rKTs


H808

(e-text produced by ACIP)

see text in transliteration
394b
རྒྱ་གར་སྐད་དུཿ ་ལོ་ཀ་སྟོ་ཏྲ་པཱུ་ཛ་ཏནྟྲ་ནཱ་མ་ནོ་བི་ཀ་སནྟ་ཀཿ ་བོད་སྐད་དུཿ ་འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བཿ ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོཿ ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཿ ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་
395a
༄#། །ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོ་རྡོ་རྗེ་འཛིན་པཿ ་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་མ་ལུས་པ་ཡང་དག་པར་སྒྲུབ་པར་མཛད་པཿ ་མཐུ་དངཿ ་སྟོབས་དངཿ ་མི་འཇིགས་པ་དངཿ ་དབང་ཕྱུག་དངཿ ་གཟུགས་ཀྱིས་འཇིགས་པར་བྱེད་པཿ ་གཏུམ་པོ་དངཿ ་དྲག་ཤུལ་ཅན་དངཿ ་དྲེགས་པ་ཅན་དངཿ ་སྟོབས་ཅན་དངཿ ་བཟོད་པར་དཀའ་བ་དག་མྱུར་དུ་འདུལ་བར་བྱེད་པཿ ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ལས་ཕྱུང་བཿ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་ས་ཆེན་པོ་མཐར་ཕྱིན་པ་ལ་རབ་ཏུ་བཞུགས་པཿ ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་དབང་ཕྱུག་ལྷའི་རིགས་རྣམས་ཀྱི་བདག་པོ་ཆེན་པོཿ ་ལྕང་ལོ་ཅན་གྱི་གནས་དངཿ ་རི་རབ་ཀྱི་གནས་ཀྱི་གནོད་སྦྱིན་རྣམས་ཀྱི་དེད་དཔོན་ཆེན་པོ་དེཿ ་འོག་མིན་གྱི་གནས་ལྷའི་རྒྱལ་པོའི་ཁང་བཟང་ན་བཞུགས་ཏེཿ ་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འོད་ཟེར་སྣ་ཚོགས་བཀྱེ་ནས་ཚིག་འདི་སྐད་དུ་བསྐུལ་ཏེཿ ་ཀྱེ་ཀྱེ་གསང་བདག་རྡོ་རྗེ་འྫིནཿ ་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱིསཿ ་བསྟན་པ་དམ་པ་སྲུང་བ་ཡིཿ ་མཐུ་སྟོབས་
395b
བདག་པོར་དབང་བསྐུར་ཏེཿ ་དམ་ཚིག་ཆེན་པོ་དེ་གཟིགས་ལཿ ་སྐུ་གསུང་ཐུགས་ཀྱི་གསང་བ་ལསཿ ་འཇིགས་བྱེད་འཇིགས་པར་བྱེད་པ་ཡིཿ ་སྐུ་མཆོག་དྲག་པོའི་གསུང་དང་བྕསཿ ་གཏུམ་པོའི་ཐུགས་ཀྱིས་ཤུགས་ཕྱུང་ལཿ ་གདུལ་དཀའ་མ་ལུས་འདུལ་བའི་ཕྱིརཿ ་སྤྲུལ་པ་ལྔ་འཕྲུལ་འཕྲིན་ལས་ཀྱིསཿ ་སྔོན་གྱི་ཐུགས་དམ་རོལ་པར་མྫོདཿ ་ཅེས་བསྐུལ་མ་ཐག་ཏུ་བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་དུས་ལ་བབ་པར་མཁྱེན་ནས་ཉིད་ཀྱི་སྐུ་གསུང་ཐུགས་ཞི་བ་ཆོས་ཉིད་དེ་བཞིན་ལས་མ་གཡོས་ཀྱང་གདུལ་བར་བྱ་བའི་ཡུལ་དྲག་ཤུལ་ཅན་རྣམས་ལ་གཟིགས་ནས་ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སྐུའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཁྲོ་བོ་ཆེན་པོའི་གཟུགས་འདི་ལྟ་སྟེཿ ་སྐུ་མདོག་མཐིང་ནག་ཞལ་དགུ་པ་ལཿ ་གཡས་ཀྱི་ཞལ་ནི་ཁམ་ནག་གཙིགས་པཿ ་གཡོན་གྱི་ཞལ་ནི་སྨུག་ནག་བསྡུས་པཿ ་དབུས་ཀྱི་ཞལ་ནི་མཐིང་ནག་ཁྲོ་ཞིང་རྔམ་པཿ ་ཕྱག་གཡས་ཀྱི་རྡོ་རྗེ་འབར་བས་གཡོན་གྱི་ཐོད་ཁྲག་དཀྲུག་ཅིང་གསོལ་བཿ ་གཡས་འོག་མ་བརྒྱད་ན་ལྷ་ཆེན་པོ་བསྒྲལ་བའི་མགོ་བཅད་དེ་བསྣམས་པཿ ་གཡོན་འོག་མ་བརྒྱད་ན་ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བསྣམས་པཿ ་དེ་དག་ཀྱང་གཡང་གཞི་དང་བཅས་པཿ ་གཡས་ཀྱི་
396a
༄#། །སྤྱན་དགུ་གྱེན་ལ་བཟློག་པཿ ་གཡོན་གྱི་སྤྱན་དགུ་འཕྲེད་ལ་གཟིགས་པཿ ་དབུས་ཀྱི་སྤྱན་དགུ་ཐུར་ལ་སྡང་མིག་མཛད་པཿ ་ཁྲོ་གཉེར་དྲག་པོ་དཔྲལ་བར་བསྡུས་པཿ ་ཤངས་ནས་སྲིད་པའི་རླུང་དྲག་པོ་འཚུབ་པཿ ་ཞལ་ནས་བསྐལ་བའི་མེ་འབར་བཿ ་མཆེ་བ་དམར་པོ་བར་སྣང་ཁམས་སུ་གཙིགས་པཿ ་སྨ་ར་ཨག་ཚོམ་སྤྲིན་བཞིན་དུ་གཏིབས་པཿ ་དབུ་སྐྲ་རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་ཞིང་འཁྱིལ་བཿ ་སྙན་ནས་གདུག་པའི་སྒྲ་ཆེན་པོ་འབྱིན་པཿ ་སྦྲུལ་གྱི་ཆུན་པོས་ཡན་ལག་དཀྲིས་པཿ ་བདུད་དང་རུ་ཏྲ་བསྒྲལ་བ་དང་གླང་པོ་ཆེའི་པགས་པ་ན་བཟར་གསོལ་བཿ ་སྟག་གི་པགས་པས་སྐུ་སྨད་དཀྲིས་པཿ ་ཁྲག་དང་ཞག་གི་ཐིག་ལེ་དང་རི་མོས་བརྒྱན་པཿ ་ཐལ་ཆེན་གྱིས་ལུས་ལ་བྱུགས་པཿ ་ཐོད་པ་སྐམ་པོ་དང་རློན་པ་དང་ཤ་ཁྲག་ར་རི་ཅན་གྱིས་ཕྲེང་བར་བྱས་ནས་བརྒྱན་པཿ ་ཞབས་བརྒྱད་ཀྱིས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་བརྒྱ་བྱིན་ཆུང་མ་དང་བཅས་པ་དག་མནན་པཿ ་ཡུམ་ཆེན་པོ་རབ་ཏུ་གཏུམ་མོ་འཇིགས་བྱེད་མ་རང་གི་སྐུ་དང་མཚུངས་པ་ཞིག་དང་མཉམ་པར་སྦྱོར་བཿ ་གྲངས་མེད་ཅིང་བརྗོད་ཀྱིས་མི་ལང་བ་བྱེ་བ་ཏིལ་གྱི་གང་བུ་བཞིན་དུ་གྱུར་པ་ཐམས་ཅད་ཀྱང་ཨོཾ་བཛྲ་ཙནྡྷ་སརྦ་དུཥྚན་ཏ་
396b
ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ་ཅེས་བྱ་བའི་གསུང་སྒྲ་དྲག་པོ་འབྱིན་པཿ ་དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྣང་བར་མཛད་པཿ ་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་ལྷའི་ཚོགས་དངཿ ་བདུད་དངཿ ་གཤིན་རྗེ་དངཿ ་སྲིན་པོ་དངཿ ་གནོད་སྦྱིན་དངཿ ་གཟའ་བདུད་དངཿ ་ཀླུ་དངཿ ་རྒྱལ་པོ་དངཿ ་གིང་དངཿ ་མ་མོ་ཆེན་མོ་རྣམས་དངཿ ་མཁའ་འགྲོའི་ཚོགས་དངཿ ་རུ་ཏྲ་དངཿ ་མུ་སྟེགས་དངཿ ་སྲོག་གི་བདག་པོ་དངཿ ་ནོར་གྱི་བདག་པོ་དངཿ ་ཚེའི་བདག་པོ་དངཿ ་སྔགས་ཀྱི་བདག་པོ་དངཿ ་སྲིད་པའི་བདག་པོ་དངཿ ་གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དངཿ ་དུར་ཁྲོད་ཆེན་པོ་དངཿ ་ཡུལ་ཆེན་པོ་དངཿ ་འཛམ་བུའི་གླིང་གི་མཐའ་འཁོབ་ཀྱི་ས་དངཿ ་རིའི་རྒྱལ་པོ་དངཿ ་རི་ཕྲ་མོ་དངཿ ་རྒྱ་མཚོ་དངཿ ་ཆུ་བྲན་དངཿ ་ཡོངས་སུ་འདུ་བའི་ཤིང་དངཿ ་ནགས་ཚལ་ཆེན་པོ་དངཿ ་གནས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་དག་ན་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པར་འདུག་པ་དངཿ ་གཙོ་བོ་དངཿ ་འཁོར་དངཿ ་ཁྱད་པར་རྒྱུ་བ་དངཿ ་བྲན་དངཿ ་གཡོག་གི་ཚོགས་དང་བཅས་པ་དག་གིས་རང་རང་གི་གནས་ནས་མྱུར་བར་དངང་ཞིང་སྐྲག་ལ་འཇིགས་པ་དང་ཡང་བའི་སེམས་དངཿ ་དུལ་བའི་སེམས་ཀྱིས་ཐོན་ཏེ་བཅོམ་ལྡན་འདས་
397a
༄#། །དེའི་སྤྱན་སྔར་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་བལ་གྱི་འདབ་མ་བཞིན་དུ་རང་དབང་མེད་པར་ལྷགས་པར་གྱུར་ཏེཿ ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་དངཿ ་ཁྱད་པར་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་དངཿ ་རྒྱ་མཚོ་ཆེན་པོ་དངཿ ་རོལ་པའི་ཆུ་ཀླུའི་གནས་དང་བཅས་པ་རི་རབ་ཆེན་པོ་དངཿ ་རི་བདུན་གྱི་གནོད་སྦྱིན་གྱི་ཚོགས་དངཿ ་ལྷའི་གནས་འདོད་པའི་ཁམས་དངཿ ་གཟུགས་ཀྱི་ཁམས་དངཿ ་གཟུགས་མེད་པའི་ཁམས་དང་བཅས་པ་དངཿ ་དམྱལ་བ་དངཿ ་ཡི་དྭགས་དངཿ ་བྱོལ་སོང་གི་གནས་ན་གནས་པ་དངཿ ་ཛམ་བུའི་གླིང་གི་སའི་ཆན་གནས་པའི་དྲེགས་པ་ཅན་རྣམས་སོ་སོ་ནས་རང་རང་གི་མདུན་ན་དྲག་པོ་ཆེན་པོའི་སྐུ་གཟི་བྱིན་དཔག་ཏུ་མེད་པཿ ་གཞན་དག་གིས་ཉེ་བའི་ཐུགས་མི་ཐུབ་པ་རེ་རེ་འདུག་པ་མཐོང་སྟེཿ ་དེ་དག་ཐམས་ཅད་ཐ་དད་དུ་རང་རང་གི་སྡེ་དཔོན་ཆེན་པོ་རྣམས་ལ་སྐྱབས་སུ་འགྲོ་བར་བྱེད་དོཿ ་སྡེ་དཔོན་ཆེན་པོ་རྣམས་ནིཿ ་འཇིགས་བྱེད་ཆེན་པོའི་སྐུ་གསང་བ་པའི་བདག་པོ་དེ་ལ་རང་གི་འཁོར་དང་བཅས་ཏེ་སྐྱབས་སུ་འགྲོ་བར་བྱེད་དེཿ ་ཐམས་ཅད་ཀྱི་རང་རང་གི་གཟུགས་དངཿ ་ལོངས་སྤྱོད་དངཿ ་འཁོར་དངཿ ་རྒྱན་དངཿ ་བཞོན་པ་དངཿ ་གནས་དང་ཉེ་བར་བདེ་བར་
397b
སྤྱོད་པ་འཕྲིན་ལས་ཁྱད་པར་མ་ལུས་པར་སྟོན་ཅིངཿ ་མིང་གི་སྙིང་པོ་རྣམས་མངོན་དུ་ཕྱུང་སྟེ་སྨྲས་སོ། །མཧཱ་དེ་བ་ཨེ་ཛཿ ་ཨུ་མ་དེ་བ་ཨེ་ཛཿ ་དྷུ་དྲ་མ་དུ་ཕྲག་ཛཿ ་དུན་ཏི་མ་དུ་ཛཿ ་ཞེས་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་བདུད་ཕོ་མོ་དང་བཅས་པ་རྣམས་ཀྱི་རང་རང་གི་མིང་ཕུལ་བའོཿ ་དེ་ནས་གཤིན་རྗེའི་དེད་དཔོན་རང་གི་ཚོགས་དང་བཅས་པས་རང་རང་གི་མིང་དང་སྲོག་དང་བཅས་པ་ཡུལ་བཿ ་ཧྲཱིཿ ཥྚྀ་ཀྲྀཥྞ་ཡ་མ་པྲེ་ཏ་ཛཿ ་མ་མ་ཡ་མུནྟྲི་བྷི་ཏྲྀ་ཛཿ ་ཞེས་ཕུལ་ལོཿ ་དེ་ནས་སྲིན་པོའི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་གི་སྙིང་པོ་རཀྵ་ར་ཤ་ར་མ་ཏི་རཀྵ་མ་ཤུ་ཏི་ཛཿ ཞེས་ཕུལ་ལོཿ ་དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་དང་སྲོག་གི་སྙིང་པོ་ཡཀྵ་ཀུ་བེ་རཀྵ་ཏ་མེ་ཡཀྵི་མ་ཤ་ཛ་ཞེས་ཕུལ་ལོཿ ་དེ་ནས་འཇིག་རྟེན་གྱི་གནོད་སྦྱིན་ལྷའི་སྡེ་དཔོན་ཁ་བ་ཅན་གྱི་དབང་པོས་རང་གི་མིང་ཕུལ་བཿ ་གཾ་བྷ་བྷད་ཏྲ་དྷེ་བ་ཏ་རུ་ཏི་ཛ་ཞེས་ཕུལ་ལོཿ ་དེ་ནས་འཇིག་རྟེན་གྱི་རྒྱལ་ཕྲན་གྱི་དེད་དཔོན་ལྷའི་ཐེ་བཅུ་གསུམ་གྱི་བདག་པོས་མིང་ཕུལ་བ། གཾ་ཏ་པ་ཤ་ལི་བ་ར་ཏྲི་སཾ་ཀ་ར་ཤ་ཛ་ཞེས་ཕུལ་ལོཿ ་དེ་ནས་སྤྱི་བདུད་ཀྱི་སྡེ་དཔོན་རང་གི་འཁོར་དང་བཅས་པས་མིང་གི་སྙིང་པོ་སྨྲས་པཿ ་དུསྤྲ་ཤཾ་ཛ་ཨ་ཀ་རུ་གཾ་ཙ་ཛ་ཞེས་ཕུལ་ལོཿ ་དེ་ནས་ཡེ་ཤེས་དང་ལས་ལ་གྲུབ་པའི་དམ་ཚིག་གི་ཚོགས་
398a
༄#། །ཀྱི་བདག་མོ་སྲིད་པ་དབང་སྡུད་མ་དང ། རལ་པ་གཅིག་མ་དང ། མཁའ་འགྲོ་མའི་ཚོགས་ཀུན་གྱིས་རང་རང་གི་སྙིང་པོ་ཕུལ་བཿ ་མ་མ་ཏྲག་མུ་ཏྲ་ར་ཙ་ཨེ་ཀ་ཛ་ཊི་རུ་རུ་རོ་ཏིཥྚ་བྷཏྟོ་རེ་ཏུ་མ་ཏི་ཁ་མུནྟྲ་པ་ཙ་ལ་མེ་ཤ་ཛ་ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ལྷ་བཙན་པོ་དངཿ ་རུ་ཏྲའི་རིགས་ཀྱི་དེད་དཔོན་ཆེན་པོ་རྣམས་ཀྱི་རང་རང་གི་མིང་གི་སྙིང་པོ་དེ་བ་ཨ་བྷི་ཤུ་ཏྲི་རུ་ཏྲ་ནི་ཛི་ཧཾ་ཤཾ་ཏྲི་ཛ་ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་བགེ་གས་ཀྱི་རྒྱལ་པོ་དངཿ ་མུ་སྟེགས་བྱེད་པ་དངཿ ་བདུད་དམུ་བའི་ཚོགས་ཀྱིས་རང་རང་གི་མིང་གི་སྙིང་པོ་བི་ནཱ་ཡ་ཀ་ཏིརྠི་ཏ་ཀ་དུ་མུན་མུན་བཿ ་ཛཿ ཞེས་ཕུལ་ལོཿ ་དེ་ནས་འཇིག་རྟེན་གྱི་སྲོག་གི་བདག་པོ་དངཿ ་གནོད་སྦྱིན་ཀླུའི་བདག་པོ་རྡོ་རྗེ་ཅན་དངཿ ་བླའི་རྒྱལ་པོ་ཆེན་པོ་དངཿ ་ལྷའི་དབང་ཕྱུག་ནག་པོ་ཆེན་པོའི་ཚོགས་ཀྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྙིང་པོ་གིངྐ་ར་ཏྲི་པ་ལེ་རཱ་ཛ་བཛྲ་བུ་རུ་ལུ་ཛ་བཛྲ་ལ་རུ་ཏྲི་ཛ་མཧཱ་ཀ་ལ་ཡཀྵི་ཛ་ཞེས་ཕུལ་ལོཿ ་དེ་ནས་འཇིག་རྟེན་གྱི་ཀླུ་དང་གཟའ་སྐར་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕྱུང་བ། ནཱ་ག་ཙི་ཏ་ཧུ་ཡ་ནཱ་ག་མེ་ཀྵེ་ཏྲ་ཧུ་ལ་གྷུ་ཧེ་པ་ཤ་མི་ཀེ་ཧཱུཾ་ཛ་ཞེས་ཕུལ་ལོཿ ་གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པའི་དབང་ཕྱུག་མ་རུངས་པའི་
398b
འཁོར་དང་བཅས་པ་དག་གིས་རང་རང་གི་ལུས་དང་སྲོག་དང་བཅས་པཿ ་ཨེ་ཨ་ནྲི་ཛ་ས་མ་ཡ་སྲོག་བྲེང་བྲེང་ཛ་ཛ་ཞེས་ཕུལ་ལོཿ ་དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་འཁོར་དང་བཅས་པ་དེ་དག་དབུགས་ཕྱུང་ནས་མི་འཇིགས་པ་བྱིན་ཏེ་འདི་སྐད་དུཿ ་ཀྱེ་མ་འཇིག་རྟེན་གྲགས་པའི་ཚོགྶཿ ་ཁྱེད་རྣམས་ང་ལ་མ་འཇིགས་ཤིགཿ ་ང་ནི་སངས་རྒྱས་ཐམས་ཅད་ཀྱིཿ ་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་བྡགཿ ་ཆོས་ཉིད་ཞི་བ་ཆེན་པོ་ཡིཿ ་ཐུགས་རྗེ་དང་ནི་ཡེ་ཤེས་ཀྱིསཿ ་དུས་གསུམ་འདུས་བྱས་འདུས་མ་བྱསཿ ་སྐད་ཅིག་ཉིད་ལ་མངོན་དུ་གྶལཿ ་མ་འོངས་སེམས་ཅན་དོན་གྱི་ཕྱིརཿ ་སྣ་ཚོགས་ལུས་ཀྱི་གསང་བ་སྟོནཿ ་དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱངཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་ཉོན་མོངས་འཁྲུལ་པའི་དབང་གྱུར་ཏེཿ ་གནས་ངན་ལེན་གྱི་བག་ཆགས་ཀྱིསཿ ་ལུས་ངག་ཡིད་ཀྱིས་མི་དགེར་སྤྱོདཿ ་འཁོར་བའི་སྡུག་བསྔལ་རྒྱུན་མི་འྖདཿ ་ན་རག་ཆེན་པོར་ལྷུང་ནས་ནིཿ ་ཐར་པའི་དུས་མེད་འབྱུང་སྲིད་ཀྱིཿ ་དེ་བས་ད་ལྟའི་དུས་མཆོག་འྡིརཿ ་ང་དང་སངས་རྒྱས་ཐམས་ཅད་ཀྱིཿ ་སྐུ་གསུང་ཐུགས་དང་ཡོན་ཏན་དངཿ ་མཛད་པའི་འཕྲིན་ལས་རབ་སོན་ལཿ ་བསྒོ་བའི་གསུང་བཞིན་ཉན་པར་གྱིསཿ ་ལས་དང་སྲིད་བ་དོན་ཡོད་ལཿ ་མི་དགེའི་བག་ཆགས་དོར་བར་གྱིསཿ ་
399a
༄#། །བསླབ་པའི་གཞི་བཟུང་སེམས་བསྐྱེད་ལཿ ་མཐུ་སྟོབས་ནུས་པ་དྲག་ཤུལ་དགཿ ་སངས་རྒྱས་བསྟན་པའི་རྗེས་སུ་སྤྱོདཿ ་རིག་འཛིན་རྣམས་ཀྱི་བཀའ་བཞིན་སྐྱོངྶཿ ་ཁྱེད་ཅག་རྒྱལ་པོ་རྗེ་དཔོན་དངཿ ་བྲན་གཡོག་ཚུལ་དུ་ལུས་བརྟེན་པཿ ་དངོས་གྲུབ་གསོལ་ཞིང་འཕྲིན་ལས་སྒྲུབྶཿ ་གལ་ཏེ་དེ་ལྟར་མི་བྱེད་ཅིངཿ ་གསང་བའི་ཚིག་ལས་འགལ་བྱེད་ནཿ ་ཁྱེད་ཀྱི་ལུས་སེམས་སྲོག་གི་རྒྱུདཿ ་ད་ལྟ་ཉིད་དུ་མ་རུངས་འྒྱུརཿ ་ཞེས་བཀའ་སྩལ་ནས་དམ་པའི་ཐ་ཚིག་ལ་བཀོད་ནས་བཞག་གོཿ ་འཇིག་རྟེན་པའི་སྡེ་དཔོན་གྱི་ཚོགས་རབ་ཏུ་འདུལ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ་སོགས་པའི་དྲེགས་པ་ཅན་གྱི་འཁོར་རབ་ཏུ་འདུས་པ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་བདག་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོཿ ་ཀྱེ་མ་བཅོམ་ལྡན་གསང་བའི་བྡགཿ ་འཇིག་རྟེན་གནས་པའི་དྲག་ཤུལ་ཅནཿ ་འདོད་ཆགས་ཞེ་སྡང་སྲེད་ལེན་གྱིསཿ ་གང་གི་མཆོད་ཅིང་བརྟེན་བྱས་ནསཿ ་བདག་ཅག་རྣམས་ནི་དགའ་མགུ་རངྶཿ ་ཁྱོད་ཀྱི་བཀའ་ལུང་རྗེས་བཞིན་དུཿ ་བརྟུལ་ཞུགས་འཛིན་
399b
པ་དེ་དག་ལཿ ་འཕྲིན་ལས་སྤྱོད་པའི་གྲོགས་བྱའི་ཕྱིརཿ ་བདག་ཅག་སོ་སོའི་གནས་དང་དུསཿ ་རང་གི་སྡེ་དང་འཁོར་གཡོག་དྤུངཿ ་མཐུན་པའི་ལས་དང་ལོངས་སྤྱོད་དངཿ ་ཆ་ལུགས་རིགས་དང་བསམ་པ་དངཿ ་ཁམས་དང་བྱེད་པའི་ཚུལ་དག་དངཿ ་དམ་ཚིག་སྦྱོར་བའི་ཁྱད་པར་དགཿ ་བདག་ཅག་རྣམས་དང་མ་འོངས་པའིཿ ་རིག་པའི་ཚུལ་འཛིན་དོན་ཕྱི་རུཿ ་མ་ལུས་རྒྱས་པར་བཤད་དུ་གྶོལཿ ་ཞེས་གསོལ་པསཿ ་དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དྲེགས་པ་ཅན་དག་གིས་གཙོ་བོ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམྶཿ ་སོ་སོའི་ལས་དང་གཅིག་ཏུ་སྦས་པ་དངཿ ་ཐ་དད་དུ་སྦྱར་བ་དངཿ ་ངེས་པ་དངཿ ་མ་ངེས་པ་དངཿ ་རིམ་པ་དངཿ ་འཆོལ་བ་དངཿ ་ཁྱི་དངཿ ་ནང་དངཿ ་གསང་བ་དངཿ ་སྦས་པ་དངཿ ་ཚོགས་པ་དངཿ ་འཐོར་བ་དངཿ ་མཐུན་པའི་རྫས་དངཿ ་སྙིང་པོ་དངཿ ་མ་ག་པ་དངཿ ་གཉེར་གཏད་པ་དངཿ ་སྐུལ་བ་དངཿ ་རྦད་པ་དངཿ ་བཟློག་པ་དངཿ ་ཚར་གཅད་པ་དངཿ ་གཟིར་བ་དངཿ ་སྤོགས་པ་དངཿ ་ལས་སྣ་ཚོགས་པ་དག་གི་སྒོ་ནས་རོལ་པ་ཆེན་པོའི་གསང་བ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དམ་ཚིག་ཆེན་པོ་ལས་ཕྱུང་སྟེ་བཀའ་སྩལ་ཏོཿ ་ཉོན་ཅིག་འཇིག་རྟེན་དྲེག་པའི་ཚོགྶཿ ་ཕྱི་མའི་ཚེ་ན་སྙིགས་མའི་དུསཿ ་དགེ་སྦྱོང་ཆེན་པོའི་བསྟན་པ་འྡིཿ ་སོ་སོ་སྐྱེ་བོ་
400a
༄#། །རྣམས་ལ་སྣངཿ ་ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚུལཿ ་རྡོ་རྗེ་འཆང་བ་རྣམས་ཀྱི་སྐུཿ ་རྒྱུད་དག་ས་ལམ་རྫོགས་ལ་གྶལཿ ་སྤྲོས་མེད་ཆོས་སྐུ་འདུ་འབྲལ་མེདཿ ་ཏིང་ངེ་འཛིན་ལ་སྦྱངས་པས་འྒྲུབཿ ་བསམ་པ་ཆོས་ལྔ་སྨོན་པ་ཡིསཿ ་རིགས་དྲུག་སོ་སོའི་བདག་པོར་སྣངཿ ་ལས་ཀྱི་དྲེགས་པས་ཁྱེད་རྣམས་ནིཿ ་འཇིགས་ཤིང་འཇིགས་པར་བྱེད་པ་ཡིསཿ ་གཏུམ་ཞིང་དཔའ་ལ་ཆེས་དཔའ་བསཿ ་གདུལ་ཞིང་དྲག་པར་ནུས་པ་ལསཿ ་ཞི་བས་གདུལ་བར་མི་འགྱུར་ཏེཿ ་རིག་པ་འཛིན་པའི་སྐྱེས་བུ་ནིཿ ་སྟོབས་ལྡན་དྲེགས་ཚོགས་ཀུན་འདུལ་བཿ ་ཁམས་གསུམ་སྤྱི་ལ་དབང་སྒྱུར་བྱེདཿ ་ང་དང་གཉིས་མེར་སྦྱོར་བ་ཡིསཿ ་ལས་ཀྱི་བྱ་བ་རབ་རྫོགས་པསཿ ་དུར་ཁྲོད་ཆེན་པོ་རབ་འཇིགས་པསཿ ་བྱིན་གྱིས་བརླབས་པའི་དབེན་ས་རུཿ ་སྒྲིབ་བྱང་བསོད་ནམས་བསགས་པ་དངཿ ་བར་ཆོད་བདུད་བཟློག་ལས་ལ་འྦདཿ ་མཐུན་རྫས་ས་ལ་ཕོ་བྲང་བྮེངྶཿ ་དམ་ཚིག་དྲག་པོའི་རྫས་ཀྱིས་བྲནཿ ་ཐོད་མཁར་བང་མཛོད་ལྡན་པ་འམཿ ་ཨེ་ཏྲཾ་གྲངས་དང་སྦྱར་བར་བྱཿ ་དྲེགས་པའི་ལུས་ངག་ཡིད་གནས་བྲྟེནཿ ་ངས་བཤད་ཚུལ་དང་མཐུན་པར་དྒོདཿ ་ཕྱི་རོལ་སྒོ་སོགས་རྒྱན་འཇིགས་ལྡནཿ ་དུར་ཁྲོད་ཆེན་པོ་སྔོན་དུ་ཕྱུངཿ ་ཙ་ར་མ་ཧེ་ཆུ་གླང་དངཿ ་སེངྒེ་གླང་ཆེན་རྟ་ནག་དངཿ ་
400b
བྱ་ཁྱི་ལུག་ནག་རྔ་མོ་དངཿ ་སྟག་དང་བྱ་རྒོད་ཁྱི་ཕག་ནགཿ ་དུར་བྱ་ཆུ་སྲིན་ཉ་རུས་སྤལཿ ་རྒོད་དཀར་རྒོད་ནག་རྟ་དཀར་དྨརཿ ་སོ་བྱ་དྲེའུ་བ་གླང་རྣམྶཿ ་རྒྱལ་མཚན་ཤ་ཁྲག་སྙིང་དང་བྕསཿ ་སོ་སོའི་མཐུན་པའི་གནས་སུ་བྴམཿ ་འབྲུ་བཟང་བཤོས་དང་དམ་ཚིག་རྫསཿ ་བདུད་རྩི་ཤ་ཁྲག་སྙིང་སྦྱར་བཿ ་རིན་ཆེན་བཅུད་ཀྱིས་སྦྲེང་བ་ནིཿ ་གྲངས་མཉམ་ཡང་ན་ཕྱོགས་བཞིར་གྮགཿ ་གདུགས་དང་བ་དན་བླ་རེས་དངཿ ་ལྡ་ལྔི་དྲ་བ་ཟ་ར་ཚགྶཿ ་འདི་ལ་ཤིས་ཤིང་མཐུན་པས་ཏེཿ ་སྟག་གཟིག་དོམ་དྲེད་འཕར་སྦྱང་དངཿ ་ཀངྐ་དུར་བྱ་བྱ་རྒོད་ཁྲཿ ་མི་རྟ་བན་གླང་ཀེ་ལེ་ཡིཿ ་ཤ་རྒྱུས་པགས་པ་མགོ་ཡིས་བྱཿ ་མདའ་གཞུ་མདུང་དང་ཁ་ཊྭཱཾ་གཿ ་རལ་གྲི་ཆུ་གྲི་སྤུ་གྲི་དངཿ ་ཏྲི་ཤཱུལ་ཕུར་པ་སོ་མང་དངཿ ་མཚོན་ཆ་དྲག་པོས་བསྐོར་ཞིང་གྟམྶཿ ་མཛེས་དང་མི་མཛེས་སྙན་མི་སྙནཿ ་དྲི་ང་བ་དང་གདང་བ་དངཿ ་ཁ་མངར་ཚ་སྐྱུར་རྩུབ་པ་དངཿ ་ཚ་གྲང་འཇམ་རྩུབ་དྲོ་དང་བྶིལཿ ་གཟུགས་སྒྲ་དྲི་རོ་རེག་རྣམས་ཀྱིསཿ ་ཇི་ལྟར་འདོད་པ་བཞིན་དུ་གྟདཿ ་དེ་ནས་རྡོ་རྗེ་འཛིན་པ་དེསཿ ་ཕྱི་ནང་གསང་བའི་སྲུང་བ་ཡིསཿ ་གནོད་ཅིང་འཚེ་བ་ཚར་བཅད་དེཿ ་བསོད་ནམས་ཚོགས་ཀྱིས་རང་རྒྱུད་སྦྱངཿ ་གཞན་ཕན་བྱང་ཆུབ་སེམས་ཀྱིས་བྶྒྲུབཿ ་ཆོས་རྣམས་གནས་ལུགས་བཞིན་དུ་བྶྒོམཿ ་
401a
༄#། །མ་མཐོང་བ་ལ་སྙིང་རྗེ་བྶྐྱེདཿ ་ངོ་བོ་སྐྱེད་རྒྱུ་ཧཱུཾ་དུ་བྶྒོམཿ ་དེ་ལས་སྣོད་ཀྱི་གཞི་མོ་ལྔཿ ་ཡེ་ཤས་འབྱུང་བ་ལྔ་རུ་བྶམཿ ་སྟེང་དུ་རིན་ཆེན་རི་རབ་ཀྱིཿ ་དབུས་སུ་དུར་ཁྲོད་གཞལ་མེད་ཁངཿ ་ཐོད་མཁར་ཨེ་ཏྲཾ་སུམ་ཅུ་པཿ ་གཟུགས་བརྙན་བཞིན་དུ་ཏིང་འཛིན་བྶྐྱེདཿ ་དབུས་སུ་ཉི་ཟླ་པདྨ་དངཿ ་རོ་བཞི་བསྣོལ་བའི་སྟེང་ཉིད་དུཿ ་རྡོ་རྗེ་འཆང་བའི་སྐུ་གསུང་ཐུགྶཿ ་ང་ཉིད་ཀུན་ལ་སྣང་བཞིན་བྶམཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མཿ ་གཙོ་དང་གཉིས་མེད་སྦྱོར་བ་ལསཿ ་ཐབས་དང་ཤེས་རབ་འོད་ཟེར་ལསཿ ་ཨེ་དགུའི་རྣམ་པ་ས་བོན་ཚུལཿ ་འཕྲོ་འདུས་གྲི་གུག་ཁ་ཊྭཱཾ་གྶལཿ ་དེ་ཉིད་གསལ་བའི་རྒྱུད་སྦྱངས་པསཿ ་འདོད་ཁམས་དབང་ཕྱུག་གཙོ་བོ་ཆེཿ ་ལྷ་མོ་ཡུམ་དང་བཅས་པར་འྒྱུརཿ ་སེངྒེ་གླང་ཆེན་ཞབས་ཀྱིས་གྣོནཿ ་ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམཿ ་ན་བཟའ་ལྗང་ནག་ཀླུབས་བེར་གྶོལཿ ་གཙོ་ཆེན་གྲི་གུག་ཙིཏྟ་བྶྣམྶཿ ་ཡུམ་གྱིས་ཁ་ཊྭཱཾ་ཐོད་ཁྲག་བྯུངཿ ་ཡབ་ཡུམ་གཉིས་མེད་ཐུགས་ཀ་ནསཿ ་ཡ་མཿ ་དུནྟིཿ ་རཀྵཿ ་ཡཀྵ་ལསཿ ་ཕྱོགས་བཞིར་བདུད་དང་གཤིན་རྗེ་དངཿ ་སྲིན་པོ་གནོད་སྦྱིན་སྡེ་དཔོན་དངཿ ་ཡབ་ཡུམ་བཅས་པ་གསལ་བར་སྤྲོཿ ་གྲ་ཧེཿ ་ནཱ་གཿ ་སྟེང་འོག་ཏུ་ནི་བདུད་
401b
ཀླུའི་གྯའིཿ ་སྡེ་དཔོན་ཡབ་ཡུམ་སྤྲོ་ཞིང་བྶྐྱེདཿ ་དེ་བཿ ་ཏྲི་ཛཿ ་དུ་ཏྲིཿ ་གང་བཟང་ལྷ་དང་རྣམ་རྒྱལ་དངཿ ་སྤྱི་བདུད་སྡེ་དཔོན་ཤར་དུ་བྶྐྱེདཿ ་མ་མཾཿ ་ཛ་ཏིཿ ་དྷ་ཀི་ལསཿ ་མ་ཆེན་སྲིད་པའི་རྒྱལ་མོ་དངཿ ་རལ་གཅིག་མ་དང་མགྱོགས་བྱེད་མཿ ་མོ་ཚོགས་སྡེ་དཔོན་ལྷོ་ཕྱོགས་སུའོཿ ་རུ་ཏྲཿ ་ཨ་བྷིཿ ་ཧཾ་ཤཾ་ལསཿ ་ལྷ་སྦྱིན་བཙན་དམར་རིལ་བཙན་གྱིཿ ་སྡེ་དཔོན་ནུབ་ཀྱི་ཕྱོགས་སུ་བྶྐྱེདཿ ་བི་ཏྲཿ ་ཏི་ཐིཿ ་རྨུ་དུ་ལསཿ ་བགེགས་དང་མུ་སྟེགས་རྨུ་བདུད་ཀྱིཿ ་སྡེ་དཔོན་བྱང་གི་ཕྱོགས་སུ་བྶྐྱེདཿ ་ཏྲི་ཡཾཿ ་ར་ཏྲི་ས་ཏྲིན་ཏྲི་ལསཿ ་སྲིད་པའི་སྲོག་གི་བདག་པོ་དངཿ ་གནོད་སྦྱིན་ཀླུ་ཚ་བདུད་རྒྱལ་པོཿ ་སྐུ་ལྷ་གསང་བ་རྡོ་རྗེ་ལེགྶཿ ་ནག་པོ་ཆེན་པོ་ཆོས་སྲུང་རྗེཿ ་ཤར་ལྷོ་ནུབ་བྱང་སྒོ་བཞིར་བྶྐྱེདཿ ་ཕྱི་རོལ་ཁྱམས་སུ་དྲེགས་པ་ཅནཿ ་སོ་སོའི་གཡོག་འཁོར་མང་པོ་དགཿ ་བཀའ་ཉན་གསུང་སྡོད་ཚུལ་དུ་བྶྐྱེདཿ ་རང་རང་སྔགས་ཀྱིས་བསྟན་པར་བྱཿ ་དབང་པོའི་ཚུལ་དུ་གསལ་བ་དངཿ ་འཇིག་རྟེན་རང་རྒྱུད་སོ་སོ་ཡིཿ ་གནས་ནས་འོད་ཀྱིས་བཀྱེ་པ་དངཿ ་གསང་བའི་སྙིང་པོས་མྱུར་དུ་འྦོདཿ ་ཏིང་ངེ་འཛིན་གྱི་ཚུལ་འདྲ་བཿ ་རང་གི་གཟུགས་བརྙན་ལུས་ལ་བྶྟིམཿ ་རང་རྒྱུད་པ་དང་གཟུགས་བརྙན་འྡྲེསཿ ་ཨོཾ་ཨཱཿ ་ཧཱུཾ་ཨོཾ་བཛྲ་ཙནྡྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ་སྐུ་གསུང་ཐུགས་
402a
༄#། །ལྡན་བྱིན་བརླབ་ཅིངཿ ་རྡོ་རྗེ་འཆང་བས་དབང་བསྐུར་བྱཿ ་དུར་ཁྲོད་གནས་ཀྱི་སྒོ་བཞི་ནསཿ ་བཀའ་ཉན་ལས་བྱེད་སྡེ་བརྒྱད་ཀྱིསཿ ་ལུས་ངག་གུས་པས་ཕྱག་འཚལ་ཞིངཿ ་ཕྱི་ནང་གསང་བའི་འདོད་ཡོན་ཚོགྶཿ ་འཚེ་ཞིང་གདུག་པའི་བསམ་པ་ཅནཿ ་གཟུགས་ཅན་གཟུགས་མེད་བཅས་པ་ཡིསཿ ་དྲེགས་པའི་ཚོགས་ལ་མཉེས་པར་དྦུལཿ ་སྐུ་ཡི་ཆ་ལུགས་སོ་སོ་ཡིཿ ་དོན་རྟགས་མཐུན་པའི་ཚིག་གིས་བྶྟོདཿ ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དངཿ ་འཕྲིན་ལས་སྨོས་ཏེ་ཐུགས་དམ་བྶྐུལཿ ་རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགྶཿ ་གསལ་བསྟན་ཚད་དང་ལྡན་པ་ཡིསཿ ་ནམ་མཁའི་ཁམས་ཀུན་མཐས་ཁྱབ་ཀུནཿ ་རང་གི་ཡུལ་གསུམ་གསལ་བར་དྨིགྶཿ ་དྲེགས་པའི་སྡེ་དཔོན་རེ་རེའི་དྲུངཿ ་རྡུལ་སྙེད་འདུལ་བྱེད་གཉེན་པོ་གྣསཿ ་ཕལ་པ་རེ་རེའི་གནས་དྲུང་དུཿ ་སྡེ་དཔོན་ཆེན་པོ་དེ་བཞིན་བྶམཿ ་བཀའ་ཉན་གསུང་སྡོད་གཡོ་མ་ནུསཿ ་ཅུང་ཙམ་འདའ་བར་མི་སྤྱོད་ཅིངཿ ་རང་གི་འདོད་པ་མི་སྤོབས་ལཿ ་སྐད་ཅིག་ཙམ་ལ་དོན་སྒྲུབ་དྨིགྶཿ ་དེ་ཉིད་ཀྱིས་ནི་གཙོ་ཆེན་གྱིཿ ་བསྙེན་ཅིང་སྒྲུབ་པ་ཚད་རྟགས་ལྡནཿ ་ཡོངས་སུ་རྫོགས་པར་གྱུར་ནས་ནིཿ ་དྲེགས་པའི་དེད་
402b
དཔོན་ཚོགས་རྣམས་ཀྱིསཿ ་སོ་སོའི་གཟུགས་བརྙན་གསལ་བཏབ་སྟེཿ ་རང་གི་མིང་གི་སྙིང་པོ་དངཿ ་གཅོད་འཕྲོག་ཡི་གེ་སྤོས་ཏེ་བྯལསཿ ་དུས་ཚད་གྲངས་དང་མཚན་མ་ཡིསཿ ་ཚད་བཟུང་མ་ནོར་གྲུབ་པ་ཡིསཿ ་རྟགས་ལ་ཕབ་སྟེ་ལས་ལ་སྦྱརཿ ་ང་ཉིད་རྗེས་སུ་སྒྲུབ་བྱེད་པསཿ ་དྲེགས་པ་མྱུར་དུ་དབང་དུ་སྡུདཿ ་ཅེས་བཀའ་སྩལ་ཏོཿ ་འཇིག་རྟེན་པའི་དེད་དཔོན་གྱི་ཚོགས་ཉེ་བར་སྒྲུབ་པའི་རྩ་བའི་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བཿ ་འདི་དག་ཀུན་ལ་ངས་བཤད་པའིཿ ་སྡེ་དཔོན་ཆེན་པོ་རང་གནས་ནསཿ ་འབོད་དང་གཞུག་པ་མཉེས་པ་དངཿ ་བསྟོད་དང་ཐུགས་དམ་བསྐུལ་བ་དགཿ ་ཚིག་བརྗོད་འདི་ཡིས་བརྟན་པར་བྱཿ ་ཐུགས་རྗེ་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནསཿ ་ཆོས་སྐུ་སྟོང་ཉིད་དབྱིངས་ལས་མ་གཡོས་ཀྱངཿ ་འཇིག་རྟེན་དྲེགས་པའི་ཚོགས་རྣམས་འདུལ་བའི་ཕྱིརཿ ་ཁྲོ་ཆེན་དཔའ་གཏུམ་འཇིགས་བྱེད་སྐུར་བསྟན་པཿ ་ཐུགས་དམ་དགྱེས་བསྐུལ་གསང་བའི་ཡུམ་དང་བྕསཿ ་མ་རྟོགས་ཤུགས་ཀྱིས་འདུལ་ཕྱིར་གཤེགས་སུ་གྶོལཿ ་དྲེགས་པའི་དབང་ཕྱུག་འཇིག་རྟེན་ལྷ་ཡི་གྩོཿ ་འདོད་པའི་ལྷ་མོ་བདེ་ཆེན་འབྱུང་གནས་མཿ ་འཁོར་ཚོགས་དྲག་ཤུལ་
403a
༄#། །མཐུ་སྟོབས་དཔུང་གི་བྡགཿ ་ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡནཿ ་རྡོ་རྗེ་འཆང་གི་བཀའ་བཞིན་རྗེས་སུ་སྒྲུབཿ ་དམ་ཚིག་རྗེས་དགོངས་གནས་འདིར་གཤེགས་སུ་གྶོལཿ ་བཛྲ་སརྦ་དུཥྚཾ་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ཨ་གཙྪ་ས་མ་ཡ་ཧྲིང་ཧྲིངཿ ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འྡིརཿ ་ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེང་དུཿ ་བཅོམ་ལྡན་ཁྲོ་རྒྱལ་རྔམ་བརྗིད་འབར་བའི་སྐུཿ ་ཡབ་ཡུམ་ད་གྱེས་པར་རོལ་ཅིང་བཞུགས་སུ་གྶོལཿ ་སྣང་སྲིད་དྲེགས་པ་མ་ལུས་དེད་དཔོན་གཙོ། །འདོད་ཁམས་བདག་པོ་དགྱེས་མཛད་ཡུམ་དང་བྕསཿ ་ལྷ་སྲིན་ཚོགས་ཀྱི་གཙོ་ཆེན་འཁོར་དང་བྕསཿ ་འཕྲིན་ལས་མཐུན་པའི་གདན་ལ་བཞུགས་སུ་གྶོལཿ ་བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ས་མ་ཡ་སྟི་ཏ་བཛྲ་ཧཱུཾ་ཛཿ ་དུས་གསུམ་སངས་རྒྱས་ཐུགས་ཀྱི་སྙིང་པོ་མྖོགཿ ་ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲོ་དོན་སྤྲུལཿ ་ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེཿ ་དབང་སྡུད་ཡུམ་དང་བཅས་ལ་ཕྱག་འཚལ་བྶྟོདཿ ་ཕྱོགས་བཅུའི་རྒྱལ་བ་མ་ལུས་སྲས་དང་བྕསཿ ་དམ་བཅས་བསྟན་པའི་ཚུལ་སྲུང་འཇིག་རྟེན་མྒོནཿ ་ཞིང་བཅུ་སྒྲོལ་མཛད་འཕྲིན་ལས་དྲག་ཤུལ་ཅནཿ ་སྡེ་དཔོན་སུམ་ཅུའི་ཚོགས་
403b
ལ་ཕྱག་འཚལ་ལོཿ ་བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ན་མ་ཨ་ར་ལི་ཧོཿ ་དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ལཿ ་སྐུ་གསུང་ཐུགས་མཉེས་མཆོད་པ་འབུལ་བ་ནིཿ ་གདུགས་དང་རྒྱལ་མཚན་བ་དན་བླ་རེ་དངཿ ་ཕྲེང་བ་ཕྱེ་མ་ལྔ་ལྡི་ཟ་ར་ཚགྶཿ ་བདུག་སྤོས་མེ་ཏོག་མར་མེ་ཆབ་བསིལ་དངཿ ་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བྲོ་དངཿ ་རེག་འཇམ་འདོད་ཡོན་མ་ལུས་ཇི་སྙེད་པའིཿ ་འཕགས་པའི་ཐུན་མོང་མཆོད་ཚོགས་བཞེས་སུ་གྶོལཿ ་ཁྱད་པར་གསང་བའི་མཆོད་པ་འབུལ་བ་ནིཿ ་དུས་གསུམ་གནས་སུ་སྦྱངས་པའི་ཤ་རུས་ཁྲགཿ ་དུག་ལྔ་སྨན་དུ་སྒྲུབ་པའི་དམ་ཚིག་རྫསཿ ་སྟོབས་མཆོག་ནུས་པ་བ་ལིཾ་མཆོད་པ་དྔོསཿ ་ཐུགས་རྗེས་མཐུན་པའི་ངང་གིས་བཞེས་སུ་གསོལ། །དཔལ་ཆེན་ཡབ་ཡུམ་བཀའ་བཞིན་རྗེས་སྒྲུབ་པའིཿ ་དབང་ཕྱུག་ཆེན་པོ་ཡབ་ཡུམ་མངའ་བདག་རྗེཿ ་འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འྫིནཿ ་བཀའ་ཡི་བསྟན་སྲུང་སྡེ་དཔོན་སུམ་ཅུ་ལཿ ་འདོད་པའི་ཡོན་ཏན་མཆོད་ཅིང་སྦྱིན་པ་ནིཿ ་དཀར་དམར་སེར་ལྗང་ལ་སོགས་མྡོགཿ ་ཟླུམ་པོ་གྲུ་བཞི་ལ་སོགས་དྦྱིབྶཿ ་ཆེ་ཆུང་སྦོམ་ཕྲ་རིང་ཐུང་ཚདཿ ་མཛེས་དང་མི་མཛེས་སྡུག་མི་སྡུགཿ ་འབྱུང་བ་རྟེན་འབྲེལ་རོལ་མོའི་སྒྲཿ ་གླུ་ཚིག་བསྟོད་དབྱངས་སྙན་པའི་ཚིགཿ ་
404a
༄#། །སྤོས་སྨན་བདུད་རྩི་མེ་ཏོག་དྲིཿ ་སྲེག་བསུང་བཾ་བསུང་དྲི་དང་ངདཿ ་ཁ་མངར་ཚ་སྐྱུར་སྐ་བ་དངཿ ་ལན་ཚཝ་སྤོད་དང་བྱི་སྐྱུ་དངཿ ་འཇམ་རྩུབ་བསིལ་ཡང་ཚ་དང་བྲོཿ ་སོ་སོའི་ཡོན་ཏན་ཚོགས་དང་བྕསཿ ་འདོད་རྒུར་འབུལ་གྱི་བཞེས་སུ་གྶོལཿ ་བདུད་རྩི་ལྔ་དང་ཤ་ལྔ་དངཿ ་དོན་སྙིང་ལྔ་དང་འབྱུང་བ་ལྔཿ ་དབང་པོ་ལྔ་དང་ཡུལ་ལྔ་དངཿ ་ཕུང་པོ་ལྔ་དང་ནང་ཁྲོལ་ལྔཿ ་འཚེ་ཞིང་གསོད་དང་བར་དུ་གྕོདཿ ་གདུག་པར་སེམས་ཤིང་ལོག་པར་ལྟཿ ་མི་མཐུན་ཕྱོགས་ལྔར་བཅས་པ་རྣམྶཿ ་སོ་སོར་འབུལ་བས་བཞེས་སུ་གྶོལཿ ་བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཙ་ཛ་བྷྱོཿ ་མཧཱ་བ་ལིཾ་ཏཿ ་ཨ་མྲྀ་ཏཿ ་སུ་ཀ་ཏཿ ་མཾ་ས་རཀྟཿ ་པི་པ་ཏཿ ་བྷ་སུ་ཏཿ ་ལ་མ་ཏཿ ་ཨི་དཾ་གྲྀཧྞནྟུ་ས་མ་དུཿ ་ཁ་ཁཿ ་ཁཱ་ཧི་ཁཱ་ཧིཿ ་བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དངཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁོར་བཅས་ཀྱིསཿ ་སྐུ་མདོག་འགྱུར་མེད་མེ་ལོང་གཟུགས་བརྙན་བྮིནཿ ་གསལ་ཞིང་རྟོག་མེད་སྣང་བ་མ་འགགས་པཿ ་སྐུ་ལྔ་ལྷུན་གྲུབ་རྫོགས་པའི་དངོས་གྲུབ་སྩོལཿ ་གསུང་མཆོག་འགག་མེད་བྲག་ཅ་སྦྲ་སྙན་བྮིནཿ ་སྙན་དང་མི་སྙན་གྲགས་སྟོང་ཚངས་པའི་གྶུངཿ ་གསུང་དབྱངས་ནམ་མཁའི་མཐས་ཁྱབ་
404b
དངོས་གྲུབ་སྩོལཿ ་ཐུགས་མཆོག་སྤྲོས་བྲལ་བསམ་འདས་ཆོས་ཀྱི་དྦྱིངྶཿ ་མི་རྟོག་བདེ་ཆེན་ཐབས་དང་ཤེས་རབ་དངཿ ་རྩོལ་མེད་མི་གཡོ་མཆོག་གི་དངོས་གྲུབ་སྩོལཿ ་ཡོན་ཏན་བརྗོད་ཀྱིས་མི་ལང་སྣ་ཚོགས་ཡོདཿ ་འདས་དང་མ་འདས་མཆོག་དང་ཐུན་མོང་གིཿ ་གྲུབ་པ་བརྒྱད་དང་མཐར་ཐུག་དངོས་གྲུབ་སྩོལཿ ་འཇིགས་པ་བརྒྱད་སོགས་ཞི་དང་འབྱོར་པ་རྒྱསཿ ་ལོག་ལྟ་མོས་པའི་ཚུལ་གྱིས་དབང་དུ་སྡུདཿ ་མངོན་སྤྱོད་དགྲ་བགེགས་འདུལ་བའི་དངོས་གྲུབ་སྩོལཿ ་བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་ཀཱ་ཡ་སིདྡྷིཿ ་ཝཱཀྐ་སིདྡྷིཿ ་ཙིཏྟ་སིདྡྷིཿ ་གུ་ཎ་སིདྡྷིཿ ་ཀརྨ་སིདྡྷིཿ ་ཧཱུཾ་ཧཱུཾ་ཧཱུཾཿ ་བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནིཿ ་དབུ་དགུ་ཕྱག་ནི་བཅོ་བརྒྱད་དེཿ ་སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམཿ ་གཡས་ཀྱི་ཞལ་གསུམ་སྨུག་ནག་བྒྲདཿ ་གཡོན་གྱི་ཞལ་གསུམ་ཁམ་ནག་གྩིགྶཿ ་དབུ་སྐྲ་རལ་པ་མེ་དཔུང་འྦརཿ ་སྤྱན་དགུ་སྡང་མིག་བཟློག་ཅིང་བྒྲདཿ ་ཤངས་ནས་སྲིད་པའི་རླུང་ནག་འྠོརཿ ་སྙན་ནས་སྟོང་གསུམ་འབྲུག་སྒྲ་ལྡིརཿ ་སྨ་ར་ཨག་ཚོམ་མེ་ལྟར་འྦརཿ ་མཆེ་གཙིགས་སྲིད་གསུམ་རྩ་བ་བྕོདཿ ་ཕྱག་དགུ་གཡས་གཡོན་དང་པོ་ཡིསཿ ་རྡོ་རྗེས་ཐོད་ཁྲག་དཀྲུག་ཅིང་གྶོལཿ ་གཡས་ཀྱི་ཕྱག་བརྒྱད་འོག་མ་ནཿ ་དྲེགས་པའི་ལྷ་བརྒྱད་བསྒྲལ་བ་ཡིཿ ་གཡང་
405a
༄#། །གཞི་མགོ་བོར་བཅས་ཏེ་བྶྣམྶཿ ་གཡོན་གྱི་ཕྱག་བརྒྱད་འོག་མ་ནཿ ་ཀླུ་ཆེན་བརྒྱད་ཀྱི་བནྡྷ་རུཿ ་དྲེགས་པའི་སྙིང་ཁྲག་བཀང་ནས་གྶོལཿ ་དཔའ་བོའི་ཆས་བརྒྱད་སྐུ་ལ་རྫོགྶཿ ་ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་ཀྱིསཿ ་ཁམས་གསུམ་བདག་པོ་སྡེ་བཞི་མྣནཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མཿ ་ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུཿ ་རྡོ་རྗེ་འཕྱར་ཞིང་ཐོད་ཁྲག་སྟོབཿ ་གཉིས་མེད་ཐུགས་ཀྱི་འཕྲིན་ལས་ཀྱིསཿ ་འཇིག་རྟེན་དྲེགས་པ་བྲན་དུ་འྑོལཿ ་ལྷ་སྲིན་སྡེ་བརྒྱད་ལས་ལ་འྒྱེདཿ ་དགྲ་བགེགས་གདུག་པ་རྩད་ནས་གྕོདཿ ་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བྶྟོདཿ ་དཔལ་གྱི་བཀའ་བཞིན་ལས་མཛད་པའིཿ ་ལྷ་ཆེན་དབང་ཕྱུག་ཆེན་པོ་ནིཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མྠིངཿ ་ཕྱག་གཡས་གྲི་གུག་ཙིཏྟ་གཡོནཿ ་ལྷ་མོ་ཨུ་མ་དེ་བ་ནིཿ ་སྐུ་མདོག་མཐིང་ནག་གཙོ་ལ་འྡུདཿ ་ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོནཿ ་སེངྒེ་གླང་ཆེན་གདན་ལ་བྮུགྶཿ ་སྡེ་དཔོན་དྲེགས་པ་ཀུན་གྱི་གྩོཿ ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བྶྟོདཿ ་བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནིཿ ་ཁྲམ་ཤིང་གཡས་ལ་དགྲ་སྟ་གཡོནཿ ་བདུད་རྟ་ནག་པོའི་ཁྲི་ལ་བྮུགྶཿ ་སྦྱོར་ཡུམ་བདུད་མོ་རེ་མ་ཏིཿ ་ཁྲག་བམ་གཡས་ལ་ནད་རྐྱལ་
405b
གཡོནཿ ་བོང་བུ་གཝ་དམར་གདན་ལ་བྮུགྶཿ ་གཤིན་རྗེའི་སྡེ་དཔོན་ཆེན་པོ་ནིཿ ་བེ་ཅོན་གཡས་ལ་ཐོད་དབྱུག་གཡོནཿ ་སྦྱོར་བ་གཤིན་རྗེ་ཟ་བྱེད་མོཿ ་ཕྱག་གཉིས་སྲིད་པའི་འཁོར་ལོ་བྶྐོརཿ ་ཡབ་ཡུམ་མ་ཧེ་ཆུ་གླང་གྣོནཿ ་སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅནཿ ་ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འྥེནཿ ་སྲིན་མོ་སྦལ་མགོ་ཁྲག་མིག་མཿ ་ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོནཿ ་ཡབ་ཡུམ་འབྲུག་དང་རྔ་མོ་གྣོནཿ ་གནོད་སྦྱིན་སྡེ་དཔོན་མེ་སྦལ་ནིཿ ་ཕྱག་གཡས་རིན་ཆེན་གཡོན་རལ་གྲིཿ ་སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནིཿ ་ཕྱག་གཡས་སྤུ་གྲི་གཡོན་སྦྱང་མོཿ ་སྟག་སེང་ཕག་མོ་ཞབས་ཀྱིས་མྣནཿ ་བཟའ་བདུད་དེད་དཔོན་ཆེན་པོ་ནིཿ ་ཕྱག་གཡས་མདའ་གཞུ་གཡོན་སྦྲུལ་ཞགྶཿ ་སྐུ་སྨད་སྦྲུལ་འཁྲིལ་འབྲུག་ཆེན་གྣོནཿ ་སྦྱོར་ཡུམ་ཐོག་གི་བུ་ཡུག་ཅནཿ ་གཡས་གཡོན་ཕྱག་གིས་ཐོག་སེར་འྦེབྶཿ ་ཀླུ་རྒྱལ་དེད་དཔོན་ཆེན་པོ་ནིཿ ་ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལཿ ་སྦྱོར་ཡུམ་ཀླུ་མོ་ནག་མོ་ནིཿ ་སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལཿ ་ཡབ་ཡུམ་ཆུ་སྲིན་རུས་སྦལ་གྣོནཿ ་ཕྱོགས་བཞི་སྟེང་འོག་གནས་བཞུགས་པའིཿ ་དྲེགས་པའི་དེད་དཔོན་འདི་དག་ནིཿ ་ཀུན་ཀྱང་སྐུ་མདོག་མཐིང་ནག་ལཿ ་ཁྲོས་པའི་ཆ་བྱད་འཇིགས་ཚུལ་ཅནཿ ་དུར་ཁྲོད་གཡང་གཞིའི་ཆས་
406a
༄#། །ཀྱིས་བྲྒྱནཿ ་རང་གི་ཚོགས་འདུས་འཕྲིན་ལས་མྫདཿ ་ཡབ་ཡུམ་བཅས་ལ་ཕྱག་འཆལ་བྶྟོདཿ ་གནོད་སྦྱིན་སྟ་ཡི་རྒྱལ་པོ་ནིཿ ་ཤེལ་གྲི་བ་དན་དཀར་པོ་འྫིནཿ ་རྒོད་དཀར་རུ་བཟང་ཞབས་ཀྱིས་མྣནཿ ་གནམ་རྒྱལ་ཆེན་པོ་དེད་དཔོན་ནིཿ ་ཕྱག་གཡས་ལྡན་དཀར་གཡོན་ཤེལ་གྲིཿ ་རྟ་དཀར་རྡོག་དམར་ཞབས་ཀྱིས་མྣནཿ ་སྤྱི་བདུད་རྒྱལ་པོ་གུ་རུམ་རྩེཿ ་ཕྱག་གཡས་བ་དན་གཡོན་ཤེལ་གྲིཿ ་ཞབས་གཉིས་རྡོ་རྟ་གྲོ་བོ་གྣོནཿ ་དཀར་པོའི་དེད་དཔོན་ཆེན་པོ་གྶུམཿ ་ཤར་ཕྱོགས་གནས་ལ་ཕྱག་འཆལ་བྶྟོདཿ ་སྲིད་པའི་མ་མེ་དེད་དཔོན་མོཿ ་འཁོར་ལོ་གཡས་ལ་མེ་ལོང་གཡོནཿ ་ཞབས་གཉིས་འབྲུག་མོ་མགོ་དགུ་གྣོནཿ ་སྔགས་ཀྱི་སྲུང་མ་ཆེན་མོ་ནིཿ ་ཙིཏྟ་གཡས་ལ་སྤྱད་མོ་གཡོནཿ ་དྲེད་རྟ་ནག་མོ་ཞབས་ཀྱིས་གྣོནཿ ་མཁའ་འགྲོ་ནག་མོ་མགྱོགས་བྱེད་མཿ ་རྒྱུ་ཞགས་གཡས་ལ་མཚོན་གྲུ་གཡོནཿ ་སོ་བྱ་ནག་པོ་ཞབས་ཀྱིས་གྣོནཿ ་ནག་མོའི་དེད་དཔོན་མ་མོ་གྶུམཿ ་ལྷོ་ཕྱོགས་གནས་ལ་ཕྱག་འཚལ་བྶྟོདཿ ་རྡོ་རྗེ་བདུད་འདུལ་ནག་པོ་ནིཿ ་གཡས་གཡོན་ཕྱག་གིས་ཐུན་ཁྲག་འྥེནཿ ་དྲག་བཙན་སྲོག་ཟན་དམར་པོ་ནིཿ ་མདའ་གཞུ་འཕེན་ཞིང་དར་དམར་འྥྱརཿ ་ཆེ་བཙན་འགོང་རྒྱལ་ཆེན་པོ་ནིཿ ་ཤག་ལང་
406b
དང་ནི་ཞགས་པ་འྫིནཿ ་དམར་པོའི་དེད་དཔོན་རྒྱལ་པོ་གྶུམཿ ་ཀུན་ཀྱང་རྟ་དམར་ཞབས་ཀྱིས་གྣོནཿ ་ནུབ་ཕྱོགས་སྐྱོང་ལ་ཕྱག་འཚལ་བྶྟོདཿ ་བི་ན་ཡ་ག་བགེགས་ཀྱི་རྒྱལཿ ་ཕྱག་གཡས་ཁ་ཊྭཱཾ་གཡོན་ཐོད་ཁྲགཿ ་ཕྱི་རོལ་སྐྱོང་བའི་མུ་སྟེགས་གྩོཿ ་ཏྲི་ཤཱུལ་གཡས་ལ་ཐོང་ཁྲག་གཡོནཿ ་རྨུ་བདུད་ཆེན་པོ་ཁྲག་མེད་ནིཿ ་མདའ་གཞུ་དང་ནི་ཤང་ལང་འྫིནཿ ་ནག་པོའི་ཚོགས་ཀྱི་དེད་དཔོན་གྶུམཿ ་བདུད་རྟ་ནག་པོ་ཞབས་ཀྱིས་གྣོནཿ ་བྱང་ཕྱོགས་གནས་ལ་ཕྱག་འཚལ་བྶྟོདཿ ་ཚངས་པའི་རྒྱལ་པོ་སྲོག་གི་བྡགཿ ་སྤུ་གྲི་གཡས་ལ་ཉི་ཞགས་གཡོནཿ ་སེངྒེ་དཀར་པོ་ཞབས་ཀྱིས་གྣོནཿ ་བདུད་ཀྱི་རྒྱལ་པོ་ནོར་གྱི་བྡགཿ ་བདུད་ཞགས་གཡས་ལ་སྤུ་གྲི་གཡོནཿ ་བན་གླང་སྣ་རིང་ཞབས་ཀྱིས་གྣོནཿ ་སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བྡགཿ ་ཕྱག་གཡས་རྡོ་རྗེ་གཡོན་པ་དནཿ ་ར་དཀར་གནམ་རུ་ཞབས་ཀྱིས་གྣོནཿ ་ནག་པོ་ཆེན་པོ་ཚོགས་ཀྱི་བྡགཿ ་ཕྱག་གཡས་བེ་ཅོན་གཡོན་ཐོད་ཁྲགཿ ་རྟ་ནག་མགྱོགས་པ་ཞབས་ཀྱིས་གྣོནཿ ་ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་བྮིཿ ་སྐུ་མདོག་དཀར་སེར་དམར་ནག་མྫེསཿ ་སྒོ་བཞིར་གནས་ལ་ཕྱག་འཚལ་བྶྟོདཿ ་དེད་དཔོན་དྲེགས་པ་འདི་དག་ནིཿ ་ཁྲོ་ཞིང་གཏུམ་པའི་ཚུལ་འཆང་ཞིངཿ ་ན་བཟའ་གཡང་གཞི་འཇིགས་
407a
༄#། །པའི་ཆསཿ ་སྣ་ཚོགས་མཛེས་པའི་རྒྱན་དང་ལྡནཿ ་རང་གི་འཁོར་གཡོག་ཚོགས་ཀྱིས་བྶྐོརཿ ་སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབཿ ་མཆོད་བསྟོད་ཆེན་པོས་ཁྱེད་བསྒྲུབས་ནཿ ་སོ་སོའི་ཚོགས་འདུལ་འཕྲིན་ལས་མྫོདཿ ་ཞེས་བརྗོད་ཏིང་འཛིན་ལྡན་པ་ཡིསཿ ་དྲེགས་པའི་དེད་དཔོན་མཆོད་ཅིང་བྶྟོདཿ ་འདི་ལྟར་སྤྱོད་པའི་རྣལ་འབྱོར་གྱིསཿ ་འཇིག་རྟེན་གཙོ་བདག་གཞུང་བཞིན་བྶྒྲུབཿ ་རྡོ་རྗེ་འཛིན་དང་གཉིས་སུ་མེདཿ ་ཅེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་དེད་དཔོན་ཉེ་བར་སྒྲུབ་པ་རྡོ་རྗེའི་དམ་ཚིག་མཆོད་བསྟོད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བཿ ་འཇིག་རྟེན་དྲེགས་པ་དབང་སྡུད་ཅིངཿ ་ཚར་གཅད་ལས་ལ་བསྐུལ་བའི་ཕྱིརཿ ་བྱིན་རླབས་གནས་པའི་དབང་བསྐུར་བྴདཿ ་གསང་ཞིང་དབེན་པའི་གནས་དག་ཏུཿ ་སྔར་བཤད་ལས་ཀྱི་ཕོ་བྲང་བྴམཿ ་ཡོ་བྱད་རྫས་ཀྱི་ཁྱད་པར་འྥགྶཿ ་མ་ལུས་པར་ནི་གཟུང་བར་བྱཿ ་རྡོ་རྗེ་འཆང་བ་རྗེས་འབྲང་བྕསཿ ་མཚན་ཉིད་ལྡན་པ་མངོན་སུམ་སྦྱརཿ ་དུས་ཀྱི་གྲངས་དང་མཚན་མའི་རྟགྶཿ ་བསྙེན་པའི་ལུང་བཞིན་བརྩོན་པར་འྦདཿ ་གཟུགས་བརྙན་བདག་པོ་སློབ་མ་རྣམྶཿ ་ཁྱད་པར་གནས་པའི་སྟ་གོན་བྱཿ ་
407b
བྲིས་དང་བརྐོས་པ་ལ་སོགས་པའིཿ ་དེད་དཔོན་རྣམས་ཀྱི་གཟུགས་བརྙན་དངཿ ་ཕུར་པ་གྲངས་དང་མཉམ་པར་དྒྲམཿ ་གཞན་ཡང་བུམ་པ་མཆོད་གཏོར་དངཿ ་དུག་གཏོར་ཐུན་གཏོར་ཐུན་རྫས་དངཿ ་ཤ་ཁྲག་བཤོས་ཆང་བཟའ་བཏུང་སོགྶཿ ་རྒྱལ་མཚན་བ་དན་མདའ་དང་གྮུཿ ་དཔའ་བའི་ཆས་དང་རོལ་མོའི་སྒྲཿ ་རབ་ཏུ་བརྡར་ཞིང་མཛེས་པར་བྴམཿ ་རྡོ་རྗེ་འཛིན་པས་ཏིང་འཛིན་གྶལཿ ་ལས་ཀྱི་རྒྱལ་པོས་མཆོད་བསྟོད་བྱཿ ་རྒྱུ་དང་མདངས་ཀྱིས་ཐུགས་དམ་བྶྐངཿ ་བཤགས་དྲལ་གཅུགས་སྤྱང་དབབ་པ་བྱཿ ་མོས་ཤིང་སྤྲོས་བདག་དང་བ་ཡིསཿ ་བདུད་འདུལ་གཙོལ་སྐྱབས་སུ་འྒྲོཿ ་བསྟན་པ་སྲུང་པར་སེམས་བསྐྱེད་དེཿ ་བླ་མ་སངས་རྒྱས་རྡོ་རྗེ་འྫིནཿ ་ཧེ་རུ་ཀ་དང་གཉིས་མེད་ལཿ ་གདུག་བྱེད་ལོག་ལྟ་འདུལ་ནུས་པའིཿ ་མཐུ་དབང་ཆེན་པོའི་གཞུང་འཚལ་གྱིཿ ་བརྩེ་བའི་ཐུགས་ཀྱིས་དགོངས་ནས་ནིཿ ་དཀྱིལ་འཁོར་དམ་པར་གཞུག་ཏུ་གྶོལཿ ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུཿ ་དུས་གསུམ་སངས་རྒྱས་སྐུ་གསུང་ཐུགྶཿ ་གནས་པའི་བསྟན་པ་བསྲུང་བའི་ཕྱིརཿ ་སྤྲོ་བས་འཇུག་པ་ཁྱོད་ལགས་ཀྱིཿ ་མངོན་སྤྱོད་བརྟུལ་ཞུགས་དམ་པ་ཡིསཿ ་དམ་ཚིག་ཆེན་པོའི་སར་འདུག་ཤོགཿ ་མགོན་པོ་ཧེ་རུ་ཀ་དཔལ་རྗེཿ ་འདུལ་བའི་འཁོར་ཚོགས་བཅས་པ་
408a
༄#། །ཡིཿ ་དྲག་ཤུལ་སྤྱོད་པའི་ཕོ་བྲང་དུཿ ་མཛེས་པའི་མེ་ཏོག་བདག་འབུལ་གྱིཿ ་རྡོ་རྗེ་དམ་ཚིག་འདི་བཞེས་ལཿ ་དྲེགས་པ་འདུལ་ནུས་དངོས་གྲུབ་སྩོལཿ ་པྲ་ཏི་གྷརྀ་ཧྞ་པུཥྤ་ཧཱུཾཿ ་དཔལ་ལྡན་རྡོ་རྗེ་འཆང་བ་ཡིཿ ་རྗེས་འཇུག་རིགས་ཀྱི་བུ་ཁྱོད་ནིཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་བསྟན་པ་སྲུང་བའི་སྐལ་ལྡན་ཏེཿ ་སྡེ་དཔོན་དབང་ཆེན་དཀྱིལ་འཁོར་འྡིརཿ ་བསྟན་ལ་རབ་དགའ་སེམས་ཀྱིས་ལྟོསཿ ་བཛྲ་ཡ་ས་མ་ཡ་མ་དྷ་ལ་ཙག་ཤུ་པྲ་བེ་ཤ་ཡ་ཕཊཿ ་རྡོ་རྗེ་བདུད་རྩི་དམ་ཚིག་ཆུཿ ་འདི་ལས་དུས་གསུམ་འདའ་མི་བྱཿ ་གྲུབ་པའི་འབྲས་བུ་གཉིས་ཡིན་ཏེཿ ་ཚུལ་བཞིན་མི་འདའ་བྲོས་དོར་ཅིགཿ ་མཧཱ་ས་མ་ཡ་ཨི་ད་ཏེ་ན་རག་ཀཱན་ཥཱ་པ་མི་ལིཿ ་རྡོ་རྗེ་འཛིན་པ་བཀའ་དྲིན་ཆེཿ ་ཐུགས་རྗེས་རྟག་ཏུ་བྱིན་བརླབས་ཕྱིརཿ ་འདི་ནས་རྫོགས་སངས་རྒྱས་ཀྱི་བརཿ ་མཐུ་སྟོབས་དངོས་གྲུབ་སྩལ་དུ་གྶོལཿ ་བཛྲ་ས་མ་ཡ་ཙིཏྟ་སིདྡྷི་སིདྡྷི་ཧཱུཾཿ ་ཐོག་མའི་སངས་རྒྱས་སྲས་བཅས་ཀྱིཿ ་རྗེས་སུ་སྒྲུབ་པ་བདག་ཡིན་གྱིཿ ་འཇིག་རྟེན་འདས་དང་མ་འདས་པའིཿ ་ལྷ་དང་དྲེགས་པ་མཐུ་སྟོབས་ཅནཿ ་གཙོ་དང་འཁྲོ་དུ་བཅས་རྣམས་ཀྱིསཿ ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དྒོངྶཿ ་རྡོ་རྗེ་སློབ་མ་རིག་འཛིན་ལཿ ་དབང་བསྐུར་དངོས་གྲུབ་
408b
སྩོལ་མཛད་པཿ ་ནུས་ཆེན་རྟགས་མཚན་བསྟན་དུ་གྶོལཿ ་རྡོ་རྗེ་འཛིན་པ་དཔལ་ལྡན་གྱིསཿ ་ཁྲི་སྟན་ཆེན་པོའི་སྟེང་འདུག་ལཿ ་སྣོད་ལྡན་སློབ་མ་མདུན་བཞག་སྟེཿ ་དཀྱིལ་འཁོར་གནས་པའི་བུམ་པ་ཡིསཿ ་སྐུ་གསུང་ཐུགས་སུ་དབང་བསྐུར་བྱཿ ་གཉེན་པོ་གཙོ་དང་གདུལ་བྱའི་ཡུལཿ ་དྲེགས་ཆེན་ཡབ་ཡུམ་འཁོར་བཅས་ཀྱིཿ ་མཛེས་པའི་སྐུ་གཟུགས་སྐུ་ཡི་དྦངཿ ་སོ་སོའི་ཚིག་བསྟོད་སྙིང་པོ་དངཿ ་སྨོན་ལམ་བཅས་པ་གསུང་གིའོཿ ་རང་རྒྱུད་གནས་དག་དོན་རྟགས་ཀྱིསཿ ་ཆོས་སྐུར་དབང་བསྐུར་ཐུགས་ཀྱི་འོཿ ་རིགས་སྦྱངས་སྟོབས་ལ་ངང་གིས་གྶལཿ ་ཕུར་པ་དྲག་ཤུལ་རྫས་ཀྱི་དྦངཿ ་མཆོད་གཏོར་བཤོས་ཆ་སྐུ་གསུང་ཐུགྶཿ ་མ་ལུས་མཉེས་པར་བྱས་པས་ཏེཿ ་ཡོ་བྱད་ཚོགས་ཀྱི་ལོངས་སྤྱོད་སྤེལཿ ་རྒྱལ་མཚན་བ་དན་སྒྲ་དང་བྕསཿ ་དུས་རྣམས་ཀུན་ཏུ་མངའ་ཐང་རྒྱསཿ ་ཤ་ཁྲག་དུག་གཏོར་ཐུན་རྫས་རྣམྶཿ ་དྲེགས་པའི་དེད་དཔོན་དབང་སྡུད་ཅིངཿ ་ཕོ་ཉ་འཕྲིན་ལས་བསྐུལ་མཛད་དེཿ ་མངོན་སྤྱོད་གདུག་པ་ཚར་གཅོད་དྦངཿ ་འདི་དག་ཀྱང་ནི་གཟུགས་བརྙན་སྒྲཿ ་དོན་ངོ་ཤེས་པས་དབང་བསྐུར་ཏེཿ ་ཆོས་སྐུ་སྤྱི་དང་དྲེགས་པ་ཡིཿ ་སྡེ་དཔོན་སོ་སོའི་དམ་ཚིག་རྩལཿ ་ཐུགས་རྗེ་དང་ནི་རྟོགས་པ་ཡིསཿ ་རང་བཞིན་དོན་གྱིས་
409a
༄#། །སྒྲོལ་བྱེད་པའིཿ ་དཔག་མེད་དོན་ཆེན་འདིར་འདུས་ཏེཿ ་ཐ་དད་མི་གནས་གཅིག་ཡིན་ནོཿ ་གཟུང་དང་འཛིན་པའི་བདག་ཉིད་ཀྱིསཿ ་ཕྱི་ནང་འཁོར་བཅས་སོ་སོར་སྣངཿ ་མ་ལུས་དབང་བསྡུ་ཟིལ་མནན་ཕྱིརཿ ་སོ་སོའི་སྙིང་པོ་ཚད་ཀྱིས་བྶྟིམཿ ་ང་རྒྱལ་བརྟན་པོ་བདུན་དུ་སྐྱེསཿ ་དོན་སྙིང་ཤ་རུས་ཁྲག་སོགས་བྯའཿ ་དུས་གསུམ་ཚར་གཅད་དབྱིངས་ནས་དྦྱུངཿ ་གཟུགས་བརྙན་བསྟིམས་ལ་རབ་ཏུ་གྶལཿ ་དབང་བསྡུ་ལས་བཅོལ་གདུལ་བའི་ཕྱིརཿ ་ཞབས་འོག་མནན་ཏེ་བྲན་བཞིན་བྶྒོཿ ་དམ་ཚིག་རྫས་མཆོད་སྔར་བཞིན་གྶོཿ ་དམ་ཚིག་དབབ་ཅིང་བསྟོད་བསྐུལ་བྕོལཿ ་འཇིག་རྟེན་ལྷ་སྲིན་ཁྱེད་རྣམས་ཀྱངཿ ་ང་དང་སངས་རྒྱས་ཐམས་ཅད་ཀྱིསཿ ་ཞལ་མཐོང་ལུང་བསྟན་མཆོག་སྩལ་པཿ ་སྲིད་པའི་ས་བོན་ཕྲ་མོ་ཡིསཿ ་ད་རུང་འཇིག་རྟེན་ལས་ལ་སྤྱོདཿ ་རང་རྒྱུ་ད་རྩུབ་མོས་ཕན་གནོད་སྦྱོརཿ ་ང་ནི་བཀའ་ཡི་དམ་ཚིག་གྯུངཿ ་མ་འོངས་དུས་ན་བསྒྲུབ་བྱ་དངཿ ་སྒྲུབ་པར་བྱེད་པ་དེ་དག་དངཿ ་མཉམ་པར་ཀུན་ལ་དབང་བསྒྱུར་ཏེཿ ་ཆོས་ཉིད་རིག་པའི་རྒྱལ་པོ་རྫོགྶཿ ་ཐེག་མཆོག་མ་འདྲེས་ཅིར་ཡང་སྟོནཿ ་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིརཿ ་རྒྱལ་ཚབ་སྤྱི་བོར་བཞག་གནས་པཿ ་ཀུན་ཏུ་བཟང་པོ་
409b
ཉིད་ཐོབ་འྒྱུརཿ ་ཅེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་ཉེ་བར་སྒྲུབ་པའི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རབ་ཏུ་བཤད་བྱ་བཿ ་དྲེགས་པའི་འཁོར་ཚོགས་མཉེས་བྱའི་ཕྱིརཿ ་མཐུན་རྫས་གཟུགས་ཀྱིས་བཀང་བ་ནིཿ ་རི་བོའི་རྩེ་མོའི་ཆུ་བོའི་མྡོཿ ་འཇིག་རྟེན་དབང་ཕྱུག་འདུ་གནས་སུཿ ་སྐལ་མེད་ཡུལ་ལ་མཆོད་སྦྱིན་གྣསཿ ་ཐོད་མཁར་རེ་མིག་དགུ་སོགས་སམཿ ་ཡང་ན་གླིང་བཞི་རི་རབ་བྲྩིགྶཿ ་འབྲུ་དང་ཤ་ཁྲག་སྣ་ཚོགས་པཿ ་རིན་ཆེན་སྤོས་སྨན་མེ་ཏོག་སྩལཿ ་དྲེགས་པ་བདག་པོ་སོ་སོ་ཡིཿ ་གཟུགས་བརྙན་རང་གི་འཁོར་དང་བྕསཿ ་སྐུ་མདོག་ཕྱག་མཚན་ཡོངས་རྫོགས་ཤིངཿ ་རང་གི་གདན་ཁྲི་བཞོན་པར་བྕིབྶཿ ་རི་རབ་ཐོད་མཁར་ཡང་སྟེང་དུཿ ་ལྷ་ཆེན་ཡབ་ཡུམ་འཁོར་བཅས་བྮུགྶཿ ་བང་རིམ་རེ་མིག་དང་པོ་གྶུམཿ ་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་གཟའ་དང་ཀླུ་རྣམས་ཀྱིཿ ་སྡེ་དཔོན་ཡབ་ཡུམ་འཁོར་བཅས་དྒོདཿ ་གཉིས་པོ་ལ་ནི་དཀར་པོ་དངཿ ་ནག་མོ་དམར་པོ་ནག་པོའོཿ ་སྡེ་དཔོན་བཅུ་གཉིས་གནས་སུ་བྱཿ ་གསུམ་པའི་ཕྱོགས་བཞིར་སྒོ་སྲུང་བྮིཿ ་འཁོར་བཅས་རང་གི་གནས་སུ་དྒོདཿ ་ཐ་མ་གསུམ་མམ་བཞི་པ་ལཿ ་ཕྱི་ནང་གསང་བ་སྦས་པ་ལཿ ་གསང་
410a
༄#། །བའི་གཏེར་དང་དྲག་པོ་སྔགྶཿ ་ལས་བྱེད་བཏགས་ཆགས་ལྷ་མ་སྲིནཿ ་སྡེ་བརྒྱད་གཟུགས་བརྙན་གནས་སུ་དྒོདཿ ་གཙོ་ཆེན་སུམ་ཅུའི་མཐུན་རྫས་ནིཿ ་རང་གི་གདན་ནམ་བཞོན་པ་ཡིཿ ་སྲོག་ཆགས་གཟུགས་ནི་ལྔ་འམ་བྕུཿ ་བརྒྱའམ་སྟོང་ངམ་གྲུབ་ཚད་བྱཿ ་སྐྱེས་པ་བུད་མེད་གླང་ཆེན་རྟཿ ་བན་གླང་ར་ལུག་བྱ་ར་ཁྱིཿ ་ལོངས་སྤྱོད་བསྐོང་རྫས་སྔར་བཞིན་ནོཿ ་སྡེ་བརྒྱད་ཕལ་པ་ཀུན་ལ་ནིཿ ་ཤེས་ལྡན་མི་དང་བྱོལ་སོང་སྟེཿ ་འདབ་ཆགས་གཅན་གཟན་རི་དྭགས་དངཿ ་ས་ཆུར་གནས་དང་དུད་འགྲོའི་ཚོགྶཿ ་མཐོང་ཐོས་དྲན་པ་རྣམས་ཀྱི་གྯུགྶཿ ་ཇི་ལྟར་ནུས་པའི་གྲངས་ཀྱིས་བྶྐོརཿ ་འདི་དག་བསྐང་བའི་ཡོ་བྱད་ནིཿ ་འགྲོ་བའི་གླུད་དུ་འབུལ་བ་ནིཿ ་རིན་ཆེན་ངར་མི་རྒྱན་ལྡན་དངཿ ་ནམ་མཁའ་སེམས་ཀྱི་གཟུགས་བརྙན་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་གླུད་ཡུལ་མཁར་མཚོན་པ་དངཿ ་སྐྱེས་པ་བུད་མེད་ཕྱག་ཆ་དངཿ ་རྒྱལ་མཚན་བ་དན་རུ་མཚོན་རྣམྶཿ ་དྲེགས་པ་སོ་སོའི་སྐུ་མདོག་དངཿ ་མཐུན་པ་གྲངས་མཉམ་གནས་སུ་དྒོདཿ ་མཆོད་གཏོར་བཤོས་ཆ་མར་མེ་དངཿ ་གླིང་ཚད་ཆུང་དུ་དེ་བཞིན་ནོཿ ་བཟློག་གསད་དྲག་པོ་ཟོར་གྱི་རྫསཿ ་སྦྱིན་པའི་ས་ལ་ཟོར་ཕོར་དུཿ ་གྲུ་གསུམ་མཉམ་
410b
བྱས་དུག་ཁྲག་དངཿ ་ཐུན་རྫས་སྣ་ཚོགས་སྩལ་བ་དངཿ ་གདུག་པའི་ཤིང་གི་རྩང་ཕུར་དངཿ ་བནྡྷ་དུག་ཐུན་གཏོར་མར་བྕསཿ ་བཞི་བརྒྱད་བཅུ་དྲུག་སུམ་ཅུ་གྙིསཿ ་ཅི་རིགས་སྦྱར་ཏེ་མཛེས་པར་དྒོདཿ ་སྟེང་དུ་ཞིང་ཝགྶ་གཡང་གཞི་འམཿ ་དར་ནག་མཚོན་སྐུད་གདུགས་ཀྱིས་དྦུབཿ ་ཐ་མར་རས་བཟང་ཡོལ་བས་བྲེསཿ ་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་གཙོ་ཆེན་བསྐྱེད་ཅིང་རྫོགས་པ་དངཿ ་དྲེགས་པ་མཆོད་བསྟོད་མཉེས་བྱས་ནསཿ ་གཟུགས་བརྙན་མཐུན་རྫས་བསྔོ་བ་ནིཿ ་རྣལ་འབྱོར་ཏིང་འཛིན་ང་རྒྱལ་གྶལཿ ་བདུད་རྩི་མཆོད་སྐྱེམས་རཀྟ་སྦྲེངཿ ་ཤ་ཆེན་སྤོས་ཀྱི་དྲི་བསུང་འྦུལཿ ་རྔ་ཆེན་གླིང་བུ་རོལ་མོ་སྒྲ་ཆེན་བྶྒྲགྶཿ ་མདའ་ཆེན་བ་དན་ནག་པོས་གཡབཿ ་ཧཱུཾ་ང་ནི་དཔལ་ཆེན་ཧེ་རུ་ཀཿ ་གདུལ་དཀའ་མ་ལུས་འདུལ་བར་བྱེདཿ ་འཇིག་རྟེན་དྲེགས་པ་ཟས་སུ་ཟཿ ་ཁམས་གསུམ་སྲིད་གསུམ་ང་ཡི་དྦངཿ ་སྣང་སྲིད་འཁྲོ་འདས་ང་ཡི་བྲནཿ ་ང་ཡི་བཀའ་བཞིན་འདིར་འདུས་ཤིགཿ ་ཉོན་མོངས་དབང་གིས་དྲེགས་པ་ཡིཿ ་ལྷ་བདུད་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་གཟའ་ཀླུ་རྒྱལ་པོ་དངཿ ་གིང་དང་མ་མོ་ལྷ་བཙན་དངཿ ་རང་གི་སྡེ་དང་གཡོག་ཏུ་བྕསཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་རི་རབ་ཆེན་པོའི་ཡང་སྟེང་ནསཿ ་ལྷ་ཆེན་དབང་
411a
༄#། །ཕྱུག་ཆེན་པོ་བྮེངྶཿ ་བཙུན་མོ་ཨུ་མ་དེ་བ་བྮེངྶཿ ་ན་བཟའ་དར་ནག་བེར་ཆེན་གྶོལཿ ་ཆིབས་སུ་སེངྒེ་གླང་ཆེན་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཡས་ན་ཕོ་རྒྱུད་ཕོ་ཉར་འྒྱེདཿ ་གཡོན་ན་མོ་རྒྱུད་ལས་ལ་འྑོལཿ ་འཁོར་དུ་འཇིག་རྟེན་དྲེགས་པས་བྶྐོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་རྩལ་གྱི་རྒྱལ་པོ་སེངྒེ་དངཿ ་སྟོབས་ཀྱི་རྒྱལ་པོ་གླང་ཆེན་དངཿ ་ཤེས་ལྡན་མི་དང་ཅང་ཤེས་རྟཿ ་ཐེག་ཆེན་གླང་དང་འདོད་འཇོའི་བཿ ་རིན་ཆེན་ལུག་དང་གཙང་ལྡན་དངཿ ་ཐོས་གསང་ཁྱི་དང་མཁའ་ལྡིང་བྱཿ ་ཁྱེད་ཀྱིས་བཞེས་པའི་དཀོར་དུ་འྦུལཿ ་རིན་ཆེན་རྒྱན་ལྡན་དར་མི་དངཿ ་སེམས་ཀྱི་གཟུགས་བརྙན་ནམ་མཁའ་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་རིས་ཡུལ་མཁར་མཚོན་པ་དངཿ ་ཕོ་གླུད་མདའ་དང་མོ་གླུད་འྥངཿ ་རྒྱལ་མཚན་པ་དན་རུ་མཚོན་རྣམྶཿ ་ཉིད་ཀྱི་སྐུ་མདོག་དང་མཐུན་པའིཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འྦུལཿ ་དམ་རྫས་སྦྱར་བའི་མཆོད་གཏོར་དངཿ ་མཐུན་རྫས་ལྡན་པའི་བཤོས་ཆ་དངཿ ་སྣང་གསལ་འོད་ལྡན་མར་མེ་དངཿ ་རྒྱན་ལྡན་མཛེས་པའི་གླིང་ཚད་དངཿ ་མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ་ཞིམ་པའི་དྲི་དང་བདའ་
411b
བའི་རོཿ ་ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འྦུལཿ ་ལྷ་ཆེན་ཡབ་ཡུམ་འཁོར་དང་བྕསཿ ་སྔོན་གྱི་དམ་ཚིག་རྗེས་དགོངས་ཏེཿ ་མདོས་གླུད་མཐུན་རྫས་བཞེད་པའི་དྐོརཿ ་སྣ་ཚོགས་སྦྱར་བ་འདི་བཞེས་ལཿ ་སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངྶཿ ་དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བྶྟོདཿ ་རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལཿ ་སྒྲུབ་པ་པོ་ལ་བར་གཅོད་པའིཿ ་སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་རྣམྶཿ ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དངཿ ་གློ་བུར་གནོད་པ་བརྒྱད་ཅུ་གྕིགཿ ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུའི་ཚོགྶཿ ་དུས་མིན་འཆི་བ་རྣམ་བརྒྱད་དངཿ ་གཤིས་ངན་འགུམ་པ་བཅོ་ལྔ་དངཿ ་གཟུགས་ཅན་དགྲ་དང་གཟུགས་མེད་བྒེགྶཿ ་རྨི་ལམ་མཚན་ལྟས་ངན་པ་རྣམྶཿ ་ཞི་དང་བསལ་ཞིང་བཟློག་པ་དངཿ ་གདུལ་དང་ཚར་གཅད་ལས་མཛོད་ཅིགཿ ་རི་རབ་ཆེན་པོའི་ཤར་ཕྱོགས་ནསཿ ་སྲིད་པའི་རྒྱལ་པོ་སྐོས་རྗེ་ནིཿ ་བདུད་རྣམས་ཀུན་གྱི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་བེར་ཆེན་གྶོལཿ ་རལ་པ་ནག་པོ་མུན་ལྟར་བྟིབྶཿ ་སྤྱན་མིག་ཉི་ཟླ་འཁྱིལ་བ་འྡྲཿ ་རྣོ་དཔལ་མཆེ་བ་ཟླ་ཚེས་གྩིགྶཿ ་སྨ་ར་ཁམ་ནག་སྲིད་རྩེར་འྦརཿ ་ཆིབས་སུ་བདུད་རྟ་ནག་པོ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཁྲམ་ཐོག་བདུད་སྡེ་གཡས་ནས་
412a
༄#། །རོལཿ ་ཤོ་ཐོགས་རྩིས་པ་གཡོན་ནས་འྒྱེདཿ ་སྣང་སྲིད་ཕོ་བདུད་ཁྱོད་ཀྱི་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་ཤུགས་ལྡན་རྟ་ནག་ལ་སོགས་པཿ ་ཁྱོད་ཀྱི་བཞེད་པའི་དཀོར་དུ་འྦུལཿ ་རིན་ཆེན་ངར་མི་ལ་སོགས་པཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འྦུལཿ ་དམ་རྫས་མཆོད་གཏོར་ལ་སོགས་པཿ ་ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འྦུལཿ ་སྲིད་པའི་བདུད་རྗེ་འཁོར་བཅས་ཀྱིསཿ ་སྔོན་གྱི་དམ་ཚིག་རྗེས་དགོངས་ལཿ ་ཇི་ལྟར་བཅོལ་བའི་ལས་མཛོད་ཅིགཿ ་བདུད་མོ་ཆེན་མོ་རེ་མ་ཏིཿ ་མ་བདུད་ཀུན་གྱི་སྡེ་དཔོན་བྮེངྶཿ ་དཔལ་ལྡན་ནག་མོ་འཇིགས་གཟུགས་ཅནཿ ་ནག་མོ་ཤ་ཟློག་བདུད་ཀྱི་མཿ ་སྐུ་ལ་མཐིང་ནག་བེར་ཆེན་གྶོལཿ ་ཆིབས་སུ་བོང་བུ་གཝ་དམར་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་མ་བདུད་འབུམ་ཕྲག་ཕོ་ཉར་འྒྱེདཿ ་ནག་མོ་སྟོང་སྡེ་ལས་ལ་འྫུདཿ ་སྣང་སྲིད་བདུད་མོ་ཁྱོད་ཀྱི་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་ཅང་ཤེས་བོང་བུ་ལ་སོགས་པཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་སྲིད་པའི་བདུད་མོ་འཁོར་བཅས་ཀྱིསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོའི་ལྷོ་ཕྱོགས་ནསཿ ་གཤིན་རྗེ་ཡ་
412b
མ་རཱ་ཛ་སྟེཿ ་གཤིན་རྗེའི་ཚོགས་ཀྱི་སྡེ་དཔོན་བྮེངྶཿ ་སྐུ་མདོག་ནག་པོ་རལ་པ་ཅནཿ ་གདུག་པའི་ཐོད་སྦྲུལ་གཡང་གཞིས་བྲྒྱནཿ ་གཅན་གཟན་གདུག་པའི་པགས་པས་དྐྲིསཿ ་ཤ་ཟའི་མགོ་གཅད་ཐོད་དུ་བྕིངྶཿ ་ཞལ་བགྲད་མཆེ་བ་རབ་ཏུ་གྩིགྶཿ ་མ་ཧེ་ནག་པོ་ཆིབས་སུ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཤིན་རྗེ་ཕོ་མོ་ཕོ་ཉར་འྒྱེདཿ ་འཆི་བདག་གཤིན་རྗེ་བཙུན་མོ་སྟེཿ ་གསོད་བྱེད་མོན་མོའི་ཚུལ་འཛིན་ཅིངཿ ་གཤིན་རྗེ་མོ་ཡི་སྡེ་དཔོན་བྮེངྶཿ ་ཟ་བྱེད་དུར་ཁྲོད་ཆས་ཀྱིས་བྲྒྱནཿ གཡང་གཞི་ནག་མོ་སྐུ་ལ་གྶོལཿ ་ཆུ་གླང་ནག་པོ་ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཡི་དྭགས་ཕོ་མོ་ལས་ལ་འྫུདཿ ་སྣང་སྲིད་གཤིན་རྗེ་ཁྱོད་ཀྱི་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་མ་ཧེ་ཆུ་གླང་ལ་སོགས་པཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་གཤིན་རྗེ་ཕོ་མོ་འཁོར་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོའི་ནུབ་ཕྱོགས་ནསཿ ་སྲིན་པོ་ནག་པོ་གློག་ཕྲེང་ཅནཿ ་སྲིན་པོའི་ཚོགས་ཀྱི་སྡེ་དཔོན་བྮེངྶཿ ་སྐུ་མདོག་མཐིང་ནག་འབར་བ་ལཿ ་གློག་དང་འོད་ཀྱི་ཕྲེང་བས་བྲྒྱནཿ ་འབྲུག་ཆེན་འུར་པ་ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིན་པོ་འབུམ་ཕྲག་ཕོ་ཉར་འྒྱེདཿ ་སྲིན་མོ་གསོད་བྱེད་ལས་ལ་
413a
༄#། །འྫུདཿ ་གཅན་གཟན་གདུག་པ་ཕྱི་ནས་རོལཿ ་འཁོར་དུ་སྣང་སྲིད་སྲིན་པོས་བྶྐོརཿ ་སྲིན་མོ་སྦལ་མགོ་ཁྲག་མིག་མཿ ་སྲིན་མོ་རྣམས་ཀྱི་སྡེ་དཔོན་བྮེངྶཿ ་སྐུ་མདོག་དམར་ནག་འཇིགས་སུ་རུངཿ ་ལུས་ལ་ཁྲག་གིས་ལྭ་ནག་གྶོལཿ ་རུས་སྦལ་དཀར་པོའི་ཐོར་ཚུགས་ཅནཿ ་ཆིབས་སུ་རྔ་མོ་གདོང་དྲུག་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་སྲིན་མོ་ཁ་འབར་ཕོ་ཉར་འྒྱེདཿ ་གདོང་སྲིན་ནག་མོ་ལས་ལ་འྫུདཿ ་སྣང་སྲིད་སྲིན་མོ་འཁོར་དང་བྕསཿ ་སྲོག་གཅོད་སྲིན་པོ་ཡབ་ཡུམ་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་འབྲུག་སྔོན་རྔ་མོ་ལ་སོགས་པཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་སྲིན་པོ་ཕོ་མོའི་འཁོར་གྱིས་བྶྐོརཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོའི་བྱང་ཕྱོགས་ནསཿ ་གནོད་སྦྱིན་ཡཀྵ་མེ་དབལ་ཅནཿ ་གནོད་སྦྱིན་ཀུན་གྱི་སྡེ་དཔོན་བྮེངྶཿ ་སྐུ་མདོག་མཐིང་སྡོན་འབར་བ་ལཿ ་མེ་དཔུང་ཚུབ་མ་ན་བཟར་གྶོལཿ ་སྟག་སེང་རྔམ་པ་ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཡས་ན་མེ་དབལ་འབར་བ་ལཿ ་གཡོན་ན་དུ་འཐུལ་ཕྱུ་རུ་རུཿ ་གནོད་སྦྱིན་སྟོང་སྡེ་ཕོ་ཉར་འྒྱེདཿ ་ཞུབ་ཆས་འབུམ་སྡེ་ལས་ལ་འྫུདཿ ་འཇིག་རྟེན་གནོད་སྦྱིན་འཁོར་གྱིས་བྶྐོརཿ ་གནོད་
413b
སྦྱིན་ཆེན་མོ་བློ་མོན་མཿ ་གནོད་སྦྱིན་བུ་མོ་གདུག་པ་ཅནཿ ་ནག་མོ་རྡོ་རྗེ་ལྕགས་མཆུ་མཿ ་སྙན་ཆ་རིན་ཆེན་ནེའུ་ལེས་བྲྒྱནཿ ་སྐུ་ལ་བ་ཏི་ནག་པོ་གྶོལཿ ་ཆིབས་སུ་ལྕགས་ཀྱི་ཕག་མོ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ནོར་འཛིན་མོ་ནི་ཕོ་ཉར་འྒྱེདཿ ་གློ་མོན་ནག་མོ་ལས་ལ་འྫུདཿ ་གནོད་སྦྱིན་མོ་ནི་འབུམ་སྡེས་བྶྐོརཿ ་ཤན་པ་གནོད་སྦྱིན་ཡབ་ཡུམ་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་སྟག་སེང་ཕག་མོ་ལ་སོགས་པའིཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་གནོད་སྦྱིན་ཕོ་མོ་འཁོར་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོའི་སྟེང་ཕྱོགས་སུཿ ་གཟའ་བདུད་ཆེན་པོ་མི་བཟད་པཿ ་རོག་ཏི་ཁྱབ་འཇུག་རཱ་ཧུ་ལཿ ་གཟའ་བདུད་སྡེ་དཔོན་ཆེན་པོ་བྮེངྶཿ ་མགོ་དགུ་སྨད་སྦྲུལ་མགོ་མང་ལུསཿ ་ཆིབས་སུ་འབྲུག་ཆེན་གློག་འགྱུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་འབྲུག་སྒྲ་སྟོང་གསུམ་ལྡི་རི་རིཿ ་ནམ་མཁའ་གློག་འོད་ཁྱུགས་སེ་ཁྱུགྶཿ ་གཟའ་བྲན་རྒྱུ་སྐར་ཕོ་ཉར་འྒྱེདཿ ་ཐོག་སེར་ཀི་ཀང་དྲག་ཏུ་འྦེབྶཿ ་གཟའ་བདུད་སྟོང་གི་འཁོར་གྱིས་བྶྐོརཿ ་གནམ་སྨན་ཐོག་གི་བུ་ཡུག་མཿ ་གདོང་མོ་རྣམས་ཀྱི་སྡེ་དཔོན་བྮེངྶཿ ་སྐུ་མདོག་དམར་སྐྱ་མཛེས་པ་ལཿ ་ན་བཟའ་གུ་ཟུ་མཛེས་པ་གྶོལཿ ་འབྲུག་སྒྲ་གློག་གི་འོད་ལ་ཞོནཿ ་
414a
༄#། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཟའ་ཆེན་ཉི་ཟླ་ཀླད་ལ་བྶྐོརཿ ་རྒྱུ་སྐར་ཚོགས་ནི་ཞལ་ལ་འྖརཿ ་ལྷ་སྨན་འབུམ་ནི་ཕོ་ཉར་འྒྱེདཿ ་གདོང་ཟོར་མ་མོ་ལས་ལ་འྫུདཿ ་ཟོར་གདོང་སྲིན་མོའི་འཁོར་གྱིས་བྶྐོརཿ ་གཟའ་གདོང་གནམ་སྨན་ཡབ་ཡུམ་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་འབྲུག་ཆེན་འུར་པ་ལ་སོགས་པའིཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་གཟའ་བདུད་གདོང་མོ་སྨན་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོའི་འོག་ཕྱོགས་ནསཿ ་ཀླུ་བདུད་ནག་མོ་མགོ་དགུ་པཿ ་ཀླུ་རྣམས་ཀུན་གྱི་སྡེ་དཔོན་ཡིནཿ ་སྐུ་སྟོད་དུད་ཁ་ནག་མོ་ལཿ ་ཚ་བའི་འབུ་སྲིང་ཉི་ལི་ལིཿ ་སྐུ་སྨད་དུག་སྦྲུལ་ནག་པོ་ལཿ ་གྲང་བའི་སྦལ་ལྕོང་ཕ་ལ་ལཿ ་ཆིབས་སུ་ཆུ་སྲིན་མགོ་དགུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཀླུ་རྒྱལ་སྟོང་ནི་ཕོ་ཉར་འྒྱེདཿ ་ཀླུ་བྲན་འབུམ་ནི་ལས་ལ་འྫུདཿ ་ཀླུ་བདུད་གདུག་པའི་འཁོར་གྱིས་བྶྐོརཿ ་ཀླུ་མོ་ཡཀྵ་ནག་མོ་ནིཿ ་ཀླུ་བདུད་ནག་མོའི་སྡེ་དཔོན་བྮེངྶཿ ་སྐུ་མདོག་དུད་ཁ་འཇིགས་བག་ཅནཿ ་སྦྲུལ་ནག་གཤིབས་པའི་རལ་པ་ལསཿ ་མཛེ་དང་ཤུ་བའི་ཚ་ཚ་འྥྲོཿ ་སྦྲུལ་གྱི་ཐུལ་བ་ན་བཟར་གྶོལཿ ་སྦལ་སྦྲུལ་ཉེའུ་ཐ་ར་རཿ ་རུས་སྦལ་ནག་པོ་
414b
ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཀླུ་རིགས་ལྔ་ཡི་སྤྲུལ་པ་འྒྱེདཿ ་ས་བདག་གདུག་པའི་ཕོ་ཉ་གྟོངཿ ་སྣང་སྲིད་ཀླུ་མོའི་འཁོར་དང་བྕསཿ ་གདུག་པ་ཀླུ་བདུད་ཡབ་ཡུམ་འྑོརཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་ཆུ་སྲིན་རུས་སྦལ་ལ་སོགས་པའིཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་ཀླུ་བདུད་ཕོ་མོ་ཡབ་ཡུམ་འྑོརཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོ་མཛེས་པ་ཡིཿ ་བང་རིམ་གཉིས་པའི་ཤར་ཕྱོགས་ལཿ ་གནོད་སྦྱིན་རྒྱལ་པོ་གང་བ་བྯངཿ ་སྲིད་པ་ལྷ་ཡི་སྡེ་དཔོན་བྮེངྶཿ ་མདོག་དཀར་རལ་ཀ་འབར་བ་གྶོལཿ ་གནམ་རུ་དཀར་པོ་ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གནོད་སྦྱིན་སྟོང་ནི་ཕོ་ཉར་འྒྱེདཿ ་ལྷ་དམག་འབུམ་སྡེ་ལས་ལ་འྫུདཿ ་བ་དན་ཅན་ནི་གཡས་ནས་རོལཿ ་གོ་མཚོན་ཅན་ནི་གཡོན་ནས་རོལཿ ་གནོད་སྦྱིན་ལྷ་ཡི་འཁོར་དང་བྕསཿ ་སྐྱེས་བུ་གནམ་རྒྱལ་ཆེན་པོ་ནིཿ ་རྒྱལ་ཕྲན་ཀུན་གྱི་སྡེ་དཔོན་བྮེངྶཿ ་ན་བཟའ་དར་ཟབ་བེར་ཆེན་གྶོལཿ ་རྟ་དཀར་རྒྣོག་དམར་ཆིབས་སུ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་རྒྱལ་བྲན་སྟོང་སྟེ་ཕོ་ཉར་འྒྱེདཿ ་གྲོང་རྒྱུ་ཕྲ་མོ་ལས་ལ་འྫུདཿ ་ཐེ་
415a
༄#། །རྒྱལ་ཕྲ་མོའི་འཁོར་དང་བྕསཿ ་སྤྱི་བདུད་རྒྱལ་པོ་གུ་རུམ་རྩེཿ ་མི་མ་ལྷ་ཡི་སྡེ་དཔོན་བྮེངྶཿ ་སྐུ་སྟོད་རྒྱ་ཆེའི་སློག་པ་གྶོལཿ ་འབུམ་བྱེ་སྨད་ཀྱི་ཤམ་ཐབས་ཅནཿ ་དབུ་ལ་ཤེལ་རྨོག་དཀར་པོ་གྶོལཿ ་ཆིབས་སུ་རྡོ་རྟ་གྲོ་བོ་བྕིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིད་པའི་ཁྱུང་ཆེན་ཀླད་ན་ལྡིངཿ ་སྟག་སེང་ཚང་མ་ཕྱི་ནས་རོལཿ ་སྡེ་དཔོན་མཆེད་ལྔ་ཕོ་ཉར་འྒྱེདཿ ་མ་སངས་སྤུན་དགུ་ལས་ལ་འྫུདཿ ་ལྷ་མ་སྲིན་གྱི་འཁོར་དང་བྕསཿ ་སྐྱེས་བུ་དཀར་པོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་གནམ་རུ་རྟ་དཀར་གྲོ་བོ་ཆིབྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་དཀར་པོ་སྡེ་གསུམ་འཁོར་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་བང་རིམ་གཉིས་པའི་ལྷོ་ཕྱོགས་ནསཿ ་མ་ཆེན་སྲིད་པའི་རྒྱལ་མོ་ནིཿ ་སྣང་སྲིད་མ་མོའི་སྡེ་དཔོན་བྮེངྶཿ ་ན་བཟའ་དར་ནག་གུ་ཟུ་གྶོལཿ ་ཆིབས་སུ་འབྲུག་མོ་ཡིད་མགྱོགས་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཚོགས་ཀྱི་རྗེ་མོ་ཕོ་ཉར་འྒྱེདཿ ་སྨན་མོ་ལྔ་བཅུ་རྩ་བརྒྱད་འྑོརཿ ་སྣང་སྲིད་མ་མོའི་ཚོགས་ཀྱིས་བྶྐོརཿ ་ཨེ་ཀ་ཛ་ཊི་རལ་གཅིག་མཿ ་བཀའ་ཡི་སྲུང་མའི་
415b
སྡེ་དཔོན་ནིཿ ་སྐུ་ལ་ན་བཟའ་མཐིང་ནག་གྶོལཿ ་ཆིབས་སུ་དྲེ་རྟ་ནག་མོ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིན་མོ་ནག་མོ་ཕོ་ཉར་འྒྱེདཿ ་བལ་མོ་ནག་མོ་ལས་ལ་འྑོལཿ ་མོན་མོ་ནག་མོ་སྣ་ཚོགས་སྤྲུལཿ ་སྨུག་ནག་འབུམ་གྱི་འཁོར་དང་བྕསཿ ་དཔལ་ལྡན་ནག་མོ་མགྱོགས་བྱེད་མཿ ་མཁའ་འགྲོ་ཚོགས་ཀྱི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་གུ་ཟུ་གྶོལཿ ་ཆིབས་སུ་སོ་བྱ་རོག་པོ་ཞོནཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་རིགས་ཀྱི་མཁའ་འགྲོ་ཕོ་ཉར་འྒྱེདཿ ་སྣ་ཚོགས་མཁའ་འགྲོ་ལས་ལ་འྫུདཿ ་སྣང་སྲིད་མཁའ་འགྲོའི་འཁོར་གྱིས་བྶྐོརཿ ་དཔལ་ལྡན་ནག་མོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་འབྲུག་དང་དྲེ་རྟ་སོ་བྱ་སོགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་ནག་མོ་སྡེ་གསུམ་འཁོར་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་བང་རིམ་གཉིས་པའི་ནུབ་ཕྱོགས་ནསཿ ་སྐྱེས་བུ་རྡོ་རྗེ་བདུད་འདུལ་ནིཿ ་གནོད་སྦྱིན་རུ་ཏྲའི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་བེར་ཆེན་གྶོལཿ ་རལ་པ་ནག་པོ་མུན་ལྟར་གྟིབྶཿ ་ཆིབས་སུ་རྟ་དྲེའུ་ནག་པོ་ཆིབྶཿ ་ཞིང་ལྤགས་གྱོན་པ་ཕོ་ཉར་འྒྱེདཿ ་རལ་འཆས་བགོས་པ་ལས་ལ་འྫུདཿ ་སྣང་སྲིད་རུ་
416a
༄#། །ཏྲའི་འཁོར་གྱིས་བྶྐོརཿ ་བཙན་རྒྱལ་སྲོག་ཟན་དམར་པོ་ནིཿ ་སྲིད་པའི་བཙན་གྱི་སྡེ་དཔོན་བྮེངྶཿ ་སྐུ་ལ་དར་དཀར་རས་དམར་གྶོལཿ ་ཆིབས་སུ་རྟ་དམར་གློག་འགྱུ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་དབུ་ལ་བསེ་རྨོག་དམར་པོ་གྶོལཿ ་བཙན་པོ་ཁ་བཞི་ཕོ་ཉར་འྒྱེདཿ ་མགྱོགས་པ་སྡེ་བརྒྱད་ལས་ལ་འྫུདཿ ་སྣང་སྲིད་དྲེགས་པའི་བཙན་གྱིས་བྶྐོརཿ ་སྐྱེས་བུ་ཡམ་ཤུད་དམར་པོ་ནིཿ ་བཙན་འགོང་རྣམས་ཀྱི་སྡེ་དཔོན་བྮེངྶཿ ་སྐུ་ལ་ཟབ་དམར་བེར་ཆེན་གྶོལཿ ་ཆིབས་སུ་རྟ་དམར་ཡིད་མགྱོགས་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཡས་སུ་བྲོ་བརྡུང་ཆི་ལི་ལིཿ ་གཡོན་ན་སྤྱུགས་གླུ་ཀྱུ་རུ་རུཿ ་རྟ་ཞོན་སྟོང་ནི་ཕྱི་ན་འྦྲེངཿ ་སྲིད་པའི་བཙན་འགོད་འཁོར་དང་བྕསཿ ་སྐྱེས་མཆོག་དམར་པོ་སྡེ་གསུམ་ནིཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་དྲེ་ནག་རྟ་དམར་ལ་སོགས་པའིཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་དམར་པོ་སྡེ་གསུམ་འཁོར་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་བང་རིམ་བཞི་པའི་བྱང་ཕྱོགས་ནསཿ ་བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལཿ ་ལོག་འདྲེན་ཀུན་གྱི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་བེང་ཆེན་གྶོལཿ ་ཆིབས་
416b
སུ་རྟ་ནག་མགྱོགས་པ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་རྒྱལ་ཆེན་བཞི་ནི་ཕོ་ཉར་འྒྱེདཿ ་ཕྱོགས་སྐྱོང་ཚོགས་ནི་ལས་ལ་འྫུདཿ ་སྣང་སྲིད་བགེགས་ཀྱི་ཚོགས་ཀྱིས་བྶྐོརཿ ་དབང་ཕྱུག་གུ་ལང་ནག་པོ་ནིཿ ་མུ་སྟེགས་ཚོགས་ཀྱི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་བེར་ཆེན་གྶོལཿ ་ཆིབས་སུ་སྟག་སེང་མ་ཧེ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ས་གཞི་ཀུན་ནི་དམག་གིས་འྒེངྶཿ ་བར་སྣང་མཚོན་དང་དར་གྱིས་བྐངཿ ་ནམ་མཁའ་གློག་དང་འོད་ཀྱིས་འྒེངྶཿ ་གཅན་གཟན་འདབ་ཆགས་རྒྱུག་ཅིང་ལྡིངཿ ་མུ་སྟེགས་ནག་པོའི་འཁོར་གྱིས་བྶྐོརཿ ་དམུ་བདུད་ནག་མོ་བཀྲག་མེད་ནིཿ ་དམུ་བདུད་ཚོགས་ཀྱི་སྡེ་དཔོན་བྮེངྶཿ ་ན་བཟའ་མཐིང་ནག་བེར་ཆེན་གྶོལཿ ་ཆིབས་སུ་དམུ་རྟ་ནག་པོ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་དམུ་བདུད་འབུམ་ཕྲག་ཕོ་ཉར་འྒྱེདཿ ་དམུ་བྲན་སྟོང་སྡེ་ལས་ལ་འྫུདཿ ་སྣང་སྲིད་དམུ་ཡི་འཁོར་གྱིས་བྶྐོརཿ ་སྐྱེས་མཆོག་ནག་པོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་སྟག་སེང་མ་ཧེ་རྟ་ལ་སོགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་ཕྱི་རོལ་ནག་པོའི་ཚོགས་དང་བྕསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མྫོདཿ ་རི་རབ་ཆེན་པོ་མཛེས་པ་ཡིཿ ་བང་རིམ་
417a
༄#། །གསུམ་པའི་ཤར་ཕྱོགས་ལཿ ་ཚངས་པ་དཀར་པོ་སྲོག་གི་བྡགཿ ་ལྷ་ཆེན་གིང་གི་སྡེ་དཔོན་བྮེངྶཿ ་སྲིད་པ་གསུམ་གྱི་མྱུར་མགྱོགས་པརཿ ་སྐུ་ལ་བྱ་རྒོད་ཐུལ་བ་གྶོལཿ ་ཆིབས་སུ་སེངྒེ་དཀར་པོ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གིང་ཆེན་བཅོ་བརྒྱད་ཕོ་ཉར་འྒྱེདཿ ་གིང་བདུད་ཕོ་མོ་ལས་ལ་འྒྱེདཿ ་མི་རྟ་ར་ལུག་བྱ་དང་ཁྱིཿ ་སྟག་དང་བྱ་རྒོད་ལ་སོགས་པའིཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་བང་རིམ་གསུམ་པའི་ལྷོ་ཕྱོགས་ལཿ ་གནོད་སྦྱིན་རྒྱལ་པོ་ནོར་གྱི་བྡགཿ སྐུ་ལ་དོམ་གྱི་སློག་པ་གྶོལཿ ཆིབྶ་སུ་བ་གླང་སྣ་རིང་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྐྱེས་པ་བརྒྱ་དང་བུད་མེད་བྲྒྱཿ ་ཉན་ཐོས་སྟོང་དང་སྔགས་པ་སྟོངཿ ་འབག་སེང་ཀོན་བུ་བསམ་མི་ཁྱབཿ ་སྟག་སེང་བ་ལང་སྤྲ་དང་སྤྲེཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་བང་རིམ་གསུམ་པའི་ནུབ་ཕྱོགས་ལཿ ་རྡོ་རྗེ་མཛེས་པ་ཞེས་བྱ་བཿ ་འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིནཿ ་མཐར་ཤེལ་གྱི་ན་བཟའ་གྶོལཿ ་ཀུན་ཀྱང་ཤེལ་གྱི་ན་བཟའ་གྶོལཿ ་ར་དཀར་གནམ་རུ་ཆིབས་སུ་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ འྫིན་གིང་བཞི་བཅུ་ཕོ་ཉར་འྒྱེདཿ ་རང་གི་འཁོར་སྡེ་ལས་ལ་འྫུདཿ ་ཙ་ར་བྱ་ཁྱི་ལ་སོགས་པའིཿ མྠུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་བང་རིམ་གསུམ་པའི་བྱང་
417b
ཕྱོགས་ལཿ ་ལྷ་ཆེན་ནག་པོ་ཆེན་པོ་སྟེཿ ་བསྟན་པ་སྲུང་བའི་སྡེ་དཔོན་བྮེངྶཿ ་ན་བཟའ་ལྗང་ནག་བེར་ནག་གྶོལཿ ་ཆིབས་སུ་བདུད་རྟ་བྲ་ནག་ཆིབྶཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ལྷ་དམག་ཕྱོགས་ཀྱི་དབུགས་འབྱིན་ཅིངཿ ་ལྷ་མིན་གཡུལ་ངོ་རབ་ཏུ་བྯལོགཿ ་ཕྱོགས་སྐྱོང་དཔལ་མགོན་ལས་ལ་འྫུདཿ ་མི་རྟ་ར་ལུག་བྱ་དང་ཁྱིཿ ་ནག་པོའི་ཚོགས་ཀྱིས་ཐུགས་དམ་བྶྐངཿ ་དྲེགས་པའི་བཀའ་ཉན་སྒོ་སྲུང་བྮིཿ ་རང་གི་བཀའ་ཉན་འཁོར་དང་བྕསཿ ་དམ་ཚིག་དབང་གིས་གནས་འདིར་བྮུགྶཿ ་མཐུན་པའི་རྫས་ཀྱིས་ཐུགས་དམ་བྶྐངཿ ་དབང་ཆེན་སྡེ་བཞི་འཁོར་དང་བྕསཿ ་ཇི་ལྟར་བཅོལ་པའི་འཕྲིན་ལས་མྫོདཿ ་བང་རིམ་ཐ་མའི་ཕྱོགས་བཞི་ནཿ ་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དངཿ ་ནང་གི་ལྷ་སྲིན་སྡེ་བརྒྱད་དངཿ ་སྦས་པའི་ལྷ་སྲིན་སྡེ་བརྒྱད་དངཿ ་གསང་བའི་ལྷ་སྲིན་སྡེ་བརྒྱད་དངཿ ་ཡང་གསང་གཏེར་གྱི་ལྷ་སྲིན་དངཿ ་དྲག་པོ་སྔགས་ཀྱི་ལྷ་སྲིན་དངཿ ་ལས་བྱེད་མྱུར་མགྱོགས་ལྷ་སྲིན་དངཿ ་བརྟགས་ཤིང་ཆགས་པའི་ལྷ་སྲིན་དངཿ ་སྡེ་བརྒྱད་འཁོར་དང་བཅས་པ་ལཿ ་ཁྱེད་ཀྱི་ཐུགས་དམ་བསྐང་བ་ནིཿ ་ཤེས་ལྡན་མི་དང་ཅང་ཤེས་རྟཿ ་ཐེག་ཆེན་གླང་དང་འདོད་འཇོའི་བཿ ་རིན་
418a
༄#། །ཆེན་ལུག་དང་གཙང་ལྡན་རཿ ་ཐོས་གསང་ཁྱི་དང་མཁའ་ལྡིང་བྱཿ ་ཁྱེད་ཀྱི་བཞེད་པའི་དཀོར་དུ་འྦུལཿ ་རིན་ཆེན་རྒྱན་ལྡན་ངར་མི་དངཿ སེམྶ་ཀྱི་གཟུགས་ལྡན་ངར་མི་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་གླུད་ཡུལ་མཁར་མཚོན་པ་དངཿ ་ཕོ་གླུད་མདའ་དང་མོ་གླུད་འྥངཿ ་རྒྱལ་མཚན་བ་དན་རོལ་མོ་རྣམྶཿ ་ཉིད་ཀྱི་སྐུ་མདོག་དང་མཐུན་པཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འྦུལཿ ་དམ་རྫས་སྦྱར་བའི་མཆོད་གཏོར་དངཿ ་མཐུན་རྫས་ལྡན་པའི་བཤོས་ཆ་དངཿ ་སྣང་གསལ་འོད་ལྡན་མར་མེ་དངཿ ་རྒྱན་ལྡན་མཛེས་པའི་གླིང་ཚད་དངཿ ་མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ་ཞིམ་པའི་དྲི་དང་བདའ་བའི་རོཿ ་ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འྦུལཿ ་འཇིག་རྟེན་དྲེགས་པ་འཁོར་དང་བྕསཿ ་སྔོན་གྱི་དམ་ཚིག་རྗེས་དགོངས་ཏེཿ ་མདོས་གླུད་མཐུན་རྫས་བཞེད་པའི་དྐོརཿ ་སྣ་ཚོགས་སྦྱར་བ་འདི་བཞེས་ལཿ ་སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངྶཿ ་དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བྶྟོདཿ ་རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལཿ ་སྒྲུབ་པ་པོ་ལ་བར་གཅོད་པའིཿ ་སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དངཿ ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དངཿ ་གློ་བུར་གནོད་པ་
418b
བརྒྱད་ཅུ་གྕིགཿ ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུའི་ཚོགྶཿ ་དུས་མིན་འཆི་བ་རྣམ་བརྒྱད་དངཿ ་གཤིས་ངན་འགུམ་པ་བརྒྱད་ཅུ་གྕིགཿ ་གཟུགས་ཅན་དགྲ་དང་གཟུགས་མེད་བྒེགྶཿ ་རྨི་ལམ་མཚན་ལྟས་ངན་པ་རྣམྶཿ ་ཞི་དང་བསལ་ཞིང་བཟློག་པ་དངཿ ་གདུལ་དང་ཚར་གཅད་ལས་མཛོད་ཅིགཿ ་ཅེས་བརྗོད་རང་གི་མཐུན་རྫས་བྶྟབཿ ་བསྐང་བཟློག་གསད་དང་གསོ་ལ་སོགྶཿ ་ཇི་ལྟར་འདོད་པའི་འཕྲིན་ལས་བྕོལཿ ་གང་ལ་དམིགས་པ་དེ་བཞིན་འྒྲུབཿ ་ཅེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་དྲེགས་པ་ཅན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་མཆོད་བསྟོད་རྒྱ་ཆེན་པོའི་སྒོ་ནས་ཉེ་བར་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བཿ ་དྲེགས་པའི་འཁོར་ཚོགས་འདི་རྣམས་ཀུནཿ ་ངོ་བོ་རང་རིག་བྱང་ཆུབ་སེམྶཿ ་མ་སྐྱེས་དབྱིངས་ལས་གཡོས་པ་མེདཿ ་འཇིག་རྟེན་གནས་དང་མཐུན་འདུག་ཅིངཿ ་མཆོད་དང་བསྟོད་པས་མཉེས་འགྱུར་བསཿ ་འཇིག་རྟེན་མཆོད་བསྟོད་ཅེས་སུ་བྲྗོདཿ ་ཕྱི་ནང་གསང་བའི་བྱེ་བྲག་སྟེཿ ་སྣང་དང་སྲིད་པའི་དཀྱིལ་འཁོར་ཀུནཿ ་གསང་བའི་བདག་པོ་དེ་ཉིད་དངཿ ་གནས་སྐབས་མཆོད་བསྟོད་ཕྱི་ཡིན་ནོཿ ་དག་པའི་ཏིང་ངེ་འཛིན་ལས་བྱུངཿ ་རང་གི་སྣང་བ་འདུས་པའི་ཚོགྶཿ ་དབང་པོའི་ཡུལ་གྱི་ལོངས་སྤྱོད་དངཿ ་གཙང་སྤྲའི་རྟོག་པ་སྦྱང་
419a
༄#། །པའི་རྫསཿ ་འདོད་ཆགས་བཞི་དང་འབྲུ་བཅུད་རྩིཿ ་གཉིས་མེད་ཕ་རོལ་སྣང་བྱེད་པཿ ་རང་གི་ངང་དུ་མཉེས་བྱེད་ཅིངཿ ་སོ་སོའི་མཚན་དང་དཔེ་བྱད་དགཿ ་ངེས་པར་བསྟན་པ་ནང་གིའོཿ ་སེམས་དང་སེམས་ལ་བསྟར་བའི་ཚོགྶཿ ་ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེཿ ་མ་བཅོས་རང་བཞིན་ལྷུན་གྱིས་གྲུབཿ ་ལུང་ནས་མ་ལུས་འདུས་པ་ལསཿ ་ཆོས་གཞན་མེད་དེ་ཡུལ་ཉིད་དངཿ ་ཡུལ་དུ་འཛིན་པ་སྣང་བའི་བདག་།གཉིས་མེད་རྟོགས་ཤིང་ཁོང་དུ་ཆུདཿ ་མཆོད་བསྟོད་རབ་ཏུ་གསང་བ་ཡིཿ ་ལུས་ལས་སྤྲུལ་ཞིང་བསྒྲུབས་པས་སྐུཿ ་འབྲུ་བཅུ་སྒྲ་ཡི་འཁོར་ལོ་གྶུངཿ ་རང་གྲོལ་སྙིང་པོ་མ་བཅོས་ཐུགྶཿ ་ལྷ་ཀླུ་གནོད་སྦྱིན་བཙན་དང་བྡུདཿ ་སྲིན་པོ་གཟའ་དང་མོ་རིགས་རྣམྶཿ ་དྲེགས་ཤིང་གདུག་པ་ཁྲོ་ཞིང་གྟུམཿ ་མྱུར་མགྱོགས་རྨུགས་ཤིང་ཐིབས་པ་དངཿ ་དྲེགས་དང་དབྱིངས་པ་སོ་སོའི་སྡེཿ ་རི་རབ་བཤོས་གཙང་རྒྱན་དང་བྕསཿ ་འབྲུ་ལུག་སྙིང་རྩེ་ཙ་རུའི་དྦྱིབྶཿ ་དཀར་དམར་བཅུད་ལྡན་དམིགས་ཀྱིས་མྖོདཿ ་ཕ་དང་རྒྱལ་པོ་གྲོགས་དང་ལྷཿ ་མ་དང་རྗེ་ཁོལ་བྲན་ལྟ་བུཿ ་བརྟེན་པ་རང་གི་ཚུལ་ཡིན་ནོཿ ་ཆེ་བཙན་དབང་གིས་དངོས་གྲུབ་དངཿ ་ལོངས་སྤྱོད་འཕེལ་ཞིང་མངག་པར་བླངཿ ་རྒྱུད་འཇམ་སྐྱབས་ཆེ་བཀའ་ཉན་ཞིངཿ ་དྲག་རྩལ་ལྡན་ཞིང་སླར་མི་ལྡོགཿ ་ཤིན་ཏུ་ཉེ་བ་ཡོན་ཏན་ཏེཿ ་རང་ལ་རྩུབ་ཅིང་འཚེ་བ་དངཿ ་ལོངས་སྤྱོད་མི་འབྱོར་མི་འཕྲོད་དངཿ ་གློ་བུར་ནད་ཀྱིས་གཟིར་
419b
བྱེད་ཅིངཿ ་སླར་ལྡོག་བཀྲ་ཤིས་ཉམས་པ་དངཿ ་བསྒོ་བ་མི་ཉན་དོན་མེད་ཅིངཿ ་རང་རྒྱུད་རྩུབ་ཅིང་ཁེངས་པ་དངཿ ་རིགས་རྒྱུད་མ་སྨིན་ཀུན་གྱིས་བྲྙསཿ ་བསམ་དོན་མི་འགྲུབ་མངའ་ཐང་ཉམྶཿ ་རྒྱུད་དོན་སྦས་པ་མ་ཤེས་སྐྱོནཿ ་ཁྲིམས་ཀྱི་བདག་པོ་ལྟ་བུའི་ལྷཿ ་གནད་ཀྱིས་བཅིང་ཞིང་བསྒྲུབ་པར་བྱཿ ་དབང་ཆེན་ཕ་དང་མཚུངས་པའི་བྡུདཿ ་མཚུངས་མེད་གྲོགས་དང་འདྲ་བའི་བྩནཿ ་གནོད་སྦྱིན་ཁྲིམས་ཀྱི་གཙོ་ལྟ་བུཿ ་སྲིན་པོ་སྲོག་དང་རྒོལ་བའི་གྴེདཿ ་གཟའ་རྒོད་ལག་ཡན་གཞོན་ལྟ་བུཿ ་སྡོང་བུ་དུག་སྦྲུལ་ལྟ་བུ་ཀླུཿ ་མོ་རྒྱུད་དབང་ཆེན་རྗེ་དབོན་མཿ ་མཚུངས་ལྡན་དེ་ཡི་གཉེན་པོས་བྶྒྲུབཿ ་ཁུགས་སུ་མ་བཅུག་བསྒོ་མི་ཉནཿ ་སེ་ལོང་གནད་མེད་བདུད་དུ་འྒྱུརཿ ་བཅུད་ཕུར་མ་ཐེབས་སླར་ལ་ལྡོགཿ ་རང་གི་རབ་རོལ་མ་གཞར་གཡེལཿ ་ལྟོ་བ་མ་དཀྲུགས་ལས་མི་མྱུརཿ ་ལོག་ནོན་མ་ལྡན་བདག་ཉིད་སྟོབཿ ་དབང་དུ་མ་འདུས་བསྒོ་མི་ཉནཿ ་གནད་ཀྱིས་མནན་ངག་བརྒྱད་ཀྱིས་ནིཿ ་མཆོད་བསྟོད་བསྒྲུབས་ཏེ་འཕྲིན་ལས་བྕོལཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ཟབ་པའི་མཆོད་བསྟོད་གནད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་རབ་བཤད་བྱཿ ་འཇིག་རྟེན་དྲེགས་པའི་སྡེ་དཔོན་རྣམྶཿ ་དྲག་པོའི་ལས་ལ་སྦྱར་བ་ནིཿ ་དུར་ཁྲོད་གདུག་པའི་གནས་དག་ཏུཿ ་རྩ་བའི་བསྙེན་པ་སྔོན་སོང་ནསཿ ་སོ་སོའི་མཐུན་པའི་རྫས་བསར་ཏེཿ ་དྲག་པོའི་ལས་ཀྱི་ཁང་པ་ནིཿ ་ཨེ་དབྱིབས་སུམ་ཅུ་
420a
༄#། །ལྡན་པར་བྴམཿ ་ཕྱི་ནང་གསང་བ་སྐུ་གསུང་ཐུགྶཿ ་གནས་བྱིན་བརླབ་དང་བསྐང་དང་མྖོདཿ ་སྤྱི་དང་སོ་སོར་བསྔགས་པ་དགཿ ་རབ་ཏུ་བདེ་བར་འདོད་པས་དྨིགྶཿ ་གཟུགས་སྒྲ་བསམ་པའི་ནུས་པ་ཡིསཿ ་ལུས་དང་ལུས་ཀྱི་འཁྲུལ་འཁོར་དངཿ ་སྲོག་དང་སྲོག་གི་གཉེན་པོ་ཡིསཿ ་སེམས་དང་སེམས་ཀྱི་ངོ་བོ་ལསཿ ་ཕྱི་ནང་ཀུན་ཏུ་བསྔགས་པ་སྟེཿ ་འཕྲོ་འདུ་འོད་ཀྱིས་དྲང་ཞིང་དྒུགཿ ་རང་གཞན་དམིགས་པ་དེ་ལ་བྶྟིམཿ ་ཤ་ལུས་ཁྲག་སོགས་མ་ལུས་བྯསཿ ་དྲེགས་པའི་སྡེ་དཔོན་སྐུ་གསུང་ཐུགྶཿ ་མ་ལུས་མཉེས་པ་འདི་ཡིས་བྱཿ ་གང་ལ་དམིགས་པ་ཚད་ཀྱིས་སྒྲོལཿ ་ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིསཿ ་བུལ་དང་མྱུར་བའི་བློ་ཡི་སྟོབྶཿ ་འདི་ལ་ཐེ་ཚོམ་མི་བྱ་སྟེཿ ་རྡོ་རྗེ་འཆང་ཆེན་གསང་བའི་བྐའཿ ་གལ་ཏེ་འབར་བས་མངོན་སྤྱོད་ཅིངཿ ་མྱུར་དུ་འཕོ་བར་བྱ་བ་ནིཿ ་རྣོ་སྦལ་ཚ་རྩུབ་དྲི་ང་བའིཿ ་ཡམ་ཤིང་གདུག་པས་དབྱིབས་ལྡན་བྲྩིགཿ ་གདོལ་པ་རིགས་ངན་ཤན་པ་དངཿ ་གཡུང་མོ་གྲོགས་བྲལ་ཁྱིམ་གྱི་མེསཿ ་སྦར་ཞིང་དུག་ཁྲག་མངར་བ་ལཿ ་གཟུགས་བརྙན་རྫོགས་པར་ལོངས་སྤྱོད་པའིཿ ་སླར་ཡང་དམིགས་ཏེ་ལྷག་མ་དྦུལཿ ་གཙོ་དང་འཁོར་གྱིས་རབ་ཕྱེ་བའིཿ ་དྲག་པོའི་ཚིག་གིས་རབ་ཏུ་བྒྲངཿ ་དྲེགས་པའི་བདག་པོ་སོ་སོ་ཡིཿ ་ཆེ་བརྗོད་གནད་དང་བཅས་པ་ཡིསཿ ་སྟོབ་ཅིང་སྦྱིན་པ་རིམ་བཞིན་བྱཿ ་
420b
དྲང་སྲོང་འཕྲིན་ལས་རྫོགས་པར་བྶྐུལཿ ་ཐལ་ཆེན་དང་ནི་དྲག་པོའི་རྫསཿ ་རྨེ་ཁྲག་གསུམ་དང་གསོད་བྱེད་གྶུམཿ ་མཚོན་བྲལ་རིན་ཆེན་གསུམ་གྱི་དྦྱིགཿ ་རང་བྱུང་བཀྲ་ཤིས་བཟློག་པའི་རྫསཿ ་ནང་དུ་འདུ་འཕྲོར་སྦྱར་བ་ནིཿ ་སྒྲ་ཚིག་ཏིང་ངེ་འཛིན་ལྡན་པསཿ ་སྟོབས་ཆེན་འཁོར་ལོས་དབབ་ཅིང་འྥངཿ ་དྲེགས་པ་འཁོར་བཅས་ལས་སུ་དྨིགྶཿ ་གཞན་ཡང་མཆོད་རྫས་གཟུགས་བརྙན་བྱསཿ ་རབ་ཏུ་བསྟན་པའི་དམིགས་པས་བྶྟིམཿ ་འགྱུ་གནས་ས་དང་ཆུ་ཕུག་དངཿ ་ས་གཤེར་འཐབ་དང་ཕུང་ཤུལ་དངཿ ་རྒྱ་མཚོའི་དབུས་དང་ལམ་པོ་ཆེཿ ་མཚོན་གྱིས་བརྡེགས་དང་རླུང་གིས་བྶྐྱལཿ ་བག་མེད་ལྟུང་ཞིང་མེ་ཆུས་འྗོམྶཿ ་ལུགས་ནས་བྱུང་བའི་རྟེན་འབྲེལ་ཏེཿ ་བརྣག་པའི་ཡིད་ཀྱིས་འཛིན་ཕུར་གྡབཿ ་གདུག་བྱེད་འཁོར་དང་ཟས་སུ་གྟདཿ ་ཇི་སྲིད་འཁོར་བ་མ་སྟོངས་པརཿ ་ཐར་བར་མི་འགྱུར་ལས་ཀྱི་གིངཿ ་བྱམས་དང་སྙིང་རྗེའི་སེམས་མ་རྟོགྶཿ ་འདི་ལྟར་མངོན་པར་སྤྱད་པ་ཡིསཿ ་བསྟན་ལ་རབ་སྡང་ཕྱིར་གྱུར་པའིཿ ་རྗེས་འབྲང་ལོག་པར་ལྟ་བ་རྣམྶཿ ་ཚར་གཅོད་སྒྲོལ་ཞིང་འདུལ་བ་ཡིཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་འཕྲིན་ལས་དྲག་པོའི་ལས་ལ་སྦྱར་བའི་ལེའུ་སྟེཿ ་བདུན་པའོ།། །།དེ་ནས་གཞན་ཡང་གཤད་པ་ནིཿ ་འཇིག་རྟེན་དྲེགས་བ་རང་གི་གྣསཿ ་གསང་བའི་སྙིང་པོ་དྲག་ཤུལ་གྯུངྶཿ ་ཀུན་བསྡུས་དྲིལ་
421a
༄#། །དང་ཕྱེ་མས་མྣནཿ ་བཛྲ་སརྦ་དུཥྚཾནཿ ་ཨེ་ཀ་པ་ར་ཨསྟ་ན་ཡཿ ་མ་ཧཱ་ཤཝ་ར་དེ་བ་དེ་བིཿ ་དུ་ཕྲག་དུནྟིང་མ་ཡཿ ་པྲེ་ཏ་བི་ཀྲྀ་སྟ་ན་རཀྵ་རཀྵོ་ཡཀྵ་ཀཥི་ཏཿ ་བིཥྚི་པ་ཏྲ་ཨ་སེ་ལ་ཛ་ན་ག་གུ་ལིང་ཤ་ཛཿ ་ཙ་དུ་ཏྲི་ཙ་ར་ཙ་ལ་མ་དུ་ཏྲིཿ ་མ་མ་རུ་ལུ་མནྟྲ་རཱ་ཛ་དུ་མ་ཏིཿ ་མ་ཀཱ་ལ་རུ་ཏྲ་ཏཱིཀྵྞ་ཏིརྠི་ཀ་ཐཿ ་ཨ་བྷི་ཤུ་ཏྲི་པ་ཤ་ལི་ཧཾ་ཤཾ་ཏྲི་ཛཿ ་རཱ་ཛ་ཀིངྐ་རཿ ་ས་དུ་ཏྲི་ནཱ་ཐ་ཀཱ་ལ་ཨཱ་གཙྪ་ཧྲིང་ཧྲིང་ཛ་འབོད་པའི་སྔགས་སོཿ ་བཛྲ་སརྦ་དུཥྚཱན་ཨེ་ཀ་པ་ར་སརྦ་པཉྩ་ཨ་མྲྀ་ཏ་ཨ་གཙྪ། བ་ལི་དྟ་གྲྀཧྞ་ཨི་མཾ་ཏ་གྲྀ་ཧྞནྟུ་མ་ཧཱ་ག་ན་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ་འདི་དག་སྦྱར་བས་མཆོད་པར་འྒྱུརཿ ་སརྦ་ཨཱ་ཡུ་མི་ཏྲ་སིདྡྷི་པུ་ཏྲ་བརྟ་ནིཿ ་སིདྡྷི་པུ་ཏྲ་བ་ཧུ་བྷ་དྲ་བཱ་སུ་དྷ་ར་རཏྣ་རཏྣ་པུཥྚིཾ་སིདྡྷིཿ ་མ་ཧཱ་ཛྙཱ་ན་སརྦ་དྷ་རྨ་གརྦྷ་ཀཱ་ཡ་ཝ་ཀྩིཏྟ་སིདྡྷི་སིདྡྷི། ཕ་ལ་སིདྡྷི་མཧཱ་སིདྡྷི་ཨ་བེ་ཤ་ཡ་ཨཿ ་ཧ་ཧ་ཧི་ཧོཿ ་རབ་ཏུ་སྦྱར་བས་དངོས་གྲུབ་བླངཿ ་སརྦ་ཤ་ཏྲུཾ་ཡཀྵ་རྦད་རྦད་བྷྱོ་བྷྱོ། འདི་ཡིས་རབ་ཏུ་རྦད་པར་བྱཿ ་རྣྲི་ཧུར་ཐུམས་ཛཿ ་ཛཿ ་ཤ་ཏྲུཾ་ཙིཏྟ་མཱ་ར་ཡ་རྦདཿ ་རཱུ་པ་ཡ་ཀནད་རྦུད་རྦུད་ཕཊ་ཕཊ་མཱ་ར་ཡ་ཐུམས་ཐུམྶཿ ་ཧ་ན་ཧ་ནཿ ་ད་ཧ་ད་ཧཿ ་པ་ཙ་པ་ཙཿ ་ཏིཥྛ་ཏིཥྛ། ཐུན་རྦད་ཐུན་རྦདཿ ་འདི་ཡིས་དམིགས་པ་རབ་ཏུ་གྶདཿ ་མ་མཱ་ར་ཡ་ཕྲི་པྲེ་ཏ་ཀ་ཧྲིང་ཧྲིངཿ ་ཏྲི་ཤ་ཕཱ་ལི་རཱུ་པ་ཡ། བིནྡྷ་བིནྡྷཿ ་
421b
ཧུ་ལུ་ཧུ་ལུཿ ་རྦད་ནཱན་ལཾ་ནཱནཿ ་ཨོཾ་ནན་ཧཱུཾ་ནནཿ ་སྟམྦྷ་ཡ་སྟམྦྷ་ཡ་ནནཿ ་ཞེས་པ་ཡིས་ནི་མནན་བར་བྱཿ ་སརྦ་མཱ་ར་ཧ་ཀ་རཾ་རཾཿ ་ཛྭ་ལ་རཾ་ཛྭ་ལ་རཾཿ ་སྥོ་ཊ་ཡ་སྥོ་ཊ་ཡཿ ་ཧོ་ཧ་ཡ་ཧོ་ཧ་ཡཿ ་རཾ་ཙ་ཡ་རཾ་ཀུ་ཡཿ ་ཞེས་པས་མ་ལུས་བསྲེག་པར་བྱཿ ་མཱ་ར་ཤ་ཏྲུཾ་ཐུན་བྷྱོ་ཐུམ་རི་ལི་བྷྱོ་ན་ཏེ་ཐུནཿ ་ཨཱ་བེ་ཤ་ཡ་བྷྱོཿ ་དམིགས་པ་འདི་ཡིས་འཕང་བར་བྱའོཿ ་བཛྲ་ཨུཙྪ་ཊ་ཡ་ཕཊ་ཨ་གྲི་སརྦ་བྷྱོ་བྯལོགཿ ་ས་མ་ཡ་རྦད་ས་མྱགས་བྯལོགཿ ་ཕ་རོལ་ནུས་པ་འདི་ཡིས་བྯལོགཿ ་མ་ཧཱ་བྷ་རི་ཤ་ཡཿ ་ཨ་བེ་ཤ་ཡེ་པྲ་ཙ་ཡཿ བེ་ཙ་ཡཿ ་བེ་ཙ་ཡཿ ་ཞི་བས་ལུགས་དབྱུང་ཆུ་དབབ་པའོཿ ་ནཱ་ག་གྲ་ཧེ་བི་ཙ་ཡ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལཿ ་ཤར་ཤརཿ ་རཾ་ན་ཙག་ནེ་ཕྲོཾ་ཧྲིལ་ཤར་ཤར་ཕོབ་ཕོབཿ ་དྲག་པོས་བཟློག་ཅིང་བསྟབ་པའོ། །མ་ཧཱ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཛ་ཡ་ཀརྨ་མ་ལི་ཨ་མུ་ཀི་སིདྡྷི་སུ་སིདྡྷི་ཀར་སཝ་སྟི་སཝཱཧཱ། འཕྲིན་ལས་ཐམས་ཅད་རབ་སྒྲུབ་པའིཿ ་མཐུན་པའི་རྫས་དང་ཏིང་འཛིན་གྱིསཿ ་ལས་ཀྱི་ཁྱད་པར་སོ་སོར་དྦྱེཿ ་གནས་སྒྱུར་དང་ནི་གྲུབ་པའི་མྠའཿ ་སྙིང་རྗེ་བྱམས་པས་རང་བསྐུལ་ཞིངཿ ་ཀུན་ཏུ་ཁྱབ་པའི་མཆོད་སྦྱིན་བྱཿ ་ཞི་དང་རྒྱས་དང་དབང་དུ་བྱཿ ་དྲག་བོས་བསྒྲལ་ཞིང་ཚར་གཅོད་པའིཿ ་ལས་ཀུན་རང་གཞན་དོན་དུ་སྤྱདཿ ་འཇིག་རྟེན་གནས་ཤིང་སྲོག་དང་སྙིངཿ ་ཡི་གེ་གསལ་བར་རང་འབྱུང་གྣསཿ ་མངོན་དུ་
422a
༄#། །དུ་རྒྱུ་བ་ཐུགས་ཀ་སྟེཿ ་རིང་ཐུང་ཕོ་མོ་ཁྲག་དང་དུསཿ ་ཆགས་སྡང་སྙིང་སྲོག་སྙིང་རྗེ་གྩེརཿ ་རྡོ་རྗེ་པདྨ་རླུང་དང་གྣསཿ ་ཐབས་དང་ཤེས་རབ་ཆོས་ཅན་དངཿ ་ཆོས་ཉིད་ལས་དང་འབྲས་བུ་ཡིསཿ ་མི་འཆང་གནད་འཚང་བོད་དང་དྲངཿ ་གྲོགས་དང་ལྡན་པས་ལས་ལ་སྦྱརཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ལས་སྣ་ཚོགས་ཀྱི་རྩ་བའི་སྙིང་པོ་གནད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བཿ ་འཇིག་རྟེན་དྲེགས་པའི་གཙོ་ཆེན་རྣམྶཿ ་ཚུལ་བཞིན་རབ་ཏུ་བསྒྲུབས་པ་ཡིསཿ ་གྲུབ་ཅིང་ཉེ་བའི་རྟགས་རྣམས་ནིཿ ་ཉམས་དང་རྦད་རྟགས་རྨི་ལམ་རྟགྶཿ ་འདི་ལ་སོ་སོར་འབྱུང་འགྱུར་ཏེཿ ་དགའ་ཞིང་མདངས་ལྡན་སྟོབས་རྙེད་དངཿ ་བདེ་དང་རྟོགས་པ་སྤྲོ་བསྐྱེད་ཅིངཿ ་མངོན་རྒྱུ་ཡིད་ཀྱིས་གདེང་ཐོབ་ཀྱིསཿ ་ཉམས་ང་བག་ཚ་དོགས་མེད་ཅིངཿ ་ནུས་ལན་འཕྲིན་ལས་མཐར་ཕྱིན་རྟོགྶཿ ་འདི་དག་ལ་སོགས་རིམ་པར་འྦྱུངཿ ་ལུས་འཇམ་དབུགས་ཀྱིས་མི་གནོད་ཅིངཿ ་ཡང་ཞིང་བརྟན་ལ་ཁྱད་པར་དྒའཿ ་ནད་དང་གདོན་གྱིས་བརྫི་མི་ནུསཿ ་འབྱུང་བའི་ནུས་པས་མི་བསྐྱོད་ཅིངཿ ་ཁ་དོག་དང་ལྡན་སྡུག་ཅིང་མྫེསཿ ་འདི་ལ་སོགས་པ་ལུས་འབྱུང་གྡའཿ ་ཇི་ལྟར་བསྒོ་བ་གཞན་གྱིས་འྫིནཿ ་རང་དང་སངས་རྒྱས་རྣམས་ཀྱིས་གྶུངྶཿ ་མཐུན་པའི་ཚུལ་གྱིས་མི་འདོར་ལཿ སྙན་དང་མི་སྙན་
422b
ཅི་བརྗོད་རྣམྶཿ ་ཚངས་པ་ཡི་དབྱངས་བཞིན་དུ་འོངཿ ་གྲགས་ཐོས་ཙམ་གྱིས་དབང་དུ་བྱེདཿ ་ཚུལ་མཛེས་འཇུག་པ་དག་གི་བྲྡཿ ་གང་ལ་བརྩམ་པ་དེ་འགྲུབ་ཅིངཿ ་མ་ཞུམ་མི་སྤོར་མི་འདོར་བསཿ ་དབང་དང་ལྡན་ཞིང་མི་གཡོ་ལཿ གྶང་བའི་མཐུ་སྟོབས་རབ་ཏུ་ཐོབཿ ་ཡིད་ཀྱི་ཡུལ་དུ་བརྡ་འབྱུང་བའིཿ ་སྔ་ཕྱི་དེ་མ་ཐག་པ་འོཿ ་བག་ཆགས་མ་ཡིན་རྨི་ལམ་ནིཿ རྒྱལ་པོ་མཁན་པོ་སློབ་དཔོན་དངཿ ་ཆེ་བཙན་རིགས་ལྡན་རྒྱན་བཅས་ལྡནཿ ་གཅན་གཟན་འདབ་ཆགས་དུད་འགྲོ་དངཿ ་སྐྱེས་བ་བུད་མེད་བུས་པ་སོགྶཿ ་རང་གི་གནས་སུ་ལྷགས་པ་ནིཿ ་ཉེ་བར་འགྲུབ་པའི་རྟགས་ཡིན་ནོཿ ་བྲན་འབངས་མངག་པའི་ཚུལ་འཆང་ཞིངཿ ་བཀའ་བསྒོ་ལས་བྱེད་ཉན་པ་རྟགྶཿ ་རིང་བའི་གནས་ནས་གླུ་ལེན་ཅིངཿ ་རྒྱང་མིག་ལྟ་བ་གཡེལ་བའི་རྟགྶཿ ་རང་ལ་ཆད་པའི་ལས་རྩོམ་ཞིངཿ ་ཉེས་ལན་འདེད་པ་བཟློག་པའི་རྟགྶཿ ་ཟས་སྐོམ་འདོད་ཅིང་འཁྲིག་ལན་བྶྙགཿ རང་ཉིད་གནོད་འགྱོད་མ་སྐོངས་རྟགྶཿ ་འཇོམ་ཞིང་དུད་མོས་འདེབས་བྱེད་པཿ ་མ་དག་ལུས་སྣང་ཉམས་པའི་རྟགྶཿ ་རང་གི་བསྒྲོ་བ་མི་ཉན་ཞིངཿ ་སླར་ཞིང་ཚུར་ལ་འཁོལ་འདོད་པཿ ་གཉེན་པོས་དབང་དུ་མ་གྱུར་རྟགྶཿ ་མཚོན་ཆ་བརྡུང་ཞིང་ཚད་མ་ལྡནཿ ་ནུས་མེད་བྱ་བ་མི་འགྲུབ་པསཿ ་སྔགས་ཀྱི་ནུས་པ་མ་
423a
༄#། །གྲུབ་རྟགྶཿ ་གཞན་འདོད་རང་ལ་མེད་པ་དངཿ ་རང་གི་ཡོད་པ་འདོད་མེད་རྣམྶཿ ་མཆོད་བསྐང་མཐུན་རྫས་མ་ཆང་རྟགྶཿ ་ཤ་རུས་ཁྲག་སོགས་ལོངས་སྤྱོད་ཅིངཿ ་ངོ་མཐོན་རབ་ཏུ་ཆེ་བ་ནཿ ་ལས་བྱས་འགྲུབ་པའི་རྟགས་ཡིན་ནོཿ ་ཕ་རོལ་དམག་ཚོགས་མ་བྱུང་ཞིངཿ ་སྒོ་མེད་ཁང་པར་བདག་ཞུགས་ལཿ ་ངན་སྔགས་གཞན་གྱིས་བཟློག་བའི་རྟགྶཿ ་བྱེ་བྲག་སྡེ་བརྒྱད་སོ་སོ་ནིཿ ་མི་དང་དུད་འགྲོ་འདབ་ཆགས་སོགྶཿ ་ཕོ་ཚོགས་ནག་པོ་བདུད་ཀྱི་རྟགྶཿ ་མོ་ཚོགས་རྒྱན་བཟང་མ་མོ་སྟེཿ ་ཆེ་བཙན་འབག་སེང་གཙུག་ལག་ཁངཿ ་བུས་པ་སྤྲ་སྤྲེ་རྒྱལ་པོའི་རྟགྶཿ ་མི་རྟ་ཁྲ་སྤྱང་རི་དྭགས་ནིཿ ་བྲག་བཙན་རི་བཙན་རྟགས་ཡིན་ནོཿ ་ཆུ་གནས་དུད་འགྲོ་ཀླུ་ཡི་རྟགྶཿ ་མ་ཧེ་ར་ལུག་མིག་མང་དངཿ ་མུན་པ་བུ་ཡུག་གཟའ་ཡི་རྟགྶཿ ་སྐྱེས་པ་ཆས་བཟང་འབྱོར་པ་ཅནཿ ་རི་མཚོ་ལ་གནས་གནོད་སྦྱིན་རྟགྶཿ ་ཉ་པ་ཤན་བ་བྱ་པ་དངཿ ་དམག་གི་གོ་མཚོན་སྲིན་པོའི་རྟགྶཿ ་འདི་དག་སྔར་བཤད་བཟང་ངན་སྦྱརཿ ་བྱེ་བྲག་སྒྲུབ་པའི་རྟགས་སུ་འྒྱུརཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་སྒྲུབ་པའི་རྟགས་ཀྱི་ལེའུ་སྟེཿ ་དགུ་ ་ནས་གཞན་ཡང་རབ་བཤད་པཿ ་དྲེགས་པ་ཅན་གྱི་ཁྱད་པར་རྫསཿ ་མཛེས་པའི་གཟུགས་བརྙན་
423b
སྐུ་ཡི་རྟེནཿ ་མིང་ནས་འབོད་པ་གསུང་གི་རྟེནཿ ་ཕྱག་མཚན་དམ་པ་ཐུགས་ཀྱི་རྟེནཿ ་ལུག་གཡག་དཀར་པོ་སྦལ་སྦྲུལ་ཉཿ ་གླང་རྟ་སྔོན་པོ་རིན་པོ་ཆེཿ ་གཡུལ་བཤམས་མྱུར་བསྒྲལ་བྱ་གཅན་དངཿ ་ནལ་བུ་ཤེལ་ནག་བྱ་ནག་དངཿ ་རྟ་ལུག་ཁྱི་དང་རྒོད་ནག་དངཿ ་ར་ཕག་བྱ་ཁྱི་དཀར་པོ་དངཿ ་ཀླ་ཀློར་རོག་དོམ་ཁྱི་ནགཿ ་སྦྲུལ་ནག་བྱ་རྒོད་ར་སྐྱེས་དངཿ ་རྟ་ར་བྱ་ཁྱི་དམར་པོ་ཡིཿ ་སྙིང་ཁྲག་མགོ་དང་རྒྱལ་མཚན་ནིཿ ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་དངཿ ་མ་མོ་བདུད་དང་རྒྱལ་པོ་གིངཿ ་གཤིན་རྗེ་གཟའ་དང་བཙན་རྣམས་ཀྱིཿ ་རིམ་བཞིན་སོ་སོ་བརྟེན་པའི་རྫསཿ ་རབ་ཏུ་གསང་བ་ཉིད་ཡིན་ནོཿ ་ཨེ་ལྡན་གདུག་བཅས་རྒྱུད་མེད་ཀྱིཿ ་ཐོད་པ་མཚོན་ཆ་ཕུར་པ་དགཿ དུག་ཁྲག་རིན་ཆེན་དྲག་པོའི་འྦྲུཿ ་ཀུན་ཚོགས་རབ་ཏུ་གསང་བའི་རྫསཿ ་ཀླུ་གཟུང་སྣོད་ནི་ཤ་ཁྲག་བྕསཿ ་རུ་བཟང་རིགས་མེད་མྱུར་སོང་ཆུཿ ་མྱུ་གུ་སྣ་ཚོགས་དྲི་ལྡན་རྫསཿ ་ཆུ་དྲག་དཔའ་རབས་དུད་པའི་རྫས་ཡིན་ནོཿ ་མཆོད་རྟེན་རི་རབ་རྒྱ་གྲམ་བྕསཿ ་དམེ་རྫས་རིགས་ངན་མགོ་བོ་གྶུམཿ ་དམིགས་པའི་འབབ་རྫས་པདྨ་ནིཿ ་སླར་ལ་བཟློག་པའི་རྫས་ཡིན་ནོཿ ་ནད་གདུག་བཾ་རིལ་མགོ་རྐང་རྣམཿ ་རབ་ཏུ་མནན་པའི་རྫས་ཡིན་ནོཿ ་དུག་ཁྲག་ཚོགས་དང་མཚན་མ་ངནཿ ་དམིགས་པའི་རྟེན་ལ་འཕང་བའི་རྫསཿ ་ངན་
424a
༄#། །པའི་ས་ཡི་རྟེན་ཁང་དངཿ ་གདུག་ཅིང་རབ་ཏུ་ཚ་བའི་ཤིངཿ ་འབྲུ་ནག་དུག་ཁྲག་བསྲེས་པའི་རྫསཿ ་གཞན་ཡང་དབང་ཅན་དྲེགས་པའི་འྑོརཿ ་སོ་སོའི་རིགས་དང་སྡེར་བཅས་པའིཿ ་མཐུན་དང་མི་མཐུན་གཙང་དང་སྨེཿ བྶྔགྶ་པའི་ཀུན་རྫས་ཤེས་པར་འྒྱུརཿ ་མ་འོངས་དུས་ན་རྡོ་རྗེ་འྖངཿ ་རང་གི་རིག་འཛིན་བྱང་ཆུབ་སེམྶཿ ་བརྟུལ་ཞུགས་ཅན་གྱིས་འགྲུབ་པ་ཡིསཿ ་དབུས་དང་མཐའ་འཁོ་བ་ཡུལ་རྣམས་དངཿ ་སངས་རྒྱས་ཞིང་གི་འཇིག་རྟེན་ཁམྶཿ ་ཀུན་ནས་སྡེ་དཔོན་གཡོག་བཅས་པའིཿ ་ཡིད་དང་དངོས་པོའི་ལུས་ཅན་རྣམྶཿ ་ཁམས་དང་རིགས་པ་བསམ་པ་དངཿ ་སྐྱེད་པ་རྟེན་གནས་ཡོ་བྱད་དངཿ ་མ་ལུས་རྫོགས་པར་རབ་ཏུ་རྟོགྶཿ ་ཤེས་ལྡན་མིག་ཅན་རྣམས་ལ་སྟོནཿ ་དེ་ཚེ་དྲེགས་པའི་གཙོ་ཆེན་རྣམྶཿ ་ད་ལྟ་ང་ཡིས་གདམས་པ་ཡིནཿ ་ཡང་དག་དོན་ལ་མ་འདའ་ཞིགཿ ཁྱེད་རྣམས་ཀྱང་ནི་དུས་ནམ་ཞིགཿ ་ལས་ཀྱི་གནས་ངན་ལེན་སྤངས་ཏེཿ ་བྱང་ཆུབ་ས་ལ་མྱུར་འགྲོ་ཡིཿ ་དེ་བས་བཀའ་ཡི་དམ་མནོས་ལཿ ་ཇི་ལྟར་དམིགས་པ་བཞིན་བསྒྲུབས་ཤིངཿ ་གསང་ཆེན་ང་ཡི་བསྟན་པའི་ཚུལཿ ་ཕྱི་རོལ་ཕྱོགས་ལ་སོགས་པ་ཡིསཿ ་ཉམས་ཤིང་སྨྲས་པར་
424b
མི་འགྱུར་བསཿ ་རྒྱས་ཤིང་བསྟན་པར་ཁྱོད་ཀྱིས་བྱོསཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་རྟེན་རྫས་དངཿ ་ལས་ཀྱི་གཉེར་བསྒོ་བའི་ལེའུ་སྟེ་བཅུ་ ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོའི་སྐུའི་རྣམ་པར་རོལ་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་རབ་ཏུ་བསྡུས་པ་མཛད་དེ་དགྱེས་པའི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏོཿ ་ཀྱེ་མ་འདུས་པའི་འཁོར་ཚོགས་རྣམྶཿ ་བདུད་དང་གཤིན་རྗེ་ལ་སོགས་པའིཿ ་འཇིག་རྟེན་དབང་ཆེན་གཙོ་ཆེན་རྣམྶཿ ་མཐར་ཐུག་མྱ་ངན་འདས་ནས་ཀྱངཿ ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ་བསྟན་པའི་ཐ་ཚིག་སྒྲུབ་པ་དངཿ ་རྣལ་འབྱོར་ལམ་གྱི་གྲོགས་མཛད་ཕྱིརཿ ་དྲག་པོའི་སྐུ་གསུང་ཐུགས་ཉིད་དངཿ ་ཡོན་ཏན་འཕྲིན་ལས་སྣ་ཚོགས་སྟོནཿ ་ཕྱི་མའི་དུས་ན་རིག་པ་འཛིན་ ་བུ་བརྩོན་ལྡན་རྣམས་ཀྱིས་ནིཿ ་གཉིས་སུ་འཛིན་པར་ཡོངས་མི་བྱཿ ་ཡུལ་སྣང་ཕྱི་ནང་མ་ལུས་ཀུནཿ ་རང་རིགས་སེམས་ཀྱི་རྒྱལ་པོར་བྶྒྲུབཿ ་དེ་ནི་མ་བཅོས་ཡུལ་མི་བྲལཿ ་མ་ཆད་མ་ལྷུང་བདག་པོ་མེདཿ གྙིས་མེད་མཉམ་ཉིད་ལྷུན་གྱིས་གྲུབཿ ་ངེས་འགྱུར་སྦར་བླང་རྩོལ་སེམས་བྲལཿ མ་ལུས་རྩ་བ་སྙིང་གི་སྲོགཿ དེ་ཉིད་ཤེས་བྱ་རབ་ཏུ་བླངཿ དྦང་གི་རྒྱལ་པོ་
425a
༄#། །འཆར་བར་འྒྱུརཿ ་གལ་ཏེ་ང་དང་དྲེགས་པ་ཅནཿ ་སོ་སོ་རང་རྒྱུད་ལྡན་པ་ཡིསཿ ་གཉིས་འཛིན་ཡིད་ཀྱིས་རྟོག་སྤྱོད་ཅིངཿ ་མཚན་མར་རབ་ཏུ་སྒོམ་བྱེད་པརཿ ་རྐང་མེད་ཁམས་གསུམ་བགྲོད་འདོད་ཅིངཿ ་མིག་མེད་སྟོང་གསུམ་བལྟ་དང་མྪུངྶཿ ་བདུད་བཞི་དགའ་བ་སྐྱེད་པར་བྱེདཿ ་དེ་བས་རིགས་མཆོག་མ་རྣམས་ཀྱིསཿ ་གསང་བདག་ང་ཉིད་ཤེས་པར་གྱིསཿ ་ཞེས་བཀའ་སྩལ་ནས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་སྤྲོས་དང་བྲལ་བའི་དབྱིངས་སུ་ཐིམ་པར་མཛད་དོཿ ་འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཆོས་སྐུ་མཐར་ཐུག་ཏུ་སྒྲུབ་པར་གདམས་པའི་ལེའུ་སྟེ་བཅུ་གཅིག་ ་པ་ཅན་གྱི་སྡེ་དཔོན་འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་ ་