rKTs


H596

(e-text produced by ACIP)

see text in transliteration
438b
རྒྱ་གར་སྐད་དུ། ཨཱརྱ་
439a
༄#། །མ་ཧཱ་མ་ཧཱིནྡྲ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གནས་ལྷ་དང་ལྡན་པ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ལགས་\?\་གང་གིས་བདག་སྐྱེ་བ་དྲན་པར་འགྱུར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བའི་ཐབས་དེ་བཅོམ་ལྡན་འདས་
439b
ཀྱིས་བདག་ལ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱིས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་བུ་ཁྱོད་གལ་ཏེ་དེ་ལྟར་སྨོན་ན། དེའི་ཕྱིར་ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་ཟུངས་ཤིག། ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་གང་ཞེ་ན། ཏདྱ་ཐཱ། ཨ་མོ་ད་ནི། པྲ་མོ་ད་ནི། བི་མོ་ད་ནི། སཾ་མོ་ད་ནི། པྲི་ཡཾ་ཀ་ར་ཎི། ཤྲཱ་ཀ་ར་ཎི། ཤྲཱ་ཀ་ར་ཎི། བོ་དྷི་ཀ་ར་ཎི། ཨ་ནུཏྟ་ར་སྱཾ་སམྱཀྶཾ་བུདྡྷ་ཀ་ར་ཎི། ཨ་ནུཏྟ་ར་ཨཱརྱ་ཀ་ར་ཎི། ཨ་ནུཏྟ་ར་པྲ་ཛྙཱ་ཀ་ར་ཎི། ཨ་ནུཏྟ་ར་བ་ཤཱི་ཀ་ར་ཎི། ཨ་ནུཏྟ་ར་སརྦྦ་ཀླེ་ཤོ་པ་ཀླེ་ཤ་བི་དྷ་ར་ཎི། ཨ་བ་དྱཱ་ན་དྷ་ཀ་ར་བི་དྷ་མ་ཎི། ཨ་ནུཏྟ་ར་བིདྱཱི་ཨ་ལོ་ཀོད་པཱ་ད་ནི། ཨ་ནུཏྟ་ར་ཤཻ་ཀྵ་ཤཱི་ལ་བིདྱཱ་ཙ་ར་ཎ། བི་མུཀྟ་གུ་ཎ་ག་ཎ། སཾ་བྷ་དྷ་ཎཱི།་ཨ་ནུཏྟཱ་ར་སརྦྦ་ཀུ་ཤ་ལ་མུ་ལོད་དྷ་ནི། ཨ་ནུཏྟ་ར་བྷོ་ན་མཱུ་ལ་ནི། ཨ་ནུཏྟ་ར་རཱ་ག་དོ་ཥ་མོ་ཧ་ན་མཱུ་ལ་ནི། ཨ་ནུཏྟ་ར་ཤཻ་ཀྵ་མ་ཎ་ཨ་བིདྱཱ་ཨནྟ་ཀ་རཱ་བི་དྷ་མ་ནི། ཨ་ནུཏྟ་རཱ་སཱི་ཨ་པྲ་ཏ་ཧ་ཏ་བ་ལ་ཙཀྲ། ཨ་ནུཏྟ་རཱ་སརྦྦ་ལ་ར་བི་དྲཱ་མ་ཎི། ཏྭཾ་ཧི་བྷ་དྲེ། ཨ་ནུཏྟ་རཱ་བ་ལ་བྷ་དྲ། སུ་བྷ་དྲ། ཤྲཱི་བྷཱ་དྲ། ཨ་ནུཏྟ་ར་བྷ་དྲ། ས་མནྟ་བྷ་དྲ། ཨ་ས་མ་སཾ་བྷ་དྲ།
440a
༄#། ། ནུཏྟ་ར་མ་ཧཱ་པུ་རུ་ཥ་བྷ་དྲ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་སེ་བི་ཏཱ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་ཨ་ནུ་བརྟ་ནཱི། ཨ་ནུཏྟ་རཱ་མ་ཧཱ་པུ་རུ་ཥ་དྷརྨ་དེ་ཤི་ཀཱ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་དྷརྨ་ཀོ་ཥ་སཾ་བཱ་དྷི་ཀཱ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་ནིརྦཱ་ཎཱ། ཨ་ནུཏྤྲ་ཏཪྵ་ཀཱ། ཏྭ་ཧི་བྷ་དྲེ། གཾ་གཱ་སི་ཏ་པཀྵུ། སམྱཀྶཾ་བུདྡྷེ། ཨ་སེ་བི་ཏཱ། བྷཱ་བི་ཏཱ། བྷཱ་ཏཱ་བ་ཧུ་ལླི་ཀྲོ་དྷ། སྟུ་ཏ་སྟཽ་བི་ཏ་བརྞི་ཏཱ། པྲ་ཤསྟ། བུ། འདི་ནི། ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན། བུ་ཁྱོད་ཀྱིས་ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བ་ན་ཡང་ཡིད་ལ་གྱིས་ཤིག་།བུ། གང་ལ་ལ་ཞིག་ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདིའི་མིང་དང ། རིགས་དང ། རིགས་ཀྱི་བྱེ་བྲག་ཡིད་ལ་བྱེད་དམ།་སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོའམ། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། དྲི་ཟའམ། དྲི་ཟ་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། མིའམ་ཅིའམ་མི་འམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་མོའམ། ཡི་དྭགས་སམ། ཡི་དྭགས་མོའམ། ཤ་ཟའམ། ཤ་ཟ་མོའམ། གྲུལ་བུམ་མའམ། གྲུལ་བུམ་མོའམ། ལུས་སྲུལ་པོའམ། ལུས་སྲུལ་མོས་ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འཆང་ངམ། ཀློག་གམ། ལུང་འབོག་གམ། སྟོན་ཏམ། འཆང་ན། དེ་ཚེ་རབས་བདུན་གྱི་བར་དུ་
440b
ཚེ་རབས་དྲན་བར་འགྱུར་རོ། །དེ་ཇི་སྲིད་འཁོར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། །ལྷར་གྱུར་ཀྱང་རུང ། མིར་གྱུར་ཀྱང་རུང་སྟེ།་དེ་མཚོན་ཆའམ། དུག་གམ། ཆུའམ། མེས་པར་མ་དོར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འཆི་མེད་འོད་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཉམ་པ་མེད་བ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མི་མཉམ་པ་དང་མཉམ་པ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་
441a
༄#། །ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དྲང་སྲོང་ཆེན་པོ་འོད་སྲུང་གི་རིགས་དང་བཅས་པ་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །ཞི་བའི་དབྱིངས་སུ་ཞུགས་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།