rKTs


H570

(e-text produced by ACIP)

see text in transliteration
327b
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཱི་རེ་བཱི་རེ། མ་ཧཱ་ཏེ་ཛེ་ཏེ་ཛ་མ་ཏི་དྷཱ་ར་ཎཱི། ཤྲུ་ཏ་དྷཱ་ར་ཎི།་ཛ་ཡནྟི་བི་ཛ་ཡནྟི་མ་ཏི་དྷཱ་ར་ཎཱི་སཝཱཧཱ། སྨན་བྲ་མ་ཧི་ཞོ་གཉིས་ཞིབ་ཏུ་བཏགས་ཏེ་འོ་མའི་ནང་དུ་བསྐོལ་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཞག་བདུན་གྱི་བར་དུ་
328a
༄#། །འཐུངས་ན། གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱིས་གསུངས་པའམ། བསྟན་བཅོས་ཀྱང་རུང་སྟེ། ཐོས་པ་ཉིན་ཞག་གཅིག་ལ་ཤླཽ་ཀ་སྟོང་ལོབས་པར་འགྱུར་རོ། །ཤླཽ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ།། །།