rKTs


A78

(e-text produced by OSBL)

see text in transliteration
42-496
༄#་།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་པ་སྟེ་གང་པོས་ཞུས་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱཀྱ་པཱུརྞྞ་པ་རི་ཐ[༄\ུfབ]ཙྪ་ནཱ་མ་མ་ཧཱ་ཡུ་ན་སཝཱུ་ཏྲ ། བོད་སྐད་དུ། འཕགས་པ་གང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོམང་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲང་ས་མེད་ཚད་མེད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་སྟན་ལས་ལང་ས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བརྩུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་
42-497
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཞུ་བ་ཅུང་ཟད་ཅིག་མཆིས་ན་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོང་ས་ཏེ་རྗེས་སུ་གན་ང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་མའི་བུ་གང་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ང་ས་ཡང་དག་པར་བསྟན་ནས་ཁྱོད་ཀྱི་སེམས་རང་ས་པར་བྱའོ། །ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་ཡོན་ཏན་མཆོག་མངོན་པར་བསྒྲུབས་པ། གྲགས་པ་ཤིན་དུ་མཐོ་ཞིང་རྒྱང་རིང་བ། རྟག་པར་སེམས་ཅན་གྱི་བདེ་བ་ཡོངས་སུ་གཉེར་བར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་ཞུ་བ་མཆིས་ལགས་སོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚིགས་སུ་བ་ཅད་དེ་གསོལ་པ། ལོན་ཏན་མཆོག་ནི་རབ་བསྒྲུབས་ནས། །གྲགས་པ་མཐོ་ཞིང་རྒྱང་རིང་དང ། །ཚུལ་ཁྲིམས་ག་ཙང་ཞིང་ཆོས་མོས་པའི། །སྤྱོད་པ་གང་ལགས་བདག་ཞུ་ལགས། །ཇི་ལྟར་སེམས་ནིསྤྱོང་བར་བགྱིད། །ཇི་ལྟར་སྤྱིན་པ་རྒྱ་ཆེར་གཏང ། །ཇི་ལྟར་སེམས་ཅན་རབ་སྒྲོལ་ཅིང ། །ད་གའ་སེམས་རྟག་ཏུ་ལམ་སྒོམ་ལགས། ། ཡང་བཅོམ་ལྡན་འདས་ལ་བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སྐྱེས་བུ་དམ་པ་དེ་དག་གི་སླད་དུ་དངོས་པོ་དེ་ལྟ་བུ་དག་ཞུ་བ་ལགས་ན་བྱང་ཆུབ་སེམས་དཔས། ཇི་ལྟར་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པས་ཡོངས་སུ་གཏུགས་པར་མི་འགྱུར་ལགས། ཇི་ལྟར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་ལགས། དེ་ནས་ཚིགས་སུ་བ་ཅད་དེ་གསོལ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །མང་ཐོས་རྒྱ་མཚོ་ལྟ་བུ་
42-498
ཚོལ། །ཆོས་ལ་ངེས་པའི་དོན་ཐོབ་ནས། །བྱང་ཆུབ་ལམ་ནི་ལེགས་རྟོགས་འགྱུར། །ཇི་ལྟ་བུར་ན་ཚིག་གཅིག་གིས། །ཚད་མེད་དོན་ནི་རབ་རྟོགས་ཏེ། ། འདི་ལྟར་བི་ས་རབ་སྟོབས་དག་གིས། །ཆོས་རྣམས་ཐམས་ཅད་རྟོགས་འགྱུར་ལགས། །མང་ཐོས་མཐར་ཐུག་མ་མཆིས་པས ། །གོལ་བ་མཆིས་ཀྱང་སེམས་མི་ག་ལོ། །སྙིང་བརྩེ་སླད་དུ་ཆོས་བསྟན་ནས། །སེམས་ཅན་ཐེ་ཚོམ་གཅོད་བགྱིད་ལགས། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སའི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ལྡོག་པར་མི་འགྱུར་ལགས། དེ་ནས་ཡང་ཚིགས་སུ་བ་ཅད་དེ་གསོལ་པ། ཇི་ལྟར་མི་ཁོམ་ཡོངས་སྤང་ས་ནས། །སངས་རྒྱས་མང་པོ་ཕྲད་གྱུར་ལགས། །སངས་རྒྱས་མང་པོ་མཐོང་ནས་ཀྱང ། །ཤིན་དུ་དང་བ་མྱུར་འཐོབ་ལགས། །བླ་མེད་དང་བ་ཐོབ་གྱུར་ནས། །ཤིན་དུ་གཏང་དཀའ་གཏོང་བར་འགྱུར། །ཐམས་ཅད་ཡོངས་སུ་བཏང་ནས་ཀྱང ། ། སྟོབས་ཀྱིས་ཐོགས་མེད་ལམ་སྤྱོད་ལགས། །ཇི་ལྟར་རབ་འབྱུང་མོས་གྱུར་ནས།། ད་བེན་གནས་སྟོང་པའི་ཡེ་ཤེས་ས་སྒོམ། །ཇི་ལྟར་ཆོས་དང་འགལ་མི་བགྱིད ། ། དངོས་པོ་འདི་ནི་བཀས་བཤད་གསོལ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་རྣམས་མཁྱེན་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང ། རྫུ་འཕྲུལ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ་དང ། ཁམས་གསུམ་ན་མཆོག་ཏུ་གྱུར་པས་དཔེ་ཟླ་མ་མཆིས་པའི་ཡེ་ཤེས་ཆེན་པོ་གྱ་ནོམ་པ་བརྙེས་ནས་ཆོས་རྣམས་ལ་
42-499
སྤྱོད་པ་ཐོགས་པ་མི་མངའ་བར་ཁོང་དུ་ཆུད་པས་ན་དེའི་སླད་དུ་དེང་བདག་དངོས་པོ་འདི་དག་ཞུ་བ་ལགས་སོ། །དེ་ནས་ཡང་ཚིགས་སུ་བ་ཅད་དེ་གསོལ་པ། བཅོམ་ལྡན་ཡོན་ཏན་མཆོག་བཞུགུས་པས ། །རྫུ་འཕྲུལ་ཕ་རོལ་རབ་ཏུ་བྱོན། ། ཐོགས་པ་མི་མངའི་མཁྱེན་བརྙེས་པས། །ད་པའ་བོ་ཁྱོད་ལ་བདག་ཞུ་ལགས།། ཆོས་རྣམས་ཐམས་ཅད་ལེགས་བསླབས་པས ། །ཡོན་ཏན་མཐོ་ཞིང་མངོན་པར་འཕག ། ། མྱུན་བཅོམ་ཤེས་རབ་སྣང་བསྐྱེད་པས། །འཁོར་མང་ཐམས་ཅད་དགའ་བར་མཛད། །ད་གྲ་ཟིན་བྱམས་ལྡང་མི་མངའ་ཞིང ། །མྱ་ངན་མི་མངའ་སླུ་མི་མངའ། །འཆི་བདག་ལས་ནི་རབ་རྒྱལ་ཞིང ། །བདུད་དཔུང་དག་ནི་ཕམ་པར་མཛད ། །མཚོན་ཆ་ཐོགས་པ་མི་མངའ་བར ། །ད་གྲ་རྣམས་ཐམས་ཅད་ཕམ་པར་མཛད ། །རྟག་པར་བྱམས་པའི་ཐུགས་ལྡན་ཞིང ། །ཚུལ་ཁྲིམས་རྣམ་དག་བརྟན་པར་གནས། །བཅོམ་ལྡན་གལོ་སྒྱུ་མི་མངའ་ཞིང ། །ང་རྒྱལ་མི་མངའ་བེགས་མི་མངའ། །རྣམ་གྲོལ་རིག་པ་བརྙེས་པས་ན། །ཡོན་ཏན་ཀུན་གྱི་མཆོག་ཏུ་གྱུར། །ཇི་ལྟར་སྔོན་ནི་ལམསྤྱད་ནས། །མཁྱེན་པ་མཆོག་ནི་བརྙེས་པ་དང ། །ཇི་ལྟར་སྤྱད་ནས་སངས་རྒྱས་པ། །བདག་ལ་དེང་ནི་བཀས་བཤད་ག་སོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དངོས་པོ་དེ་ལྟ་བུ་དག་ཞུས་པ་དེ་ལེགས་སོ་ལེགས་སོ། །ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང ། ང་ས་ཁྱོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ནས་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ས་དེང་བྱང་ཆུབ་སེམས་དཔའ་རྣམས། །དང་པོ་བྱང་ཆུབ་
42-500
སེམས་བསྐྱེད་ནས། །རབ་ཏུ་བརྩོན་པའི་སྟོབས་དག་ག་གིས། །བྱང་ཆུབ་ལམ་སྤྱད་བཤད་པར་བྱ། །བྱང་ཆུབ་སེམས་ད་པས་སྤྱད་པ་ཡི ། །ལྷག་པའི་བསམ་པ་སྣ་ཚོགས་ཀྱིས། །སངས་རྒྱས་ལུང་ནི་བསྟན་གྱུར་པ། །ད་ངོས་པོ་དེ་དག་མདོར་བསྟན་ཏོ། །ལྷག་པའི་བསམ་པས་ཆོས་མོས་སིམས། །ཚད་མེད་མཐའ་ཡང་ལོད་མ་ཡིན། །སྤྱོད་པ་སྣ་ཚོགས་སྟོན་བྱིད་པ། །ད་ངོས་པོ་གཅིག་གིས་འགྲུབ་མི་འགྱུར། །ད་གའ་སེམས་ནང་ནི་རབ་རྒྱས་པ ། །སྤྱིན་པ་དག་ནི་གཏོང་བར་བྲེད ། །སྤྱིན་པ་གཏོང་ཡང་འརྒྱོད་མེད་པས། །དེ་ཡི་སེམས་ནི་དགའ་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ། ། སེམས་ཅན་རྟག་ཏུ་རྒུད་པས་ན། །མང་དུ་ཐོས་པའི་ནོར་མི་ལྡན། །བདག་གིས་བཙལ་བྱ་སྙམ་དུ་སེམས། །སེམས་ཅན་རྟག་ཏུ་རྒུད་པ་ཡང ། །ལེ་ལོའི་དབང་ལས་གྱུར་པས་ན། །བདག་གིས་བརྩོན་འགྲུས་རབ་བསྐྱེད་དེ། །བྱང་ཆུབ་ཐོབ་བྱ་སྙམ་དུ་སེམས། །བདག་གིས་སེམས་ཅན་ཆེད་དུ་ནི། །ཡིད་བཞིན་བཟོད་པ་རབ་བསྐྱེད་དེ། །ཚིག་ངན་སྨ་འབེབས་བ་ཇེགས་གྱུར་ཀྱང ། ། ལན་ཡང་མི་སྨྲ་སྙམ་དུ་སེམས། །བདག་ལ་སྨ་འབེབས་སུ་ཞིག་ཡིན། ། སྨ་འཐེབས་དམིགས་པར་མི་འགྱུར་བས། ། སྨ་འབེབས་ཁོང་ཁྲོ་བྲེད་པ་ཡི། །ད་ངོས་པོ་ཐམས་ཅད་སྟོང་སྙམ་སིམས། །དེ་ལྟར་ཡིད་ལ་སེམས་པས་ན། ། སེམས་ལ་ཁོང་ཁྲོ་འཁོན་འཛིན་མེད ། །རྟག་ཏུ་བཟོད་པ་བསྒོམས་པས་ན། །དེས་ན་མངོན་པར་འཚང་ཡང་རྒྱ།། སེམས་ཅན་དགེ་སེམས་མེད་པ་ལ། །འཇིག་རྟེན་སྒྲོན་མ་བྱས་ནས་ནི། །མགོན་དང་སྐྱབས་ནི་བྲེད་པས་ན། །ནོར་མེད་ནོར་དང་ལྡན་པར་བྲེད ། ། སེམས་ཅན་ལམ་ལོག་སྤྱོད་པ་ནི། །དེ་དག་སྙིང་བརྩེའིགནས་ཡིན་པས། །བདག་གིས་ཡོངས་སུ་བཟླས་ནས་ནི། །མྱ་ངན་འདས་ལ་གཞག་སྙམ་སེམས། །སེམས་ཅན་
42-501
ཐམས་ཅད་རྒུད་པས་ན། །ཤེས་རབ་ནོར་དང་ཡང་མི་ལྡན། །བདག་གིས་ཐམས་ཅད་མཁྱེན་ཐོབ་ནས། །དེ་དག་ཚིམ་པར་བྱ་སྙམ་སེམ་ས། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་ཡོངས་སུབཟླ་བའི་གྱིར། །སེམས་བསྐྱེད་བྱང་ཆུབ་ཚོལ་བ་ན། །དེ་འདྲའི་སྨོན་ལམ་འདེབས་པར་བྲེད ། ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ལ་ཚོས་སྟོན་པར་བྲེད་ཀྱང་ཆོས་འགའ་ཙམ་ལ་ཡང་གནས་པར་མི་བྲེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་ཡང་དག་པར་བསླབས་ནས་དེའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སོ། །བྱང་ཆུབ་སེམས་དཔའ་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་རྣམ་པ་བཞི་དང་ལྡན་པས་ཆོས་གཞན་གང་ཡང་དངོས་པོ་འདི་ལས་ལྷག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བཞི་གང་ཞེ་ན། བྱང་ཆུབ་སེམས་ད་པའ་ནི་སེམས་ཅན་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་རྩོམ་པར་བྲེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་དང་པོ་ཞེས་བྱའོ། །ཁོང་ཁྲོའི་སེམས་ཅན་ནན་པོ་ཆེ་དག་གི་ནང་ན་བཟད་པ་སྒོམ་པར་བྲེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གཉིས་པ་ཞེས་བྱའོ། །སེམས་ཅན་ལམ་ལོག་པ་ལ་སྤྱོད་པ་དག་མཐོང་ནས་བདག་ཉིད་ཡང་དག་པའི་ལམ་ལ་བརྩོན་པར་བྲེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གསུམ་པ་ཞེས་བྱའོ། །སེམས་ཅན་འཁོར་བ་ལས་ཡོངས་སུ་བཟླ་བའི་ཕྱིར་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྲེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པ་ཞེས་
42-502
བྱའོ ། །གང་པོ་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་མཆོག་ཅེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། །བརྩོན་འགྲུས་སེམས་ནིསྐྱེ་དབྲེད་པས། །བདག་གིས་དེ་ལ་ཆོས་མིན་པའི། །ད་ངོས་པོ་བསྟན་སྙམ་ཡོང་མི་སེམས། །ཁོང་ཁྲོ་སྟོན་པར་མི་བྲེད་དེ ། །ཁོང་ཁྲོ་སངས་རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་སེམས་སྒོམ་པས་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར ། །སེམས་ཅན་ལམ་ལོག་མོས་པས་ན། །ལོག་པའི་ལམ་ལ་གནས་པར་བྲེད ། །བྱང་ཆུབ་སེམས་དཔའ་ཡང་དག་ལམ། །བཙལ་ནས་སེམས་ཅན་འགོད་པར་བྱེད། །འཁོར་བའི་ཉེས་དམིགས་མཐོང་བས་ན། ། རྩེ་གཅིག་སངས་རྒྱས་ཡེ་ཤེས་ཚོལ། །བླ་མེད་གཏེར་ནི་ཐོབ་གྱུར་ནས། །སེམས་ཅན་བཟླ་བྱ་སྙམ་དུ་སེམས། །རྨད་བྱུང་དངོས་པོ་འདི་དག་ལས། །ལྷག་པའིགཞན་ནི་སུ་ཡང་མེད ། །དེ་ལྟ་བས་ན་ཐོགས་མེད་ཆོས། ། འཐོབ་པར་འགྱུར་བར་རིག་པར་བྱ། །ལུས་ཀྱི་གོས་ནི་ཚིག་པ་དང ། ། མགོ་ཐོད་མེ་ནི་འབར་བ་བཞིན། །ལེ་ལོའི་སེམས་ནི་སྐྱེས་གྱུར་ན། །མྱུར་བ་ཉིད་དུ་སིལ་བར་བྲེད ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་རྣམས་ནི་འཁོར་བ་ན་གནས་ཤིང་བཅོན་འགྲུས་མི་རྩོམ་པར་མཐོང་ལ་བདག་ཉིད་ནི་སངས་རྒྱས་ཀྱི་ལམ་ལ་གནས་ནས་བརྩོན་འགྲུས་ཅོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང ། སེམས་ཅན་རྣམས་ནི་རྟག་པར་ལེ་ལོ་ཅན་དུ་གྱུར་པར་མཐོང་ལ་བདག་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་
42-503
མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང ། སེམས་ཅན་རྣམས་ནི་ཁོང་ཁྲོ་བ་དང ། འཁོན་དུ་འཛིན་པ་དང ། །ཕྲག་དོག་ཅན་དུ་གྱུར་པར་མཐོང་ལ་བདག་ཇིད་ནི་ཁོང་ཁྲོ་བ་དང ། འཁོན་དུ་འཛིན་པ་དང ། ཕྲག་དོག་མེད་ཅིང་རྟག་པར་བྱམས་པའི་སེམས་དང་ལྡན་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང ། སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པར་བརྩོན་པར་གཞན་སུ་ཡང་བདག་དང་མཚུང་ས་པ་མེད་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་གང་ཡིན་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། ། བདག་ཉིད་བཅོན་འགྲུས་རྩོམ་བྲེད་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། ། བདག་ཉིད་དགའ་སེམས་འཐོབ་པར་འགྱུར། །འཁོར་བའི་ཉེས་དམིགས་མཐོང་བས་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ་།ཁམས་གསུམ་བཙོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྲེད ། །སེམས་ཅན་ཁོང་ཁྲོ་འཁོན་འཛིན་དགའ། །བདག་ཉིད་བྱམས་སེམས་གནས་པས་ན། ། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །ད་གའ་བདེ་སེམས་ནི་སྐྱེ་བར་འགྱུར ། །སེམས་ཅན་རྣམས་ཀྱིས་གང་བྱས་པ། །དེ་དག་ཐམས་ཅད་མི་བྱ་བྱ་བར། །དེ་ཕྱིར་བདག་གིས་བླ་མེད་པའི། །སངས་རྒྱས་ལམ་ནི་བཙལ་སྙམ་སེམ་ས། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །ཡང་དག་ཡེ་ཤེས་གང་ཡིན་པ། །བདག་གིས་ཡེ་ཤེས་དེ་བསླབས་ནས། །སེམས་ཅན་ཀུན་གྱི་སྐྱབས་བྱ་སེམས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །རྟག་ཏུ་དགའ་སེམས་སྐྱེ་བས་ན། །འདུས་བྱས་མི་བདེན་དག་ལས་ནི། །ཡང་དག་ཆོས་ནི་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་ཁོམ་པ་
42-504
རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས་སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་དམན་ཞིང་ཤིན་དུ་མཉེན་པས་ན་སེམས་ཅན་དག་མཐོང་བར་གྱུར་པའི་ཚེ་རྟག་པར་བདེ་བར་འོང་ས་སམ་ཞེས་མད་ང་ས་དང་ལྡན་པས་གསོང་པོར་སྨྲ་ཞིང་ཕན་ཆུན་ཚིག་སྤྱིན་པར་བྱེད་པས་རྟག་པར་འཛུམ་པ་དང་ལྡན་པ་ཡིན། སེམས་རྩེ་གཅིག་ཏུ་ཆོས་གཉེར་ཞིང་རྟག་པར་འདྲི་རྟོག་ལ་རབ་ཏུ་མོས་པས་ན་དགེ་བའི་དོན་ཚོལ་ཞིང་བརྩོན་པ་ལ་ཆོག་ཤེས་པ་མེད་པ་ཡིན། དབེན་པའི་གནས་ལ་མོས་ཤིང་གཅིག་པུ་འདུག་པ་ལ་དགའ་བ་ཡིན། བདག་ཉིད་བྱང་ཆུབ་ཀྱི་ལམ་ལ་གནས་ཤིང་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་ལམ་ལ་གནས་པར་འཇུད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་མི་ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས་སངས་རྒྱས་ཀྱིམངོན་པར་བསྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། མཉེན་པའི་སེམས་དང་རབ་ལྡན་ཞིང ། །རྟག་པར་བྱམས་སེམས་སྒོམ་པས་ན། །སེམས་ཅན་དག་དང་སྨྲ་བའི་ཚེ། ། སེམས་དམན་གསོང་པོར་སྨྲ་བར་བྲེད ། །རྟག་ཏུ་སངས་རྒྱས་བསྔགས་པ་ཡི། །ཟབ་མོ་གྱ་ནོམ་ཆོས་ཀྱང་ཚོ་ལ། །རྟག་པར་ཚུལ་ཁྲིམས་ག་ཙང་སུང་ཞིང ། །སྦྱང་ས་པའི་སྤྱོད་ལ་མོས་པ་ཡིན། །སྦྱང་ས་པའི་ཆོས་ལ་རབ་གནས་ཀྱང ། །ཤེས་རབ་ཟབ་མོས་སྤྱོད་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤང་ས་དལ་དང་ལྡན། །རྟག་ཏུ་སངས་རྒྱས་རྣམས་ལ་ནི། །ཆོས་ཟབ་རྣམས་ནི་ཞུ་བྲེད་པས། །དེ་ཕྱིར་ཤེས་རབ་འཕེལ་གྱུར་ནས། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །རྟག་པར་དགོན་པར་གནས་
42-505
མོས་ཤིང ། །རྣམ་དག་སྦྱང་ས་པ་སྤྱོད་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤང་ས་ཁོམ་དང་ལྡན། །བློ་ལྡན་མཁས་པ་གང་དག་ག་གིས། །ཆོས་འདི་བཞི་ལ་སྟེན་བྲེད་ན ། །མི་ཁོམ་ཐམས་ཅད་རབ་སྤང་ས་ན་ས། །སངས་རྒྱས་མང་པོ་མཐོང་བར་འགྱུར། །སངས་རྒྱས་མང་པོ་མཐོང་ནས་ཀྱང ། །མི་འཇིགས་ད་དང་ལྡན་པས་ན། །བརྩོན་འགྲུས་མཆོག་ནི་རབ་བསྐྱེད་ནས། །སངས་རྒྱས་ཡེ་ཤེས་ཚོལ་བར་འགྱུར། །དེ་ཕྱིར་ཡེ་ཤེས་གཉེར་བ་དག་།ཡང་དག་ཆོས་ནི་བསླབ་པར་བྱ ། །ཡང་དག་ཆོས་ནི་བསླབས་གྱུར་ནས། བྱང་ཆུབ་ལམ་ནི་འཐོབ་མི་དཀའ ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་དང་པོའོ།། །། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་ཚོལ་བར་བྲེད་པས་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ལྟ་སྟེ། མདོའི་སྣེ་དང ། དབྱང་ས་ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཚིགས་སུ་བ་ཅད་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྣེ་དང ། བླེང་གཞིའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པའི་རབས་ཀྱི་སྡེ་དང ། ཤིན་དུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་ཡོངས་སུ་ཚོལ་[---]ར[]ང་
42-506
བར་བྲེད་དེ ། ཡོངས་སུ་བཙལ་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་འདོན་པར་བྲེད ། ཀློག་ཅིང་ཁ་ཏོན་དུ་བཏོན་ནས་ཀྱང་ཡང་དག་པར་རྗེས་སུ་དྲན་པར་བྲེད ། ཡང་དག་པར་རྗེས་སུ་དྲན་པར་བྱས་ནས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སྒྲུབ་པར་བྲེད་དེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གནས་པ་མེད་པས་བསམ་གཏན་དང ། ཏིང་ངེ་འཛིན་ལ་མཉམ་པར་བཞག་ཀྱང་གནས་པར་བྱ་བ་མེད་དོ། །གནས་པ་མེད་པའི་ཕྱིར་ཆོས་རྣམས་ལས་གནས་པ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། །གནས་པ་མེད་པའི་ཡེ་ཤེས་ཐོབ་པས་ཆོས་རྣམས་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདོད་ཆགས་ཤིང་ཐོགས་པར་བྱ་བའི་ཆོས་གང་ཡང་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཚོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་གཉེར་བའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་སངས་རྒྱས་ཀྱི་ཆོས་རྗེས་སུ་དྲན་པར་བྲེད་དོ། །དེས་ཆོས་ཀྱི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་སངས་
42-507
རྒྱས་ཀྱི་ཆོས་རྗེས་སུ་དྲན་པརགྱུར་པ་ན་འདོད་ཆགས་པར་བྱ་བའི་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེས་འདོད་ཆགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་སེམས་ཀྱིས་མངོན་པར་ཞེན་པ་མེད་དོ། །དེས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་དྲིས་པ་རྣམས་ཀྱི་རྗེས་སུ་ལན་འདེབས་པ་ལ་ཐོགས་པ་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུ་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལས་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་དམིགས་པ་མེད་པའི་བྱམས་པ་ཕུན་སུམ་ཚོགས་པར་གྱུར་པས་སྤྱོད་པ་དག་ལ་ཐོགས་པ་མེད་དེ། དམིགས་པ་མེད་པའི་བྱམས་པ་ནི་དངོས་པོ་རྣམས་མི་ལེན་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོགང་མཚན་མ་འདི་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་སྐྱེད་པར་བྲེད་ལ། གང་མཚན་མ་དེ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མུག་སྐྱེད་པར་བྲེད་པས ། །ད་ངོས་པོའི་མཚན་མའམ། རྫས་ཀྱི་མཚན་མའམ། ཕུང་པོའི་མཚན་མའམ། སྐྱེ་མཆེད་ཀྱི་མཚན་མའམ། ཁམས་ཀྱི་མཚན་མའམ། ཆོས་ཀྱི་མཚན་མའམ། ཚོས་མ་ཡིན་པའི་མཚན་མ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་སྐྱེད་པར་བྲེད་པས་དེའི་གྱི་ར་གང་པོ་ཇི་ཙམ་དུ་ལེན་པའི་མཚན་མ་དང་བ་ཅས་པ་དེ་དག་ཐམས་ཅད་ནི་ལོག་པའི་ལྟ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་མཚན་མ་དེ་དག་ཐམས་ཅད་ཉརེ་བར་ཞི་བར་བྱ་བའི་ཆེད་དུ་བྱམས་པའི་སེམས་
42-508
སྒོམ་པར་བྲེད་པས་སེམས་ཅན་འཇིག་པའི་ཕྱིར་དང ། མཚན་མ་འཇིག་པའི་ཕྱིར་དངོས་པོ་ཡང་འཇིག་པ་ཉིད་དོ། །ད་ངོས་པོ་འཇིག་པའི་ཕྱིར་ལྟ་བ་ཡང་འཇིག་པ་ཉིད་དོ་ཞེས་བྱང་ཆུབ་སེམས་དཔའ་དེའི་ཚེ་ཆོས་ཐམས་ཅད་རྣམ་པར་བཤིག་ནས་བྱམས་པ་སྒོམ་པར་བྱེད་དེ ། དེ་ལྟ་བུའི་བྱམས་པ་གང་ཡིན་པ་འདི་ནི་དམིགས་པ་མེད་པའི་བྱམས་པ་ཞེས་བྱའོ། །དེ་ལྟ་བུའི་དམིགས་པ་མེད་པའི་བྱམས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་བྱམས་པ་ཞེས་བྱའོ། །དེ་ལྟ་བུའི་ཆོས་ཀྱི་བྱམས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། གང་པོ་སངས་རྒྱས་ཀྱི་བྱམས་པ་གང་ཞེ་ན། མངོན་པར་འདུ་བྱེད་པ་མེད་ཅིང་འཇིག་པ་མེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། །གཞན་ཡང་གང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། །གང་པོས་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་རབ་ཏུ་རྟོགས་པ་ཞེས་བྱ་བ་འདི་ནི་ཆོས་སོ་ཞེ་འམ། འདི་ནི་ཆོས་མ་ཡིན་ནོ་ཞེས་སེམས་པར་མི་བྲེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་ཆོས་ལོད་དོ་ཞེས་ཟེར་ན་དེ་ནི་ཆོས་མ་ཡིན་པ་ཡིན་པས་གལ་ཏེ་ཆོས་མེད་པར་གྱུར་ན་ཆོས་མ་ཡིན་པ་ཡང་མེད་པར་འགྱུར་བས་དེ་ལ་སྤྲོས་པ་ཅི་ཡང་མེད་པས་སོ། །སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་རབ་ཏུ་བརྟགས་ནས་དེ་ཤིན་དུ་ཐག་རིང་བ་ཞིག་ཡིན་ནམ། འོན་ཏེཤིན་དུ་ཐག་ཉེ་བ་ཞིག་ཡིན། གང་པོས་གསོལ་པ། དེ་ནི་ཐག་རིང་བ་ཡང་མ་ལགས་ལ། ཐག་ཉེ་བ་ཡང་མ་ལགས ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟ་
42-x509xx
བུའི་དོན་དེ་ལ་ནི་བྱོགས་ཀྱང་མ་མཆི། གནས་ཀྱང་མ་མ་མཆིས། ནང་ཞེས་བགྱི་བ་ཡང་མ་མ་མཆིས། གྱི་ཞེས་བགྱི་བ་ཡང་མ་མཆིས་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་པོ་ཁྱོད་ཀྱིས་ཆོས་རྣམས་གྲང་ས་སུ་བགྲང་བར་བྱའོ། །བཅོམ་ལྡན་འདས་ཆོས་ཇི་ལྟ་བུ་ཞིག་ལ་གྲང་ས་སུ་བགྲང་བར་བགྱི་ལགས ། གང་པོ་ཇི་ཙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་དམིགས་པར་མི་མི་མཛད ། སྒྲུབ་པར་མི་མཛད ། མངོན་དུ་མི་མཛད་དོ། །ཞེས་དེ་ལྟ་བུའིཆོས་མི་རྟོགས་པ་གང་ཡིན་པ་དེ་ནི་གྲང་ས་སུ་བགྲང་བ་ཞེས་བྱའོ། གང་པོ་ཆོས་རྣམས་ཀྱི་གྲང་ས་དེ་དག་ནི་ཆོས་རབ་ཏུ་རྣམ་པར་འབྲེད་པ་མ་ཡིན་པའི་གྱིར། གང་པོ་དེང་ཁྱོད་ལ་འདི་ལྟར་རབ་ཏུ་དབེན་པའི་ཆོས་མཆོག་དམ་པ་སངས་རྒྱས་ཀྱི་ལམ་ཡོངས་སུ་སྡུད་པར་གྱུར་པ་བཤད་པར་བྱའོ། །གང་པོ་མ་འོང་ས་པའི་དུས་ན་འཇིག་རྟེན་པའི་རྙེད་པ་ལ་གདུ་བ་དག་གལ་ཏེ་མདོ་སྡེ་འདི་ཐོས་པར་གྱུར་ན་མཉན་པ་དང ། ལེན་པར་མོས་པར་མི་འགྱུར་རོ། །གང་པོ་ང་ས་བྱང་ཆུབ་ཅེས་བརྗོད་པའི་ཚིག་འདིཁྱེད་ཀྱིས་སྒྲ་དང་ཚིག་ཙམ་དུ་བྱོགས་ཅུང་ཟད་ཅིག་རྟོགས་པར་གྱུར་པར་ཟད་ཀྱི་དེའི་དོན་གྱི་ཚུལ་ནི་ཁྱེད་ཀྱིས་ཤེས་པར་མི་ནུས་སོ། །དོན་འདི་ནི་ཤིན་དུ་ཟབ་པས་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་གྱི། མཁས་པ་དག་གིས་རང་གིས་རིག་པར་བྱ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། གང་གིས་དོན་ནི་མི་རྟོགས་པ། །སངས་རྒྱས་ཆོས་ལ་མྱ་ངན་སྐྱེ་།གལ་ཏེ་དོན་ནི་རིག་གྱུར་ན། །སངས་རྒྱས་དེ་ལ་སྟོན་པར་མཛད། །སངས་རྒྱས་སྟོན་པར་གང་སེམས་པ། །དེ་ནི་མྱ་ངན་འདས་གཉེར་བས། །འཐབ་རྩོད་སེམས་ནི་མེད་པར་ཡང ། །ཡང་དག་ཆོས་ནི་
42-510
སེམས་པར་བྲེད ། །འདི་ལ་ཆོས་སྐྱེ་ཡོད་པ་མིན ། །འགག་པའི་ཆོས་ཀྱང་ལོད་མིན་ཏེ། །སྐྱེ་དང་འགག་པ་མེད་གྱུར་པ ། །དེ་ནི་ཆོས་རྣམས་ཡང་དག་མཚན་།། ཆོས་གང་སྐྱེ་བ་མེད་པ་ལ། ། བྲེད་དང་འབྱུང་བའང་ཡོད་མི་འགྱུར། །ཡིན་དང་མ་ཡིན་ཐ་ད་གཅིག་།ཆོས་འདི་ལ་ནི་དེ་དག་མེད ། །དེ་ནི་མྱ་ངན་འདས་ཡིན་ཏེ། །དེ་ན་འགག་པར་བྱ་བ་མེད ། །ཐག་ནི་ཉརེ་རིང་གང་ཟེར་བ། ། དེ་དགགཉི་ག་སྟོང་པ་ཡིན། །གང་ཞིག་སྟོང་པར་རྟོགས་གྱུར་པ། །དེ་ནི་མྱ་ངན་འདས་ཤེས་ཡིན། །མྱ་ངན་འདས་པ་གང་ཤེས་པ། །ང་ཡི་སློབ་མ་ཞེས་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། རྟག་ཏུ་མང་ཐོས་གཉེརའདོད་པ། །སངས་རྒྱས་རྣམས་ནི་བསྔགས་འགྱུར་ཞིང ། །ཡང་དག་ངེས་དོན་ཐོབ་འགྱུར་བས། །དེ་ཕྱིར་རྒྱ་མཚོ་ལྟ་བུར་འགྱུར། །ཡི་གེ་འ་པུ?་ནི་གཅིག་པུ་དང ། །ཚིག་གི་དོན་ནི་གཅིག་ཙམ་ཡང ། །བསྐལ་པ་བྲེ་བ་བརྒྱ་སྟོང་དུ། །བརྗོད་ཀྱང་ཟད་པར་མི་འགྱུར་རོ།། དེ་ཕྱིར་ཡང་དག་ཚོས་གཉེར་བྱ། ། གཞེར་ནས་ཚུལ་བཞིན་བསམ་བྱ་ཡི། །ཆོས་ཀྱི་མཚན་ཉིད་མི་བླང་ཞིང ། །སངས་རྒྱས་བསྔགས་ལ་ཞེན་མི་བྱ། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང ། །ཡང་དག་ཆོས་ནི་དྲན་པར་བྱ། །འདོད་ཆགས་ཅོད་མེད་སེམས་ཀྱིས་ནི། །འདྲེན་པ་ཡོངས་སུ་གཉེར་བར་བྱ། །རྟག་པར་སེམས་ཅན་རྣམས་ལ་ནི། །བྱམས་པའི་སེམས་ནི་བསྒོམ་པར་བྱ། །སེམས་ཅན་
42-511
ལ་ནི་ཞེན་མེད་པར། །ཆོས་རྣམས་ཐམས་ཅད་ཞི་བར་བྱ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་གྱིས། །འདི་འདྲའི་ཆོས་ནི་སྒྲུབ་བྲེ་དན། །མྱུར་དུ་གཟུང་ས་ནི་འཐོབ་འགྱུར་བས ། །མང་དུ་ཐོས་པ་དེ་ལས་ས་སྐྱེ་།ཇི་ལྟར་ནམ་མཁའི་ངོ་བོ་ཇིད ། །འཕེལ་ཞིང་འགྲིབ་པ་མེད་པ་ལྟར ། །ཆོས་ཉིད་ཀྱང་ནི་དེ་བཞིན་ཏེ། ། འཕེལ་བ་མེད་ཅིང་འགྲིབ་པ་མེད ། །ང་ས་ནི་ཤེས་རབ་སྟོབས་དག་གིས། ། བསྐལ་པ་ཚད་མེད་གྲང་ས་མེད་དུ། །ཆོས་རྣམས་ཡོངས་སུ་བཤད་གྱུར་ཀྱང ། ། འོན་ཀྱང་བཤད་པ་ཞེས་མི་བརྗོད ། །སེམས་ཅན་ཉིད་ནི་ཇི་སྙེད་པ། །ཐམས་ཅད་མི་ལུས་ཐོབ་གྱུར་ཏེ། །ཀུན་ཀྱང་ར་བ་ཏུ་བྱུང་ནས་ནི། །མང་ཐོས་ཀུན་དགའ་བཞིན་གྱུར་ཀྱང ། །གཟུང་ས་ཐོབ་བྱང་ཆུབ་སེམས་དཔའ་ཡིས། ། སེམས་ཅན་དེ་དག་ཐམས་ཅད་ལ། །བསྐལ་པ་བྱི་བར་ཆོས་བཤད་ཀྱང ། །དེ་ཡི་ཤེས་རབ་གཏུགས་མི་འགྱུར། །སངས་རྒྱས་མཁྱེན་པ་མཚུང་ས་མེད་པས ། ། ནམ་མཁའ་འདྲ་བར་ཚད་ཀྱང་མེད། །ནམ་མཁའ་སྐྱེ་འབྱུང་མེད་པ་ལྟར། ། མཁྱེན་པ་ཡང་ནི་དེ་བཞིན་ནོ། །ཀླུ་ཡིས་ཆུ་ནི་མ་བླངས་པ་ར། །ཆར་ཆེན་དག་ནི་འབེབས་བྲེད་པ། །ཆུ་དེ་ལ་ནི་གནས་མེད་ཀྱང ། །ཆརའབབས་པ་ལ་མཐར་ཐུག་མེད ། །བྱང་ཆུབ་སེམས་དཔའ་འང་དེ་བཞིན་དུ། གཟུང་ས་འདི་ཐོབ་པར་གྱུར་པ་ན། །ཆོས་རྣམས་ལ་ནི་གནས་མེད་ཀྱང ། །རྐྱེན་དེ་བཤད་ན་ཟད་མི་འགྱུར ། །དེ་གྱི་ར་མང་ཐོས་བཙལ་བར་བྱ། །བཙལ་ནས་ཚུལ་བཞིན་བསམ་བྱ་སྟེ། །ཆོས་དམིགས་སངས་རྒྱས་རྗེས་དྲན་ན། །མང་དུ་ཐོས་པ་དེ་ལས་ས་སྐྱེ་།བྱམས་པས་སེམས་ཅན་ཀུན་ཁྱབ་སྟེ། །སེམས་ཅན་མཚན་མ་ཞི་བྲེད་ཅིང ། །ཆོས་ཀྱི་མཚན་མའང་ཞི་བྲེད་ན། །མང་དུ་ཐོས་པ་དེ་ལས་ས་སྐྱེ། །མང་དུ་ཐོས་པའི་ལེའུ་སྟེ་གཉིས་པའོ།། །།
42-512
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ན་དོན་གྱི་ཚུལ་ར་བ་ཏུ་སེམས་པརབྲེད་ཀྱི་འདི་མ་ཡིན་ནོ་ཞེས་སྨྲ་བར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བ་ཅོམ་ལྡན་འདསྐྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བདག་གི་ཡིད་དང་མི་འགལ་བའི། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དོན་གྱི་ཚུལ་ནི་སེམས་བྲེད་ཀྱི། །ཆོས་མིན་ཞེས་ནི་སྨྲ་མི་བྲེད ། །གལ་ཏེ་སྟོང་པའི་ཆོས་ཐོས་ན། །རྟག་ཏུ་དོན་ཚུལ་ཚོལ་བྲེད་པས། ། དེ་ཕྱིར་ཤེས་རབ་འཕེལ་འགྱུར་ཞིང ། །བྱང་ཆུབ་ལམ་ནི་དེ་ནས་ས་སྐྱེ་།མ་ཐོས་ཆོས་ནི་ཐོས་གྱུར་ན། །དོན་གྱི་ཚུལ་ནི་ཚོལ་བྲེད་པས། །བྱང་ཆུབ་ལས་ནི་མི་ལྡོག་ཅིང ། །ཤེས་རབ་དག་ནི་འཕེལ་བར་འགྱུར། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ང་རྒྱལ་ངན་པའི་སེམས་མི་འབྲང ། ། གལོ་སྐྱུ་དག་ཀྱང་སྐྱེད་མི་བྲེད ། ། གཡོསྐྱེད་པ་ནི་བྱང་ཆུབ་མིན། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དེ་ཡི་དོན་ནི་ཚོལ་བྲེད་པས། ། སྔོན་ཆད་ཐོས་པར་མ་གྱུར་ཀྱང ། །རྩེ་གཅིག་ཏུ་ནི་སེམས་པར་བྲེད ། །གང་ཟག་དེས་ནི་ཆོས་ཐོས་ཚེ། །ཡང་དག་ཆོས་ནི་ཐོས་འགྱུར་ཞིང ། །རྟག་པར་སངས་རྒྱས་མང་མཐོང་བས། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །སངས་རྒྱས་མང་པོ་མཐོང་ནས་ཀྱང ། །ཚུལ་བཞིན་ཞུ་བ་ཞུ་བྲེད་པས། །ཉན་ཐོས་དག་གིས་ཐོས་ན་ཡང ། །ཐམས་ཅད་རབ་ཏུ་དགའ་བར་
42-513
འགྱུར ། །འདི་ནི་ངོ་མཚར་རྨད་ལྡན་པས། །འདི་འདྲའི་ཞུ་བ་ཞུ་བར་བྱེད ། ། བདག་ཅག་བསམ་པའང་ཡོད་མིན་ན། །དངོས་པོ་འདི་ཐོས་ཅི་སྨོས་ཟིར། ། ཉན་ཐོས་ངོ་མཚར་བརྗོད་པས་ན། །ལྷ་ཀླུ་ཐམས་ཅད་དགའ་འགྱུར་ཞིང ། ། སངས་རྒྱས་བསྔགས་པ་བརྗོད་འགྱུར་བ ། །འདི་ནི་མང་ཐོས་འབྲས་བུ་ཡིན།། ཞུ་བགང་ཡོད་ཞུས་པའི་ཚེ། །སངས་རྒྱས་དེ་བཞིན་ལན་འདེབས་པས། ། འཁོར་འདུས་མང་པོ་ཚད་མེད་པ ། །ཐམས་ཅད་ཕན་པ་ཆེ་ཐོབ་འགྱུར། །བྱང་ཆུབ་སེམས་དཔས་ལན་འདེབས་པ ། །མང་ཐོས་འདི་ནི་ཐོསགྱུར་ན། ། འཁོར་མང་ཚད་མེད་ཐམས་ཅད་ཀྱིས། །བླ་མེད་ཆོས་མིག་ཐོབ་པར་འགྱུར། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་རྒྱུ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་པ་ན་མངོན་པར་ཡིད་ཆེས་པས་དང་དུ་ལེན་ཅིང་འགལ་བ་མེད་པའི་སེམས་ཀྱིས་ཚུལ་བཞིན་དུ་བསམས་ནས་འདི་ནི་མ་ཡིན་ནོ། །ཞེས་སྨྲ་བར་མི་བྲེད་ན། དེས་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྲེད་པརའགྱུར་བར་རིག་པར་བྱའོ། །གང་པོ་སྔོན་འདས་པའི་བསྐལ་པགྲང་ས་མེད ། ཚད་མེད ། དཔག་ཏུ་མེད ། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྐྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བབྱུང་སྟེ། གང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་
42-514
འཁོར་འདུས་པ་རེ་རེ་ལ་ཡང་ཉན་ཐོས་ཀྱི་དགེ་འདུན་གང་གཱའི་ཀླུང་བརྗོད་ཀྱིས་མི་ལང་བའི་བྲེ་མ་སྙེད་ཆོས་རྣམས་ལ་ལེན་པ་མེད་ཅིང་ཟག་པ་ཟད་ནཱས་སེམས་རྣམ་པར་རྒལ་བའི་དགྲ་བཅོམ་པ་གཤི་གའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གྲང་ས་ཀྱང་དེ་བཞིན་ནོ། །གང་པོ་བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་དྲུག་ཁྲིར་གནས་པར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་སུ་ཉརེ་བའི་ཚེ་བྱང་ཆུབ་སེམས་དཔའ་བྲེ་བ་བརྒྱ་ཕྲག་མང་པོ་ཐམས་ཅད་རྫུ་འཇུལ་གྱི་སྟོབས་ཀྱིས་དམ་པའི་ཆོས་བསྲུང་བའི་ཕྱིར་འཛམ་བུའི་གླིང་བྲེ་བ་བརྒྱ་ཕྲག་མང་པོ་ཀུན་དུ་ཁྱབ་པར་གྱུར་པས་འཛམ་བུའི་གླིང་རེ་རེ་ན་ཡང་བྱང་ཆུབ་སེམས་དཔའ་རེ་རེ་གནས་པར་གྱུར་ཏོ། །གང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཉན་ཐོས་རྣམས་ཁད་ཀྱིས་ལེ་ལོ་དང ། སྟོམ་ལས་ཅན་དུ་གྱུར་ནས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་དག་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པ་མེད་པར་གྱུར་པས་ཆོས་རྣམས་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་དང ། ཚུལ་ཁྲིམས་རྣམ་པར་དག་ཅིང་སྦྱང་ས་པའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ཀྱང་མཐར་གྱིས་ནུབ་པར་གྱུར་ཏེ། དེ་དག་གིས་བཀླག་པ་དང ། ཁ་ཏོན་དུ་འདོན་པ་དང ། རྣམ་པར་བཤད་པ་མ་བྱས་པའི་ཕྱིར་དེའི་བསྟན་པ་ལས་ཆོས་ཀྱི་སྡེ་སྣོད་ཤིན་དུ་ཡང་ས་ཤིང་རྒྱ་ཆེ་བ་བརྒྱད་ཁྲི་བཞི་སྟོང་ཡོད་ལ། ཆོས་ཀྱི་སྡེ་སྣོད་རེ་རེ་ལ་ཡང་མདོ་སྡེ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དེ་མདོའི་སྡེ་རེ་རེ་ལ་ཡང་ཆེད་དུ་བརྗོད་པའི་སྡེ་སུམ་ཁྲི་དྲུག་བརྒྱ་ལོད་དེ། ཆེད་དུ་བརྗོད་པའི་སྡེ་རེ་རེ་ལ་ཡང་ཚིགས་སུ་བ་ཅད་པ་བྲེ་བ་ཕྲག་དྲུག་ཁྲི་བདུན་བརྒྱ་ལོད་དེ། གང་པོ་དེའི་ཚེ་དེའི་དུས་ཐ་མ་ལ་
42-515
དམ་པའི་ཆོས་ནུབ་ཏུ་ཉེ་བ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མང་པོ་དེ་དག་ལས་མདོའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་འབའ་ཞིག་ལུས་པར་གྱུར་ཏོ། །དེའི་ཚེ་ཆོསསྨྲ་བའི་དགེ་སློང་མཐུ་བོ་ཆེ་ཞེས་བྱ་བ་ཞིག་ཡོད་དེ། འཛམ་བུའི་གླིང་འདིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་དམ་པའི་ཆོས་བསྲུང་བའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་མང་དུ་ཐོས་ཤིང་རྒྱ་ཆེ་བ། ཆོས་ལེགས་པར་སྟོན་པ། ཚིག་རྒྱན་དང་ལྡན་པ། དོན་གྱི་ཚུལ་གསལ་བར་རྟོགས་པ་དེས་རྟག་པར་སྔོན་མ་ཐོས་པའི་ཆོས་བསྒྲགས་པ་ལ་མོས་པར་གྱུར་ཏོ། །དེས་ཆོས་བསྒྲགས་པར་གྱུར་པ་ན་སྐྱེ་བོ་མང་པོ་ཕལ་ཆེར་སྐུར་པ་འདེབས་ཤིང་འགལ་བར་བྱས་པར་གྱུར་པས་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ་འདི་སྙམ་དུ་འདི་ལྟར་སྐྱེ་བོ་མང་པོ་འདི་དག་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ཀྱང་མངོན་པར་ཡིད་མི་ཆེས་པས་མཉན་པ་དང ། ལེན་པར་མོས་པ་ཡང་མེད་ལ། གལ་ཏེ་ཐོས་པར་གྱུར་ན་ཡང་ཁོང་དུ་མི་ཆུད་པས་རྗེས་སུ་འབྲང་བར་མི་བྲེད་ཅིང་འགལ་བར་བྱས་ནས་སྐྱོན་འབྱིན་པར་བྲེད་པས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ལ། སྟོན་པ་ཆེན་པོའི་བསྟན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་སྔོན་ཆད་ནམ་ཡང་སློབ་དཔོན་དང ། མཁན་པོ་ལས་འདི་ལྟ་བུའི་མདོ་སྡེ་མ་ཐོས་ལ། གཞན་ཡང་དགེ་སློང་གནས་བརྟན་རྒན་རབས་གང་ཡང་སློབ་དཔོན་དང ། མཁན་པོ་ལས་འདི་ལྟ་བུ་བརྒྱུད་དེ་ཐོས་པར་མི་སྨྲ་བས་སོ་ཞེས་དགེ་སློང་མང་པོ་དེ་སྐད་ཀྱང་ཟེར་ལ། མདོའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་ཙམ་ལས་མ་ལུས་པས་དེང་བདག་ཅིའི་ཕྱིརགཅིག་པུ་གནས་དབེན་པར་མི་འགྲོསྙམ་མ་མོ། །གང་པོ་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ། དེ་སྙམ་དུ་བསམས་ནས་གཅིག་པུ་རི་ཕུག་དཔོན་པར་གནས་པར་གྱུར་ཏོ། ། དེའི་
42-516
ཚེ་འཛམ་བུའི་གླིང་ན་བསྐལ་པ་ཆགས་ཚུན་ཆད་གྲོང་ཁྱེར་ཆེན་པོ་ཆུར་དཔག་ཚད་བཅུ་གཉིས་ཡོད་པ། ཞེང་དུ་དཔག་ཚད་བདུན་ཡོད་ཅིང་རབ་ཏུ་མཇེས་པར་བྱས་པ། ལམ་སྲང་རྣམས་ཐད་ཀར་འབབ་པ། སྐྱེ་བོ་མང་པོས་གང་བ། ལོ་ལེགས་ཤིང་བདེ་བར་གྱུར་པ་དྲུག་ཁྲི་བརྒྱད་སྟོང་ཡོད་པར་གྱུར་ཏོ། །དེའི་འོག་ཏུ་གྱིས་ཡང་གྲོང་ཁྱེར་ཆུང་ངུ་ཁ་ཅིག་ནི་དཔག་ཚད་བདུན་ཡོད་པ། ཁ་ཅིག་ནི་དཔག་ཚད་དྲུག་དང ། ལྔ་དང ། བཞི་དང ། གསུམ་དང ། གཉིས་ཡོད་པ་ནང་གི་ཆུང་བའི་ཚད་ཀྱང་དཔག་ཚད་གཅིག་ཡོད་བྱེ་བ་ཕྲག་བརྒྱད་ཅུ་རྩ་བ་ཞི་བྱས་པར་གྱུར་ཏེ། གང་པོ་དེའི་ཚེ་འཛམ་བུའི་གླིང་ན་གྲོང་ཁྱེར་ཆེན་པོ་རབ་ཏུ་དབེན་པ་ཞེས་བྱ་བ་ན་ཁྱིམ་བདག་ཤ་ནི་ཞེས་བྱ་བ་ཞིག་བྱུང་བ་དེའི་བུ་ནི་མ་ཧཱ་ཤུ་མ་ཏ་ཞེས་བྱ་སྟེ། ཁྱིམ་བདག་དེའི་བུ་དེ་དབེན་པ་ན་གནས་པ་ལས་ལྷ་ཞིག་འོང་ས་ནས་ཚིགས་སུ་བ་ཅད་དེ་སྨྲས་པ། ཁྱོད་ཀྱིས་ནན་ཏན་ཆོས་དག་ལ།། བཙལ་ནས་ཚུལ་བཞིན་སོམས་ཤིག་དང ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ། །ཁྱོད་འཚང་རྒྱ་བར་ལུང་སྟོན་ཏོ། །གང་པོ་ལྷ་དེས་ཚིགས་སུ་བ་ཅད་པ་འདི་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེ་ཕའི་དྲུང་དུ་སོང་ནས་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། འདི་སྐད་དུ་བདག་ནི་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་ལོན་ཏན་ཐམས་ཅད་ཀྱི་འོད་ཟིར་གྱི་རྒྱལ་པོའི་བསྟན་པ་ལ་ཚངས་པར་སྤྱོད་པར་འདོད་དོ་ཞེས་སྨྲས་པ་དང ། དེ་ནས་ཁྱིམ་བདག་ཤ་ནིས་ཚིགས་སུ་བ་ཅད་དེ་སྨྲས་པ། ང་ཡིཁྱིམ་ན་རིན་ཆེན་མང ། གསིར་དངུལ་དག་ནི་ཚད་ཀྱང་མེད ། །འཛམ་བུའི་གླིང་ན་མེད་པ་ཀུན། །ང་ཡི་ཁྱིམ་ན་ལྡན་པར་ཡོད ། །ང་ས་ནི་རིན་ཆེན་བཙལ་བ་ཡང ། །བུ་འདོད་སྤྱོདཕྱིར་བཙལ་བཙལ་ན། །ཅི་ཕྱིར་རབ་ཏུ་འབྱུང་བྲེད་ཅིང ། །འཇིག་རྟེན་སྨོད་ལ་
42-517
དགའ་བར་བྲེད ། །དེ་ནས་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་དེ་ཕ་ལ་སྨྲས་པ། བདག་ནི་རྟག་ཏུ་ཆོས་ཚོལ་མོས། །བཙལ་ནས་ཡང་དག་ཚུལ་བཞིན་སེམས། །ལོངས་སྤྱོད་མོང་བར་མི་དགའ་བས། །འཇིག་རྟེན་འདྲེན་པ་བྲེད་པར་དགའ། ཁྱིམ་གྱི་རིན་ཆེན་མི་དགོས་པས། །བདག་ནི་འདོད་པ་ཉུང་ལ་མོས། །ཆོས་ཀྱི་གཏེར་ནི་དབྱུང་བའི་གྱིར། །རབ་ཏུ་འབྱུང་བར་མོས་པ་ཡིན།། སངས་རྒྱས་འབྱུང་བ་རབ་ཏུ་དཀོན། །ཆོས་བསྟན་པ་ཡང་རབ་ཏུ་དཀོན། ། དེང་བདག་སངས་རྒྱས་བསྟན་ཕྲད་ན། ། ཅིའི་ཕྱིར་ན་གཏང་བར་བྱ། །གང་པོ་དེ་ནས་ཁྱིམ་བདག་གི་བུ་དེས་ཕའི་རྐང་པ་ལ་ཕྱག་བྱས་ཏེ་བསྐོར་བ་བྱས་ནས་ཕྱིར་བྱུང་སྟེ་འགྲོ་བའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །ཕ་ནི་བྲེ་བ་འབུམ་ལོད་ཅིང ། །མ་ནི་བྱི་བ་བ་བརྒྱ་ཡོད་ཀྱང ། །དེང་བདག་རབ་ཏུ་འབྱུང་བའི་སེམས། ། གང་ཀིས་ཀྱང་ནི་བབློག་མི་ནུས། །དེང་བདག་ལུས་སྲོག་ཕ་མ་དང ། །གཉེན་འདབ་ཀུན་ནི་རབ་སྤང་ས་ནས། །སངས་རྒྱས་ཆོས་ནི་མི་སྤོང་བར། །རབ་བྱུང་སྤྱོད་པ་གཉརེར་བར་བྲེད་།གང་པོ་དེའི་ཚེ་ཁྱིམ་བདག་གི་བུ་དེས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་ནས་རབ་ཏུ་བྱུང་བར་གྱུར་ཏེ ། ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་ག་ལ་བ་དེར་སོང་ནས་ཆོས་མཉན་པ་གཉེར་བར་གྱུར་པ་དང ། དེ་ནས་དེའི་ཚེ་ཆོས་སྨྲ་བ་མཐུ་ཆེན་པོ་ཐོབ་པས་ཀྱང་དེ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། དེ་ནས་དགེ་སློང་མ་ཧཱ་ཤུ་མཏས་ས་སྔོན་མ་ཐོས་པའི་མདོ་སྡེ་ཐོས་པར་གྱུར་ནས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས ། །བདག་གིས་འདི་ལྟ་བུའི་མདོ་སྡེ་སྔོན་ཆད་མ་ཐོས་ན་མདོ་སྡེ་འདི་ལྟ་བུ་འདི་སུས་ནི་ཀློག་པར་བྲེད ། སུས་ནི་འདུན་པར་བྲེད ། སུས་ནི་ཡང་དག་པར་བླང་ས་ནས་འཛིན་པར་བྲེད །
42-518
གནས་གང་དུ་ནི་ཐོས་པར་འགྱུར ། མཐུ་ཆེན་ཐོབ་པས་སྨྲས་པ། བདག་གིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟིར་གྱི་རྒྱལཔོའི་བྱིན་གྱི་རླབས་ཀྱི་མཐུའི་དབང་གིས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་རང་གི་ང་ང་གིས་སེམས་ལ་གནས་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པའི་བསམ་པ་བསྐྱེད་དེ་རྗེས་སུ་བསམ་པས་ཤེས་རབ་ཀྱི་མཐུ་སྐྱེས་པས་ཤེས་རབ་དང ། ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་དྲི་བ་དྲིས་པ་དང ། མཐུ་ཆེན་ཐོབ་པས་ཀྱང་དོན་གྱི་རྗེས་སུ་ལན་ཡང་དག་པར་བཏབ་ནས་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་ལ་ཞུས་པ་དང ། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ཡང་དག་པར་ལན་བཏབ་པ་དགེ་སློང་དེས་ཐོས་པར་གྱུར་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་ཡང་འདིསྐད་དུ་དྲིས་པ་དང ། མཐུ་ཆེན་ཐོབ་པས་ཀྱང་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་ཞུས་པ་དང ། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ལན་ཡང་དག་པར་བཏབ་པ་དགེ་སློང་དེས་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་ས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་ས་སོ། །རྒྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང ། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་
42-519
ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་ནི་ཤིན་དུ་ཡིད་ཆེས་པར་དཀའ་བས་དངོས་པོ་འདི་མ་དྲི་བར་ཞོག་ཤིག་།གཞན་ཡང་གང་ལུས་ཀྱི་ཆོས་ཁྱད་པར་དུ་འཕགས་པ་མངོན་སུམ་དུ་མ་བྱས་པ་དག་གིས་ཀྱང་ཤིན་དུ་ཡིད་ཆེས་པར་དཀའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་མ་ཧཱ་ཤུ་མ་ཏས་རྒྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང ། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་མ་དྲི་བར་ཞོག་ཤིག་།གལ་ཏེ་ཁོང་དུ་མ་ཆུད་པར་གྱུར་ན་དེང་ཁྱོད་ལ་དཔེས་ཉེ་བར་མཚོན་པར་བྱ་སྟེ།བློ་དང་ལྡན་པ་དག་ནི་དཔེས་ཉེ་བར་མཚོན་ན་རབ་ཏུ་རྟོགས་པར་འགྱུར་རོ། །དགེ་སློང་བདག་གིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལས་སེམས་ཅན་གྱི་རང་བཞིན་ཐོས་པ་ནི་ས་ཆེན་པོའི་རྣམ་པ་བས་ཆེས་མང་ངོ ། །ད་གེ་སློང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སེམས་ཅན་གྱི་རྣམ་པ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཇི་སྙིད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་ནས་ཤེས་རབ་ཀྱི་སྟོབས་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་རེ་རེས་ཀྱང་ཡུན་སེ་གོལ་གཏོགས་པ་གཅིག་ལ་གང་གཱའི་ཀླུང་གི་བྲེ་མ་སྙེད་ཀྱི་དྲི་བ་སོ་སོ་ནས་མི་འཐུན་པ་དག་དྲིས་པར་གྱུར ། དགེ་སློང་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲི་བ་མང་པོ་དེ་ལྟ་བུ་དྲིས་པར་གྱུར། གཞན་ཡང་གང་ཟག་གཅིག་གིས་སི་གོལ་
42-520
གཏོགས་པ་གཅིག་ལ་གང་ཟག་དེ་སྙིད་ཀྱི་དྲི་བ་ཐ་ད་ཅིང་མི་འཐུན་པ་ཐམས་ཅད་དྲིས་པར་གྱུར ། དེ་བཞིན་དུ་གཞན་ཡང་གང་ཟག་གཅིག་གིས་སེམས་ཅན་མ་ལུས་པ་མཐར་ཐུག་པ་སྙེད་ཀྱི་དྲི་བ་སྣ་ཚོགས་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲིས་པར་གྱུར་ན། འདི་ཇི་སྙམ་དུ་སེམས། དྲི་བ་དེ་དག་ཅི་མང་བ་ཡིན་སྙམ་འམ ། སྨྲས་པ། དེ་ཤིན་དུ་མང་བས་དཔེར་སླ་བ་ཡང་མ་ཡིན་ནོ། །མཐུ་ཆེན་ཐོབ་པས་དགེ་སློང་མ་ཧཱ་ཤུ་མ་ཏ་ལ་སྨྲས་པ། བདག་གིས་དེང་ཁྱོད་ལ་ཡང་དག་པར་སྨྲས་པ་ཡིན་གྱིས་ཐེ་ཚོམ་མ་ཟ་ཤིག་།ཇི་ལྟར་སེམས་ཅན་མ་ལུས་པ་དེ་དག་ཐམས་ཅད་ཀྱིསབསྐལ་པ་གཅིག་གག་མ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་ཐེ་ཚོམ་དྲིས་པ་བས་བདག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཀྱི་རྣམ་གྲང་ས་གཅིག་ཐོས་པའི་སྒོ་ནས་ལན་བཏབ་པ་དེ་བས་ཀྱང་ཆེས་མང་ངོ ། །དེ་བཞིན་དུ་ཆོས་ཀྱི་རྣམ་གྲང་ས་ཀྱི་སྒོ་གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ནས། བརྒྱ་དང ། སྟོང་དང ། ཁྲི་དང ། འབུམ་ལ་སོགས་པའི་བར་དུ་ཡང་དེ་བཞིན་ཏེ། དགེ་སློང་བདག་གིས་མདོ་ཙམ་དུ་བསྟན་ན་བགྲང་བའི་མིང་དང ། ཡི་གེ་ཇི་སྙེད་པ་ཐམས་ཅད་ནི་ཚད་མེད་པ། མཐར་ཐུག་པ་མེད་པ། བསམ་གྱིས་མི་ཁྱབ་པས་གྲང་ས་དེ་དག་ལས་ཡང་དག་པར་འདས་པར་གྱུར་ཀྱང་བ་དག་གིས་མ་ལུས་པར་ཁ་ཏོན་དུ་བཏོན་ནས་ཡོངས་སུ་བཟུང་ང་ངོ ། །ད་གེ་སློང་དྲིས་པ་དེ་དག་ཐམས་ཅད་ཀྱང་ཚོས་ཀྱི་རྣམ་གྲང་ས་གཅིག་ཏུ་འདུས་པར་བདག་གིས་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུང་བའི་ལམ་གྱི་ཚིག་དང ། སྒོའི་ཚིག་དང ། ཕྱག་རྒྱའི་ཚིག་དང །
42-521
དངོས་གཞིའི་ཚིག་དང ། རྡོ་རྗེ་ལྟ་བུའི་ཚིག་དང ། རབ་ཏུ་ལྕི་བའི་ཚིག་དང ། མི་གཡོ་བའི་ཚིག་དང ། གཏིང་དཔག་དཀའ་བའི་ཚིག་གང་ཡིན་པའོ། །ད་གེ་སློང་སྒོ་གཅིག་ཏུ་ཆོས་ཐམས་ཅད་སྡུད་པ་ནི་འདི་ལྟ་སྟེ། མངོན་པར་འདུ་བྲེད་པ་མེད་པའི་སྒོ་དག་ཡིན་པས་ཆོས་ཐམས་ཅད་དང ། ཚིག་ཐམས་ཅད་ཀྱང་སྒོ་དེས་གཞི་བྲེད་པས་ཐམས་ཅད་སྒོ་དེར་འཇུག་པར་འགྱུར་རོ། །མདོའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་ཐམས་ཅད་ཀྱང་སྒོ་དེར་ཞུགས་ནས་ཡི་གེ་གཅིག་རྣམ་པར་ཕྱེ་སྟེ་ཡི་གེ་མང་པོ་ལ་འཇུག་པར་འགྱུར་རོ། །དགེ་སློང་དེ་བཞིན་དུ་གཟུང་ས་ཀྱི་སྒོ་བདུན་ཁྲི་བརྒྱད་སྟོང་པོ་ཐམས་ཅད་ལ་ཡང་འཇུག་པར་འགྱུར་ཏེ། དེ་ལ་ཡང་དབང་པོ་རྣམས་ཀྱི་བྲེ་བྲག་དགུ་ཁྲི་ཉི?ས་སྟོང་ཡོད་དོ། ། སེམས་ཅན་གྱི་སྤྱོད་པའི་སྒོ་ནས་ཀྱང་གཟུང་ས་ཀྱི་ཁ་དོག་བརྒྱད་ཁྲི་ཡོད་དོ། ། ལམ་གྱི་བྲེ་བྲག་གིས་ཐ་ད་པའི་གཟུང་ས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མིང་གང་ཡིན་པ་ཡང་བདག་གིས་རབ་ཏུ་ཤེས་ས་སོ། །གཟུང་ས་དེ་དག་རེ་རེ་ལ་ཡང་མིང་བརྒྱ་ཡོད་པ་དང ། དེ་བཞིན་དུ་མིང་ཉིས་བརྒྱ་དང ། མིང་སུམ་བརྒྱ་ཡོད་པ་ནས་མིང་བརྒྱ་སྟོང་དུ་མ་ཡོད་པའི་བར་དག་ཀྱང་བདག་གིས་རབ་ཏུ་ཤེས་སོ། །འཛམ་བུའི་གླིང་ན་ཡོད་པ་ནས་བྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ལས་འདས་པའི་བར་དག་ན་ཡོད་པའི་དམིགས་པ་ཐ་ད་པ་དང ། མིང་ཐ་ད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བདག་གིས་རབ་ཏུ་ཤིས་སོ། །མདོར་ན་དེ་བཞིན་གཤེགས་པའི་མཐུས་ཆོས་རྣམས་སོ་སོ་ཐ་ད་པའི་བྲེ་བྲག་དང ། དྲིས་པ་དང ། ལན་གྱི་བྲེ་བྲག་ཇི་སྙེད་ཡོད་པ་རྣམས་ཀྱང་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱི་རླབས་ཀྱི་མཐུས་བདག་གིས་རབ་ཏུ་ཤེས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཚོས་སྨྲ་བ་མཐུ་ཆེན་
42-522
ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་སླར་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དུ་གཤེགས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུངས་པའི་ཆོས་ཀྱི་འཁོར་ལོ་ཡང་དག་པར་རྗེས་སུ་བསྐོར་ཅིང་བདག་གིས་གསོལ་བ་བཏབ་པ་བཞིན་དུ་གན་ང་བར་མཛད་དུ་གསོལ། བདག་གིས་ཡང་དག་པར་བསྲུང་ཞིང་ཆོས་མཉན་པར་འཚལ་ལོ། །མཐུ་ཆེན་ཐོབ་པས་སྨྲས་པ། ད་ལྟར་གྱི་དུས་གྱི་དགེ་སློང་རྣམས་ནི་ཐམས་ཅད་ཀྱང་ལེ་ལོ་དང་སྟོམ་ལས་ཅན་དུ་གྱུར་ཏེ། དགེ་བའི་ཆོས་ལ་སོགས་པའི་ལྷག་པའི་བསམ་པ་མེད་པས་ཁྱོད་དེ་སྐད་མ་ཟིར་ཅིག་།མ་ཧཱ་ཤུ་མ་ཏས་སྨྲས་པ། བདག་ནི་དེང་ན་ཅད་དགེ་བའི་ཆོས་ལ་ལྷག་པའི་བསམ་པ་བསྐྱེད་ནས་ཆོས་དེ་གཉེར་བར་བགྱིད་པས་ལེ་ལོ་མི་བགྱིད་དོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏས་མཐུ་ཆེན་ཐོབ་པ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དུ་འཇུག་ཅིང་ཡང་དག་པའི་ཆོས་བཤད་པར་གསོལ་བ་བཏབ་ནས་རྗེས་སུ་བསྲུང་བ་བྱས་ཏེ་སྔོན་མ་ཐོས་པའི་ཆོས་ཡང་དག་པར་མཉན་ཏོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏ་སྐྱེ་བོ་རྣམས་ཀྱིས་རིམ་གྲོ་དང ། བསྙེན་བཀུར་བྱས་ཏེ་མང་པོ་ཀུན་གྱིས་ཚུལ་ཁྲིམས་སྲུང་བ་དང ། ཤེས་རབ་དང་ལྡན་པ་དང ། མང་དུ་ཐོས་པའི་ཡོན་ཏན་མཆོག་ཚད་མེད་པ་དང་ལྡན་པའོ། །ཞེས་བརྗོད་པརགྱུར་ཏོ། ། དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དག་ཏུ་སོང་ནས་སེམས་ཅན་མང་པོ་ཡང་དག་པའི་ཆོས་ལ་གཟུད་པ་དང ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་སྤེལ་བའི་ཆེད་དུ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་བསྔགས་པ་ཡང་རབ་ཏུ་བརྗོད་པར་གྱུར་ཏོ། གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་སྐྱེ་བོ་མང་པོ་རྣམས་ཡང་དག་པར་བསྐུལ་ནས་ཆོས་ལམཚོད་
42-523
པར་བྱ་བ་དང ། དམ་པའི་ཆོས་མཉན་པའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་བསྙེན་བཀུར་དང ། རིམ་གྲོ་དང ། ཡང་དག་པར་སྲུང་བ་བྲེད་དུ་བཅུག་གོ། །གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ཡང་དགེ་སློང་མ་ཧཱ་ཤུ་མ་ཏས་ཡང་དག་པར་བསྲུང་བ་བྱས་པས་གྱིས་པོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དག་ཏུ་སོང་ནས་དེ་བཞིན་གཤེགས་པ་ལོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་བསྐལ་པ་གྲང་ས་མེད་པ་རྣམས་སུ་བྱང་ཆུབ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་དག་ནམ་པ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཆེར་ཡང་དག་པར་བཤད་དེ། ཀུན་ཏུ་རྒྱ་ཆེར་རབ་ཏུ་སྤེལ་ཏོ། །གང་པོ་འདི་ལྟར་དགེ་སློང་མ་ཧཱ་ཤུ་མ་ཏས་ཀྱང་ལོ་བརྒྱའི་བར་དུ་རྟག་པར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་རྗེས་སུ་འབྲང་ས་ནས་ཚོས་རྣམས་ཡང་དག་པར་དྲིས་ཀྱང་རྟག་པར་གསར་དུ་ཐ་ད་པའི་ཆོས་ཡང་དག་པར་བསྟན་གྱི། ནམ་ཡང་བློ་ས་བུ་སྨྲས་པར་མ་གྱུར་ཏོ། །གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ཡང་དགེ་སློང་མ་ཧཱ་ཤུ་མ་ཏས་ཡང་དག་པར་རབ་ཏུ་བསྲུང་ས་པའི་ཕྱིར་སེམས་ཅན་ཚད་མེད་པ་སྙེད་འཕགས་པའི་བསྟན་པ་ལ་ཡང་དག་པར་བརྩུད་ནས་སེམས་ཅན་ཚད་མེད་པ་སྙེད་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་དག་པར་བཀོད་དོ། །གང་པོ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བ་མཐུ་ཆེན་ཐོབ་པས་དམ་པའི་ཆོས་ཡང་དག་པར་བསྲུང་ས་ཤིང་ཆོས་ལེགས་པར་བཤད་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཉིད་ཡིན་ན་ནོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏ་ཡང་ཆོས་སྨྲ་བ་ཡང་དག་པར་བསྲུང་ས་ཞིང་གསོལ་བ་བཏབ་པ་དང ། གྲོགས་བྱས་པའི་བསོད་ནམས་ཀྱི་མཐུས་ཤི་བའི་འོག་ཏུ་འོག་གི་བྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་པ་དེ་བཞིན་གཤེགས་པ་འཁོར་མཆོག་ཏུ་གྱུར་པ་ཞེས་བྱ་བའི་ཞིང་དུ་སྐྱེས་ནས་དེ་བཞིན་
42-524
གཤེགས་པ་དེ་ལ་སེམས་ཅན་ཐམས་ཙད་ཀྱི་ཐེ་ཚོམ་ཡོངས་སུ་གཅོད་པ་ཞེས་བྱ་བའི་མདོ་སྡེ་འདི་ཡང་དག་པར་ཞུས་པ་དང ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྲེད་པའི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ། །མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡང་དག་པ་ཉིད་དུ་སེམས་པ་ལ་རབ་ཏུ་ཞུགུས་པར་གྱུར་ཏོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏ་འཆི་བའི་དུས་བྱས་པའི་འོག་ཏུ་གཞན་ཡང་དེ་བཞིན་གཤེགས་པ་རི་ར་བ་ཅེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྲེད་པ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྲེད་པའི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ། །མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་འཆི་བའི་དུས་བྱས་ཏེ་དེ་བཞིན་གཤེགས་པ་རིའི་རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང་དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། མདོ་སྡེ་འདི་དག་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་
42-525
འཆི་བའི་དུས་བྱས་ཏེ་དེ་བཞིན་གཤེགས་པ་ཚངས་པའི་དབྱང་ས་ཤེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྫོད་ནས་དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏས་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་སངས་རྒྱས་མང་པོ་དང་ཕྲད་ནས་མདོ་སྡེ་མང་པོ་ཞུས་པ་དང ། སེམས་ཅན་ཡོངས་སུ་བབླས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་གང་ཡིན་པ་དེ་དག་ང་ས་གལ་ཏེ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྗོད་པར་གྱུར་ན་ཡང་སངས་རྒྱས་མང་པོ་དེ་དག་གི་མཚན་དང ། སེམས་ཅན་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་པ་དེ་དག་མཐར་ཐུག་པར་མི་འགྱུར་རོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏས་ཇི་ཙམ་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་མངོན་དུ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་གང་གཱའི་ཀླུང་གི་བྲེ་མ་སྙིད་ཀྱི་སངས་རྒྱས་རྣམས་ཀྱི་བསྟན་པ་རྣམས་ཡང་དག་པར་བསྲུང་ས་པའི་གྲང་ས་ནི་བརྗོད་ཀྱིས་ཀྱང་མི་ལང་ངོ ། །གང་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྔོན་མ་ཐོས་པའི་ཆོས་ཐོས་ནས་དོན་གྱི་ཚུལ་ཡིད་ལ་སེམས་པར་བྲེད་ན་ཡོན་ཏན་རྒྱ་ཆེན་པོ་དེ་ལྟ་བུ་དག་ཐོབ་པར་འགྱུར་བར་རིག་པར་བྱའོ། །གང་པོ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལས་སྔོན་
42-526
མ་ཐོས་པའི་ཆོས་ཐོས་ནས་དོན་གྱི་ཚུལ་གྱི་རྗེས་སུ་འབྲངས་པར་གྱུར་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཀེའུ་པེར་དུ་ཞེས་བྱ་བ་འདི་ཉིད་ཡིན་ཏེ ། དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཡང་དགཔའི་ཆོས་བསྲུང་ས་པ་དང ། སྔན་མ་ཐོས་པའི་ཆོས་མཉན་ནས་དོན་གྱི་རྗེས་སུ་འབྲང་ཞིང་ཚིག་ལ་མངོན་པར་ཞེན་པ་མེད་པའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་མང་པོ་དང་ཕྲད་ནས་མདོ་སྡེ་ཟབ་མོ་ཤིན་དུ་གྱ་ནོམ་པ་མང་པོ་ཐོས་པ་དང ། སྔོན་གྱི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་དེང་འདི་ར་ང་ལ་ཡང་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་རྣམ་གྲང་ས་ཞེས་བྱ་བའི་མདོ་སྡེ་ཞུས་པ་ལས་ཀྱང་ངས་ཀྱང་ཡང་དག་པར་བསྟན་པས་སེམས་ཅན་ཚད་མེད་པ་སྙེད་ཕན་པ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ན་ནོ། ། དེ་ནས་དེའི་ཚབཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་མ་ཐོས་ཆོས། །ཐོས་ནས་དོན་ཚུལབས་མ་བྱ་ཡི ། །བདག་གི་སྔོན་ཆད་མ་ཐོས་ཞེས། །དེ་སྐད་དུ་ནི་སྨྲ་མི་བྱ། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ཡང་དག་དྲན་པས་དོན་སེམས་ན། །རྒྱ་མཚོར་འབབ་ཆུ་ཤོང་བ་བ་བཞིན། །དེ་ཕྱིར་ཤེས་རབ་འཕེལ་བར་འགྱུར། །མང་དུ་ཐོས་པ་འཕེལ་འགྱུར་ཞིང ། ། ཤཝེས་རབ་དག་ཀྱང་འཕེལ་བར་འགྱུར། །སངས་རྒྱས་མཛད་པ་ཐོབ་འགྱུར་ཞིང ། །རྒྱ་ཆེར་སེམས་ཅན་ཕན་ཡང་འདོག ། །མང་ཐོས་རྒྱམཚོ་སོགས་འགྱུར་ཞིང ། །ཤེས་རབ་དག་ཀྱང་གཏུགས་མི་འགྱུར། ། ཚིག་གི་དོན་ནི་རབ་ཤེས་པས། །ཁྱད་པར་ནང་ན་མཚོག་ཏུ་འགྱུར། །དེ་ཕྱིར་སྔོན་ཆད་མ་ཐོས་ཆོས། །ཡང་དག་པར་ནི་མཉན་པར་བྱ། །མ་ཐོས་ཆོས་ནི་ཉན་བྲེད་ན། །དེ་འདྲའི་རྣམ་སྨིན་ཐོབ་པར་འགྱུར།། །
42-527
བམ་པོ་གཉིས་པ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མང་དུ་ཐོས་པ་ཡོངས་སུ་གཉེར་བ་ལ་ཤིན་དུ་འདུན་པའི་བསམ་པ་བསྐྱེད་ཅིང་གནས་དབེན་པར་གནས་པ་ལ་མོས་པའི་བསམ་པ་རབ་ཏུ་བསྐྱེད་ནས་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་བྱའོ། །ཡོངས་སུ་ག་ཉེར་ནས་ཀྱང་ཞེ་ལྡང་ཡོངས་སུ་སྤང་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ། །འདོད་ཆགས་ཡོངས་སུ་སྤང་བའི་ཕྱིར་མི་སྡུག་པ་བསྒོམ་པར་བྱའོ། །གཏི་མྱུག་ཡོངས་སུ་སྤང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་གང་ཡིན། བྱང་ཆུབ་སེམས་དཔའ་ཇི་ལྟརན་བརྩོན་འགྲུས་རྩོམ་པར་བྲེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ཉུང་བ་ཞིག་ཏུ་འགྲོ་འམ་འདུག་པ་དག་ཏུ་རྟག་པར་བརྩོན་འགྲུས་བསྐྱེད་པར་བྱའོ་སྙམ་དུ་སེམས་ན། གང་པོ་དེ་ལྟ་བུ་གང་ཡིན་པ་དེ་ནི་ཡང་དག་པའི་བརྩོན་འགྲུས་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ཉུང་བ་ཞིག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་དང ། དཀའ་ཐུབ་སྤྱད་པ་དང ། སྦྱང་ས་པའི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་དམིགས་པའི་དངོས་པོའི་རྗེས་སུ་འདོད་པའི་སེམས་བསྐྱེད་ནས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་དང་བྲལ་བར་གྱུར་ན་འདི་ལྟ་བུ་ཡང་དག་པའི་བརྩོན་འགྲུས་ཞེས་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་ཞིང་འཇིག་རྟེན་པའི་མཁས་
42-528
པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཚོས་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། མཚན་མ་ཅུང་ཟད་ཙམ་ཡང་མེད་ཅིང་དོན་དམ་པའི་རྗེས་སུ་འཐུན་པ་དེ་ལྟ་བུའི་མདོ་སྡེ་ཟབ་མོ་ཐོས་པར་གྱུར་ན་མི་འཐུན་ཞིང་འགལ་བ་མེད་པར་དེའི་དོན་གསལ་བར་རྟོགས་པར་བྱ་བའི་ཕྱིར་ནན་ཏན་བཅོན་འགྲུས་བསྐྱེད་ནས་སེམས་ལ་ནུར་བ་མེད་པར་ཉན་པ་དང ། ལེན་པ་དང ། ཀློག་པ་དང ། ཁ་ཏོན་དུ་འདོན་པ་དང ། གཞན་ལ་ཡང་དག་པར་རབ་ཏུ་སྟོན་པར་བྲེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །མདོ་སྡེ་ཟབ་མོ་ཐོས་ནས་དེའི་དོན་རབ་ཏུ་རྟོགས་ཏེ་མི་འཐུན་པ་མེད་ཅིང་འགལ་བ་མེད་པའི་བཅོན་འགྲུས་དེ་ལྟ་བུ་དེ་ལ་ནི་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར་ཞིང་འཇིག་རྟེན་པའི་མཁས་པ་རྣམས་ཀྱིས་ཀྱང་སྨད་པར་མི་འགྱུར་བས་དེའི་ཕྱིར་གང་པོ་བྱང་ཆུབ་སེམས་དཔའ་ཇི་ལྟར་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱིས་གཏིང་མི་རྙེད་པ་གང་ཡིན་པ་དེ་བདག་གིས་འདིར་གཏིང་གི་མཐར་ཐུག་པར་བྱའོ། །འཇིག་རྟེན་པའི་སེམས་ཅན་རྣམས་བྱིང་བརགྱུར་པའི་གནས་གང་ཡིན་པ་དེ་བདག་གིས་བྱིང་བར་མི་བྱའོ། ། འཇིག་རྟེན་པའི་སེམས་ཅནརྣམས་ཀྱི་འཇིག་ག་གནས་གང་ཡིན་པ་དེ་དག་ལ་བདག་གིས་འཇིག་པར་མི་བྱའོ། །སྙམ་པའི་གོ་ཆ་བགོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་གོ་ཆ་བགོས་པ་ནི་འཇིག་རྟེན་པ་དང་རྗེས་སུ་འཐུན་པ་མ་ཡིན་པས་འཇིག་རྟེན་པའི་ཆོས་སྤང་བའི་ཕྱིར་གོ་ཆ་བགོས་པ་ཡིན། འཇིག་
42-529
རྟེན་པའི་ཆོས་སྤྱོད་པའི་ཕྱིར་གོ་ཆ་བགོས་པ་མ་ཡིན་གྱི། འཇིག་རྟེན་པའི་ཆོས་མི་སྤྱད་པར་བྱ་བའི་ཕྱིར་གོ་ཆ་བགོས་པ་ཡིན ། འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བར་བྱ་བའི་ཕྱིར་གོ་ཆ་བགོས་པ་མ་ཡིན་གྱི། འཇིག་རྟེན་པའི་ཆོས་བཟློག་པའི་ཕྱིར་གོ་ཆ་བགོས་པ་ཡིན་ནོ་སྙམ་དུ་སེམས་བསྐྱེད་པ་གང་ཡིན་པ་འདི་ནི་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚེན་པོ་རྣམས་ཀྱི་ཡང་དག་པའི་བརྩོན་འགྲུས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་གཉེར་བ། རྟག་པར་བརྩོན་འགྲུས་རབ་བསྐྱེད་དེ། །དོན་གྱི་ཚུལ་ནི་སེམས་བྱེད་པ ། །སྒྲ་ཡི་རྗེས་སུ་ཡོང་མི་འབྲང ། །བྱང་ཆུབ་སེམས་དཔའ་ཚིག་མི་འབྲང ། །ཆོས་རྣམས་སྟོང་པར་ཤེས་པའི་གྱིར། །ད་གེ་བའི་ཚིག་ནི་ཚོལ་བར་བྲེད ། །བསྐལ་པ་དག་ནི་གྲང་ས་མེད་པ། །བྲེ་བ་སྟོང་ཕྲག་མང་པོར་ནི། །ཉིན་མཚན་རྟག་པར་འདུག་གྱུར་ཏེ། །སེམས་བསྐྱེད་དཀའ་བ་རབ་སྤྱོད་ཀྱང ། །སྔོན་ཆད་མ་ཐོས་མདོ་སྡེ་དག་།ཡིད་མི་ཆེས་ན་བརྩོན་འགྲུས་མིན། ། དོན་ཟབ་གཏིང་ནི་གང་རྙེད་པ། །ལེ་ལོ་ཅན་ཞེས་མི་བྱའོ། ། དེ་འདྲའི་བརྩོན་འགྲུས་གང་ཡིན་པ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། ། འཇིག་རྟེན་གཏིང་ནི་མི་རྙེད་པ། །དེ་གཏིང་བྱང་ཆུབ་སེམས་ད་པས་རྙེད། ། འཇིག་རྟེན་འཇིག་ཅིང་བྱིང་གྱུར་ཀྱང ། །བྱང་ཆུབ་སེམས་དཔའ་འཇིག་བྱིང་མེད ། ། བཅོན་པའི་སེམས་ཀྱིས་རྟག་ཏུ་ནི། །སྟོང་དབེན་བྱང་ཆུབ་ཚོལ་བར་བྲེད ། །སྟོང་པའི་ཆོས་ལ་འཇིག་མེད་པས། །ལྡོག་ཅིང་བྱིང་བར་གྱུར་པའང་
42-530
མེད ། །བདག་ཆོས་མཚན་ཉིད་གནས་པ་ལས། །དེ་ཕྱིར་འཇིག་བྱིང་རབ་ཏུ་སྐྱེ་།ཆོས་རྣམས་ཐམས་ཅད་འཇིག་འཐོར་བ། །དེ་ནི་བྱང་ཆུབ་ལམཞེས་བྱ ། །ནན་ཏན་བརྩོན་འགྲུས་གང་སྐྱེད་པ། །མང་ཐོས་རྒྱ་མཚོ་མྱུར་དུ་འགྲུབ།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་མཁས་པར་བྱ། སྐྱེ་མཆེད་བཅུ་གཉིས་ལ་མཁས་པར་བྱ། ཁམས་བ་ཅ་བརྒྱད་ལ་མཁས་པར་བྱ། རྟེན་ཅིང་འབྲེལབར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་མཁས་པར་བྱའོ། ། ཕུང་པོ་ལྔ་དང ། སྐྱེ་མཆེད་བཅུ་གཉིས་དང ། ཁམས་བ་ཅཱ་བརྒྱད་དང ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལ་རབ་ཏུ་མཁས་པར་གྱུར་ན་གནས་པ་མེད་པའི་ཡེ་ཤེས་ཡོངས་སུ་འགྲུབ་པར་འགྱུར་རོ། །གནས་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ལ་མི་སེམས་ཤིང་རྣམ་པར་རྟོག་པར་ཡང་མི་བྲེད་དོ། །མི་སེམས་ཤིང་རྣམ་པར་མི་རྟོག་པས་སེམས་ཅན་ལ་ཚོས་བསྟན་ནས་ལྟ་བ་ཐམས་ཅད་འཇིག་ཅིང་འཇིག་ཚོགས་ལ་ལྟ་བ་རབ་ཏུ་འདུལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་ཕུང་པོལྔ། །སྐྱེ་མཆེད་བཅུ་གཉིས་སྟོང་པར་ཤེས། །ཁམས་ནི་བ་ཅཱ་བརྒྱད་རབ་འབྲེད་ཅིང ། །རྟེན་འབྲེལ་བཅུ་གཉིས་ར་བ་ཏུ་རྟོགས། །ལྔ་ཕུང་རྗེས་སུ་མི་འབྲང་ཞིང ། །ལུས་ནི་མི་བདེན་ཉིད་དུ་རིག ། གྱི་ནང་སྐྱེ་མཆེད་ཐམས་ཅད་ཀུན། ། རང་བཞིན་དག་ནི་སྟོང་པར་ཤེས། །དེ་ལྟར་ཆོས་རྣམས་ཤེས་ནས་ཀྱང ། །གཞན་དག་ལ་ནི་སྟོན་བྱིད་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །ཤེས་རབ་རྒྱ་ཆེར་འཕེལ་བར་འགྱུར། །གཞན་ཡང་
42-531
གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཇི་ལྟར་ཚུལ་ཁྲིམས་བ་ཅས་པ་དང ། ཇི་ལྟར་འདུལ་བ་ཡང་དག་པར་བསྟན་པ་བཞིན་དུ་ལེགས་པར་རྗེས་སུ་སློབ་པར་བྲེད་པས་ཡོངས་སུ་ཉམས་པར་མི་བྲེད་དོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་ལ་སློབ་པར་བྲེད་ཅེ་ན། ཆོས་ཐམས་ཅད་སློབ་པར་བྲེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་སློབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སློབ་པར་བྱིད་པ་གང་ཡིན་པ་དེས་ནི་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་ལ། ཆོས་ཤེས་པ་དེས་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཐོབ་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཤིས་རབ་དེས་དངོས་པོ་ཐམས་ཅད་ཤེས་པར་འགྱུར་བས་སོ། །ཇི་ལྟར་དངོས་པོ་ཐམས་ཅད་ཤེས་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ནང་གི་དངོས་པོ་ཐམས་ཅད་དང ། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རབ་ཏུ་ཤེས་པ་གང་ཡིན་པའོ། །གང་པོ་ཅིའི་ཕྱིར་ནང་ཞེས་བྱ་ཞེ་ན། ནང་ཞེས་བྱ་བ་ནི་ཇི་ཙམ་དུ་མོང་བ་དང་བ་ཅས་པ་འདོད་ཆགས་པར་བྱ་བའི་གནས་འདི་ལྟ་སྟེ། ནང་གི་ལུས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལས་སྐྱེས་ཤིང་དེ་ལ་ཀུན་རྫོབ་ཏུ་བཏགས་པའི་མིང་ཙམ་དུ་ཡོད་པ་འདི་ནི་མིག་གོ། །འདི་ནི་རྣ་བའོ། །འདི་ནི་སྣའོ། །འདི་ནི་ལྕེའོ ། །འདི་ནི་ལུས་སོ། ། འདི་ནི་ཡིད་དོ་ཞེས་བརྗོད་པ་གང་ཡིན་པ་འདི་དག་ནི་ནང་ཞེས་བྱའོ། །ཆོས་དེ་དག་ལ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་བྲེད་པའི་ཕྱིར་ནང་ཞེས་བྱ་སྟེ། འདི་སྐད་དུ་བདག་གིས་མིག་འདི་ལྟ་བུ་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་དེ་ལྟ་བུའི་མིག་མངོན་པར་འདུ་བྲེད་པ་མེད་ལ། དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་འདི་ལྟར་རྣ་བ་དང །
42-532
སྣ་དང ། ལྕེ་དང ། ལུས་དང ། ཡིད་མངོན་པར་འདུ་བྲེད་པ་མེད་པར་ཡང་དེ་ན་ལས་ཀྱི་རྐྱེན་སློང་ཞིང་རྣམ་པར་སྨིན་པ་རབ་ཏུ་སྐྱེད་པས་དེའི་ཕྱིར་ནང་ཞེས་བྱའོ། །དེའི་བྲེ་བྲག་ལ་སོ་སོའི་སྐྱེ་བོས་མངོན་པར་ཞེན་ནས་འདི་ནི་མིག་གོ་།འདི་ནི་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དོ་ཞེས་ཟིར་བ་ཐམས་ཅད་ནི་ནང་ཞེས་བྱའོ། །གཞན་ཡང་གང་པོ་ནང་ཞེས་བྱ་བས་དངོས་པོ་འདི་གཉིས་མངོན་པར་འདུ་བྲེད་པ་ཡང་མི་བདེན་ཞིང་སླུ་བར་བྲེད་པ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པས་ཡང་དག་པར་བླང་ས་ནས་རྩོད་པ་སྐྱེད་པར་བྲེད་ཀྱི། གང་པོ་དེ་བཞིན་གཤེགས་པས་ནི་འདི་དག་གཟོད་མ་ཉིད་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་མངོན་པར་ཞེན་པར་མི་མཛད་དོ། །དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་མངོན་པར་ཞེན་པར་མི་མཛད་ཅེ་ན ། དེ་བཞིན་གཤེགས་པ་ནི་ཆོས་འདི་དག་ལ་བྱོགས་པར་མི་མཛད་དོ། །གང་ཞིག་ལ་བྱོགས་པར་མི་མཛད་ཅེ་ན། འདིལྟ་སྟེ། མིག་འདི་ནི་སྲིད་པ་འཆིང་བ་ཡིན་ནོ་ཞེས་བྱོགས་པར་མི་མཛད་ལ། མིག་དང་བྲལ་བ་ལ་ཡང་བྱོགས་པར་མི་མཛད་དོ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་ཡང་བྱོགས་པར་མི་མཛད་ལ། ཡིད་དང་བྲལ་བ་ལ་ཡང་བྱོགས་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་དེ་བཞིན་གཤེགས་པ་ནི་ཆོས་འདི་དག་ལ་ནང་ཞེས་བྱ་བ་ཡང་མི་དམིགས་ལ། ཕྱི་རོལ་ཞེས་བྱ་བ་ཡང་མི་དམིགས་པས་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་འདི་དག་ལ་བྱོགས་པར་མི་མཛད་དོ། །དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཡིན་པས་འདི་སྐད་དུ་དགེ་སློང་དག་མིག་ནི་བདག་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་
42-533
རོ། །ཆོས་གང་ནི་མིག་ཡིན། མིག་ནི་སུའི་ཡི་ཡིན། ཆོས་གང་ནི་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཡིན། ཡིད་ནི་སུའི་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་ར་རོ། །ཞེས་གསུངས་པས་སོ། གང་པོ་མིག་ཀྱང་དེང་སོ་སོར་རབ་ཏུ་བརྟགས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་དེང་སོ་སོར་བརྟགས་ན་ཚོས་གང་ལ་ཡང་མངོན་པར་ཞེན་ཅིང་ལེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བ་ཅས་པ་དེས་ནི་སྡུག་པསྔལ་སྐྱེད་པར་བྱིད་ལ། སྡུག་པསྔལ་སྐྱེས་པའི་ཕྱིར་ནི་བདེ་བ་མེད་པར་འགྱུར་བས་དེའི་ཕྱིར་གང་པོ་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བ་ཅས་པ་ཐམས་ཅད་ནི་སྡུག་བསྔལ་མོང་བར་འགྱུར་ལ། གང་སྡུག་བསྔལ་མོང་བར་འགྱུར་བ་དེ་ནི་སྡུག་བསྔལ་སྤོང་བར་མི་བྲེད་པས་གང་པོ་འདི་ནི་མིག་སོ་སོར་བརྟག་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་འཇུག་པའི་གནས་མེད་པར་སོ་སོར་བརྟག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་འཇུག་པའི་གནས་ཡོད་པར་གྱུར་ན་འབྱུང་བའི་གནས་ཀྱང་ཡོད་པར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མིག་ནི་སྟོང་ཞིང་བདག་དང་བདག་གི་བ་མེད་དེ། རང་བཞིན་གྱིས་དེ་འདྲ་ཞིང་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་སྟོང་ཞིང་བདག་དང་བདག་གི་བ་མེད་དེ། རང་བཞིན་གྱིས་དེ་འདྲ་བས་ངོ་བོ་ཉིད་མེད་དེ། འདི་ལྟར་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་ནི་མངོན་པར་འདུ་བྱ་བ་ཡང་མེད་ལ་འཇིག་པ་ཡང་མེད་དོ་ཞེས་གསུངས་སོ། །གང་པོ་ཆོས་ཉིད་འདི་ལྟ་བུ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང ། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པ་ཇིད་དོ། །
42-534
དེ་བཞིན་གཤེགས་པ་ནི་ཆོས་རྣམས་སྐྱེ་ཡང་མི་སྐྱེ་བ་ཉིད་དུ་ཐུགས་སུ་ཆུད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཡིན་པས་འདི་སྐད་དུ་དེ་བཞིན་གཤེགས་པ་བྱུང་ཡང་རུང ། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པ་ཉིད་དོ་ཞེས་གསུང་ངོ ། །གང་པོ་ཅིའི་ཕྱིར་མི་སྐྱེ་བ་ཞེས་བྱ། ཅིའི་ཕྱིར་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་ཞེ་ན། གང་པོ་ཆོས་རྣམས་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ།། ལམ་གང་ཡིན་པ་དེ་ནི་བྱི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །སྡུག་བསྔལ་ཟད་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ། །ལམ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་སྟེ ། འདི་ནི་དེ་བཞིན་གཤེགས་པས་བདེན་པ་གཉིས་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང ། དོན་དམ་པའི་བདེན་པ་ལོད་པར་གསུངས་པ་ཞེས་བྱའོ།། གང་པོ་དེ་བཞིན་གཤེགས་པས་སྡུག་བསྔལ་གྱི་མཚན་ཉིད་ཅེས་གང་གསུངས་པ་དེ་ཉིད་ནི་མཚན་ཉིད་མེད་པ་ཞེས་གསུངས་སོ། །སྡུག་བསྔལ་གྱི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པའོ།། འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མཚནཉིད་མེད་པ་ཡིན་པས་མཁས་པ་རྣམས་ཀྱིས་འདུས་མ་བྱས་དེ་ཉིད་མཚན་ཤིད་མེད་པ་ཡིན་པར་རབ་ཏུ་ཤེས་སོ། །གང་པོ་མཁས་པ་རྣམས་ཀྱིས་ཇི་ལྟར་འདུས་མ་བྱས་དེ་ཉིད་མཚན་མ་མེད་པ་ཡིན་པར་རབ་ཏུ་ཤེས་པར་འགྱུར་ཞེ་ན། འདི་ལྟར་འདུས་མ་བྱས་ཀྱི་ཆོས་ནི་སྟོང་པར་ཡང་ཤེས། རབ་ཏུ་དབེན་པ་ཡིན་པར་ཡང་ཤེས། སྐྱབས་སུ་འགྲོ་བའི་གནས་ཡིན་པར་ཡང་ཤེས། ཕན་པ་མཆོག་ཡིན་པར་ཡང་ཤེས། ཡོངས་སུ་གདུང་བ་མེད་པར་ཡང་ཤེས་ཏེ། མཁས་པ་རྣམས་ཀྱིས་དེ་ལྟར་འདུས་མ་བྱས་རབ་ཏུ་ཤེས་ཀྱང་ཡེ་ཤེས་དེ་ལ་སྐྱེ་བའི་མཚན་མ་མེད་དོ། །གང་པོ་མཁས་
42-535
པ་རྣམས་ནི་མཚན་མ་རྣམས་ཡོངས་སུ་སྤང་ས་པས་དོན་མཆོག་དམ་པ་མངོན་པར་འདུ་བྲེད་པ་མེད་པ། འཇིག་པ་མེད་པ་ཐོབ་པར་འགྱུར་རོ། །གང་པོ་གང་མངོན་པར་འདུ་བྲེད་པ་དང་བ་ཅས་པ་དེ་ལ་ནི་འཇིག་པ་ཡོད་ཀྱི། གང་མངོན་པར་འདུབྲེད་པ་མེད་པ་དེ་ལ་འཇིག་པ་ཡང་མེད་དོ། །འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ན་ནོ། འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་མ་མེད་པ་ཡིན་ན་ནོ། །འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྨོན་པ་མེད་པ་ཡིན་ན་ནོ། །གང་གིས་ཀྱང་མངོན་པརའདུས་མ་བྱས་ལ། གང་གིས་ཀྱང་འཇིག་པ་མེད་པར་དབྱེར་མེད་པ་གང་ཡིན་པ་དེ་ནི་གང་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཇིག་པའི་མཚན་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་གང་ཡིན་པའོ། ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མ་མཆིས་པ་དེ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་ཡིན་ན་ནོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་ནི་ཆོས་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལགས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཡང་བྱང་ཆུབ་དེ་ནི་ཆོས་ཐམས་ཅད་ཅེས་མི་བྱའོ། །ཚོས་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ནོ། །ཞེས་བྱ་བ་ཡང་ཀུན་རྫོབཏུ་བཏགས་པ་ཙམ་དུ་བརྗོད་པར་ཟད་དེ། དེ་ནི་ལེ་ལོ་ཅན་
42-536
རྣམས་ཀྱིས་རྟགས་པར་དཀའ་ཞིང་རིག་པར་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་ཆོས་རྣམས་མཉམ་པ་ཉིད་དུ་མངོན་པར་སྒྲུབ་པར་མི་བྱིད་ལ། མཉམ་པར་མ་གྱུར་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་དང་ཅོད་པར་བྲེད་པས་སོ། །གང་པོ་གང་དག་མཉམ་པ་ཉིད་མངོན་པར་སྒྲུབ་པར་མི་བྲེད་ཅེ་ན། གང་པོ་འཇིག་རྟེན་པ་ཐམས་ཅད་ནི་མཉམ་པ་ཉིད་མངོན་པར་སྒྲུབ་པར་མི་བྲེད་དོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་ནི་མཉམ་པ་ཡང་མེད ། མི་མཉམ་པ་ཡང་མེད་དེ ། གང་པོ་ང་ས་ལམ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་རྒྱུ་དང་རྐྱེན་དེའི་ཕྱིར་མདོ་སྡེ་འདི་དག་ལས་ཆོས་ཐམས་ཅད་ནི་ཡང་དག་པའི་གནས་སྐབས་སུ་ཐམས་ཅད་ཀྱང་དེས་པ་ཉིད་དུ་ཞུགས་པ་ཡིན་པས་དེ་ནི་ངེས་པར་བྱང་ཆུབ་ཀྱི་སྒོར་ཞུགས་པ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་གང་པོ་ཆོས་ཐམས་ཅད་ནི་བྱང་ཆུབ་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ལགས་པ་དེ་ནི་ངེས་པ་ཡང་ལགས། མ་ངེས་པ་ཡང་ལགས། ཚིག་འཔུ?་དང་ཡི་གེར་ཞུགས་པ་ཡང་ལགས། ཚིག་འཔུ?་དང་ཡི་གེར་མ་ཞུགས་པ་ཡང་ལགས། ཚིག་ལ་ཞུགས་པ་ཡང་ལགས། ཚིག་ལ་མ་ཞུགས་པ་ཡང་ལགས་པ་དེ་ནི་ཤིན་ཏུ་ངོ་མཚརཆེ་ལགསོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེང་བདག་གིས་བཅོམ་ལྡན་འདས་ལས་མདོ་སྡེ་འདི་ལྟ་བུ་ཐོས་པས་ཚོས་ཐམས་ཅད་ལ་རྣམ་པར་ངེས་པའི་སྣང་བ་ཐོབ་ལགསོ། །བཅོམ་ལྡན་འདས་དེང་བདག་གིས་ཆོས་རྣམས་ལ་རྣམ་པར་ངེས་པའི་སྣང་བ་ཐོབ་པས་དངོས་པོ་གཅིག་ལས་ཀྱང་དངོས་པོ་
42-537
ཐམས་ཅད་རྟོགས་པར་གྱུར་ལ། དངོས་པོ་ཐམས་ཅད་ལས་ཀྱང་དངོས་པོ་གཅིག་རྟོགས་པར་གྱུར་པས་ས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་འདི་ལྟར་མྱུར་བ་ཁོ་ནར་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་དོན་ལ་རབ་ཏུ་ཞུགས་པར་གྱུར་པ་ལེགས་སོ་ལེགས ། །འདི་ཡང་ཁྱོད་ཀྱི་སྔོན་འདས་པའི་དུས་སུ་སངས་རྒྱས་མང་པོ་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང ། དགེ་བའི་རྩ་བ་རྣམས་བསྐྱེད་ནས་ཉེ་བར་བསྟེན་ཏེ་ཞུ་བ་དག་ཞུས་པ་ལས་གྱུར་པ་ཡིན་པར་རིག་པར་བྱའོ། །གང་པོ་ང་ས་མངོན་པར་དྲན་ཏེ་འདས་པའི་དུས་ཀྱི་ཚེ་ཞིང་འདི་ཉིད་ཀྱི་ནམ་མཁའི་བྱོགས་གཅིག་ན་ཁྱོད་ཀྱིས་སངས་རྒྱས་དྲུག་ཁྲི་བརྒྱད་སྟོང་ལས་མདོ་སྡེ་འདི་ཐོས་པའི་དགེ་བའི་རྩ་བའི་ཡོན་ཏན་གྱི་རྒྱུ་དང་རྐྱེན་གྱི་དབང་གིས་ཁྱོད་ཀྱིས་ཆོས་རྣམ་པར་ངེས་པའི་སྣང་བ་ཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་བདག་གིས་སངས་རྒྱས་མང་པོ་ལས་མདོ་སྡེ་འདི་སྔོན་ཐོས་པར་གྱུར་པ་ཞིག་ལགས་ན། ཅིའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་དྲན་པའི་བསམ་པ་གཅིག་ཙམ་ཡང་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ང་ས་མངོན་པར་དྲན་ཏེ་འདས་པའི་དུས་ཀྱི་ཚེ་ཁྱོད་ཀྱིས་བསྐལ་པ་གཅིག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལོག་ཅིང་ཉམས་པར་གྱུར་ཀྱང་དེའི་བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ང་ས་དེང་འདིར་ཁྱོད་ཆོས་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཞེས་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་མི་དགེ་བའི་ལས་ཅི་ཞིག་བགྱིས་ན་བསྐལ་པ་གཅིག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་
42-538
པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལོག་ཅིང་ཉམས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་མི་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཕྱིར་དང ། གཞན་ཡང་ཁྱོད་ཀྱིས་དམ་པའི་ཆོས་རྒྱ་ཆེར་མ་སྤེལ་བའི་ཕྱིར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་ལྡོག་ཅིང་ཉམས་པར་གྱུར་པ་ཡིན་ནོ། །གང་པོ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ཅིང་ཉམས་ནས་ཉན་ཐོས་ཀྱི་ཇེག་པར་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྡིག་པ་མི་དགེ་བའི་གྲོགས་ལ་བསྟེན་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་སྤང་ས་ནས་འདི་སྐད་དུ་འདི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅི་དགོས། འཁོར་བའི་མཐའ་ནི་ཤིན་ཏུ་ཐག་རིང་སྟེ་འགྲོ་བ་ལྔ་པོ་རྣམས་སུ་ཁ་བརྒྱུད་ཅིང་སྡུག་བསྔལ་ཚད་མེད་མོང་བསཁོམ་པ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། ཤིན་ཏུ་དང་བའི་ད་པ་ཐོབ་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་དང་ཕྲད་པར་གྱུར་ན་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཆེས་ཤིན་ཏུ་དཀའ་བས་དེང་ཁྱེད་ཁོམ་པ་དང་ལྡན་པ་ཆུད་མ་གཟན་ཅིག་།ཁྱོད་དེ་བཞིན་གཤེགས་པ་རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་བསྟན་པ་ཐོབ་པ་ཡང་མ་ཡིན་ལ། དགེ་བའི་རྩ་བ་ངེས་པར་གྱུར་པ་ཡང་མ་ཡིན་པས་ཡོངས་སུ་མྱ་ངན་ལས་འད་འ་བ་ཡང་མི་ཐོབ་ཅིང་འགྲོ་བ་ལྔ་པོ་རྣམས་སུ་འཁོར་བར་འགྱུར་རོ་ཞེས་སྨྲས་པས་གང་ཟག་དེས་དེ་སྐད་སྨྲས་པ་ཐོས་པའི་དབང་གིས་སེམས་བྱིང་ནས་བྱང་ཆུབ་ཀྱི་ལམ་ལས་ལྡོག་ཅིང་ལེ་ལོས་མོས་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་
42-539
གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་རྗེས་སུ་འཐུན་པའི་མདོ་སྡེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ད\ུfཅ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དོ་དང ། བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་སྡུད་པའི་མདོ་དོ་དང ། ཕ་རོལ་ཏུ་ན་པ་དྲུག་དང་རྗེས་སུ་འཐུན་པའི་མདོ་ཐོས་པར་མ་གྱུར་ན། འདི་ལྟར་ཐོས་པར་མ་གྱུར་པའི་ཕྱིར་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་མི་འགྱུར། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སློབ་པར་མི་འགྱུར་བས་དེས་བྱང་ཆུབ་སེམས་དཔས་ཆོས་གང་ནི་བསྟེན་པར་བྱ ། ཚོསགང་ནི་ཡོངས་སུ་སྤང་བར་བྱ། ཚོས་གང་ནི་ཡང་དག་པར་བླང་བར་བྱ་བའི་རིགས་ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་མི་རིརིགས་ཆོས་གང་ནི་བྱང་ཆུབ་སེམས་དཔའི་ཚོས་ཡིན། ཆོས་གང་ནི་ཉན་ཐོས་ཀྱི་ཆོས་ཡིན་པ་དག་རབ་ཏུ་མི་ཤེས་སོ། །འདི་ལྟར་མི་ཤེས་ཤིང་རབ་ཏུ་འབྲེད་པར་མི་ནུས་པའི་ཕྱིརབསྟེན་པར་བྱ་བའི་རིགས་པའི་ཆོས་ནི་བསྟེན་པར་མི་བྲེད་ལ། བསྟེན་པར་བྱ་བའི་མི་རིགས་པའི་ཆོས་ལ་ནི་རབ་ཏུ་བསྟེན་པར་འགྱུར་ར། །དེས་བསྟེན་པར་བྱ་བའི་རིགས་པའི་ཚོས་ནི་སྟེན་པར་མི་བྲེ་ད་ལ། བསྟེན་པར་བྱ་བའི་མི་རིགས་པའི་ཆོས་ལ་ནི་རབ་ཏུ་སྟེན་པར་བྲེད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལས་རབ་ཏུ་ཉམས་ཤིང་ལོག་པར་གྱུར་པས་སེམས་ཀྱང་ཞུམ་སྟེ། ལེ་ལོ་ཅན་དུ་གྱུར་ནས་སྔོན་གྱི་སྨན་ལམ་རྣམས་ཀྱང་ཡོངས་སུ་གཏོང་བར་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཇེག་པ་པརའགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་
42-540
སེམས་དཔའ་གང་ཆོས་རྣམས་ཡོད་པ་ཉིད་དུ་འཛིན་ཅིང་བདག་ཏུ་མངོན་པར་ཞེན་པ་དང ། ལོག་པར་ལྟ་བ་རྣམས་སྤྱོད་ཅིང་མཐར་འཛིན་པའི་ལྟ་བར་ལྷུང་བ་དང ། ལོག་པའི་སྡིག་པ་རྣམས་སུ་བྱིང་སྟེ་དྲང་དཀའ་བར་གྱུར་ནས་མདོ་སྡེ་ཟབ་མོ་དོན་དམ་པའི་རྗེས་སུ་འཐུན་པ་དག་ཐོས་པར་གྱུར་ན་ཡང་མངོན་པར་ཡིད་ཆེས་པའི་རྟགས་ཅུང་ཟད་ཙམ་ཡང་མེད་ཅིང་འགལ་བར་བྱེད་པ་དང ། མངོན་པར་མ་རྟོགས་ནས་ཡང་དག་པའི་ཆོས་འཇིག་པའི་ཁ་ན་མ་ཐོ་བ་དག་སློང་བར་བར་བྲེད་ན་རྒྱུ་དང་རྐྱེན་དེས་མི་ཁོམ་པའི་གནས་སུ་སྐྱེས་ནས་སངས་རྒྱས་རྣམས་དང་ཡང་ཕྲད་པར་མི་འགྱུར། དམ་པའི་ཆོས་ཀྱང་ཐོས་པར་མི་འགྱུར། སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཡང་ཕྲད་པར་མི་འགྱུར། དགེ་བའི་བཤེས་གཉེན་ཡང་རྙེད་པར་མི་འགྱུར་རོ། ། དེས་སངས་རྒྱས་རྣམས་མི་མཐོང་བའི་ཕྱིར་ཡང་དག་པའི་ཆོས་ཀྱང་ཐོས་པར་མི་འགྱུར་རོ། །ཡང་དག་པའི་ཆོས་མ་ཐོས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཡང་ཕྲད་པར་མི་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པའི་ཆོས་དང་ཕྲད་པར་མ་གྱུར་པའི་ཕྱིར་དགེ་བའི་བཤེས་གཉེན་རྙེད་པར་མི་འགྱུར་རོ། །ད་གེ་བའི་བཤེས་གཉེན་མ་རྙེད་པའི་ཕྱིར་ཁོམ་པའི་གནས་དང་བྲལ་ནས་མི་ཁོམ་པའི་གནས་སུ་སྐྱེ་བར་འགྱུར་རོ། །མི་ཁོམ་པའི་གནས་སུ་སྐྱེས་པའི་ཕྱིར་དགེ་བའི་བཤེས་གཉེན་དང་བྲལ་ནས་མི་དགེ་བའི་གྲོགས་པོ་དང་ཕྲད་པར་འགྱུར་རོ། །མི་དགེ་བའི་གྲོགས་པོའི་རྗེས་སུ་འབྲང་ས་པའི་ཕྱིར་སྔོན་གྱི་ཡི་དམ་བརྗེད་ཅིང་སྟོར་བར་འགྱུར་རོ། །དེས་སྔོན་གྱི་ཡི་དམ་བརྗེད་ཅིང་སྟོར་བར་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱང་སྤོང་བར་བྱེད ། བྱང་ཆུབ་སེམས་དཔའི་ཐེག་པ་ཡང་སྤོང་བར་བྲེད་པས་སླར་ལྡོག་པར་འགྱུར་ཞིང་བྱང་ཆུབ་ཀྱི་བསམ་པ་ཡང་གཏན་དུ་སྟོར་
42-541
ནས་འཁོར་བའི་ཆོས་འབའ་ཤིག་སྤྱོད་ཅིང་ཐེག་པ་ཆེན་པོའི་སྤྱོད་པའི་ཆོས་མངོན་པར་སྒྲུབ་པར་མི་འགྱུར་ཏེ ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཇེག་པ་པར་འགྱུར་རོ ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་མདོ་སྡེ་ཐོས་པར་གྱུར་ཡང་ལྷག་པའི་བསམ་པས་གཞན་དག་ལ་ཡང་དག་པར་སྟོན་པར་མི་བྲེད་ཅིང ། སེམས་ཞུམ་པར་གྱུར་ནས་གཅིག་ཏུ་འགྲོ་བ་ལ་དགའ་ཞིང་ཆོས་ཀྱི་སེར་སྣ་བྱས་ནས་གཞན་དག་ལ་བསྟན་པའི་འདུན་པ་མེད་པ་དང ། ཆོས་ཀྱིསགཞན་དག་རྒྱ་ཆེར་ཡོངས་སུ་སྡུད་པར་མི་བྲེད་ན་མི་དགེ་བའི་རྩ་བ་དེའི་རྒྱུ་དང་རྐྱེན་གྱིས་ཤེས་རབ་དང་དྲན་པ་རབ་ཏུ་ཉམས་པར་འགྱུར་རོ། །ཤེས་རབ་དང་དྲན་པ་ཉམས་པར་གྱུར་པའི་དབང་གིས་གཞན་དག་དང་ལྷན་ཅིག་མདོ་སྡེའི་ཆོས་ཀློག་ཅིང་འདོན་པར་མི་བྲེད་ལ། ཆོས་ཀྱིས་གཞན་དག་དང་འཐུན་པར་མི་བྲེད་པས་གང་ཟག་དེ་ལུས་རྗེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་ཀྱང་སྟོར་བར་འགྱུར་ལ་བྱང་ཆུབ་སེམས་དཔའི་བསམ་པ་ཡང་བརྗེད་པར་གྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་དེ་དག་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། མི་དགེའི་གྲོགས་པོ་སྟེན་བྱིད་ཅིང ། །བྱང་ཆུབ་ལ་ནི་མི་བརྩོན་ན། །རྒྱུ་དང་རྐྱེན་ནི་དེ་ཡི་གྱིར། །བླ་མེད་བྱང་ཆུབ་སེམས་སྟོར་འགྱུར།། སྡིག་པའི་བདག་ལྟ་ར་བ་བསྐྱེད་ནས། །མཐའ་དང་ལོག་ལྟར་གང་ལྷུང་བ། ། ཆོས་འཇིག་སྡིག་ནི་བསླང་བས་ན། །མི་ཁོམ་གནས་སུ་སྐྱེ་བར་འགྱུར། ། མི་
42-542
ཁོམ་གནས་སུ་སྐྱེས་ནས་ཀྱང ། །བྱང་ཆུབ་སེམས་ནི་གཅོད་བྲེད་ཅིང ། །སྔོན་གྱི་ཡི་དམ་སྟོར་འགྱུར་བས། །དེ་ཕྱིར་བྱང་ཆུབ་སེམས་ཀྱང་ཉམས། །དེ་ཡིས་བྱང་ཆུབ་སེམས་སྐྱེ་བའི། །ཆོས་ནི་ཐོས་པར་ཡང་མི་འགྱུར། །དེ་ཡི་སེམས་ནི་འཕེལ་གྱུར་ན། །བྱང་ཆུབ་སེམས་ནི་སྒྲུབ་པར་འགྱུར། །ད་མ་ཆོསརྒྱ་ཆེན་ཐོས་གྱུར་ཀྱང ། །སེར་སྣས་གཞན་ལསྟོན་མི་མི་མོས། །རྒྱུ་དང་རྐྱེན་ནི་དེ་ཡི་གྱིར། །བྱང་ཆུབ་ལམ་ནི་ལྡོག་པར་འགྱུར། །བྱང་ཆུབ་སེམས་དཔའ་ཐེག་ཆེན་གཉེར། །ཆོས་འདི་བཞི་ནི་ཤེས་པར་བྱ། ། ཆོས་འདི་བཞི་ནི་ཤེས་གྱུར་ན། ། བྱང་ཆུབ་སེམས་ནི་སྐྱེ་བར་འགྱུར། །དེ་ཕྱིར་སྡིག་པའི་ཆོས་འདི་བཞི། །ནན་ཏན་གྱིས་ནི་རབ་སྤང་ས་ནས། ། སྟོངཉིད་ཆོས་ནི་སྒོམ་བྲེ་དན། །དགེ་བའི་བཤེས་གཉེན་སྟེན་པར་འགྱུར། །འདི་ལྟའི་མདོ་སྡེ་ཐོས་གྱུར་ན། །སེར་སྣ་དག་ནི་མི་བསྐྱེད་པར། །ནན་ཏན་གཞན་ལ་བསྟེན་པར་བྱ། །དེ་ལས་བྱང་ཆུབ་རབ་ཏུ་སྐྱེ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་ཞིང ། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྲུང་ས་ནས་བསམ་པ་རྣམས་མངོན་པར་གྲུབ་པར་བྲེད་པ་དང ། དྲན་པ་དང་ལྡན་ཞིང་ཤེས་རབ་ལ་ཡང་དག་པར་གནས་པ་དང ། རབ་ཏུ་བརྩོན་པའི་སེམས་ཀྱིས་བརྩོན་ཞིང་ལེ་ལོ་མེད་པ་དང ། མང་དུ་ཐོས་པ་ཕུན་སུམ་ཚོགས་ཤིང་ཤེས་རབ་འཕེལ་བར་གྱུར་པ་དག་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཚོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་ཇི་ལྟར་ཡོངས་སུབསྔོས་པ་བཞིན་དུ་བྱང་
42-543
ཆུབ་ཀྱི་སེམས་ལས་ཡོངས་སུ་ལྡོག་པར་མི་འགྱུར་ཞིང ། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་རབ་ཏུ་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། ། དྲན་པ་ཟབ་ཅིང་ཐག་ཀྱང་རིང ། །བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང ། ། མང་ཐོས་ཤེས་ར་བ་རྒྱན་དང་ལྡན། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཆོས་འདི་བཞི་ལ་སྟེན་བྲེད་ན། །ཡིད་ལ་བསམས་པའི་དངོས་པོ་ཀུན ། །ཐམས་ཅད་རབ་ཏུ་གྲུབ་པར་འགྱུར། །དེ་ཕྱིར་རྟག་ཏུ་ཁྲིམས་བསྲུང་ཞིང ། །ནན་ཏན་བརྩོན་འགྲུས་ལྡན་པར་བྱ། །ཆོས་དྲན་རྒྱུན་ནི་མི་གཅོད་ཅིང ། །རྟག་པར་མང་ཐོས་གཉེར་བར་བྱ། །ཁྲིམས་བསྲུང་ས་གནས་ག་ཙང་རབ་ཏུ་སྐྱེ ། དྲན་པས་ཤེས་རབ་སྤྱོང་བར་འགྱུར། །བརྩོན་འགྲུས་སངས་རྒྱས་ཆོས་ཀྱང་སྤྱོང་།། མང་ཐོས་ཤེས་རབ་ཆེན་པོ་སྐྱེ། །དེ་བས་བྱང་ཆུབ་སེམས་དཔའ་རྣམས། ། དེ་འདྲའི་ཆོས་ནི་བསླབ་པར་བྱ། །དེ་འདྲའི་ཆོས་ནི་རབ་བསླབས་ན། །བླ་མེད་འཁོར་ལོ་སྐོར་བར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་བྱང་ཆུབ་ལ་ཕན་འདོགས་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་སྲུང་བ་ཆི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས ། ། བཟོད་པ་སྒོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །བརྩོན་འགྲུས་རྩོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཚོས་སོ། །མང་དུ་ཐོས་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་ཏེ། གང་པོ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་ལ་ཕན་འདོགས་པ་ཞེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་གསལ་བར་རབ་ཏུ་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ།
42-544
བྱང་ཆུབ་སེམས་དཔའ་ཁྲིམས་སྲུང་བ། །བྱང་ཆུབ་ལ་ནི་ཕན་འདོགས་ཏེ། ། བརྩོན་འགྲུས་དང་ནི་བཟོད་པ་དང ། །མང་དུ་ཐོས་པ་དེ་བཞིན་ན་ནོ། །ཆུལ་ཁྲིམས་དག་པ་གང་སྲུང་བ། །སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། ། ཁྲིམས་ག་ཙང་ཕན་འདོགས་མང་བས་ན། །བྱང་ཆུབ་འཐོབ་པར་ལོང་མི་དཀའ།། བྱང་ཆུབ་སེམས་དཔའ་བཟད་སྒོམ་པ། །ལུས་ཀྱི་མཚན་དང་ཤེས་རབ་འགྲུབ། ། དེ་ཕྱིར་བཟོད་པ་རབ་བསྒོམས་ན། །སངས་རྒྱས་མཚན་དང་ཤེས་རབ་གཏེར།། བརྩོན་འགྲུས་ཀྱང་ནི་དེ་བཞིན་དུ། །བྱང་ཆུབ་མང་དུ་ཕན་འདོགས་པས ། ། རྟག་ཏུ་བརྩོན་འགྲུས་གང་རྩོམ་པ། །བྱང་ཆུབ་འཐོབ་པར་ལོང་མི་དཀའ། ། མང་ཐོས་ཀྱིས་ཀྱང་ཕན་འདོགས་པས། །ཐོས་ནས་ཚོསལ་རབ་སྟེན་ཅིང ། ། ཆོས་མིན་དག་ནི་སྤོང་བྲེད་པས། །བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །ཆོས་བཞི་ས་བོན་ཡིན་པས་ན། །དེ་ལས་བྱང་ཆུབ་རབ་ཏུ་སྐྱེ་།དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །ཆོས་ཀྱི་ཕན་ལ་བསྟེན་པར་བྱ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་བཞི་དང་ལྡན་པར་གྱུར་ན་ལུས་ཀྱི་ཁ་དོག་ཕུན་སུམ་ཚོགས་པ་དང ། ལོང་ས་སྤྱོད་ཕུན་སུམ་ཚོགས་པ་དང ། འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། ནམ་ཡང་རྟག་པར་སྡིག་པ་མི་དགེ་བའི་གནས་མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར། རྟག་པར་སངས་རྒྱས་རྣམས་དང་ཕྲད་པར་འགྱུར་།སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་ར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བྱམས་པ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྲེད་པ་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྲེད་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་
42-545
སྒོམ་པ་ན་སེམས་ཅན་རྣམས་ལ་བདག་གིས་ཡོངས་སུ་བསྐྱབ་པར་བྱའོ་སྙམ་པའི་བྱམས་པ་བསྐྱེད་པས་སེམས་ཅན་ལུས་དང་སེམས་སྡུག་བསྔལ་བ་དག་མཐོང་བར་གྱུར་པ་ན་འདི་སྐད་དུ་བདག་གིས་ནན་ཏན་བརྩོན་འགྲུས་ཀྱིས་སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བབླས་ནས་སེམས་ཅན་དེ་དག་ལ་བདག་གིས་བདེ་བ་སྤྱིན་པར་བྱའོ། །བདག་གིས་དྲང་ས་ནས་འཁོར་བའི་སྡུག་བསྔལ་དང་བྲལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སེམས་སྐྱེད་པར་བྲེད་དོ། །དེ་ལྟ་བུའི་སེམས་བསྐྱེད་ནས་ཀྱང་ནན་ཏན་བཅོན་འགྲུས་ཀྱིས་ཕ་རོལ་ཏུ་གྱི་ན་པ་དྲུག་པོ་སྤྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ན་པ་དག་ཡོངས་སུ་གོམས་པར་བྲེད་དོ། །གང་པོ་བྱང་ཆུབ་སེམས་དཔའ་ནི་ཤེས་ར་བ་ཀྱི་ཕ་རོལ་ཏུ་ན་པའི་རྒྱུས་ཕ་རོལ་ཏུ་ན་པ་དྲུག་པོ་དག་ཕུན་སུམ་ཚོགས་པར་བྲེད་དོ། །བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་གྱིན་པ་ནི་གང་ཡིན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ན་པའི་རྒྱུས་ནན་ཏན་བརྩོན་འགྲུས་སྐྱེད་པར་བྲེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་ཆོས་གང་ནི་བདག་ཅེས་བྱ་བ་ཡིན། ཆོས་གང་ནི་བདག་གི་ཞེས་བྱ་བ་ཡིན་སྙམ་དུ་སེམས་ཤིང་འཇལ་བར་བྱེད་དེ། དེ་ལྟར་སེམས་ཤིང་འཇལ་བ་ན་བདག་ཅེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་སྙམ་དུ་སེམས་པས་ཆོས་འདི་ལ་ནི་བདག་ཅེས་བྱ་བའི་ཆོས་ཀྱང་མེད་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་མེད་དོ་སྙམ་དུ་སེམས་ས་སོ། །བྱང་ཆུབ་སེམས་དཔའ་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་ལུས་སྟོང་པ་ཉིད་དུ་རབ་ཏུ་ཤེས་སོ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་ངོ་སྙམ་མ་མོ།།
42-546
དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལ་བདག་དང་བདག་གིར་འཛིན་པ་ཡང་སྟོང་པ་ཡིན་ན་སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པས་སོ། །བྱང་ཆུབ་སེམས་དཔས་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། ། སེམས་ཅན་སྟོང་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །གཟུགས་ཀྱི་ཕུང་པོ་སྟོང་པའི་ཕྱིར་ཚོར་བ་དང ། འདུ་ཤེས་དང ། འདུ་བྲེད་དང ། རྣམ་པར་ཤེས་པའི་ཕུང་པོ་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ ། །བྱང་ཆུབ་སེམས་དཔའ་དེ་ལྟར་བདག་དང་བདག་གིར་འཛིན་པ་དང་འབྲལ་བའི་ཕྱིར་ལུས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སེམས་ཅན་སྟོང་པའི་ཕྱིར་ཕུང་པོ་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཕུང་པོ་རྣམས་སྟོང་པའི་ཕྱིར་འདི་ལྟ་སྟེ། ས་དང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའ་དང ། རྣམ་པར་ཤེས་པའི་ཁམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་ཏེ། སའི་ཁམས་ཀྱང་སའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའ་དང ། རྣམ་པར་ཤེས་པའི་ཁམས་ཀྱང་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང་པས་ཁམས་འདི་དག་ལ་ནི་བྲེད་པ་ཡང་མེད་ལ་བྱ་བ་ཡང་མེད་དོ། །བྱང་ཆུབ་ཀྱང་མེད་དོ། ། གང་བྲེད་པ་མེད་པའི་ཆོས་དེ་ནི་སྟོང་པ་ཡིན་ནོ་སྙམ་མོ། །གང་པོ་བྱང་ཆུབ་སེམས་དཔའ་འདི་དག་ལ་བདག་དང་བདག་གིར་འཛིན་པ་སྤངས་པའི་ཕྱིར་ལུས་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སེམས་ཅན་སྟོང་པའི་ཕྱིར་ཕུང་པོ་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཕུང་པོ་རྣམས་
42-547
སྟོང་པའི་ཕྱིར་ཁམས་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཁམས་རྣམས་སྟོང་པའི་ཕྱིར་སྐྱེ་མཆེད་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ་།། སྐྱེ་མཆེད་རྣམས་སྟོང་པའི་ཕྱིར་སྐྱེ་མཚེད་རྣམས་ཀྱི་མཚན་ཉིད་ཀྱང་སྟོང་ཞིང་སྐྱེ་མཚེད་རྣམས་ལ་བྲེད་པ་མེད་པ་དང ། བྱ་བ་མེད་པ་ཉིད་དུ་རིག་པར་འགྱུར་ཏེ། ཆོས་གང་བྲེད་པ་དང་བྱ་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཡིན་ནོ་སྙམ་མོ། ། གང་པོ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བར་བྱེད་དོ། །ཆོས་ཐམས་ཅད་སྟོང་པར་ལྟ་བའི་ཚེ་ཆོས་རྣམས་ལ་ངོ་བོ་ཉིད་ཀྱིས་ཞེ་ལྡང་སྐྱེ་བའི་གནས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ཆེན་པོ་ལུས་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང ། སེམས་ཅན་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང ། ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་རྣམས་སྟོང་པ་ཉིད་དུ་རིག་པའི་བྱམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་སྒོམ་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བྱམས་པ་སྒོམ་པ་ཞེས་བྱའོ། །གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་སྒོམ་པ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་འདུན་པ་བསྐྱེད་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྲེད་པས་སེམས་ཅན་གང་འདི་ལྟར་ཚོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཁོང་དུ་མ་ཆུད་པ་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྤྱོད་པ་ཞེས་བྱ་སྟེ། བདག་གིས་བསྐྱབ་པར་བྱའོ་སྙམ་དུ་སེམས་པའི་ཕྱིར་བྱམས་པ་ཞེས་བྱའོ། །
42-548
བདག་གིས་དྲང་བར་བྱའོ་སྙམ་དུ་སེམས་པའི་ཕྱིར་སྙིང་རྗེ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་ཀྱི་མགོན་དང ། སྐྱབས་དང ། གནས་དང ། གླིང་དང ། མཐར་གྱིན་པའི་གནས་བྲེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟ་བུའི་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སེམས་ཅན་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་ལ། ཁོང་ཁྲོ་བ་ཡང་མི་སྐྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་སྟོང་པའི་བྱམས་པ་ཞེ་ལྡང་མེད་པ་ཞེས་བྱའོ། ། གང་པོ་བྱང་ཆུབ་སེམས་དཔའ་གང་བྱམས་པའི་རྒྱུ་དང ། བྲལ་བའི་རྒྱུ་དང ། སྟོང་པའི་རྒྱུས་ཚོས་རྣམས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་འཇུག་པར་འགྱུར་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་སྒོམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་ཆོས་རྣམས་ར་བ་ཏུ་རྟོགས་པར་གྱུར་པ་དེ་ལ་བདུད་དང་བདུད་ཀྱི་འཁོར་རྣམས་ཀྱིས་ཚུགས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་པ་དེ་ནི་ལོན་ཏན་ཐམས་ཅད་ལ་སྒྲིབ་པའི་འཆིང་བ་རྣམས་ཡོངས་སུ་གཅོད་པར་བྲེད་དོ། ། ཡོན་ཏན་གྱི་འཆིང་བ་ཡོངས་སུ་བ་ཅད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ན་པ་རྣམས་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚབཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ར་བ་ཏུགས་ལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་ཕུང་པོ་དང ། །ཁམས་དང་སྐྱེ་མཆེད་དེ་དག་ལ། ། བདག་མེད་པར་ནི་རྟག་ཤེས་པ། །བྱམས་སྒོམ་སྟོང་པར་ལྟ་བར་བྲེད ། །བདག་དང་བདག་གི་ཆོས་གཉིས་དག་།ངེས་པར་ཡང་དག་དམིགས་སུ་མེད། །ཆོས་རྣམས་དམིགས་སུ་མེད་པས་ན། །བྱམས་པའི་སེམས་ནི་སྒོམ་པར་བྲེད ། །
42-549
ཆོས་རྣམས་ལ་ནི་མི་གནས་ཏེ། །མི་གནས་པ་ཡང་མ་ཡིན་པ། །འདི་ནི་སངས་རྒྱས་རྣམས་ཀྱི་ལམ། །ཆོས་རྣམས་མི་གནས་པ་ཞེས་བྱ། །བླ་མེད་བཟོད་པ་གང་འཐོབ་པ། །ཆོས་རྣམས་ཡང་དག་མཚན་ཉིད་བཟོད ། །ཆོས་རྣམས་སྐྱེ་འགག་མེད་དོ་ཞེས། །དོན་གྱི་ཚུལ་ནི་རབ་ཏུ་རྟོགས། །བློ་གྲོས་ཆེན་པོ་ལྡན་པ་དག ། ཆོས་འདི་ལ་ནི་སྟེན་བྲེད་ན། །རྟག་ཏུ་གྱ་ནོམ་གཟུང་ས་ཐོབ་ཅིང ། །སྤོབས་པ་དག་ཀྱང་ཐོབ་པར་འགྱུར། །རྟག་པར་སངས་རྒྱས་ཕྲད་པར་འགྱུར ། །ཚོས་རྣམས་ཀུན་གྱི་དོན་རིག་འགྱུར ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་དག་ལ་མཆོད་པ་བྱེད་པས་གུས་པའི་སེམས་ཀྱིས་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། སྤོས་ཀྱི་བྲེ་མ་དང ། གདུགས་དང ། བ་དན་དང ། རོལ་མོ་སིལ་སྙན་དང ། མཚོད་པའི་ཡོ་བྱད་གྱ་ནོམ་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་ལོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ར་བ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མེ་ཏོག་སྤོས། །བ་དན་དང་ནི་གདུགས་མཆོག་གིས། ། བློ་མཆོག་མཆོད་རྟེན་རབ་མཆོད་ནས། །ཤེས་རབ་མཚོ་ག་ནི་ཚོལ་བར་བྲེད ། ། བསོད་ནམས་འདི་ཡིརྐྱེན་གྱིས་ནི། །བྱད་བཞིན་དག་ནི་མཇེས་པར་འགྱུར། ། ནོར་ཕྱུག་རིན་ཆེན་རབ་ཏུ་མང ། །འཁོར་ནི་ཕུན་སུམ་ཚོགས་པར་འགྱུར། ། བྱང་ཆུབ་ཉིད་དུ་ངེསགྱུར་ཅིང ། །རྟག་ཏུ་ཆོས་ལ་རབ་ཏུ་གནས། །སྐྱེ་བ་
42-550
དག་ནི་ཐམས་ཅད་དུ། །ཡོན་ཏན་འཕེལ་ཞིང་མཐོན་པོར་འགྱུར། །རྒྱལ་པོ་རྣམས་ཀྱིས་བཀུར་བྱེད་ཅི་ང ། །ལྷ་ཀླུས་རྟག་ཏུ་དྲན་པར་འགྱུར། །སེམས་ཅན་ཐམས་ཅད་ཀུན་གྱིས་ཀྱང ། །བཀུར་སྟི་དག་ནི་བྲེད་པར་འགྱུར ། །འདས་དང་ད་ལྟར་བཞུགས་པ་ཡི། །སངས་རྒྱས་དག་ལ་མཆོད་བྱིད་ན། །སྐྱེ་བ་ཀུན་དུ་མཆོད་པ་འཐོབ ། །རྟག་པར་མི་ཁོམ་མེད་པར་སྐྱེ་།གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྟག་པར་བརྩོན་པའི་སེམས་ཀྱིས་ཆོས་ལ་མཆོད་པར་བྱེད་དོ། །ཆོས་ཞེས་བྱ་བ་ནི་གང ། ཇི་ལྟར་ན་ཆོས་ལ་མཆོད་པར་བྲེད་ཅེ་ན། དེ་ལ་ཆོས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཇུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང ། བསམ་གཏན་བཞི་དང ། ཞི་གནས་དང ། ལྷག་མཐོང་དང ། རིག་པ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་ཐར་པའི་སྒོ་གསུམ་དང ། ཟད་པའི་ཡེ་ཤེས་དང ། མི་སྐྱེ་བའི་ཡེ་ཤེས་གང་ཡིན་པ་འདི་ནི་ཆོས་ཞེས་བྱའོ། །ཇི་ལྟར་མཆོད་པར་བྲེད་ཅེ་ན། ཆོས་དེ་དག་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་ཅིང་རྗེས་སུ་འབྲང་ས་ནས་འགལ་བ་མེད་པར་འདུན་པ་དང ། བརྩོན་འགྲུས་བསྐྱེད་དེ་ཕུན་སུམ་ཚོགས་པར་མངོན་པར་སྒྲུབ་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱའོ། ། གཞན་ཡང་གང་པོ་ཆོས་ལ་མཆོད་པ་ཞེས་བྱ་བ་ལ། ཆོས་ནི་མདོ་སྡེ་འདི་ལྟ་བུ་དག་ཡིན་ལ། དེ་ལ་མངོན་པར་ཡིད་ཆེས་ཤིང་ཡིད་ལ་སེམས་པ་དང ། རྣམ་པར་འབྱེད་པ་དང ། རྗེས་སུ་འ་བྲང་ཞིང་སེམས་ཀྱིས་འགལ་བར་མི་བྲེད་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་
42-551
གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། རྟག་ཏུ་ཆོས་མཆོད་བརྩོན་བྲེད་པས། །ཇི་སྐད་བསྟན་པ་བཞིན་དུ་གནས། །ཟབ་མོ་སྟོང་པའི་ཆོས་ཐོས་ན ། །སེམས་ཀྱིས་འགལ་བར་ཡོང་མི་བྲེད ། །དེ་ཕྱིར་ལུས་ནི་རྟག་མཇེས་ཤིང ། །སྤོབས་པ་དག་ཀྱང་འཐོབ་པར་འགྱུར། །ངས་ནི་ཇི་སྐད་བསྔགས་པའི་ཆོས། །དེ་ནི་རབ་ཏུ་འཕེལ་བར་བྲེད ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རབ་ཏུ་བརྩོན་པའི་སེམས་ཀྱིས་དེ་བཞིན་གཤེགས་པའི་འཕགས་པའི་ཚོགས་རྣམས་ལ་མཆོད་པ་བྲེད་པས་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། སྤོས་ཀྱི་ཕྱེ་མ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དནོ་དང ། གོས་དང ། བཟའ་བ་དང ། བཏུང་བ་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། འཚོ་བའི་ལོབྱད་དག་དང ། གརྩུག་ལག་ཁང་དང ། ཀུན་དགའི་ར་བ་དང ། འཆག་ས་དང ། ཁྲུས་ཀྱི་རྫིང་དང ། ཁྲོན་པ་དང ། ལས་བྲེད་པའི་མི་དང ། འདི་ལྟ་བུ་ལ་སོགས་པ་གཞན་ཡང་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་འདི་ལྟར་འཕགས་པའི་ཚོགས་རྣམས་ལ་མཆོད་པར་བྲེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། མཚོད་པའི་ཡོ་བྱད་མཆོག་དམ་པས། །འཕགས་པའི་ཚོགས་ནི་མཆོད་བྲེད་པས། །བསོད་ནམས་འདི་ཡི་རྐྱེན་གྱིས་ནི། །སྐྱེ་བ་ཀུན་ཏུ་
42-552
ལོང་ས་སྤྱོད་ལྡན། །ལུས་ཀྱི་ཁ་དོག་རབ་མཛིས་ཤིང ། །སྤོབས་པ་དག་ཀྱང་འཐོབ་པར་འགྱུར། །ཡོན་ཏནརྣམས་ནི་ཕུན་ཚོགས་ཤིང ། །ཤེས་རབ་དག་ནི་འཕེལ་བར་འགྱུར། །དྲང་པོའི་སེམས་ཀྱིས་མཆོད་བྱས་ཤིང ། །བདག་དང་བདག་གི་མེད་པས་ན། །ཤེས་པའདི་ཡི་རྒྱུ་རྐྱེན་གྱིས། །སྐྱེ་བ་ཀུན་ཏུ་མཆོད་པ་འཐོབ ། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི ། །ཚོས་བཞི་དག་ལ་རྟག་བསྟེན་ན། །སྐྱེ་བ་ཀུན་ཏུ་ཆོ་རིགས་བརྩུན། །ཡོན་ཏན་དག་ནི་མངོན་ཐོབ་འཕགས། །ཕྱིར་མི་ལྡོག་པའི་ལེའུ་སྟེ་གསུམ་པའོ།། ། བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་རྟག་པར་ཆོས་བཞི་པོ་འདི་དག་ལ་བསྟེན་ཅིང་གོམས་པར་བྱས་ན་དགེ་བའི་ཚོས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་ལོངས་སུ་སྡུད་པར་འགྱུར་ལ། དགེ་བའི་རྩ་བ་ཐམས་ཅད་དང་ཡང་རབ་ཏུ་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། གང་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཇེག་པ་ཆེན་པོར་སེམས་བསྐྱེད་པས་བཟོད་པ་སྒྲུབ་པའི་ཚོསལ་བསྟེན་ཅིང་བསྒོམ་པར་བྱའོ། །དེ་ལྟར་བཟོད་པའི་ཆོས་སྒོམ་པ་ན་གལ་ཏེ་སེམས་མཉམ་པར་གྱུར་ན་ཤིན་ཏུ་མཉམ་པའི་ཕ་རོལ་ཏུ་ན་པ་རྣམས་ཀྱང་ཐོབ་པར་འགྱུར་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ན་པ་ཡང་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་སེམས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་གྱི་ན་པ་དང ། ཡེ་ཤེས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ན་པ་དང་ལྡན་པར་གྱུར་པ་ན། གལ་ཏེ་འགྲོ་འགྲོ་འམ། འགྲེང་ང་མ། འདུག་གམ། ཉལ་ལམ།
42-553
གཉིད་ལོག་གམ། སད་པའི་ཚེ་ཡང་རུང་སྟེ། གཅིན་གྱི་བུམ་པ་འམ། དུག་གི་བུམ་པའམ། ཁུ་ཚན་གྱི་བུམ་པའམ། ཕྱག་དྲ་རྣམས་སས་མ། མེ་དང་ཐལ་བའམ། བཤང་གཅི་འམ། ཐལ་བ་ཚ་བ་ཐོགས་པ་ཞིག་འོང་ས་ནས་མགོའི་སྟེང་དུ་བླུགས་སས་མ། ལུས་ཀྱི་ཡན་ལག་ཀུན་དུ་བརྡུང་ས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ཞེ་ལྡང་དང་འཁོན་གྱི་བསམ་པ་བསྐྱེད་ནས་སེམས་རྣམ་པར་གཡེང་ཞིང་ཁོང་ཁྲོ་བ་བསྐྱེད་པར་ཡང་མི་བྱའོ ། །འདི་སྐད་དུ་བདག་ལ་ཉར[༄\ུf]ས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །གཞན་ཡང་ངན་སེམས་ཀྱིས་དེ་ལ་བལྟ་བར་མི་བྱའོ། །སེམས་རྩེ་གཅིག་ཏུ་རང་གི་ཆོས་དོན་དུ་གཉེར་ཞིང་གང་བསྒྲུབ་པར་བྱ་བའི་དངོས་པོ་སེམས་རྩེ་གཅིག་ཏུ་མིསྤོང་བ་དེ་ལྟར་སེམས་ཡོངས་སུ་གདུལ་བར་བྱའོ། །གང་ཟག་དེས་རྒྱུ་དང་རྐྱེན་གང་གི་ཕྱིར་གཅིན་གྱི་བུམ་པ་དང ། དུག་གི་བུམ་པ་དང ། ཐལ་བ་དང ། མེ་དག་ཐོགས་ཏེ་འོང་ས་ནས་བདག་གི་ལུས་ལ་གནོད་པར་བྲེད་པན་བདག་གི་ལུས་ནི་དངོས་པོ་འདི་དག་གི་རྒྱུ་དང་རྐྱེན་གྱིས་ན་བ་དང ། གནོད་པར་མི་འགྱུར་རོ། །ཞེས་བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་ལྟར་རྒྱུ་དང་རྐྱེན་མང་པོའི་ཆོས་ལ་སོ་སོར་བརྟགས་ནས་སུ་ཞིག་ནི་དངོས་པོ་འདི་སྤྱིན་པར་བྱིད ། དངོས་པོ་འདི་ནི་སུ་ལ་སྤྱིན་པར་བྲེད ། དངོས་པོ་གང་ནི་སྤྱིན་པར་བྲེད་ཅེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ན་སྤྱིན་པར་བྲེད་པ་ནི་སུ་ཡིན། ལེན་པར་བྱེད་པ་ནི་སུ་ཡིན། ཆོས་ནི་གང་ཡིན་ཞེས་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ལྟར་ཡང་དག་པའི་དྲན་པས་ཡིད་ལ་བྲེད་ཅིང་སོ་སོར་རྟོག་པའི་ཚེ་འདི་དང་དེ་ཞེས་བྱ་བ་མི་དམིགས་པའི་ཕྱིར་ཚོས་ཐམས་ཅད་དམིགས་པར་ཡང་མི་འགྱུར་ལ་མཐོང་བར་ཡང་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེས་
42-554
ཆོས་ཐམས་ཅད་མི་དམིགས་ཤིང་མི་མཐོང་བའི་ཕྱིར་ཞེ་ལྡང་དང་འཁོན་དུ་འཛིན་པ་ཡང་སྐྱེད་པར་མི་བྲེད་དོ། །གང་པོ་བྱང་ཆུབ་སེམས་དཔས་གལ་ཏེ་དེ་ལྟར་བསམས་ཀྱང་ཞེ་ལྡང་དང་འཁོན་དུ་འཛིན་པའི་བསམ་པ་སྐྱེས་པར་གྱུར་ན། གཞན་ཡང་འདི་ལྟར་ཡང་དག་པའི་དྲན་པས་འདི་སྙམ་དུ་རེག་བྱ་གང་གི་རྒྱུ་དང་རྐྱེན་གྱིས་བདག་གི་ལུས་ལ་ན་བར་བྲེད ། རེག་བྱ་དེ་དག་གིས་གང་དུ་ནི་རེག་པར་འགྱུར། ལུས་ལ་གནོད་པར་གྱུར་ཏ་མ། འོན་ཏེ་སེམས་ལ་གནོད་པར་གྱུར། གལ་ཏེ་ལུས་ལ་གནོད་པར་གྱུར་པ་ཡིན་ན་ནི་ལུས་ནི་ཙོ་དང ། ཤིང་དང ། རྒྱོ་མོ་དང ། རྡོ་དང ། གཟུགས་བརྙན་ལྟ་བུ་ཡིན་པས་རྟོག་པ་མེད་པ། ཤེས་པ་མེད་པ་ཡིན་ཏེ། བ་དག་ཀྱང་མ་ཡིན། གཞན་ཡང་མ་ཡིན་ནོ། །གལ་ཏེ་སེམས་ལ་གནོད་པར་གྱུར་པ་ཡིན་ན་ནི་སེམས་ནི་ཁ་དོག་དང་གཟུགས་མེད་པ། སྐད་ཅིག་མར་སྐྱེ་ཞིང་འགག་པ། ཐང་ཅིག་ཙམ་ཡང་མི་གནས་པས་བདག་ཀྱང་མ་ཡིན། གཞན་ཡང་མ་ཡིན་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་ནས་འདི་ནི་སྡུག་བསྔལ་ལོ། །འདི་ནི་བདེ་བའོ། །འདི་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ་ཞེས་ཟེར་བར་ཟད་པས་དེང་བདག་གིས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་འདི་བསྐྱེད་པར་མི་བྱའོ། །དེང་བདག་གིས་མཉམ་པ་ཉིད་ཀྱི་ཡང་དག་པའི་མཚན་ཇིད་དུ་བལྟས་ནས་འཕགས་པའི་བྱ་བ་རྣམས་བསྒྲུབ་པར་བྱའི། བྱིས་པ་སོ་སོའིསྐྱེ་བོའི་བྱ་བའི་རྗེས་སུ་འབྲང་བར་མི་བྱའོ། ། འཕགས་པའི་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལས་ཐག་རིང་དུ་གྱུར་ཅིང་རྣམ་པར་གྲོལ་བ་གང་ཡིན་པའོ། །བདག་ནི་ཐག་བསྲ[༄\ུf]ང་བའི་ཕྱིར་སློབ་པ་ཡིན། མི་ཕྲད་པར་བྱ་བའི་ཕྱིར་སློབ་པ་ཡིན་ན་ཡང་དག་པ་མ་ཡིན་པའི་རྣམ་
42-555
པར་རྟོག་པ་འདི་དག་ནི་ཐམས་ཅད་ཀྱང་ཕྲད་པར་བྲེད་པ་ཡིན་ཏེ། སུ་དང་ཕྲད་པར་བྲེད་པ་ཡིན་ཞེ་ན། འདོད་ཆགས་དང་ཕྲད་པར་བྱེད་པ་ཡིན། ཞེ་ལྡང་དང ། གཏི་མུག་དང་ཕྲད་པར་བྲེད་པ་ཡིན་ནོ། །ཇི་ལྟར་ན་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་དང་ཕྲད་པར་བྲེད་པ་ཡིན་ཞེ་ན། ལུས་ལ་ཆོང་ས་པའི་ཕྱིར་དང ། འཇིག་ཚོགས་ལ་ལྟ་བ་ལ་མོང་ས་པའི་ཕྱིར་དང ། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་ལུས་ཀྱི་སྡུག་བསྔལ་མོང་བའི་ཚེ་གཞན་དག་ལ་མནར་སེམས་སྐྱེད་པ་གང་ཡིན་པ་དེ་ནི་ཞེ་སྡང་དང་ཕྲད་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ལ་མོང་ས་པ་དང་བ་ཅས་པའི་ཕྱིར་དང ། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་དང ། ཡིད་དང་མི་འཐུན་པར་གྱུར་པའི་ཕྱིར་གཞན་དག་ལ་མནར་སེམས་སྐྱེད་པ་གང་ཡིན་པ་དེ་ནི་གཏི་མྱུག་དང་ཕྲད་པ་ཞེས་བྱའོ། གང་དག་འདི་ལྟ་བུའི་དུག་གསུམ་གྱིས་བཅིང་ས་ནས་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་ཀྱི་རྒྱུ་དང་རྐྱེན་སློང་བར་བར་བྲེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་སྐྱོབ་པར་མི་སྤྱོད་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེང་བདག་གིས་རྒྱུ་དང་རྐྱེན་གྱི་ཆོས་རྣམས་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་ཆོས་སྟོང་པ་ཉིད་དུ་བལྟ་བར་བྱའོ། ། སྙམདུ་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་རྗེས་སུ་འཐུན་པར་ཡང་དག་པར་ལྟ་བས་རྒྱུ་དང་རྐྱེན་གྱི་ཆོས་རྣམས་སོ་སོར་རྟོག་པརབྲེད་པ་ན་ཆོས་འགའ་ཙམ་ཡང་སུས་བྱིན་པའམ། སུས་ལེན་པའམ། དངོས་པོ་གང་ཡིན་པ་ཡང་དག་པར་རྗེས་སུ་མི་མཐོང་ང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཞན་ཡང་འདི་སྙམ་དུ་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་པ་ཡིན་པས་རང་བཞིན་གྱིས་གཟོད་མ་ཉིད་ནས་སྟོང་པ་ཡིན་ཏེ། ངེས་པར་དམིགས་སུ་
42-556
མེད་པར་སྟོང་པ་ཡིན་ན ། བདག་ཅིའི་ཕྱིར་ཡང་དག་པ་མ་ཡིན་པའི་ཆོས་དམིགས་སུ་མེད་པ་དག་ལ་ལས་མངོན་པར་འདུས་བྱས་ནས་ཞེ་ལྡངབསྐྱེད་དེ་འདུ་བྲེད་ཀྱི་རྒྱུ་རྐྱེན་སློང་བར་བྱེད། དེང་བདག་གིས་ཞེ་ལྡང་དང་འཁོན་དུ་འཛིན་པ་མེད་པའི་བསམ་པ་བསྐྱེད་ནས་མངོན་པར་འདུ་བྱ་བ་མེད་པ་དང ། འབྱུང་བ་མེད་པ་དང ། སྐྱེ་བ་མེད་པའི་ཆོས་མངོན་པར་བསྒྲུབས་ནས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་བལྟ་བར་བྱའི། བདག་ཉིད་ཀྱི་སེམས་ཀྱི་རྗེས་སུ་འབྲང་བར་མི་བྱའོ། །དེང་བདག་གིས་མངོན་པར་འདུ་བྱ་བ་མེད་པ་དང ། འབྱུང་བ་མེད་པ་དང ། སྐྱེ་བ་མེད་པའི་ཆོས་ལ་བལ་བལྟ་བརབྱའི། མངོན་པར་འདུ་བྱ་བ་དང ། འབྱུང་བའི་ཆོས་ལ་གནས་པར་མི་བྱའོ། །བདག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་བསམ་པར་བྱའི། དེང་བདག་གིས་ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ་འདི་ལ་ནན་གྱིས་ཆོས་སུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ཡང་དག་པ་མ་ཡིནཔ་ལ་ནན་གྱིས་མངོན་པར་འདུ་བྱེད་པ་ནི་ཞེ་ལྡང་དང་འཁོན་དུ་འཛིན་པ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ངོ་བོ་ལ་གནས་པ་ལ་ནི་ཞེ་ལྡང་དང་འཁོན་དུ་འཛིན་པ་ཡོད་ཀྱི། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མཐར་སྟོང་པ་ཉིད་ལ་ནི་གནས་པར་བྱ་བའི་ཆོས་ཀྱི་ངོ་བོ་གཟོད་མ་ཉིད་ནས་མེད་པས་སོ་སྙམ་དུ་བསམ་པར་བྱའོ། །བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཡིད་ལ་བྱས་པར་གྱུར་ན། དེའི་སེམས་རབ་ཏུ་དབེན་པར་གྱུར་པས་ཞེ་ལྡང་དང་འཁོན་དུ་འཛིན་པ་སྐྱེ་བར་མི་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་དེ་འགྲོའམ། འགེང་ང་མ། འདུག་གམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེཡང་རུང་སྟེ། འགའ་ཞིག་འོང་ས་ནས་སྤོས་དྲི་ཞིམ་པའམ། སྤོས་ཀྱི་བྲེ་མ་འམ། བྱུག་སྤོས་སས་མ། མེ་ཏོག་
42-557
མཆོག་དམ་པ་ལུས་ལ་གཏོར་ར་རམ། ཡང་ན་སྤོས་དང ། མེ་ཏོག་མཆོག་དམ་པ་དང ། སེ་མོ་དོ་དང ། མེ་ཏོག་ཙམ་པཀའི་ཕྲེང་བ་དང ། མེ་ཏོག་པ་རི་ཥ་ཀའི་ཕྲེང་བ་དང ། མེ་ཏོག་མང་པོའི་ཕྲེང་བ་དག་གིས་ལུས་ལ་གཡོགས་པར་གྱུར་ཏ་མ། ཡང་ན་གོས་མཆོག་དམ་པ་ཤིན་ཏུ་ཕྲ་ཞིང་འཇམ་པ་འདི་ལྟ་སྟེ། ཀ་ཤི་ཀའམ། ཀུ་ཤ་ཀའམ། ཀུ་ཤ་པའམ། ཀུ་མ་པའམ། ཀུ་ཤ་ཡ་ཤའམ། ཆུ་མ་འམ། ཀ་བའམ། དེ་དག་ལ་སོགས་པ་གོས་ཕྲ་ཞིང་འཇམ་པ་དག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་དྲ་གྱི་ལྡ་ལྡི་མཆོག་དམ་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་བདག་ཉིད་ཀྱི་སྟེང་དུ་བྲེས་པར་གྱུར་ཏམ། ཡང་ན་ལྷའི་མེ་ཏོག་དང ། སྤོས་དང ། གོས་མཆོག་དམ་པ་དང ། རིན་པོ་ཆེའི་ཕྲེང་བ་དག་གིས་ལུསགཡོགས་པར་གྱུར་ཏ་མ། ཡང་ན་ལྷའི་ཁ་ཟས་མཆོག་དམ་པ་བདུད་ཚིའི་རོ་དང་ལྡན་པ་དག་ཁྱེར་ཏེ་འོང་ས་ནས་བྱིན་པར་གྱུར་ན། བྱང་ཆུབ་སེམས་དཔས་མཚོད་པ་རྣམ་པ་སྣ་ཚོགས་འདི་དག་ལ་སྲེད་པའི་ཕྱིར་སེམས་བསྐྱེད་ནས་མངོན་པར་ཞེན་པར་མི་བྱའོ། །རྐྱེན་དེས་གང་ཟག་དེ་དག་ལ་བསྟེན་ནས་ཡིད་དང་འཐུན་པར་བྱས་ཏེ་ཕན་ཚུན་འདྲུལ་ཞིང་གཏམ་སྨྲ་བར་ཡང་མི་བྱའོ། །བྱོགས་གཅིག་པའི་སེམས་ཀྱིས་རྗེས་སུ་ཆགས་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་དེ་དག་ལ་སེམས་སྟོམས་པར་བྱ་ཞིང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རབ་ཏུ་རྟོགས་པར་བྱས་ནས་འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱ། རྗེས་སུ་ཆགས་པར་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་ལྡང་གི་དངོས་པོ་གཉི་ག་ཡང་ཉོན་མོང་ས་པ་ཡིན་པས་སོ། །དེང་བདག་གིས་དེ་དག་ལ་སྲེད་པ་མི་བསྐྱེད་པར་ཆོས་རྣམས་ཀྱི་ཡང་དག་པ་ཤིད་ལེགས་པར་རྟོགས་པར་བྱའོ། །དེ་ཅིའི་
42-558
ཕྱིར་ཞེ་ན། ཉོན་མོང་ས་པ་རྣམས་ཀྱི་ནང་ན་སྲེད་པའི་རྐྱེན་གྱིས་ཕྲད་པར་གྱུར་པ་འདི་མཆོག་ཏུ་ལྕི་བས ། །འདི་ལྟར་ཉོན་མོང་ས་པ་དེ་ནི་རུས་པ་དང་རྐང་ལ་ཡང་ཐལ་ཏེ་འགྲོ་བས་ཀུན་ཏུསྤྱོར་བ་སྐྱེད་པའི་ཆོས་ཀྱི་ནང་ན་སྲེད་པའི་སེམས་ཀྱིས་ནི་ཤིན་དུ་མངོན་པར་ཞེན་པར་བྲེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་པར་བྱ་བའི་དངོས་པོ་གལ་ཏེ་ཡིད་བཞིན་དུ་ཐོབ་པར་མ་གྱུར་ན་ཞེ་ལྡང་སྐྱེ་བར་འགྱུར་བས ། །སྐྱེ་བོ་རྣམས་ནི་རང་གི་ལུས་ལ་འདོད་ཆགས་ཀྱིསྲེད་པ་སྐྱེད་པར་བྲེད་པས་དེ་དག་གལ་ཏེ་འགའ་ཞིག་གིས་གནོད་པར་བྱས་པར་གྱུར་ན་ཞེ་ལྡང་སྐྱེ་བརའགྱུར་བས། དེའི་ཕྱིར་ཞེ་སྣང་ནི་སྲེད་པའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ལ། མངོན་པར་ཞེན་པ་ནི་གཏི་མྱུག་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་པར་རིག་པར་བྱའོ། །དེང་བདག་ནི་སྲེད་པས་གོས་པའི་སེམས་སྤང་ས་ནས་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པར་བྱའོ། །བདག་ནི་འདོད་ཆགས་ཀྱི་ཕྱིར་སློབ་པ་མ་ཡིན། ཞེལྡང་གི་ཕྱིར་སློབ་པ་མ་ཡིན། གཏི་མྱུག་གི་ཕྱིར་སློབ་པ་མ་ཡིན་གྱི། བདག་ནི་ཆོས་རྣམས་ཀྱི་དཁོ་ན་ཉིད་ལ་རྒྱ་ཆེར་སློབ་པ་ཡིན་པས་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ནས་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པ་ཉིད་དུ་སྤྱད་ནས་ལས་དང་རྣམ་པར་སྨིན་པའི་རྒྱུ་རྐྱེན་ལ་བརྟེན་ཏེ་མཆོད་པ་དང ། སྡུག་བསྔལ་གྱི་དངོས་པོ་རྣམས་ཀྱང་སྔོན་གྱིལས་ཀྱི་སྤྱོད་པའི་རྐྱེན་ལས་གྱུར་པ་ཡིན་པར་རིག་པར་བྱས་ནས་དེའི་ཕྱིར་རྗེས་སུ་འཐུན་པར་གྱུར་པའི་ཆོས་རྣམས་ལ་ཡང་དགའ་ཞིང་སྲིད་པ་མི་བསྐྱེད། དགེ་བའི་ཆོས་དང་འགལ་བ་ལ་ཡང་ཞེ་ལྡང་མི་བསྐྱེད་པར་སེམས་ཡོངས་སུ་སྦྱང་ས་ཏེ་མནར་སེམས་མེད་པར་བྱས་ནས་འདོད་ཆགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱ། ཞེ་ལྡང་གི་རྗེས་སུ་འབྲང་བར་ཡང་མི་བྱ།
42-559
གཏི་མྱུག་གི་རྗེས་སུ་འབྲང་བར་ཡང་མི་བྱ། སྡིག་པའི་ཆོས་ཀྱི་རྗེས་སུའབྲང་བར་ཡང་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། ང་ས་ནི་རྟག་ཏུ་ཤེས་རབ་བསྔགས། །ཚུལ་ཁྲིམས་བསྲུང་བའང་བསྔགས་པ་ཡིན། །བཟོད་པ་བསྒོམ་ལ་བསྔགས་བྱས་ཤིང ། །མང་དུ་ཐོས་པའང་བསྔགས་པ་ཡིན། །ང་ས་ནི་དགེ་བའི་ཆོས་སྤྱོད་དང ། །བྱམས་སེམས་ཚིག་སྙན་སྨྲ་ལ་བསྔགས། ། སེམས་ཅན་ལ་ནི་ཕན་གད་གས་གྱིར། །ཡོན་ཏན་མང་པོ་ཅི་རིགས་བསྔགས། །ང་ནི་རྟག་ཏུ་འདོད་ལྔ་དང ། །ཁོང་ཁྲོ་འཁོན་འཛིན་གཏི་མྱུག་ཅན། །ཕྲག་དོག་ང་རྒྱལ་གཡོ་སྨྱུ་དང ། །འཁྲུག་ལོང་སེམས་ཅན་གནོད་བྲེད་དམོད། །ལེ་ལོ་དང་ནི་སྟོམ་ལས་དང ། །བཀའ་བློ་མི་བདེ་སྨྲ་དགའ་དང ། །བྱས་པ་མི་གཟོ་ལམ་ལོག་ཅན། །ཉེས་པ་ཆུང་ལ་ཆེར་ཁྲོ་དང ། །རྙེད་པ་ལ་ནི་གདུ་བ་དང ། །བདག་ནི་རྙེད་པར་རབ་དགའ་ཞིང ། ། གཞན་གྱི་རྙེད་ལ་མི་དགའ་བ། །འདི་དག་ལ་ནི་ང་མི་བསྔགས། །བློ་ཆུང་རྙེད་པ་བདག་འདོད་ཅིང ། །གཞན་གྱི་རྙེད་ལ་ཕྲག་དོག་ཆེ། །གཞན་གྱི་ཁྱིམ་ལ་སེར་སྣ་བྲེད་།འདི་དག་ལ་ནི་ང་མི་བསྔགས། །རྙེད་པ་དག་ནི་ཚོལབའི་གྱིར། །སྤྱོད་ལམ་དག་ནི་འཚོས་བྲེད་པ། །འདི་ནི་འཚོ་བ་དག་མིན་པས། ། ང་ཡི་ཚོས་ལས་ཤིན་དུ་རིང ། །ལམ་གྱི་བསྒོམ་པ་དག་ལ་ནི། །ཉེས་པ་འདི་དག་ཐམས་ཅད་ཡོད ། །འདི་ནི་ངན་འགྲོའི་རྐྱེན་ཡིན་པས། །ད་ངོས་པོ་འགའ་ཡང་བསྔགས་སུ་མེད ། །སྡིག་པ་བདག་ལྟ་མ་སྤང་ས་ན། །འདོད་སྲེད་སེམས་
42-560
ནི་རབ་ཏུ་མང ། །འདོད་སྲེད་སེམས་ནི་མང་བའི་ཕྱིར། །རྙེད་པ་དག་ལ་གདུ་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ། །བཟོད་བསྒོམས་སེམས་ཅན་ཕན་གདགས་ཤིང ། །ཁེང་ས་པའི་སེམས་ནི་རབ་བཏུལ་ནས། ། མྱུར་དུ་སངས་རྒྱས་བྱ་བར་གསུངས ། །བདག་གིས་བྱམས་སེམས་རབ་བསྒོམས་ཏེ། །བཟོད་པས་སེམས་ཅན་བརྩེ་བར་བྱ། །ཆོས་རྣམས་སྟོང་ཞིང་རྐྱེན་ལས་བྱུང ། །འབྲེལ་བ་མེད་པར་ཤེས་པར་བྱ། །རྐྱེན་གང་གིས་ནི་ཚོས་རྣམས་ཡོད།། ཆོས་དེ་སེམས་ལས་བྱུང་བ་ཡིན། །མི་བདེན་འདུ་ཤེས་ཁོང་ཁྲོ་བསྐྱེད ། ། མཁས་པ་ཐམས་ཅད་སྟོང་པ་ཡིན། །མི་བདེན་འདུ་ཤེས་ཁམས་གསུམ་བསྐྱེད། ། ལུས་ཀྱི་རྒྱུན་ནི་འཆང་མི་འགྱུར། །མི་བདེན་འདུ་ཤེས་མི་རྟོག་ན། །ཉེས་དམིགས་འདི་དག་ཡོད་མི་འགྱུར། །རྟག་ཏུ་ཆོས་རྣམས་སེམས་པ་ན། །རྐྱེན་ལས་བྱུངབར་རབ་ཏུ་ཤེས། །རྟག་ཏུ་ཆོས་རྣམས་སྟོང་ལྟ་བས། །ཐམས་ཅད་ཡོངས་སུ་བཟློག་པར་ནུས། །ཁྲིམས་སྤང་ས་སེམས་ཅན་སྡུག་བསྔལ་བ། །ང་རྒྱལ་དག་གིས་སྨྲས་པ་ལ། །སྡུག་བསྔལ་ཉེར་ཞི་ཆོས་སྟོན་པས། །ཕན་པ་མང་པོ་རབ་ཏུ་བྲེད ། །གང་ཞིག་ཤར་ནུབ་ལྷོ་བྱང་དང ། །བྱོགས་མཚམས་བཞི་པོ་དག་ནས་ནི། །མི་ག་ཙང་དུག་གི་བུམ་ཐོགས་ནས། །མགོ་ཡི་སྟེང་དུ་བླུགས་གྱུར་ན། །སུས་བྱིན་སུས་ནི་ལེནབྱེད་ཅེས། །བདག་ནི་ཁོང་ཁྲོ་ཡོང་མི་སྐྱེད། །ཆོས་གང་ཞིག་ནི་བདག་ཡིན་ཞེས། །བརྟགས་ནས་བརྩོན་འགྲུས་རྩོམ་པར་བྲེད ། །ཉེས་པ་ཅི་ཡོད་གནོད་བྱས་ཤེས། །ངན་སེམས་གཞན་ལ་ལྟ་མི་བྲེད། །ཤིན་དུ་བརྟན་པའི་བཟོད་བསྐྱེད་ནས། །བྱམས་སེམས་གཞན་ལ་ཕན་འདོགས་བྲེད། །སྔོན་གྱི་ལས་ལས་གྱུར་ཤེས་པས། །རྣམ་སྨིན་འདི་མོང་སྙམ་དུ་སེམས། །དང་དུ་བླང་ས་ཏེ་བཟོད་བྱིད་པས། །བྱང་ཆུབ་ལམ་ལ་གནས་
42-561
པར་བྲེད ། །ད་མོད་དང་སྡུག་བསྔལ་དངོས་པོ་འདི། །གཞན་གྱིས་བྱས་པ་མ་ཡིན་གྱི ། །འདི་ནི་ངེས་པར་ལས་ཀྱི་རྐྱེན། །ཡུན་རིང་ལོན་ཀྱང་ཆུད་མི་ཟ། ། སེམས་ཅན་འཇིག་རྟེན་གནས་པ་དག་།རྟག་ཏུ་དགེ་སྡིག་ལས་སློང་བས། །དེང་བདག་སྡུག་བསྔལ་འདི་མོང་ཡང ། །ལས་རྐྱེན་ཡིན་པར་རབ་ཏུ་ཤེས། །གལ་ཏེ་ང་ནཔའི་ལས་བྱས་ན། །ཕྱིས་ཀྱང་སྡུག་བསྔལ་མོང་འགྱུར་ན། ། ཅིའི་ཕྱིར་དངོས་པོ་ངན་པ་ཡིས། །དེ་དག་ལ་ནིགནོད་བྱ་སྙམ། །བླ་ན་མེད་པའི་ཆོས་གཉེར་ནས། །གཞན་དག་ལ་ནི་སྟོན་བྲེད་པས། །སེམས་ཅན་སྡུག་བསྔལ་ཇི་སྙེད་པ། །ཐམས་ཅད་ལས་ནི་ཐར་བར་བྲེད ། །གལ་ཏེ་འགའ་ཞིག་མེ་ཏོག་སྤོས ། །ཕྲེང་བ་དག་གིས་བདག་མཆོད་ཀྱང ། །རྗེས་སུ་ཆགས་པ་མི་སྐྱེད་པར། །མཉམ་པར་བསྒོམ་པ་བསྒྲུབ་བྱ་སྙམ། །བྱམས་ལྡང་དག་ནི་ལམ་མིན་པས། །རྟག་ཏུ་བཏང་སྟོམས་སྤྱོད་པར་བྲེད ། །སུས་བྱིན་སུས་ནི་ལེན་བྲེད་ཅེས།། ཆོས་རྣམས་ཡང་དག་རྟོག་པར་བྲེད ། །སྟོང་པས་བྱིན་ཞིང་སྟོང་ལེན་ན། །གྱི་ནང་གཉི་ག་སྟོང་པས་ན། །སྟོང་ལ་བྱིན་དང་ལེན་མེད་པས། །ཐམས་ཅད་ཀུན་ལ་བདག་མེད་དོ། །སྟོང་ལ་འདོད་ཆགས་བྲལ་བ་མེད། །སྟོང་ལ་ཀུན་ནས་ཉོན་མོང་ས་མེད ། །རྣམ་པར་བྱང་བའང་མེད་པས་ན། །དྲི་བྲལ་རྣམ་དག་སྟོང་པ་ཡིན། །སྟོང་ལ་རྣམ་པར་རྟོག་པ་མེད ། །སྟོང་ལ་ངོ་བོ་ཉིད་རྣམས་མེད ། ། སྟོང་ནི་རྟག་སྟོང་མཚན་མ་མེད ། །དེ་ནི་རྣམ་དག་ལམ་ཡིན་ནོ། །གལ་ཏེ་འགའ་ཞིག་འོང་སགྱུར་ནས། །ལུས་ནི་དུམ་བུར་བ་ཅད་གྱུར་ཀྱང ། །ལས་ཀྱི་རྐྱེན་ལས་བྱུང་རིག་པས། །དེ་ལ་ཞེ་སྡང་ཡོང་མི་སྐྱེད། །སེམས་ཅན་དགེ་སྡིག་སློང་བས་ན། །ལས་བཞིན་རང་ཉིད་འབྲས་བུ་ལེན། །བདག་ཀྱང་ངེས་པར་སྔ་མའི་སྡིག་།སྡུག་བསྔལ་རྣམ་སྨིན་འདི་མོང་སྙམ། །སྡིག་པའི་རྣམ་སྨིན་
42-562
འདི་མོང་ཡང ། །ལུས་བརྟགས་གཟུགས་བརྙན་ཆུ་བུར་དང ། །སྒྱུ་མ་སྤྲུལ་པ་སྨིག་རྒྱུ་འདྲ ། །སྟོང་ཞིང་མེད་པས་མཐར་ཡང་སྟོང ། །ཁ་ཅིག་ལུས་ཀྱི་ཡན་ལག་གཅོད ། །ཁ་ཅིག་དྲིན་ནི་དྲན་གྱུར་ནས། །མཆོད་པ་དག་ནི་བྱས་གྱུར་ཀྱང ། །ད་གའ་དང་མི་དགའ་ཡང་མི་བྲེད ། །རྙེད་པ་ཐོབ་ཀྱང་དགའ་བ་མེད ། །ཁ་ངན་བྱས་ཀྱང་ཁོང་མི་ཁྲོ། །འདི་གཉིས་སྒྲིབ་པ་ཡིན་པས་ན། ། སངས་རྒྱས་ཡང་དག་ལམ་མིན་སེམས། །འདོད་ཆགས་ཞེ་ལྡང་གཏི་མྱུག་སིམས།། དེ་དག་ཐམས་ཅད་སྤོང་བར་བྲེད ། །རྟག་ཏུསྟོང་དབེན་བསྒོམས་པས་ན། ། སྒྲིབ་པ་རྣམས་ནི་སྤོང་བར་བྲེད ། །བཟོད་པ་སྟོབས་བཅུའི་གཞི་ཡིན་ཏེ། ། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གནས། །ཐོགས་མེད་ཡེ་ཤིས་སྙིང་རྗེ་ཡི། །རྩ་བ་དག་ནི་བཟོད་པ་ཡིན། །བདེན་བཞི་དྲན་དང་ཡང་དག་སྤོང ། །ད་བང་སྟོབས་བྱང་ཆུབ་ལམ་ཡན་ལག་།ཐམས་ཅད་བཟོད་པས་གཞི་བྲེད་པས། ། མཁས་པ་གང་ཞིག་བཟོད་མི་སྒོམ། །ང་ས་ཀྱང་བཱ་ར་ཎྜ་སིར་ནི། །བླ་མེད་འཁོར་ལོབསྐོར་བ་ཡང ། །བཟོད་པ་དག་གིས་གཞི་བྱས་པས། །སངས་རྒྱས་རྟག་ཏུ་བཟོད་པ་བསྔགས། །ཁྱེད་ཀྱང་སྟོང་བཟོད་བླ་མེད་གཞི། །ཡོངས་སུ་སྒོམ་པར་བྱེད་ན་ནི། །ཆོས་ཀྱི་ཚོས་ཉིད་དེ་ཡིན་པས། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་པ་ལྔ་པོ་དག་སྤངས་ནས་རྟག་པར་རབ་ཏུ་འབྱུང་བར་མོས་པས་སེམས་ཀྱིས་རབ་ཏུ་འབྱུང་བའི་རྗེས་སུའབྲང་བར་བར་བྲེད། རབ་ཏུ་འབྱུང་བ་ལ་གཞོལ་བར་བྱེད་པས་འདོད་པ་ལྔ་པོ་དག་ལ་མངོན་པར་ཞེན་པར་མི་བྲེད་དོ། །རབ་ཏུ་བྱུང་ནས་ཀྱང་འདུ་འཛི་རྣམས་སྤང་ས་ནས་ཤིན་དུ་ཐག་རིང་བའི་རི་དང་ནགས་ཚལ་དབེན་པ་དག་ཏུ་གནས་ཤིང་དགེ་བའི་ཆོས་ཆུད་མི་
42-563
ཟ་བར་བྲེད་དོ། །བྱང་ཆུབ་སེམས་དཔའ་གང་ཚོས་གཉིསཔ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་ར། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། རབ་ཏུ་བྱུང་ལ་རྟག་མོས་པས། །རྟག་ཏུ་རབ་ཏུ་འབྱུང་བར་འགྱུར། །རི་དང་ནགས་ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྲེད ། ། དབེན་པར་གནས་ལ་སྟེན་བྲེད་པས ། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོང ། ། དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་ནི་ཉམས་མི་འགྱུར། །ཕན་ཚུན་འདྲུ་ལ་ཞིང་གཏམ་འདྲི་དང ། །ཚིག་གིས་སྨྲ་བར་མི་བྲེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པརད་གོན་པ་བསྟེན་བྱ་ཞིང ། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །བསྟེན་ན་རྙེད་སེམས་སྐྱེ་བར་འགྱུར། །རྙེད་པ་ཐོབ་ན་རབ་ཏུ་དགའ། །སྟོར་བར་གྱུར་ན་མྱ་ངན་སྐྱེ། །དེ་ཡིས་སངས་རྒྱས་མཚོད་བྱས་ཀྱང ། །མཆོད་པ་བྱས་ཞེས་མི་བརྗོད་དོ། །དེ་འདྲའི་ཉརེས་དམིགས་སྤོང་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་ནས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་རྟག་པར་ཆོས་ག་ཉེར་བ་ཡོངས་སུ་སློབ་པར་བྲེད་པས་ཡོངས་སུ་གཉེར་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་བཏོན་ནས་འདི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང ། སྦྱང་ས་པའི་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆོས་ཡོངས་སུ་ཚོལ་བར་བྲེད་ཀྱི། འདོད་པ་མེད་པ་དང ། ཆོག་མི་ཤེས་པའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །འདོད་ཆགས་ཉེ་བར་ཞི་བ་ཡོངས་སུ་ཚོལ་བར་བྲེད་ཀྱི། འདོད་ཆགས་རྒྱས་པར་མི་བྲེད་དོ། །ཞེ་ལྡང་གཞོམ་པ་ཡོངས་སུ་ཚོལ་བར་བྱེད་ཀྱི།
42-564
ཞེ་ལྡང་འཕེལ་བར་མི་བྲེད་དོ། །གཏི་མྱུག་གཅོད་པ་ཡོངས་སུ་ཚོལ་བར་བྲེད་ཀྱི། གཏི་མྱུག་སྐྱེད་པར་མི་བྲེད་དོ། །ཁེང་ས་པ་གཞིལ་བ་ཡོངས་སུ་ཚོལ་བར་བྲེད་ཀྱི། ཁེང་ས་པ་སློང་བ་ཡོངས་སུ་ཚོལ་བར་མི་བྲེད་དོ། །ང་རྒྱལ་གཞོམ་པ་ཡོངས་སུ་ཚོལ་བར་བྲེད་ཀྱི། ང་རྒྱལ་འཕེལ་བ་ཡོངས་སུ་ཚོལ་བར་མི་བྲེད་དོ།། བདག་དང་བདག་གིར་འཛིན་པའི་ཆོས་སྤོང་བ་ཡོངས་སུ་ཚོལ་བར་བྲེད་ཀྱི། བདག་དང་བདག་གིར་འཛིན་པའི་ཆོས་འཕེལ་བར་བྲེད་པ་ཡོངས་སུ་ཚོལ་བར་མི་བྲེད་དོ། །བདག་མེད་པའི་ཆོས་ཡོངས་སུ་ཚོལ་བར་བྲེད་ཀྱི། བདག་དང ། གང་ཟག་དང ། སེམས་ཅན་དང ། སྲག་ལ་གནས་པའི་ཆོས་ཡོངས་སུ་ཚོལ་བར་མི་བྲེད་དོ། །རྟག་པར་ཤེས་རབ་ཆེན་པོ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། ཤེས་རབ་ཆེན་པོ་ཉམས་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྲེད་དོ། །རྟག་པར་མཚུང་ས་པ་མེད་པའི་ཤེས་རབ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་བྱིད་ཀྱི། ཤེས་རབ་རྒྱ་ཆུང་ངུ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྲེད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བའི་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་ཀྱི། ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྲེད་དོ། །དེ་ལྟར་ཆོས་ལོངས་སུ་བཙལ་ནས་ཀྱང་ཀློག་པར་བྲེད ། ཁ་ཏོན་དུ་འདོན་པར་བྲེད ། ཚུལ་བཞིན་དུ་ཡང་དག་པར་ཡིད་ལ་བྲེད ། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་ཡིད་ལ་བྲེད ། སྒྲུབ་པར་བྲེད ། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པར་བྲེད་ཀྱང་འཇིག་རྟེན་པའི་ཁེ་ཡང་ཡོངས་སུ་ཚོལ་བར་མི་བྲེ་དལ། ཐ་ན་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྗོད་པ་ཙམ་ཡང་ཡོངས་སུ་ཚོལ་བར་མི་བྲེད་པས་སེམས་ཅན་མང་པོ་ཆོས་དེ་ལ་འགོད་པར་བྱེད་དེ། གང་པོ་བྱང་ཆུབ་སེམས་
42-565
དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རབ་བྱུང་ནི། །ཚུལ་ཁྲིམས་སྦྱང་ས་པ་དག་ལ་མོས། །དེས་ན་ཤེས་རབ་ཡོངས་འཕེལ་ནས། །ཡེ་ཤེས་ཆར་ནི་འབེབས་པར་བྲེད ། །རྣམ་དག་ཆོས་ཟབ་དེ་ཐོས་ནས། ། ཡང་དག་དྲན་པས་དོན་སེམས་བྲེད ། །ཇི་སྐད་བསྟན་པ་བཞིན་དུ་ནི། །དེ་བཞིན་ཡང་དག་སྒྲུབ་པར་བྲེད། །རྟག་ཏུ་རྣམ་དག་སེམས་ཀྱིས་ནི། །གཞན་ལ་རྒྱ་ཚེར་ར་བ་བསྟན་ནས། །སེམས་ཅན་མང་ལ་ཕན་འདོགས་ཀྱང ། །སེམས་ལ་རེ་བ་ཅུང་ཟད་མེད ། །ཡོན་ཏན་རྣམས་ཀྱི་རོ་རྙེད་ནས ། །བདག་ཉིད་ཆོས་དེར་རབ་གནས་ཤིང ། །གཞན་ཡང་དེ་ལ་འགོད་བྲེད་པས། །དེ་ཕྱིར་སངས་རྒྱས་ཆོས་འཕེལ་འགྱུར། །བསྐལ་པ་ཚད་མེད་རྣམས་སུ་ནི། །ཡོན་ཏན་མང་པོ་ཅི་བསགས་པ། །ཐམས་ཅད་མངོན་དུ་གྱུར་ནས་ནི། །བྱང་ཆུཔ་ལམ་དུ་སྡུད་འཇུག་འགྱུར། །དེ་ཕྱིར་སངས་རྒྱས་བསྔགས་པ་ཡི། །ཆོས་ཟབ་དག་ནི་ཡོངས་བཙལ་ནས། །རྟག་པར་སི་མས་ཙན་བསྟན་པར་བྱ། །ཡོན་ཏན་རྣམས་ནི་དེ་ལས་ས་སྐྱེ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྦྱང་ས་པའི་ཆོས་ལ་རབ་ཏུ་གནས་པར་གྱུར་ན་དགེ་བའི་རྩ་བ་ཐམས་ཅད་ཕུན་སུམ་ཚོགས་པའི་བསོད་ནམས་དང་ལྡན་པར་འགྱུར་རོ།། གང་པོ་སྔོནབྱུང་བ་འདས་པའི་དུས་ན་བསྐལ་པ་གྲང་ས་མེད་པ། ཚད་མེད་ཅིང་མཐའ་ཡས་པ། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་
42-566
འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུའདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མེ་རོ་གན་དྷྭ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་ཚེ་ལོ་དྲུག་ཅུ་ཐོབ་པར་གྱུར་ཏོ། །འདུས་པ་རེ་རེ་ལ་ཆོས་བསྟན་པའི་ཚེ་ཉན་ཐོས་བྱི་བ་ཕྲག་བརྒྱད་ཅུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའིའོག་ཏུ་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་པར་གྱུར་ཏེ།དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཞག་བདུན་ཚུན་ཆད་ཉན་ཐོས་ཆེན་པོ་ཇི་སྙེད་པ་ཕལ་ཆེར་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་དེ་ཡང་ང་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔའི་དུས་ཀྱི་ཚེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། ཉན་ཐོས་ཆེན་པོ་རྣམས་ཡོངས་སུ་མྱ་བན་ལས་འདས་པའི་འོག་ཏུ་དེའི་ཚེ་སྐྱེ་བོ་རྣམས་ཕལ་ཆེར་འདི་སྙམ་དུ་དགེ་སྤྱོང་གི་ཆོས་ནི་རབ་ཏུ་བདེ་ཞིང་སྐྱིད་པ་ཡིན་ན་བདག་ཅག་ཅིའི་ཕྱིར་སོ་སོ་ནས་རབ་ཏུ་མི་འབྱུང་སྙམ་དུ་བསམས་ནས། སོ་སོ་ནས་སྐྲ་དང་ཁ་སྦུ་བྲེགས་ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །རབ་ཏུ་བྱུང་ནས་ཀྱང་དངོས་པོ་གསུམ་པོ་རྟག་པར་ཁྱིམ་པའི་ཁྱིམ་དུ་འགྲོ་ཞིང་འདུ་བར་བྲེད་པ་དང ། རྙེད་པ་ལ་མངོན་པར་ཞེན་ནས་བདག་ཉིད་འཚོ་བར་བྲེད་པ་དང ། བདག་ཉིད་ཉམ་འཚག་འཚོ་བ་འབའ་ཞིག་ཏུ་སྤྱོར་ཞིང་བསོད་ནམས་དང་ཡེ་ཤེས་དང་མི་ལྡནཔ་འབའ་ཞིག་སྤྱོད་པར་གྱུར་པས་དངོས་པོ་གསུམ་པོ་འདི་འབའ་ཞིག་སྤྱོད་པར་བྲེད་ཀྱི་ལས་གཞན་ནི་མངོན་པརམི་སྒྲུབ་པར་གྱུར་ཏོ།། ལོ་བརྒྱ་འདས་པའི་འོག་ཏུ་ཉན་ཐོས་ཆེན་པོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་
42-567
འདས་ཏེ་མ་ལུས་པར་གྱུར་པས་དགི་སློང་མང་པོ་དེ་དག་ཁྱིམ་པ་རྣམས་དང ། འཐུན་པར་བྲེད་ཅིང་སངས་རྒྱས་ཀྱི་མདོ་སྡེ་ཟབ་མོ་རྣམས་དང ། ཚུལ་ཁྲིམས་སྲུང་བ་དང ། སྦྱང་ས་པའི་ཡོན་ཏན་སྤྱོད་ལམ་ཞིབ་མོ་གྱ་ནོམ་པའི་ཆོས་རྣམས་ནི་ཕལ་ཆེར་སྤང་ས་ནས་སུ་ཡང་ཀློག་ཅིང་འདོན་པ་མེད་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་རྣམས་འདོད་པ་མང་པོ་དག་ལ་སྤྱད་པར་མོས་ཤིང་བཟའ་བ་དང་བཏུང་བའི་རོ་ལ་ཆགས་པར་གྱུར་པས་དེའི་ཚེ་རྒྱལ་པོའི་བུ་དམ་ཤི་རི་ཞེས་བྱ་བ་རྒྱལ་པོ་ཤིན་ཏུ་བྱམས་ཤིང་གཅེས་པར་བྲེད་པ་ཞིག་ལོད་དེ། དེས་གནས་དཐེན་པ་ཞིག་ཏུ་གནས་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་མེ་རོ་གན་དྷྭས་ཆོས་ཇི་ལྟ་བུ་ཞིགབརྙེས་ན ། དེང་དེའི་ཉན་ཐོས་རྣམས་བག་མེད་པར་སྤྱོད་ཅིང་ཁྱིམ་པ་རྣམས་དང་བྲེ་བྲག་མེད་པར་གྱུར་ཅེས་དེ་སྙམ་དུ་སེམས་ཤིང་ཐེ་ཚོམ་དུ་གྱུར་པ་དང ། དེའི་ཚེ་ལྷ་ཞིག་དེའི་ཐད་དུ་འོང་ས་ནས་ལུས་མི་སྣང་བར་བྱས་ཏེ ། འདི་སྐད་དུ་ཀྱེ་རྒྱལ་བུ་དེ་བཞིན་གཤེགས་པ་མེ་རོ་གནདྷྭས་བརྙེས་པའི་ཆོས་ནི་ཤིན་ཏུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་རྒྱལ་བུ་དེས་ལྷས་དེ་སྐད་སྨྲས་པ་ཐོས་པ་དང ། འདི་སྐད་དུ་ཀྱེ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་བརྙེས་པའི་ཚོསཤིན་ཏུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པར་གྱུར་པའི་ཚོས་ཀྱི་དངོས་པོ་དེ་ཇི་ལྟ་བུ་ཞིག་ཡིན། ལྷས་སྨྲས་པ། རྒྱལ་བུ་ཆོས་དེ་ནི་གཟུགས་ཀྱང་མེད ། ཚོར་བ་དང ། འདུ་ཤེས་དང ། འདུ་བྲེད་དང ། རྣམ་པར་ཤེས་པ་ཡང་མེད ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱང་མེད། འདོད་པ་ལྔ་ཡང་མེད ། འདོད་པའི་སེམས་ཀྱང་མེད་དེ། དེ་བཞིན་གཤེགས་པ་མེ་རོ་གན་དྷྭས་དེ་ལྟ་བུའི་ཆོས་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་བརྙེས་པ་སེམས་ཅན་རྣམས་ལ་ཡང་
42-568
དག་པར་རབ་ཏུ་བསྟན་ཏོ། །དེ་ནས་རྒྱལབུ་དེས་ལྷ་དེ་ལ་སྨྲས་པ། བདག་གིས་དེ་ལྟ་བུའི་ཆོས་ཐོས་ཤིང་ཁོང་དུ་ཆུད་པར་འགྱུར་ནས་ཇིསྐད་བསྟན་པ་བཞིན་དུ་བསྒྲུབ་ཏུ་རུང་ང་མ། ལྷས་སྨྲས་པ། རྒྱེ་རྒྱལ་བུ་ཁྱོད་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་བྱོས་ཤིག་དང་ཐོབ་པར་དཀའ་བ་མེད་དོ། ། གང་པོ་དེའི་ཚེ་རྒྱལ་བུ་དེ་འདི་སྙམ་དུ་ངེས་པར་ལྷས་ཀྱང་བསྐུལ་ཏེ་བདག་ཁོང་དུ་ཆུད་པར་བྱས་ནས་བདག་རབ་ཏུ་བྱུང་ནས་ཚོས་ཟབ་མོ་དེ་ཡོངས་སུ་གཉེར་བར་བྱའོ་སྙམ་དུ་བསམས་ནས། ཕ་མ་ག་ལ་བ་དེར་སོང་སྟེ་མགོས་གཏུགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས ། །ཡབ་ཡུམ་དེང་བདག་ནི་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་ཡོངས་སུ་གཉེར་བར་འཚལ་ལོ། །ཕ་མས་སྨྲས་པ། ཁྱོད་དེང་ངེད་སྤང་ས་ནས་རབ་ཏུ་བྱུང་བ་དེ་ཅི་དགོས། ད་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ནི་ཁྱིམ་པ་རྣམས་དང་བྲེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། །དེ་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། དེ་ལྟར་དགེ་སློང་མང་པོ་རྣམས། །བག་མེད་འདོད་པ་ལྔ་ཡང་སྤྱོད ། །ཞིང་མོད་ཉོ་ཚོང་བྱིད་པས་ན། ཁྱིམ་པ་རྣམས་དང་བྱི་བྲག་མེད ། ། དབུལ་པོ་སྡུག་བསྔལ་རབ་མང་ཞིང ། །བདག་ཉིད་གསོ་བར་མི་ནུས་པ། །དེ་འདྲའི་སྐྱེ་བོ་མང་པོ་རྣམས། །ལུས་གསོའི་ཕྱིར་ནི་རབ་ཏུ་འབྱུང ། །ཁྱོད་ནི་རྒྱལ་རིགས་ཁྱིམ་དུ་སྐྱེས། །ཕྱུག་ཅིང་འདོད་ལྔའི་བདེ་བ་མོང ། །ནོར་དང་རིན་ཆེན་རབ་མང་ན། །རབ་ཏུ་ཕྱུང་བས་ཅི་ཞག་བྱ། །དེ་ནས་རྒྱལ་བུ་ད་མ་ཤི་རིས་ཕ་མ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། བདག་ནི་དབང་ཕྱུག་མི་ཚོལ་ཏེ། །གལ་ཏེ་ཐོབ་ཀྱང་སྤོང་བར་བགྱིད། །དེང་བདག་སངས་རྒྱས་ཚོས་ཟབ་དང ། །རྣམ་དག་ཚུལ་ཁྲིམས་འབའ་ཞིག་ཚོལ། །ལྷ་ཞིག་བདག་ནི་གོ་བགྱིས་ཏེ།།
42-569
རབ་ཏུ་འབྱུང་བར་བསྐུལ་བས་ན། །སངས་རྒྱས་གསུངས་པའི་ཟབ་མོ་ཆོས། ། བདག་ནི་རབ་ཏུ་རྟོགས་པར་འཚལ ། །ལྷས་སྨྲས་བདག་གིས་ཐོསཔས་ན ། ། སེམས་ནི་རབ་ཏུ་དགའ་བར་གྱུར། །སངས་རྒྱས་བསྟན་པ་ནུབ་ཏུ་ཉརེ། །བདག་ནི་གྲོགས་བགྱི་བསྲུང་བར་སེམས། །དེ་ནས་ཕ་མས་ཚིགས་སུ་བ་ཅད་དེ་དམ་ཤི་རི་ལ་སྨྲས་པ། མདོ་སྡེ་ཟབ་མོ་ཟད་ནུབ་པས། །ཁ་ཏོན་འདོན་པ་ཡོང་མེད་ན། །དེ་རིང་ཁྱོད་ཀྱིས་སུ་ལས་ནི། །སངས་རྒྱས་ཚོས་ཟབ་ཐོས་པར་འགྱུར། གལ་ཏེ་འཁོར་ནི་བཞི་པོ་ལ། །དོན་ཟབ་འདོན་པ་ཡོད་གྱུར་ན། ། དེ་ལས་ཁྱོད་ཀྱིས་སྔར་མཉན་ན་ནས། །དེ་འོག་རབ་ཏུ་འབྱུང་བའི་རིགས། །ད་མ་ཤི་རིས་ཚིགས་སུ་བ་ཅད་དེ་ཕ་མ་ལ་སླར་སྨྲས་པ། དེང་བདག་ནན་ཏན་བརྩོན་འགྲུས་ཀྱིས། །ཚུལ་ཁྲིམས་བསྲུང་ཞིང་སྦྱང་ས་པ་སྤྱོད ། །ཐག་རིང་རི་དང་ནགས་ཚལ་ནས། །སངས་རྒྱས་ཆོས་ཟབ་རྣམ་དག་ཚོལ། །གང་པོ་ད་མ་ཤི་རིས་ཚིགས་སུ་བ་ཅད་པ་འདི་སྨྲས་ནས་མགོ་བོས་ཕྱག་བྱས་ཏེ། རབ་ཏུ་འབྱུང་བར་གསོལ་བ་བཏབ་པ་དང ། ཕ་མ་གཉིས་ཀྱང་ཅང་མི་སྨྲ་བར་གནང་ངོ ། །དེ་ནས་དེ་དགེ་སློང་རྣམས་ཀྱི་ཐད་དུ་སོང་ནས་སྐྲ་དང་ཁ་སྦུ་བྲེགས་ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་སྟེ། བསླབ་པའི་དངོས་པོ་རྣམས་ཡང་དག་པར་བླང་ས་ནས་གུས་པའི་སེམས་ཀྱིས་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད ། བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང ། གང་པོ་དགེ་སློང་མང་པོ་རྣམས་ཀྱིས་དགེ་སློང་དམ་ཤི་རི་ལ་འདི་སྐད་ཅེས་སྨྲས་ས་སོ། །པད་ག་ཅག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཐོས་པ་ནི་མེད་ཀྱི། མཁན་པོ་དང་སློབ་དཔོན་
42-570
རྣམས་ཀྱི་རྗེས་སུ་སྤྱོད་པར་ཟད་པས་དེང་ཁྱོད་ཀྱང་འདི་ལྟ་བུའི་ཆོས་ལ་སྤྱོད་ཅིག ། དེ་ནས་དགེ་སློང་དམ་ཤི་རིས་དགེ་སློང་རྣམས་ལ་སྨྲས་པ། ཁྱེད་ནི་གདོན་མི་ཟ་བར་དབུལ་པོ་དམང་ས་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་དེའི་ཕྱིར་དེང་ཁྱེད་གོས་ཟས་འབའ་ཞིག་ལྷུར་ལེན་པས་སྤྱོད་པ་རྣམས་ཁྱིམ་པ་དག་དང་བྲེ་བྲག་ཏུ་གྱུར་པ་ཅི་ཡང་མེད་པས་དེང་ཁྱེད་བདག་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡོངས་སུ་དག་པ་བཙལ་བར་བྱའོ། །དེ་ནས་དེའི་ཚེ་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བ་ཅད་དེ་དགེ་སྤོང་དམ་ཤི་རི་ལ་སྨྲས་པ། བདག་ཅག་གིས་ནི་གང་བསྒྲུབས་པ ། །ད་ངོས་པོ་དེ་ནི་ཐོབགྱུར་པས། །གོས་ཟས་དག་ནི་འབྱོར་ཅིང་ལྡན། །རྒྱལ་པོས་བཀོལ་བ་ལས་ཀྱང་ཐར། །ཤིན་ཏུ་བདེ་ཞིང་ར་བ་ཏུ་སྐྱིད ། ། བརྙས་ཤིང་ང་རྒྱལ་བྲེད་པ་མེད ། ཁྱིམ་པའི་སྡུག་བསྔལ་གང་ཡིན་པ། །དེ་དག་ད་ལྟར་གང་ཡང་མེད ། །འདི་ཉིད་མྱ་ངན་འདས་ཡིན་པས། །མཆོག་ཏུ་བདེ་བར་གྱུར་པ་ཡིན། །ད་ངོས་པོ་འདི་ལས་ལྷག་པ་ནི། ། བདག་ཅག་ལ་ནི་དགོས་པ་མེད ། །ཁྱིམ་པས་རྟག་ཏུ་སྤྱོར་འབུལ་བས། །བདག་ཅག་ཆོས་གོས་ལྷུང་བཟེད་མང ། །སྨན་དང་ནོར་ཟས་ཤིན་དུ་མང ། །སྤྱིན་བདག་ཁྱིམ་ཡང་རབ་ཏུ་མང ། །གང་པོ་དེའི་ཚེ་དགེ་སློང་དམ་ཤི་རིས་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བ་ཅད་དེ་དེ་སྐད་སྨྲས་པ་ཐོས་པ་དང ། སེམས་ལ་རབ་ཏུ་གདུང་བ་སྐྱེས་ནས་མཆི་མ་བླགས་ཏེ་ངུས་ནས། གཙུག་ལག་ཁང་གཞན་དག་ཏུ་སོང་སྟེ། ཡང་དངོས་པོ་དེས་དགེ་སློང་མང་པོ་རྣམས་ལ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང ། དགེ་སློང་མང་པོ་རྣམས་
42-571
ཀྱིས་ཀྱང་སྔ་མ་བཞིན་དུ་ལན་བཏབ་པར་གྱུར་ཏོ ། །དེ་ནས་དགེ་སྤོང་དམ་ཤི་རིས་དགེ་སློང་མང་པོ་དེ་དག་སྤང་ས་ནས་གཅིག་པུ་རི་དང་ནགས་ཚལ་དབེན་པར་སོང་ནས་སེམས་རྩེ་གཅིག་ཏུ་ཆོས་ཟབ་མོ་གཉེར་བ་ལ་འདུན་པར་གྱུར་པ་དང ། དེའི་ཚསྔོན་དེ་བཞིན་གཤེགས་པ་མེ་རོ་གན་དྷྭའི་ཉན་ཐོས་རྣམས་ཀྱི་ནང་ན་ཉན་ཐོས་ཆེན་པོ་ཤིན་དུ་བརྟན་པ་ཞེས་བྱ་བ་རབ་ཏུ་དབེན་པའི་སྤྱོད་པ་མངོན་པར་བསྒྲུབས་པ། གཅིག་པུ་རི་ཕུག་དབེན་པར་གནས་པ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ཡོངས་སུ་སྤོང་བ་ལ་སེམས་མངོན་པར་སྤྲོ་བ། བྱ་བ་བྱས་པ། མངོན་པར་ཤེས་པ་དྲུག་དང ། རིག་པ་གསུམ་དང་ལྡན་པའི་དགྲ་བཅོམ་པ་ཆེན་པོ་ཞིག་བྱུང་བར་གྱུར་ཏེ། ཇི་ལྟར་ད་ལྟར་ངའི་བསྟན་པ་ལས་འོད་སྲུང་ཆེན་པོ་ཇི་ལྟ་བ་བཞིན་ན་ནོ། །དེའི་ཚེདགེ་སློང་ཤིན་ཏུ་བརྟན་པ་དེས་བདག་ཉིད་གནས་པའི་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་འདི་དག་ཡི་གེར་བྱིས་པར་གྱུར་ཏེ། འདི་ལྟ་སྟེ། འདོད་པའི་རོ་ནི་མྱང་ས་པའི་གྱིར། །འཁོར་བ་དག་ནི་རྒྱུན་མི་གཅོད ། །ད་གྲ་ནི་གསོས་ནས་དུར་ཁྲོད་འཇུག་།དོན་མེད་སྡུག་བསྔལ་མང་པོ་མོང ། །ལུས་འདི་མི་གཙང་རོ་དང་འདྲ ། །བུ་ག་དགྱུ་ནས་མི་ག་ཙང་འཛག ། སྲིན་བུ་མི་ག་ཙང་མོས་པ་བཞིན། །བླུན་པོ་ལུས་སྲེད་དེ་དང་འདྲ ། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་འདོད་ལྔའི་རྩ་བ་ཡིན། ། མཁས་པ་དག་ནི་མི་རྟོག་པ། །འདོད་ལྔ་དག་ནི་འགག་པར་འགྱུར། །ལོག་རྟོག་ལས་ནི་འདོད་ཆེན་སྐྱེ། །འདོད་ཆེན་ལས་ནི་ཉོན་མོང་ས་སྐྱེ། །ཡང་དག་དྲན་ལ་ཞེན་མེད་པས། ། ཉོན་མོང་ས་ལྷག་མའང་ཟད་པར་འགྱུར།། ། བམ་པོ་བཞི་པ། གང་པོ་དགེ་སློང་ཤིན་ཏུ་བརྟན་པས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བ་ཅད་པ་བཞི་པོ་འདི་དག་ཡི་གེར་བྱིས་པ་དགེ་སློང་དམ་ཤི་རི་རི་
42-572
ཕུག་དབེན་པར་སོང་བས་ཡུན་རིང་ཞིག་ལོན་ནས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བ་ཅད་པ་བཞི་པོ་འདི་དག་ཡི་གེར་བྱིས་པ་མཐོང་ནས་ཁ་ཏོན་དུ་བསླབས་ཏེ ། དེའི་དོན་གང་ཡིན་པ་ཡིད་ལ་བྱས་པ་དང ། རིང་པོ་མ་ལོན་པརམངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷ་སྔོན་ཞུགས་ལ་བཞེན་པའི་གནས་སུ་གྱིན་ནས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས། སྐྱིལ་མོ་ཀྲུང་བ་ཅས་ཏེ་འདུག་ནས་འདི་སྐད་ཅེས་བདག་གིས་གནས་འདིར་དེ་བཞིན་གཤེགས་པ་ཡང་མ་མཐོང ། ཆོས་གཞན་ཡང་མ་ཐོས་ཀྱི་བར་དུ་འདི་ལས་མི་ལྡང་ངོ་ཞེས་ཡི་དམ་བ་ཅས་སོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་གསུངས་པའི་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་ཞེས་བྱ་བ་བརྒྱ་བྱིན་ལྷའི་དབང་པོས་ཁ་ཏོན་དུ་ཤེས་པས་བརྒྱ་བྱིན་ལྷའི་དབང་པོས་དགེ་སློང་དམ་ཤི་རིའི་ལྷག་པའི་བསམ་པ་སེམས་ཀྱིས་རྟོགས་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་བབས་ཏེ། དེའི་དྲུང་དུ་ཕྱིན་ནས་དེ་ལ་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་དེ་ཡང་དག་པར་བཤད་དོ། །གཞན་ཡང་མང་དུ་ཐོས་པའི་དངོས་གཞིའི་ཚིག་བཞི་དང ། རྣམ་པ་སྣ་ཚོགས་ཀྱི་ཚིག་བདུན་དང ། སྒོའི་ཚིག་བཅུ་བཞི་པ་ཞེས་བྱ་བའི་གཟུང་ས་ཀྱང་བྱིན་ནོ། །ད་གེ་སློང་དམ་ཤི་རིས་ཐོས་ནས་ཀྱང་ཁ་ཏོན་དུ་བཏོན་ཏེ་ཡོངས་སུ་བཟུང་བས་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷྭ་ས་གསུངས་པའི་མདོ་སྡེ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་རང་གི་ང་ང་གིས་སེམས་ལ་སྣང་བར་གྱུར་ཏོ། །གཞན་ཡང་དེ་བཞིན་གཤེགས་པ་མེ་རོགན་དྷྭ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བ་ཅས་པ་དང ། བཞུགུས་པའི་གནས་དྲི་
42-573
ག་ཙང་ཁང་དང ། གད་ན་ཁྲི་དང་འཁོར་བཞི་པོ་རྣམས་དང ། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འབྲེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དང་བ་ཅས་པའི་འཁོར་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ ། །ད་གེ་སློང་དམ་ཤི་རི་ཡང་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་པས་འདུག་པའི་སྟན་ལས་ལང་ས་ནས་མཐར་གྱིས་རང་གི་ཡུལ་དུ་སོང་སྟེ་ཕ་མའི་དྲུང་དུ་གྱིན་ནས་ཕ་མ་ལ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་དུ་གྱ་ནོམ་པའི་མདོ་སྡེ་རྣམས་ཡང་དག་པར་བཤད་ནས། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་ཡོན་ཏན་གྱི་བསྔགས་པ་རབ་ཏུ་བརྗོད་པས། གང་པོ་དེའི་ཚེ་དགེ་སློང་དམ་ཤི་རིའི་ཕ་མ་དང ། ནང་གི་བརྩུན་མོ་དང ། བློན་པོ་ཆེན་པོ་དང ། འཁོར་རྣམས་ཀྱིས་ཚོས་དེ་ཐོས་ནས་ཤིན་དུ་མངོན་པར་ཡིད་ཆེས་པར་གྱུར་པས་གུས་པའི་སེམས་ཀྱིས་དགེ་སློང་དམ་ཤི་རི་ལ་འདི་སྐད་ཅེས་སྨྲས ། །བཙུན་པ་བདག་ཅག་ཡོངས་སུ་བསྐྱབ་ཅིང་དེ་བཞིན་གཤེགས་པ་མེ་རོ་གན་དྷྭའི་བསྟན་པ་ལ་རབ་ཏུ་དབྱུང་དུ་གསོལ་ཞེས། གང་པོ་དེའི་ཚེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་རྒྱལ་པོ་དང ། བཙུན་མོ་རབ་ཏུ་བྱུང་བའི་རྗེས་སུ་དུས་གཅིག་ཏུ་རབ་ཏུ་བྱུང་བར་གྱུར་ཏོ། །རབ་ཏུ་བྱུང་ནས་ཐམས་ཅད་ཀྱི་མིང་དམ་ཤི་རིའི་ཚོགས་ཀྱི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། གང་པོ་དགེ་སློང་དམ་ཤི་རིས་དེ་ལྟར་དེ་བཞིན་གཤེགས་པ་མེ་རོ་གན་བྷའི་བསྟན་པ་ལ་སླར་རྒྱས་པར་བྱས་ནས་སེམས་ཅན་མང་པོ་བདེ་བ་ལ་ཡང་དག་པར་བཀོད་དོ། །སྔོན་གྱི་ཚེ་རབས་ཀྱི་བྱམས་པ་དང ། སྙིང་ཇེ་ཆེན་པོའི་སེམས་ཀྱིས་དམ་པའི་ཆོས་བསྲུང་བར་སྨོན་ལམ་བཏབ་པའི་ཕྱིར་དེའི་ཚེ་དགེ་སློང་
42-574
དམ་ཤི་རི་ལྗོང་ས་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷྭ་དང་དེའི་ཉན་ཐོས་ཀྱི་བསྔགས་པ་ཡང་བརྗོད ། གཞན་ཡང་ཡོངས་སུ་དག་ཅིང ། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་དེའི་ཚེ་དགེ་སློང་དམ་ཤི་རི་ཡང་སྐྱེ་བོ་མང་པོ་ཀུན་གྱིས་མཆོད་ཅིང་རིམ་གྲོ་དང ། བཀུར་སྟི་དང ། བླ་མར་བྱས་ཤིང་བསྔགས་པ་བརྗོད་པས་སྙན་པའི་གྲགས་པ་ཡང་ཀུན་ཏུ་གྲགས་པར་གྱུར་ཏོ། །གང་པོ་དགེ་སློང་དམ་ཤི་རིས་དེ་ལྟར་སེམས་ཅན་མང་པོའི་དོན་རྒྱ་ཆེར་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང ། དེའི་སློབ་མ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་ལྷན་ཅིག་འདུ་ས་ཏེ། སྤོས་ཀྱི་ཤིང་ཐམས་ཅད་སྦུང་ས་ནས་མཚོད་པ་བྱས་ཏེ་བསྲེགས་ནས་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་གྲགས་གཉིས་ཡོད་པ་བརྩིགས་ཏེ། མེ་ཏོག་དང ། སྤོས་དང ། བྱུག་པ་དང ། སྤོས་ཀྱི་ཕྱེ་མ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་སྣ་ཚོགས་ཀྱིས་གུས་པར་མཆོད་ཅིང་རིམ་གྲོ་དང་བླ་མར་བྱས་ནས་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་དམ་ཤི་རི་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཤིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་རྒྱལ་རིགས་སུ་སྐྱེས་ནས་དྲན་པ་ཐོབ་པ་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་མེ་རོ་གན་དྷྭ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་སུམ་བརྒྱ་ལོན་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་གྱི་སྨོན་ལམ་དང་ཚེ་ར་བས་དྲན་པའི་ཤེས་པའི་དབང་གིས་སྒོ་རྣམས་ཀྱི་ཚིག་ཅེས་བྱ་
42-575
བའི་གཟུང་ས་ཀྱི་ཚིག་ཀྱང་རང་གི་ང་ང་གིས་སླར་ཐོབ་པར་གྱུར་ཏོ། །གཟུང་ས་ཐོབ་པའི་སྟོབས་ཀྱི་དབང་གིས་སྔན་མ་ཐོས་པའི་མདོ་སྡེ་རྣམས་སེམས་ཅན་ལ་རྒྱ་ཆེར་ཡང་དག་པར་བསྟན་གྱི་ཚེ་རབས་སྔ་མ་ལ་སྔར་བཤད་པར་གྱུར་པ་དག་ནི་མ་བསྟན་ཏོ། །གང་པོ་དེའི་ཚེ་དམ་ཤི་རིའི་དགེ་སློང་མང་པོ་རྣམས་ལས་གང་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང ། དགེ་བའི་རྩ་བ་ལྟུན་སྟུག་པ་གང་ཡིན་པ་དེ་དག་ནི་དྲན་པ་ཐོབ་པས་བསྟན་པའི་མདོ་སྡེ་རྣམས་ཐོས་པར་གྱུར་ན་ས་སེམས་ཀྱིས་རྗེས་སུཡི་རང་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྲེད ། གུས་པས་མཚོད་པ་བྱས་ནས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་ཡོངས་སུ་སྲུང་བར་བྲེད་དོ། །ད་གེ་སློང་དེ་དག་ལས་གང་གཟི་བྱིན་དང་ཡོན་ཏན་མེད་པ་དང ། དབང་པོ་རྟུལ་ཞིང་མི་གསལ་བ་དང ། དགེ་བའི་རྩ་བ་ཆུང་བ་དེ་དག་ནི་དགེ་སློང་དྲན་པ་ཐོབ་པས་གསར་དུ་བཤད་པའི་ཆོས་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་པ་ཡང་མེད ། དང་དུ་ལེན་པ་ཡང་མེད་ལ། འགལ་བ་དག་བྱས་ནས་སྐྱོན་འབྱིན་ཅིང་འདི་སྐད་དུ་འདི་ལྟ་བུའི་མདོ་སྡེ་འདི་དག་ནི་བདག་ཅག་གིས་མཁན་པོ་དང ། སློབ་དཔོན་ལས་ཀྱང་མ་ཐོས། སྔོན་སློབ་དཔོན་ཆེན་པོ་དམ་ཤི་རི་ལས་ཀྱང་མ་ཐོས་སོ་ཞེས་ཟིར་རོ། །གང་པོ་དེ་དག་ལས་གང་ཤེས་རབ་ཟབ་ཅིང་ཡང་དག་པའི་དོན་ལ་རྟོན་པ་དེ་དག་ནི་ཚིག་གི་རྗེས་སུ་མི་འབྲང་བར་དོན་ལ་རྟོན་པའི་ཕྱིར་སེམས་ཀྱིས་ཀྱང་འགལ་བར་མི་བྲེད་དོ། ། འགལ་བར་མི་བྲེད་པའི་ཕྱིར་དེ་བཞིན་གཤེགས་པ་མེ་རོ་གན་དྷྭའི་བསྟན་པ་ཡང་ཡང་དག་པར་སྲུང་བར་བྲེད་ལ། གུས་པས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་སྲུང་བར་བྲེད་དོ། །གང་པོ་དེའི་ཚེ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙིན་དང ། དགེ་བསྙེན་མའི་འཁོར་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དགེ་སློང་དྲན་
42-576
པ་ཐོབ་པས་བསྟན་པའི་མདོ་སྡེའི་ཆོས་ཀྱི་རྗེས་སུ་ཞུགུས་པར་གྱུར་ཏོ། །གང་པོ་དེའི་ཚེ་དམ་ཤི་རིའི་སློབ་མ་འཁོར་རྣམས་ལོགས་ཤིག་ཏུ་སྡེ་གཉིས་སུ་གྱིས་པར་གྱུར་ཏེ། གཅིག་གི་མིང་ནི་དམ་ཤི་རིའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། །གཅིག་གི་མིང་ནི་དྲན་པ་ཐོབ་པའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཀྱང་དེའི་ཚེ་དགེ་སློང་དྲན་པ་ཐོབ་པས་བདག་ནི་དམ་ཤི་རི་ཡིན་ནོ་ཞེས་ནི་མ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་དམ་ཤི་རི་ནི་མང་པོ་ཀུན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་གྱི། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་ཟེར་བས་གལ་ཏེ་བདག་ཤིད་ཀྱིས་སྨྲས་པར་གྱུར་ན། མང་པོ་ཀུན་ཐེ་ཚོམ་ཟ་བར་གྱུར་པ་དང ། དགེ་སློང་དྲན་པ་ཐོབཔ་ནི་དེའི་ཚེ་མང་པོ་ཀུན་གྱིས་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་གྱི། དགྲ་བཅོམ་པ་ནི་མ་ཡིན་ནོ་ཞེས་ཟེར་བས ། །གང་པོ་དགེ་སློང་དྲན་པ་ཐོབ་པས་དེ་ལྟར་རྒྱ་ཆེར་སེམས་ཅན་རྣམས་ལ་ཕན་བཏགས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པར་གྱུར་པ་དང ། དེའི་སློབ་མ་མང་པོ་རྣམས་ཀྱིས་སྤོས་ཀྱི་ཤིང་ཐམས་ཅད་སྤྱུང་ས་ནས་མཆོད་པ་བྱས་ཏེ་བསྲེགས་སོ། །འཁོར་བཞི་པོ་རྣམས་འདུས་ནས་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་པ་བྱ་བའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་ནས་སྤོས་དང ། མེ་ཏོག་དང ། སྤོས་ཀྱི་བྲེ་མ་དང ། བྱུག་པ་དང ། ཕྲེང་བ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་དྲན་པ་ཐོབ་པ་འཆི་ཀའི་དུས་ཀྱི་ཚེ་བདག་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་ཁྱིམ་བདག་གི་རིགས་ཤིང་
42-577
སཱ་ལ་ཆེན་པོ་ལྟ་བུར་སྐྱེས་པར་གྱུར་ཏེ། དེའི་མིང་ནིཡ་ཤ་ཞེས་བྱ་བར་གྱུར་ཏོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པར་གྱུར་པས་དེ་བཞིན་གཤེགས་པ་ཐེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་པའི་བསྟན་པ་ལ་ལོ་བདུན་ལོན་ཏེ་ར་བ་ཏུ་བྱུང་ནས་གཟུང་ས་རྣམས་ཐོབ་པར་གྱུར་ཏོ། །གཟུངས་ཐོབ་པའི་མཐུས་སྐྱེ་བོ་མང་པོ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྣམས་ཡང་དག་པར་བསྟན་ཏོ། །དེའི་ཚེ་དགེ་སློང་དྲན་པ་ཐོབ་པའི་དགེ་སློང་རྣམས་དང ། དམ་ཤི་རིའི་དགེ་སློང་རྣམས་ལས་གང་དགེ་བའི་རྩ་བ་ལྷུན་སྟུག་པ་དེ་དག་ནི་ཡ་ཤས་བསྟན་པའི་ཆོས་རྣམས་ཐོས་ནས་སེམས་རབ་ཏུ་དགའ་ཞིང་ཐམས་ཅད་ཀྱིས་ཚོས་ཀྱི་བདེ་བ་ཐོབ་པར་གྱུར་ཏོ། ། གང་པོ་དགེ་སློང་མང་པོ་དེ་དག་ཡང་དག་པའི་དོན་ལ་རྟོན་ཅིང་ཚིག་གི་རྗེས་སུ་འབྲང་བར་ཀྱང་མི་བྲེད་པས་དེའི་ཕྱིར་དགེ་སློང་ཡ་ཤས་སྔོན་མ་ཐོས་པའི་མདོ་སྡེ་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་ཏུ་ཟབ་པ། དོན་དམ་པའི་རྗེས་སུ་འཐུན་པ་དག་ཡང་དག་པར་བསྟན་པ་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྲེད། འགལ་བ་མེད་པར་ཡང་དག་པར་ལེན་ཅིང་ཁ་ཏོན་དུ་འདོན་པར་བྲེད་དེ། ཇི་སྐད་བསྟན་པ་བཞིན་དུ་རྗེས་སུ་བསྒྲུབས་པར་གྱུར་ཏོ། །གང་པོ་དགེ་སློང་དེ་དག་ལས་གང་དབང་པོ་རྟུལ་ཞིང་མི་གསལ་བ་དང ། དགེ་བའི་རྩ་བ་ལྟུན་མི་སྟུག་པ་དེ་དག་ནི་དགེ་སློང་ཡ་ཤ་ལས་སྔོན་མ་ཐོས་པའི་མདོ་སྡེ་དོན་དམ་པའི་རྗེས་སུ་འཐུན་པ། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་ཏུ་ཟབ་པ་དག་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་ཡང་མི་བྲེད། འགལ་བ་བྱས་ནས་འཇིག་ཅིང་དམོད་པར་བྲེད་དེ། འདི་སྐད་དུ་འདི་ལྟ་བུའི་ཆོས་འདི་ནི་བདག་ཅག་གིས་མཁན་པོ་དང ། སློབ་
42-578
དཔོན་ལས་ཀྱང་མ་ཐོས། སྔོན་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དྲན་པ་ཐོབ་པ་ལས་ཀྱང་མ་ཐོས་སོ་ཞེས་ཟིར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ལས་ཆོས་ཐོས་ནས་རབ་ཏུ་དགའ་བ་དང ། སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་དང་དུ་བླང་ས་པ་དེ་དག་ཐམས་ཅད་ནི་དམ་ཤི་རིའི་དགེ་སློང་རྣམས་དང ། དྲན་པ་ཐོབ་པའི་དགེ་སླང་རྣམས་ཀྱིས་ལྡང་ཞིང་ཕྲག་དོག་གིས་དམད་ནས་ལྷན་ཅིག་གནས་སུ་ཡང་མི་སྟེར། ལྷན་ཅིག་ཀློག་པ་དང ། ཁ་ཏོན་འདོན་པ་དང ། ཆོས་བཤད་དུ་ཡང་མི་སྟེར་ཏེ། སྐུར་པ་བཏབ་ནས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། སྟོན་པ་ཆེན་པོའི་བསྟན་པ་ཡང་མ་ཡིན་ནོ་ཞེས་ཟིར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ས་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་རྒྱ་ཆེར་ཡང་དག་པར་སྤེལ་ནས་གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་རྣམས་ལ་ཚོས་བསྟན་ཅིང་ཕན་པ་མང་པོ་བྱས་པས་སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ད་གེ་སློང་ཡ་ཤས་དེ་ལྟར་ཕན་པ་མང་པོ་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང ། དགེ་སློང་ཡ་ཤའི་རྗེས་སུ་བྱོགས་པའི་སྐྱེ་བོ་བདུན་ཁྲི་ལོད་པ་དེ་དག་གིས་དགེ་སློང་ཡ་ཤའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་བདུན་ཁྲི་བརྩིགས་ནས་སྤོས་དང་མེ་ཏོག་དང ། སྤོས་ཀྱི་ཕྱེ་མ་དང ། བྱུག་པ་དང ། ཕྲེང་བ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་མང་པོ་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་ཡ་ཤས་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་འཆི་བའི་དུས་བྱས་པའི་འོག་ཏུ་སྨོན་ལམ་བ་ཏབ་པ་བཞིན་དུ་ཡང་
42-579
རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ་དེའི་ཚེ་ལྷ་མང་པོ་རྣམས་ཀྱིས་སྒྲ་ཆེན་པོ་ཕྱུང་སྟེ། འདི་སྐད་དུ་གྱེ་དེང་རྒྱལ་པོའི་བུ་བ་ཙས་པ་འདི་ནི་སེམས་ཅན་ལ་ཕན་པ་མང་པོ་བྲེད་པ་ཡིན་ནོ་ཞེས་བསྒྲགས་པས། སྒྲ་དེའི་རྗེས་སུ་མིང་ཡང་རབ་ཏུ་འདྲེན་པ་ཞེས་བཏགས་སོ། །དེ་ལོ་བཅུ་བཞི་ལོན་པ་དང ། དེ་བཞིན་གཤེགས་པ་མེ་རོ་གན་དྷྭ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལོ་ལྔ་བརྒྱ་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་ཡང་མདོ་སྡེ་དང ། བསྟན་བཅོས་མང་པོ་རྒྱ་ཆེར་ཁ་ཏོན་དུ་འདོན་པ་དང ། མང་དུ་ཐོས་ཤིང་ཟབ་མོ་ལ་འཇུག་པ་དང ། ཚིག་འཔུ?་དང ། སྤོབས་པ་ཡོངས་སུ་དག་པ་དང ། ཆོས་བསྟན་པའི་ཐབས་ལ་རབ་ཏུ་མཁས་པར་གྱུར་ཏོ། །གང་པོ་དགེ་སློང་ར་བ་ཏུ་འདྲེན་པ་དེ་གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས། དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་རྒྱ་ཆེར་སྤེལ་ནས་ཕན་པ་མང་པོ་བྱས་སོ། །དེའི་ཚེ་དམ་ཤིརི་དང ། དྲན་པ་ཐོབ་པ་དང ། ཡ་ཤའི་དགེ་སློང་གི་ཚོགས་རྣམས་གཅིག་ཏུ་འདུས་ནས་རབ་ཏུ་འདྲེན་པའི་ཐད་དུ་འོང་ས་ཏེ། དེའི་བསྟན་པ་དག་གཞིག་ཅིང་སྐུར་པ་བཏབ་པར་བཤམས་སོ། །དེ་ནས་དེའི་ཚེ་དགེ་སྤོང་རབ་ཏུ་འདེན་པས་དགེ་སློང་མང་པོ་འོང་ས་པར་རིག་ནས་འདི་སྐད་དུ་རྒྱེ་དགེ་སློང་མང་པོ་ཁྱེད་དངོས་པོ་ཅི་ཞིག་གིས་ནིགོལ་བར་སེམས། དངོས་པོ་གང་ཞིག་ནི་འདྲི་བར་སེམས་ཞེས་སྨྲས་པ་དང ། དགེ་སློང་མང་པོ་རྣམས་དེ་སྐད་སྨྲས་པ་ཐོས་ནས་མྱ་ངན་གྱིས་ནོན་ཅིང་མི་བདེ་བར་གྱུར་པས་ཅང་མི་ཟེར་བར་གྱུར་ཏེ། དགེ་སློང་རབ་ཏུ་འདེན་པ་ལ་བགེགས་བྱ་བར་ཡང་མ་ནུས ། །གང་པོ་བྱང་ཆུབ་སེམས་དཔའ་དེ་ཇི་སི?་དུ་འཇིག་རྟེན་ན་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་
42-580
ཡང་རྒྱས་ཤིང་རབ་ཏུ་འཕེལ་བར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །ད་གེ་སློང་རབ་ཏུ་འདེན་པ་དེ་མ་འོང་ས་པའི་དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་མང་པོའི་ཆེད་དུ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་མདོ་སྡེ་ཟབ་མོ་ཡང་དག་པར་བསྟན་པས་སྲོག་ཆགས་བྲེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་འཆི་བའི་དུས་བྱས་པའི་འོག་ཏུ་ཐམས་ཅད་ཀྱང་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །གང་པོ་དགེ་སློང་རབ་ཏུ་འདྲེན་པས་དེ་ལྟར་ཕན་པ་བྱས་ནས་དེ་གང་གི་ནུབ་མོ་འཆི་བའི་དུས་བྱས་པ་དེའི་ཕྱི་དེ་ཉིན་པར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ནུབ་པར་གྱུར་པའི་ཕྱིར་མདོ་སྣེ་ཟབ་མོ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་ཆོས་རྣམས་ཀྱང་ནུབ་པར་གྱུར་ཏོ། །གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མདོ་སྡེ་ཟབ་མོ་དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བདག་ཉིད་ཀྱི་དགེ་བའི་རྩ་བ་དང ། བསོད་ནམས་ཀྱང་ཕུན་སུམ་ཚོགས་པར་བྲེད་པ་ཡིན་ནོ། །གང་པོ་བྱང་ཆུབ་སེམས་དཔའ་རབ་ཏུ་འདེན་པ་དེ་འཆི་བའི་དུས་བྱས་པའི་འོག་ཏུ་ཞིང་དེ་ཉིད་ཀྱི་སྟེང་གི་བྱོགས་ཀྱི་འཇིག་རྟེན་གྱི་ཁམས་བརྩུ་པར་སྐྱེས་པར་གྱུར་ཏེ། དེའི་ཚེ་ཞིང་དེའི་སངས་རྒྱས་ཀྱི་མཚན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་པའི་སྤྱན་ཞེས་བྱ་སྟེ། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་རབས་སྔ་མའི་དགེ་བའི་རྩ་བ་
42-581
དང ། བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང ། སྤོབས་པརྡུགས་པ་མེད་ཅིང་མྱུར་ལ་ཐོགས་པ་མེད་པར་གྱུར་ཏོ། །ད་གེ་སློང་རབ་ཏུ་འདྲེན་པ་དེ་དེ་བཞིན་གཤེགས་པ་ལེགས་པའི་སྤྱན་གྱི་བསྟན་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དགེ་བའི་ཆོས་རྣམས་མངོན་པར་བསྒྲུབས་ནས་འཆི་བའི་དུས་བྱས་པ་དང ། སླར་ཡང་དེ་ཉིད་དུ་དེ་བཞིན་གཤེགས་པ་རབ་ཏུ་འཕེལ་བའི་དཔུང་པ་ཞེས་བྱ་བ་དང་ཕྲད་པར་གྱུར་ནས་སངས་རྒྱས་དེའི་བསྟན་པ་ལ་ར་བ་ཏུ་བྱུང་སྟེ། དགེ་བའི་རྩ་བ་རྣམས་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེ་ནས་འཆི་བའི་དུས་བྱས་པའི་འོག་ཏུ་སླར་ཡང་ཞིང་དེ་ཉིད་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བའི་སྤྱོད་པ་དང་ཕྲད་པར་གྱུར་ཏེ། སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལོ་བདུན་ཁྲིའི་བར་དུ་ནན་ཏན་བརྩོན་འགྲུས་ཀྱིས་དགེ་བའི་རྩ་བ་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེའི་ཚེ་དེའི་མིང་ནི་ཤུ་ལ་ཞེས་བྱ་སྟེ་དེ་བཞིན་གཤེགས་པ་གདོན་མི་ཟ་བའི་སྤྱོད་པ་དེས་འདི་སྐད་དུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཤུ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མི་མངའ་བའི་སྤྱན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་
42-582
རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཟབམོ་ཡི ། །རྣམ་དག་ངེས་པའི་ཆོས་ཐོས་ནས། །བདག་ཉིད་དེ་ལ་གནས་བྲེད་ཅིང ། གཞན་དག་ལ་ཡང་སྟོན་པར་བྲེད ། །འཇིག་རྟེན་གཏིང་ནི་མི་དཔོགས་ཀྱང ། །བྱང་ཆུབ་སེམས་དཔའ་བྱིང་མི་འགྱུར། །ཚུལ་ཁྲིམས་རྣམ་དག་རབ་གནས་ནས། །རྒྱ་ཆེར་སེམས་ཅན་ཕན་ཡང་འདོགས། ། གླེང་གཞི་དང་ནི་རྟོགས་པ་བརྗོད ། །སངས་རྒྱས་ལམ་ཞེས་འཁོར་ལ་སྟོན། ། སངས་རྒྱས་རྣམས་ཀྱིས་གསུངས་པས་ན། །འདི་ནི་ངེས་པའི་ཆོས་ཡིན་ན་ནོ། ། བྱང་ཆུབ་སེམས་དཔའ་ཕན་སྤྱོད་པ། ། སེམས་ཅན་ལ་ནི་ཕན་ཡང་འདོགས། ། སངས་རྒྱས་ཚོས་རྣམས་སྲུང་བྲེད་ཅིང ། །འཁོར་ལ་བྱང་ཆུབ་འདེམས་པར་བྲེད ། །སེམས་ཅན་དག་གི་ཆོས་བཞིན་དོན ། །བྱང་ཆུབ་སེམས་དཔས་ཐམས་ཅད་བྲེད ། །འཁོར་ལ་སངས་རྒྱས་ལམ་སྟོན་པས། །བྱང་ཆུབ་སེམས་ནི་ཉེ་བར་འགྱུར། །སངས་རྒྱས་ལམ་ནི་སྲུང་བྲེད་ཅིང ། །སེམས་ཅན་རྒྱ་ཆེར་ཕན་འདོགས་པས། །ལྷ་དང་ཀླུ་དང་འབེ་སྲིན་དང ། །གང་ཟག་ཆེན་པོས་བཀུར་བར་འགྱུར། ། དེ་ཕྱིར་རྣམ་པར་དག་པ་ཡི། །སྟོང་ཟབ་གྱ་ནོམ་ཆོས་ཐོས་ནས། ། རྩེ་གཅིག་སེམས་ཤིང་གཉེར་བྲེ་དན། །ཤེས་རབ་དག་ནི་འཕེལ་བར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་བྲེད་དེ། སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར་དགེ་བའི་རྩ་བ་དང ། བསོད་ནམས་ཕུན་སུམ་ཚོགས་པརབྱེད་པར་འགྱུར་རོ། །དེ་ལ་སྤྱོད་པ་གང་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྤྱིན་པ་ཡོངས་ཨུ་གཏོང་བར་བྲེད ། ཚུལ་ཁྲིམས་སྲུང་བར་བྲེད ། བཟོད་པ་སྒོམ་པར་བྲེད ། བཅོན་འགྲུས་རྩོམ་པར་
42-583
བྲེད ། བསམ་གཏན་ལ་མཉམ་པར་འཇོག་པར་བྲེད ། ཤེས་རབ་དང་ཐབས་མཁས་པ་སྒོམ་པར་བྲེད་དོ། །བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གང་ཞེ་ན ། བྱང་ཆུབ་སེམས་དཔས་གང་ལས་མདོ་སྡེ་དེ་ལྟ་བུ་དག་རྗེས་སུ་བསྟན་པའི་ཐབས་མཁས་པ་འཐོབ་པར་འགྱུར་བ ། སངས་རྒྱས་དང ། ཉན་ཐོས་དང ། ལྷག་པའི་བསམ་པས་བྱང་ཆུབ་དོན་དུ་གཉེར་བར་བྲེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དགི་བའི་བཤེས་གཉེན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཚོས་བཞིཔ་འདི་དང་ལྡན་པར་གྱུར་ན་ལོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་ར། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། ང་ས་ནི་བྱང་ཆུབ་སེམས་དཔའ་རྣམས། །སྤྱད་པར་བྱ་བའི་ཆོས་དག་ནི། །སྤྱིན་པ་བཏང་ནས་རབ་དགའ་ཞིང ། །འརྒྱོད་པ་མེད་པ་ཡིན་ཞེས་བཤད ། །དེ་ལ་དགའ་བ་གང་ཞེ་ན། །ད་གའ་བས་ལུས་ཀུན་ཁྱབ་པ་ཡིན། །རྟག་ཏུ་དགའ་སེམས་འདི་ཡིས་ནི། །བྱང་ཆུབ་ལམ་ནི་སྤྱད་པར་བྱ། །བྱང་ཆུབ་སེམས་དཔས་སྤྱིན་བཏང་ནས། །བྱང་ཆུབ་ཏུ་ནི་སྔོ་བྲེད་ཅིང ། ། སེམས་ཅན་རྣམས་ལ་ཕན་འདོགས་ན། །རང་དོན་དཔག་མེད་ཐོབ་པར་འགྱུར། །སློང་བ་དག་ནི་མཐོང་གྱུར་ན། །སངས་རྒྱས་འདུ་ཤེས་རབ་བསྐྱེད་དེ། །དེ་རིང་འདིར་ནི་འདི་འོང་ས་པས། །བདག་ལ་བྱང་ཆུབ་ལམ་ཡང་བྱིན། །བདག་ནིའདི་ཡི་དབང་གིས་ན། །རྣམ་དག་ཞིང་ནི་ཐོབ་པར་འགྱུར། །འདི་ཡིས་བདག་ལ་སངས་རྒྱས་བས་བསྟན། །བདག་ལ་སངས་རྒྱས་ལམ་སྟོན་བྲེད ། །དེང་བདག་འདི་དང་ཕྲད་པས་ན། །རྙེད་པ་ཆེན་པོ་རབ་རྙེད་ཅེས། །ད་གའ་བས་ལུས་ཀུན་ཁྱབ་ནས་ནི། །དངོས་པོ་གཞན་ལ་མོས་མི་བྲེད ། །ད་གའ་ཞིང་དྲུང་དུ་འོང་ས་
42-584
གྱུར་ན། །རྒྱང་ནས་གསོང་པོར་སྨྲ་བར་བྱེད ། །ཁྱོད་ནི་དངོས་པོ་ཅི་ཞིག་འདོད ། །བདག་གིས་ཟད་པར་སྤྱིན་ཞེས་ཟེར། །གལ་ཏེ་དགོས་པ་མེད་ཟིར་ན། །བྱང་ཆུབ་སེམས་དཔའ་རབ་དགའ་ཞིང ། །འདིས་བདག་གདུལ་བར་འདོད་པའི་གྱིར། །ད་གོས་པ་མེད་ཅེས་ཟེར་བར་ཟད ། །འཕགས་པ་འདིས་ནི་གང་མོས་པའི ། །འདོད་ཉུང་ཚོག་ཤེས་ཆོས་ཀྱིས་ནི། །འདིར་འོང་ས་བདག་ལ་གོ་བྱས་ནས། །བྱང་ཆུབ་རྐྱེན་ནི་ཐོབ་པར་བྲེད ། །དེང་བདག་གང་ཟག་འདི་ཡི་རྒྱུས། །རྗེས་སུ་བསྟན་པའི་ཆོས་ཀྱང་ཐོབ། །ཁྱེད་ཀྱིས་དགོས་མེད་གང་སྨྲས་པ། །ཚིག་འདི་ལེགས་པ་ཡིན་ཞེས་ཟིར། །དངོས་པོ་འདི་ནི་འདོད་ཟིར་ཞིང ། །བདག་ལ་བྱིན་ཅིག་ཟིར་ན་ཡང ། །བྱང་ཆུབ་སེམས་དཔས་ཅི་བདོག་པ། །ཐམས་ཅད་དགའ་བས་ཁྱེར་ཞེས་ཟེར། །གལ་ཏེ་སྤྱིན་པ་བཏང་ནས་ནི། །གྱིས་ཀྱང་འརྒྱོད་པ་མེད་གྱུར་ན། །སངས་རྒྱས་ལམ་ནི་དྲན་པའི་གྱིར། །སེམས་ནི་རྟག་ཏུ་དགའ་བ་འཐོབ། །སེམས་ཅན་ཀུན་ལ་སྐལ་ཡོད་པས། །ཐམས་ཅད་ཕོང་ས་པ་མེད་འགྱུར་ཞིང ། །མ་ལུས་ཐམས་ཅད་ཚིམ་བྱ་ཞེས། །སྤྱིན་པ་གཏོང་ཚེ་སྔོ་བར་བྲེད ། །བྱང་ཆུབ་ལམ་ནི་སྤྱོད་པའི་ཚེ། ། སེམས་ཅན་བདག་གི་མིང་ཐོས་པ། །རང་གི་ང་ང་གིས་ཚོག་ཤེས་ཤིང ། །སེར་སྣ་ཆགས་སེམས་མེད་པར་ཤོག་།བདག་གི་ཡུལ་གྱི་སེམས་ཅན་ཀུན། །ལམ་སྤྱོད་ཐམས་ཅད་ཚོག་ཤེས་ཤིང ། །འདོད་ལྔ་ཆགས་པ་ཀུན་སྤང་ས་ན ། ། ཐམས་ཅད་རབ་འབྱུང་མོས་པར་ཤོག་།དེ་འདྲའི་སྤྱོད་པ་ཚད་མེད་དང ། ། སྤྱིན་པ་ཡོངས་སུ་བསྔོས་པ་ཡིས། །རྟག་པར་སྤྱིན་པ་རབ་གཏོང་ཞིང ། །སེམས་ཅན་བདག་རྗེས་སློབ་པར་ཤོག་།བྱང་ཆུབ་སེམས་དཔས་སྤྱིན་གཏོང་ཚེ། ། བྱམས་སེམས་སེམས་ཅན་ཁྱབ་པས་ན། །འཇིག་རྟེན་དག་ནི་ཐམས་ཅད་ན། །
42-585
དེ་འདྲའི་བདེ་བ་ཡོང་མེད་དོ། །ད་པེར་ན་ཁྱིམ་བདག་ཕྱུག་པོ་ཞིག་།ནོར་དང་རིན་ཆེན་ཤིན་ཏུ་མང ། །བུ་ནིགཅིག་ཅིག་ཡོད་པ་ལས། །ལོ་ནི་མང་པོར་ལམ་རིང་སོང ། །ཁྱིམ་བདག་པུ་འོང་ས་ཐོས་གྱུར་ནས། །ད་གའ་བས་ལུས་ཀུན་ཁྱབ་འགྱུར་ཞིང ། །ཡུན་རིང་ལོན་ནས་དེང་འོང་ས་ཤེས། །ད་གདོད་བ་ཙས་བཞིན་རབ་ཏུ་དག ། །བྱང་ཆུབ་སེམས་དཔས་སློང་མཐོང་ན།། དེ་ཡི་སེམས་ནི་རབ་ཏུ་དགའ། ། ཁྱིམ་བདག་དེའི་དགའ་བས་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྤྱིན་པ་གཏོང་བར་ཐོས་གྱུར་ན། །དེ་ཡི་སེམས་ནི་རབ་དགའ་བས། ། བྱམས་སེམས་ལས་བྱུང་དགའ་བ་ཡི། །དཔེ་ཟླ་དག་ནི་ཡོང་མེད་དོ། །ཇི་ལྟར་རྒྱལ་པོས་ཉེས་བྱུང་བ། །ཡན་ལག་གཏུབས་ཞས་བསྒོ་བས་ན། །གསོད་པས་གསད་སར་ཁྲིད་ནས་ནི། །མཚོན་གྱིསགད་བ་པར་གཟས་པ་དང ། །རྒྱལ་པོས་ལོང་ས་སྤྱོད་ཐབས་བྱིན་ན། །མི་དེའི་རབ་ཏུ་དགའ་བས་ཀྱང ། །བྱང་ཆུབ་སེམས་དཔས་ཕོང་ས་པ་ལ། །སྦྱིན་བཏང་དགའ་བ་ཙམ་མི་ཕོད། །བྱང་ཆུབ་སེམས་དཔའ་ལམ་སྒོམ་ཚེ། །བསོད་ནམས་ཞིང་ནི་མི་ཚོལ་གྱི། །སློང་བ་ལོད་ན་གཏོང་བྲེད་པ། །དེ་ཕྱིར་དགའ་བ་ཆེན་པོ་ཐོབ།། བྱང་ཆུབ་སེམས་དཔའ་སངས་རྒྱས་དང ། །ད་གྲ་བཅོམ་རང་རྒྱལམཐོང་གྱུར་ན། །གུས་སེམས་ཕྲད་དཀའ་རིག་པས་ན། །དེ་ཕྱིར་དྲུང་འགྲོ་མཆོད་པར་བྲེད ། །བྱང་ཆུབ་སེམས་དཔའ་གཟི་བྱིན་ལྡན། །གསལ་རྣོ་སེམས་ནི་དུལ་བས་ན། །ཡོན་ཏན་མོས་ཤིང་ལམ་གཉེར་གྱིར། །སངས་རྒྱས་དགེ་འདུན་མཆོད་པར་བྲེད ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། །དེ་ཡི་ཉན་ཐོས་མ་གཏོགས་པར། །ལྷག་པའི་བསམ་དང་གུས་སེམས་ཀྱིས། །ལྷཀླུ་གཞན་ནི་མཚོད་མི་བྲེད ། །གལ་ཏེ་རང་རྒྱལ་འགའ་ཞིག་གིས། །རང་བྱུང་མྱ་ངན་
42-586
འདས་ཐོབ་པ ། །དེ་འདྲའི་ཡོན་ཏན་བདན་མཐོང་ན ། །དེ་ལ་ཡང་ནི་མཆོད་པ་བྲེད ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཞིང ། །དགེ་དང་མི་དགེ་རིག་པས་ན། །འཇིག་རྟེནམཁས་པ་གང་ཡིན་པའི། ། མྱུ་སྟེགས་སྡིག་ཅན་མཆོད་མི་བྲེད ། །ཚུལ་ཁྲིམས་བྱོགས་ལ་རབ་གནས་ཤིང ། །བྱམས་སེམས་སེམས་ཅན་ཀུན་ལ་ཁྱབ། །བརྩོན་འགྲུས་དག་ཀྱང་དཔེ་ཟླ་མེད ། །བཟོད་ཤེས་མང་ཐོས་རྒྱ་ཡང་ཆེ། །དེ་འདྲའི་ཡོན་ཏན་ལྡན་པས་ན། །འཇིག་རྟེན་ཀུན་གྱིག་ཙོར་གྱུར་ནས། །སངས་རྒྱས་བྱང་ཆུབ་མངོན་བྱས་ཏེ། །བླ་མེད་འཁོར་ལོ་སྐོར་བར་བྱིད ། །བྱང་ཆུབ་སེམས་དཔའ་དེའདྲ་ཡི། །ཆོས་བཞི་དག་ནི་སྒྲུབ་བྲེད་ན། །ད་གེ་བའི་རྩ་བ་ཇི་སྙེད་པ། །ཐམས་ཅད་ཀུན་ནི་མངོན་དུ་འགྱུར། །བསྐལ་པ་བྲེ་བ་གྲང་ས་མེད་དུ། །ཡོན་ཏན་རྣམས་ནི་གང་བསྒྲུབས་པ། །དེ་ཀུན་བྱང་ཆུབ་སེམས་དཔའི་ལམ། །འདིར་ནི་བསྡུ་བར་བྱ་བ་ཡིན ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་བྱམས་སེམས་བསྒོམ་པར་བྱ། ། རབ་བྱུང་རི་དང་ཚལ་གནས་ཤིང ། །ད་གོན་པའི་གནས་ལ་མོས་པར་བྱ། །རྟག་པར་ཤིན་དུ་རྣམ་དག་ཅིང ། །ཟབ་མོ་ངེས་པའི་ཆོས་བཙལ་ཏེ།། བྱང་ཆུབ་སྤྱོད་དང་ལྡན་བྱས་ནས། །དེ་ཡི་བདག་ཉིད་འཕེལ་བར་བྱ། ། དགེ་བའི་རྩ་བ་དང་ལྡན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྫུ་འཇུལ་གྱི་མཐུས་སྐུའི་སྦུའི་བུ་ག་ཀུན་ནས་འོད་ཟིར་བྲེ་བ་ཕྲག་བརྒྱ་སྟོང་དུ་མ་བགྱེའོ། །གཞན་ཡང་སྤུའི་བུ་ག་རེ་རེ་ཀུན་ནས་མེ་རབ་ཏུ་འབར་བའི་ཕུང་པོ་རི་རབ་ལྷུན་པོ་དང་མཉམ་པ་དག་བྱུང་བར་གྱུར་ཏོ། །གཞན་ཡང་སྦུའི་བུ་ག་རེ་རེ་ཀུན་ནས་དེ་
42-587
བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་བར་གྱུར་ཏེ། འཁོར་འདུས་པ་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་རྫུ་འཇུལ་གྱི་མཐུ་བསྟན་པ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་ལྟ་བུ་མངོན་དུ་མཛད་ནས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྦུའི་བུ་ག་ནས་བྱུང་བའི་རྫུ་འཕྲུལ་གྱི་མཐུ་མཐོང་ང་མ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས ། །གང་པོ་དེ་བཞིན་གཤེགས་པ་ནི་རྟག་པར་འདི་ལྟ་བུའི་རྫུ་འཇུལ་གྱི་མཐུ་དང་ལྡན་པ་རྒྱུན་ཆད་པ་མེད་པ་ཡིན་ན་དེང་ཉན་ཐོས་རྣམས་ནི་དེ་བཞིན་གཤེགས་པ་འདི་འབའ་ཞིག་ཏུ་བཞུགས་ནས་ཆོས་འཆད་པར་མཐོང་སྟེ། དནི་ཡང་དག་པར་ན་བྱོགས་བརྩུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྲེ་མ་སྙིད་ཀུན་དུ་རྒྱུན་ཆད་པ་མེད་པར་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེ་བཞིན་དུ་ཆོས་སྟོན་པར་མཛད་དེ། གང་པོ་གལ་ཏེ་འགའ་ཞིག་ཡང་དག་པའི་ཚིག་གིས་འདི་སྐད་དུ་མཚུང་ས་པ་མེད་ཅིང་དཔེ་ཟླ་མེད་པ་རྐང་གཉིས་ཀྱི་མཆོག་།བསོད་ནམས་ཀྱི་ཞིང་ཤིན་ཏུ་ཟབ་ཅིང་དཔག་པར་དཀའ་བ། སྤྱོད་པ་དཔག་ཏུ་མེད་པ་དང་ལྡན་པ། གོམ་པ་གཅིག་བོར་ན་ཡང་སེམས་ཅན་ཐམས་ཅད་ཀྱིས་སེམས་གང་དང ། སྤྱོད་པ་གང་གིས་རྐང་པ་བཏེག་ཅིང་བཞག་པ་ཤེས་པར་ཡང་མི་འགྱུར་ལ་གཞལ་བར་མི་ནུས་པ་དེ་གང་ཡིན་ཞེས་ཟིར་ན། དེ་ནི་ང་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ། གང་པོ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་དགོང་ས་པ་གང་དང ། བསམ་པ་གང་དང ། སྤྱོད་པ་གང་གིས་ཞབས་བཏེག་པ་དང་ཞབས་བཞག་པ་གཞལ་བར་མི་ནུས་པས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཇིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་
42-588
ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བཅོམ་ལྡན་དགོང་ས་པ་གང་དག་དང ། ། སྤྱོད་པ་གང་གིས་ཞབས་བཏེག་བཞག་།གཡོ་དང་མི་གཡོ་སེམས་ཅན་གྱིས། ། དངོས་པོ་འདི་ནི་རྟག་མི་རིག་།རྫུ་འཕྲུལ་མཐུ་ཡང་ཚད་མེད་དེ། །སྤྱོད་པ་དག་ཀྱང་ཚད་མེད་དོ། །ཡོན་ཏན་དག་ནི་ཚད་མེད་གྱིར། །མཆོག་ཏུ་མཐོ་ཞིང་གཙོ་བོར་གྱུར ། །བློ་གྲོས་ཆེན་པོ་ཚད་མེད་པས། །སུས་ཀྱང་མཐར་ཐུག་ཤེས་མི་འགྱུར ། །གལ་ཏེ་སེམས་ཅན་ཐམས་ཅད་ཀུན། །ཤེས་རབ་དང་ནི་རྫུ་འཇུལ་སྟོབས། །ཐམས་ཅད་ཤཱ་རིའི་བུ་དང་ནི། །རྨད་གལ་ལྟ་བུར་གྱུར་ཀྱང་ནི། ། ང་ཡིས་རྐང་པ་བཏེག་བཞག་པའི། །ད་ངོས་པོ་དག་ནི་རིག་མི་འགྱུར། གལ་ཏེ་སེམས་ཅན་ཐམས་ཅད་ཀུན། །རང་རྒྱལ་བྱང་ཆུབ་གྲུབ་གྱུར་ཀྱང ། །ང་ཡི་གོམ་གཅིག་མི་རིག་ན། །ཆོས་ཟབ་གཞན་ལྟ་སྨོས་ཅི་དགོས། ། ཉི?་ཟླ་ཚད་མེད་ཇི་སྙེད་པ། །ཉི་མའི་དཀྱིལ་འཁོར་གཅིག་གྱུར་ཀྱང ། །དེ་བཞིན་གཤེགས་པའི་སྦུ་ཁུང་གཅིག་།འོད་ཟིར་ཙམ་ཡང་མི་ཕོད་དོ། །གལ་ཏེ་འཇིག་རྟེན་ཁམས་བྲེ་བ། །ཁྲག་ཁྲིག་ཕྲག་ནི་བདུནཁྲི་ཡི། ། ཉི?་མའི་དཀྱིལ་འཁོར་ཀུན་ཏུ་ཡང ། །ཞིང་ནི་ཚད་མེད་སྣང་བྲེད་པ། །དེ་འདྲའི་ཉི་མ་ཆེན་པོ་དག ། ཕྱོགས་བཅུ་གང་ཀཱའི་བྲེ་མ་སྙེད ། །ཐམས་ཅད་ཉི་མ་གཅིག་ཏུ་གྱུར། །འོད་ཟིར་གཅིག་ཀྱང་རི་རབ་ཙམ། །དེ་འདྲའི་ཉི་མ་ཆེན་པོ་དག་།རྟག་པར་བྱོགས་བཅུགས་ལ་བྲེད་པ། །སངས་རྒྱས་འོད་དང་བསྒྲུན་གྱུར་ན། །སྡོང་པོ་ཚིག་བཞིན་སྣང་མི་འགྱུར། །ཉི་མ་ཆེན་པོ་དེ་ཡི་འོད ། །ལྗོན་ཤིང་ལོ་མ་མི་ཐལ་ཞིང ། །རི་དང་ཀླུང་དང་བྲག་རྣམས་ལ། །ཐམས་ཅད་དུ་ནི་ཐོགས་པར་འགྱུར། །དེ་བཞིན་གཤེགས་པའི་འོད་ཟིར་ནི། །རི་རབ་དང་ནི་ལྕགས་རི་དང ། །རྡོརྗེ་རི་ནི་ཐམས་ཅད་ལ། །ཐལ་བར་འགྲོ་ཞིང་ཐོགས་པ་མེད ། །
42-589
འོད་ཟིར་ར་རྫུ་འཇུལ་མཐུ་སྟོབས་དང ། །གཟི་བྱིན་དག་ནི་ཚད་མེད་པས། ། ཡིད་ཆེས་མེད་པ་མ་གཏོགས་པ་ར། །མཐོང་བ་སུ་ཞིག་སེམས་མི་སྐྱེད ། ། སེམས་ཅན་དེ་འདྲའི་འོད་ཟེར་དང ། །རྫུ་འཕྲུལ་མཐུ་ཆནམཐོང་འགྱུར་ན།། བདག་ཅག་ཀྱང་ནི་ཐོབ་འགྱུར་ཞེས། །ཕལ་ཆེར་བླ་མེད་སེམས་ཀྱང་སྐྱེད ། ། དེ་ཚེ་བཅོམ་ལྡན་འཛུམ་མཛད་ནས། །ཀུན་དགའ་བོས་ནི་འདི་སྐད་ག་སོལ། ། གང་སླད་བཅོམ་ལྡན་འཛུམ་པ་མཛད ། །ཐོགས་མེད་མཁྱེན་པས་བཀས་བཤད་ག་སོལ། །བཅོམ་ལྡན་ཀུན་དགའ་བཀའ་སྩལ་པ། །སེམས་ཅན་རྣམས་ཀྱིས་དེང་ང་ཡིས། །རྫུ་འཕྲུལ་མཐུ་བསྟན་མཐོང་བས་ན། ། སེམས་བསྐྱེད་སངས་རྒྱས་གྲུབ་པར་སྨོན། །འཁོར་འདིར་སྲོག་ཆགས་སུམ་ཁྲི་ཡིས། །ཚོས་འདི་བསྲུང་བར་དམ་ཡང་བ་ཅས། །བདག་ཅག་སངས་རྒྱས་འདས་འོག་ཏུ། །མདོ་སྡེ་འདི་ནི་གདོན་བྱ་སེམས། །དེ་དག་ང་ནི་འདས་པའི་འོག་།མདོ་སྡེ་འདི་ནི་ཐོས་གྱུར་ནས། །བར་དང་ཐ་མའི་དུས་ཀྱི་ཚེ། །ཇི་སྐད་བསྟན་བཞིན་སྒྲུབ་པར་འགྱུར། །བྱང་ཆུབ་སེམས་བསྐྱེད་ཤིན་ཏུ་དཀའ། །སངས་རྒྱས་ཚོས་མོས་པ་ཡང་དཀའ། །ཐ་མའི་དུས་ཚེ་མདོ་སྡེ་འདི། །འཛིན་ཅིང་འདོན་པ་དེ་བས་དཀའ། ། བསྐལ་པ་བྱི་བ་བརྒྱ་སྟོང་དུ། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན།། མ་འོང་ས་ཐ་མའི་དུས་ཀྱི་ཚེ། །མདོ་སྡེ་འདི་བཤད་དེ་བས་དཀོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་ས་མདོ་སྡེ་འདིཁྱད་ལ་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན ། འཛམ་བུའི་གླིང་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའིསྡེ་སྣོད་ཀྱི་མདོ་སྡེ་འདི་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆོསཀུན་གནས་པར་འགྱུར་བས་སོ། །ཀུན་དགའ་བ་\ུfཅ་འདི་ལྟ་པུའི་མདོ་སྡེ་ཟབ་མོ་འདི་ནུབ་པར་གྱུར་པའི་ཕྱིར་ཇི་སྐད་བསྟན་
42-590
པ་བཞིན་དུ་མངོན་པར་བསྒྲུབ་པར་བྱ་བའི་ཆོས་ཀུན་ནུབ་པར་འགྱུར་རོ། ། ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ནུབ་པར་གྱུར་པའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་འགྱུར་རོ། །ཀུན་དགའ་པོ་དེང་ཁྱེད་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་བྱའོ། །ཇི་ལྟར་ན་ཉན་ཐོས་རྣམས་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་འགྱུར་ཞེ་ན། ཁྱོད་ཀྱིས་འདི་སྙམ་དུ་མེ་ཏོག་དང ། སྤོས་དང ། སྤོས་ཀྱི་ཕྱེ་མ་དང ། བྱུག་སྤོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། ན་བཟའ་དང ། རོལ་མོ་སིལ་སྙན་མཆོག་དམ་པ་དང ། དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པ་ནི་མཚོད་པ་མཆོག་དམ་པ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུནད་གའ་བོ་དེ་ལྟ་བུ་དེ་དག་ནི་མཆོད་པ་མཚོག་དམ་པ་ཞེས་མི་བྱའི། གང་གིས་མདོ་སྡེ་ཟབ་མོ་འདི་ལྟ་བུ་ཐོས་ནས་ལེན་པ་དང་འཛིན་པ་དང ། ཀློག་པ་དང ། ཁ་ཏོན་དུ་འདོན་པ་དང ། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་མཆོད་པའི་ཡོ་བྱད་མཆོག་དམ་པས་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང ། བཀུར་སྟི་བྱས་པ་དང ། བླ་མར་བྱས་པ་དང ། བསྔགས་པ་བརྗོད་པར་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཚོས་ལ་མ་ཆོད་ཅིང་རིམ་གྲོ་དང་བསྙེན་བཀུར་མཛད་ཀྱི། འཇིག་རྟེན་པའི་མཆོད་པའི་ཡོ་བྱད་རྣམས་ལ་ནི་བརྩུན་པར་མི་མཛད་པས་སོ། །དེ་ལྟ་བས་ན་ཀུན་དགའ་བོ་དེང་མདོ་སྡེ་འདི་ནན་ཏན་བརྩོན་འགྲུས་ཀྱིས་ཁྱོད་ལ་ཡོངས་སུ་གཏད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ང་ས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་
42-591
བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ་ཡིན་ནོ། །འདས་པའི་སངས་རྒྱས་རྣམས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་མདོ་སྡེ་འདི་ཡང་དག་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེང་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་པ་ཡིན་པས། དེའི་ཕྱིར་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ནི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའི་འཁོར་ལོའི་མདོ་སྡེ་ཞེས་བྱ་བྱ་བར་ཡོངས་སུ་གཟུང་བར་བྱའོ། །ང་ས་ཡུལཔཱ་ར་ཎྜ་སིའི་རི་དགས་རྒྱུ་བའི་ཚལ་དུ་ཡང་ཉན་ཐོས་རྣམས་ལ་འདིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། །ཀུན་དགའ་བོ་ང་ས་དེང་འོད་མའི་ཚལ་འདིར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ཕྱིར་མི་ལྡོག་པའི་འཁོར་ལོ་འདི་ཡོངས་སུ་བསྐོར་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཡོངས་སུ་བ་ཅད་དོ། །ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུངས་།། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་
42-592
ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུང་བར་འགྱུར་རོ། ། ང་ས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྣེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་བཤད་པས་དེའི་ཕྱིར་ས་གཞི་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་ཆན་པོ་ལྷ་དང་མིར་བ་ཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཚོད་པ་བྱ་བའི་གནས་སུ་གྱུར་པར་རིག་པར་བྱའོ། །ཀུན་དགའ་བོ་ས་གཞི་འདི་འབའ་ཞིག་ཐུན་མོང་མ་ཡིན་པའི་ཡོན་ཏན་འདི་ལྟ་སྟེ། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འདིར་མདོ་སྡེ་ཟབ་མོ་འདི་ཡང་དག་པར་གསུངས་པ་དང་ལྡན་པས། ཀུན་དགའ་བོ་འདི་ལྟར་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་དང་བ་ཅས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འོད་མའི་ཚལ་འདིར་ཞུགས་པར་གྱུར་ན་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་སློང་བར་མི་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་གཙུག་ལག་ཁང་གཞན་ན་ཡང་བཞུགས་པར་གྱུར་མོད་ཀྱི། དེ་དག་གང་ལ་ཡང་འདི་ལྟ་བུའི་ལོན་ཏན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀ་ལན་དཀ་དང་འོད་མའི་ཚལ་འདིར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཞུགས་པར་གྱུར་ན་ནི་འདོད་ཆགས་སྐྱེ་བར་མི་འགྱུར་ལ། བྱ་མང་པོ་ཞུགས་པར་གྱུར་ན་ནི་དུས་མ་ཡིན་པར་སྒྲ་མི་འབྱིན་པས་སོ། །ཇི་ལྟ་ཞེ་ན། ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱི་བོ་ནས་དབང་བསྐུར་ནས་དང་པོ་རྒྱལ་སར་ཞུགས་པའི་ཚེ་བ་ཚྱིན་མོའི་འཁོར་དང་བ་ཅས་ཏེ་སྐྱེད་མོས་ཚལ་འདིར་ཞུགུས་ནས་ལྷན་ཅིག་ཏུ་རྩེ་བར་བྱས་པ་ལས་ཞུགས་མ་ཐག་ཏུ་བདག་ཉིད་འདོད་ཆགས་ཀྱི་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པར་ཚོར་བར་གྱུར་ཏོ། །བརྩུན་མོའི་འཁོར་
42-593
རྣམས་ཀྱང་སོ་སོ་ནས་འདོད་ཆགས་ཀྱི་སེམས་ཀྱིས་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པ་ཚོར་བར་གྱུར་པ་དང ། དེའི་ཚེ་རྒྱལ་པོ་རབ་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་འཇིག་རྟེན་ན་སངས་རྒྱས་འབྱུང་ཞིང་བདག་གི་ཡུལ་དུ་བྱུང་བར་གྱུར་ན་བདག་གིས་མཐོང་བར་གྱུར་ཅིག་།མཐོང་ནས་ཀྱང་སེམས་ཀྱིས་མངོན་པར་ཡིད་ཆེས་པར་གྱུར་ཅིག་།མངོན་པར་ཡིད་ཆེས་པར་གྱུར་ནས་ཀྱང་མཆོད་པ་བྲེད་པར་གྱུར་ལ། སྐྱེད་མོས་ཚལ་འདི་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། དེ་བཞིན་གཤེགས་པ་ཡང་འདིར་བཞུགུས་པར་གྱུར་ནས་བདག་གིས་ཆོས་ཐོས་པར་གྱུར་ཅིག་།དེ་ཅིའི་ཕྱིར་ཞེ་ན། སྐྱདམོས་ཚལ་འདི་ནི་མཆོད་གནས་སུ་གྱུར་པ་དག་གི་གནས་ཡིན་གྱི། འདོད་པ་ལྔ་དང་མ་བྲལ་བ་དག་གི་གནས་ནི་མ་ཡིན་ནོ་སྙམ་དུ་སེམས་པས ། །ཀུན་དགའ་བོ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེད་མོས་ཚལ་འདིར་ཞུགས་པ་ན་དེ་ལྟ་བུའི་དགེ་བའི་སེམས་སྐྱེས་པ་ཡང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་སྐྱེད་མོས་ཚལ་འདིར་བཞུགས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གསུངས་པས་ན་དེའི་ཕྱིར་སྐྱེད་མོས་ཚལ་འདིའི་ཡོན་ཏན་ཇི་སྙེད་ཡོད་པ་དེ་དག་ནི་གཞན་དག་དང་ཐུན་མོང་དུ་མ་གྱུར་པས་ལྷ་དང ། མི་དང ། ལྷ་མ་ཡིན་དུ་བ་ཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་གུས་པས་ཕྱག་བྲེད་པ་ཡིན་ནོ། །ཀུན་དགའ་བོ་སྐྱེད་མོས་ཆལའདི་ན་ནི་སྤྲུལ་གདུག་པ་དང ། རྩངས་པ་དང ། སྤྲང་བུ་དང ། སྤྲང་བུམཆུ་རིང་ས་ལ་སོགས་པ་མེད་དོ། །གལ་ཏེ་གནས་པར་གྱུར་ན་ཡང་གདུག་པའི་སེམས་མེད་དོ། ། འདི་ཡང་འོད་མའི་ཚལ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། གལ་ཏེ་ལོ་བརྒྱའི་བར་དུ་ཚལ་འདིའི་ལོན་ཏན་བརྗོད་ན་ཡང་མཐར་ཐུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འོད་མའི་
42-594
ཚལ་གྱི་དྲི་གཙང་ཁང་འདི་ནི་ཡོན་ཏན་ཚད་མེད་པ་སྙེད་དང་ལྡན་གྱི་གཞན་ནི་དེ་ལྟ་མ་ཡིན་པས་སོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་འོད་མའི་ཚལ་འདི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་མ་འཚལ་ལགས་ས་སོ། །བཅོམ་ལྡན་འདས་བདག་གིས་སྔར་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བགྱི་བར་མ་མོས་པའི་སྡིག་པ་གང་ལགས་པ་དེང་བདག་བཤགས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དང་པོ་ཚོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་པ་དེ་ཉིད་ཀྱི་ཚེ་སྡིག་པ་དེ་དག་བྱང་བར་གྱུར་ཏོ། །རྫུ་འཕྲུལ་གྱི་སྟོབས་ཀྱི་ལེའུ་སྟེ་ལྔ་པའོ།། ། བམ་པོལྔ་པ། དེ་ནས་ཚེ་དང་ལྡན་པམ་དག་ལ་གྱི་བུ་ཆེན་པོ་འདི་སྙམ་དུ་བཅོམ་ལྡན་འདས་ནི་འདི་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་རྣམས་ལེགས་པར་སྟོན་པར་མཛད་པས་བཅོམ་ལྡན་འདས་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་སྒྲུབ་ཅིང་སྐྱེ་འགག་མེད་པའི་དོན་སེམས་ཅན་གྱིས་ཁོང་དུ་ཆུད་པར་བྲེདཔས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽཾད་གལ་གྱི་བུ་ཆེན་པོའི་སེམས་ཀྱི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། རྨད་གལ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་གུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །གལ་ཏེ་ངའི་ཉན་ཐོས་གང་ཐུགས་རྗེ་ཆེན་པོ་དང་ལྡ་ན་པའི་དོན་ཐོས་པར་གྱུར་ན་སམས་མོ་མོ་པོར་འགྱུར་ཞིང་མོས་པར་ཡང་
42-595
མི་འགྱུར་རོ། །རྨད་གལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆན་པོ་ལྟ་རེ་ཤིག་ཞོག་ག་གི། ང་ས་གལ་ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་དང་ལྡན་པ་ཡོངས་སུ་རྫོགས་པར་བརྗོད་པར་གྱུར་ན་ཡང་ཁྱོད་ཀྱི་སམས་མྱོ་བྱོ་པོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ལེགས ། །བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ་མངའ་བ་ལས་བྱོགས་ཅུང་ཟད་ཅིག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོད་གལ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང ། ཁྱོད་ལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ལས་བྱོགས་རྩུང་ཟད་ཅིག་དཔེས་བསྟན་པར་བྱའོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་སྤྱད་པ་བརྗོད་ཀྱིས་མི་ལང་མོད་ཀྱི། སྙིང་རྗེ་ཆེན་པོ་དེ་ནི་དངོས་པོ་རྣམ་པ་བཞི་ལ་གནས་པར་འགྱུར་རོ། །བཞི་གང་ཞེ་ན་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཚོས་མངོན་པར་བསྒྲུབས་པར་གྱུར་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཚེན་པོ་ཞེས་བྱའོ། །མད་གལ་ང་ནི་སྔོན་སེམས་ཅན་རྣམས་ལ་འདི་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ལྡན། འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་ལྡན་པས་སེམས་ཅནཇི་སྙེད་ཅིག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་སྡུག་བསྔལ་རྣམས་མོང་བར་གྱུར་པ་དང ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང ། བསྡུས་འཇོམས་དང ། ཡང་སོས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དག་ན་སྡུག་བསྔལ་མོང་བར་གྱུར་པ་དག་ལ་
42-596
ཡང་ང་ས་རྟག་ཏུ་སེམས་ཅན་དེ་དག་གི་ཆེད་དུ་སེམས་ཅན་དམྱལ་བ་ཆེན་པོ་ན་སྡུག་བསྔལ་ཇི་སྙེད་ཡོད་པ་དག་སྡིག་པའི་ལས་མ་བྱང་བ་དེ་སྲྀིད་དུསྡུག་བསྔལ་རྣམས་མོང་བར་གྱུར་ཀྱང་སེམས་ལ་འརྒྱོད་པ་མེད་པར་གྱུར་ཏོ། །རྨད་གལ་གལ་ཏེ་སེམས་ཅན་གྱི་དོན་དུ་འགྱུར་བའི་རྒྱུ་དང་རྐྱེན་ཅིག་ཡོད་པར་གྱུར་ན་ང་ས་དེ་དག་ཐམས་ཅད་དང་དུ་བླང་ས་ནས་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ལས་ཐར་བར་བྱས་ནས་ང་ཉིད་སྡུག་བསྔལ་དང་དུ་ལེན་པར་བྲེད་པས་སེམས་ཅན་གཅིག་གི་དམྱལ་བའི་སྡུག་བསྔལ་ཡང་སེམས་ཅན་རྣམས་ཀྱི་སྡིག་པའི་ལས་མཐར་ཐུག་པའི་བར་དུ་དང་དུ་བླང་ས་ཀྱང་དེའི་ཚེ་ངའི་སེམས་ལ་འརྒྱོད་པ་ཅི་ཡང་མེད་དོ། །རྨད་གལ་ང་ས་ནི་འདི་ལྟ་བུའི་སྨོན་ལམ་དང་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བླ་དང་ལྡན་པ་འདི་ལྟ་སྟེ། སངས་རྒྱས་དང ། དེའི་ཉན་ཐོས་དག་ལ་འདི་ལྟར་རིགས་པའི་ཚུལ་དྲི་བའི་རྒྱུ་དང་རྐྱེན་ཡོད་པར་གྱུར་ན་སྡུག་བསྔལ་དང་དུ་བླང་ས་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་ལས་ཐར་བར་བྲེད་པས་མོ་དག་ལ་མཁས་པ་དག་གིས་ཐོས་པར་གྱུར་ན་ངའི་མང་དུ་ཐོས་པའི་བསྔགས་པ་བརྫོད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྤྱིན་པ་གཏོང་བར་བྲེད ། ཚུལ་ཁྲིམས་སྲུང་བར་བྱེད། བཟད་པ་སྒོམ་པར་བྲེད ། བརྩོན་འགྲུས་རྩོམ་པར་བྲེད ། དགེ་བའི་བཤེས་གཉེན་ལ་པསྟེན་པའི་བསྔགས་པ་རྗོད་པར་བྲེད་དོ། །མོད་གལ་ང་ས་དེ་ལྟ་བུ་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་ཆོས་ཡོངས་སུ་གཉེར་བའི་ཕྱིར་ལྷག་པའི་བསམ་པ་བསྐྱེད་ནས་སངས་རྒྱས་རྣམས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྩམས་ས་སོ།། ཕ་རོལ་དུ་གྱིན་པ་རྣམས་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ་བཟོད་པ་ཡོངས་སུ་བསྒོམས་སོ། །རྨད་གལ་ང་ས་སྔན་ཇི་ལྟར་བཟོད་པ་ཡོངས་སུ་བསྒོམས་ཤེ་ན།
42-597
སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་འདི་ལྟར་སེམས་བསྐྱེད་དེ། བྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་ཡོད་པའི་སེམས་ཅན་ཇི་སྙེད་པ་གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་རུང་སྟེ། སེམས་ཅན་དེ་དག་ཐམས་ཅད་མ་ལུས་པར་མིའི་ལུས་ཐོབ་པར་གྱུར་ནས་ཐམས་ཅད་བདག་གི་དྲུང་དུ་འོང་ས་ཏེ། འདི་སྐད་དུ་རྒྱེ་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། བདག་ཅག་ནི་འདོད་པ་ལྔའི་བདེ་བ་དང ། འཚོ་བའི་ཡོ་བྱད་ཀྱིས་མང་དུ་ཕོང་ས་པ་ཡིན་ཏེ། ཁྱོད་གལ་ཏེ་བདག་ཅག་ལ་སྤྱིན་པར་མི་ནུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་སེམས་ཅན་དེ་དག་གིས་དེའི་ཚེ་ཚིག་བརླང་པོས་བརྒྱད་བཀག་གམ། མི་བདེན་པས་སྐྱོན་སྨོས་སས་མ ། ཡིད་དང་མི་འཐུན་པའི་གྱིརརལ་གྲི་དང ། དབྱུག་པ་དང ། རྒྱོ་མོ་དག་གིས་བདག་གི་ལུས་ལ་གནོད་པ་བྱས་ཀྱང་བདག་དེའི་ཚེ་ཞེ་ལྡང་དང་འརྒྱོད་པ་མི་བསྐྱེད་པར་བདག་གིས་འདི་ལྟར་སེམས་རབ་ཏུ་གདུལ་བར་བྱའོ། ། སེམས་ཅན་འདི་དག་ནི་གླེན་ཞིང་གཏི་མྱུག་པ་དང ། ཤེས་པ་མེད་པས་གཏི་མྱུག་གི་ལས་བྲེད་པ་ཡིན་ན། གལ་ཏེ་བདག་གིས་ཀྱང་སེམས་ཅན་གླེན་ཞིང་གཏི་མུག་པ་འདི་དག་ལ་ཞེ་ལྡང་དང ། འཁོན་དུ་འཛིན་པ་བསྐྱེད་པར་གྱུར་ན། འོ་ན་ནི་བདག་འདི་དག་དང་ཐ་ད་པ་ཡང་ཅི་ཡོད ། འདི་དག་ནི་ལམ་དུ་མ་ཞུགུས་པ་ཡིན་ལ། བདག་ནི་དགེ་བའི་ལམ་དུ་ཞུགུས་པ་ཡིན་པས་དེང་བདག་གིས་སེམས་ཅན་འདི་དག་ལས་སྡུག་བསྔལ་དང་དུ་བླང་ས་ཏེ་ཞེ་ལྡང་གི་བསམ་པ་མི་བསྐྱེད་པར་ས་ཆེན་པོ་བཞིན་དུ་བཟང་པོ་དང་ངན་པ་ཤོང་བར་བྱའོ་སྙམ་ནས། རྨད་གལ་ང་ས་སྔོན་བཟོད་པ་འདི་ལྟ་བུ་ཡོངས་སུ་
42-598
བསྒོམས ། །གཞན་ཡང་མོད་གལ་ང་ས་ནི་ཡུན་རིང་པོ་ནས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བལྟས་སོ། །འདི་ལྟ་སྟེ་དཔེར་ན་ཁྱིམ་བདག་ཤིན་དུ་ཕྱུག་ཅིང་ནོར་མང་ལ་རིན་པོ་ཆེ་རབ་ཏུ་མང་བ། བྲན་ཕོ་དང ། བྲན་མོ་དང ། ལས་བྲེད་པ་དང་ལྡན་པཞིག་ཡོད་ལ། དེ་བརྟུལ་ཞུགས་རྣམ་པ་བརྒྱ་སྤྱད་དེ་བུ་ཞིག་རྙེད་པར་གྱུར་ནས་སེམས་ལ་སྡུག་ཅིང་བལྟ་བས་མི་ངོམས་པར་གྱུར་ན། རྨད་གལ་ཁྱིམ་བདག་དེ་ནིརྟག་པར་བུ་དེའི་ལེགས་པའི་དངོས་པོ་ཚོལ་བར་བྲེད ། རྟག་པར་ལེགས་པའི་དངོས་པོ་སྤྱིན་པར་བྱེད ། རྟག་པར་ཕན་པ་སྦྱིན་པར་བྱེད་ཀྱི། གནོད་པ་དང་ཕན་པ་མ་ཡིན་པ་སྤྱིན་པར་མི་བྲེད་དོ། །དེ་བཞིན་དུ་རྨད་གལ་ང་ཡང་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་བུ་གཅིག་པ་བཞིན་དུ་ལྟ་བར་བྱིད་པས་ང་ས་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ལེགས་པའི་དངོས་པོ་ཡོངས་སུ་བཙལ་ནས་ཕན་འདོགས་པར་བྲེད་ཀྱི། གནོད་པ་དང་ཕན་པ་མ་ཡིན་པ་སྤྱིན་པར་མི་བྲེད་དོ། །རྨད་གལ་ང་ས་ནི་ཡུན་རིང་པོ་ནས་ལམ་ནོར་བའི་སེམས་ཅན་རྣམས་དང ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་ནས་ཡང་དག་པའི་ལམ་ལ་ཡང་དག་པར་རབ་ཏུ་བཀོད་དོ། །མོད་གལ་རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཤིན་དུ་དང་བའི་བསམ་པས་བུ་གཅིག་པ་བརྩེ་ཞིང་ཕང་ས་པ་ལ་ལྟ་བ་བཞིན་དུ་གཟིགས་པ་ཡིན་པར་རིག་པར་བྱའོ། །མོད་གལ་སྔན་འདས་པའི་དུས་ན་ཚོང་པ་ཕལ་པོ་ཆེ་ཞིག་མཚན་མོ་ལམ་དུ་ཞུགས་ཏེ་དོང་བ་ལས་ལམ་སྟོར་ནས་ལམ་གོལ་བར་ཞུགས་པ་དང ། མཚན་མོ་མུན་ནག་ཏུ་གྱུར་པའི་ཕྱིར་གར་འརྒོ་བ་མི་ཤེས་ནས་ཐམས་ཅད་ཀྱིས་འདི་སྐད་དུ་བདག་ཅག་ནི་ལམ་སྟོར་ཏེ། མགོན་བྲེད་པ་ཡང་མེད །
42-599
སྐྱབས་བྲེད་པ་ཡང་མེད ། གནས་བྲེད་པ་ཡང་མེད་ན ། སེམས་ཅན་རྣམས་ལས་སུ་ཞིག་ལྷའམ། ཀླུ་འམ། གནོད་སྤྱིན་ན་ནམ། མི་འམ། མི་མ་ཡིན་པ་གང་ཞིག་གིས་བདག་ཅག་ལ་ལམ་བསྟན་ནས་ལམ་མ་ནོར་བ་ཐོབ་པར་འགྱུར ། སུ་ཞིག་བདག་ཅག་ལ་སྙིང་བརྩེ་བས་ཕན་འདོགས་ཤིང་མཚན་མོ་མོ་མྱུན་ནག་ལམ་གོལ་ཞིང་ཉམ་ང་བར་ཞུགས་པ་འདིར་སྣང་བ་སྤྱིན་པར་བྲེད་ཅེས་སྨྲས་སོ། ། རྨད་གལ་དེའི་ཚེ་དགོན་པའི་གནས་ནགས་ཚལ་ཞིག་ན་མྱུ་སྟེགས་ཅན་གྱི་དྲང་སྲོང་ཞིག་ཙོའི་སྤྱིལ་བུའི་ནང་ན་འདུག་པ་ལས། མཚན་མོ་མུན་པའི་ནང་ན་ཚོང་པ་མང་པོ་རྣམས་སྙིང་རྗེ་རྗེ་སྐད་དུ་ངུ་འབོད་པའི་སྒྲ་ཐོས་ནས་དེ་འདི་སྙམ་དུ་དེང་ཚོང་པ་མང་པོ་རྣམས་མཚན་མོ་མོ་མྱུ་ན་ནག་ཏུ་གྱུར་པས་དགོན་པའི་གནས་ནགས་ཚལ་འདིར་ལམསྟོར་བར་གྱུར་ཏེ། གལ་ཏེ་བདག་གིས་སྐྱབས་མ་བྱས་ན་ཚུལ་ཡང་མ་ཡིན་ལ། ཚོང་པ་མང་པོ་རྣམས་ཀྱང་སྟག་གག་མ། སེང་གེའམ། སྤྱང་ཀིའམ། གླང་པོ་ཆེ་འམ། ཝའམ། ག་ཅན་གཟན་མ་རུང་ས་པ་རྣམས་ཀྱིས་གཅེས་ཤིང་སྲོག་འཕྲོག་པར་འགྱུར་རོ་སྙམ་ནས། མོད་གལ་དེའི་ཚེ་དྲང་སྲོང་དེས་སྒྲ་ཆེན་པོ་ཕྱུང་སྟེ་ཚོང་པ་རྣམས་ལ་སྨྲས་པ། གྱེ་ཚོང་པ་རྣམས་ཁྱེད་མ་འཇིགས་ཤིག ། དེང་བདག་གིས་ཁྱེད་ཀྱི་སྐྱབས་བྱ་ཞིང་སྣང་བས་ཁྱེད་ལ་ལམ་ཡང་དག་པར་བསྟན་པར་བྱའོ་ཞེས་དེའི་ཚེ་དྲང་སྲོང་དེས་ཚོང་པ་རྣམས་ཚིག་གིས་སྤྲོ་བ་བསྐྱེད་དེ། རས་ཀྱིས་ལག་པ་གཉིས་དགྲིས་ནས་འཔུ?་མར་གྱིས་ཀུན་དུ་ཁྱབ་པར་བླུགས་ཏེ་མེ་སྤར་ནས་སྒྲོན་མ་བྱས་ཏེ་ཚོང་པ་རྣམས་ལ་ལམ་བསྟན་ཏོ། །མོད་གལ་དེའི་ཚེ་ཚོང་པ་རྣམས་སོ་སོ་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་ཤིན་དུ་ངོ་མཚར་ཆེ་བ་ཡིན་ཏེ། བདག་ཅག་གི་ཕྱིར་ལུས་དང་སྲོག་ལ་ཡང་ཕང་ས་པ་མེད་པར་གྱུར་ཏོ་སྙམ་མོ། །མོད་གལ་དེའི་ཚེ་དྲང་སྲོང་དེས་ལག་པ་
42-600
བསྲེགས་པའི་སྣང་བས་ཚོང་པ་རྣམས་ལ་ལམ་བསྟན་ནས་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེར་སྐྱེས་པར་གྱུར་ནས་འདི་སྙམ་དུ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ལམ་ལོག་པར་ཞུགུས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་བྱས་ནས་ཡང་དག་པའི་ལམ་སྟོན་པར་གྱུར་ཅིག་སྙམ་མོ། །མད་གལ་དེའི་ཚེ་དེའི་དུས་ན་ལག་པ་ག་ཉི?ས་བསྲེགས་པར་གྱུར་ཀྱང་ལུས་དང་སེམས་ལ་འགྱུར་བ་རྩུང་ཟད་ཀྱང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ཡོངས་སུ་གཉེར་བ་ན་ལུས་དང་སྲོག་ལ་ཡང་མངོན་པར་ཞེན་པ་མེད་པས་སོ། །བསམ་པ་རྣམ་པར་དག་པས་སྤྱིན་པ་ཡོངས་སུ་བཏང་བའི་རྒྱུ་དང་རྐྱེན་གྱིས་དེའི་ལག་པ་ཡང་སྔ་མ་ཁོ་བཞིན་དུ་གྱུར་ཅིང་རྨ་ཡང་མེད་པར་གྱུར་ཏོ། ། ཚོང་པ་རྣམས་ཀྱང་ལམ་རྙེད་པར་གྱུར་ཏེ་ནམ་ནང་ས་ནས་དྲང་སྲོང་གི་ལག་པ་གཉིས་ལ་རྨ་ཡང་མེད་པར་མཐོང་བ་དང ། ངོ་མཚར་གྱི་བསམ་པ་བསྐྱེད་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་རྫུ་འཇུལ་གྱི་མཐུ་ཆེན་པོ་དང་ལྡན་པས་མཚན་ཐོག་ཐག་ལག་པ་གཇིས་སྤར་ནས་བདག་ཅག་གི་སྣང་བ་བྱས་ཏེ་ལམ་ཡང་དག་པར་བསྟན་ཀྱང་འདིའི་ལག་པ་ལ་ཚིག་པ་ཅུང་ཟད་ཀྱང་མེད་པས་གདོན་མི་ཟ་བར་འདི་ནི་སྤྱོད་པ་ཆེན་པོ་གྲུབ་ཅིང་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་ནས། མོད་གལ་དེའི་ཚེ་ཚོང་པ་རྣམས་ཀྱིས་དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཁྱོད་ཀྱིས་མཚོག་ཏུད་ཀའ་བའི་དཀའ་བ་སྤྱད་པར་གྱུར་པ་ནི་ཤིན་ཏུ་ལེགས་སོ། །དེང་སྤྱོད་པ་འདིས་དངོས་པོ་གང་ཞིག་ཐོབ་པར་སྨོན་ལགས། དྲང་སྲོང་གིས་སྨྲས་པ། གྱེ་ཚོང་པ་རྣམས་བདག་ནི་དངོས་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཁྱེད་ལ་སོགས་པ་
42-601
འཁོར་བའི་སྡུག་བསྔལ་ལས་བཟླས་ཏེ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པར་སྨོན་ཏོ། །དེའི་ཚེ་ཚོང་པ་རྣམས་སེམས་རབ་ཏུ་དགའ་བར་གྱུར་ནས་ཐམས་ཅད་ཀྱིས་འདི་སྐད་དུ་བདག་ཅག་གིས་དངོས་པོ་ཇི་ལྟ་བུ་ཞིག་གིས་དྲང་སྲོང་འདི་ལ་ལན་གླན་པར་བྱ་ཞེས་སྨྲས་པ་དང ། དྲང་སྲོང་གིས་སྨྲས་པ། ཁྱེད་རྣམས་རྩེ་གཅིག་ཏུ་དགེ་བའི་ཆོས་སྤྱོད་ལ་བག་མེད་པར་མ་བྲེད་ཅིག་།ཚོང་པ་རྣམས་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས་ཚོང་པ་ནམས་རབ་ཏུ་དགའ་ཞིང་གུས་པས་ཕྱག་བྱས་ཏེ་དེ་ནས་གྱིས་པར་གྱུར་ཏོ། །མད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་མྱུ་སྟེགས་ཅན་གྱི་དྲང་སྲོང་ཚོང་པ་རྣམས་ཀྱི་ཆེད་དུ་ལག་པ་སྤར་ནས་ལམ་སྣང་བར་བྱས་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ་དེ་ནི་ང་ཉིད་ཡིན་ནོ། ། དེའི་ཚེ་དེའི་དུས་ཀྱི་ཚོང་པ་རྣམས་ནི་ད་ལྟར་གྱི་དགེ་སློང་སྟོང་ཉི?ས་བརྒྱ་ལྔ་བཅུ་པོ་འདི་དག་ཉིད་ཡིན་ནོ། །རྨད་གལ་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འཇིགས་ཤིང་སྐྲག་པར་གྱུར་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་བྱིན་པ་དང ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པ་དང ། མིག་མེད་པའི་སེམས་ཅན་དག་ཡོངས་སུ་དག་པའི་མིག་ཐོབ་པར་བྱས་པ་དང་ནད་ཚབས་ཆེ་བའི་སེམས་ཅན་རྣམས་གསོས་ནས་སོས་པར་བྱས་པའི་རྒྱུ་དང་རྐྱེན་དེས་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་མད་གལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་འཛམ་བུའི་གླིང་འདིར་ནད་ཀྱི་བསྐལ་པཆེན་པོ་བྱུང་བས་སེམས་ཅན་རྣམས་ནད་ཀྱིས་ཉོན་མོང་ས་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་གི་རྒྱལ་པོ་དབང་ཕྱུག་གི་སྡེ་ཞེས་བྱ་བ་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ལ་
42-602
དབང་བྲེད་ཅིང་མཐུ་ཆེན་པོ་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེའི་བཙུན་མོ་དམ་པ་སེམས་ཅན་དང་ལྡན་པར་གྱུར་ཏེ ། དེའི་ལུས་ཀྱི་ཡན་ལག་གག་མ། ལག་པས་སེམས་ཅན་རྣམས་ལ་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་པར་གྱུར་ཏོ། །ཟླ་བ་ཚང་ནས་བུ་ཁྱེའུ་ཞིག་བཙས་པ་དང ། བ་ཙས་མ་ཐག་ཏུ་འདི་སྐད་དུ་བདག་ནི་ནད་པ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་ས་སོ། ། གཞན་ཡང་བ་ཙས་པའི་ཚེ་འཛམ་བུའི་གླིང་གི་ལྷ་ཀླུ་རྣམས་ཀྱིས་འཐུན་པར་འདི་སྐད་དུ་དེང་རྒྱལ་པོའི་བུ་བ་ཙས་པ་འདི་ནི་མིའི་སྨན་ཡིན་ནོ་ཞེས་སྨྲས་པས ། དེ་སྐད་སྨྲས་པའི་སྒྲ་དེ་ཀུན་དུ་གྲགས་པའི་ཕྱིར་མིང་ཡང་མིའི་སྨན་ཞེས་བཏགས་སོ། །དེའི་ཚེ་མི་རྣམས་ཀྱང་གང་ནད་ཀྱིས་བཏབ་པ་རྣམས་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང ། ནད་པ་གང་རྒྱལ་བུའི་དྲུང་དུ་ན་པ་དེ་དག་རྒྱལ་བུའི་ལག་པས་རེག་པར་གྱུར་ཏམ། ལུས་ཀྱིས་རེག་པར་གྱུར་ཀྱང་རུང་སྟེ། ཐམས་ཅད་ནད་སོས་ནས་བདེ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་འཛམ་བུའི་གླིང་ན་གནས་པ་ཀུན་གྱིས་ནད་པ་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང ། རྒྱལ་བུའི་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་ནས་མཆོག་ཏུ་བདེ་བ་ཐོབ་པར་གྱུར་ཏོ། ། རྨད་གལ་རྒྱལ་བུ་མིའི་སྨན་གྱིས་ལོ་སྟོང་གི་བར་དུ་དེ་ལྟར་ནད་གསོས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་སོ། །འཆི་བའི་དུས་བྱས་པའི་འོག་ཏུ་ནད་པ་རྣམས་དེར་འོང་ས་ནས་འཆི་བའི་དུས་བྱས་པ་ཐོས་པ་དང ། མྱ་ངན་དང ། སྨྲེ་སྔགས་བཏོན་ཏེ་ངུས་ནས་སུ་ཞིག་བདག་ཅག་ན་བའི་སྡུག་བསྔལ་ལས་ཐར་བར་བྲེད་ཅེས་སྨྲས ། །ནད་ཀྱིས་བཏབ་པ་རྣམས་རྒྱལ་བུ་མིའི་སྨན་གང་དུ་བསྲེགས་པ་སྨྲས་ནས་གང་དུ་བསྲ[༄\ུf༄]གས་པ་ཤིས་པར་གྱུར་པ་དང ། བསྲེགས་པའི་གནས་དེར་རུས་པ་བླང་ས་ཏེ། ཕྱེ་མར་བཏགས་ནས་ལུས་ལ་བསྐུས་པ་དང ། ཐམས་ཅད་
42-603
ནད་སོས་པར་གྱུར་ནས་འདི་སྐད་དུ་རྒྱལ་བུ་མིའི་སྨན་དུང་ཡང་ན་བ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ། །མད་གལ་དེ་ལྟར་ནད་པ་རྣམས་གསོས་པའི་རྒྱུ་དང་རྐྱེན་གྱིས་རུས་པ་རྣམས་ཀྱང་མཐར་གྱིས་ཟད་པར་གྱུར་ཏོ། །རུས་པ་རྣམས་ཟད་པའི་འོག་ཏུ་བསྲེགས་པའི་གནས་དེར་སོང་ནས་ས་དང ། ཐལ་བ་དང ། སོལ་བ་རྣམས་བླང་ས་ཏེ་སོ་སོ་ནས་ལུས་ལ་བསྐུས་པ་དང ། ནད་ཐམས་ཅད་སོས་པར་གྱུར་ཏེ ། རྨད་གལ་དེ་ལྟར་རྒྱལ་བུ་མིའི་སྨན་གྱིས་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བ་ན་ཐབས་མཁས་པས་ནད་ཀྱིས་བཏབ་པ་རྣམས་གསོས་པ་ཡིན་ནོ། ། རྨད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་བུ་མིའི་སྨན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ཏེ ། ང་ས་ནད་ཀྱི་སྡུག་བསྔལ་མང་བའི་སེམས་ཅན་མགོན་མེད་པ། སྐྱབས་མེད་པ་དག་གི་ནད་གསོས་ས་སོ། །ང་ས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཆེན་པོའི་སྨན་གྱིས་སེམས་ཅན་རྣམས་གསོས་ནས་སྡུག་བསྔལ་མཐར་ཟད་པར་བྱས་སོ། །རྨད་གལ་ང་ནི་སེམས་ཅན་གྱི་ཆེད་དུ་ལུས་གང་བླང་ས་པས་ཕན་འདོགས་པར་གྱུར་པ་དེ་བཞིན་དུ་ལེན་ཅིང་ཕན་འདོགས་པར་བྲེད་པས་རྨད་གལ་རྒྱུ་དང་རྐྱེན་དེས་ན་ཆེད་དུ་སེམས་ཅན་གྱི་ཕྱིར་ལུས་བླང་ས་ནས་ཕན་འདོགས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་མད་གལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་ང་གཅིག་པུ་གྲོགས་མེད་པར་སོང་བ་ལས་ག་ཅན་གཟན་མ་རུང་ས་པ་ཞིག་འོང་ས་ཏེ་ངའི་སྲོག་བ་ཅད་ནས་ངའི་ཤ་བཟའ་བར་འདོད་པ་ལས་ང་འཆི་ཀའི་དུས་ཀྱི་ཚེ་སེམས་བསྐྱེད་ནས་འདི་སྐད་དུ་བདག་འཆི་བའི་དུས་བྱས་པའི་འོག་ཏུ་དགོན་པའི་ནགས་ཚལ་འདིར་དུད་འགྲོ་ལུས་པོ་ཆེ་ཞིག་ཏུ་སྐྱེས་ནས་ག་ཅན་
42-604
གཟན་མ་རུང་ས་པ་གང་གིས་བདག་གི་སྲོག་བཅད་པ་དེ་དག་འགྲང་ས་ཤིང་ཚིམ་པར་བྲེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེ་ཅིའི་ཕྱིར་ཞེ་ན། ག་ཅན་གཟན་མ་རུང་ས་པ་དེ་དག་ནི་རྟག་པར་སྲོག་ཆགས་ཕྲ་མོ་གསོད་ཅིང་ཤ་ཟ་བར་བྱས་པས་སྲོག་བ་ཅད་པའི་ཁ་ན་མ་ཐོ་བ་མང་དུ་བསྐྱེད་ཀྱང་འགྲང་ས་ཤིང་ཚིམ་པར་མི་འགྱུར་བས་ང་ས་འདི་སྐད་དུ་བདག་འདིར་དུད་འགྲོ་ལུས་པོ་ཆེར་སྐྱེས་ནས་ཤ་ཟ་ཞིང་ཁྲག་འཐུང་བའི་སེམས་ཅན་རྣམས་འགྲང་ས་ཞིང་ཚིམ་པར་བྲེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ན། འཆི་བའི་དུས་བྱས་མ་ཐག་ཏུ་དེར་དུད་འགྲོ་ལུས་པོ་ཆེར་རྫུས་ཏེ་སྐྱེས་ནས་ག་ཅན་གཟན་མ་རུང་ས་པ་ཤ་ཟ་ཞིང་ཁྲག་འཐུང་བ་རྣམས་འགྲངས་ཤིང་ཚིམ་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དུ་ཆེད་དུ་ལུས་བླང་ས་ནས་སེམས་ཅན་རྣམས་ལ་ཕན་པ་བྱས་ཏེ། རྨད་གལ་ང་ས་གལ་ཏེ་བསྐལ་པ་གཅིག་གམ། བསྐལ་པ་ལས་ལྷག་པར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་བཀྲིས་ཤིང་སྐོམ་པ་རྣམས་ལ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་དག་བརྫོད་ན་ཡང ། མཐར་ཐུག་པར་མི་འགྱུར་རོ། །རྨད་གལ་དེ་ལྟར་ན་ང་ས་སྔོན་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་སེམས་རབ་ཏུ་བསྐྱེད་པ་ཡིན་ནོ། །གཞན་ཡང་རྨད་གལ་ང་ས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་ང་ས་སེམས་ཅན་སྡུག་བསྔལ་གྱིས་ཉོན་མོང་ས་པ་མཐོང་བ་དང ། འདི་སྙམ་དུ་བདག་གིས་སྤང་ས་ཏེ་ཡོངས་སུ་མི་བསྐྱབ་པའི་མི་རིགས་སོ་སྙམ་དུ་བསམས་ནས་དེ་དག་གི་ཐད་དུ་སོང་ནས་འདི་སྐད་དུ་རྒྱེ་ཁྱེད་ལ་སྡུག་བསྔལ་ཇི་ལྟ་བུ་ཞིག་ཡོད ། ཅི་ཞིག་འདོད་ཅེས་དྲིས་པ་དང ། དེ་དག་གིས་སྨྲས་པ། དེང་བདག་ཅག་ནི་ཤིན་ཏུ་བཀྲེས་ཤིང་སྐོམ་མ་མོ། །ང་ས་དེ་སྐད་སྨྲས་པ་ཐོས་ནས་
42-605
འདི་སྐད་ཅེས་སྨྲས་སོ། །ཁྱེད་བཟའ་བ་དང་བཏུང་བ་ཇི་ལྟ་བུ་ཞིག་འདོད ། དེ་དག་གིས་ང་ལ་བདག་ཅག་ནི་ཁྲག་འཐུང་ཞིང་ཤ་ཟ་བ་ཡིན་པས་གལ་ཏེ་ལུས་ཀྱི་ཤ་དང་ཁྲག་བདག་ཅག་ལ་བྱིན་ན་ནི་བདག་ཅག་གདོད་བདེ་ཞིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་པ་དང ། ང་ས་དེ་དག་ལ་དེ་བཞིན་དུ་གནང་ནས་རང་ཉིད་ཀྱི་ཤ་བ་ཅད་ཁྲག་ཕྱུང་ནས་སེམས་ཅན་དེ་དག་ལ་བྱིན་ཡང ། རྨད་གལ་དེའི་ཚེ་ངའི་སེམས་ལ་འརྒྱོད་ཅིང་ཕང་ས་པ་ཡང་མེད ། མྱ་ངན་ཡང་མེད ། བྱིང་བ་ཡང་མེད་ཀྱི ། འདི་སྙམ་དུ་དེང་བདག་གིས་ལུས་ཀྱི་ཤ་ཇི་ཙམ་བ་ཅད་པ་དེ་ཙམ་དུ་འཁོར་བའི་སྡུག་བསྔལ་གྱི་བྱོགས་ཀྱང་དེ་ཙམ་ཞིག་འགག་པར་འགྱུར་རོ་སྙམ་དུ་བསམས་ནས་ང་ས་ཡུན་རིང་པོར་རྟག་པར་དེ་ལྟར་སྤྱིན་པ་ཡོངས་སུགཏོང་བ་ལ་མོས་པར་གྱུར་ཏོ། །དེ་ལྟར་སྤྱིན་པ་བཏང་ཡང་རབ་ཏུ་དགའ་ཞིང་བདེ་བ་ཐོབ་པར་གྱུར་པ་ཡིན་ཏེ། རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་མད་གལ་ང་ས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་ཡོན་ཏན་གྱི་མཐུ་ཆེན་པོ་དང་ལྡན་པ་དགེ་བའི་རྩ་བ་རབ་ཏུ་བསགས་པ་ཞིག་བྱུང་ངོ ། །དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེ་འདི་སྙམ་དུ་དེང་བདག་གིས་ཅིའི་ཕྱིར་མཚོད་སྤྱིན་ཆེན་པོ་བཤམས་ནས་སེམས་ཅན་རྣམས་ཚིམ་པར་མི་བྲེད་སྙམ་མོ། །དེ་སྙམ་དུ་བསམས་ནས་མཆོད་སྤྱིན་ཆེན་པོ་བཤམས་ནས་བཟའ་བ་འདོད་པ་ལ་བཟའ་བ། བཏུང་བ་འདོད་པ་ལ་བཏུང་བ། གོས་དང ། མལ་ཆ་དང ། གསེར་དང ། དངུལ་དང ། རིན་པོ་ཆེའི་དངོས་པོ་དང ། ཤིང་རྟ་དང ། བཞོན་པ་དང ། ནོར་དང ། སྦུག་དང ། རྡོའི་སྙིང་པོ་དང ། ཤེལ་དང ། བཻ་ཕྱུ་ཀྱ་དང ། བྱི་རུ་དང །
42-606
མན་ཤེལ་ལ་སོགས་པའི་རིན་པོ་ཆེ་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། སྤོས་ཀྱི་ཕྱེ་མ་དང ། དྲ་གྱི་ལྡ་ལྡི་དང ། གདུགས་དང ། རྒྱལ་མཚན་དང ། བུ་དང ། བུ་མོ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱིད་པ་དང ། རྟ་དང ། གླང་པོ་ཆེ་དང ། བ་ལང་དང ། ལུག་དང ། ཞིང་གི་དངོས་པོ་འདོད་པ་དག་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་དགའ་མགུར་སྤྱད་ནས་ཐམས་ཅད་ཡོངས་སུ་བཏང་ངོ ། །རྨད་གལ་རྒྱལ་པོ་སྟོབས་པོ་ཆེས་དེ་ལྟར་སྤྱིན་པ་རྒྱ་ཆེར་བཏང་བ་དང ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་འདི་སྙམ་དུ་བདག་གིས་ཅིའི་ཕྱིར་རྒྱལ་པོ་འདི་ལ་བར་ཆད་བྱས་ཏེ་འབྲས་བུ་མི་ཐོབ་པར་བྱ་སྙམ་དུ་བསམས་ནས་དེ་ནས་བྲམ་ཟི་ཞིག་ཏུ་སྤྲུལ་ཏེ། རྒྱལཔོ་དེ་ག་ལ་བ་དེར་སོང་ནས་རྒྱལ་པོ་ལ་འདི་སྐད་ཅེས་དྲིས་སོ། །ཀྱེ་མཆོད་སྤྱིན་ཆེན་པོའི་འདུས་པ་འདིར་དངོས་པོ་ཇི་ལྟ་བུ་ཞིག་ཡོངས་སུ་གཏོང ། རྒྱལ་པོས་སྨྲས་པ། བྲམ་ཟི་བདག་ལ་ནོར་ཅི་བདོག་པ་ཐམས་ཅད་ཡོངས་སུ་བཏང་བས་ཕང་ས་པ་ཅི་ཡང་མེད་དོ། །བྲམ་ཟེས་སྨྲས་པ། ཁྱོད་ཀྱི་ཡི་དམ་དེ་ལྟ་བུ་ཡིན་ན་དེང་བདག་གིས་སློང་བ་གང་ཡིན་པ་དེ་སྤྱིན་པར་ནུས་སམ། རྒྱལ་པོ་སྟོབས་པོ་ཚེས་སྨྲས་པ། བདག་གིས་ཅི་བདོག་པ་ཐམས་ཅད་ཟད་པར་གཏང་ངོ་ཞེས་མ་སྨྲས་སས་མ། བྲམ་ཟེས་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་དེ་ལྟ་ན་དེང་བདག་ནི་རྒྱལ་པོའི་ལུས་ཀྱི་ཡན་ལག་འདོད་དོ། །རྒྱལ་པོས་བསམས་པ། བྲམ་ཟི་འདི་ནི་ནོར་ཟས་འདོད་པ་མ་ཡིན་གྱི། དེང་འདིར་འོང་ས་ནས་བདག་གི་མཆོད་སྤྱིན་ཆེན་པོ་གཞིག་པར་འདོད་པ་ཡིན་ཏེ། བདག་གིས་གལ་ཏེ་ལུས་ཀྱི་ཡན་ལག་མ་བྱིན་ན་ནི་བདག་ཉིད་ཀྱིས་ར་ང་གི་མཆོད་སྤྱིན་ཆེན་པོ་བཤིག་པར་འགྱུར་རོ་སྙམ་དུ་བསམས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་
42-607
ལུས་ཀྱི་ཡན་ལག་སྤྱིན་གྱིས་ཚོད་ལ་ཁྱེར་ཅིག་།བྲམ་ཟིས་སྨྲས་པ། གྱེ་རྒྱལ་པོ་ཆེན་པོ་དེང་དེ་སྐད་སྨྲས་པ་འདི་ལ་འརྒྱོད་པར་གྱུར་པ་ལྟ་མེད་དམ། རྒྱལ་པོ་སྟོབས་པོ་ཆེས་སྨྲས་པ། བདག་གི་སེམས་ལ་འརྒྱོད་པ་མེད་དེ། དེང་སློང་བ་མང་པོ་བྱོགས་བཞི་ནས་འདུས་ཏེ་འོང་ས་ན་ཡང་བདག་གིས་ཐམས་ཅད་ཚིམ་པར་བྱའོ་སྙམ་མོ། །བྲམ་ཟིས་སྨྲས་པ། དེང་བདག་གཅིག་པུ་ཚིམ་པར་བྱ་བ་ཡང་དཀའ་ན་གཞན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྒྱལ་པོ་སྟོབས་པོ་ཆེས་མཚོན་རྣོན་པོས་རང་གི་ལག་པ་བ་ཅད་ནས་བྲམ་ཟེ་ལ་ཁྱེད་ཀྱིས་ལག་པ་འདི་གཅིག་ཁྱེར་ཅིག་ཅེས་སྨྲས་ས་སོ། མད་གལ་རྒྱལ་པོ་སྟོབས་པོ་ཆེས་རང་གི་ལག་པ་བ་ཅད་པའི་ཚེ་སེམས་ལ་གྱུར་ཞིང་འརྒྱོད་པ་མེད་པར་གྱུར་ཏེ། དེ་ལྟར་སེམས་རྩེ་གཅིག་ཏུ་སྤྱིན་པ་ཡོངས་སུ་བཏང་བའི་ཕྱིར་དང ། ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ལག་པ་ཡང་སྔ་མཁོ་བཞིན་དུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེས་མཚོན་གྱིས་ལུས་ཀྱི་ཡན་ལག་བ་ཅད་ནས་བྲམ་ཟི་ལ་བྱིན་ཡང་སླར་སྐྱེས་པར་གྱུར་ཏོ། །རྨད་གལ་དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཡང་རྒྱུ་དང་རྐྱེན་དེས་ན་ལྷའི་བསོད་ནམས་ཟད་ནས་སེམས་ཡོངས་སུ་གདུང་ཞིང་སྡུག་བསྔལ་བས་འོ་དོད་ཆེན་པོ་བོས་ཏེ་ལུས་དེ་ཉིད་ཀྱིས་མངོན་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་གྱུར་ཏོ། །མད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་པོ་ཆེས་ལུས་ཡོངས་སུ་བཏང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མིབལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བརྒྱ་བྱིན་ལྷའི་དབང་པོ་མཆོད་སྤྱིན་ཆེན་པོའི་བར་ཆད་བྱ་བར་འདོད་པ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདིཉིད་ཡིན་ནོ། ། རྨད་གལ་དེའི་ཚེ་ཡང་ལྷས་བྱིན་བླུན་པོས་ཕྲག་དོག་དང་ཞེ་ལྡང་གི་བསམ་པས་
42-608
ངའི་སྤྱིན་པའི་བར་ཆད་བྱ་བར་འདོད་པ་ལས་གཞིག་པར་མ་ནུས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །ང་ས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་མཚོད་སྤྱིན་བཤམས་པ་ན་ཡང་ལྷས་བྱིན་བླུན་པོ་དུང་ཞེ་ལྡང་དང་ཕྲག་དོག་གི་བསམ་པས་རྙེད་པ་ལ་མངོན་པར་ཞེན་པའི་ཕྱིར་འཁོར་མང་པོ་ཁ་བསྡུས་ནས་ང་ལ་གསོད་པར་འདོད་པ་ཡིན་ནོ། །ང་སྔོན་བྱ་གོད་ཕུང་པོའི་རིའི་ཤོད་དུ་འཆག་པ་ལས་ལྷས་བྱིན་བདག་ཉིད་རིའི་སྟེང་དུ་འཇེགས་ནས་འཁྲུལ་འཁོར་གྱིས་རྡོ་འཕངས་ཏེ། བདགཉིད་ཀྱི་དགེ་བའི་རྩུ་བ་བཤིག་ནས་ང་ལ་ངན་སེམས་བསྐྱེད་པས་བདག་ཉིད་ཀྱི་རྙེད་པ་དང་འབྱོར་པའི་མཐུ་ཉམས་པར་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བ་ཡིན་ནོ། །མད་གལ་ང་ས་ནི་ལྷས་བྱིན་བླུན་པོ་ལ་ལུས་དང ། ང་ག་དང ། ཡིད་ཀྱིས་ཉེས་པ་བྱས་པ་མེད་ཀྱང་ཡུན་རིང་པོ་ནས་ང་ལ་དགྲར་འདུ་ཤེས་ས་སོ། །ཚེ་རབས་ཐམས་ཅད་དུ་ངས་དགེ་བའི་ཆོས་མངོན་པར་སྒྲུབ་པའི་བར་ཆད་བྱ་བར་བརྩམས་ཀྱང་ངའི་དགེ་བ་སྤྱོད་པའི་བར་ཆད་བྱ་བར་མ་ནུས་སོ། ། ང་ས་ནི་ཡུན་རིང་པོ་ནས་རྟག་པར་བྱམས་པ་དང ། སྙིང་རྗེས་ཕན་བཏགས་ཀྱིས་ང་ལ་ཉེས་པའི་འདུ་ཤེས་སྐྱེད་པ་མེད་དོ། །མཽད་གལ་ལྷས་བྱིན་ནི་ཚེ་རབས་ཐམས་ཅད་དུ་ང་ས་བྱས་པའི་དྲིན་མི་གཟོ་བས་ང་ས་དེང་ལྷས་བྱིན་དང་འདྲ་བ་དག་ཀྱང་ལྷ་དང་མི་དང ། ལྷ་མ་ཡིན་དུ་བ་ཅས་པའི་འཇིག་རྟེན་གྱིས་དྲིན་མི་ཤེས་པར་བསྟན་ཏེ། དེ་ལྟ་བུའི་སྐྱེ་བོ་དེ་དག་ནི་ལོག་པ་ཉིད་དུ་ངེས་པའི་གནས་སུ་ཞུགས་པ་ཡིན་ནོ། ། མཽད་གལ་ལྷས་བྱིན་གྱིས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་འཇུག་པའི་ཚེ་གདོད་ང་ལ་ལྷག་པའི་བསམ་པ་བཟང་པོ་སྐྱེ་བར་
42-609
འགྱུར་ཏེ། འདི་ཡང་དེ་བཞིན་གཤེགས་པའི་བྱིནགྱི་རླབས་ཀྱི་མཐུ་ཡིན་ན་ནོ། ། ལྷས་བྱིན་བྱས་པའི་དྲིན་མི་ཤེས་པའི་མཆོག་ཏུ་གྱུར་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཇུག་ཏུ་ཉརེ་བའི་ཚེ་སྒྲ་ཚེན་པོ་འདི་སྐད་དུ་ལྷས་བྱིན་བླུན་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཞེ་ལྡང་གི་སེམས་བསྐྱེད་པ་དང ། གསད་པར་བྱ་བ་མ་ཡིན་པ་ལ་ནན་གྱིས་གསོད་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་རྒྱུ་དང་རྐྱེན་གྱིས་དེང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བ་ཡིན་ནོ་ཞེས་བསྒོ་བ་ཐོས་པས་ཤིན་དུ་སྐྲག་ནས་གདོད་དུལ་བར་གྱུར་ཏེ། འདི་སྐད་དུ་དེང་བདག་ཤ་དང་རུས་པས་གཏུགས་ཏེ་སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ་ཞེས་སྨྲས་པས་སེམས་བདེ་བ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པ་བསྐྱེད་ནས་སྒྲ་ཆེན་པོ་ཕྱུང་སྟེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ཞུགས་པའི་རྒྱུ་དང་རྐྱེན་དེས་ན་གྱིས་སེམས་ཅན་དམྱལ་བ་ལས་ཐར་ནས་མིར་སྐྱེས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལམ་ཡང་དག་པར་བསྒོམས་པས་རང་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་ཏེ་མིང་ཡང་རུས་པ་ཅན་ཞེས་བྱ་བར་འགྱུར་རོ། ། མད་གལང་ས་དེང་ལྷས་བྱིན་ལ་རང་སངས་རྒྱས་སུའགྱུར་བར་ལུང་བསྟན་པ་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བཟླས་པ་ཡིན་ན་ནོ། །མད་གལ་ང་ས་ལྷས་བྱིན་ཡོངས་སུ་བཟླས་པ་ནི་ངའི་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ང་ས་ཚེ་རབས་སྔ་མ་ལ་ལྷས་བྱིན་ཡོངས་སུ་བཟླ་བར་དམ་བ་ཅས་པས་ངས་ཁྱོད་ཡོངས་སུ་བཟླ་བར་བྱའི་གཞན་གྱིས་བཟླ་བར་བྱ་བ་མེད་དོ་ཞེས་སྨྲས་པས་སོ། །རྨད་གལ་ལྷས་བྱིན་ནི་ང་འབའ་ཤིག་ལས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་བསྐྱེད་པ་ཡིན་གྱི། གཞན་ལས་བསྐྱེད་
42-610
པ་མ་ཡིན་པས་ལྷས་བྱིན་ནི་དེང་ན་ཆད་ཀྱང་གཞན་ལས་དགེ་བའི་རྩ་བ་སྐྱེད་པར་མི་བྲེད་ཀྱི། ང་འབའ་ཤིག་ལ་ཡོངས་སུ་དང་བའི་སེམས་སྐྱེད་པར་བྱེད་དོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སྨྲས་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་ན་ཕྱིས་ཀྱང་ར་ང་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་བ་ཡིན་ནོ། །རྨད་གལ་ང་ནི་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས་གང་མགོན་མེད་ཅིང་སྐྱབས་མེད་པ། རྒུད་ཅིང་ནོར་དང་མི་ལྡན་པ། འཁོར་བརཡང་དང་ཡང་ཁ་བརྒྱུད་ཅིང་ལམ་ངན་པར་ཞུགས་པ། གླེན་ཞིང་གཏི་མྱུག་པས་ཤེས་པ་མེད་པ། རྟག་པར་དམྱུ་ས་ལོང་དུ་གྱུར་ཅིང་མིག་དང་མི་ལྡན་པ་དག་སུ་ཞིག་བདག་ཅགགི་འདེན་པར་འགྱུར། སུ་ཞིག་མགོན་དང་སྐྱབས་བྲེད་པར་འགྱུར་སྙམ་དུ་སེམས་པ་དག་ལ་ང་གཅིག་པུས་སྙིང་བརྩེ་བས་མགོན་དང་སྐྱབས་བྱ་བར་དམ་བ་ཅས་པས་ན། མོད་གལ་ང་ས་དེ་རྗེས་སུ་དྲན་པའི་ཕྱིར་སེམས་ཅན་གང་ལ་ལ་ཞིག་ང་ག་རྩུབ་པོས་ང་ལ་མི་སྙན་པ་རྗོད་ཀྱང་ང་ས་སླར་ལན་མི་བྲེད་དོ། །ཚིག་ན་བས་ང་ལ་སྤྱོས་ཀྱང་ང་ས་སླར་ལན་མི་བྲེད་དོ། །ཁྲོས་སམ་བཇེ་གས་ཀྱང་རུང་སྟེ། ནམ་ཡང་ང་ས་ལན་མི་བྲེད་དོ།། དེ་ཅིའི་ཕྱིར་ཞེ་ན། ང་ནི་རྟག་པར་སེམས་ཅན་ཐམས་ཅད་ལ་དེས་པའི་བདེ་བ་སྤྱིན་ཞིང་སྡུག་བསྔལ་གྱི་མི་བདེ་བ་ཐམས་ཅད་ཡོངས་སུ་བསལ་བར་བྱ་བའི་རིགས་ཀྱི། ང་ས་དེ་དག་ལ་གནོད་པ་རྣམས་སྤྱིན་པའི་མི་རིགས་པས་སོ། །སེམས་ཅན་རྣམས་ལས་སུ་ཞིག་བཟད་པར་ནུས་པ་ཡིན་ཞེ་ན། དེ་ནི་ང་གཅིག་པུ་ཁོ་ནས་བཟོད་པར་ནུས་པ་ཡིན་པས་ང་ས་དེང་སེམས་ཅན་བཟོད་པའི་ཆོས་དང ། ཤིན་ཏུ་ཉེ་བར་ཞི་བའི་ཆོས་དང ། རབ་ཏུ་དུལ་བའི་ཆོས་བསླབས་ནས་གླང་པོ་ཆེ་ཅང་ཤེས་ལྟ་བུར་དུལ་བར་བྱའི་གླང་པོ་ཆེ་མ་དུལ་བ་ལྟ་བུར་མི་བྱའོ་སྙམ་དུ་[»༄»༄]་
42-611
སེམས་ཏེ། རྨད་གལ་འདི་ལྟ་སྟེ་དཔེར་ན་གླང་པོ་ཆེ་ཤིན་དུ་དུལ་བ་ནི་གཡུལ་ངོར་འཇུག་པའི་ཚེ་སེམས་ལ་ནུར་བ་མེད་ཅིང་རྔ་བོ་ཆེའི་སྒྲ་དང ། དུང་གི་སྒྲ་དང ། རབ་ཏུ་འབོད་པའི་སྒྲ་དག་བཟད་པས་འདི་ལྟ་བུའི་འཇིགས་སུ་རུང་བའི་སྒྲ་དག་ཐོས་པར་གྱུར་ན་ཡང་སྐྲག་ཅིང་འཇིགས་པ་མེད་ལ། གྲང་བ་དང ། ཚ་བ་དང ། སྤྲང་བུ་མཆུ་རིང་ས་དང ། ཤ་སྤྲང་གདུག་པ་ཟ་བ་དང ། རླུང་དང ། ཆར་པ་དང ། བཀྲེས་པ་དང ། སྐོམ་པ་དག་ཀྱང་བཟོད་པར་ནུས། རལ་གྲི་ཤིན་དུ་རྣོན་པོ་སྣ་ཚོགས་བཏབ་པ་དང ། མདའ་དང ། མདུང་དང ། མདུང་ཐུང་དང ། ལྕགས་ཀྱི་འཁོར་ལོ་འཕང་ས་པ་དང ། ལྕག་གིས་གཞུས་པ་དག་ཀྱང་བཟོད་ཅིང་སྐྲག་པ་དང་འཇིགས་པ་མེད་པར་ཐད་ཀར་གཡུལ་ངོར་མཚོང་ཞིང་ནུར་བ་དང ། འགོང་བ་མེད་པས། རྨད་གལ་གླང་པོ་ཆེ་ཤིན་དུ་དུ་ལ་བ་ནི་འདི་སྙམ་དུ་བདག་དགྲའི་གཡུལ་དུ་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་དགྲའི་གཡུལ་འདི་ལས་རྒྱལ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མོད་གལ་དེ་བཞིན་དུ་ང་ཡང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་ནས་སེམས་ཅན་རྣམས་ལ་སེམས་དུལ་བར་བྲེད་པས། གལ་ཏེ་སེམས་ཙན་རྣམས་ཀྱིས་ང་ག་རྩུབ་པོས་ང་ལ་མི་སྙན་པ་རྗོད་ན་ཡང་ང་ས་ལན་དུ་གནོད་པ་མི་བྲེད་དོ། །ང་དང་རྩོད་པར་བྲེད་ན་ཡང་ང་ས་ལན་མི་བྲེད་དོ། །གལ་ཏེ་མཚོན་ཆ་དང ། དབྱུག་པ་དང ། རྒྱོ་མོ་དང ། རྡོ་དག་གིས་ང་ལ་གནོད་པ་བྱས་ནས་ངའི་སྲོག་འཕྲོག་པར་བྲེད་ན་ཡང་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ནུར་བར་འགྱུར་བ་ཡང་མེད་ལ། འདི་ནི་དང་དུ་བླང་བའི་རིགས ། །འདི་ནི་དང་དུ་བླང་བའི་མི་རིགས་སོ། །འདི་ནི་བསྟེན་པར་བྱ་བའི་རིགས་སོ། །འདི་ནི་
42-612
བསྟེན་པར་བྱ་བའི་མི་རིགས་སོ་ཞེས་རྣམ་པར་རྟོག་པར་ཡང་མི་བྲེད་པས་དངོས་པོ་དེ་ལ་མྱ་ངན་དང ། འརྒྱོད་པ་ཡང་མེད། ཁོང་ཁྲོ་བ་དང་འཁོན་དུ་འཛིན་པ་ཡང་མེད། བྱང་ཆུབ་སེམས་དཔའི་ལམ་ལ་ཡོངས་སུ་སྐྱོ་བ་ཡང་མེད་པས་འདི་སྙམ་དུ་དེང་བདག་དགྲའི་གཡུལ་འདིར་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་གིས་སྡིག་པའི་དགྲའི་གཡུལ་ཡང་དག་པར་བཅོམ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱས་ནས་ཁམས་གསུམ་གྱི་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟླ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མད་གལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བཟོད་པ་ཇི་སྙིད་པ་སྤྱད་པ་དང ། སེམས་ཅན་རྣམས་ལ་བྱམས་པ་དང ། སྙིང་རྗེ་ཇི་སྙེད་བསྐྱེད་པ་གལ་ཏེ་ཚིག་གིས་བརྗོད་པར་གྱུར་ན་ནམས་ཀྱང་མཐར་ཐུག་པར་མི་འགྱུར་རོ། ། གཞན་ཡང་མད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་མུ་སྟེགས་ཅན་གྱི་དྲང་སྲ་ང་བཟད་པའི་སྟོབས་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བདག་གིས་སེམས་ཅན་ལ་ཞེ་སྔང་མི་བསྐྱེད་དོ་སྙམ་པའི་ཆོས་ཡང་དག་པར་བླང་ས་སོ། །དེའི་ཚེ་སྔིག་པའི་ཡིད་ཅེས་བྱ་བའི་བདུད་ཞིག་ཡོད་དེ། དེ་འདི་སྙམ་དུ་བདག་དེང་ཅིའི་ཕྱིར་དྲང་སྲོང་དེའི་དྲུང་དུ་སོང་ནས་པཟོད་པའི་ཆོས་བཤིག་སྟེ། ཁོང་ཁྲོ་བ་བསྐྱེད་ནས་བཟོད་པ་དང་དུ་ལེན་པའི་བསམ་པ་ལས་ལྡོག་པར་བྱ་སྙམ་དུ་བསམས་ནས་དེ་ནས་སྤྱོ་བ་ལ་མཁས་པའི་མི་སྟོང་བརྒྱེ་ནས་དེ་ཡོངས་སུ་བསྐོར་ཏེ་ང་ག་རྩུབ་པོས་སྤྱོས་ནས་མི་བདེན་པར་སྐྱོན་ནས་སྨོས། དབྱུང་བར་མི་འོས་པའི་ཚིག་ངན་པ་ན་བ་སྣ་ཚོགས་ཀྱིས་སྤྱོས་ཏེ། འགྲོ་བའི་ཚེ་ཡང་ཚིག་གིས་སྤྱོས། གྲོང་ཁྱེར་དུ་ཕྱིན་པའི་ཚེ་ཡང་སྤྱོས། གྲོང་ཁྱེར་དུ་འཇུག་པའི་ཚེ་ཡང་སྤྱོས། ཟནཟ་པའི་ཚེ་ཡང་སྤྱོས། ཟན་ཟོས་ཟིན་པའི་འོག་ཏུ་ཡང་སྤྱོས། སྟན་
42-613
ལས་ལངས་པའི་ཚེ་ཡང་སྤྱོས། གྲོང་ཁྱེར་ནས་འབྱུང་བའི་ཚེ་ཡང་སྤྱོས། རང་གི་གནས་ནགས་ཚལ་དག་ཏུ་ཕྱིན་པའི་ཚེ་ཡང་སྤྱོས། འགེང་པའི་ཚེ་ཡང་སྤྱོས། འདུག་པའི་ཚེ་ཡང་སྤྱོས། ཉལ་བའི་ཚེ་ཡང་སྤྱོས། འཆག་པའི་ཚེ་ཡང་སྤྱོས། ཐ་ན་དབུགས་ཇུབ་པ་དང་དཔུགས་འབྱུང་བའི་ཚེ་ཡང་སྤྱོས་ཏེ། རྟག་པར་རྗེས་སུ་འབྲང་ས་ནས་ཚིག་ངན་པ་སྣ་ཚོགས་ཀྱིས་རྒྱུན་ཆད་པ་མེད་པར་སྤྱོས ། །དེའི་ཚེ་མི་སྟོང་པོ་དེ་དག་བདུད་ཀྱིས་མང་གས་པས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ང་ག་རྩུབ་པོས་དྲང་སྲོང་བཟོད་པའི་སྟོབས་ལ་སྤྱོས་སོ། །དེ་ནས་བདུད་སྡིག་པའི་ཡིད་ཀྱིས་དྲང་སྲོང་བཟོད་པའི་སྟོབས་གྲོང་ཁྱེར་དུ་འཇུག་པའི་ཚེ་བདག་ཉིད་ཀྱི་གཅིན་གྱིས་དེའི་མགོའི་སྟེང་དུ་བླུགས། ལྷུང་བཟིད་ཀྱི་ནང་དུ་བླུགས། ཆོས་གོས་དང་ལྷུང་བཟེད་ལ་ཡང་བསྐུས། ལུས་ལ་ཡང་བསྐུས། ཕྱག་དྲ་གྱིས་མགོ་ལ་ཡང་གཏོར་ཏོ། །དེའི་ཚེ་དྲང་སྲོང་བཟོད་པའི་སྟོབས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྤྱོ་བ་ལ་དཔའ་བའི་མི་སྟོང་གིས་ང་ག་རྩུབ་པོས་སྤྱོས་ཤིང་སྨད་པར་གྱུར་ཀྱང་དེའི་སེམས་ལ་ཞེ་སྡང་དང་འཁོན་དུ་འཛིན་པ་ཡང་མེད་ལ་ཐ་ན་སེམས་ལ་ནུར་ཞིང་ཞུམ་པར་གྱུར་པ་ཡང་མེད་དོ། །བདག་ཉིད་ཀྱང་འདི་སྐད་དུ་བདག་གིས་ཉེས་པ་ཅི་བྱས་ཞེས་ཀྱང་མི་ཟེར་ལ་འཁོན་དུ་འཛིན་པ་ཡང་མེད་དོ། །ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྡང་མིག་གིས་བདུད་སྡིག་པའི་ཡིད་ལ་བལ་བལྟས་པ་ཡང་མེད་ལ་བདག་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པ་ཡང་མེད་དོ། །མད་གལ་སྤྱོ་བ་ལ་དཔའ་བའི་མི་སྟོང་པོ་དེ་དག་གིས་དྲང་སྲོང་བཟོད་པའི་སྟོཔས་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལས་འདས་པའི་བར་དུ་སྤྱོས་ཀྱང་གཞིག་མི་ནུས་པར་རིག་ནས་ཤིན་དུ་དང་པའི་བསམ་པ་བསྐྱེད་དེ་ཁ་ན་མ་ཐོ་བ་རྣམས་ཀྱང་བཤགས་ནས། འདི་སྐད་དུ་ཁྱོད་ཀྱིས་དངོས་པོ་འདིས་ཆོས་ཇི་ལྟ་པུ་ཞིག་ཡོངས་
42-614
སུ་ཚོལ། བདག་ཅག་ཀྱང་ཚོས་དེ་ཐོབ་པར་འཆལ་ལོ་ཞེས་སྨྲས་སོ། །མད་གལ་སྤྱོ་བ་ལ་དཔའ་བའི་མི་སྟོང་པོ་དེ་དག་དྲང་སྲོང་ལ་ཤིན་དུ་དང་བ་ཐོབ་པས་གུས་པའི་སེམས་ཀྱིས་མཆོད་ཅིང་རིམ་གྲོ་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །དྲང་སྲོང་ཡང་དེ་དག་གིས་རིམ་གྲོ་དང་བསྙེན་བཀུར་བྱས་པ་ཉམས་སུ་བླང་ས་ཀྱང་སེམས་ལ་མངོན་པར་ཞེན་ཅིང་ཆགས་པ་ཅི་ཡང་མེད་པར་གྱུར་ཏོ། །མད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །ང་ས་དེའི་ཚེ་བཟོད་པའི་ཆོས་དེ་ལྟ་བུ་ཡང་དག་པར་བླང་ས་པས་བདུད་སྡིག་པའི་ཡིད་ཀྱིས་མི་སྟོང་བརྒྱེ་སྟེ་རྒྱུན་འཆད་པ་མེད་པར་ང་ག་རྩུབ་པོས་སྤྱོས་ཤིང་རྟག་པར་ང་ལ་སྨད་པར་གྱུར་ཀྱང་ངའི་སེམས་ལ་གཡོ་ཞིང་གྱུར་པ་ཅི་ཡང་མེད་དོ། །མད་གལ་སྤྱོ་བ་ལ་དཔའ་བའི་སྐྱེས་བུ་སྟོང་པོ་དེ་དག་དྲང་སྲོང་བཟོད་པའི་སྟོབས་ལ་ཤིན་དུ་དང་བ་སྐྱེས་ཏེ་སྡིགཔ་བཤགས་ནས་དྲང་སུ[༄\ུfཅ]ང་བཟོད་པའི་སྟོབས་ཀྱི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་ཚེ་ངས་ཡོངས་སུ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་བརྐོད་དེ། སྐྱེས་བུ་སྟོང་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པར་སྤྱད་པས་མཐར་གྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིང་ས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །མད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་བདུད་སྔིག་པའི་ཡིད་ཀྱིས་སྐྱེས་པུ་སྟོང་བགྱེ་ནས་ང་ལ་སྤྱོར་བཅུག་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷས་བྱིན་འདི་ཉིད་ཡིན་ནོ།། །།
42-615
བམ་པོ་དྲུག་པསྟེ་ཐ་མ ། གཞན་ཡང་མད་གལ་ང་ས་མངོན་པར་དྲན་ཏེ ། སྔོན་བྱུང་བ་འདས་པའི་དུས་ན་ང་ས་རང་གི་ལུས་སེམས་ཅན་རྣམས་ལ་ཡོངས་སུ་བཏང་ནས་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱི་བྲན་དང་གཡོག་བྱས་པས་དེའི་ཚེ་སྐྱེ་བོ་མང་པོ་དེ་དག་གིས་ང་ལས་རྣམ་པ་སྣ་ཚོགས་བྱེད་དུ་བརྩུག་སྟེ། ཁ་ཅིག་གིས་ནི་ང་བཤང་གཅི་འདོར་དུ་བརྩུག་གོ། །ཁ་ཅིག་གིས་ནི་ང་ལུད་འདོར་དུ་བཅུག་ག་གོ་།ཁ་ཅིག་ནི་ང་ས་འདོར་དུ་བརྩུ་ག་གོ། །ཁ་ཅིག་གིས་ནི་ངཙོ་ལེན་དུབཏང་ངོ ། །ཁ་ཅིག་གིས་ནི་ང་འཔུ?་དང ། འོ་མ་དང ། ཞོ་དང ། མར་དང ། འབྲུ་མར་དང ། སྤྲང་རྩི་ལེན་ཏུ་བཏང་ངོ ། །ཁ་ཅིག་གིས་ནི་ང་ཤིང་དང ། སོལ་བ་དང ། མེ་དང ། ཆུ་ལེན་དུ་བཅུག་སྟེ། འདི་ལྟ་བུ་ལ་སོགས་པའི་ལས་རྣམ་པ་སྣ་ཚོགས་བྲེད་དུ་བཅུག་ཀྱང ། མད་གལ་ང་ས་དེའི་ཚེ་གང་གིས་ང་བཤང་གཅི་འདོར་དུ་བཅུག་པ་དེའི་རྗེས་སུ་མི་བྱའོ་སྙམ་པའི་སེམས་བསྐྱེད་པ་མི་དྲན་ནོ། །གང་གིས་ང་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་སྤོས་དང ། སྤོས་ཀྱི་བྲེ་མ་དང ། བཟའ་བ་དང ། བཏུང་བ་དང ། འབྲས་བུ་ལེན་དུ་བཏང་བ་ལས་དེའི་རྗེས་ས་སུ་མ་སོང་བ་མི་དྲན་ནོ། །མད་གལ་གང་གིས་ལེགས་པར་བྲེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་བྱ། ལེགས་པ་མ་ཡིན་པ་བྱེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པ་ང་ས་ཡང་དག་པར་རྗེས་སུ་མི་དྲན་ནོ། །མད་གལ་ང་ས་དེའི་ཚེ་རྒྱལ་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། བྲམ་ཟེའི་རྗེས་སུ་ནི་འབྲང་པར་མི་བྱ། བྲམ་ཟིའི་རྗེས་སུ་ནི་འབྲང་བར་བྱ། རྒྱལ་རིགས་ཀྱི་རྗེས་སུ་ནི་འབྲང་བར་མི་བྱ། དམང་ས་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། གདོལ་པའི་རྗེས་སུ་ནི་འབྲང་བར་མི་བྱ། གདོལ་པའི་རྗེས་སུ་ནི་འབྲང་བར་བྱ། དམང་ས་རིགས་
42-616
ཀྱི་རྗེས་སུ་ནི་འབྲང་བར་མི་བྱ། རྒྱལ་རིགས་དང ། བྲམ་ཟེའི་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། དམང་ས་རིགས་དང ། གདོལ་པའི་རྗེས་སུ་ནི་འབྲང་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པ་ཡང་མི་དྲན་ལ། གང་ཟག་འདི་ནི་ཆེའོ། གང་ཟག་འདི་ནི་ཆུང་ངོ་ཞེས་དེ་དག་གི་ཁྱད་པར་དང ། གང་ཟག་འདིའི་རྗེས་སུ་ནི་འབྲང་བར་བྱ། གང་ཟག་འདིའི་རྗེས་སུ་ནི་འབྲང་བར་མི་བྱའོ་སྙམ་དུ་སེམས་པ་ཡང་མེད་ཀྱི། མད་གལ་གང་གིས་དསྔར་བོས་པའི་རྗེས་སུ་དགའ་བའི་སེམས་ཀྱིས་འགྲོ་པ་ཁོ་ནར་ཟད་དོ། །མད་གལ་ང་ས་མངོན་པར་དྲན་ཏེ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་རྗ་གང་གིས་ཆོས་པ་ཞིན་གྱི་བྱ་པ་དག་ང་བྱེད་དུ་བ་རྩུག་པ་ལས་ནུས་བཞིན་དུ་མ་བྱས་པ་ཡོད་པར་ནམ་ཡང་མི་དྲན་ནོ། །མད་གལ་ང་ས་མངོན་པར་དྲན་ཏེ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་=བྱ་བའི་དངོས་པོ་དག་ངེས་པར་མཐར་མ་ཕྱིན་པའམ། དགེ་བའི་ལས་མངོན་པར་འདུ་བྱ་པའི་དགེ་བ་གང་ཡང་མཐར་མ་ཕྱིན་པ་ཡོད་པ་རྗེས་སུ་མི་དྲན་ནོ། །མདོར་ན་ང་ས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ནམ་ཡང་ལུས་ལ་མངོན་པར་ཞེན་པར་གྱུར་པ་ཡང་མེད་ན་ནོར་གྱི་དངོས་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ང་སྔོན་བྱང་ཆུཔ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ལོང་ས་སྤྱོད་ཀྱི་དངོས་པོ་དག་ལ་འདི་ནིཔད་ག་གི་ལོང་ས་སྤྱོད་ཡིན་ནོ་སྙམ་པའི་འདུ་ཤེས་བསྐྱེད་པ་མེད་ཀྱང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ལོང་ས་སྤྱོད་དང་ལྡན་པར་གྱུར་པར་ཟད་པས་ལོང་ས་སྤྱོད་ཀྱི་དངོས་པོ་དག་ལ་འདི་སྙམ་དུ་སེམས་ཏེ། དངོས་པོ་འདི་དག་ནི་སེམས་ཅན་རྣམས་དང་ཐུན་མོང་དུ་ལོང་ས་སྤྱོད་པར་བྱ་སྟེ། དངོས་པོ་འདི་ལ་བདག་གི་སྐལ་བ་ཡོད་པ་བཞིན་དུ་སེམས་ཅན་རྣམས་ལ་ཡང་སྐལ་བ་ཡོད་དོ་སྙམ་དུ་སེམས་སོ། ། མད་
42-617
གལ་ང་ས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དཔང་གིས་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་ཀྱང ། བདག་གི་ལོང་ས་སྤྱོད་ལ་བདག་ཀྱང་སྐལ་བ་ཡོད། སེམས་ཅན་ཡང་སྐལ་བ་ཡོད་དོ་སྙམ་དུ་མི་སེམས་ཀྱི། ལོང་ས་སྤྱོད་འདི་དག་ནི་སེམས་ཅན་རྣམས་ཀྱི་ཡིན་པས་པདག་ལསྐལ་བ་ཅི་ཡང་མེད་དོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །མད་གལ་ང་ས་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་པ་རྗེས་སུ་ཐོབ་པར་གྱུར་ཀྱང་དེ་ལ་མངོན་པར་ཞེན་པ་ཡང་མེད ། ཡོངས་སུ་སྡུད་ཅིང་ལེན་པར་ཡང་མི་བྲེད་པས་ཆོས་རྣམས་ཡོངས་སུ་སྤོང་བ་ལ་མོས་པར་བྱེད་ཀྱི། ཆོས་རྣམས་དང་དུ་ལེན་པ་ལ་མོས་པར་མི་བྱེད་དོ། །སྟོང་པའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཡོད་པའི་ཆོས་ཐམས་ཅད་ལ་མོས་པར་མི་བྱེད་དོ། །ཉེ་བར་ཞི་བའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཆོས་རྣམས་ཀྱི་དངོས་པོའི་མཚན་ཉིད་ལ་མོས་པར་མི་བྱེད་དོ། ། གཟད་མ་ནས་མེདཔ་ཤིད་ལ་མོས་པར་བྲེད་ཀྱི། གཟོད་མ་ནས་ཡོད་པ་ཉིད་ལ་མོས་པར་མི་བྱེད་དོ། ། མད་གལ་ངས་མངོན་པར་དྲན་ཏེ། ང་ས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཆད་མེད་པ་སྙེད་དུ་མཚན་མོ་མྱུན་པའི་ནང་ན་རང་གི་ལུས་ལ་མེས་སྤར་ནས་ལམ་སྟོར་བའི་སེམས་ཅན་རྣམས་སྣང་བར་བྱས་ཏེ་ལམ་བསྟན་ཏོ། །མད་གལ་ང་ས་མངོན་པར་དྲན་ཏེ། ང་ས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཤ་ཟ་བའི་སེམས་ཅན་རྣམས་ལ་རང་གི་ཤ་པཅད་ནས་སྤྱིན་པ་ཡོངས་སུ་བཏང་ངོ ། ། མོད་གལ་ང་ས་མངོན་པར་དྲན་ཏེ། ང་ས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཁྲག་འཐུང་བའི་སེམས་ཅན་རྣམས་ལ་ལུས་ལས་ཁྲག་ཕྱུང་སྟེ་སྤྱིན་པ་ཡོངས་སུ་བཏང་ནས་རབ་ཏུ་ཚིམ་པར་
42-618
བྱས་སོ། །རྨད་གལ་མདོར་ན་འཇིག་རྟེན་པའི་ནོར་རྗས་སམ་ལོང་ས་སྤྱད་པར་བྱ་བ་ཅི་ཡང་རུང་སྟེ ། སེམས་ཅན་རྣམས་ལ་ནམ་ཡང་ཕང་ས་ཤིང་སེར་སྣ་བྱས་མ་མོང་སྟེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ལ་འཚེ་བ་མེད་པ། གནོད་པ་མེད་པ། མ་ཁས་པ་རྣམས་ཀྱིས་གནང་བ ། འཕགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་གྱུར་པ་དེ་ལྟར་ང་ས་ཡུན་རིང་པོར་བརྟགས་ཏེ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་བསམ་པ་རབ་ཏུ་བསྐྱེད་ནས་བཏང་ངོ ། །གཞན་ཡང་རྨད་གལ་ང་ས་མངོན་པར་དྲན་ཏེ། འདས་པའི་དུས་ཀྱི་ཚེ་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱབ་ཞིག་བྱུང་བར་གྱུར་ཏེ། དེ་རྒྱ་མཚོ་ཆེན་པོར་ཞུགུས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལས་བདེ་བར་སླར་ལོག་སྟེ་རང་གི་ཡུལ་དུ་ན་ནས་གྲོང་ཁྱེར་དུ་ཞུགས་ཏེ་ཁྱིམ་གྱི་སྒོར་ན་པ་དང ། དེའི་ཚེ་གྲོང་ཁྱེར་ན་གནས་པའི་སློང་ས་མོ་པ་མང་པོ་རྣམས་ཀྱིས་དེ་ཡོངས་སུ་བསྐོར་ནས་དེའི་མདུན་དུ་འདི་སྐད་ཅེས་སྨྲས་སོ། །ལེགས་པར་རྙེད་པ་བདེ་བར་བྱོན་ཏམ། སྤྱིན་བདག་ཆེན་པོ་བདག་ཅག་སློང་བ་མཆིས་ཏེ། གལ་ཏེ་གནང་བར་གྱུར་ན་བདག་ཅག་བསླང་བར་འཚལ་ལ་ལོ། །མོད་གལ་དེའི་ཚེ་ལེགས་པར་རྙེད་པས་སློང་ས་མོ་པ་དེ་དག་ལ་འདི་སྐད་དུ་ཁྱེད་སློང་ས་ཤིག་དང ། བདག་ལ་ཅི་བདོག་པ་ཕང་ས་པ་མེད་པར་སྤྱིན་པར་བྱའོ་ཞེས་སྨྲས ། །དེ་ནས་སློང་ས་མོ་པ་རྣམས་ཀྱིས་ལེགས་པར་རྙེད་པ་ལ་སྨྲས་པ། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ནས་རྙེད་པའི་ནོར་བུ་རིན་པོ་ཆེ་རྣམས་བདག་ཅག་ལ་བྱིན་ཅིག་དང ། དེས་ན་བདག་ཅག་རབ་ཏུབ་དེ་བར་འགྱུར་རོ། །རྨད་གལ་དེའི་ཚེ་ལེགས་པར་རྙེད་པས་ནོར་བུ་རིན་པོ་ཆེ་གཅིག་ཅིག་ཀྱང་གསེར་སྲང་བརྒྱ་སྟོང་དུ་མ་རི་བ་བྲེ་བ་ཕྲག་བརྒྱད་ཅུ་སྙེད་ཀྱི་རིན་པོ་ཆེ་རྣམས་མ་ལུས་པར་སློང་ས་མོ་པ་རྣམས་ལ་བྱིན་ཏེ། རྨད་གལ་ལེགས་པར་རྙེད་པ་དེས་
42-619
དེ་ལྟར་ནོར་མང་པོ་རྣམས་ཡོངས་སུ་བཏང་བར་གྱུར་ཀྱང་སེམས་ལ་གྱུར་པའམ། འརྒྱོད་པར་གྱུར་པ་ཅི་ཡང་མེད་དོ། །དེའི་ཚེ་ལེགས་པར་རྙེད་པས་རིན་པོ་ཆེ་མང་པོ་སློང་ས་མོ་པ་རྣམས་ལ་ཡོངས་སུ་བཏང་ནས་ཁྱིམ་དུ་ཡང་མ་ཞུགས་པར་སླར་ལོག་སྟེ་རྒྱ་མཚོར་ཞུགས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལ་སྔ་མ་བས་ཕྱེད་འགྱུར་ཀྱིས་བཟང་བའི་རིན་པོ་ཆེ་མང་པོ་ཐོབ་པར་གྱུར་ཏེ། ལོ་བརྒྱད་ཅུ་འདས་ནས་སླར་རང་གི་ཡུལ་དུ་གྱི་ན་ནས་གྲོང་ཁྱེར་དུ་འཇུག་པ་ལས་དེའི་ཚེ་ཉེས་པ་བྱས་པའི་མི་དག་ཅིག་གཤེད་མ་པས་གཟུང་སྟེ་བཅིང་ས་ནས་མི་སྙན་པའི་སྒྲ་བསྒྲགས་པའི་རྔ་ཡང་བརྡུང་ས། ལམ་གྱི་བཞི་མདོ་རྣམས་སུ་བསྒྲགས་པ་ཡང་བྱས་ནས་གསད་པའི་གནས་སུ་ཁྲིད་ནས་གསད་པརབྱས་པ་ལས། དེའི་ཚེ་གསད་པ་ལ་ཐུག་པ་དེ་དག་གིས་རྒྱང་ནས་ལེགས་པར་རྙེད་པ་མཐོང་བ་དང་འདི་སྐད་ཅེས་སྨྲས་སོ། །ཚོང་དཔོན་བདག་ཅག་ལ་མི་འཇིགས་པ་བྱིན་ཅིག ། བདག་ཅག་གསད་པའི་ཉེས་པ་ལས་སྐྱོབས་ལ་བདག་ཅག་ལ་སྲོག་བྱིན་ཅིག་།ཁྱོད་ནི་སྤྱིན་བདག་ཆེན་པོ་སྐྱེས་བུ་དམ་པ་ལགས་སོ། །ལེགས་པར་རྙེད་པས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་གསད་པ་ལ་ཐུག་པ་དེ་དག་ལཀྱེ་ཁྱེད་ལ་མི་འཇིགས་པ་སྤྱིན་ཞིང་ཁྱེད་གསད་པའི་ཉེས་པ་ལས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་སྨྲས་ནས་གཤེད་མ་པ་དེ་དག་གི་དྲུང་དུ་སོང་ནས་རེ་རེ་ལ་ཡང་ནོར་བུ་རིན་པོ་ཆེ་གསེར་སྲང་བྲེ་བ་རི་བ་རེ་རེ་བྱིན་ནས་ཁྱེད་ཅག་དེང་བདག་རྒྱལ་པོའི་དྲུང་ནས་སླར་མ་འོང་ས་ཀྱི་བར་དུ་སྐད་ཅིག་སྣོད་ཅིག་ཅེས་སྨྲས་ཏེ། དེ་ནས་ལེགས་པར་རྙེད་པ་མྱུར་ཞིང་རིང་ས་པར་རྒྱལ་པོའི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱ་ལ་པོ་ཆེན་པོ་བདག་ནི་རིན་པོ་ཆེ་བཟང་པོ་དག་གིས་མི་འདི་དག་གི་སྲོག་འཇལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ལེགས་པར་རྙེད་པ་མི་འདི་དག་ག་གི་
42-620
ཉརེས་པ་ནི་གཏང་དུ་མི་རུང་བས་བ་ཙོང་དུ་མི་རུང་ངོ ། །གལ་ཏེ་སྙིང་ཐག་པ་ནས་ཏོ་བར་འདོད་ན་ཁྱོད་ལ་ནོར་ཅི་བདོག་པ་ཟད་པར་ང་ལ་བྱིན་ལ་བདག་ཉིད་ཀྱང་ཤི་བར་ཁས་ལེན་ན་གདོད་གཏང་ངོ ། །མད་གལ་དེའི་ཚེ་ལེགས་པར་རྙེད་པས་དེ་སྐད་སྨྲས་པ་ཐོས་པ་དང་རབ་ཏུ་དགའ་བར་གྱུར་ནས་བདག་ནི་རྙེད་པ་ཆེན་པོ་ཐོབ་པས་སྨོན་པ་རྣམས་ཡོངས་སུ་རྫོགས་པར་གྱུར་ཏེ་མི་འདི་དག་གི་སྐྱབས་བྱས་པར་གྱུར་པ་ནི་བདག་གི་ཡིད་ཚིམ་པར་གྱུར་ཏོ་ཞེས་དེ་ནས་ལེགས་པར་རྙེད་པས་མི་དེ་དག་བསྐྱབས་ཏེ་གསད་པའི་ཉེས་པ་ལས་ཐར་བར་བྱ་བའི་ཕྱིར་ཁྱིམ་ན་ནོར་ཅི་བདོག་པ་དང ། རྒྱ་མཚོ་ཆེན་པོ་ནས་ཐོབ་པའི་ནོར་བུ་རིན་པོ་ཆེ་གསེར་དང་དངུལ་ལ་སོགས་པ་བྲེ་བ་སྟོང་ཕྲག་ཚད་མེད་པ་རྣམས་རྒྱལ་པོ་ལ་ཕུལ་ནས་འདི་སྐད་ཅེས་སྨྲས་ས་སོ། །རྒྱལ་པོ་ཆེན་པོ་མི་དེ་དག་གཏང་དུ་གསོལ། བདག་ལ་ནོར་ཅི་མཆིས་པ་ནི་བས་པར་འདིར་མཆིས་ལགས་སོ། ། རྒྱལ་པོས་ནོར་རྣམས་བླང་ས་ནས་གཤེད་མ་པ་དག་ལ་བསྒོ་བ། ལེགས་པར་རྙེད་པ་འདི་ཁྲིད་ལ་སོད་ཅིག་།ལྷ་དེ་བཞིན་དུ་འཚལ་ལོ་ཞེས་རྒྱལ་པོའི་བཀའ་མཉན་ནས་ལེགས་པར་རྙེད་པ་བཅིང་ས་ཏེ་གསད་པའི་གནས་སུ་ཁྲིད་ནས་ལག་པ་གཡས་པ་བཏེག་སྟེ་ལེགས་པར་རྙེད་པ་ལ་མཚོན་གད་བ་པར་གཟས་པ་ལས་ལག་པ་རེང་ས་ནས་གད་བ་ཏུ་མ་བཏུབ་པ་དང ། སྐྲག་ཅིང་ངོ་མཚར་དུ་གྱུར་ནས་ལེགས་པར་ནྟེ་དཔ་ཁྲིད་དེ་རྒྱལ་པོ་ལ་དངོས་པོ་འདི་ཞིབ་ཏུ་གསོལ་ཏོ། ། རྨད་གལ་རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་བདག་ཤིད་མཚོན་ཐོགས་ཏེ་ལེགས་པར་རྙེད་པ་གསད་པར་འདོད་པའི་ཕྱིར་མཚོན་བཏེག་སྟེ་གད་བ་པར་གཟས་པ་ལས། དེའི་ཚེ་རྒྱལ་པོ་དེའི་ལག་པ་གཉིས་ས་ལ་ལྷུང་སྟེ་སྡུག་བསྔལ་གྱི་གནོད་པ་ཆེན་པོ་ཐོབ་ནས་སྐད་ངན་ཕྱུང་སྟེ་འཆི་བའི་དུས་བྱས ། །རྨད་གལ་ཁྱོད་ཀྱིས་
42-621
དེའི་ཚེ་དེའི་དུས་ན་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། ། དེའི་ཚེ་དེའི་དུས་ན་རྒྱལ་པོར་གྱུར་པ་དེ་ནི་ལྷས་བྱིན་བླུན་པོ་འདི་ཉིད་ཡིན་ན་ནོ།། མོད་གལ་དེའི་ཚེ་དེའི་དུས་ན་ཡང་ལྷས་བྱིན་གྱིས་ངའི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་ས་སོ། །དེ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་ངའི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་ས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ནི་ལྷ་དང ། མི་དང ། ལྷ་མ་ཡིན་དུ་བ་ཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་གནོད་པབྱ་བར་མི་ནུས་ན་ལྷས་བྱིན་བླུན་པོས་ལྟ་སྨོས་ཀྱང་ཅི་དགོས་པསོ།། ལྷས་བྱིན་ནི་ད་ལྟར་ཡང་གྲོགས་པོ་མ་རུང་ས་པ་བསྡུས་ནས་ང་ལ་གསོད་པར་ཡང་འདོད་ལ། བདག་ཉིད་ཀྱང་ཐབས་ཀྱིས་ང་གསོད་པར་འདོད་པས་རྙེད་པ་དང་གྲགས་པ་དང་མཐུ་སྟོབས་ཉམས་ནས་གསོན་པོར་ལུས་འདི་དང་བ་ཅས་པར་སེམས་ཅན་དམྱལ་བ་མནར་མེད་པར་ལྷུང་བར་གྱུར་ཏོ། །མོད་གལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་གང་ལ་ཡང་ལྷས་བྱིན་ལྟ་བུར་ཕན་བཏགས་པ་ཡང་དག་པར་རྗེས་སུ་མ་མཐོང་ན་ལྷས་བྱིན་ནི་བྱས་པ་དྲིན་དུ་མི་གཟོའོ། །ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་གྱུར་པའི་རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་དང་ལྡན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་མད་གལ་སྔོན་བྱུང་བ་འདས་པའི་དུས་ན་གང་ས་རིའི་རྒྱལ་པོའི་དྲུང་ན་གླང་པོ་ཆེ་ལྔ་བརྒྱ་ཞིག་གནས་ཏེ། དེའི་ནང་ན་གླང་པོ་ཆེའི་རྒྱལ་པོ་བདག་པོར་གྱུར་པ། བྱད་བཞིན་སྡུག་ཅིང་ཡིད་དུ་འོང་བ། སྟོབས་པོ་ཆེ་ཤེས་པ་དང་ལྡན་
42-622
པ་ཞིག་ཡོད་དེ། དེའི་ཚེ་གླང་པོ་ཆེ་མང་པོ་རྣམས་རི་སྲང་ཉམ་ང་ཞིང་དོག་པ་ལམ་གཅིག་ལས་མེད་པ་ཞིག་ཏུ་མཚན་མོ་གནས་པར་གྱུར་པ་རྡོན་པས་མཐོང་ནས་མཚན་ཐོག་ཐག་ལམ་ཉམ་ང་བ་དེར་རླུབས་ཆེན་པོ་བཀོས་ནས ། འདི་སྙམ་དུ་གླང་པོ་ཆེ་མང་པོ་འདི་དག་ནི་འདིར་ལྟུང་བར་འགྱུར་བས་ཐམས་ཅད་བདག་དབང་སྟེ་བདག་གིས་དགའ་མགུར་བླང་བར་བྱའོ་སྙམ་མོ། །མཚན་ཐོག་ཐག་རླུབས་བཆོས་ཟིན་ནས་གླང་པོ་ཆེ་མང་པོ་རྣམས་བདས་ཏེ། ལམ་ཉམ་ང་ཞིང་རླུབས་ལོད་པའི་སྟེང་དུ་བཏང་ངོ ། །གླང་པོ་ཆེ་མང་པོ་རྣམས་འབྱུང་བར་བྱས་པ་ལས་རླུབས་ཆེན་པོ་ཡོད་པར་མཐོང་ནས་རྒལ་བར་མ་ནུས ། ། མོད་གལ་དེའི་ཚེ་གླང་པོ་ཆེའི་བདག་པོ་དེས་བདག་ཉིད་ཀྱི་ལུས་རླུབས་ཀྱི་སྟེང་དུ་འཕྲེད་དུ་ཉལ་ཏེ་ཟམ་པ་བྱས་ནས་གླང་པོ་ཆེ་ལྔ་བརྒྱ་རྒྱབ་ཀྱི་སྟེང་དུ་བརྫིས་ནས་དེ་ལས་རྒལ་ཏེ་དོང་ངོ ། །གླང་པོ་ཆེ་མང་པོ་བ་བླས་ནས་བདག་ཉིད་ཀྱི་མཐུས་མཆོང་ས་པ་བྱས་ཏེ་སོང་བ་དང ། དེའི་ཚེ་རིའི་ལྷ་ཞིག་གིས་ཚིགས་སུ་བ་ཅད་དེ་སྨྲས་པ། སྡིག་ཅན་རླུབས་ཟབ་བརྐོས་གྱུར་ཀྱང ། །དེ་ན་གླང་བདག་བློ་ལྡན་གྱིས། །བདག་དང་གཞནགཉིས་བཟླས་པ་ན། །དོན་མེད་རླུབས་ཟབ་བཀོས་པར་གྱུར། །མོད་གལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་དབང་པོ་རྣོ་ཞིང་མཐུ་ཆེན་པོ་དང་ལྡན་པར་གྱུར་པ་བྱུང་བ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་གླང་པོ་ཆེ་ལྔ་བརྒྱ་བྱུང་བ་དེ་དག་ནི་ད་ལྟར་གྱི་དགེ་སློང་ལྔ་བརྒྱ་པོ་ལྷས་བྱིན་གྱིས་གཞིག་པར་བྱས་པར་བརྩམས་པ་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྡོན་པར་གྱུར་པ་དེ་དག་ནི་ལྷས་བྱིན་ལ་སྩོགས་པ་དགེ་སློང་ལྔ་པོ་འདི་ལྟ་སྟེ། ཁ་ཟ་ཌ་དྲ་བ་བྱ་དང ། ཀ་ཏ་མོ་ར་ཀཏི་ཤ་དང ། རྒྱ་མཚོས་བྱིན་དང ། ཀོ་ཀ་
42-623
ལི་ཀ་ལ་སོགས་པ་ཡིན་ནོ། །མོད་གལ་ང་ས་ནི་ཡུན་རིང་པོ་ནས་རྟག་པར་སེམས་ཅན་འཇིགས་ཤིང་སྐྲག་པ་རྣམས་མཐོང་བར་གྱུར་ན་དེ་དག་ལ་མི་འཇིགས་པ་བྱིན་ནོ། །སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་བདེ་བ་བྱིན་ན་ནོ། །སེམས་ཅན་དབུལ་ཕོང་ས་པ་དག་ལ་ནི་ཟང་ཟིང་ཡོངས་སུ་བཏང་ངོ ། ། སེམས་ཅན་གང་ལམ་ལོག་པར་ཞུགས་པ་དག་ལ་ནི་ཡང་དག་པའི་ལམ་བསྟན་ཏོ། །སེམས་ཅན་གང་ནད་ཀྱིས་གཟིར་བ་དག་ལ་ནི་ནད་ཀྱི་སྡུག་བསྔལ་ཡོངས་སུ་བསལ་ཏོ། ། སེམས་ཅན་གང་བཀྲིས་ཤིང་སྐོམ་པ་རྣམས་ལ་ནི་བཟའ་བ་དང་བཏུང་བ་ཡོངས་སུ་བཏང་ངོ ། །སེམས་ཅན་གང་ཤ་ཟ་ཞིང་ཁྲག་འཐུང་བ་དག་ལ་ནི་ལུས་ཀྱི་ཤ་དང་ཁྲག་གིས་ཚིམ་པར་བྱས་སོ། །རྨད་གལ་ང་ས་ནི་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡང་དག་པར་བྱས་པས་ངས་སེམས་ཅན་རྣམས་ལ་ཁས་བླང་ས་པ་གང་ཡིན་པ་དེ་དག་ལེ་ལོ་དང་སྟོམ་ལས་མེད་པར་བྱས་ཏེ། རྨད་གལ་ང་ས་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་བདེན་ཚིག་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཐ་དཔར་གྱུར་པ་ཅི་ཡང་མེད་དེ། བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་དག་ལེ་ལོ་དང་སྟོམ་ལས་ཀྱིས་བར་ཆད་བྱས་པར་གྱུར་ན་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པརས་ངས་རྒྱས་པར་མི་འགྱུར་བ་ཞིག་ན། །མོད་གལ་ང་ནི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པ་ཡིན་ན་ནོ། །ཐུགས་རྗེ་ཆེན་པོའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་དེའི་ཚེ་འཁོར་འདུས་པ་དེ་ཉིད་དུ་དགེ་སློང་གླང་པོ་ཆེའི་ལག་ཅེས་བྱ་བ་ཞིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལང་ས་ཏེ་བླ་གོས་ཕྲག་པ་གཅིག་
42-624
ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལས་དཀའ་བ་སྤྱོད་པའི་དངོས་པོ་འདི་དག་ཐོས་པས་ལུས་ཀྱི་སྦུ་ཡང་ལྡང་ཞིང་མཆི་མ་བྱུང་བར་གྱུར་ཏོ། །དེང་བདག་གིས་དངོས་པོ་ཞིག་ཞུ་བར་འཚལ་ཏེ། བཅོམ་ལྡན་འདས་ཤིད་ཀྱིས་འདི་སྐད་དུ་ང་ས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པ་ཡིན་ནོ་ཞེས་གསུངས་པས་བཅོམ་ལྡན་འདས་ནི་དང་པོ་ཐུགས་བསྐྱེད་པ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་བཞེས་པ་ལགས་ཏེ། གལ་ཏེ་དེ་ལྟ་བུའི་ཐུགས་དམ་བཞེས་པ་ལགས་པར་གྱུར་ན་ད་ལྟར་ཡོངས་སུ་བཟླ་བར་མཛད་པའི་སེམས་ཅན་དུང་མ་བས་པར་ཡོངས་སུ་མྱ་ངན་ལས་འད་འ་བར་འགྱུར་བས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་གལ་ཏེ་འགའ་ཞིག་མཆིས་ནས། དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་ཀྱི་སྟོན་པ་ཆེན་པོ་སྔོན་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་བཞེས་སོ་ཞེ་ན། སེམས་ཅན་དུང་མ་ཟད་པར་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་ཅིའི་གྱིརཞེས་གོལ་བ་ཞིག་མཆིས་པར་གྱུར་ན། དེ་ལ་ཇི་སྐད་དུ་ལན་གད་བ་པར་བགྱི་ལག ། བཅོམ་ལྡན་འདས་ཀྱིས་དགེ་སློང་གླང་པོ་ཆེའི་ལག་ལ་བཀའ་སྩལ་པ། གལ་ཏེ་འགའ་ཞིག་དེ་སྐད་དུགོལ་བར་གྱུར་ན་དེ་ཉིད་ལ་སླར་འདི་སྐད་དུ་དྲིས་ཤིག་།ཁྱོད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་སེམས་ཅན་ཡིན་པར་འདོད ། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་གང་ཡིན་པ་དེ་དག་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟེར་ན་དེ་ཉིད་ལ་སླར་འདི་སྐད་དྲིས་ཤིག ། ཅི་ཕུང་པོ་དང ། སྐྱེ་མཆེད་
42-625
དང ། ཁམས་འདུས་ཤིང་ཚོགས་པ་ལ་སེམས་ཅན་ཡིན་པར་འདོད་ད་མ། འོན་ཏེ་བྲལ་ཞིང་གྱིས་པར་གྱུར་པ་ལ་སེམས་ཅན་ཡིན་པར་འདོད ། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་འདུས་པ་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟིར་ན་དེ་ལ་འདི་སྐད་ཅེས་སྨྱོས་ཤིག་།ཁྱོད་བདག་ཉིད་ཀྱིས་ལན་བཏབ་ཟིན་ཏོ ། །དེ་ཅིའི་ཕྱིར་ཞེ་ན། འདུས་པ་ནི་སེམས་ཅན་ཡིན་ལ་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ནི་སེམས་ཅན་མ་ཡིན་པས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཡང་བྲལ་ཞིང་གྱིས་པར་བྱ་བའི་ཆེད་དུ་གསུངས་པ་ཡིན་གྱི་ཚོགས་ཤིང་འདུ་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ནི་བྲལ་ཞིང་གྱིས་པའི་སྤྱོད་པ་ལ་དརྒྱེས་པ་ཡིན་གྱི་འདུས་ཤིང་ཚོགས་པ་ལ་དགྱིས་པ་མ་ཡིན་ཏེ། ཚོགས་ཤིང་འདུས་པ་ལ་སེམས་ཅན་མེད་པས་སོ། ། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ཉིད་སེམས་ཅན་ཡིན་ནོ་ཞེས་ཟིར་ན་དེ་ལ་སླར་འདི་སྐད་སྦྲོས་ཤིག་།གལ་ཏེ་དེ་ལྟར་ན་ཙོ་དང ། ཤིང་དང ། རྒྱོ་མོ་དང ། རྡོ་བ་ཐམས་ཅད་ཀྱང་སེམས་ཅན་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ཉིད་སེམས་ཅན་ཡིན་ནོ་ཞེས་ཟེར་ན་དེ་དག་ལ་ཕུང་པོ་དང ། སྐྱེ་མཚེད་དང ། ཁམས་ཡོད་པས་སོ། ། དེ་གལ་ཏེ་འདི་སྐད་དུ་དེ་དག་ལ་སེམས་ཀྱང་མེད ། སེམས་ལས་བྱུང་བའི་ཚོས་ཀྱང་མེད་པའི་ཕྱིར་སེམས་ཅན་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་སྨྲོས་ཤིག་།གལ་ཏེ་དེ་ལྟ་ན་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་ཡིན་པ་ཤིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་དག་ལ་ཐ་ད་པ་ཡོད་པར་མ་གསུངས་པས་ས་སོ། ། དེ་གལ་ཏེ་འདི་སྐད་དུ་དེ་བཞིན་གཤེགས་པའི་
42-626
གསུང་རབ་ལས་སེམས་ཅན་ཡོད་པར་གསུངས་པས་དེའི་ཕྱིར་སེམས་ཅན་ལོད་དོ་ཞེས་ཟིར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག་།ཁྱོད་ཉིད་ཀྱིས་ལན་བཏབ་ཟིན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ལས་ལོད་པ་དང་མེད་པ་ལས་དབེན་པ་ཞེས་གསུངས་པས་སོ། །དེ་གལ་ཏེ་འདི་སྐད་དུ་གལ་ཏེ་དེ་ལྟ་ན་འོ་ན་ནི་ལམ་གྱི་འབྲས་བུ་ཡང་མེད་པར་འགྱུར་རོ་ཞེས་ཟིར་ན་དེ་ལ་འདི་སྐད་དུ་ཁྱོད་གང་ཞིག་ལ་འབྲས་བུ་ཡིན་པར་འདོད་ཅེས་དྲིས་ཤིག་།དེ་གལ་ཏེ་འདི་སྐད་དུ་བདག་ནི་དོན་དམ་པར་ངེས་པར་གྱུར་པ་གང་ཡིན་པ་དེ་ལ་འབྲས་བུ་ཡིན་པར་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སྒྲ་དང་ཚིག་མེད་ལ། སྒྲ་དང་ཚིག་མེད་པ་ལ་ནི་ངེས་པར་ཡོད་ཅེའམ། མེད་ཅེས་བརྗོད་དུ་མེད་པས་ཁྱེད་ནི་རྣམ་པར་ངེས་པའི་དོན་དམ་པ་ལ་འབྲས་བུ་ཡིན་པར་འདོད་ལ། རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སེམས་ཅན་ཡང་མེད ། སེམས་ཅན་གྱི་མིང་ཡང་མེད་པས་དེའི་ཕྱིར་ཁྱོད་ཀྱིས་སེམས་ཅན་ལོད་དོ་ཞེས་གང་སྨྲས་པའི་ཚིག་དེ་རང་ཉིད་ཀྱིས་བཤིག་པ་ཡིན་ནོ་ཞེས་སྨྲོས་ཤིག ། གཞན་ཡང་གླང་པོ་ཆེའི་ལག་དེ་བཞིན་གཤེགས་པའི་བསྟན་པ་ལས་ཆོས་རྣམས་འགག་པ་མེད་པར་གསུངས་པ་ཡང་སྡུག་བསྔལ་ཉེ་བར་ཞི་བར་མཛད་པ་ཡིན་ཏེ ། ང་ས་དེ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རབ་ཏུ་རྟགས་པས་ཇི་ལྟར་ཐུགས་སུ་ཆུད་པའི་ཆོས་རྣམས་སེམས་ཅན་ལ་མངོན་པར་ཞེན་པ་མེད་པ་དང ། རབ་ཏུ་དབེན་པ་དང ། སྤྲོས་པ་མེད་པ་དང ། མངོན་པར་འདུ་བྱ་བ་མེད་ཅིང་འབྱུང་བ་མེད་པ་ཉིད་བསྟན་པ་ཡིན་ནོ། །གླང་པོ་ཆེའི་ལག་གང་གིས་དེ་ལྟར་ང་ས་བསྟན་པའི་ཚོས་ཀྱི་དོན་ཤེས་པ་དེས་ཅིཡོད་པ་དང་མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་སློང་བར་མི་བྲེད་དོ། །གང་གིས་ཡོད་པ་དང ། མེད་
42-627
པའི་ཆེད་དུ་ལས་ཀྱི་སྤྱོད་པ་མི་སློང་བ་དེས་ཇི་ལྟར་སེམས་ཅན་ཡོད་པ་དང་སེམས་ཅན་མེད་པར་མཐོང་བར་འགྱུར་ཏེ། གླང་པོ་ཆེའི་ལག་འདི་ནི་རྟག་པར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་གནས་པ་ཞེས་བྱ་སྟེ། འདི་ལ་ནི་རྗེས་སུ་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་མེད ། དྲི་མ་ཡང་མེད ། ལོང་ས་སུ་དག་པ་ཡང་མེད ། འོང་བ་ཡང་མེད ། འགྲོ་བ་ཡང་མེད ། ལམ་ཡང་མེད ། ལམ་གྱི་འབྲས་བུ་ཡང་མེད ། རིང་པོ་ཡང་མེད ། ཐུང་ངུ་ཡང་མེད ། གྲུ་བཞི་ཡང་མེད ། ཟླུམ་པོ་ཡང་མེད ། དབྱིབས་ཀྱང་མེད ། ཁ་དོག་ཀྱང་མེད་པས་དེའི་ཕྱིར་ཆོས་རྣམས་ནི་སྒོ་གཅིག་ཁོ་ན་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཞེས་བསྟན་པ་ཡིན་ནོ ། །གླང་པོ་ཆེའི་ལག་འདི་ནི་ཆོས་ཀྱི་སྒོ་མཐོང་བ་ཞེས་བྱ་སྟེ། གང་གིས་ཆོས་མཐོང་བའི་སྒོར་ཞུགུས་པ་འདི་ནི་སངས་རྒྱས་མཐོང་བ་ཞེས་བྱའོ།། གླང་པོ་ཆེའི་ལག་འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་ཅི་འགགས་པ་དང ། འགག་པ་དང ། འགག་པར་འགྱུར་བའི་འགག་པའི་མཚན་ཉིད་ཅིག་ཡིན་སྙམ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས ། །འདི་ཇི་སྙམ་དུ་སེམ ། ཆོས་གང་གིས་སངས་རྒྱས་མཐོང་བརགྱུར་པའི་ཆོས་དེའི་སྐྱེས་པ་དང ། སྐྱེ་བ་དང ། སྐྱེ་བར་འགྱུར་བའི་སྐྱེ་བའི་མཚན་ཇིད་ཅིག་ཡིན་སྙམ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། གླང་པོ་ཆེའི་ལག་གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པ་ནི་འགག་པ་ཞེས་མི་བྱའོ། །བཅོམ་ལྡན་འདས་དེ་དེ་ལྟར་ལགས་ས་སོ། །གླང་པོ་ཆེའི་ལག་དེ་གལ་ཏེ་འདི་སྐད་དུ་སྐུའི་མཚན་དང་ལྡན་པས་བདག་དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་པར་ཞུགས་ནས་སླར་ལྡོག་པར་མི་འགྱུར་རོ་ཞེས་སྨྲས་པ་ཡང་སྐུའི་མཚནཉིད་ཕྱིར་མི་ལྡོག་པར་མཐོང་བའི་ཕྱིར་དེ་བཞིན་གཤེགས་པ་
42-628
འགགས་པ་ཞེས་བྱའོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དྲིས་ཤིག་།ཅི་ཁྱོད་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་ད་མ། དེས་གལ་ཏེ་འདི་སྐད་དུ་བདག་ནི་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་འདོད་དོ་ཞེས་ཟིར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག་།དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་ལས་ནི་སྐུའི་མཚན་ལ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་མ་གསུངས་ཏེ། གལ་ཏེ་སྐུའི་མཚན་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་པརྗོད་ན་ནི་གྱོ་མོ་དང ། རྡོ་དང ། རི་དང ། ཀླུང་དང ། ཙོ་ཤིང་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་པར་འགྱུར་རོ། །དེ་གལ་ཏེ་འདི་སྐད་དུ་རྒྱོ་མོ་དང ། རྡོ་དང ། རི་དང ། ཀླུང་དང ། ཙོ་ཤིང་ཐམས་ཅད་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མེད་པས་དེ་བཞིན་གཤེགས་པ་ཞེས་མི་བྱའོ་ཞེས་ཟིར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག་།ཁྱོད་ཀྱིས་སྨྲས་པ་ད་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་ཡིན་པའི་རིགས་སོ། ། དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སོ། ། དེ་གལ་ཏེ་འདི་སྐད་དུ་མཚན་ནི་མཚན་གྱི་ཆོས་ལ་འཇུག་པར་འགྱུར་བས་མཚན་ཤིས་པའི་བྲམ་ཟེས་ཀྱང་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པའི་དངོས་པོ་དེ་བདེན་པས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག་།གལ་ཏེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་བཞིན་གཤེགས་པ་ཡིན་ན་ནི་ཁྱོད་བདག་ཉིད་ཀྱིས་མཚན་མཁན་གྱིས་མཆན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ་ཞེས་སྨྲས་པས་དེང་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་
42-629
མཚན་ཤོད་ཅིག་།དེ་གལ་ཏེ་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འདེས་པའི་ཚོསབ་ཅཱ་བརྒྱད་དང ། ཟག་པ་མེད་པའི་དབང་པོ་དང ། སྟོབས་དང ། བྱང་ཆུབ་གྱི་ཡན་ལག་དང ། ལམ་དང ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པའི་མཚན་ཉིད་དུ་བསྟན་ཏོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་སྨྲོས་ཤིག་།ཁྱོད་ཀྱིས་སྟོབས་བརྩུ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ་ཞེས་སྨྲས་པས་དེང་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་ཤོད་ཅིག་།དེ་གལ་ཏེ་འདི་སྐད་དུ་ཅི་སངས་རྒྱས་དང་མཚན་ཐ་ད་པ་ཞིག་ཡིན་ནམ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་ཁྱོད་ཉིད་མཚན་སངས་རྒྱས་ཡིན་ནོ་ཞེས་ཟེར་བར་ཟད་ཀྱི། མཚན་ནི་སངས་རྒྱས་མ་ཡིན་ནོ་ཞེས་སྨྲོས་ཤིག ། དེ་གལ་ཏེ་ཡང་འདི་སྐད་དུ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཚོས་གཞན་ཞིག་སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པའི་མཚན་ཉིད་བྲེད་པར་འགྱུར་རམ་ཞེས་ཟིར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག ། དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཇི་ལྟར་དབྱིབས་དང་བ་ཙས་ཤིང་ཁ་དོག་དང་བ་ཅས་པའི་མཚན་ཉིད་བྲེད་པར་འགྱུར། གཞན་ཡང་ཁྱོད་ཀྱིས་གལ་ཏེ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ལ་སངས་རྒྱས་ཤེས་བྱའོ་ཞེས་ཟིར་ན། འོ་ན་ནི་གཞན་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཡིན་པརའགྱུར་བའི་རིགས་ས་སོ། །གལ་ཏེ་ཚོས་དེ་དག་སངས་རྒྱས་ཡིན་པར་གྱུར་ན་ནི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། མ་འབེས་པའི་ཆོས་བཅ་བརྒྱད་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་
42-630
ངེ་འཛིན་ལ་སོགས་བ་ཡང་དེའི་མཚན་ཉིད་བྲེད་པར་འགྱུར་བའི་རིགས་སོ་ཞེས་བརྗོད་པར་བྱའོ། །གླང་པོ་ཆེའི་ལག་ངའི་ཉན་ཐོས་རྣམས་ནི་དེ་ལྟར་སྐྱེས་བུ་བླུན་པོ་རྣམས་རབ་ཏུ་འདུལ་བར་བྲེད་དོ། །གཞན་ཡང་གླང་པོ་ཆེའི་ལག་ང་ས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་བྱའོ་ཞེས་སྨོན་ལམ་བཏབ་མོད་ཀྱི། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སེམས་ཅན་ཡང་མ་དམིགས། སེམས་ཅན་གྱི་མིང་ཡང་མ་དམིགས་པས་ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུ་ག་པའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པའི་ཚོས་དངོས་པོ་འདི་ཡོད་པའི་ཕྱིར་དངོས་པོ་འདི་ཡོད ། དངོས་པོ་འདི་མེད་པའི་ཕྱིར་དངོས་པོ་འདི་མེད་པར་རྟོགས་པ་ཁོ་ནར་ཟད་དོ། །ད་ངོས་པོ་གང་ཡོད་པའི་ཕྱིར་དངོས་པོ་གང་ཡོད ། དངོས་པོ་གང་མེད་པའི་ཕྱིར་དངོས་པོ་གང་མེད་པར་གྱུར་ཅེ་ན་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྲེད་རྣམས་ཡོད་པར་གྱུར། འདུ་བྲེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའིརྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི་རྐྱེན་གྱིས་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ཡོད་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པའི་ཕྱིར་
42-631
འདུ་བྲེད་རྣམས་འགག་།འདུ་བྲེད་རྣམས་འགགས་པའི་ཕྱིར་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པའི་ཕྱིར་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པའི་ཕྱིར་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པའི་ཕྱིར་རེག་པ་འགག་།རེག་པ་འགགས་པའི་ཕྱིར་ཚོར་བ་འགག ། ཚོར་བ་འགགས་པའི་ཕྱིར་སྲེད་པ་འགག ། སྲེད་པ་འགགས་པའི་ཕྱིར་ལེན་པ་འགག་།ལེན་པ་འགགས་པའི་ཕྱིར་སྲིད་པ་འགག ། སྲིད་པ་འགགས་པའི་གྱིར་སྐྱེ་བ་འགག་།སྐྱེ་བ་འགགས་པའི་ཕྱིར་རྒ་ཤི་འགག་།རྒ་ཤི་འགགས་པའི་ཕྱིར་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འགག་པར་འགྱུར་རོ། །ང་དེ་ལས་མིག་དང ། ཡེ་ཤེས་དང ། རིག་པ་དང ། བློ་སྐྱེས་པས་འདི་ལྟར་དབུས་དང་མཐའ་མེད་པ་དང ། འཇིགས་པ་མེད་པའི་རྣམ་པར་གྲོལ་བ་རབ་ཏུ་རྟོགས་པར་གྱུར་ཏོ། །དེ་བཞིན་གཤེགས་པས་རྣམ་པར་གྲོལ་བ་དེ་རབ་ཏུ་རྟོགས་པའི་ཕྱིར་ཆོས་གཞན་གང་ཡང་ཐོབ་པར་གྱུར་པ་མེད་ཀྱི། རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་དམིགས་པ་ཁོ་ནར་ཟད་དོ། །གླང་པོ་ཆེའི་ལག་དེ་བཞིན་གཤེགས་པ་ནི་ཇི་ལྟར་ཆོས་རྣམས་རབ་ཏུ་རྟགས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་ར་བ་ཏུ་སྟོན་ཏོ། །གླང་པོ་ཆེའི་ལག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང ། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་འགྱུར་བ་མེད་པར་རྟག་ཏུ་གནས་པས་འདི་ལྟ་སྟེ། མིང་དང་གཟུགས་ཀྱང་སྟོར་བར་མི་འགྱུར་ལ། ཕན་ཚུན་འགལ་བ་ཡང་མེད ། སྐྱེ་བ་ཡང་མེད ། འབྱུང་བ་ཡང་མེད་དོ། །གླང་པོ་ཆེའི་ལག་ང་ནི་རྟག་པར་དེ་ལྟར་
42-632
ཆོས་སྟོན་པས་ཁྱེད་ཀྱིས་ཀྱང་ངའི་དགོང་ས་པ་བཞིན་དུ་རིག་པར་བྱའོ། །ང་ས་ཁྱེད་ལ་དེ་ལྟ་བུའི་ཆོས་བསྟན་ན་ཁྱེད་ཀྱིས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་བསྒྲུབ་པར་བྱའོ། །གླང་པོ་ཆེའི་ལག་སྟོན་པ་ཆནཔོས་སློབ་པ་རྣམས་ལ་གང་བྱ་བའི་རིགས་པ་དེ་དག་ང་ས་མ་ལུས་པར་བྱས་ཟིན་པས་ཁྱེད་ཀྱིས་ཇི་སྐད་དུ་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་ནས་ཆོས་རྣམས་ལས་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་འགའ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་ཆོས་ནུབ་པར་གྱུར་པ་ཞིག་ཡིན་ན་སུ་ཞིག་ལམ་སྟོན་པར་འགྱུར། ལམ་སྟོན་པ་མེད་པའི་ཕྱིར་དམ་པའི་ཆོས་ནུབ་པ་ཞེས་བྱའོ། །ད་མ་པའི་ཆོས་ནུབ་པར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡང་ནུབ་པ་ཞེས་བྱ་བས་འདི་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཟླས་པ་ཞེས་བྱའོ་ཞེས་མཆི་ན་དེ་ལ་ཇི་སྐད་དུ་ལན་གད་བ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་གལ་ཏེ་དེ་སྐད་དུ་འདྲི་བ་ཡོད་ན་དེ་ལ་འདི་སྐད་དུ་ལན་གད་བ་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་པར་སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཤེས་ཤིང་མཐོང་ལ། རྟག་པར་སེམས་ཅན་བཟླ་བའི་དུས་ལས་གཞེས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་དུང་ཕན་པ་མཛད་པ་ཡིན་ནོ། །གཞན་ཡང་དེ་བཞིན་གཞེགས་པས་མ་འོངས་པའི་སངས་རྒྱས་རྣམས་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་སྟོན་པར་མཛད་པས་དེ་ཉིད་སངས་རྒྱས་ཀྱི་གདུང་བསབ་ཅིང་རྒྱུན་མི་གཅོད་པར་མཛད་པ་ཡིན་ཏེ། སངས་རྒྱས་ཐམས་ཙད་ཀྱི་ཆོས་ནི་སངས་རྒྱས་གཅིག་གི་ཆོས་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་
42-633
པའི་ཆོས་ཞེས་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཡིན་པས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་ཇི་ལྟར་སྤྱོད་པ་བཞིན་དུགསུང་བ་ཡིན་པར་རིག་པར་བྱའོ། །ཞེས་བརྗོད་པར་བྱའོ། ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཚོས་ཐམས་ཅད་ཡོངས་སུ་ཚོལ་བ་ལེགས་པར་ཐུགས་སུ་ཆུད་པ་ལགས་ཏེ། ཆོས་ཐམས་ཅད་ལེགས་པར་ཐུགས་སུ་ཆུད་པའི་སླད་དུ་སྐུ་དང ། གསུང་དང ། ཐུགས་ཀྱི་ཕྲིན་ལས་མཁྱེན་པ་སྔོན་དུ་གཏོང་ཞིང་མཁྱེན་པའི་རྗེས་སུ་འབྲང་བས་ན་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་མཛད་ཅིང་ཇི་ལྟར་མཛད་པ་བཞིན་དུགསུང་བར་གྱུར་པ་ནི་ཤིན་དུ་ངོ་མཚར་ཆེ་ལགས་ས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་དེ་དེ་བཞིན་ན་ནོ། །དེ་དེ་བཞིན་ཏེ། གླང་པོ་ཆེའི་ལག་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ་ང་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པར་གྱུར་པ་ཡིན་ནོ། །གླང་པོ་ཆེའི་ལག་ཡང་དག་པར་སྨྲ་བ་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞིག་ནོར་བ་མེད་པར་འཇིག་རྟེན་དུ་བྱུང་ནས་སེམས་ཅན་ལ་ཕན་འདོགས་པས་ལྷ་དང་བ་ཅས་པའི་འཇིག་རྟེན་བདེ་བ་ལ་འགོད་པ་དང ། ཐམས་ཅད་ཀུན་གྱི་སྟོན་པ་ཆེན་པོར་གྱུར་ནས་ཡང་དག་པའི་ལམ་སྟོན་པ་དང ། ཡང་དག་པའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བས་སྤྲོས་པ་མི་མངའ་བར་ཕ་རོལ་ཏུ་བྱོན་ནས་དུང་མ་རྒལ་བ་དག་ཡོངས་སུ་བློས་ཤེས་ཟེར་བ་ལ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་
42-634
ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ ། །གླང་པོ་ཆེའི་ལག་ཡང་དག་པར་སྨྲ་བ་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞིག་སླུ་བ་མེད་ཅིང་བྱ་བ་བྱས་པའི་དྲིན་གཟོ་བ་ཡིན་ཞེས་ཟེར་བ་ལ་དེ་ནི་ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། སེམས་ཅན་གང་ལ་ལ་ཞིག་ང་ལ་བྱ་བ་ཅུང་ཟད་ཅིག་བྱས་པའི་དངོས་པོ་དེ་ཡང་ཆུད་ཟ་བར་མི་འགྱུར་རོ། །གླང་པོ་ཆེའི་ལག་ང་ནི་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཆུན་ཆད་བར་ནམ་ཡང་སེམས་ལ་ལྡོག་ཅིང་གྱུར་པ་ཡང་མེད་ལ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཇེག་པ་ལ་མངོན་པར་ཞེན་ཅིང་མོས་པར་གྱུར་པ་ཡང་དག་པར་རྗེས་སུ་མི་དྲན་ཡང་ང་ས་ཆོས་དེབསྟན་པས་ངའི་འཁོར་རྣམས་ལས་སེམས་རྩེ་གཅིག་ཏུཉན་ཐོས་དང ། རང་སངས་རྒྱས་ཀྱི་འབྲས་བུ་ཡོངས་སུ་གཉེར་བ་དག་གཟུང་བའི་ཕྱིར་འདུན་པར་གྱུར་པ་ཁོ་ནར་ཟད་དོ། །གླང་པོ་ཆེའི་ལག་སྔོན་བྱུང་བ་འདས་པའི་དུས་ན་ང་མྱུ་སྟེགས་ཅན་གྱི་དྲང་སྲོང་དུ་གྱུར་པའི་ཚེ་ཤེས་རབ་གསལ་ཞིང་རྣོ་ལ་མང་དུ་ཐོས་ཤིང་སྤོབས་པ་དང་ལྡན་པར་གྱུར་པས་ཆོས་ཟབ་མོའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཞིག་ཁྱིམ་ན་གནས་པ་དང ། འདོད་པ་ལྔའི་ཉེས་དམིགས་མཐོང་ཞིང་རབ་ཏུ་བྱུང་བའི་ཕན་ལོན་མཐོང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ལམ་བསྒོམས་པར་གྱུར་ཏོ། །དེ་དག་ཐམས་ཅད་ངའི་ཐད་དུ་འོང་ས་པ་དང་ང་ས་ཆོས་བསྟན་པས་རང་སངས་རྒྱས་ཀྱི་ལམ་ཐོབ་པར་གྱུར་ནས་མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་སེམས་ལ་རང་དབང་ཐོབ་པ་དང ། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་གྱུར་པས་རྟག་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ལ་མངོན་པར་འཕགས་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དག་ཏུ་ཞུགས་ཏེ་བསོད་སྟོམས་བསླང་ས་
42-635
ནས་ང་ལ་རིམ་གྲོ་བྱས་སོ། །ང་དེའི་ཚེ་འདི་སྙམ་དུ་འདི་ལྟར་འདི་དག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ་ཡིན་པས་བདག་གིས་འདི་དག་གི་མཆོད་པ་བླང་བའི་མི་རིགས་སོ་སྙམ་དུ་སེམས་པར་གྱུར་ཏོ། །དྲང་སྲོང་དེ་དག་ང་ས་རྗེས་སུ་བསྟན་པའི་ཕྱིར་དེ་ལྟ་བུའི་ཆོས་ཐོབ་པར་གྱུར་ཀྱང་ང་ས་ཐོབ་པར་མ་གྱུར་པས་ཚོས་དེ་ཐོབ་པར་བྱས་ཤིང་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་ནན་ཏན་བརྩོན་འགྲུས་བསྐྱེད་པར་གྱུར་ཏོ། །གླང་པོ་ཆེའི་ལག་ང་ས་ནན་ཏན་བརྩོན་འགྲུས་བསྐྱེད་ནས་ཆོས་དེ་མངོན་དུ་བྱས་པའི་ཚེ་གནས་ག་ཙང་མའི་རིས་ཀྱི་ལྷ་ཞིག་འོང་ས་ཏེ་མངོན་དུ་ལུས་བསྟན་ནས་ང་ལ་འདི་སྐད་དུ་རྐྱེ་ཡེ་ཤེས་འདི་ལ་མངོན་པར་ཞེན་པར་མ་བྲེད་ཅིག་།ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་ཡོངས་སུབློ་བར་འགྱུར་རོ་ཞེས་བསྒ་འོ། ། གླང་པོ་ཆེའི་ལག་ང་ས་དེའི་ཚེ་དེ་སྐད་བསྒོ་བ་ཐོས་ནས་ལམ་བསྒོམ་པ་བཏང་བས་སེམས་མཆོག་ཏུ་དགའ་བ་ཐོབ་པར་གྱུར་ནས་ཟླ་བ་བྲེད་ཀྱི་བར་དུ་དབེན་པར་འདུག་པའི་ཚེ་དགའ་བས་ལུས་ཀུན་དུ་ཁྱབ་པར་གྱུར་ཏོ། ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་གོ་བར་བྲེད་ཅིང་རབ་ཏུ་དགའ་བའི་སེམས་ཀྱང་འཐོབ་པར་འགྱུར་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ནས་གཞན་དག་ཀྱང་སེམས་བསྐྱེད་པར་སྐུལ་བ་ཡིན། ཐེག་པ་ཆེན་པོར་སེམས་བསྐྱེད་པ་དག་མཐོང་ན་ཕྲག་དོག་ཀྱང་མི་བྲེད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་གཅིག་
42-636
པུས་ཐོབ་པར་བྱ་བ་ཡིན་གྱི། གཞན་གྱིས་ཐོབ་པར་བྱ་བ་མ་ཡིན་ནོ་སྙམ་དུ་མི་སེམས་པ་ཡིན། སེམས་ཅན་ཉེས་པར་སྤྱོད་པ་དག་ལ་དུས་དུས་སུ་རྗེས་སུ་འདོམས་ཤིང་སེམས་བཟང་པོས་གཏམ་དག་སྨྲས་ནས་དེ་དག་གི་དགེ་བ་ཡོངས་སུ་སྲུང་བར་བྲེད་པ་ཡིན། བདག་ཉིད་རྟག་པར་རབ་ཏུ་བརྩོན་པའི་སེམས་ཀྱིས་ཆོས་རྣམས་རྒྱ་ཆེར་གཉརེར་ཞིང་གཞན་དག་ལ་བསྟན་ནས་སེར་སྣ་མེད་པར་གྱུར་པ་ཡིན་ཏེ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་ཀྱང་གོ་བར་བྲེད་ལ། བདག་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བརྟན་སེམས་ཀྱིས། །བླ་མེད་ཐེག་ལ་རབ་གནས་ཤིང ། །སེམས་ཅན་དག་ཀྱང་བསྐུལ་བྱས་ནས། ། ཇེག་པ་དེ་ལ་འགོད་པར་བྲེད ། །བྱང་ཆུབ་སེམས་དཔའ་སྤྱད་སྤྱོད་ཚེ། །རྟག་པར་ཕྲག་དོག་ཁོང་ཁྲོ་མེད ། །ནན་ཏན་བརྩོན་འགྲུས་རྩོམ་བྲེད་པས། །དགའ་བའི་སེམས་ནི་འཕེལ་བར་འགྱུར། ། སེམས་ཅན་སྡིག་སྤྱོད་མཐོང་གྱུར་ན། །དུས་སུ་རྗེས་སུ་འདོམས་པར་བྲེད ། ། རྟག་པར་བྱམས་དང་སྙིང་རྗེར་ལྡན། །ཁོང་ཁྲོ་དག་ནི་མེད་པ་ཡིན། །རྟག་པར་ནན་ཏན་ཚོས་གཉེར་ནས། །སེམས་ཅན་རྣམས་ལ་སྤེལ་བར་བྱིད ། ། ཇི་ལྟར་ཆར་ནི་རླན་བྲེད་ལྟར། །ཆོས་ཀྱིས་ཐམས་ཅད་ཚིམ་པར་བྲེད ། །ཆོས་བཞི་འདི་དག་གང་སྤྱོད་པ། །ཁྱོད་ནི་སངས་རྒྱས་འགྲུབ་འགྱུར་བས། །ཐེ་ཚོམ་སེམས་ནི་མ་སྐྱེད་ཅེས། །ལྷ་རྣམས་ཀྱིས་ནི་གོ་བར་བྲེད ། །བྱང་ཆུབ་སེམས་དཔས་དེ་ཐོས་ནས། །ནན་ཏན་བརྩོན་འགྲུས་སྐྱེད་པར་བྲེད ། །ད་ངོས་པོ་འདི་ནི་ངེས་
42-637
བདེན་པས། །བདག་ནི་སངས་རྒྱས་དེས་འགྲུབ་སེམས། །བྱང་ཆུབ་སེམས་དཔའ་དེ་དག་ནི། །བརྩོན་འགྲུས་དང་ནི་སྨོན་ལམ་དང ། །དྲན་པ་དང་ནི་ཤེས་རབ་དག་།བདག་ཉིད་རྒྱ་ཆེར་འཕེལ་བར་འགྱུར། །གལ་ཏེ་དེ་བཞིན་གཤེགས་པ་རྣམས། །འཇིག་རྟེན་དུ་ནིབྱུང་གྱུར་ན། །བྱང་ཆུབ་སེམས་དཔའ་དེ་དག་ནི། །འདི་འདྲའི་ཡོན་ཏན་ལྡན་པར་འགྱུར། །གང་ཟག་ཆེན་པོས་བཀུར་འགྱུར་ཞིང ། །རྒྱལ་པོ་བློན་པོ་དམང་ས་རྣམས་ཀྱང ། །ཐམས་ཅད་སེམས་ནི་རབ་དགའ་ཞིང ། །ལམ་ལྡན་ཡིན་པར་རིག་པར་འགྱུར། །བསྟན་བཅོས་ག་རྩུག་ལག་ཚིག་དང་དོན། ། ཚིག་འཔུ?་ཚིགས་བཅད་སྩིས་དང་གྲང་ས། ། དེ་དག་ཐམས་ཅད་ལགས་རྟོགས་པས ། །སེམས་ཅན་ཀུན་གྱི་མཚོག་ཏུ་འགྱུར ། ། དབང་པོ་རྣོ་ཞིང་ཤེས་རབ་ལྡན། །བྱ་བ་སྟོབས་ལ་མི་པྟ[༄\ུfཅ]ས་པར ། །ཐབས་དང་ལྡན་པ་འབའ་ཞིག་ག་གིས། །ཐམས་ཅད་ཡོངས་སུ་གྲུབ་པར་ནུས། །དགྲ་རྣམས་རབ་ཏུ་གདུལ་བ་ཡང ། །ལུས་ཀྱི་ཞོ་ཤ་མི་པྟོས་པར། །ཤེས་རབ་སྟོབས་ནི་འབའ་ཞིག་ག་གིས། །རང་གི་སེམས་ནི་འདུལ་བར་བྲེད ། །སེམས་ཅན་རབ་ཏུ་བརྩེ་བའི་གྱིར། །འཇིག་རྟེན་དུ་ནི་སྐྱེས་པས་ན། །རྒྱལ་པོ་བློན་པོ་དམང་ས་རྣམས་ཀྱང ། །ངོ་མཚར་ཆེ་ཞེས་བསྔགས་པར་འགྱུར། །ལྷ་རྣམས་ཀུན་ཀྱང་སྨྲ་བས་ན། །དེ་ཡི་ཡ་མཚན་ཀུན་གྱིས་རིག ། ཅི་ཕྱིར་དེ་ལྟར་རིག་ཅེ་ན། ། བདག་སེམས་ཤེས་ཞེས་སེམས་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྟག་ཏུ། ། སངས་རྒྱས་རྣམས་ནི་མཐོང་བས་ན། །དེར་སོང་ཆོས་ནི་རབ་ཞུས་ནས། ། སེམས་ཅན་རྒྱ་ཆེར་ཕན་ཡང་འདོགས། །སངས་རྒྱས་ཞུས་ལན་གསུངས་པས་པས་ན།། ཟེ་ཚོམ་དག་ནི་ཆད་པར་འགྱུར། ། སེམས་ཅན་རྣམས་ནི་ཕན་འདོགས་པས། ། ཐམས་ཅད་དགའ་བ་ཐོབ་པར་འགྱུར། །སངས་རྒྱས་རྫུ་འཇུལ་མཐུ་བསྟན་ནས།།
42-638
སངས་རྒྱས་འགྱུར་བར་ལུང་སྟོན་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། ། སེམས་ནི་དགའ་བ་ཐོབ་པར་འགྱུར། །ཤིན་ཏུ་ཕང་ས་པའི་ནོར་རྣམས་དང ། ། གྱི་ནང་ཀུན་ལ་ཆགས་མེད་པས། །དེ་ཕྱིར་དགའ་བ་ཆེན་པོ་ཡིས། །བདག་ཉིད་སངས་རྒྱས་འགྲུབ་པར་ཤིས། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། ། བཟོད་པ་གྱ་ནོམ་ཐོབ་པས་ན ། །དེ་ཕྱིར་དགའ་བ་ཆེན་པོ་ཡིས། །བདག་ཉིད་སངས་རྒྱས་འགྲུབ་པར་ཤེས། ཆོས་རྣམས་ཀུན་ལ་མི་གནས་ཤིང ། །ཆོས་བརྟན་མི་རུང་རིག་པས་ན། །དེ་འདྲའི་ཤེས་རབ་ཐོབ་གྱུར་ནས། །ལུས་ནི་མཁའ་ལ་འཕགས་པར་འགྱུར། །དེ་ཡི་སེམས་ནི་ནང་མི་གནས། །གྱི་རོལ་ན་ཡང་མི་གནས་ཏེ། །འདུ་ཤེས་ཐམས་ཅད་འདས་པས་ན། །དེ་ཕྱིར་བཟོད་པ་བླ་མེད་ཐོབ། །ཡུན་རིང་བྱམས་དང་སྙིང་རྗེ་ཡིས། །སེམས་ཅན་ཀུན་ལ་སེམས་པས་ན། །དེ་ཕྱིར་བསོད་ནམས་དེ་ཡི་དབང ། །སངས་རྒྱས་ཚད་མེད་མཐོང་བར་འགྱུར། །དེ་ཡི་ལུས་ནི་ཐམས་ཅད་ཀུན། །སངས་རྒྱས་སྐུ་དང་ཁྱད་པར་མེད ། །དེ་འདྲའི་བཟད་པ་ཐོབ་པས་ནི། །ཆོས་ཀྱི་བདག་ཉིད་འཕེལ་བར་བྲེད་།བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལ། །སུ་ཞིག་རྗེས་སུ་སློབ་མི་བྲེད ། །རབ་བརྟན་དམ་ཆོས་གང་གནས་པ། ། འདི་འདྲའི་ཡོན་ཏན་ཐོབ་པར་འགྱུར། །དེ་ཕྱིར་ལམ་ནི་ག་ཉརེར་བ་དག་།རྟག་པར་ནན་ཏན་ཆོས་གཞེར་བྱ། ། ཆོས་ཀྱིས་བདག་གི་ཁེ་བཙལ་ནས། །བྱང་ཆུབ་ལ་ནི་ཕན་གད་གས་བྱ། །བརྒལ་བའིལན་གད་བ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ན་
42-639
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགེ་བའི་ཆོས་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་བརྟན་པར་གནས་པར་གྱུར་པ་ནི་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་དེ་དེ་བཞིན་ན་ནོ། །དེ་དེ་བཞིན་ཏེ། ང་ནི་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགི་བའི་ཆོས་ལ་ཤིན་དུ་བརྟན་པར་གནས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བ་ཅད་དེ་བཀའ་སྩལ་པ། ཆོས་གཉེར་ཆོས་ནི་གང་ཐོབ་པ། །དེ་ནི་སངས་རྒྱས་ལམ་གཞི་ཡིན ། །རྟག་ཏུ་ཆོས་ལ་གང་བརྩོན་པ། །ཆོས་མ་ཡིན་པ་སྤོང་བར་འགྱུར། །རྟག་ཏུ་ཡང་དག་ལམ་སྤྱོད་པ། །ལོག་པའི་ལམ་ནི་སྤོང་བར་བྱེད ། །སངས་རྒྱས་ཆོས་ལ་རྟག་བསྟེན་པ། །དེ་ནི་ལམ་ལ་བསྟེན་པར་འགྱུར། །དེས་ན་མི་ཁོམ་རྣམས་སྤང་ས་ནས། །ཁོམ་ལྡན་དག་ནི་ཐོབ་པར་འགྱུར། །ཁོམ་ལྡན་གནས་ནི་ཐོབ་གྱུར་ན། །བརྩོན་འགྲུས་བརྩམས་པ་ཆུད་མི་ཟ། །གནས་གཉིས་སུ་ནི་མཆོག་ཏུ་བརྩུན། །ཁ་དོག་གཟུགས་ནི་མཆོག་ཏུ་འགྱུར། ། གལོག་འཁོར་དག་ནི་ཕུན་ཚོགས་ཤིང ། །ཐམས་ཅད་ཀུན་གྱི་མཆོག་ཏུ་འགྱུར། །བརྟན་པའི་སེམས་ཀྱིས་རྟག་ཏུ་ནི། །ཚུལ་ཁྲིམས་བཟད་པའི་བྱོགས་ལ་གནས། །བརྩོན་འགྲུས་བྱོགས་ལ་རབ་གནས་ཤིང ། །བསམ་གཏན་ཤེས་རབ་འཕེལ་བར་བྲེད ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི། །གཙོ་མཚོག་དག་ནི་བྲེད་པར་འགྱུར། །ཡོན་ཏན་ཀུན་གྱི་མཆོག་གྱུར་པས། །དོན་རིག་འཇིགས་པ་ཅི་ཡང་མེད ། །དེ་ནས་བ་ཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་ཚོས་གྱ་ནོམ་པ་དག་ལ་སུ་ཞིག་བློབ་པར་མི་བགྱིད་དེ། བདག་ཅག་ནི་སྔོན་དང་པོ་ནས་ལེ་ལོ་ཅན་དུ་གྱུར་པས་སངས་རྒྱས་ཀྱི་མཁྱེན་པ་ལ་རེ་བ་མ་
42-640
མཆིས་ཤིང་བདག་ཅག་སངས་རྒྱས་ཀྱི་མེན་པ་འདི་ལྟ་བུ་ཐོབ་པར་འགྱུར་བར་མངོན་པར་ཡིད་ཆེས་པ་མ་མཆིས་པ་ན ། འདི་ལྟར་ཉན་ཐོས་ཀྱི་ཐེག་པས་བདག་ཉིད་ངེས་པརབྱུང་བར་གྱུར་པ་ལགས་སོ་སྙམ་སེམས་ས་སོ། །བཅོམ་ལྡན་འདས་བདག་ནི་དེང་སླན་ཆད་བྱང་ཆུབ་སེམས་དཔའ་རྣམས་ལ་གཟེངས་སྟོད་ཅིང ། སྤྲོ་བ་བསྐྱེད་ནས་སངས་རྒྱས་ཀྱི་ཆོས་ལ་དགོད་པར་བགྱིད་ལགས་སོ། ། དེའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དཀའ་བ་མཛད་པ་ལགས་པས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་གྱི་ཆེད་དུ་རྟག་པར་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཤ་སྟག་མཛད་དེ། དེ་ལྟ་བུའི་དངོས་པོ་དེ་ནི་དགྲ་བཅོམ་པ་དང ། རང་སངས་རྒྱས་ཐམས་ཅད་ལ་ཡང་མ་མཆིས་ན། སེམས་ཅན་གཞན་ལ་ལྟ་སྨོས་ཀྱང་ཅི་འཚལ་བ་ས ། །བཅོམ་ལྡན་འདས་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོཆེན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་འབའ་ཞིག་གིས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སླད་དུ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཤིན་ཏུ་དཀའ་བའི་དངོས་པོ་ཆེན་པོ་དེ་ལྟ་བུ་ཚད་མ་མཆིས། དཔག་ཏུ་མ་མཆིས། གྲང་ས་མ་མཆིས་པ་དག་སྤྱད་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཆེན་པོ་སྤྱད་དེ་བླ་ནམེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ། སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཡོངས་སུ་བཟླ་བར་བགྱིད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་
42-641
དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང ། བདེ་བ་ཡོངས་སུ་གཉེར་བའི་གྱིར། སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་ལྟ་བུའི་སྨོན་ལམ་ཆེན་པོ་དང ། དཀའ་བའི་དངོས་པོ་ཆེན་པོ་ཤིན་ཏུ་ཟབ་པ། ཤིན་ཏུ་དཀའ་བ། ཚད་མེད ། དཔག་ཏུ་མེད ། གྲངས་མེད་པ་དང་ལྡན་པར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་གང་པོ་དང ། འཁོར་བཞི་པོ་རྣམས་དང ། ལྷ་དང ། མི་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དུ་བ་ཅས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་ཞིང་ཡིད་ཆེས་པས་མངོན་པར་བསྟོད་དོ།། །།ཚེ་དང་ལྡན་པ་གང་པོའི་ལེའུ་སྟེ་བརྒྱད་པའོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲང་ས་ལེའུ་སྟོང་ཕྲག་བརྒྱ་པ་ལས་གང་པོས་ཞུས་པའི་ལེའུ་སྟེ་བཅུ་བདུན་པ་རྫོགས་ས་སོ།། །