rKTs


H582

(e-text produced by ACIP)

see text in transliteration
411b
རྒྱ་གར་སྐད་དུ། ཨཱརྱ་ཙུ་ཌཱ་མ་ཎི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་
412a
༄#། །ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་ཡས་པ་མ་ལུས་པར་ཁྱབ་པ་མཆོག་ཏུ་རྨད་དུ་བྱུང་ཞིང་རྣམ་པར་དག་པའི་ཐུགས་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། མི་འཇིགས་པ་སྦྱིན་པ། ཕོངས་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པ།་འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་པར་མཛད་པ། ཡམས་ཀྱི་ནད་དང ། གནོད་པ་ཐམས་ཅད་འཇིགས་པར་མཛད་པ། མི་མཐུན་པ་དང ། རྩོད་པ་དང ། འཐབ་པ་དང ། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྡིག་པ་ཐམས་ཅད་འཇོམས་པར་མཛད་པ། འབྱུང་པོ་དང ། རོ་ལངས་དང ། གཤིས་ངན་དུ་འཆི་བ་དང ། རྨི་ལམ་ངན་པ་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་འཇིགས་པར་མཛད་པ། ཕ་རོལ་གྱི་དམག་ཚོགས་དང ། མུ་གེ་དང ། མྱ་ངན་གྱི་འཇིགས་པ་ཐམས་ཅད་ཟློག་པར་མཛད་པ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་
412b
ཐམས་ཅད་འདུན་པར་མཛད་པ། དུག་དང ། འབྲུམ་ཕྲན་དང ། ཐོར་བུ་དང ། གཤེད་བྱེད་དང ། བྱད་དང ། རོ་ལངས་དང ། བཀྲ་མི་ཤིས་པ་ཐམས་ཅད་འཇིགས་པར་མཛད་པ་ལ་ཕྱག་འཚལ་ལོ། །གཤེད་བྱེད་ཐམས་ཅད་སེལ་མཛད་པ། །སྡིག་པ་ཐམས་ཅད་འཕྲོག་པ་ཉིད། །ནོར་དང་འབྲུ་རྣམས་འཕེལ་མཛད་པ། །བདག་གི་བུ་དང་ཚ་པོ་དང ། །གཡོག་འཁོར་རྟག་ཏུ་མང་གྱུར་པ། །ཕྱིར་ཟློག་པ་ནི་བརྗོད་པར་བྱ། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །བརྒྱ་བྱིན་ལྷ་མིན་རྣམས་ལས་ཕམ། །དེ་ནས་རིངས་པ་ཁོ་ནར་ནི། །འཇིག་རྟེན་དབང་གི་དྲུང་སོང་སྟེ། །དེ་ནས་སྙིང་ནི་རབ་སྐྲག་པས། །འདི་སྐད་ཀྱིས་ནི་ཚིག་གསོལ་ཏོ། །ལྷ་མིན་བདག་ཕམ་འཇིག་རྟེན་དབང ། །ཇི་ལྟར་བདག་གིས་ནན་ཏན་བགྱི། ། འཇིག་རྟེན་དབང་པོ་བདག་ལ་ནི། །ལྷ་ཡི་གཟིགས་པས་རྟག་ཏུ་གཟིགས། །བརྒྱ་བྱིན་གྱི་ནི་ཚིག་གསན་ནས། །དབང་ཕྱུག་གིས་ནི་འདི་སྐད་གསུངས། །ལྷ་ཡི་དབང་པོ་ང་ལ་ཉོན། །ཁྱོད་ལ་ངས་ནི་སྲུང་བ་སྦྱིན། །ལྷའི་དབང་པོ། སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འཇིག་རྟེན་གྱིས་རྣམ་པར་བལྟས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དབང་ཕྱུག་འོད་ལས་ངས་གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་དེ་བཞིན་གཤེགས་
413a
༄#། །པ་བྱེ་བས་གསུངས་པ་བཟུང་པོ། །མཁས་པ་གང་གིས་རིག་སྔགས་འདི། །བྲིས་ནས་སྤྱི་བོར་འདོགས་པ་འམ། །འདོན་ཏམ་འོན་ཏེ་ཀློག་ན་ཡང ། ། དེ་ཡི་འཇིགས་པ་ཀུན་མད་དེ། །རྟག་ཏུ་བསྲུང་ཞིང་སྦ་པ་དང ། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །སྡིག་དང་རྨི་ལམ་ཞི་བ་དང ། །བསོད་ནམས་བཀྲ་ཤིས་རབ་ཏུ་འཕེལ། །ལྷ་ཡི་དབང་པོ་དེ་བས་ན། །གང་ཞིག་རྒྱལ་བར་འགྱུར་འདོད་པས། །བྲིས་ཏེ་སྤྱི་བོར་གདགས་པར་བྱ། །ཡིད་ལ་རྟག་ཏུ་དྲན་པར་གྱིས། །གཡུལ་འགྱེད་འབའ་ཞིག་མ་ཡིན་ཏེ། །འདི་ནི་རྟག་ཏུ་སྡིག་པ་འཕྲོག་།བུད་མེད་རྣམས་ལ་བུ་ཕོ་སྐྱེད། །མངལ་ན་གནས་པ་ཡོངས་སུ་སྐྱོང ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག་།འདི་མིང་ཕྱིར་ཟློག་བྱེད་ཅེས་བྱ། །ཡན་ལག་རྣམས་ལ་ཕྱིར་འབབ་བྱེད། །ལྷའི་དབང་པོ། །ཕྱིར་ཟློག་པ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། ལྷ་མ་ཡིན་ཐམས་ཅད་ཕམ་པར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཟུངས་ཤིག། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་
413b
ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛ་ཡ་ཀ་རི། ཡདྡྷོ་ཏྟཱ་ར་ཎི་བི་ཙ་ཏྲ་མུ་ཁི། སརྦ་མངྒ་ལ་དྷཱ་ར་ཎི། ཛི་མུ་ཏེ་ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནེ་ཏྲེ། ས་ཧ་སྲ་ཤི་རེ། ནྲ་ནཱ་ལཾ་ཀ་ར་བྷི་བྷུ་ཥི་ཏེ། མ་ཎི་ཀུཎྜ་ལ་སཾ་ནཱ་ཧ་སན་ནཱ་དྷེ། བི་ཙི་ཏྲ་མཽ་བི་དྷ་རེ། ཙནྡྲ་སཱུརྱ། ཨ་ཏི་རི་ཀེ་།ཱ་ཀཱ་ཤུ་ག་ག་ན་ཙཱ་རི་ཎི། མཾ་ག་ལ་ཤི་རེ་ཛཱི་མཽ་དེ། བ་བ་ཏྲ་ཏྲི་ཏ་མཾ་ག་ལ། བྷུ་རི་མི་དྷྲ་ཀི་ར་ཎེ། ཙུ་རུ་ཙུ་རུ། ཤཝེ་ཏེ་པ་སྟེ། མུ་རུ་མུ་རུ། ཤཝེ་ཏེ། ཨ་བ་ན་ཏེ། ཧུ་རུ་ཧུ་རུ། པ་བིད་ཏྲ་མུ་ཁི།་ཀུ་རུ་ཀུ་རུ། ཙནྡྲ་མུ་ཁི། ཨ་དི་ཏྱ་བ་ཤ་བརྟི་ནི། ཛམྦྷ་ནི། མཾ་ག་ལ་དྷཱ་ར་ཎི། སྟམྦྷ་ནི། སརྦ་བིདྱ་དྷ་ར་མཱ་ཏེ། མོ་ཧ་ནི། ཨ་མོ་གྷ་པཱ་ཤ་ཧ་སྟེ། སརྦ་བྷ་ཡ་བི་མོ་ཙ་ནི། རཱ་ཛ་ཙོ་ར་ཨགྣི་བི་ཥ་ཨུ་ད་ཀ་བྷ་ཡ་པྲ་ཤ་མ་ནི། ཀ་ཁོརད་ནི་པཱ་ར་ཎི། ཨོཾ་ཧི་རི་ཧི་རི། ཛ་ཡ་ཀ་རི། པ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་སྐ་རི། བི་པཱ་\?\་དཔྲ་ཤ་མ་ནི། ཡུདྡྷ་ནི་བཱ་ར་ནི། པ་\?\་ཙཀྲ་པྲ་ཤ་མ་ནི། པ་ར་སཻ་ནྱ་བི་ནཱ་ཤ་ནི། ཡུདྡྷོ་ཏྟཱ་ར་ཎི། པྲ་བྷ་ད་བེ་ལ། མ་ཎི་མ་ཎི། མ་ཧཱ་མ་ཎི། མ་ཧཱ་མ་ཎི། མ་ཎི་ན་དྷ་རི། ཏྲི་ལོ་ཀ་ཧྲ་\?\་པོ་ཀ་ཀ་རི། ཏྲི་པུ་ར་ནཱ་ག་ར་བཏིན་\?\་ས་ནི་པར་སཻ་ནྱ་བི་དྲ་བ་ནི། སརྦ་ཀྲཏྱ་ཀརྨ་ནི་སཱུ་ད་ནི། སརྦ་བྱཱ་དྷི་ནཾ་པྲ་ཤ་མ་ནི། ཨོཾ་ཙི་ལེ་མི་ལེ་སཝཱཧཱ། ཙི་ལེ་མི་ལེ་སཝཱཧཱ། མི་ལི་མི་ལི་སཝཱཧཱ། ཙི་ལི་ཙི་ལི་སཝཱཧཱ། ཙི་ཁི་ལི། ཙི་
414a
༄#། །ཁི་ལི་སཝཱཧཱ། ཙཎྜ་ལཾ་མི་ཊི་ནི་སཝཱཧཱ། ཨུརྡྷ་ཀེ་ཤི་པཾ་གི་ལ། པིཾ་ག་ལ་ཀྵེ་དནྟེ་མུ་ཁི་སཝཱཧཱ། ཨོཾ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ། མུཉྩ་པ་ཡ། མུཉྩ་པ་ཡ། པྲ་ཤ་མ་ཡ། པྲ་ཤ་མ་ཡ། ཡུདྡྷོཏྟཱ་ཏཱ་ར་ཎི་ཕཊ། ཙིཏྟ་ནི་རེ་མ་ལ་ཀ་རི་ཕཊ། ཨ་སུ་ར་ནི་ར་གྷ་ཏ་ནི་ཕཊ། ཛ་ཡ་ཀ་རི་ཕཊ། པྲི་ཏི་ཀ་རི་ཕཊ། ས་ཧ་སྲ་ཤི་རི་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། ས་ཧ་སྲ་ནེ་ཏྲེ་ཕཊ། སརྦ་བིདྱཱ་དྷ་ར་དྷ་ར་ན་མ་སྐྲི་ཏེ་ཕཊ། སརྦ་ཤ་ཏྲུཾ་ན་ཤ་ནི་ཕཊ། སརྦ་བྷ་ཡ་བི་མོཀྵ་ནི་ཕཊ། པ་ར་ཙ་ཀྲ་ནི་བ་ར་ནི་ཕཊ།་པ་ར་སཻ་ནྱ་བི་དྲ་བ་ནི་ཕཊ། སརྦ་ཀྲྀ་ཏྱ་ཀརྨ་སཱུ་ད་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་གྲ་ཧོད་སཱ་ད་ནི་ཕཊ། རཀྵ་རཀྵ་མཾ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་བི་ཏྲ་ནཱཾ།་སོ་བ་སྟ་ཡ་ཀ་ནཱཾ། ས་པ་རི་ཝཱ་ར་ནཱཾ། ཏེ་ཛ་ས་མ་མ་ཤ་རི་རཾ། སརྦ་བྷ་ཡོ་པ་དྲ་བེ་བྷྱཿ ། སརྦ་ཡུ་དྷེ་བྷྱཿ ། སརྦ་གྲ་ཧེ་བྷྱཿ ། སརྦ་བྱཱ་དྷི་བྷྱཿ ། སརྦ་ཏུསྐྲི་ཏེ་བྷྱཿ ། སརྦ་ཀྲྀ་ཏྱ་ཀ་ཁོ་རྡེ་བྷྱཿ ། སརྦ་བ་ཥེ་བྷྱཿ ། སརྦ་ཀཱ་ཡ་ཝཱཀྩིཏྟ་བི་ར་དྷེ་བྷྱཤྩ། རཀྵ་རཀྵ་རཀྵ་མཾ་སཝཱཧཱ། གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཐམས་ཅད་དུ་ཞི་བར་བྱེད་པ། བསོད་ནམས་ཐམས་ཅད་གསོག་པར་བྱེད་པ། སངས་རྒྱས་དང ། བྱང་ཆུབ་སེམས་
414b
དཔའ་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པ། རྣམ་པ་ཐམས་ཅད་དུ་དཔལ་དུ་བྱེད་པ་སྟེ། ཡི་གར་བྲིས་པ་དང ། སྟོན་པ་དང ། བཀླག་པ་དང ། བཟུང་བས་བདག་དང ། གཞན་བསྲུང་བའོ། །དེ་བཞིན་དུ་ཁྲུས་བྱས་པ་དང ། སྦྱིན་སྲེག་གིས་ཡམས་ཀྱི་ནད་དང ། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།