rKTs


A70

(e-text produced by OSBL)

see text in transliteration
40-460
༄##། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་དགུ་པ་སྟེ་འཕགས་པ་ཆོས་བཅུ་པ་ཞེས་བྱ་བ།་བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་དཤ་དྷརྨ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འ།་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ར་བ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་ག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་
40-461
སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པད་མའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ལས་བརྩམས་ཏེ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེས་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དྲིས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། དེ་བཞིན་གཤེགས་པས་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས་པར་འདོགས་པར་མཛད།་དོན་གང་གིས་ན་ཐེག་པ་ཆེན་པོ་འདི་ལ་ཐེག་པ་ཆེན་པོ་ཞེས་བགྱི་ལགས།་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལ་
40-462
ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་ལྷག་པར་གཡོ་བ་ནི་བཟང་བ་ཡིན།་ཡོངས་སུ་དཔྱད་པ་ཡང་བཟང་བ་ཡིན། དྲིས་པ་ལུང་བསྟན་པ་ལ་སྤོབས་པ་ཡང་བཟང་བ་ཡིན་ཏེ། རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང་།་ལྷ་དང ། མི་རྣམས་ལ་ཕན་པ་དང ། བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཡོངས་སུ་དྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དད་པ་དང་ལྡན་པ་ཡིན ། ན་ན་ཏན་སྙིང་པོར་བྱེད་པ་ཡིན། རིགས་ཕུན་སུམ་ཚོགས་པ་ཡིན། བྱང་ཆུབ་ཀྱི་སེམས་འདོད་པ་ཡིན། ཆོས་འདོད་པ་ཡིན། ཆོས་ལ་ཉེ་བར་རྟོག་པར་བྱེད་པ་ཡིན། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ་ཡིན ། ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང་བྲལ་བ་ཡིན། དགོངས་ཏེ་གསུངས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉན་ཐོས་དང ། རང་སངས་རྒྱས་དང་ལྡན་པའི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འདོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་བཞིན་
40-463
གྱིས་གཡོ་མེད་ཅིང་སྒྱུ་མེད་ལ། དྲང་ཞིང་དྲང་པོའི་རང་བཞིན་ཅན་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་ཡང་མངོན་པར་ཡིད་ཆེས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་སྐད་ཅིག་གཅིག་ལ་དུས་གསུམ་དང་ལྡན་པ་ལ་ཡང་མངོན་པར་ཡིད་ཆེས། དེ་བཞིན་གཤེགས་པའི་སྙིང་པོ་རྒ་བ་མེད་པ་དང ། འཆི་བ་མེད་པ་དང ། ཟད་པ་མེད་པ་དང ། འགོག་པ་མེད་པ་དང ། ཆད་པ་མེད་པ་ལ་ཡང་མངོན་པར་ཡིད་ཆེས། ཡང་དག་པའི་མཐའ་དང ། ཆོས་ཀྱི་དབྱིངས་དང ། ཐམས་ཅད་ཤེས་པ་ཉིད་དང ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང ། སྟོབས་རྣམས་དང ། མི་འཇིགས་པ་རྣམས་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མངོན་པར་ཡིད་ཆེས། དེ་བཞིན་གཤེགས་པ་རྣམས་ཀྱི་དབུའི་གཙུག་ཏོར་བལྟར་མི་མཐོང་བ་ལ་ཡང་མངོན་པར་ཡིད་ཆེས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཕུན་སུམ་ཚོགས་པ་དང ། འོད་འདོམ་གང་བ་ཉིད་ལ་ཡང་མངོན་པར་ཡིད་ཆེས། ཉན་ཐོས་ཀྱིས་བཤད་པའམ། རང་སངས་རྒྱས་ཀྱིས་བཤད་པའམ། བྱང་ཆུབ་སེམས་དཔས་བཤད་པའམ། དེ་ལས་གཞན་པ་དྲང་སྲོང་ཆེན་པོ་དག་གིས་སྨྲས་པ་ལེགས་པར་བཤད་པ་ལ་ཡང་མངོན་པར་ཡིད་ཆེས། འཇིག་རྟེན་འདི་དང ། འཇིག་རྟེན་ཕ་རོལ་ལ་ཡང་མངོན་པར་ཡིད་ཆེས། དགེ་སྦྱོང་དང ། བྲམ་ཟེ་ཡང་དག་པར་སོང་བ་རྣམས་དང ། ཡང་དག་པར་ཞུགས་པ་དག་ལ་ཡང་མངོན་པར་ཡིད་ཆེས། དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་འདོད་པ་དང ། དགའ་བ་དང ། ཡིད་དུ་འོང་བའི་ལྷ་རྣམས་ཀྱི་ནང་དུ་ལྷའི་དབང་པོའམ་མི་རྣམས་ཀྱི་ནང་དུ་མིའི་དབང་པོར་འགྱུར་བའི་འབྲས་
40-464
བུ་ལ་ཡང་མངོན་པར་ཡིད་ཆེས། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ན་ང་དུ་མི་འདོད་པ་དང ། མི་སྡུག་པ་དང ། མི་དགའ་བ་དང ། ཡིད་དུ་མི་འོང་བ་དང ། མི་བཟད་པ་དང ། དྲག་པ་དང ། རྩུབ་པ་དང ། ཚ་བར་འགྱུར་བ་ལ་ཡང་མངོན་པར་ཡིད་ཆེས་ས་སོ། །དེ་དེ་ལྟར་མངོན་པར་ཡིད་ཆེས་པས་ཆོས་གསུམ་སྤངས་པ་ཡིན་ཏེ། གསུམ་གང་ཞེ་ན ། འདི་ལྟ་སྟེ། ནེམ་ནུར་དང་།་ཡིད་གཉིས་དང ། ཐེ་ཚོམ་མོ། །རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་ད་པས་རྗེས་སུ་འབྲང་བ་ཞེས་བྱ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། །དད་པ་ཐེག་པ་མཆོག་ཡིན་ཏེ། །དེས་ནི་འདྲེན་རྣམས་ངེས་པར་བྱུང ། །དེ་ཕྱིར་བློ་གྲོས་ལྡན་པའི་མིས། ། དད་པས་རྗེས་འབྲང་ཉིད་ལ་བསྟེན ། །འཇིག་རྟེན་དག་ན་དད་པ་མཆོག ། དད་ལྡན་རྣམ་པར་ཉམས་པ་མེད། །དེ་ལྟ་བས་ན་མཁས་པའི་མིས། །ད་ད་པས་རྗེས་སུ་འབྲང་བ་བསྟེན ། །ད་དཔ་མེད་པའི་མི་ལ་ནི། །ད་ཀར་པོའི་ཆོས་རྣམས་མི་སྐྱེ་སྐྱེ་སྟེ། ། མེ་ཡིས་ས་བོན་ཆིག་རྣམས་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ།། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ནན་ཏ་ན་སྙིང་པོར་བྱེད་པ་ཡིན་ཞེ་ན།་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སྐྲ་དང ། ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ན་ར་རབ་ཏུ་འབྱུང་ངོ ། །རབ་ཏུ་བྱུང་ནས་ཀྱང་ཉན་ཐོས་ཀྱི་བསླབ་པ་དང ། ཆོ་ག་དང་།་སྤྱོད་ཡུལ་དང ། ཀུན་སྤྱོད་པ་དག་ལ་ཡང་སློབ་པར་བྱེད། ར་ང་སངས་རྒྱས་ཀྱི་བསླབ་པ་དང ། ཆོ་ག་དང ། སྤྱོད་ཡུལ་དང ། ཀུན་སྤྱོད་པ་
40-465
དག་ལ་ཡང་སློབ་པར་བྱེད་དོ། །དེ་དེ་ལྟར་སློབ་པས་ལུས་དང ། ངག་དང ། སེམས་དང་ལྡན་པའི་གནས་ངན་ལེན་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པ་ཡིན་ནོ ། །དེ་ལ་ལུས་དང་ལྡན་པའི་གནས་ངན་ལེན་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་དང ། དབྱིག་པ་དང ། མཚོན་ཆ་དང་།་བོང་བ་དང ། ལག་པ་དག་གིས་གཞན་ལ་གནོད་པར་བྱེད་པ་དང ། ལག་པ་རྒོད་པ་དང ། རྐང་པ་རྒོད་པ་དང ། རྒྱུག་པ་དང ། དཀྱུ་བ་དང ། མཆོང་བ་དང ། མགྱོགས་པར་འགྲོ་བ་དང ། རྐྱལ་བ་སྟེ། དེ་དག་ནི་ལུས་དང་ལྡན་པའི་གནས་ངན་ལེན་ཅེས་བྱའོ། །དེ་ལ་ངག་གི་གནས་ངན་ལེན་གང་ཞེ་ན ། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང་།་ཆིག་ཀྱལ་པ་དང ། ཉེས་པར་སྨྲ་བ་བརྗོད་པ་དང ། མདོ་སྡེ་ཟབ་མོ་ཟབ་མོ་དག་སྤོང་བར་བྱེད་པ་དང ། མཁན་པོ་དང ། སློབ་དཔོན་དང ། བླ་མ་ལྟ་བུ་རྣམས་དང ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མི་སྙན་པ་རྗོད་པར་བྱེད་པ་སྟེ། དེ་ནི་ངག་གི་གནས་ངན་ལེན་ཅེས་བྱའོ། །དེ་ལ་ཡིད་ཀྱི་གནས་ངན་ལེན་གང་ཞེ་ན། འདི་ལྟ་སྟེ། བརྣབ་སེམས་དང ། གནོད་སེམས་དང་།་ལོག་པར་ལྟ་བ་དང ། ཕྲག་དོག་དང ། སེར་སྣ་དང ། རྙེད་པ་འདོད་པ་དང ། གྲགས་པ་འདོད་པ་དང ། ཤེས་ཀྱི་ཁེ་འདོད་པ་དང ། རིགས་ཀྱིས་རྒྱགས་པ་དང ། གཟུགས་ཀྱིས་རྒྱགས་པ་དང ། ལང་ཚོས་རྒྱགས་པ་དང་།་ནད་མེད་པས་རྒྱགས་པ་དང ། གསོན་པས་རྒྱགས་པ་དང ། མང་དུ་ཐོས་པས་རྒྱགས་པ་དང ། བསྒོམས་པས་རྒྱགས་པ་དང ། འདོད་པའི་རྣམ་པར་རྟོག་པ་དང ། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང ། རྣམ་པར་འཚེ་བའི་
40-466
རྣམ་པར་རྟོག་པ་དང ། ཉེ་དུའི་རྣམ་པར་རྟོག་པ་དང ། ཡུལ་གྱི་རྣམ་པར་རྟོག་པ་དང ། ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཀྱི་རྣམ་པར་རྟོག་པ་དང ། གནས་ལ་ལྷག་པར་ཞེན་པ་དང ། བཞོན་པ་ལ་ལྷག་པར་ཞེན་པ་དང ། མལ་ཆ་ལ་ལྷག་པར་ཞེན་པ་དང ། བཏུང་བ་ལ་ལྷག་པར་ཞེན་པ་དང ། བཟའ་བ་ལ་ལྷག་པར་ཞེན་པ་དང ། ཆེ་བའི་བདག་ཉིད་ལ་ལྷག་པར་ཞེན་པ་དང ། ཆུང་མ་དང ། བུ་དང་།་བུ་མོ་དང ། ཐོང་གཤོལ་དང ། ཞིང་ལས་དང ། བྲན་དང ། བྲན་མོ་དང ། ལས་མི་དང ། ཞོ་ཤས་འཚོ་བ་དང ། མཛའ་བཤེས་དང ། གྲོས་གྲོགས་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དག་ལ་ལྷག་པར་ཞེན་པ་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བ་དག་ལ་ལྷག་པར་ཞེན་པ་དང ། འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱི་བར་དག་ལ་ལྷག་པར་ཞེན་པ་སྟེ། དེ་དེ་ལྟར་ལྷག་པར་ཞེན་པས་ཇི་སྐད་སྨོས་པའི་དངོས་པོ་དེ་དག་ལས་དངོས་པོ་གང་ཡང་རུང་བ་དག་ཆུད་ཟོས་པ་ན་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་དག་འབྱུང་བར་འགྱུར་ཞིང་དེ་ལྟར་དེའི་ཡིད་སྲེད་པའི་རླ་ན་གྱིས་ཡོངས་སུ་བརླ་ན་པས་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་བ་སྟེ། རིགས་ཀྱི་བུ་མདོར་ན་ཡིད་ཀྱི་ལས་ཀྱི་འཁྲུལ་འཁོར་གྱིས་འཕངས་ནས་འཁོར་བའི་འཁོར་ལོར་ཡོངས་སུ་འཁྱམ་པར་འགྱུར་བ་དེ་ནི་ཡིད་ཀྱི་གནས་ངན་ལེན་ཅེས་བྱའོ། །དེ་དེ་ལྟར་ལུས་དང ། ངག་དང་།་སེམས་ཀྱི་གནས་ངན་ལེན་དང་བྲལ་བས་ན་མཁན་པོ་ལ་སྟོན་པའི་འདུ་ཤེས་སྐྱེད་པ་དང ། སློབ་དཔོན་ལ་མཁན་པོའི་འདུ་ཤེས་སྐྱེད་པ་དང ། ཚངས་པ་མཚུངས་པར་སྤྱོད་པ་རྒན་རབས་དང ། བར་མ་དང ། གསར་བུ་རྣམས་ལ་
40-467
རྗེ་ས་དང་བཅས་པ་དང ། གུས་པ་དང་བཅས་པར་འགྱུར་ཞིང་དེ་གཅིག་པུ་དབེན་པར་གནས་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བརྩོན་པ་དང ། སེམས་ཅན་ཐམས་ཅད་དགྲོལ་པའི་ཕྱིར་བརྩོན་པ་དང ། སེམས་ཅན་ཐམས་ཅད་དུལ་བ་དང་ཞི་བ་ལ་དགོད་པའི་ཕྱིར་བརྩོན་པར་བྱེད་པ་ན་བདག་ཉིད་མ་དུལ་བ་དང ། མ་ཞི་བ་དང ། མ་བསྲུངས་པ་དང ། མ་བཏུལ་བ་ནི་བདག་གི་ཆ་མ་ཡིན་པས་བདག་གིས་ཅི་ནས་ཀྱང་བདག་མཐོང་བ་ཙམ་གྱིས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དང་།་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བྱེད་པར་འགྱུར་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་ལ་སོགས་པ་དག་ཡི་རངས་པར་འགྱུར་བ་དེ་ལྟར་བྱ་ཞིང ། དེ་ལྟར་བསྒྲུབ་པར་བྱ། དེ་ལྟར་བརྩོན་འགྲུས་བརྩམ་པར་བྱའོ། །སྙམ་དུ་སེམས་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ངོ་ཚ་ཤེས་པ་ཡིན་ནོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བ་དག་ལ་ཁྱིམ་པ་འམ་རབ་ཏུ་བྱུང་བ་འགའ་ཡང་འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་ཀུན་དུ་སྤྱོད་པའམ།་ལྟ་བ་ཉམས་པ་ཀུན་དུ་སྤྱོད་པའམ། འཚོ་བ་ཉམས་པ་ཀུན་དུ་སྤྱོད་པ་འམ།་ཆོ་ག་ཉམས་པ་ཀུན་དུ་སྤྱོད་པ་འམ། སྤྱོད་ཡུལ་ཉམས་པ་ཀུན་དུ་སྤྱོད་པ་འམ།་ཉམས་པ་ཀུན་དུ་སྤྱོད་པ་གང་ཡང་རུང་བ་དག་གིས་ཀུན་དུ་གླེང་བར་མི་འགྱུར་བར་བྱའོ། ། སྙམ་དུ་སེམས་ཏེ། དེ་དེ་ལྟར་ཁྲེལ་ཡོད་པར་གྱུར་པ་ན་ཉིན་ལན་གསུམ། མཚན་ལན་གསུམ་ཚུལ་ཁྲིམས་ལ་སོ་སོར་རྟོག་པར་བྱེད་དོ། ། དེ་ཚུལ་ཁྲིམས་ཡོངས་སུ་དག་པས་འགྱོད་པ་མེད་ཅིང་དེ་སྒྲིབ་པ་མེད་ལ་ལམ་གྱི་རྒྱུན་བ་ཅད་དེ། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཉེ་བར་རྟེན་ཅིང་གནས་པར་བྱེད་དོ། །རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཁྲེལ་ཡོད་པ་ཞེས་བྱ་སྟེ།
40-468
རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ན་ན་ཏ་ན་སྙིང་པོར་བྱེད་པ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ།། རྫོགས་སངས་རྒྱས་དང་སངས་རྒྱས་ཀྱི།ཉན་ཐོས་ན་ན་ཏན་སྙིང་པོར་བྱེད། ། དེ་ཕྱིར་ནན་ཏན་ཐོབ་བྱའི་ཕྱིར། །ཤེས་རབ་ཅན་གྱིས་རྟག་བརྩོན་གྱིས། །ནན་ཏ་ན་ལ་ནི་འཇིགས་མེད་པའི། །བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། །སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། །བྱང་ཆུབ་རྡུལ་མེད་རྟོགས་པར་འགྱུར། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་ཕུན་སུམ་ཚོགས་པ་ཡིན་ཞེ་ན ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཆུང་བ་དང ། ཕྲག་དོག་མེད་པ་དང ། སེར་སྣ་མེད་པ་དང ། གཡོ་མེད་པ་དང ། སྒྱུ་མེད་པ་ཡིན། མི་རྩུབ་པ་དང ། མི་བརླ་ང་པ་དང ། མི་རྒོད་པ་དང ། མ་ཁེངས་པ་ཡིན ། མི་ཅོར་ཞིང་མུ་ཅོར་མི་སྨྲ་བ་ཡིན། དྲང་བ་དང་མཉེན་པ་ཡིན ། དེས་པ་དང ། འགྲོགས་ན་བདེ་བ་ཡིན ། ར་ང་བཞིན་གྱིས་མཆོད་པ་དང ། རིམ་གྲོ་བྱ་བ་རྒྱ་ཆེན་པོ་དག་ལ་སེམས་འཇུག་པ་དང ། ལོངས་སྤྱོད་པ་དང ། འཚོ་བའི་ཡོ་བྱད་ཡོད་ཅིང་བདོག་པ་དག་གཞན་དག་ལ་བགེད་པའི་ངང་ཚུལ་ཅན་ཡིན། ལག་པ་དང ། རྐང་པ་དང ། མིག་དང ། ཡན་ལག་གི་དམ་པ་མགོ་ཤིན་ཏུ་དང་ཞིང་གསལ་བ་ཡིན་།་དེས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་དག་མཐོང་ན་མཐོང་མ་ཐག་ཁོ་ན་ར་དད་པ་དང ། དང་བ་ཐོབ་པར་འགྱུར་ཞིང་།་དེ་དད་པ་དང་དང་བ་དེས་རིགས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་
40-469
འདི་དག་བཀའ་སྩལ་ཏོ། །དུ་བ་ལས་ནི་མེར་ཤེས་ཤིང ། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི ། །རིགས་ནི་མཚན་མ་རྣམས་ལས་ཤེས། །མི་རྩུབ་བརླང་པ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང་།། སེམས་ཅན་ཀུན་ལ་རབ་དང་བ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་འདོད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་ཡང་དག་པར་བསྐུལ་བ་དང ། ཡང་དག་པར་སྐྱོ་བ་སྐྱེད་པ་དང ། ཡང་དག་པར་འཛིན་དུ་འཇུག་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན། དེ་ནི་བྱང་ཆུབ་ཀྱི་སེམས་འདོད་པའི་རྒྱུ་དང་པོ་ཡིན་ནོ། །གཞན་ཡང་བྱང་ཆུབ་དང་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན་དེ་ནི་བྱང་ཆུབ་ཀྱི་སེམས་འདོད་པའི་རྒྱུ་གཉིས་པ་ཡིན་ནོ། །གཞན་ཡང་སེམས་ཅན་སྐྱོབ་པ་མེད་པ་དང ། སྐྱབས་མེད་པ་དང ། གནས་མེད་པ་དང ། དཔུང་གཉེན་མེད་པ་དང ། གླིང་མེད་པ་དག་མཐོང་ན་བདག་སེམས་ཅན་འདི་དག་གི་སྐྱོབ་པ་དང ། སྐྱབས་དང་།་གནས་དང ། དཔུང་གཉེན་དང ། གླིང་དུ་གྱུར་ཅིག་ཅེས་སྙིང་རྗེའི་སེམས་ཉེ་བར་གཞག་ནས་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན་དེ་ནི་བྱང་ཆུབ་ཀྱི་སེམས་འདོད་པའི་རྒྱུ་གསུམ་པ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཐོང་ན་དགའ་བ་སྐྱེད་པར་བྱེད །
40-470
མཆོག་ཏུ་དགའ་བ་སྐྱེད་པར་བྱེད། སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད། སེམས་སྤྲོ་བ་སྐྱེད་པར་བྱེད་ཅིང་དེ་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན་དེ་ནི་བྱང་ཆུབ་ཀྱི་སེམས་འདོད་པའི་རྒྱུ་བཞི་པ་ཡིན་ནོ། །གཞན་ཡང་དེ་སེམས་ཅན་རྣམས་ལ་ཕན་པ་དང ། བདེ་བ་ཁོ་ནའི་དོན་དུ་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་མ་ཉམ་པ་ར་འཛོག་པར་བྱེད། ཤེས་རབ་སྒོམ་པར་བྱེད་པ་ཡིན་ཏེ། དེ་ལ་ཇི་ལྟར་ན་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ཞེ་ན། ཟས་འདོད་པ་རྣམས་ལ་ཟས་དང ། སྐོམ་འདོད་པ་རྣམས་ལ་སྐོམ་དང ། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང ། མལ་ཆ་འདོད་པ་རྣམས་ལ་མལ་ཆ་དང ། གོས་འདོད་པ་རྣམས་ལ་གོས་དང ། གདུ་བུ་དང ། དཔུང་རྒྱན་དང ། རྣ་ཆ་གདུབ་ཀོར་དང ། རྒྱན་འདོད་པ་རྣམས་ལ་རྒྱན་སྦྱིན་པར་བྱེད་པ་ཡིན་ཏེ། རིགས་ཀྱི་བུ་མདོར་ན་ར་ང་གི་ཤ་དག་གིས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་དེ། དེ་ལྟར་སྦྱིན་པ་སྦྱིན་པར་བྱེད་དོ། །སྦྱིན་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་སྦྱིན་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་སྲུང་བར་བྱེད་པ་ཡིན་ཞེ་ན། དེ་ལུས་ཀྱིས་ལེགས་པར་བསྡམས་པ་དང ། ངག་གིས་ལེགས་པར་བསྡམས་པ་དང ། ཡིད་ཀྱིས་ལེགས་པར་བསྡམས་པ་དང ། དེ་ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་བར་བྱེད་པ་དང ། ངག་གིས་ཉེས་པར་སྤྱོད་པ་དང ། ཡིད་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ར
40-471
ཅད་དུ་ཡོངས་སུ་སྤོང་བར་བྱེད་ལ་ཚུལ་ཁྲིམས་མ་ཉམས་པ་དང ། མ་རལ་བ་དང་།་མ་འདྲེས་པ་དང ། ནག་ནོག་ཏུ་མ་གྱུར་པར་སྲུང་བར་བྱེད་དེ། དེ་ལྟར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཚུལ་ཁྲིམས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ཚུལ་ཁྲིམས་དེས་ཀྱང་ཟློམ་སེམས་སུ་མི་བྱེད་དོ། །དེ་ལ་ཇི་ལྟར་ན་བཟོད་པ་སྒོམ་པར་བྱེད་པ་ཡིན་ཞེ་ན ། དེ་ལ་ཁྱིམ་ན་གནས་པ་འམ། རབ་ཏུ་བྱུང་བ་དག་གིས་སྤྱོས་སམ། བརྒྱད་བཀག་གམ། བརྡེགས་སམ། བཙོགས་སམ། བཅིང་ས་སམ། གོ་རར་བཅུག་གག་མ།་གཞུས་སམ། རྣམ་པར་གཙེས་ན་ཡང་བཟོད་པར་བྱེད། དང་དུ་ལེན་པར་བྱེད་དེ། དེ་ལྟར་བཟོད་པ་སྒོམ་པར་བྱེད་དོ། །བཟོད་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་བཟོད་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེ་ལ་ཇི་ལྟར་ན་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་མཐའ་ཡས་མུ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་མཐའ་ཡས་མུ་མེད་པ་ཡིན་པས། དེ་དག་བདག་གཅིག་པུ་གཉིས་སུ་མེད་པས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པར་བྱའོ་སྙམ་དུ་སེམས་ཏེ། དེ་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེས་བརྩོན་འགྲུས་རྩོམ་པར་བྱེད་ཅིང་དེ་ལུས་ཀྱི་ཚོར་བ་ལ་ལུས་དང་ལྡན་པའི་དྲན་པས་ཉེ་བར་རྟོག་པར་བྱེད་དོ། །དེ་ཚོར་བ་ལ་ཉེ་བར་རྟོག་པ་ལ་བརྩོན་པར་བྱེད་པ་ན་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང ། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ལ་ཡང་བརྩོན་པར་བྱེད་དོ། །དེ་དེ་ལྟར་དྲན་པ་ཤིན་ཏུ་ཉེ་བར་གཞག་པ་ན ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད།
40-472
བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་།་འབད་པར་བྱེད། བརྩོན་འགྲུས་རྩོམ ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པར་བྱེད་དོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པར་བྱེད་དོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང ། ཕྱིར་ཞིང་འབྱུང་བ་དང ། ཉམས་པར་མི་འགྱུར་བ་དང ། བརྗེད་པར་མི་འགྱུར་བ་དང ། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད ། འབད་པར་བྱེད ། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པར་བྱེད་དོ། །དེ་དེ་ལྟར་བརྩོན་འགྲུས་བརྩམས་པ་ན་རྫུ་འཕྲུལ་གྱི་རྐང་པ་དང་པོ་སྒོམ་པར་བྱེད་དོ ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་དང ། གསུམ་པ་དང ། བཞི་པ་ཡང་སྒོམ་པར་བྱེད་དོ། །དེ་དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་གྲུབ་པས་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་གནས་ཤིང་དེ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ ། དེ་ལྟར་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་བརྩོན་འགྲུས་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེ་ལ་ཇི་ལྟར་ན་བསམ་གཏན་ལ་མཉམ་པར་འཇོག་པར་བྱེད་པ་ཡིན་ཞེ་ན ། འདོད་ཆ་གས་དང་བྲལ་བ་ལ་མི་གནས་པ་དང ། འགོག་པ་ལ་མི་གནས་པ་དང ། རྣམ་པར་སྤངས་པར་ཡོངས་སུ་མ་བསྔོས་པ་དང་།་ནང་ལ་མི་གནས་པ་དང ། ཕྱི་རོལ་ལ་མི་གནས་པ་དང ། གཟུགས་ལ་ར་
40-473
མི་གནས་པ་དང ། ཚོར་བ་ལ་མི་གནས་པ་དང ། འདུ་ཤེས་ལ་མི་གནས་པ་དང་།་འདུ་བྱེད་ལ་མི་གནས་པ་དང ། རྣམ་པར་ཤེས་པ་ལ་མི་གནས་པ་དང ། འདོད་པའི་ཁམས་ལ་མི་གནས་པ་དང ། གཟུགས་ཀྱི་ཁམས་ལ་མི་གནས་པ་དང ། གཟུགས་མེད་པའི་ཁམས་ལ་མི་གནས་པ་དང ། སྟོང་པ་ཉིད་ལ་མི་གནས་པ་དང ། མཚན་མ་མེད་པ་ལ་མི་གནས་པ་དང ། སྨོན་པ་མེད་པ་ལ་མི་གནས་པ་དང ། འཇིག་རྟེན་འདི་ལ་མི་གནས་པ་དང ། འཇིག་རྟེན་ཕ་རོལ་ལ་མི་གནས་པ་དང ། གཟུགས་ལ་མི་གནས་པ་དང ། སྒྲ་ལ་མི་གནས་པ་དང ། དྲི་ལ་མི་གནས་པ་དང་།་རོ་ལ་མི་གནས་པ་དང ། རེག་ལ་མི་གནས་པ་དང ། ཆོས་ལ་མི་གནས་པ་དང ། སྦྱིན་པ་ལ་མི་གནས་པ་དང་།[༄་]ཚུལ་ཁྲིམས་ལ་མི་གནས་པ་དང་།་བཟོད་པ་ལ་མི་གནས་པ་དང ། བརྩོན་འགྲུས་ལ་མི་གནས་པ་དང ། བསམ་གཏ་ན་ལ་མི་གནས་པ་དང ། ཤེས་རབ་ལ་མི་གནས་པ་ཡིན་ནོ། །རིགས་ཀྱི་བུ་མདོར་ན་ཆ་གས་པ་ཐམས་ཅད་སྤངས་ནས་མི་གནས་པར་བསམ་གཏན་བྱེད་དེ།་དེ་ལྟར་བསམ་གཏ་ན་ལ་བསམ་གཏ་ན་དུ་བྱེད་དོ། །བསམ་གཏན་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་བསམ་གཏན་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་ཤེས་རབ་སྒོམ་པར་བྱེད་པ་ཡིན་ཞེ་ན་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གྱི་ཁམས་མུ་མེད་པ་དག་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གཅིག་ཀྱང་ཡོངས་སུ་མྱ་ངན་ལས་བཟླས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་བདག་མེད་པའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པའོ། །ཆོས་ཐམས་ཅད་ནི་གང་ཟག་མེད་པའོ་ཞེས་གསུངས་པའི་ཕྱིར་རོ་སྙམ་སྟེ ། དེ་ལྟར་ཤེས་རབ་སྒོམ་པར་བྱེད་དོ། །ཤེས་རབ་དེ་ཡང་བླ་ན་མེད་
40-474
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ་ཤེས་རབ་དེས་ཀྱང་རློམ་སེམས་སུ་མི་བྱེད་དེ ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་འདོད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། །ནོར་བུ་རིན་ཆེན་རང་བཞིན་གྱིས།། འོད་འབར་འབྱུང་གནས་ཉིད་ན་འདུག་།བྱི་དོར་བྱས་ན་དེ་བས་ནི། །ཉིས་འགྱུར་གྱིས་ཀྱང་མཛེས་པ་ལྟར། །དེ་བཞིན་རིགས་དང་ལྡན་པ་ཡང ། །བྱང་ཆུབ་སེམས་ནི་ཚོལ་བྱེད་དེ ། །མཐའ་གཉིས་རྣམ་པར་དག་པ་ཡི ། །སྤྱོད་ཡུལ་དུ་ནི་བདུད་མི་འོང ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་འདོད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་ཆོས་དོན་དུ་གཉེར་བ་དང ། ཆོས་འདོད་པ་དང ། ཆོས་ལ་དགའ་བ་དང ། ཆོས་ཀྱི་ཀུན་དགའ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་ཡིན་ཏེ། དེས་དགེ་སྦྱོང་ངམ། བྲམ་ཟེ་འམ། བཀྲེས་པས་ཉེན་ཅིང་ཟས་འདོད་པ་གཞན་དག་མཐོང་ན་དེས་དེ་དག་ལ་ལ་ལྡམ་ལྡུམ་འམ ། སྔོ་རྔད་དམ། བཟའ་བཅའ་ཅི་བདོག་ཅིང་ཡོད་པ་དག་སྦྱིན་པར་བྱེད་ཅིང་དེ་འཇིག་རྟེན་གྱི་འཚོ་བ་དང ། ཡོ་བྱད་འདི་ལྟ་སྟེ། རྩ་བ་དང ། འབྲས་བུ་དང ། སྡོང་བུ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་བསགས་ཤིང་བསགས་ཤིང་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པ་དང ། དེ་དམ་པའི་ཆོས་འཛིན་པ་རྣམས་ཀྱི་དྲུང་དུ་སོང་སྟེ་གུས་པར་སྨྲ་བ་དང ། ཕྱག་བྱ་བ་དང ། མངོན་པར་ལྡང་བ་དང ། ཐལ་མོ་སྦྱར་བ་དང་།་གུས་པར་བྱ་བའི་ལས་དག་བྱས་ནས་རྗེ་ས་དང་བ་ཅས། གུས་པ་དང་བ་ཅས་པས་ཚུལ་བཞིན་དུ་དྲི་བ་འདྲི་བར་བྱེད་ཅིང་དེའི་འོག་ཏུ་དེ་ལ་དམ་པའི་ཆོས་འཛིན་པ་དེ་ཡང་ཇི་ལྟར་དྲི་བ་དྲིས་པ་དེ་བཞིན་དུ་ལན་འདེབས་པར་བྱེད་
40-475
ལ།་དེ་ཡང་དམ་པའི་ཆོས་འཛིན་པ་དེ་ལ་སྟོན་པར་འདུ་ཤེས་སྐྱེད་པར་བྱེད། དགེ་བའི་བཤེས་གཉེན་དུ་འདུ་ཤེས་སྐྱེད་པར་བྱེད། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པར་འདུ་ཤེས་སྐྱེད་པར་བྱེད། མཁན་པོར་འདུ་ཤེས་སྐྱེད་པར་བྱེད། སློབ་དཔོན་དུ་འདུ་ཤེས་སྐྱེད་པར་བྱེད་བདག་ཡུན་རིང་པོ་ནས་འཁོར་བའི་དགོན་པར་འཁྱམས་པ་ཚོལ་བར་བྱེད་པ་ཡིན་ནོ་སྙམ་དུ་ཚོལ་བར་བྱེད་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད། བདག་ཡུན་རིང་པོ་ནས་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་གཉིད་སད་པར་བྱེད་པ་ཡིན་ནོ་ཞེས་སད་པར་བྱེད་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད། བདག་འཁོར་བའི་རྒྱ་མཚོའི་འདམ་དུ་བྱིང་བ་འབྱིན་པར་བྱེད་པ་ཡིན་ནོ་ཞེས་འབྱིན་པར་བྱེད་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད།་བདག་ལམ་ངན་པར་ཞུགས་པ་ལ་ལམ་བཟང་པོ་སྟོན་པར་བྱེད་པ་ཡིན་ནོ་ཞེས་ལམ་སྟོན་པར་བྱེད་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད། བདག་འཁོར་བའི་བཙོན་རར་བཅིངས་པ་འགྲོལ་བ་ཡིན་ནོ་ཞེས་འགྲོལ་བར་བྱེད་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད།བདག་ཡུན་རིང་པོ་ནས་ཉམ་ཐག་པའི་སྨན་པ་དམ་པ་ཡིན་ནོ་ཞེས་སྨན་པ་དམ་པ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད། བདག་འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་བར་འགྱུར་བ་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ་ཞེས་ཆ་ར་སྤྲིན་ཆེན་པོ་ཡིན་པར་འདུ་ཤེས་སྐྱེད་པར་བྱེད་ཅིང་དེ་ཆོས་ཀྱི་རྒྱུ་དང ། ཆོས་ཀྱི་གཞི་དང ། ཆོས་ཀྱི་ཆེད་ཀྱི་ཕྱིར་ཚ་བ་ཡང་ཁྱད་དུ་གསོད། གྲང་བ་དང ། རླུང་དང ། ཉི་མ་དང ། ཤ་སྦྲང་དང ། སྦྲང་བུ་མཆུ་རིངས་དང ། སྡིག་སྦྲུལ་གྱིས་རེག་པ་ཡང་ཁྱད་དུ་གསོད།་བཀྲེས་པ་ཡང་ཁྱད་དུ་གསོད། སྐོམ་པ་ཡང་ཁྱད་དུ་གསོད ། གཞན་དག་བདེ་བ་དག་མཐོང་ན་ཡང་འདོད་པའི་སེམས་སྐྱེད་པར་མི་བྱེད་པར་
40-476
དེ་འདི་སྙམ་དུ་སེམས་ཏེ། བདག་ལ་དམ་པའི་ཆོས་མཉན་པའི་སྣང་བ་འཆར་བས་ན་བ་དག་ནི་འཇིག་རྟེན་ན་བདེ་བ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེས་མྱ་ངན་མི་བྱེད། སྨྲེ་སྔགས་མི་འདོན་ཅིང་སྡུག་བསྔལ་བ་དང ། ཡིད་མི་བདེ་བའི་སེམས་སྐྱེད་པར་མི་བྱེད་ལ་དེ་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང་བྲལ་བས་བད་ག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཚིག་གཅིག་ཙམ་གྱི་ཕྱིར་ཡང་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་སྤྲོའོ་སྙམ་པ་དེ་ལྟ་བུའི་སེམས་སྐྱེ་བར་འགྱུར་ཞིང་དེ་དེ་ལྟར་ཡིད་ཡོངས་སུ་སྐྱོ་བ་མེད་པས་ན་བསྒྲིམ་མི་དགོས་པ་ཁོ་ནར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད་ཅིང་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད་པ་ཡིན་ཏེ ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་འདོད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱལ་བའི་སྲས་པོ་ཤེས་རབ་ཆེ། །ཆོས་འདོད་པར་ནི་གྱུར་པ་རྣམས། །དམ་ཆོས་ཡོངས་སུ་ཚོལ་བ་ན། །སྐྱོ་བ་སྐྱེད་པར་མི་བྱེད་དོ ། །གུས་པས་དམ་ཆོས་ཡོངས་ཚོལ་བའི། །རྒྱལ་བའི་ཐུགས་ལས་སྐྱེས་པ་རྣམས། །སེམས་ཀྱིས་འཛིན་པར་བྱེད་པ་དང ། །ན་ན་ཏན་གྱིས་ནི་སྒྲུབ་པ་ཡིན། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཉེ་བར་རྟོག་པར་བྱེད་པ་ཡིན་ཞེ་ན ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ཉེ་བར་རྟོག་པར་བྱེད་དེ ། ཆོས་ཐམས་ཅད་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ཏུ་རྨོངས་པར་བྱེད་པའི་ཕྱིར་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་ཆུ་
40-477
ཟླཱ་ལྟ་བུའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པའི་ཕྱིར་མིག་ཡོར་ལྟ་བུའོ། ། ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པའི་ཕྱིར་གཟུགས་བརྙ་ན་ལྟ་བུའོ། །ཆོས་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་འཇུ་བའི་ཕྱིར་བྲག་ཅ་ལྟ་བུའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་བྱུང་ནས་འཇིག་ཅིང་འཇུ་བ་ཡིན་ནོ། །ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ལ་ཡང་དག་པར་གཞོལ་བའི་ཕྱིར་མ་སྐྱེས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་མ་སྐྱེས་པའི་ཕྱིར་མ་འགགས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའི་ཕྱིར་བཅོས་མ་མ་ཡིན་ན་ནོ། །ཆོས་ཐམས་ཅད་ནི་གོས་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཀུན་དུ་འབར་བ་མ་ཡིན་པའི་ཕྱིར་ཞི་བ་ཡིན་ནོ། །ཆོས་ཐམས་ཅད་ནི་ར་ང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་གཟོད་མ་ནས་ཡོངས་སུ་དག་པ་ཡིན་ན་ནོ། །ཆོས་ཐམས་ཅད་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཡིན་ནོ། །ཆོས་ཐམས་ཅད་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར་གཟོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་ངེས་པར་སྣང་བ་མ་ཡིན་པའི་ཕྱིར་གཟུགས་ཅན་མ་ཡིན་ནོ། །ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་གནས་ཡང་དག་པར་བཅོམ་པའི་ཕྱིར་མི་གནས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་སྤངས་པའི་ཕྱིར་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ཡིན་ནོ། །ཆོས་ཐམས་ཅད་ནི་ཉོན་མོངས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་གནས་མེད་པ་ཡིན་ནོ། །ཆོས་ཐམས་ཅད་ནི་ཐབས་ལ་མཁས་པའི་རིག་པ་དང་བྲལ་བའི་ཕྱིར་སྦྲུལ་གདུག་པ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་
40-478
ནི་སྙིང་པོ་མེད་པའི་ཕྱིར་ཆུ་ཤིང་གི་སྡོང་བུ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཉམ་ཆུང་བའི་ཕྱིར་དབུ་བ་རྡོས་པ་ལྟ་བུ་ཡིན་ན་ནོ། །ཞེས་ཉེ་བར་རྟོག་པར་བྱེད་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཉེ་བར་རྟོག་པར་བྱེད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །བྱིས་པ་རྣམས་ཀྱི་སེམས་རྨོངས་བྱེད། །ཡང་དག་མ་ཡིན་རྨི་འདྲ་བ ། །དེ་ལྟར་ལྟོས་ཤིག་དགེ་སློང་དག་།ཆོས་རྣམས་ཆུ་ཟླ་ལྟ་བུ་སྟེ། །མིག་ཡོར་གྱིས་ནི་ཀུན་ནས་བསླང ། །ཆོས་རྣམས་གཟུགས་བརྙ་ན་ལྟ་བུར་ནི ། །མཁས་པ་སུ་ཞིག་རྟོག་མི་བྱེད། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་གཟུགས་ལ་འདོད་ཆ་གས་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་བྱེད་པར་ཆོས་ཀྱི་དབྱིངས་ཀྱི་འཁོར་གྱི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་རྟོགས་པར་བྱེད་ཅིང་དེ་དག་གི་མཚན་མ་རྣམས་དང ། ལེགས་པར་བཤད་པ་རྣམས་དང་།་ལེགས་པར་མཚན་བཏབ་པ་རྣམས་ལེགས་པར་ཟིན་པར་བྱེད་ལ་མཚན་མ་དང་ལེགས་པར་བཤད་པ་དང ། ལེགས་པར་མཚན་བཏབ་པ་ལེགས་པར་བཟུང་བ་དེ་དག་ལ་དེའི་ཆོས་ཀྱི་དབྱིངས་ཀྱི་ལམ་རྩོལ་བ་མེད་པ་ཁོ་ནར་འཇུག་པ་དང ། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མི་རྟག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་རྣམ་པར་ཤེས་པ་ལ་འདོད་ཆ་གས་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་བྱེད་པར་ཆོས་ཀྱི་དབྱིངས་ཀྱི་འཁོར་གྱི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་
40-479
རྟོགས་པར་བྱེད་ཅིང་དེ་དག་གི་མཚན་མ་དང ། ལེགས་པར་བཤད་པ་དང ། ལེགས་པར་མཚན་བཏབ་པ་དེ་དག་ལེགས་པར་ཟིན་པར་བྱེད་ལ་མཚན་མ་དང ། ལེགས་པར་བཤད་པ་དང ། ལེགས་པར་མཚན་བཏབ་པ་ལེགས་པར་བཟུང་བ་དེ་དག་ལ་དེའི་ཆོས་ཀྱི་དབྱིངས་ཀྱི་ལམ་རྩོལ་བ་མེད་པ་ཁོ་ནར་འཇུག་པ་དང ། མི་རྟག་པ་ལ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལ་ཡང་དེ་བཞིན་ཏེ། དེ་གཟུགས་བདག་མེད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་གཟུགས་བདག་མེད་དོ། །ཞེས་ཡང་དག་པར་རྗེས་སུ་ལྟ་བ་ན་གཟུགས་ཀྱིས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་ཀུན་ན་ནས་བསླང་བ་ཡིན་ལ། དེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་བདག་མེད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་ལྟ་ཞིང་རྣམ་པར་ཤེས་པ་བདག་མེད་དོ། །ཞེས་ཡང་དག་པར་རྗེས་སུ་ལྟ་བ་ན་རྣམ་པར་ཤེས་པས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན ། རྣམ་པར་ཤེས་པ་ནི་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་ཡིན་ལ། དེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྒྱུ་མར་བྱས་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། ཤིང་རྟའི་ཚོགས་སས་མ། དཔུང་བུ་ཆུང་གི་ཚོགས་དག་མངོན་པར་སྤྲུལ་ཏེ་བསྟན་པར་གྱུར་ན་སྐྱེས་བུ་མཁས་པའི་རང་བཞིན་ཅན་ནི་དེ་མཐོང་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
40-480
དེས་དེ་ནི་སྒྱུ་མར་བྱས་པ་སྟེ། ཡང་དག་པ་མ་ཡིན་པ་དང ། ཡོད་པ་མ་ཡིན་པ་དང ། བརྫུན་པ་དང ། སླུ་བར་བྱེད་པའི་ཆོས་ཡིན་པར་རིག་ཅིང་ཀུན་ཏུ་ཤེས་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གཟུགས་བདག་མེད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་ཀུན་ན་ནས་བསླང་བ་ཡིན་ལ། དེས་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་བདག་མེད་དོ། །ཞེས་ཡང་དག་པར་རྗེས་སུ་ལྟ་བ་ན། རྣམ་པར་ཤེས་པས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་ཡིན་ལ། དེས་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤིས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པར་ཡང་དག་པར་རྗེས་སུ་ལྟ་ཞིང་གཟུགས་ལ་འདོད་ཆགས་དང་བྲལ་བའི་སླད་དུ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་བགྱིད་པར་ཆོས་ཀྱི་དབྱིངས་ཀྱི་འཁོར་གྱི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་རྟོགས་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ན་སྐྱེས་བུ་མཁས་པ་ལ་ལ་དཔེས་བཤད་པའི་དོན་ཀུན་ཤེས་པར་འགྱུར་བས་ན་དེའི་
40-481
ཕྱིར་དཔེ་བརྗོད་པར་བྱས་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གྱི་མི་ལ་ལ་ཞིག་དུག་སྤྱོད་པར་གྱུར་ན་དེས་དུས་དུས་སུ་དུག་དེ་བྱི་དོར་བྱེད། སྦེད་པར་བྱེད། ནོར་དུ་བྱེད། བདག་གིར་བྱེད་ཅིང་ཡོ་བྱད་རྣམ་པ་སྣ་ཚོགས་དག་ཏུ་འཚོད་པར་བྱེད་ཀྱི་དེ་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞི་འདིས་བདག་གི་སྲོག་གི་བར་ཆད་དུ་འགྱུར་དུ་འོང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མྱ་ངན་ལས་འདས་པ་ལ་སེམས་པ་དང ། མྱ་ངན་ལས་འདས་པ་ལ་གཞོལ་བ་དང ། མྱ་ངན་ལས་འདས་པ་ལ་དབབ་པ་དང ། མྱ་ངན་ལས་འདས་པ་ལ་བབ་པར་ཡང་བྱེད་མོད་ཀྱི། མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན ། གཞི་འདིས་བདག་བྱང་ཆུབ་ལས་ལྡོག་པར་འགྱུར་དུ་འོང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤེས་རབ་དང་ལྡན་པའི་ར་ང་བཞིན་ཅན་གྱི་མི་ལ་ལ་ཞིག་མེ་སྤྱོད་པར་གྱུར་ན་དེ་དུས་དུས་སུ་མེ་དེ་ལ་བཀུར་སྟི་བྱེད ། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད། ལེགས་པར་རིམ་གྲོ་བྱེད་ཀྱང ། དེ་འདི་སྙམ་དུ་བདག་གིས་མེ་འདི་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས། ལེགས་པར་རིམ་གྲོ་བྱས་མོད་ཀྱི། འདི་ལ་ལག་པ་གཉིས་ཀྱིས་ནི་གཟུང་བར་མི་བྱའོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན ། གཞི་འདིས་བད་ག་ལ་ལུས་ཀྱི་སྡུག་བསྔལ་དང ། སེམས་ཀྱི་ཡིད་མི་བདེ་བ་འབྱུང་བར་འགྱུར་དུ་འོང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མྱ་ངན་ལས་འདས་པ་ལ་སེམས་པ་དང ། མྱ་ངན་ལས་འདས་པ་ལ་གཞོལ་བ་དང ། མྱ་ངན་ལས་འདས་པ་ལ་འབབ་པ་དང ། མྱ་
40-482
ངན་ལས་འདས་པ་ལ་བབ་པར་ཡང་བྱེད་མོད་ཀྱི་མྱ་ངན་ལས་འདས་པ་དེ་མངོན་སུམ་དུ་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན ། གཞི་འདིས་བདག་བྱང་ཆུབ་ལས་ལྡོག་པར་འགྱུར་དུ་འོང་ངོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཁོ་ནར་གནས་པར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཁོ་ན་ར་གནས་པར་བྱ་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བ་ན་འཁོར་བའི་ཚེ་འཁོར་བའི་སྐྱོན་རྣམས་ཀྱིས་མི་གོས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་བརྗོད་པར་བྱས་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྦྲུལ་འཛིན་པའི་མིས་གསང་སྔགས་དང ། སྨན་གྱི་སྟོབས་བསྐྱེད་པ་ཆེན་པོ་དང་ལྡན་པ་ནི་སྦྲུལ་གདུག་པ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་བྱེད་ཀྱང་གཞི་དེས་དེའི་སྲོག་གི་བར་ཆད་བྱེད་པར་ཡང་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན ། འདི་ལྟ་སྟེ། ཤེས་རབ་དང ། ཐབས་དང ། རིགས་པའི་གསང་སྔགས་དང ། སྨན་གྱི་སྟོབས་བསྐྱེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
40-483
དག་མྱ་ངན་ལས་འདས་པ་དེ་ཡང་མངོན་སུམ་དུ་མི་བགྱིད་ལ། འཁོར་བའི་སྐྱོན་དེ་དག་གིས་ཀྱང་མི་གོས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། ། བདེ་བར་གཤེགས་པ་ངོ་མཚར་ལགས་ས་སོ། །བཅོམ་ལྡན་འདས་ཤིན་ཏུ་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ལགས་ཏེ ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱབས་སུ་མཆི་ལགས་སོ ། ། བཅོམ་ལྡན་འདས་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐ་ན་སེམས་དང་བ་གཅིག་ཙམ་རྙེད་པར་གྱུར་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་དག་ཆོས་བསྟན་པ་འདི་བཤད་པ་ན་ཉན་པར་བགྱིད་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་དག་ཆོས་བསྟན་པ་འདི་བཤད་པ་ན་ཉན་པར་བྱེད་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་ཡིན་ནོ། །ཆོས་བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་པོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ནས་སེམས་རྣམ་པར་གྲོལ་བ་དེ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་དག་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དལོགས་སུ་ཐལ་མོ་སྦྱར་བ་དག་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཕྱག་བགྱི་བར་འོས་པ་ལགས་སོ། །བདེ་བར་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
40-484
རྣམས་ནི་ཕྱག་བགྱི་བར་འོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་དག་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། ། གྲགས་ཆེན་ཐབས་ལ་མཁས་པ་དང ། །ཤེས་རབ་ཁྱད་པར་འཕགས་པ་ཡིས ། ། ཉན་ཐོས་རྣམས་ཀྱི་ས་དག་ལས ། །ཡང་དག་འདས་པར་གྱུར་པ་དང ། ཕུང་པོ་སྐྱེ་འཇིག་ཟད་འགྱུར་བར། །ཡང་དག་ཇི་བཞིན་ཤེས་གྱུར་ཀྱང ། །འགྲོ་བ་ཉམ་ཐག་འདི་མཐོང་ནས ། །མྱ་ངན་འད་འ་བར་མི་འགྲོ་བའི ། །ཤེས་རབ་ཆེ་རྣམས་ཕྱག་བྱའི་འོས། །འཇིགས་པ་མེད་རྣམས་ཕྱག་བྱའི་འོས ། །སྤྱན་ཡངས་ལྡན་རྣམས་ཕྱག་བྱའི་འོས། །རྒྱལ་བའི་སྲས་རྣམས་ཕྱག་བྱའི་འོས། ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་དང་།་ཆེ་བའི་ང་རྒྱལ་དང་བྲལ་བ་ཡིན་ཞེ་ན ། རིགས་ཀྱི་བུ་འདི་ལ་ང་རྒྱལ་ཞེས་བྱ་བ་ནི་བདག་ནི་གཞན་དག་དང ། རིགས་དང ། རུས་དང ། གཟུགས་དང་།་འགྲོན་བུ་དང ། གསེར་དང ། ནོར་དང ། ཡོ་བྱད་གང་ཡང་རུང་བ་དག་གག་མ། གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། ཤིང་རྟའི་ཚོགས་སས་མ།་དཔུང་བུ་ཆུང་གི་ཚོགས་དག་མི་མཚུངས་སོ་སྙམ་དུ་འགྲན་པར་བྱེད་ཅིང་དེ་ལྟར་སེམས་མངོན་པར་མཐོ་བར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་ཞེས་བྱ་བ་ནི་བདག་ནི་གཞན་དག་པས་རིགས་དང ། རུས་དང ། གཟུགས་དང ། འགྲོན་བུ་དང ། གསེར་དང ། ནོར་དང ། འབྲུ་ཕུན་སུམ་ཚོགས་པ་དག་གམ། གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ།་ཤིང་རྟའི་ཚོགས་སས་མ། དཔུང་བུ་ཆུང་གི་ཚོགས་དག་གིས་ཁྱད་པར་དུ་
40-485
འཕགས་པ་ཡིན་ནོ་སྙམ་དུ་སེམས་ལ། དེ་ལྟར་སེམས་ཁེངས་ཤིང་མི་འདུད་པ་གང་ཡིན་པ་སྟེ། དེ་ནི་ཆེ་བའི་ང་རྒྱལ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་དང་བྲལ་བས་ན་དེའི་ཕྱིར་ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང་བྲལ་བ་ཞེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་རྒྱལ་ཆེ་བའི་ང་རྒྱལ་བྲལ་ཞིང་རྟག་ཏུ་བྱམས་པའི་སེམས། ། སྙིང་རྗེའི་ཡིད་དང་ལྡན་ཞིང་འགྲོ་བ་དག་ལ་བག་ཡོད་པའི། །སེམས་དཔའ་གཙོ་བོ་ཡངས་པ་འདི་ན་བསོད་སྙོམས་སྤྱོད་བྱེད་ཅིང ། །ལྷ་དང་མི་རྣམས་དག་ལ་ཕན་པ་རྗོད་པར་བྱེད་པ་ཡིན།། །། [•་\[]་བམ་པོ་གཉིས་པ་སྟེ་ཐ་མ ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ཞེ་ན ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་དགོངས་ཏེ། གསུངས་པའི་མདོ་སྡེ་ཟབ་མོ་ཟབ་མོ་གང་དག་ཡིན་པ་དེ་དག་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་མི་བྱེད་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་དེ་དག་ཀྱང་གང་ཞེ་ན ། འདི་ལྟ་སྟེ། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་གསུངས་པ་ནི་དེ་ལྟར་མི་བལྟའོ། །ཀུན་དགའ་བོ་ང་ནི་རོ་རྒྱབ་ནའོ་ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །ང་ནི་རྒས་འཁོགས་ཏེ་གཏུ་གས་པ་ཡིན་གྱིས། ངའི་བསྙེན་བཀུར་བ་ཚོལ་ཅིག་ཅེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། ། མཽད་གལ་གྱི་བུ་ཁྱོད་སོང་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་གན་ནས་སྨན་ལོང་ཤིག་དང་བཟའ་བར་བྱའོ། །ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། ། དེ་བཞིན་གཤེགས་པ་ནི་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དག་
40-486
དང་ལྷན་ཅིག་ཏུ་ཚིག་གིས་རྩོད་པར་བྱེད་དོ། །ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ་། །དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་གོ་ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །སྐྱེས་བུ་དམ་པ་མ་ཡིན་པ་ལྷས་བྱིན་ནི་ཡུན་རིང་པོ་ནས་དེ་བཞིན་གཤེགས་པའི་གཤེད་མ་དང ། གཅུགས་ཅན་དང ། ཕྱིར་རྒོལ་བ་དང ། དགྲ་བོར་གྱུར་པ་ཡིན་ན་ནོ། །ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །དེ་བཞིན་གཤེགས་པ་ནི་བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་ས་ལ་ཅན་དུ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་བྱུང་ངོ ། །ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །བྲ་མ་ཟེའི་བུ་མོ་དྲེགས་མས་ཤིང་གི་གཞོང་བུ་ལྟོ་བར་བཅིངས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པོ་ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །དེ་བཞིན་གཤེགས་པ་ཉོན་མོངས་མེད་ཀྱི་ལྗོངས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པ་ན་ཟླ་བ་གསུམ་དུ་རྟ་ཆ་ས་ཀྱི་ནས་དག་གསོལ་ཏོ། །ཞེས་གསུངས་པ་ཡང་དེ་ལྟར་མི་བལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་གང་ཡིན་པ་དེ་ནི་རིགས་ལས་བརྟགས་ཏེ་ལུང་བསྟན་ཏོ། །གསོལ་པ་བཅོམ་ལྡན་འདས་ཉན་ཐོས་ཟག་པ་ཟད་པ།་སྲིད་པར་ཀུན་དུ་སྦྱོར་བ་ཡང་དག་པར་རྒྱུན་ཆད་པ་དག་ལ་རིགས་མཆིས་སུ་ལགས་ཀྱང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
40-487
རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་ཉོན་ཅིག་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་ལ་བུ་ཞིག་བདོག་པར་གྱུར་ལ་དེ་ཡང་བཟོའི་གནས་ཐམས་ཅད་སློབ་པར་བྱེད་ཅིང་དེ་དབང་པོ་རྟུལ་ལ་དབང་པོ་མི་རྣོ་བ་ཞིག་ཡིན་པས་དེ་ཕྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ་པར་བྱེད་ལ།་སྔར་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིས་སློབ་པར་བྱེད་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་གཞི་དེས་རྒྱལ་པོའི་བུ་མ་ཡིན་ནོ། །ཞེས་བརྗོད་པར་བྱ་བ་ཡིན་སྙམ་འམ ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་ཏེ། དེ་ནི་རྒྱལ་པོའི་བུ་ཞེས་བགྱི་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་ཡང་སྒོམ་པའི་ལམ་གྱིས་སྔར་ཉོན་མོངས་པ་རྣམས་ཟད་པར་བྱེད་ཅིང་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་གཞི་དེས་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་སྙམ་འམ ། གསོལ་པ། བཅོམ་ལྡན་འདས་བདག་གིས་གང་འདོད་ཆེན་པ་མ་གཏོགས་པར་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཞེས་དེ་སྐད་མཆི་བའི་སེམས་ཅན་དེ་དག་ནི་ལྷ་དང་བཅས་པ་དང ། བདུད་དང་བ་ཅས་པ་དང ། དགེ་སྦྱོང་དང ། བྲམ་ཟེར་བ་ཅས་པའི་སྐྱེ་དགུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བ་ཅས་པའི་འཇིག་རྟེན་ན་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེ་གཞན་ཡང་ཉོན་ཅིག། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་
40-488
གནས་པ་ཉོན་མོངས་པའི་སྒྲིབ་པ་ཟད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འཇུག་གག་མ། འོན་ཏེ་མ་ཟད་པས་འཇུག་སྙམ ། གསོལ་པ། བཅོམ་ལྡན་འདས་བས་ནས་མཆིས་ལགས་ས་སོ། །བདེ་བར་གཤེགས་པ་བས་ནས་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། དེ་གཞི་དེས་མངོན་པར་རྫོགས་པར་འཚང་མི་རྒྱ་སྙམ་འམ ། གསོལ་པ། བཅོམ་ལྡན་འདས་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། །བདེ་བར་གཤེགས་པ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གསོལ་པ་བཅོམ་ལྡན་འདས་ཀུན་དགའ་བོ་ང་ནི་རོ་རྒྱབ་ནའོ་ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཕྱི་མའི་སྐྱེ་བོ་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟར་སྲ་བ་ཡང་སྐུ་རོ་རྒྱབ་བ་སྙུང་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པ་ལ་ཐུགས་བརྩེ་བས་དེ་སྐད་གསུངས་པ་ཡིན་ན། དེ་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་སྐུ་རོ་རྒྱབ་བསྙུང་ཞེའོ། །ཞེས་སྒྲ་ཇི་བཞིན་ཁོ་ན་ར་འཛིན་པར་བྱེད་དེ། དེ་དག་ནི་ར་ང་ཡང་ཉམས་པར་བྱས་ལ་གཞན་ཡང་ཉམས་པར་བྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོངས་ནས་དེ་སྐད་ཅེས་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ང་ནི་རྒས་འཁོགས་ཏེ་གཏུགས་པ་ཡིན་གྱིས ། ངའི་བསྙེན་བཀུར་བ་ཚོལ་ཅིག་ཅེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཡང་ངས་ཕྱི་མའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བས་ངའི་ཉན་ཐོས་རྒས་འཁོགས་ཏེ་གཏུ་གས་པ་གང་དག་གི་ལུས་ལ་བསྙེན་བཀུར་བ་དགོས་པ་དག་འབྱུང་བར་འགྱུར་བ་དེ་དག་དེ་བཞིན་གཤེགས་པས་རྗེས་
40-489
སུ་མ་གནང་ངོ ། །ཞེས་ཕོངས་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་སྐད་གསུངས་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོངས་ནས་དེ་སྐད་གསུངས་པ་ཡིན་ན་དེ་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པ་བགྲེས་འཁོགས་ཏེ། གཏུ་གས་སོ་ཞེས་སྒྲ་ཇི་བཞིན་ཁོ་ན་ར་འཛིན་པར་བྱེད་དེ ། དེ་དག་ཀྱང་རང་ཡང་ཉམས་པར་བྱས་ལ། གཞན་ཡང་ཉམས་པར་བྱེད་པ་ཡིན་ན་ནོ། །གསོལ་པ། བཅོམ་ལྡན་འདས་མཽད་གལ་གྱི་བུ་ཁྱོད་སོང་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་གན་ནས་སྨན་ལོང་ཤིག་དང ། བཟའ་བར་བྱའོ་ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཡང་ངས་ཕྱི་མའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བས་ངའི་ཉན་ཐོས་གང་དག་ལ་སྨན་དགོས་པ་དག་འབྱུང་བར་འགྱུར་བ་དེ་དག་དེ་བཞིན་གཤེགས་པས་རྗེས་སུ་མ་གན་ང་ངོ ། ། ཞེས་ཕོངས་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་སྐད་གསུངས་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོང་ས་ནས་དེ་སྐད་གསུངས་པ་ཡིན་ན། དེ་ལ་མི་བླུན་པོ་ཁ་ཅིག་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་དགེ་སློང་མཽད་གལ་གྱི་བུ་ལ་རྗེ་ས་མེད་པ་དང ། གུས་པར་སྒྲིམ་པ་མེད་པ་མ་ཡིན་པར་བསྟན་ཅིང་དྲིས་ན་ཡང་རིངས་པ་རིངས་པ་ཁོ་ན་ར་སྙུན་གྱི་གསོས་སྨན་བསྟན་པ་ལས་ན། དེ་བཞིན་གཤེགས་པ་ནི་སྐུ་ལ་སྙུན་མངའ་བ་ཡིན་ནོ་སྙམ་པ་དང ། དེ་བཞིན་གཤེགས་པའི་སྐུ་དེ་ལ་ཡང་ཉེས་དམིགས་དག་སྣང་སྟེ། ཆོས་མཐོང་བ་རྣམས་ལ་ཡང་དེ་ལྟ་བུའི་བག་མེད་པ་དག་འབྱུང་བར་འགྱུར་ན་སོ་སོའི་སྐྱེ་བོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས།་ཞེས་སྒྲ་ཇི་བཞིན་ཁོ་ནར་འཛིན་པར་བྱེད་དེ། དེ་དག་ཀྱང་རང་ཡང་ཉམས་པར་བྱས་ལ་གཞན་ཡང་ཉམས་པར་བྱེད་པ་ཡིན་ན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང །
40-490
ཀུན་ཏུ་རྒྱུ་དག་དང་ལྷན་ཅིག་ཏུ་ཚིག་གིས་རྩོད་པར་བྱེད་དོ། །ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཡང་ངས་ཕྱི་མའི་སྐྱེ་བོ་དག་དེ་བཞིན་གཤེགས་པ་ཉིད་ལ་ཡང་དགྲ་བོ་དང ། ཕྱིར་རྒོལ་བ་དག་ཡོད་ན་བདག་ཅག་ལྟ་ལ་སྨོས་ཀྱང་ཅི་དགོས། སྙམ་དུ་སེམས་པ་དག་ལ་ཐུགས་བརྩེ་བས་དེ་སྐད་ཅེས་གསུངས་པ་དག་ཡིན་ན།་དེ་ལ་མི་བླུན་པོ་དེ་དག་དེ་བཞིན་གཤིགས་པ་ལ་ཡང་དགྲ་བོ་དང ། ཕྱིར་རྒོལ་བ་དག་ཡོད་དོ། །ཞེས་སྒྲ་ཇི་བཞིན་ཁོ་ནར་འཛིན་པར་བྱེད་དེ། རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལ་ཡང་དགྲ་བོ་དང ། ཕྱིར་རྒོལ་བ་པ་དག་མེད་ན་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཆུ་བོ་ཆེན་པོ་དང་ལྡན་པ་ལྟ་ལ་སྨོས་ཀྱང་ཅི་དགོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་ག་གོ། ། ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ལས་བདག་གིར་བྱ་བ་ཉིད་སྟོན་པར་མཛད་དེ། དེ་བཞིན་གཤེགས་པ་ཉིད་ལ་ཡང་སྔོན་བྱས་པའི་ལས་དག་ཡོད་ན། གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་རྒྱུ་དེ་དང་རྐྱེན་དེ་དང་།་གཞི་དེས་སྡིག་པའི་ལས་ལ་མི་དགའ་ཞིང་དགའ་བར་མི་འགྱུར་བའི་དོན་གྱི་དབང་དེ་གཟིགས་པས་ན་དེ་བཞིན་གཤེགས་པ་ལས་བདག་གིར་བྱ་བ་ཉིད་སྟོན་པར་མཛད་པ་ཡིན་ན ། དེ་ལ་མི་བླུན་པོ་དེ་དག་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་གོ། །ཞེས་སྒྲ་ཇི་བཞིན་ཁོ་ནར་འཛིན་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ཡིན་པ་ལྷས་བྱིན་ནི་ཡུན་རིང་པོ་ནས་དེ་བཞིན་གཤེགས་པའི་གཤེད་མ་དང ། གཅུགས་ཅན་
40-491
དང་།་ཕྱིར་རྒོལ་བ་དང ། དགྲ་བོར་གྱུར་པ་ཡིན་ན་ནོ། །ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་སྐྱེས་བུ་དམ་པ་ལྷས་བྱིན་མེད་པར་གྱུར་ན ། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་གཅིག་ཀྱང་ཡོད་པར་མི་མངོན་ཏེ ། རིགས་ཀྱི་བུ་གང་གི་ཕྱིར་སྐྱེས་བུ་དམ་པ་ལྷས་བྱིན་གྱིས་དེ་བཞིན་གཤེགས་པ་ལ་བརྩད་པ་དང་།་བསྐྲུན་པ་དང ། ཕྱིར་བརྒལ་བ་དག་བསྟན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་དག་ཡོད་པར་མངོན་ན་ནོ། ། རིགས་ཀྱི་བུ་རྒྱལ་པོའི་ཚིག་གིས་སྐྱེས་བུ་དམ་པ་ལྷས་བྱིན་འདིས་དེ་བཞིན་གཤེགས་པ་རྣམ་པར་གཞོམ་པར་བྱའོ། །སྙམ་ནས་གྲོང་བར་གྱི་དབུས་ནས་དེ་བཞིན་གཤེགས་པ་ལ་གླང་པོ་ཆེ་ཆེན་པོ་ནོར་སྐྱོང་རྦད་པར་གྱུར་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པས་བཏུལ་ཅིང་རྣམ་པར་བཏུལ་ནས་དུལ་བར་མཛད་དེ། སྐྱེ་བོ་ཕལ་པོ་ཆེས་དེ་མཐོང་ནས་ངོ་མཚར་དུ་འཛིན་ཅིང་རྨད་དུ་བྱུང་བར་མཛད་ནས་དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང ། ཆོས་དཀོན་མཆོག་དང ། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་དོང་སྟེ། དེ་ཡང་སྐྱེས་བུ་དམ་པ་ལྷས་བྱིན་གྱི་སྐྱེས་བུའི་རྩལ་ཡིན་པར་བལྟ་བར་བྱའོ། །དེ་ལ་མི་བླུན་པོ་དེ་དག་ནི་ཀྱེ་མ་ལྷས་བྱིན་ནི་དེ་བཞིན་གཤེགས་པའི་གཤེད་མ་དང་།་གཅུགས་ཅན་དང ། ཕྱིར་རྒོལ་བ་ཡིན་ནོ། །ཞེས་སྒྲ་ཇི་བཞིན་ཁོ་ནར་འཛིན་པར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ན་ཚེ་རབས་ལྔ་བརྒྱར་སྐྱེས་བུ་དམ་པ་ལྷས་བྱིན་གྱིས་གནོད་པ་བྱས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་བྱས་པ་ཡིན་ན་དེ་ལ་མི་བླུན་པོ་ཁ་ཅིག་ཀྱེ་མ་ལྷས་བྱིན་ནི་དེ་
40-492
བཞིན་གཤེགས་པའི་གཤེད་མ་དང ། གཅུགས་ཅན་དང ། ཕྱིར་རྒོལ་བ་ཡིན་ནོ། །ཞེས་སྒྲ་ཇི་བཞིན་ཁོ་ན་ར་འཛིན་ཏེ། དེ་དག་ནི་གཞི་དེས་ལུས་ཞིག་ནས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་ལྷས་བྱིན་ནི་ཚོགས་ཤིན་དུ་བསགས་པ། དགེ་བའི་རྩ་བ་ཤིན་དུ་བསགས་པ། རྒྱལ་བ་དུ་མ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། བྱང་ཆུབ་ཆེན་པོ་ལ་གཞོལ་བ། བྱང་ཆུབ་ཆེན་པོ་ལ་འབབ་པ། བྱང་ཆུབ་ཆེན་པོ་ལ་བབ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བ་ཡིན་པས་ན་དེ་ལ་སྡང་བའི་སེམས་བསྐྱེད་པ་དེ་དག་ནི་ལུས་ཞིག་ནས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་བའི་ཕྱིར་རོ ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་ས་ལ་ཅན་དུ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་བྱུང་ངོ ། །ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། རིགས་ཀྱི་བུ་དེ་ཡང་ངས་ཕྱི་མའི་སྐྱེ་བོ་རྣམས་ལ་བལྟས་ཏེ་དེ་ལྟ་བུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། འོན་ཀྱང་དེ་བཞིན་གཤེགས་པས་ཕྱི་མའི་སྐྱེ་བོ་རྣམས་ལ་བལྟས་ནས་དེ་ལྟ་བུ་བསྟན་ཏེ་།་དགེ་སློང་བསོད་སྙོམས་པ་ཁ་ཅིག་བསོད་སྙོམས་ཀྱི་ཕྱིར་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཞུགས་པའི་ཚེ་བདག་ཉིད་བསོད་ནམས་ཆུང་བས་བསོད་སྙོམས་མ་རྙེད་པ་ན ། དེ་དག་དེའི་ཚེ་དེ་བཞིན་གཤེགས་པ་ཡིད་ལ་བྱས་
40-493
ནས་འདི་སྐད་ཅེས་དེ་བཞིན་གཤེགས་པ་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ཉིད་ཀྱང་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་བྱུང་ན ། བད་ག་ཅག་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསོད་སྙོམས་མ་རྙེད་པ་འདིས་བདག་ཅག་ཡོངས་སུ་གདུང་བར་མི་བྱའོ་ཞེས་བརྗོད་པར་འགྱུར་བའི་དོན་གྱི་དབང་འདི་གཟིགས་པས་དེ་བཞིན་གཤེགས་པ་བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་ས་ལ་ཅན་དུ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་བྱུང་བར་བསྟན་ཏོ། །གཞན་ཡང་བདུད་སྔིག་ཅན་གྱིས་བྲམ་ཟེ་དང ། ཁྱིམ་བདག་རྣམས་བྱིན་གྱིས་བརླབས་པས་ན་དེ་ལྟར་བསོད་སྙོམས་མི་སྟེར་ཏོ། །ཞེས་ཟེར་ན་དེ་ཡང་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན ། བདུད་སྡིག་ཅན་གྱིས་དེ་བཞིན་གཤེགས་པའི་བསོད་སྙོམས་ཀྱི་བར་ཆད་བྱེད་པར་མི་ནུས་པའི་ཕྱིར་ཏེ། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླ་བས་ཀྱིས་བདུད་སྡིག་ཅན་གྱིས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀུན་དུ་བྱིན་གྱིས་བརླབས་པ་ཡིན་གྱི ། དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དེ ། སེམས་ཅན་དེ་དག་ཉིད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཐབས་ལ་མཁས་པ་དེ་ལྟ་བུ་བསྟན་པར་མཛད་དོ། །དེ་བཞིན་གཤེགས་པས་ཞལ་ཟས་བ་ཅད་ཅིང་ཆད་པ་དེ་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང ། ལྷའི་བུ་གཞན་དག་ཀྱང་དགེ་སྦྱོང་གཽ་ཏ་མ་དང ། ཉན་ཐོས་དག་ཡིད་མི་བདེ་བར་མི་འདུག་གམ་ཞེས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བ་ཅས་པའི་ཐུགས་ལ་སེམས་པར་བྱེད་དེ ། དེ་དག་ཉིན་མཚན་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བ་ཅས་པའི་ཐུགས་ལ་སེམས་ཀྱིས་སེམས་པར་བྱེད་པ་ན་ཐུགས་ཀྱི་གནས་གཅིག་ཙམ་ལ་ཡང་མཐོ་བ་མེད་ཅི་ང་
40-494
དམའ་བ་མེད་ལ་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བ་བཞིན་དུ་སྔོན་ཡང་དེ་བཞིན་ཏེ། ཡིད་མི་བདེ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་ནས་དེའི་ཚེ་ན་ལྷའི་བུ་བདུན་ཁྲི་འདུས་པར་གྱུར་པ་དག་གིས་དེ་བཞིན་གཤེགས་པ་ལ་རབ་ཏུ་བཏུ་བཏུད་པ་དང ། དེ་བཞིན་གཤེགས་པས་ཀྱང་དེ་དག་ལ་ཅི་ནས་ཀྱང་དེ་དག་ཐམས་ཅད་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་དེ ། དེ་ལྟར་ན་དེ་བཞིན་གཤེགས་པ་ཕྱི་མའི་སྐྱེ་བོ་ལ་གཟིགས་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ཡོད་པ་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་བྲ་མ་ཟེའི་བུ་མོ་དྲེགས་མས་ཤིང་གི་གཞོང་བུ་ལྟོ་བར་བཅིངས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པོ་ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་ལས་ཀྱི་སྒྲིབ་པའི་ཉེས་པ་མེད་དེ། དེ་བཞིན་གཤེགས་པས་བྲམ་ཟེའི་བུ་མོ་དྲེགས་མ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕང་བར་ཡང་སྤྱོད་མོད་ཀྱི་དེ་བཞིན་གཤེགས་པས་ཐབས་ལ་མཁས་པས་ལས་ཀྱི་བྱ་བ་བསྟན་ཏེ། ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ལ་སྐུར་པ་བཏབ་པ་དག་འབྱུང་བར་འགྱུར་བ་དེ་དག་ཡང་དག་པ་མ་ཡིན་པའི་སྐུར་པས་སྐུར་བར་འགྱུར་བས་དེ་དག་འགྱོད་པ་ཙམ་དུ་གྱུར་པའི་ཚེ་དེ་དག་སྐུར་པ་བཏབ་པ་ན་འདི་སྐད་དུ་དེ་བཞིན་གཤེགས་པ་དཀར་པོའི་ཆོས་ཐམས་ཅད་དང་ལྡན་པ་དེས་ཀྱང་རེ་ཤིག་མངོན་སུམ་དུ་སྐུར་པ་བརྙེས་པར་གྱུར་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་མི་རྙེད་ཅེས་ཟེར་ཞིང་དེ་དག་དེའི་ཚེ་ན་སྐུར་པ་དེ་ཟིལ་གྱིས་མནན་ནས་ཚངས་པར་སྤྱོད་པ་ཡོངས་སུ་དག་པ ། ཡོངས་སུ་བྱང་བ་སྤྱོད་པར་འགྱུར་བ་དང ། ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། ། བྲམ་
40-495
ཟེའི་བུ་མོ་དྲེགས་མ་ནི་རེ་ཤིག་སྡིག་པའི་ལས་ཀུན་དུ་རྒྱས་པ་ཡིན་པས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པར་བྱེད་པ་ཡིན་ཏེ། ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་དེ་ཀུན་དུ་སྲུང་བར་སྤྱོད་དོ། །ཞེས་མཁྱེན་པར་གྱུར་ན་ནི་དེ་ཀུན་དུ་སྲུང་བར་ཡང་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སེམས་ཅན་འགའ་ཡང་ཡོངས་སུ་མ་བཏང་བའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉོན་མོངས་མེད་ཀྱི་ལྗོངས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པ་ན་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་དག་གསོལ་ཏོ། །ཞེས་གསུངས་པ་དེ་ཇི་ལྟར་བལྟ་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་བྲམ་ཟེ་དང ། ཁྱིམ་བདག་དེ་དག་དེ་བཞིན་གཤེགས་པ་སྤྱན་དྲང་བར་མི་སེམས་པར་ཤེས་ཏེ། ཤེས་བཞིན་དུ་དེ་བཞིན་གཤེགས་པ་དེར་དབྱར་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བ་ཅས་པས་ཟླ་བ་གསུམ་གྱི་བར་དུ་གང་དག་གི་རྟ་ཆས་གསོལ་བའི་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཤ་སྟག་ཡིན་ཏེ། དེ་དག་སྡིག་པའི་གྲོགས་པོའི་དབང་དུ་སོང་ནས་སྡིག་པའི་ལས་བྱས་པས་ལས་དེས་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཏེ། རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་སྨོན་ལམ་གྱི་དབང་གིས་བསམས་བཞིན་དུ་དེར་སྐྱེས་པ་ཡིན་ལ། རྟ་ལྔ་བརྒྱ་པོ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་དེ་ཉིད་ཀྱིས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་པས་དེ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེར་སྐྱེས་ཏེ་རྟ་
40-496
ཅང་ཤེས་དེ་ཉིད་ཀྱི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཅིང་དེ་དག་གི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་པའི་ཕྱིར་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྟ་ལྔ་བརྒྱ་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་དབྱར་དེར་གནས་སོ། །དེ་ན་རྟ་ཅང་ཤེས་ཀྱི་ཆས་ཀྱི་ནས་གང་དག་ཡིན་པ་དེ་དག་ལས་ཕྱེད་ནི་དེ་བཞིན་གཤེགས་པ་ལ་འབུལ་ལོ། ། རྟ་ལྔ་བརྒྱ་པོ་དེ་དག་གི་ཆས་ཀྱི་ནས་གང་དག་ཡིན་པ་དེ་དག་ལས་ཕྱེད་ཕྱེད་ནི་དགེ་སློང་ལྔ་བརྒྱ་པོ་དག་ལ་འབུལ་ཞིང་རྟ་ཅང་ཤེས་དེས་རྟའི་སྐད་དེས་རྟ་ལྔ་བརྒྱ་པོ་དེ་དག་སྡིག་པ་འཆ་གས་སུ་བཅུག་ཅིང་སངས་རྒྱས་ལ་སོགས་པ་དགེ་སློང་ལྔ་བརྒྱ་པོ་དག་ལ་ཕྱག་འཚལ་དུ་ཡང་བཅུག་གོ། །རིགས་ཀྱི་བུ་དེ་ནས་ཟླ་བ་གསུམ་པོ་དེ་དག་འདས་པ་དང་རྟ་ལྔ་བརྒྱ་པོ་དེ་དག་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས་ལྷར་གྱུར་པ་དེ་དག་གིས་ཡང་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་པ་དང ། དེ་བཞིན་གཤེགས་པས་ཀྱང་དེ་དག་ལ་ཅི་ནས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །རྟ་ལྔ་བརྒྱ་པོ་དེ་དག་འདུལ་ཞིང་འཚོ་བར་བྱེད་པའི་རྟ་རྫི་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རང་སངས་རྒྱས་རབ་ཏུ་སེམས་དུ་ལ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ ། །རིགས་ཀྱི་བུ་དེ་ལྟ་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པའི་ཞལ་ཟས་གང་ཡིན་པ་དེ་ལ་ནི་མི་བསོད་པ་ཅུང་ཟད་ཀྱང་མེད་དེ། རིགས་ཀྱི་བུ་གལ་ཏེ་དེ་བཞིན་གཤེགས་པས་ཤིང་དང ། བོང་བ་དང་།་གསེག་མ་དང ། གྱོ་མོ་ལ་སོགས་པ་ཡོངས་སུ་ལོངས་སྤྱད་པར་གྱུར་ན་ཡང་ཤིང་དང ། བོང་བ་དང ། གསེག་མ་དང ། གྱོ་མོ་ལ་སོགས་པ་དེ་
40-497
དག་གི་རོ་དེ་ལྟ་བུ་དང ། རོ་བྲོ་བའི་མཆོག་གང་དག་ཡིན་པ་དེ་ལྟ་བུ་དག་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་དང་ལྡན་པ་ཞེས་བྱ་བ་བརྙེས་པའི་ཕྱིར་ཏེ། རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་བལྟ་སྟེ། དེ་བཞིན་གཤེགས་པའི་ཞལ་ཟས་ཐམས་ཅད་ནི་བསོད་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་དགེ་སློང་ཀུན་དགའ་བོ་འདི་སྙམ་དུ་དེ་བཞིན་གཤེགས་པས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ནས་རྟ་ཆ་ས་ཀྱི་ནས་དག་གསོལ་བར་མཛད་པ་ལྟ་ཞེས་སྙིང་རྗེ་བར་གྱུར་པ་དང་།་དེ་བཞིན་གཤེགས་པས་དེའི་སེམས་ལ་རྣམ་པར་གཟིགས་ནས་ཀུན་དགའ་བོ་འདི་ཅིའི་རོ་ཡིན་ཤེས་སམ་ཞེས་ནས་ཀྱི་འབྲུ་གཅིག་བྱིན་པ་དང ། དེས་དེ་ཟོས་ནས་ངོ་མཚར་དུ་འཛིན་པར་འགྱུར་ཏེ། ང་ལ་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ནི་རྒྱལ་པོའི་ཁྱིམ་དུ་སྐྱེས་ཤིང་རྒྱལ་པོའི་ཁྱིམ་དུ་ལེགས་པར་རྒྱས་པ་ལགས་ན་བདག་གིས་རོ་འདི་ལྟ་བུ་ནི་སྔོན་ཆད་མ་རྨྱོང་བ་ལགས་སོ། ། ཞེས་ཟེར་ཏེ། དེ་བྱིན་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ཟས་མི་ཟ་བར་དགའ་བ་དང་བདེ་བས་ཞག་བདུན་འདས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་གང་ལ་ཡང་ལས་ཀྱི་སྒྲིབ་པ་མི་མངའ་བ་ཡིན་པར་རིག་པར་བྱ་སྟེ། སེམས་ཅན་གང་དག་དགེ་སྦྱོང་དང ། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་དག་མགྲོན་དུ་གཉེར་ལ་ཟས་འབུལ་བར་མི་བྱེད་པ་དེ་དག་གིས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཉིད་ཀུན་ཏུ་བསྟན་པར་བྱ་བའི་ཕྱིར། ལས་ཀྱི་རྒྱུད་དེ་ལྟ་བུ་དག་ཉེ་བར་སྟོན་པར་མཛད་དོ། །རིགས་ཀྱི་བུ་གང་གིས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་
40-498
ཞལ་ཟས་མ་གསོལ་བ་དེ་ཡང་དེ་བཞིན་གཤེགས་པས་ལོག་པར་ལྟུང་བར་མི་འགྱུར་བའི་ཆོས་སུ་ལུང་བསྟན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་ཀྱི་ཁྱད་པར་ལ་ལྟོས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་གནས་པར་ཁས་བླངས་པའི་དགེ་སློང་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ལས་དགེ་སློང་བཞི་བཅུ་ནི་འདོད་ཆགས་སྤྱོད་པ་དང ། སྡུག་པའི་མཚན་མ་སྤྱོད་པ་ཡིན་པས་གལ་ཏེ་དེའི་ཆེ་ན་དེ་དག་གིས་ཟས་བསོད་པ་དག་ཟོས་པར་གྱུར་ན ། འདོད་ཆགས་དང་ལྡན་པའི་རྣམ་པར་རྟོག་པ་ཤིན་ཏུ་ཤས་ཆེན་པོ་དག་སྐྱེ་བར་འགྱུར་བ་ཞིག་ན་དེ་དག་གིས་ཟས་ངན་པ་ཟོས་པ་དེས་འདོད་ཆ་གས་དང་ལྡན་པའི་རྣམ་པར་རྟོག་པ་དེ་དག་སྲབ་མོར་གྱུར་ནས་དེ་དག་གིས་ཞག་བདུན་གྱིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་གང་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ངེས་པར་རྟོགས་པ་དེས་ནི་ལེགས་པ་ཁོ་ནར་ངེས་པར་རྟོགས་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པ་རྟོགས་པར་བྱ་བ་ལ་མཁས་པ་ཡིན་ན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་།བཀྲི་དོན་གསུངས་པ་གང་ཡིན་དང ། །ངེས་དོན་གསུང་ས་པ་གང་ཡིན་པ།[༄་]།ལེགས་པ་ཁོ་ནར་རྟོགས་པར་བྱེད ། །བརྟན་པ་དགོངས་ལ་མཁས་གྱུར་པ། །ཉིང་མཚམས་སྦྱོར་བ་སྤངས་པ་རྣམས ། །རྫོགས་པའི་སངས་རྒྱས་གྲགས་ལྡན་གྱིས ། །གསུངས་པ་ཁོང་དུ་ཆུད་པ་ཡིན། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། ར་ང་སངས་རྒྱས་དང་ལྡན་པའི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འདོད་པ་ཡིན་ཞེ་ན།
40-499
རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་དག་གག་མ། དུད་འགྲོའི་སྡུག་བསྔལ་དག་གག་མ། ཡི་དགས་ཀྱི་སྡུག་བསྔལ་དག་གིས་ཀུན་དུ་གདུངས་ཤིང་ཚ་བར་གྱུར་ཀྱང་ཉན་ཐོས་དང ། རང་སངས་རྒྱས་དང་ལྡན་པའི་ཐེག་པས་མྱ་ངན་ལས་འདའ་བར་འདོད་པ་མི་སྐྱེད་ཅིང་ཨེ་མའོ་ཀྱེ་མ་བདག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཅིག་ཅེས་དོན་ཉུང་ངུར་མི་བྱེད་བྱ་བ་ཉུང་ངུར་མི་བྱེད་ཅིང་དོན་ཉུང་བ་ཉིད་དང་།་བྱ་བ་ཉུང་བ་ཉིད་ལ་བརྩོན་པར་མི་བྱེད ། དེ་ནི་སེམས་ཅན་རྣམས་ཀྱི་དགེ་བའི་ལས་བྱ་བ་དག་ལ་གྲོགས་སུ་འགྱུར་ཞིང་སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་སྟོད ། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། རང་སངས་རྒྱས་དང་ལྡན་པའི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འདོད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྙིང་རྗེའི་བདག་ཉིད་ཅན་དང་ནི། །རི་འདྲ་འི་སེམས་ཀྱིས་སྤྱོད་བྱེད་ལ། །སེམས་ཅན་དོན་ལ་མི་སྐྱོ་ཞིང ། །བྱང་ཆུབ་ལས་ནི་ཕྱིར་མི་ལྡོག་།བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །ཕན་པར་འདོད་པས་སྐྱོ་མི་བྱེད། །སེམས་ཅན་གཞན་ལ་ཕན་པའི་ཕྱིར། །བག་མེད་པ་ཡང་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གང་དག་དང་ལྡན་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཆོས་བཅུ་པོ་དག་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ལགས་ན།
40-500
དོན་གང་གིས་ན་ཐེག་པ་ཆེན་པོ་འདི་ལ་ཐེག་པ་ཆེན་པོ་ཞེས་བགྱི་བ་དེ་ནི་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དེའི་ཕྱིར་དེ་ཁྱོད་ཉིད་ལ་དྲི་ཡིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག་།རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་ལམ་གང་ནས་འགྲོ་བའི་ལམ་དེ་ཇི་སྐད་བརྗོད་པར་བྱ་སྙམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྒྱལ་པོའི་གཤེགས་ཤུལ་ཞེས་བརྗོད་པར་བགྱི་ལགས་སོ། །ཤུལ་པོ་ཆེ་ཞེས་བརྗོད་པར་བགྱི ། ཤུལ་བདེ་བ་ཞེས་བརྗོད་པར་བགྱི། ཤུལ་བཟང་པོ་ཞེས་བརྗོད་པར་བ་གྱི། ཞེ་འགྲས་པ་མ་མཆིས་པའི་ཤུལ་ཞེས་བརྗོད་པར་བགྱི། འཁྲུགས་ལོང་མ་མཆིས་པའི་ཤུལ་ཞེས་བརྗོད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་གིས་གཤེགས་པའི་ཐེག་པ་དེ་ལ་ཡང་ཐེག་པ་ཆེན་པོ་ཞེས་བྱའོ ། །ཐེག་པ་མཆོག་ཅེས་བྱ། ཐེག་པ་ར་བ་ཅེས་བྱ། ཐེག་པ་རབ་མཆོག་ཅེས་བྱ། ཐེག་པ་ཐུ་བོ་ཞེས་བྱ། ཐེག་པ་གཙོ་བོ་ཞེས་བྱ། ཐེག་པ་བླ་ན་མེད་པ་ཞེས་བྱ། ཐེག་པ་གོང་ན་མེད་པ་ཞེས་བྱ། ཐེག་པ་མཉམ་པ་མེད་པ་ཞེས་བྱ། ཐེག་པ་མི་མཉམ་པ་མེད་པ་ཞེས་བྱ་།་ཐེག་པ་མི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། རིགས་ཀྱི་བུ་དེའི་ཕྱིར་ཐེག་པ་ཆེན་པོ་འདི་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །གསོལ་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ནི་བཟང་བ་ལགས་སོ། །བདེ་བར་གཤེགས་པ་ཐེག་པ་ཆེན་པོ་
40-501
འདི་ནི་བཟང་བ་ལགས་སོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དག་སྦྱོང་གཽ་ཏ་མ་ནི་བདག་གི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་ཤིང་གཞན་དག་ཀྱང་ཡང་དག་པར་འད་འ་བར་བྱེད་པ་ཡིན་གྱིས་བདག་དཔུང་གི་ཚོགས་ཡན་ལག་བཞི་དང་བ་ཅས་ཏེ། དག་སྦྱོང་གཽ་ཏ་མ་དེ་ད\ུf་དང ། ཆོས་ཀྱི་རྣམ་གྲངས་དེ་ལ་ཐོ་བ་ཙམ་དུ་འགྲོ་བར་བྱའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་དཔུང་གི་ཚོགས་ཡན་ལག་བཞི་དང་བ་ཅས་པ་གོ་གྱོན་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང ། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེ་ལོགས་སུ་སོང་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་བདུད་སྡིག་ཅན་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་བཅོམ་ལྡན་འདས་ལ་ཐོ་བཙམ་པ་དང ། ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་བྱ་བའི་བསམ་པས་འོང་བར་མཐོང་ངོ ། །མཐོང་ནས་ཀྱང་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མངོན་པར་འདུ་བྱས་ཏེ། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་པས་བདུད་སྡིག་ཅན་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་སོང་ནས་ལམ་པོ་ཆེ་དང ། ལམ་སྲང་གི་བཞི་མདོ་དང ། སུམ་མདོ་དག་ཏུ་སྒྲ་སྒྲོགས་པར་བྱེད། དབྱངས་རྗོད་པར་བྱེད་ཅིང་འདི་སྐད་ཅེས་རྒྱལ་པོའི་ཁབ་ཀྱི་མི་ཁྱེད་ཅག་ཤེས་པར་གྱིས་ཤིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཁོར་བཞི་པོ་དགེ་སློང་དང་།་དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་དང ། གཞན་མུ་སྟེགས་ཅན་རྣམས་ལ་ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་
40-502
པ།་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བའི་ཆོས་སྟོན་པར་མཛད་རབ་ཏུ་སྟོན་པར་མཛད་ཀྱིས་དེའི་ཕྱིར་ཁྱེད་ཅག་ཀྱང་དམ་པའི་ཆོས་མཉན་པའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་སྔར་དེང་ཤིག་དང་དེས་ཁྱེད་ཅག་ལ་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར་རོ། །ཞེས་ཀྱང་རྗེས་སུ་བསྒྲགས་སོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་རྒྱལ་རིགས་དང ། བྲམ་ཟེ་དང ། ཁྱིམ་བདག་དང ། གྲོང་རྡལ་གྱི་མི་དང ། ཡུལ་གྱི་མི་རྣམས་བདུད་སྡིག་ཅན་གྱིས་བསྐུལ་པ་ན་མེ་ཏོག་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་དང་།་བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་ཐོགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ཕྱག་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །བདུད་སྡིག་ཅན་ཡང་དཔུང་གི་ཚོགས་ཡན་ལག་བཞི་དང་བ་ཅས་པར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། ལྷའི་མེ་ཏོག་མན་དཱ་ར་བ་དག་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ ། ། བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་བདུད་སྡིག་ཅན་ཕྱོགས་གཅིག་ཏུ་འདུག་པ་དེ་ལ་འདི་སྐད་
40-503
ཅེས་སྨྲས་སོ། །སྡིག་ཅན་ཁྱོད་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅི་ལ་འོངས། བདུད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ལ་ཐོ་བཙམ་པ་དང ། ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་བསམ་པས་འོངས་ས་སོ། །བྱང་ཆུབ་སེམས་དཔའ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་སྨྲས་པ ། སྡིག་ཅན་དེ་བཞིན་གཤེགས་པ་ལ་ཐོ་བཙམ་པ་དང ། ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱས་པས་ཁྱོད་ལ་ཅི་བྱ། སྡིག་ཅན་ཁྱོད་ལ་དེས་ཡུན་རིང་པོར་དོན་མེད་པ་དང ། གནོད་པ་དང ། སྡུག་བསྔལ་བར་མི་འགྱུར་བར་ཁྱོད་ཀྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཉེས་པ་ལ་ཉེས་པར་ཤོགས་ཤིག་།དེ་ནས་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་ལས་རྗེས་སུ་འཐུན་པའི་གད་མས་ངག་རྗེས་སུ་བསྟན་པ་དེ་ཐོས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཅོམ་ལྡན་འདས་བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ། བདག་གི་ཚོད་མ་འཚལ་བ། བདག་གིས་བཅོམ་ལྡན་འདས་ལ་ཞེ་སྡང་གི་སེམས་བསྐྱེད་པ་དང་།་མདོ་སྡེ་འདི་ལྟ་བུ་ལ་བར་ཆད་བགྱི་བར་འཚལ་བ། བཅོམ་ལྡན་འདས་ནོངས་པ་ལ་ནོངས་པར་བཤགས་པར་འཚལ་ལོ། །བདེ་བར་གཤེགས་པ་ནོངས་པ་ལ་ནོངས་པར་བཤགས་པར་འཚལ་ཞིང་སླན་ཆད་ཀྱང་སྡོམ་པར་འཚལ་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་གི་ནོངས་པ་ལ་ནོངས་པར་བཤགས་པ་དེ་ལེགས་པར་རྗེས་སུ་གཟུང་བར་གསོལ་ཞེས་ཉེས་པ་ལ་ཉེས་པའི་སྒོ་ནས་བཤགས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔིག་ཅན་
40-504
འདི་ལྟ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉེས་པ་བྱུང་ན་རྣམ་པར་དག་པར་ལྟ་བ་དང ། ཉེས་པ་ལ་ཉེས་པར་ལྟ་བ་ན་འཆགས་པར་བྱེད། སྦྱོང་བར་བྱེད་ཅིང་ཕྱིན་ཆད་ཀྱང་སྡོམ་པར་བྱེད་ན་འཕགས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་འཕེལ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་སྟན་ལས་ལངས་ཏེ།་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ངག་རྩུབ་པོ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དགེ་བའི་ལས་ཀྱི་ལམ་དུ་གདགས་པ་མ་མཛད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་དེ་དེ་བཞིན་ནོ། །བདུད་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན་བཅོམ་ལྡན་འདས་ཆོས་ཀྱི་མངའ་བདག་ཅིའི་སླད་དུ་བདག་ལ་སྡིག་ཅན་ཞེས་བགྱི་བའི་སྒྲས་ཀུན་ཏུ་རྗོད་པར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་དེའི་ཕྱིར་འདི་ནི་སྐྱེས་བུ་མཁས་པ་ལ་ལ་བཤད་པའི་དོན་དཔེས་ཀུན་ཤེས་པར་འགྱུར་བ་དག་ཡོད་པས་དཔེ་ཉོན་ཅིག ། སྡིག་ཅན་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་ཕྱུག་པ་ནོར་མོང་བ་ལོངས་སྤྱོད་ཆེ་བ་ཞིག་ལ་བུ་སྡུག་པ། འདོད་པ། དགའ་བ། ཡིད་དུ་འོང་བ། མཐོང་ན་མི་འཐུན་པ་མེད་པ། གཅིག་པུ་ཞིག་བདོག་པར་གྱུར་ཅིང་དེ་ཡང་དེ་དང་འབྲེལ་བའི་འཚོ་བས་འཚོ་བར་འགྱུར་ལ། དེའི་བུ་གཅིག་པ་དེ་ཡང་གདུལ་དཀའ་བ་དང ། བཅོས་དཀའ་བ་དང ། གཡོ་སྒྱུ་ཅན་ཞིག་ཡིན་པར་གྱུར་ན་ཚོང་དཔོན་ནམ་ཁྱིམ་བདག་དེས་བུ་གཅིག་པ་དེ་འདི་ལྟ་སྟེ། ཉེས་པ་དེ་ལས་བཟློག་པར་བྱ་བའི་ཕྱིར། ལག་པས་ཀྱང་རྡེག་པར་བྱེད། དབྱིག་པ་དང ། ཁུ་ཚུར་དང ། རྡེག་པ་གང་ཡང་རུང་བ་དག་གིས་ཀྱང་རྡེག་ར
40-505
པར་བྱེད་ཅིང་ངག་རྩུབ་པོ་དག་གིས་ཀྱང་སྡིགས་པར་བྱེད་ན་སྡིག་ཅན་འདི་ཇི་སྙམ་དུ་སེམས། ཚོང་དཔོན་ནམ་ཁྱིམ་བདག་དེ་བུ་གཅིག་པ་དེ་ལ་ཁྲོ་བ་དང ། འཁྲུག་པ་དང ། སྡང་བ་དང ། རྔམ་པའི་བསམ་པས་རྡེག་པར་བྱེད་པ་ཡིན་སྙམ་འམ ། བདུད་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་མ་ལགས་ཏེ། བཅོམ་ལྡན་འདས་དེ་ནི་དེ་ལ་སྨན་པར་བགྱི་བའི་སླད་དུ་རྡེག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་སྡིག་ཅན་དེ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང ། བག་ལ་ཉལ་མཁྱེན་པ་ཡང་སེམས་ཅན་ངག་རྩུབ་པོས་གདུལ་བ་རྣམས་ནི་ངག་རྩུབ་པོས་འདུལ་བར་མཛད་དོ། །སེམས་ཅན་སྨ་དབབ་པས་འདུལ་བ་རྣམས་ནི་སྨ་དབབ་པས་འདུལ་བར་མཛད་དོ ། །སེམས་ཅན་བསྡུ་བས་འདུལ་བ་རྣམས་ནི་བསྡུ་བས་འདུལ་བར་མཛད་དོ། །སེམས་ཅན་གཟུགས་ཀྱིས་འདུལ་བ་རྣམས་ནི་གཟུགས་ཀྱིས་འདུལ་བར་མཛད་དོ། །སེམས་ཅན་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱིས་འདུལ་བ་རྣམས་ནི་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱིས་འདུལ་བར་མཛད་དོ། །དེ་ནས་བདུད་སྡིག་ཅན་དགའ་བ་དང ། མགུ་བ་དང ། ཡི་རངས་པ་དང ། མཆོག་ཏུ་ཡི་ར་ངས་པ་དང ། རབ་ཏུ་དགའ་བ་དང ། དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ཡང་རུང་བ་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་གམ། འཆང་བ་དེར་བདག་ཀྱང་ཆོས་མཉན་པ་དང ། ཆོས་ཀྱི་རྣམ་གྲངས་འདི་བསྲུང་ཞིང་བསྐྱབ་པ་དང ། སྦ་བ་
40-506
དང་།་ཆོས་སྨྲ་བ་དེ་ལ་ཡང་སྨན་གདགས་པའི་སླད་དུ་མཆི་བར་བགྱི་ལགས་སོ། ། དེ་ལ་སྔ་ལྟས་ནི་འདི་དག་ལགས་པར་རིག་པར་བགྱི་སྟེ། དེའི་འཁོར་ཞི་བ་དང་།་གཉིད་དང་རྨུགས་པ་དང་བྲལ་བ་དང ། དེ་ལ་ཆོས་ཉན་པ་རྒྱ་ཆེན་པོ་རྒྱ་ཆེན་པོ་དག་འབྱུང་བར་འགྱུར་བ་དང ། འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། འཆད་པ་དག་གིས་དེའི་ལུས་དུབ་པར་མི་འགྱུར་བ་དང ། སེམས་ཀྱང་དུབ་པར་མི་འགྱུར་བ་དང ། ཇི་ལྟ་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཀློག་པ་དང ། སྟོན་པ་དང ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བགྱིད་པ་དེ་ལྟ་དེ་ལྟར་དེའི་སེམས་དགའ་བ་དང ། མཆོག་ཏུ་དགའ་བ་དང་།་གཟང་མཐོ་བ་ཉིད་དུ་ཡང་འགྱུར་ལགས་སོ། །དེ་ནས་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་གང་དག་འཁོར་དེར་འདུས་པར་གྱུར་པ་དེ་དག་གིས་བདུད་ཀྱིས་བཤད་པ་འདི་ཐོས་ནས་དེ་བཞིན་གཤེགས་པ་ལ་དང་བ་དང་།་དགའ་བ་དང ། མཆོག་ཏུ་དགའ་བ་ཐོབ་པར་གྱུར་ཏོ ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུ་གང་དང ། རྐྱེན་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ལ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་འདི་དག་ག་གིས་དང་བ་དང་དགའ་བ་དང ། མཆོག་ཏུ་དགའ་བ་ཐོབ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། ཀུན་དགའ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཁབ་འདི་ཉིད་དང་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ར་བ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཞེས་བྱ་བ་ཞིག་བྱུང་བས་ཆོས་ཀྱི་རྣམ་གྲངས་འདི་ཉིད་བཤད་དོ། །དེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཡང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང །
40-507
ཀུན་དུ་རྒྱུ་ཐོ་བ་ཙམ་པའི་བསམ་པ་ཅན་དག་ལྷགས་ཏེ། ལྷག་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ལེགས་སོ་ལེགས་པར་གསུངས་སོ་ཞེས་བྱ་བའི་ཚིག་ནི་བརྗོད ། དེ་བཞིན་གཤེགས་པ་དེ་ལ་སེམས་དང་བ་དང ། དགའ་བ་དང་།་མཆོག་ཏུ་དགའ་བ་ནི་མ་ཐོབ་པོ། །དེ་དག་རྒྱུ་དེ་དང་རྐྱེན་དེས་བསྐལ་པ་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ་ལྷ་དང་མི་རྣམས་སུ་སྐྱེས་པ ། མ་གཏོགས་པར་ནམ་ཡང་སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་རྣམས་དང ། ཡི་དགས་རྣམས་སུ་མ་སྐྱེས་སོ། །དེ་དག་དེ་བཞིན་གཤེགས་པ་ལ་སེམས་དང་བ་དང ། དགའ་བ་དང ། མཆོག་ཏུ་དགའ་བ་མ་ཐོབ་པས་ནི་ཚེ་རབས་གཞན་དེ་དང ། དེ་དག་ཏུ་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུར་གྱུར་པ་དེ་དག་གཞན་དག་ཅིག་ཡིན་སྙམ་དུ་ཁྱོད་ནེམ་ནུར་དང ། ཡིད་གཉིས་དང ། ཐེ་ཚོམ་ཟ་བར་གྱུར་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་དག་ཉིད་དེའི་ཆེ་དེའི་དུས་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དེ་དག་ཏུ་གྱུར་པའི་ཕྱིར་རོ། །ཀུན་དགའ་བོ་འདི་དག་ནི་དེ་བཞིན་གཤིགས་པ་ལ་སེམས་དང་བ་སྐྱེས་ཤིང་དགའ་བ་ཡང་སྐྱེས། མཆོག་ཏུ་དགའ་བ་ཡང་སྐྱེས་པས་དེ་བཞིན་གཤེགས་པས་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་ཡང་མཛད་དོ། །དེ་ནས་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དེ་དག་ལུང་བསྟན་པའི་མོད་ལ་སྐྱེས་པའི་དང་བ་དང ། དགའ་བ་དང ། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་
40-508
མ་དང་བྲལ་བ་རྣམ་པར་དག་གོ། །སྔོན་སེམས་མ་བསྐྱེད་པའི་སྲོག་ཆ་གས་ཉི་ཁྲི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆ་ང་བ་དང ། ཀློག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་དེ་བས་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆ་ང་བ་དང ། ཀློག་པ་དང ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དབསོད་ན་མས་ཆེས་གྲངས་མེད་པ་དང་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན ། ཀུན་དགའ་བོ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་དང ། ཆོས་སྨྲ་བ་དེ་ལ་སྤང་བའི་སེམས་སྐྱེད་པར་བགྱིད་ན ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དས་བསོད་ན་མས་མ་ལགས་པ་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་པ་དེ་བས་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང །
40-509
ཆོས་སྨྲ་བ་དེ་ལ་སྡང་བའི་སེམས་སྐྱེད་པར་བྱེད་པ་དེ་བསོད་ན་མས་མ་ཡིན་པ་ཆེས་གྲངས་མེད་པ་དང ། ཆེས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མ་དད་པ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ནས་ལུས་ཞིག་སྟེ ། གུམ་པའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བར་རྗེས་སུ་བསྲུང་བར་བགྱི་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་དག་གི་མདུན་དུ་བརྗོད་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན ། ཀུན་དགའ་བོ་འདི་ནི་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཆོས་བཅུ་པ་ཞེས་བྱ་བར་ཟུང་ཤིག ། བྱང་ཆུབ་སེམས་དཔའ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་
40-510
འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བ་ཅས་པའི་འཇིག་རྟེན་ཡི་རངས་ཏེ ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཆོས་བཅུ་པའི་ལེའུ་སྟེ་དགུ་པ་རྫོགས་སོ་།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་སུ་རེན་དྲ་བོ་དྷི་དང་ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་ས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་།། །།