དུ་ལེན་པར་མཛད། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་ཐུགས་ནི་རྣམ་པར་གྲོལ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཞག་བདུན་ལོན་པ་དེའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་སྤུར་ཞུགས་ལ་བཞེན་པ་སྐོར་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། འདྲེན་པ་རྫུ་འཕྲུལ་ཆེན་པོ་རིན་ཆེན་སྐུ། །ཚངས་པའི་འཇིག་རྟེན་གཤེགས་པ་གང་ཡིན་ཏེ། །ཉིད་ཀྱི་སྐུ་ལས་བྱུང་བའི་མེ་ལྕེས་བསྲེགས། །དེ་ནི་ན་བཟའ་ལྔ་བརྒྱ་ཕྲུགས་ཀྱིས་དཀྲིས། །ན་བཟའ་ཆོས་གོས་སྟོང་དུ་ཚང་བ་ཡིས། །སངས་རྒྱས་སྐུ་ནི་ཡོངས་སུ་དཀྲིས་པར་གྱུར། །དེར་ནི་བཟང་ཞིང་ནང་དད་ཕྱི་རོལ་གྱི། །རྣམ་པ་གཉིས་ནི་ཚིག་བར་ཡོངས་མ་གྱུར། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ལོན་པའི་ཚེ། གྲོང་ཁྱེར་པ་ཏྲ་ལིའི་བར་ཞེས་བྱ་བ་ན། རྒྱལ་པོ་མྱ་ངན་མེད་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོ་གང་བ་དང ། རྩོད་པ་དང ། འཐབ་པ་ཞི་བ་དང ། འཁྲུག་པ་དང ། ནང་འཁྲུག་དང ། ཆོམ་རྐུན་དང ། མུ་གེ་དང ། ནད་རྣམས་མེད་པ་དང ། འབྲས་སཱ་ལུ་དང ། བུ་རམ་ཤིང་དང ། བ་ལང་དང ། མ་ཧེ་དང་ལྡན་པར་འདུག་སྟེ། ཆོས་དང་ལྡན་པ་དང ། ཆོས་ཀྱི་རྒྱལ་པོ་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །དེ་ནས་ཕྱིས་
442b
རེ་ཞིག་ན་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ། དགུ་ལོན་པ་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ། མིག་བྱ་ཀུན་ལའི་མིག་འདྲ་བ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ། འདི་བཙས་མ་ཐག་ཏུ་མིག་བྱ་ཀུན་ལའི་མིག་འདྲ་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ཀུན་ལ་ཞེས་གདགས་སོ་ཞེས་ཟེར་རོ།། དེ་ནས་ཁྱེའུ་ཀུན་ལ་པང་ན་འཚོ་བའི་མ་མ་གཉིས་དང ། ནུ་མ་སྙུན་པའི་མ་མ་གཉིས་དང ། དྲི་མ་འཁྲུ་བའི་མ་མ་གཉིས་དང ། རྩེ་བའི་མ་མ་གཉིས་དང་མ་མ་བརྒྱད་ལ་བཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་ཉིད་ཁུ་དང ། གཞན་ཡང ། ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོའི་པང་ན་བླངས་ཏེ། ཡང་དང ། ཡང་དུ་བལྟས་ནས། དེའི་བྱད་གཟུགས་ཕུན་སུམ་ཚོགས་པས་ངོམས་པར་གྱུར་ཏེ། འཇིག་རྟེན་ན་ངའི་བུ་དང་བྱད་གཟུགས་མཚུངས་པ་མེད་དོ། །ཞེས་ཟེར་རོ། །དེ་ནས་དེའི་ཚེ་ཡུལ་ས་འཛིན་ན་གྲོང་མེ་ཏོག་ཁུར་ཆེན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་ཁྱིམ་བདག་
443a
༄#། །གཅིག་གི་བུ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་བཙས་ཏེ། དེ་བཙས་པ་ན་རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང ། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དང ། གང་དུ་འགྲོ་བ་དེ་དང ། དེར་རྫིང་དང ། སྐྱེད་མོས་ཚལ་དེ་དག་བྱུང་བར་འགྱུར་རོ། །དེ་ནས་ཁྱེའུ་དེའི་མིང་མཛེས་ལྡན་ཞེས་བཏགས་སོ། །དེ་ནས་རེ་ཞིག་ན་ཁྱེའུ་དེ་ཆེར་སྐྱེས་པ་དང ། མེ་ཏོག་ཁུར་ཆེན་གྱི་གྲོང་ནས་ཚོང་པ་ཁ་ཅིག་དོན་དག་ཅིག་ལ་ཡུལ་པ་ཏྲ་ལའི་བུར་དོང་སྟེ། དེ་དག་གིས་སྐྱེས་ཁྱེར་ནས་རྒྱལ་པོ་མྱ་ངན་མེད་པའི་ཐད་དུ་དོང་ངོ ། །དེ་ནས་དེ་དག་གིས་རྒྱལ་པོའི་རྐང་པ་ལ་ཕྱག་བཙལ་ཏེ། སྐྱེས་ཕུལ་ནས་མདུན་ན་འཁོད་དོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་དེ་དག་ལ་བུ་ཀུན་ལ་བསྟན་ཏེ། ཀྱེ། ཚོང་པ་དག་ཁྱེད་འབྱམ་པ་ན། བྱད་གཟུགས་ཀྱི་ཁྱད་པར་དང་ལྡན་པ་འདི་ལྟ་བུ་སྔན་ཆད་གང་དུ་ཡང་རུང་སྟེ། རེས་འགའ་མཐོང་ངམ་ཞེས་དྲིས་སོ། །དེ་ནས་ཚོང་པ་དེ་དག་གིས་ཐལ་མོ་སྦྱར་བ་བཏུད་དེ་རྐང་པ་ལ་ཕྱག་བཙལ་ཏེ། གྱོད་མི་རྨ་བར་གསོལ་ནས། རྒྱལ་པོ་ལ་གསོལ་པ། ལྷ། བདག་ཅག་གི་ཡུལ་ན་ཁྱེའུ་མཛེས་ལྡན་ཞེས་བགྱི་བ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཞིག་མཆིས་ཏེ། དེ་བཙས་པ་
443b
པ་ན་རིན་པོ་ཆེའི་རྫིང་བུ་ལྷའི་སྤོས་ཆུས་གང་བ་དང ། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་ཞིག་བྱུང་སྟེ། ཁྱེའུ་དེ་གང་དང་གང་དུ་འགྲོ་བ་དེ་དང ། དེར་རྫིང་དང ། སྐྱེད་མོས་ཚལ་དེ་འབྱུང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ། ལྟ་འདོད་པར་གྱུར་ནས་ཕོ་ཉ་བཏང་སྟེ། རྒྱལ་པོ་མྱ་ངན་མེད་ཁྱེའུ་མཛེས་ལྡན་བལྟ་བའི་ཕྱིར་འོང་བར་འདོང་ཀྱི་ཁྱེད་ཀྱི་བྱ་བའམ། བཤམས་པ་གང་ཡིན་པ་དེ་གྱིས་ཤིག་ཅེས་སྤྲིང་ངོ ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་སྐྲག་སྟེ། གལ་ཏེ་རྒྱལ་པོ་དམག་གི་དཔུང་ཆེན་པོ་དང་འདིར་འོངས་སུ་ཟིན་ན། གནོད་པ་ཆེན་པོ་ཞིག་ཏུ་མི་འགྱུར་རམ་སྙམ་མོ། །དེ་ནས་ཁྱེའུ་དེའི་བཞོན་པ་བཟང་པོ་བཤམས་ཏེ། སྐྱེས་སུ་མུ་ཏིག་གི་དོ་ཤལ་འབུམ་བརྫངས་ནས། རྒྱལ་པོ་མྱ་ངན་མེད་ཀྱི་ཐང་དུ་བཏང་སྟེ། དེ་མཐར་གྱིས་སོང་སོང་བ་དང ། གྲོང་ཁྱེར་པ་ཏ་ལེའི་པུར་ཕྱིན་ནས་མུ་ཏིག་གི་དོ་ཤལ་འབུམ་ཁྱེར་ཏེ། རྒྱལ་པོ་མྱ་ངན་མེད་ཀྱི་ཐད་དུ་ཕྱིན་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཁྱེའུ་མཛེས་ལྡན་གྱི་བྱད་གཟུགས་མཛེས་པ་དང ། ཁ་དོག་རྒྱས་པ་དང ། ལྷའི་རྫིང་བུ་དང ། སྐྱེད་མོས་ཚལ་མཐོང་ནས་མཐོང་མ་ཐག་ཏུ་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་གནས་བརྟན་ཉེ་བར་སྲུང་ལ་ཡ་མཚན་དུ་བསྟན་པའི་ཕྱིར་ཁྱེའུ་མཛེས་ལྡན་ཁྲིད་དེ་ཁྱིམ་བྱའི་
444a
༄#། །ཀུན་དགའི་ར་བར་སོང་ངོ ། །ཀུན་དགའ་ར་བ་དེ་ན་དགྲ་བཅོམ་པ་ཉེ་བར་སྲུང་ལ་སོགས་པ་ཁྲི་བརྒྱད་སྟོང་གནས་སོ། །སློབ་པ་དང ། སོ་སོའི་སྐྱེ་བོ་དགེ་བ་ནི་དེའི་ཉིས་འགྱུར་དུ་གནས་སོ། །དེ་ནས་དེས་གནས་བརྟན་གྱི་རྐང་པ་ལ་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། གནས་བསྟན་ཉེ་བར་སྲུང་གིས་ཀྱང་དེ་ལ་ཆོས་སྟོན་ཏོ། །ཁྱེའུ་དེ་ཡང་རྒྱུད་ཡོངས་སུ་སྨིན་པ་ཞིག་སྟེ། ཆོས་ཐོས་ནས་རབ་ཏུ་འབྱུང་བར་དད་པར་གྱུར་ཏེ། དེས་རྒྱལ་པོ་མྱ་ངན་མེད་ལ་གསོལ་ནས། གནས་བརྟན་ཉེ་བར་སྲུང་གི་ཐད་དུ་རབ་ཏུ་བྱུང་སྟེ།་དེས་སྦྱོར་བ་དང ། བསྒྲུབ་པ་དང ། འབད་པས་ཕོལ་མིག་ལྔའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང ། ལྟུང་བ་དང ། རྣམ་པར་འཐོར་བ་དང ། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང ། བོང་བར་མཉམ་པ། ནམ་མཁའ་དང ། ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང །
444b
ཆགས་པ་དང ། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང ། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང ། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཐེ་ཚོམས་སྐྱེས་ཏེ།་གནས་བརྟན་ཉེ་བར་སྲུང་ལ་དྲིས་པ། བཙུན་པ་མཛེས་ལྡན་གྱིས་ལས་གང་དག་བགྱིས་ན་དེས་བྱད་གཟུགས་འདི་ལྟ་བུ་དང་ལྡན་པར་གྱུར་ལགས། ལས་གང་དག་བགྱིས་ན་དེས་རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང ། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྲོ་ཤེས་པ་འབྱུང་བར་འགྱུར་ལགས། གནས་བརྟན་ཉེ་བར་སྲུང་གིས་སྨྲས་པ།་རྒྱལ་པོ་ཆེན་པོ་མཛེས་ལྡན་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མཛེས་ལྡན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ།་རྒྱལ་པོ་ཆེན་པོ་ལས་བྱས་ཤིང་བསགས་པ་རྣམས་ནི།་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང ། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་
445a
༄#། །ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །རྒྱལ་པོ་ཆེན་པོ། སྔོན་གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་ཡུལ་མ་ག་དྷ་ར་ལྗོངས་རྒྱུ་ཞིང་དོང་སྟེ། །ཆོས་ཡང་དག་པར་བསྡུ་བར་འདོད་པ་ལས། རེ་ཞིག་ན་ཚོང་པ་དབུལ་པོ་ཞིག་གིས། དགེ་སློང་གི་དགེ་འདུན་ཕལ་པོ་ཆེ་སྟོན་པ་དང་བྲལ་བའི་མྱ་ངན་གྱིས་ནོན་པར་གྱུར་ལ་འགྲོ་འགྲོ་བས་དུབ་ཅིང་ལུས་རྡུལ་གྱིས་ཡོགས་པར་མཐོང་ངོ་།། དེ་ནས་དེ་སྙིང་རྗེ་སྐྱེས་ནས་དེས་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ལྔ་བརྒྱ་ཆོ་ག་དང་ལྡན་པའི་ཁྲུས་ལ་སྤྱན་དྲངས་སོ། །དེ་ནས་དེས་ཆུ་དྲོན་སྤོས་སྣ་ཚོགས་ཀྱིས་བསྒོས་པ་ཕུལ་ཏེ། དགེ་སློང་རྣམས་ཀྱི་ལུས་བཀྲུས་ཏེ། ཆོས་གོས་རྣམས་ཀྱང་བཀྲུས་སོ། །ཁ་ཟས་བཟང་པོས་ཀྱང་ཚིམ་པར་བྱས་ནས་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གཞི་རྣམས་ཀྱང་བླངས་ཏེ་སྨོན་ལམ་བཏབ་པ། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ།། རྒྱལ་པོ་ཆེན་པོ། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མཛེས་ལྡན་འདི་ཡིན་ཏེ། དེས་དགེ་སློང་དག་ལ་ཆོ་ག་དང་ལྡན་པའི་
445b
ཁྲུས་བྱས་པ་དེས་ན་འདི། འདི་ལྟ་བུར་བྱད་གཟུགས་ཁྱད་པར་ཅན་དུ་གྱུར་ལ། རིན་པོ་ཆེའི་རྫིང་ལྷའི་སྤོས་ཆུས་གང་བ་དང ། སྐྱེད་མོས་ཚལ་ཆེན་པོ་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་འགྲོ་ཤེས་པ་བྱུང་བར་གྱུར་ཏོ། །དེས་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གཞི་རྣམས་བླངས་པ་དེས་ནི་ཚེ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །རྒྱལ་པོ་ཆེན་པོ། དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེས་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེས་མར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང ། ལས་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་རྒྱལ་པོ་མྱ་ངན་མེད་གནས་བརྟན་ཉེ་བར་སྲུང་གིས་བཤད་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་སོང་ངོ ། །རྟོགས་པ་བརྗོད་པ་བརྒྱ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ།་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་བ་ཙནྡྲ་ས་བསྒྱུར་ཏེ་གཏན་ལ་ཕབ་
446a
༄#། །པ།།་