rKTs


A112

(e-text produced by OSBL)

see text in transliteration
46-3
༄#་།རྒྱ་གར་སྐད་དུ། ཨཱརྱ་ལ་ཡི་ཏ་བིལྟ་ར་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྲེད་ཀྱི་ཚལ་མགོན་མེད་ཟས་སྤྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ཁྲི་ཉིས་སྟོང་གི་དགེ་སླང་གི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜཱི་ཀྱ་དང ། ཚེ་དང་ལྡན་པ་རྟ་ཐུལ་དང ། ཚེ་དང་ལྡན་པ་རླང་ས་པ་དང ། ཚེ་དང་ལྡན་པ་མིང་ཆེན་དང ། ཚེ་དང་ལྡན་པ་བཟང་པོ་དང ། ཚེ་དང་ལྡན་པ་གྲགས་སྤྱིན་དང ། ཚེ་དང་ལྡན་པ་དྲི་མ་མེད་དང ། ཚེ་དང་ལྡན་པ་ལག་བཟང་ས་དང ། ཚེ་དང་ལྡན་པ་གང་པོ་དང ། ཚེ་དང་ལྡན་པ་བ་ལང་བདག་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང ། ཚེ་
46-4
དང་ལྡན་པ་ཆུ་ཀླུང་འོད་སྲུང་དང ། ཚེ་དང་ལྡན་པ་ག་ཡུ་འོད་སྲུང་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པམོད་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀཱ་ཏྱའི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་ཀ་པི་ན་ཆེན་པོ་དང ། ཚེ་དང་ལྡན་པ་གསུས་པོ་ཆེ་དང ། ཚེ་དང་ལྡན་པ་སྐུལ་བྲེད་དང ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང ། ཚེ་དང་ལྡན་པ་མ་འགགས་པ་དང ། ཚེ་དང་ལྡན་པ་དགའ་བྲེད་དང ། ཚེ་དང་ལྡན་པ་འུག་པ་དང ། ཚེ་དང་ལྡན་པ་རབ་འབྱོར་དང ། ཚེ་དང་ལྡན་པ་ནམ་གྲུ་དང ། ཚེ་དང་ལྡན་པ་སེང་ལྡེང་ནགས་པ་དང ། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང ། ཚེ་དང་ལྡན་པ་ཕ་རོལ་ཏུ་འགྲོ་བ་ཆེན་པོ་དང ། ཚེད་ང་ལྡན་པ་བ་ཀུ་ལ་དང ། ཚེ་དང་ལྡན་པ་དགའ་བོ་དང ། ཚེ་དང་ལྡན་པ་སྒྲ་ག་ཅན་ཟིན་དང ། ཚེ་དང་ལྡན་པ་ལེགས་འོང་ས་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དེ་དག་ལ་སོགས་པ་དགེ་སློང་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་ས་སོ། ། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ན་པ་ཐམས་ཅད་ལས་ངེས་པར་སྐྱེས་པ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བ། བྱང་ཆུབ་སེམས་དཔའི་གཟུངས་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའི་སྤོབས་པ་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པ། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ཐོབ་པ། བྱང་ཆུབ་སེམས་དཔའི་བཟོད་པ་ཐམས་ཅད་ལ་ཞུགས་པ། བྱང་ཆུབ་སེམས་
46-5
དཔའི་ས་ཐམས་ཅད་རབ་ཏུ་རྫོགས་པ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུང་ས་ཀྱི་དབང་ཕྱུག་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཏོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་གྲུབ་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་རབ་ཏུ་ཞི་བའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྟག་པར་སྤྱོར་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེར་སེམས་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་གོ། །དེའི་ཚེ་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན། འཁོར་བཞི་དང ། རྒྱལ་པོ་དང ། རྒྱལ་པོའི་ས?ས་དང ། རྒྱལ་པོའི་བློན་པོ་ཆེན་པོ་དང ། ཆགས་འོག་གི་རྒྱལ་ཕྲན་དང ། རྒྱལ་པོའི་ཞབས་འབྱིང་བ་དང ། རྒྱལ་རིགས་དང ། བྲམ་ཟེ་དང ། ཚོང་དཔོན་དང ། ཁྱིམ་བདག་དང ། བློན་པོ་དང ། འཁོར་གྱི་མི་དང ། གྲོང་ཁྱེར་པ་དང ། ཡུལ་གྱི་མི་དང ། མྱུ་སྟེགས་ཅན་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། དཔོད་པ་པ་དང ། ཀུན་ཏུ་རྒྱུ་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བླ་མར་བྱ ། བསྟི་སྟང་དུ་བྱས། མཆོད་པ་བྱས་སོ། །བཅོམ་ལྡན་འདས་ནི་བཟའ་བ་དང ། བ་ཅའ་བ་དང་མྱང་བ་དག་བསོད་ཅིང་མང་བ་དང ། ན་བཟའ་དང ། བསོད་སྟོམས་དང ། གཟིམས་ཆ་དང ། སྐུན་གྱི་གསོས་སྨན་དང ། ལོ་བྱད་རུང་བ་བརྙེས་ཤིང ། བཅོམ་ལྡན་འདས་ནི་བརྙེས་པ་དམ་པ་དང ། གྲགས་པ་དམ་པ་བརྙེས་ཀྱང་པད་མ་ལ་ཆུས་མི་གོས་པ་ལྟར་ཐམས་ཅད་དུ་
46-6
མ་ཆགས་མ་གོས་པར་བཞུགས ། །བཅོམ་ལྡན་འདས་ཀྱི་གྲགས་པ་དང ། སྒྲ་དང་སྙན་པ་ནི་འདི་སྐད་དུ། བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བར་འཇིག་རྟེན་དུ་མངོན་པར་གྲགས་པར་གྱུར་ཏོ། །དེ་ནི་སྤྱན་ལྔ་དང་ལྡན་པ་སྟེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལྷ་དང་བ་ཅས་པ། བདུད་དང་བ་ཅས་པ། ཚང་ས་པ་དང་བ་ཅས་པ། དགེ་སྤྱོང་དང་བྲམ་ཟེར་བ་ཅས་པའི་སྐྱེ་དགུ་ལྷ་དང་མིར་བ་ཅས་པ་དག་།རང་གིས་མངོན་པར་མཁྱན[༄\ུf]་པས་མངོན་དུ་མཛད་ནས་ཉེ་བར་བསྒྲུབས་ཏེ་རབ་ཏུ་སྟོན་ཏོ། །དེ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འཔུ?་བཟང་པོ། མ་འབེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བའི་ཆོས་སྟོན་ཏེ། ཚང་ས་པའི་སྤྱོད་པ་ཡང་དག་པར་སྟོན་ཏོ། །དེའི་ཚབཅོམ་ལྡན་འདས་ཀྱིས་ནམ་གྱི་གུང་ཐུན་ལ། སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོམས་པར་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྟོམས་པར་ཞུགས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་གརྩུག་ཏོར་གྱི་གསེབ་ནས། སྔོན་གྱི་སངས་རྒྱས་རྗེས་སུ་དྲ་ན་པར་བྱ་བ་ལ་ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ཞེས་བྱ་བའི་འོད་ཟིར་བྱུང་སྟེ། དེས་གནས་ག་ཙང་མའི་ལྷའི་གནས་ཐམས་ཅད་སྣང་བར་བྱས་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་ཚད་མེད་པ་དག་ཡང་དག་པར་བསྐུལ་ཏོ། །དེ་བཞིན་གཤེགས་པའི་འོད་ཟིར་གྱི་
46-7
ཚོགས་དེ་ལས་བསྐུལ་བའི་ཚིགས་སུ་བ་ཅད་པ་འདི་དག་ཀྱང་བྱུང་ངོ ། །ཡེ་ཤེས་འོད་ལྡན་མྱུན་བཅོམ་འོད་མཛད་པ། །འོད་བཟང་གཟི་བཆིད་དམ་པ་དྲི་མེད་པ།། སྐུ་ལུས་རབ་ཞི་ཐུགས་དགེ་ཞི་བ་པོ། །ཤཱཀྱའི་སིང་གེ་ཐུབ་དང་ཕྲད་པར་གྱིས། ། ཡེ་ཤེས་རྒྱ་མཚོམཐུ་ཆེན་དག་པ་སྟེ། །ཆོས་ཀྱི་མངའ་བདག་ཀུན་མཁྱེན་ཐུབ་པའི་དབང ། །མི་དང་ལྷས་མཆོད་ལྷ་ཡི་ལྷར་གྱུར་པ། །ཚོས་ལ་རང་བྱུང་མངའ་དབང་མཛད་ལ་རྟོན ། །གང་ཞིག་གདུལ་དཀའི་སེམས་ལ་མངའ་མཛད་དེ། ། གང་ཞིག་བདུད་ཀྱི་རྙི་ལས་གྲོལ་བའི་ཐུགས། །དེ་འདིར་མཐོང་ཐོས་དོན་མེད་མ་ཡིན་གྱིས། །རྣམ་གྲོལ་མཐར་ན་ཞི་བའི་དྲུང་དུ་དེང ། །མཚུང་ས་མེད་ཆོས་ལ་སྣང་བར་གྱུར་པ་སྟེ། །མུན་སེལ་ཚུལ་བཟང་སྟོན་པར་རབ་མཛད་པ། ། སངས་རྒྱས་སྤྱོད་ཞི་མཁྱེན་པ་དཔག་མེད་པ། །དེ་ཡི་དྲུང་དུ་དད་པ་མཆོག་གིས་དེང ། །དེ་ནི་སྨན་པའི་རྒྱལ་པོ་བདུད་རྩི་གཏོང ། །དེ་ནི་སྨྲ་བ་དཔའ་བོ་ཚོགས་ངན་འཇོམས། །དེ་ནི་ཆོས་ཀྱི་རྩ་ལག་དོན་དམ་མ་མཁས། །དེ་ནི་འབེན་པ་བླ་མེད་ལམ་སྟོན་པའོ། །གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་དེ་དག་སྔན་གྱི་སངས་རྒྱས་རྗེས་སུ་དྲ་ན་པར་བྱ་བ་ལ་ཆགས་པ་མེད་པའི་ཡེ་ཤེས་སྣང་བའི་འོད་ཟིར་དེས་ཕོག་ཅིང་ཚིགས་སུ་བ་ཅད་པ་རྣམ་པ་དེ་ལྟ་བུ་དེ་དག་གིས་ཀྱང་བསྐུལ་མ་ཐག་ཏུ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་དེ་ལས་ལང་ས་ནས་སངས་རྒྱས་ཀྱི་མཐུས་བསྐལ་པ་གྲང་ས་མེད་ཚད་མེད་བགྲང་བ་ལས་ཤིན་ཏུ་འདས་པ་དག་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲ་ན་ཞིང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དག་དང ། འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དག་དང ། ཆོས་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྗེས་སུ་དྲ་ན་པར་གྱུར་ཏོ། །དེ་ནས་དེའི་ནུབ་མོ་མི་ཉལ་ཙམ་
46-8
ན་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་དང ། དབང་ཕྱུག་ཆེན་པོ་དང ། དགའ་བོ་དང ། ཤིན་ཏུ་དགའ་བོ་དང ། ཙན་དན་དང ། མཆོད་བྱས་དང ། རབ་ཞི་དང ། དུལ་བ་རབ་ཞི་དབང་ཕྱུག་ལ་སོགས་པ་དེ་དག་དང ། གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་གཞན་ཤིན་ཏུ་མང་པོ་ཁ་དོག་འཕགས་ཤིང་ཤིན་ཏུ་འཕགས་པ་དང་ལྡན་པ་དག་ཀི་ས། ལྷའི་སྣང་བས་རྒྱལ་བུ་རྒྱལ་བྲེད་ཀྱི་ཚལ་ཐམས་ཅད་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བྱོགས་གཅིག་ཏུ་འཁོད་དོ། །བྱོགས་གཅིག་ཏུ་འཁོད་ནས་ཀྱང་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱ་ཆར་རོལ་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲང་ས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བསྡུས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་དག་པར་བསྟན་པ། དགའ་ལྡན་གྱི་ཕོ་བྲང་དམ་པ་ནས་འབབ་པ་དང ། ཆེད་དུ་དགོང་ས་ཏེ་ལྷུམས་སུ་འཇུག་པའི་རྣམ་པར་རོལ་པ་དང ། མང་ལ་གྱི་གནས་ཀྱི་ཁྱད་པར་ཀུན་ཏུ་བསྟན་པ། རིགས་བཟང་པོར་སྐྱེ་བའི་སའི་མཐུ་ཀུན་དུ་བསྟན་པ། བྱིས་པའི་སྤྱོད་པ་ཐམས་ཅད་ལས་ཡོན་ཏན་གྱི་ཁྱད་པར་གྱིས་ཤིན་ཏུ་འདའ་བ་བསྟན་པ། འཇིག་རྟེན་པའི་བཟོའི་གནས་དང ། ལས་ཀྱི་གནས་དང ། ཡི་གེ་དང ། གྲང་ས་དང ། ལག་སྩིས་དང ། ཚིས་དང ། རལ་གྲིའི་ཐབས་དང ། འཕོང་དང ། སྟོབས་དང ། གྱད་ཀྱི་འཛིན་སྟང་ས་རྣམས་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཀུན་དུ་བསྟན་པ། བཙུན་མོའི་འཁོར་དང ། ཡུལ་གྱི་ལོང་ས་སྤྱོད་དང ། ལོང་ས་སུ་སྤྱོད་པ་ཀུན་ཏུ་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་འཐུན་པས་ཡོངས་སུ་གྲུབ་
46-9
པའི་འབྲས་བུ་བརྙེས་པ་ལོངས་སུ་བརྗོད་པ། བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་དང ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པ་བསྟན་པ། དེ་བཞིན་གཤེགས་པའི་སྟོབས་དང ། མི་འཇིགས་པ་བསྡུས་པ། སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་པ་ངེས་པར་བསྟན་པ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་ཆད་གསུང་ས་པ་མཆིས་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་པད་མའི་བླ་མ་དང ། ཆོས་ཀྱི་ཏོག་དང ། མར་མེ་མཛད་དང ། ཡོན་ཏན་གྱི་ཏོག་དང ། ཡོན་ཏན་འབྱུང་གནས་དང ། འོད་ཟེར་ཆེན་པོ་དང ། དྲང་སྲོང་ལྷ་དང ། དཔལ་གྱི་གཟི་བརྗིད་དང ། བདེན་པའི་ཏོག་དང ། རྡོ་རྗེ་མཁྲེགས་དང ། ཐམས་ཅད་ཟིལ་གྱིས་གནོན་དང ། གསེར་མདོག་དང ། ཤིན་ཏུ་མཐོར་གཤེགས་དང ། བྱི་རུའི་རྒྱ་མཚོ་དང ། མེ་ཏོག་གི་ཏོག་དང ། གཟུགས་བཟང་དང ། སྤྱན་བཟང་དང ། དྲང་སྲོང་སྤེད་དང ། དམག་ཚོགས་ལས་རྒྱལ་དང ། མཐོ་བ་དང ། མེ་ཏོག་རྒྱས་པ་དང ། མཛོད་སྤུ་གཟི་བརྗིད་དང ། ཤིན་ཏུ་རྒྱས་དང ། འོད་ཟིར་བཟང་པོ་དང ། བཀྲ་ཤིས་ལྡན་དང ། བལྟ་ན་བཟང་དང ། སེང་གེའི་གཟི་བརྗིད་ཆེན་པོ་དང ། བློ་གྲོས་བརྟན་པས་བྱིན་དང ། སོས་ཀའི་སྤོས་དྲི་དང ། བདེན་པའི་ཆོས་གྲགས་རྒྱ་ཆེན་དང ། འོད་ལྡན་དང ། སྐར་རྒྱལ་དང ། འཇིག་རྟེན་མཇེས་དང ། འོད་རྒྱ་ཆེན་དང ། རིན་ཆེན་གྲགས་དང ། དྲ་ག་ཤུལ་གཟི་བརྗིད་དང ། རིན་ཆེན་གཟི་བཇིད་དང ། ཚང་ས་པའི་གཟི་བཇིད་དང ། སྒྲ་སྙན་དང ། མེ་ཏོག་བཟང་པོ་དང ། རི་རབ་མེ་ཏོག་དང ། རབ་ཏུ་ཡིད་འོང་དབྱངས་དང ། དགེ་བ་ཚུལ་བཟང་ས་དང ། རབ་ཏུ་འཇུམ་པའི་སྤྱན་དང ། ཡོན་ཏན་ཕུང་པོ་དང ། འབྲུག་སྒྲ་དང ། ཁ་དོག་མཇེས་དང ། ཚེའི་གཟི་བརྗིད་དང ། དོམ་བག་གླང་པོའི་
46-10
འགྲོས་དང ། འཇིག་རྟེན་མངོན་པར་སྨན་དང ། དགྲ་ལས་རྒྱལ་དང ། ཡང་དག་མཆོད་དང ། རྣམ་པར་གཟིགས་དང ། གཙུག་ཏོར་ཅན་དང ། ཐམས་ཅད་སྐྱོབ་དང ། འཁོར་བ་འཇིག་དང ། གསེར་ཐུབ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཀྱང་སྔོན་ཆད་གསུང་ས་པ་ལགས་ན། དེ་བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེའི་དོན་དང ། ལྷ་དང་མི་རྣམས་ཀྱི་དོན་དུ་འགྱུར་བ་དང ། སྨན་པ་དང་བདེ་བར་འགྱུར་བ་དང ། ཐེག་པ་ཆེན་པོ་འདིའང་བརྗོད་པ་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་ག་ཅད་པ་དང ། བདུད་ཐམས་ཅད་ཟིལ་གྱིས་མནན་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་པ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐམས་ཅད་ཀྱི་བརྩོན་འགྲུས་བརྩམ་པ་བསྐྱེད་པ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བ་དང ། དཀོན་མཚོག་གསུམ་གྱི་གདུང་མི་ག་ཅད་པ་དང ། སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་ཡང་ཀུན་ཏུ་བསྟན་པའི་སླད་དུ་ད་བསྟན་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་ལྷ་དང་བ་ཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བའི་གྱིར་ཅང་མི་གསུང་བས་གནང་ངོ ། །དེ་ནས་ལྷའི་བུ་དེ་དག་ཀྱང ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རང་ས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཙན་དན་གྱི་ཕྱེ་མ་དང ། ་ག་རུའི་གྱི་མ་དང ། མེ་ཏོག་མན་ངཱ་རབ་དག་གིས་ཀྱང་མངོན་པར་གཏོར་ཏེ། དེ་ཉིད་
46-11
དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ནུབ་མོ་དེའི་ནམ་ནང་ས་པ་དང ། སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ་ན་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ། གད་ན་བཤམས་པ་ལ་བཞུགུས་སོ། །བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་འདིར་ངའི་དྲུང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་དང ། དབང་ཕྱུག་ཆེན་པོ་དང་དགའ་བོ་དང ། ཤིན་ཏུ་དགའ་བོ་དང ། ཙན་དན་དང ། མཆོད་བྱས་དང ། རབ་ཞི་དང ། དུལ་བ་རབ་ཞི་དབང་ཕྱུག་ལ་སོགས་པ་དེ་དག་དང་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཞན་ཤིན་ཏུ་མང་པོ་ཞེས་བྱ་བ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཅེས་བྱ་བའི་བར་དུ་སྔ་མ་བཞིན་དུ་གསུང་ས ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ག་ལ་བ་ད་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་ལེགས་པར་བསྟན་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བར་མཛད་པ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་དང ། ད་ལྟར་དང་མ་འོང་ས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དང ། སྨན་པ་དང་བདེ་བར་འགྱུར་རོ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་དང ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བའི་གྱིར་ཅང་མི་གསུང་བས་གནང་ངོ ། །དེ་ལ་འདི་སྐད་ཅེས་
46-12
བྱ་སྟེ། དགེ་སློང་དག་ཀྱེ་ང་ནི་མད་ང་སུམ་འདིར ། །གནས་པ་བཟང་པོས་བདེ་བར་གནས་གྱུར་ཅིང ། །ཉོན་མོང་ས་མེད་པར་རབ་ཏུ་གནས་གྱུར་ལ། །རྩེ་གཅིག་སེམས་སུ་མཉམ་པར་བཞག་དྲུང་དུ། །རྫུ་འཕྲུལ་ཆེ་ཞིང་ཁ་དོག་བཟང་ལྡན་ལ། །དྲི་མེད་དཔལ་འབར་ལྷ་ཡི་བུ་ལྷགས་ནས། །དཔལ་གྱིས་རྒྱལ་བྲེད་ཚལ་འདི་སྣང་བྱས་ཏེ། །དགའ་བས་ང་ཡི་གན་དུ་མངོན་པར་ལྷགས། །དབང་ཕྱུག་དབང་ཕྱུག་ཆེན་པོ་ཙན་དན་དང ། །དགའ་བོ་རབ་ཏུ་སེམས་ཞི་མཆོད་བྱས་དང ། །ཤིན་ཏུ་དགའ་བོ་ཞི་བ་ལྷ་ཡི་བུ། །བྲེ་བ་ལྷ་མང་དེ་དང་དེ་དག་རྣམས་།། ང་ཡི་ཞབས་ལ་ཕྱག་འཚལ་བསྐོར་བྱས་ཏེ། །ང་ཡི་མདུན་དུ་འདིར་ནི་འཁོད་པར་གྱུར། །སོར་མོ་བཅུ་ཡིས་ཐལ་སྦྱར་གུས་བ་ཅས་པར། །དེ་དག་འདིར་ནི་ང་ལ་གསོལ་བ་བཏབ ། །འཇིག་རྟེན་ཀུན་ལ་སྨན་པའི་དོན་སླད་དུ། །རྒྱལ་བ་ཀུན་གྱིས་སྔོན་ཆད་གང་གསུང་ས་པ། །ཤིན་ཏུ་རྒྱས་མདོ་གླེང་གཞི་ཆེན་པོ་འདི།། ཐུབ་པ་འདོད་ཆགས་བསལ་བས་དེ་རིང་ཡང ། །བྱང་ཆུབ་སེམས་དཔའི་ཚོགས་ཀུན་བཟུང་བཞེད་པས། །ཕས་ཀྱི་གོལ་དང་བདུད་རྣམས་འདུལ་མཛད་ལ། ། ཐེག་པ་ཆེན་པོ་མཆོག་འདི་རབ་གསུང་ཞིང ། །ཐུབ་པ་དེ་སླད་ལེགས་པར་བཤད་དུ་གསོལ། །ལྷ་ཡི་ཚོགས་ཀྱིས་གསོལ་བ་དེ་སྣང་གྱིར། །མི་གསུང་གྱུར་པས་གནང་བ་མཛད་པས་ན། །ཐམས་ཅད་ཚིམ་ཞིང་རབ་དགའ་མགུ་གྱུར་ནས། ། དགའ་བ་ཐོབ་པས་མེ་ཏོག་སིལ་མ་གཏོར། །དེ་གྱིར་དགེ་སློང་ཤིན་ཏུ་རྒྱས་པའི་མདོ། །འཇིག་རྟེན་ཀུན་ལ་ཕན་པའི་དོན་གྱི་གྱིར། །དེ་བཞིན་གཤེགས་པ་ཀུན་གྱིས་སྔོན་བཤད་པ། །གླེང་གཞི་ཆེན་པོ་ཁྱེད་ཀུན་འདིར་ཉོན་ཅིག་།བླེང་གཞིའི་ལེའུ་སྟེ་དང་པོའོ།། །།
46-13
དགེ་སློང་དག་དེ་ལ་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་རྒྱ་ཆེར་རོལ་པ་ཞེས་བྱ་བ་དེ་གང་ཞེ་ན ། དགེ་སློང་དག་འདི་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་གནས་པ། མཆོད་པར་བྱ་བས་མཆོད་པ། དབང་བསྐུར་བ་ཐོབ་པ། ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བཀུར་ཏེ་བརྗོད་ཅིང་བསྔགས་པ། བསམ་པ་ཐོབ་པ། སྨོན་ལམ་གྱིས་ཡང་དག་པར་འཕགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཐོབ་པའི་བློ་དང་ལྡན་པ། ཡེ་ཤེས་ཀྱི་མིག་ཤིན་ཏུ་རྒྱས་ཤིང་ལོང་ས་སུ་དག་པ་དང་ལྡན་པ། དྲ་ན་པ་དང ། བློ་གྲོས་དང ། རྟོགས་པ་དང ། ཁྲེལ་ཡོད་པ་དང ། དགའ་བ་འབར་བའི་བློ་རླབས་པོ་ཆེ་དང་ལྡན་པ། སྤྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང ། ཐབས་ལ་མཁས་པ་ཆེན་པོའི་དམ་པའི་ཕ་རོལ་ཏུ་སོན་པ། ཚང་ས་པའི་ལམ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྟོམས་ཆེན་པོ་ལ་མཁས་པ། མངོན་པར་ཤེས་པ་དང ། རིག་པ་ཆེན་པོས་སྒྲིབ་པ་མེད་ཅིང་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་མངོན་དུ་གྱུར་པ། དྲ་ན་པ་ཉེ་བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། བྱང་ཆུབ་ཀྱི་བྲོགས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་རྫོགས་པའི་མཐར་ན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་མཚན་དང་དཔེ་བྱད་བཟང་པོས་ལུས་ལེགས་པར་བརྒྱན་པ། ཡུན་རིང་པོར་རྗེས་སུ་འབྲང་བ་དང་ལྡན་པ། ཇི་སྐད་དུ་སྨྲས་པ་དེ་ལྟར་བྲེད་པས་ལོག་པ་མེ་དཔའི་ཚིག་གི་ལམ་ཡང་དག་པར་སྨྲ་བ། དྲང་ཞིང་མ་ཡོ་ལ། གྱ་གྱུ་མེད་པའི་ཡིད་ཐོགས་པ་མེད་པ་དང་ལྡན་པ།
46-14
ང་རྒྱལ་དང ། རྒྱགས་པ་དང ། བེགས་པ་དང ། འཇིགས་པ་དང ། ཞུམ་པ་ཐམས་ཅད་མེད་པ ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སངས་རྒྱས་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བྱང་ཆུབ་སེམས་དཔའ་བྱི་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ངོར་བལྟ་ཞིང་བལྟ་བའི་བཞིན་དང་ལྡན་པ། བརྒྱ་བྱིན་དང ། ཚང་ས་པ་དང ། དབང་ཕྱུག་ཆེན་པོ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། སྲིན་པོ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བའི་གྲགས་པ་དང་ལྡན་པ། ཚིག་ཐམས་ཅད་རབ་ཏུ་བྲེ་སྟེ་བསྟན་པ་ལ་ཐོགས་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་གཟུང་བ་ལ་དྲ་ན་པའི་སྣོད་འཁྲུལ་པ་མེད་པ་དང ། གཟུང་ས་མཐའ་ཡས་མྱུ་མེད་པ་རབ་ཏུ་ཐོབ་པ། དྲ་ན་པ་ཉེ་བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཇུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ན་པ་དང ། ཐབས་མཁས་པའི་ཆོས་རིན་པོ་ཆེ་དང ། བསོད་ན་མས་ཀྱིས་ཡང་དག་པར་བསྒྲུབས་པའི་ཆོས་ཀྱི་གྲུ་ཆེན་པོའི་དེད་དཔོན་ཆེན་པོ། ཆུ་བོ་བཞིའི་ཕ་རོལ་ཏུ་འགྲོ་བའི་བསམ་པ་ཅན། བདུད་དང་གྱིར་གོལ་བ་བཅོམ་པ། ཕས་ཀྱི་གོལ་བ་ཐམས་ཅད་ཤིན་ཏུ་ཚར་བ་ཅད་པ། གཡུལ་ངོའི་ཐོག་མ་ལ་རབ་ཏུ་འདུག་པ། ཉོན་མོང་ས་པའི་དགྲའི་ཚོགས་འཇོམས་པ། ཡེ་ཤེས་མཆོག་གི་རྡོ་རྗེའི་མཚོན་ས?་བ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལས་སྙིང་རྗེ་ཆེན་པོའི་ཆུ་བ་ལྷག་པའི་བསམ་པས་སྐྱེས་པ་ཟབ་ཅིང་བརྟན་པ་དང ། བརྩོན་འགྲུས་ཀྱི་ཆོས་ཀྱི་ཆུས་མངོན་པར་བརླན་པ། ཐབས་མཁས་པའི་
46-15
སྙིང་པོ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་དང ། བསམ་གཏན་གྱི་ཟེ་བ་ཅན། ཏིང་ངེ་འཛིན་གྱི་ཟི་འཔུ?་དང་ལྡན་པ། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་མཚོ་ལས་སྐྱེས་པ། ང་རྒྱལ་དང་བེགས་པའིགདུང་བ་མེད་པའི་ཟླ་བས་དྲི་མ་མེད་པའི་འདབ་མ་རྒྱས་པ། ཚུལ་ཁྲིམས་དང ། ཐོས་པ་དང ། བག་ཡོད་པའི་བསུང་གི་ང་དབྲོགས་བརྩུར་ཐོགས་པ་མེད་པར་ལྡང་བ། འཇིག་རྟེན་ན་ཤིས་པའི་ཐུ་བོར་གྱུར་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། སྐྱེས་བུ་ཆེན་པོའི་པད་མ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དྲི་ཞིམ་པོ་འབྱུང་བ། ཤེས་རབ་དང་ཡེ་ཤིས་ཀྱི་ཉི་མའི་འོད་ཟེར་གྱིས་མིག་ཤིན་ཏུ་རྣམ་པར་དག་པའི་པད་མ་འདབ་མ་བརྒྱ་པ་རྒྱས་པ། རྫུ་འཕྲུལ་གྱི་རྐང་པ་བཞི་མཆོག་ཏུ་མརྒྱོགས་པའི་ཤུགས་དང་ལྡན་པ། འཕགས་པའི་བདེན་པ་བཞིའི་སྡེར་མོ་དང་མཆེ་བ་ཤིན་ཏུ་རྣོ་བ། ཚང་ས་པའི་གནས་པ་བཞིའི་སོ་དྲང་བསྙེར་བ། བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་བསྡུས་པའི་མགོ་དང་ལྡན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཁོང་དུ་ཆུད་པས་རིམ་གྱིས་འཕགས་པའི་ལུས་དང་ལྡན་པ། བྱང་ཆུབ་ཀྱི་བྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་ལོང་ས་སུ་རྫོགས་པས་ར་ལ་པ་ཅན་དུ་བྱས་ཤིང ། རིག་པ་དང ། ཡེ་ཤེས་ཀྱི་ཟེ་བ་ཅན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཁ་གདང་ས་པ། ཞི་གནས་དང་ལྷག་མཐོང་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་པ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྟོམས་པར་འཇུག་པའི་རི་སུལ་གྱི་ཕུག་ན་གནས་པ། སྤྱོད་ལམ་བཞི་དང ། འདུལ་བའི་ནགས་ཚལ་དང ། ནགས་འདབ་ནས་སྐྱེས་པའི་ལུས་དང་ལྡན་པ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། ཉརེ་བའི་སྟོབས་དང་ལྡན་པ། སྐྱེ་བ་དང་འཇིག་པའི་འཇིགས་པ་དང་སྤུ་གཡོ་བ་མེད་པ།
46-16
རྩུལ་ལ་ཞུམ་པ་མེད་པ། མྱུ་སྟེགས་ཅན་གྱི་བོང་བུ་དང་རི་དགས་མང་པོའི་ཚོགས་རབ་ཏུ་འཇོམས་པ། བདག་མེད་པར་སྒྲ་བརྗོད་པའི་སེང་གེའི་ང་རོ་ཆེན་པོ་སྒྲོག་པ། སྐྱེས་བུ་སིང་གེ ། རྣམ་པར་གྲོལ་བ་དང ། བསམ་གཏན་གྱི་དཀྱིལ་འཁོར་ལས་ཤེས་རབ་ཀྱི་འོད་དང ། འོད་ཟེར་གྱིས་མྱུ་སྟེགས་བྲེ་ད་སྲིན་བུ་མེ་ཁྱེར་གྱི་ཚོགས་འོད་མེད་པར་བྲེད་པ། མ་རིག་པའི་མྱཕྱིན་པ་མྱུན་ན་ག་གི་ཡིང་ཏོག་དང་རབ་རིབ་མེད་པར་བྲེད་པ། སྟོབས་དང་བརྩོན་འགྲུས་འབར་བ། ལྷ་དང་མིའི་ནང་དུ་བསོད་ནམས་ཀྱི་གཟི་བཆིད་ཀྱི་གཟི་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཉི་མ། ནག་པོའི་བྱོགས་མེད་པ། དཀར་པོའི་བྱོགས་ཡོངས་སུ་རྫོགས་པ། བལྟ་ན་སྡུག་ཅིང་ཡིད་དུ་འོང་བས་མིག་གི་དབང་པོ་ལ་ཐོགས་པ་མེད་པ། ལྷ་བརྒྱ་སྟོང་གི་སྐར་མའི་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཅན། བྱང་ཆུབ་ཀྱི་ཡན་ལག་གི་བདེ་བས་ཟླ་བའི་འོད་ཟེར་དུ་གྱུར་པ། མི་དང་ལྷ་མཁས་པའི་མེ་ཏོག་ཀུ་མྱུ་ད་ཁ་འབྲེད་པ་སྐྱེས་བུ་ཆེན་པོ་ཟླ་བ། འཁོར་གྱི་གླིང་བཞིར་སོང་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྤྱོར་བ། བློ་དབྱད་ཐོགས་པ་མེད་པ། དགེ་བ་བཅུའི་ལས་ཀྱི་ལམ་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་རབ་ཏུ་རྫོགས་པས་ཁྱད་པར་དུ་བོགས་དབྱུང་བར་བྱ་བའི་བསམ་པ་ཅན། ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་མཆོག་དམ་པ་ཐོགས་པ་མེད་པར་བསྐོར་བ། འཁོར་ལོས་སྐྱུར་བའི་རིགས་ཀྱི་རྒྱུད་དུ་བྱུང་བ། ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་ཅིང་གཏིང་དཔག་དཀའ་བ། ཆོས་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ། ཐོས་པས་མི་ངོམས་པས་ཡང་ས་ཤིང་རྒྱ་ཆེ་ལ་
46-17
མཐའ་ཡས་པའི་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཚོད་ལས་མི་འདའ་བ། བློ་རྒྱ་མཚོ་དང་ས་ལྟར་རྒྱ་ཆེ་བའི་མཆོག་ཏུ་གྱུར་པ། ས་དང་ཆུ་དང་མེ་དང་རླུང་དང་མཉམ་པའི་སེམས་སུ་གྱུར་པ། རི་རབ་ལྟར་བརྟན་ཞིང་མི་གཡོ་ལ་བསྐྱོད་པར་མི་ནུས་པའི་ཡིད་དང་ལྡན་པ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པ། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་ཅིང་ཡང་ས་ལ་འདྲ་བ་མེད་པར་རྒྱ་ཆེ་བའི་བློ་དང་ལྡན་པ། ལྷག་པའི་བསམ་པ་ཤིན་ཏུ་ལོང་ས་སུ་དག་པ། སྤྱིན་པ་ལེགས་པར་བྱིན་པ། སྔོན་སྤྱོར་བ་ལེགས་པར་བྱས་པ། ལྷག་པའི་བྱ་བ་ལེགས་པར་བྱས་པ། བདེན་པའི་རྒྱན་གྱིས་ལེགས་པར་བརྒྱན་པ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བ་ཙལ་བ། གོས་པར་བྱ་བ་བསྒོས་པ། དགེ་བའི་རྩ་བ་ངེས་པར་བྱས་པ། བསྐལ་པ་གྲང་ས་མེད་པ་བདུན་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྦྱིན་པ་རྣམ་པ་བདུན་བྱིན་པ། བསོད་ནམས་བྱ་བའི་དངོས་པོ་ལྔ་ཤིན་ཏུ་བསྟེན་པ། ལེགས་པར་སྤྱད་པ་ལུས་ཀྱི་རྣམ་གསུམ། ང་ག་གི་རྣམ་བཞི། ཡིད་ཀྱི་རྣམ་གསུམ་སྤྱད་པར་གྱུར་པ། དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པ་དང་ལྡན་པ། ཡང་དག་པའི་སྤྱོར་བ་ཡན་ལག་བཞི་བཅུ་དང་ལྡན་པ་བསྟེན་པར་གྱུར་པ། ཡང་དག་པའི་སྨོན་ལམ་ཡན་ལག་བཞི་བཅུ་དང་ལྡན་པའི་སྨོན་ལམ་བཏབ་པ། ལྷག་པའི་བསམ་པ་ཡན་ལག་བཞི་བཅུ་དང་ལྡན་པ་ལ་ཞུགས་པ། ཡང་དག་པའི་རྣམ་པར་ཐར་པ་ཡན་ལག་བཞི་བཅུ་དང་ལྡན་པ། ཡོངས་སུ་རྫོགས་པར་བྱས་པ། ཡང་དག་པའི་མོས་པ་ཡན་ལག་བཞི་བཅུ་དང་ལྡན་པ་དྲང་པོར་བྱས་པ། སངས་རྒྱས་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཞི་བཅུའི་རྗེས་སུ་རབ་ཏུ་བྱུང་བ། སངས་རྒྱས་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ལྔ་བཅུ་རྩུ་ལྔ་ལ་སྤྱིན་པ་ཕུལ་བར་གྱུར་པ། རང་སངས་རྒྱས་བྲེ་བ་བརྒྱ་ཕྲག་ཕྱེད་དང་བཞི་ལ་ལྷག་པར་བྱ་བ་བྱས་པ། སེམས་ཅན་
46-18
ཚད་མེད་གྲང་ས་མེད་པ་དག་མཐོ་རིས་དང་ཐར་པའི་ལམ་དུ་བཙུད་པར་གྱུར་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། ཚེ་གཅིག་གིས་ཐོགས་པ། འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ། ལྷའི་ཚོགས་རྣམས་ཀྱིས་འདི་ནི་འདི་ནས་ཤི་འཕོས་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དེར་ཤིན་ཏུ་མཆོད་པ། གཞལ་མེད་ཁང་གནས་སུམ་ཁྲི་ཉིས་སྟོང་ལ་རབ་ཏུ་གནས་པ། སྟེགས་བུ་དང ། བ་གམ་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁྱམས་ཀྱིས་ལེགས་པར་བརྒྱན་པ། གདུགས་དང ། རྒྱལ་མཚན་དང ། བ་དན་སྒྲེང་བ། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བའི་བླ་རེ་བྲེས་པ། མེ་ཏོག་མན་དཱ་རབ་དང ། མན་དཱ་རབ་ཆེན་པོ་དག་ཆལ་པར་བཀྲམ་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གླུ་དབྱང་ས་ལེན་པ། མེ་ཏོག་ཨ་ཏི་མུཀ་ཏ་ཀ་དང ། ཙམ་པ་ཀ་དང ། སྐྱ་སྣར་དང ། ས་བརྟོལ་དང ། བཏང་བཟུང་དང ། བཏང་བཟུང་ཆེན་པོ་དང ། མྱ་ངན་འཚང་དང ། ཀྱ་གྲོ་དྷ་དང ། ཏི་ན་དུ་ཀ་དང ། ཱས་ན་དང ། དོང་ཀའི་མེ་ཏོག་དང ། ཤིང་ཀེ་ས་ར་དང ། ཏ་མ་ལ་དང ། སཱལ་དང ། རིན་པོ་ཆེའི་ཤིང་ལྗོན་པ་ཆེན་པོས་བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། གཞི་མཉམ་ཞིང་བཀོད་པས་མཇེས་པར་བྱས་པ། མེ་ཏོག་སྣང་འོད་དང ། སཱ་ཡི་ཀ་དང ། སྣ་མའི་མེ་ཏོག་དང ། པཱར་ཤིཀ་དང ། ཏ་ར་ནི་དང ། བ་ཡི་དང ། ཀོ་ཏ་ར་ནི་དང ། མཆོག་ཏུ་དྲི་ཞིམ་དང ། དྷ་ནུས་ཀ་རི་དང ། ལྷའི་སྣ་མའི་མེ་ཏོག་དང ། ུད་པ་
46-19
ལ་དང ། པད་མ་དང ། ཀུ་མྱུ་དང ། པད་མ་དཀར་པོ་དང ། དྲི་རབ་ཏུ་ཞིམ་པའི་བླ་རེ་ཆེན་པོ་བྱོགས་བྱོགས་སུ་བྲེས་པ། བྱའདབ་སྤེན་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ང་ང་པ་དང ། རྨ་བྱ་དང ། ངུར་པ་དང ། ཀུ་ན་ལ་དང ། ཀ་ལ་པིང་ཀ་དང ། ཤང་ཤང་ཏེའུ་ལ་སོགས་པ་བྱ་སྣ་ཚོགས་སྒྲ་སྙན་པ་འབྱིན་པ། ལྷ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མིག་མངོན་དུ་བྱོགས་ཏེ་བལྟ་ཞིང་ལྟད་མོར་བྱ་བ། ཆོས་རྒྱ་ཆེ་བ་ཆེན་པོ་ཡང་དག་པར་བརྗོད་པས་འདོད་པ་ལ་དགའ་བའི་ཤུགས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པ། ང་རྒྱལ་དང ། རྒྱགས་པ་དང ། དྲཝེགས་པ་དང ། ཁྲོ་བ་དང ། ཐ་བ་དང ། ཁོང་ཁྲོ་བ་མེད་པར་གྱུར་པ། དགའ་བ་དང ། མགུ་བ་དང ། མཆོག་ཏུ་དགའ་བ་དང ། དྲ་ན་པ་རྒྱ་ཆེ་ཞིང་གསལ་བ་སྐྱེ་བའི་གཞལ་མེད་ཁང་ཆེན་པོ་དེ་ན་བདེ་བར་གནས་ཤིང་ཆོས་ཀྱི་ཡང་དག་པའི་གཏམ་བྱུང་བ་དང ། སིལ་སྙན་དང ། གླུ་དབྱང་ས་བརྒྱད་ཁྲི་བཞི་སྟོང་པོའི་སྒྲ་དེ་དག་ལས་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་དགེ་བའི་ཚོགས་ཀྱིས་ཡང་དག་པར་བསྐུལ་བའི་ཚིགས་སུ་བ་ཅད་པ་འདི་དག་བྱུང་ངོ ། །བསོད་ནམས་རྒྱ་ཆེན་ཚོགས་མངའ་དྲ་ན་རྟོགས་དང ། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུང་ས་མེད་སྟོབས་མངའ་སྐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད ། །རྒྱ་ཆེན་དྲི་མ་མེད་པའི་ཐུགས་མངའ་བ། །དྲི་མ་གསུམ་སྤང་ས་རྒྱགས་དང་སྐྱོན་ཞི་བ། །དགེ་བ་དྲི་མེད་རྣམ་པར་དག་པའི་ཐུགས། །སྔོན་ཆད་ཇི་ལྟར་སྤྱིན་སྤྱད་དགོང་ས་པར་མཛོད ། །ཞི་གནས་ཚུལ་ཁྲིམས་བརྟུལ་ཞུགས་བཟོད་པ་དང ། །དུལ་དང་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟོབས། །བསྐལ་པ་བྲེ་བ་ཁྲག་ཁྲིག་རྣམས་སྤྱད་པ། །སྤྱོད་རིགས་ཆེར་བྱུང་དགོང་ས་མཛོད་དགོང་ས་པར་
46-20
མཛོད ། །སེམས་ཅན་རྣམས་ལ་ཐུགས་བརྩེ་མཛད་གྱུར་ཅིང ། །སངས་རྒྱས་བྲེ་བ་ཁྲག་ཁྲིག་ཁྱོད་ཀྱིས་མཆོད ། །དགོང་ས་མཛོད་དགོང་ས་པར་མཛོད་ཅིག་གྲགས་མཐའ་ཡས ། །དེ་དུས་ལགས་ཀྱིས་བཏང་སྟོམས་མ་མཛད་ཅིག་།རྒ་ཤི་ཉོན་མོང་ས་འཇིག་མཛད་རྡུལ་བྲལ་བ། །ལྷ་དང་ཀླུ་དང་གནོད་སྤྱིན་དྲི་ཟ་དང ། །ལྷ་མིན་དབང་པོ་དག་ཀྱང་སྣོད་ལགས་ཀྱིས། །འཆི་འཕོའི་ཆུལ་མཁྱེན་འཕོ་བ་བསྟན་པར་མཛོད ། །བསྐལ་པ་སྟོང་དུ་དཀའ་བ་སྤྱད་གྱུར་ཀྱང་།། རྒྱ་མཚོ་ཆུ་ཡིས་ཇི་བཞིན་མི་ངོམས་ཀྱིས ། །ངོམས་པ་ཁྱོད་ཀྱི་ཐུགས་དམ་དགེ་བ་སྟེ། །ཡུན་རིང་སྐོམ་ཉརེན་སྐྱེ་བོ་ཚིམ་པར་མཛོད ། །སྨད་པ་མེད་པའི་གྲགས་པ་མངའ་བ་ཁྱོད ། །ཆོས་ལ་དགྱིས་པར་ཁྱོད་དགྱིས་འདོད་མི་དགྱིས། །འོན་ཀྱང་དྲི་མ་མེད་པའི་སྤྱན་མངའ་བ། །ལྷར་བ་ཅས་འཇིག་རྟེན་དག་ལ་ཐུགས་བརྩེ་མཛོད ། །ལྷ་རྣམས་བྱེ་བ་ཁྱོད་ལས་ཆོས་ཐོས་པས། །ངོམས་པར་འགྱུར་བ་མ་ལགས་འོན་གྱིས་ཀྱང ། །དལ་དང་མི་ལྡན་གྱུར་པའི་ངན་སོང་དུ། །གནས་པར་གྱུར་པ་དག་ལ་གཟིགས་སུ་གསུ་གསོལ། །དྲི་མ་མེད་པའི་སྤྱན་མངའ་ཕྲོགས་བཅུ་ཡི། །འཇིག་རྟེན་དག་གི་སངས་རྒྱས་གཟིགས་གྱུར་ཅིང ། །དེ་དག་རྣམས་ལ་ཆོས་གསན་ཆོས་མཆོག་དེ། །འཇིག་རྟེན་དག་ལ་རྣམ་པར་དབྲེ་བ་མཛོད ། ། དཔལ་ལྡན་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ལོ་བྲང་ཤིན་ཏུ་མཇེས་མོད་ཀྱི། །འོན་ཀྱང་ཐུགས་རྗེ་ཐུགས་དང་ལྡན་པས་ན། ། འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོ་བ། །བརྟུལ་ཞུགས་གྲུབ་པ་བྱང་ཆུབ་རེག་ཅེས་ཏེ། ། འདོད་པའི་ཁམས་ལས་རབ་ཏུ་འདས་པ་ཡི། །གཟུགས་ཀྱི་ཁམས་ན་ལྷ་རྣམས་གང་འཁོད་པ། །དུ་མ་ཐམས་ཅད་མངོན་པར་རབ་ཏུ་དགའ། །མགོན་པོ་ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་བཅོམ། །ཁྱོད་གཞན་མུ་སྟེགས་ཅན་རྣམས་ཕམ་མཛད་
46-21
དེ། །ཁྱོད་ནི་བྱང་ཆུབ་ཕྱག་མཐིལ་བཞག་དང་འདྲ། །དེ་དུས་ལགས་ཀྱིས་བཏང་སྟོམས་མ་མཛད་ཅིག་།ཉོན་མོང་ས་རབ་ཏུ་འབར་བའི་འཇིག་རྟེན་ལ། ། དཔའ་བོ་ཁྱོད་ཀྱིས་སྤྲིན་ལྟར་ཁྱབ་མཛད་དེ། །བདུད་སྩིའི་ཆར་པ་མངོན་པར་རབ་ཏུ་ཕོབ། །ལྷ་མི་རྣམས་ཀྱི་ཉོན་མོང་ས་ཞི་བར་མཛོད ། །ཁྱོད་ནི་སྨན་པ་ཁམས་ལ་མཁས་པ་སྟེ། །ཡུན་རིང་ན་དཔ་སྨན་པས་བོར་བ་ཡི། །སེམས་ཅན་རྣམ་ཐར་གསུམ་གྱི་སྦྱར་སྨན་གྱིས། །མྱ་ངན་འདས་པའི་བདེ་ལ་མྱུར་དུ་ཁོད ། ། སིང་གེའི་ང་རོ་ཐོས་པར་མ་གྱུར་པས། །ཝ་རྣམས་འཇིགས་པ་མེད་པར་སྒྲ་སྒྲོག་གིས ། །སངས་རྒྱས་སིང་གེའི་སྒྲ་ནི་རབ་སྒྲོགས་ཏེ། ། མྱུ་སྟེགས་ཅན་གཞན་ཝ་རྣམས་སྐྲག་པར་མཛོད ། །ས་ཡི་དཀྱིལ་ན་སྟོབས་དང་བརྩོན་འགྲུས་ཀྱི། ། སྟོབས་ལྡན་ཕྱག་ན་ཤེས་རབ་སྒྲོན་མ་བསྣམས། །ཕྱག་མཐིལ་དམ་པས་ས་ལ་བརྡབ་མཛོད་དེ། །འདི་རྣམས་ཁྱོད་ཀྱིས་རབ་ཏུ་ཕམ་པར་མཛོད ། །གང་དག་ཁྱོད་ལ་ལྷུང་བཟེད་འབུལ་བ་ཡི། །འཇིག་རྟེན་སྐྱོང་བ་བཞི་པོ་སྣོད་ཅིང་མཆིས། །ཁྱོད་བལྟམ་གང་དག་ལེན་པར་འགྱུར་བ་ཡི། །བརྒྱ་བྱིན་ཚང་ས་པ་ཁྲག་ཁྲིག་སྣོད་ཅིང་མཆིས། །བློ་གྲོས་བཟང་པོ་རིགས་ཆེན་རིགས་ལྡན་པ། །གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་སྟོནགྱུར་དམ་པའི་རིགས་སྐྱེས་པས ། ། རིགས་ཀྱི་ནང་ན་བཙུན་པའི་རིགས་ལ་གཟིགས། །སྣོད་གྱུར་གང་དུ་ནོར་བུ་རིན་པོ་ཆེ། །བཞག་ན་དཔལ་དང་ལྡན་པར་འགྱུར་བ་བཞིན ། །ནོར་བུ་རིན་ཆེན་ལྟ་བུར་དྲི་མེད་ཐུགས། །འཛམ་བུའི་རྒྱལ་མཚན་དུ་ནི་ཆར་པ་ཕོ་བ། །གླུ་དབྱང་ས་སྒྲ་ལས་རྣམ་པ་འདི་ལྟ་ཡི། །ཚིགས་སུ་བ་ཅད་པ་མང་པོ་བྱུང་གྱུར་ནས། །འདི་ནི་དུས་ལགས་བཏང་སྟོམས་མ་མཛད་ཅེས། །སྙིང་རྗེའི་ཡིད་དང་ལྡན་ལ་སྐུལ་བར་བྱིད ། །ཡང་དག་པར་སྤྲོ་བར་བྱ་བའི་ལེའུ་སྟེ་གཉརིས་པའོ། །།
46-22
དགེ་བློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དུས་དེ་ལྟ་བུས་ཡང་དག་པར་བསྐུལ་བ་དང ། གཞལ་མེད་ཁང་ཆེན་པོ་དེ་ནས་བྱུང་སྟེ། ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་ས་ཆེན་པོ་གང་དུ་བྱང་ཆུབ་སེམས་དཔའ་འདུག་ཅིང་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་དེར་བྱང་ཆུབ་སེམས་དཔའ་ཞུགས ། ། ཞུགས་ནས་ཀྱང་སེང་གེའི་ཁྲི་ཆོས་བཟང་པོ་ཞེས་བྱ་བ་ལ་འདུག་གོ། །དེ་ནས་ལྷའི་བུ་གང་དག་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཐེག་པ་མཚུང་ས་པ་ལ་ཞུགས་པ་དེ་དག་ཀྱང་ཁང་བཟང་ས་དེ་ཉིད་དུ་ཞུགས ། །གང་ཡང་བྱང་ཆུབ་སེམས་དཔའ་བྱོགས་བཅུ་ནས་འདུས་པ། བྱང་ཆུབ་སེམས་དཔའ་དང་སྤྱོད་པ་འདྲ་བ་དག་དང ། ལྷའི་བུ་དེ་དག་ཀྱང་ལྷའི་བུ་མོའི་ཚོགས་རྣམས་བསལ་ཅིང་ལྷའི་བུ་ཕལ་རྣམས་ཀྱང་བསལ་ནསལྷག་པའི་བསམ་པ་འཐུན་པའི་འཁོར་ཅན་དུ་བྱས་ཏེ། འཁོར་བྲེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་བརྒྱད་དང ། ཁང་བཟང་ས་དེར་ཞུགས་ནས་སོ་ཐོ་ཅི་རིགས་པར་རང་ར་ང་གི་སེང་གེའི་ཁྲི་ལ་འཁོད་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ལོ་བཅུ་གཉིས་ན་མའི་མང་ལ་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་དེའི་ཚེ་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་དག་འཛམ་བུའི་གླིང་དུ་ལྷགས་ནས། ལྷའི་ཁ་དོག་མི་སྣང་བར་བྱས་ཏེ། བྲམ་ཟིའི་ཆ་བྱད་དུ་བསྒྱུར་ནས། བྲམ་ཟི་རྣམས་རིག་བྲེད་སློབ་ཏུ་འཇུད་དེ། གང་ཞིག་རྣམ་པ་འདི་ལྟ་བུར་མང་ལ་དུ་ཞུགས་པར་གྱུར་ན། དེ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་རྩུ་རྩ་གཉིས་དང་ལྡན་པར་འགྱུར་ཏེ། དེ་དག་དང་ལྡན་ན་རྣམ་པ་གཉིས་སུ་འགྱུར་གྱི། གསུམ་དུ་འགྱུར་བ་མེད་དེ། དེ་གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ། ཆོས་ཀྱི་
46-23
རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་དང་བདུན་ན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་ནམ་པ་ཇི་ལྟ་བུ་དང་ལྡན་པར་འགྱུར་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གསོ་སྤྱོང་གི་ཉི་མ་ཚེས་བརྗ་ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་ཟུང་ས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཅིང་འདུག་པའི་ཚེ། ཤར་བྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་སྩ[༄\ུf]བས་སྟོང་ཡོད་པ། མྱུ་བྱུད་དང་ལྡན་པ། ལྟེ་བ་དང་བ་ཅས་པ། ཐམས་ཅད་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། འཕང་དུ་ཤིང་ཏ་ལ་བདུན་ཙམ་ནས་འབྱུང་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས། ལྷའི་འཁོར་ལོ་རིན་པོ་ཆེ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གིས་ཐོས་པ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྤྱོང་གི་ཉི་མ་ཚེས་བཅ་ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་ཟུང་ས་སུ་གནས་ཤིང་སྟེང་གི་ཁྱམས་ན་བུད་མེད་ཀྱི་ཚོགས་ཀྱིས་ཀུན་ནས་བསྐོར་ཅིང་འདུག་པའི་ཚེ། ཤར་བྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་བྱུང་བར་གྱུར་ན། དེ་ནི་འཁོར་ལོས་སྐྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་ཏེ། བདག་གི་དྲུང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་འོང་ས་པ་ལས་ན། བདག་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་དུ་ངེས་སོ་སྙམ་སྟེ། དེ་ནས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། ལག་པ་གཡས་པས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་སྐོར་ཞིང་འདི་སྐད་དུ་བརྩུན་པ་ལྷའི་འཁོར་ལོ་རིན་པོ་ཆེ་ཆོས་ཀྱིས་སྐོར་རྐ
46-24
ཅིག་།ཆོས་མ་ཡིན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་སྨྲས་པ་དང ། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་བསྐོར་བས་ཇུ་འཇུལ་གྱིས་ན་མ་མཁའ་ལས་ཤར་བྱོགས་སུ་ལེགས་པར་འགྲོ་སྟེ། རྒྱལ་པོ་འཁོར་ལོས་སྒྱུར་བ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་རྗེས་སུ་འགྲོའོ། །སའི་བྲོགས་གང་དུ་ལྷའི་འཁོར་ལོ་རིན་པོ་ཆེ་དེ་གནས་པར་འགྱུར་བ་དེར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། །དེ་ནས་ཤར་བྱོགས་ཀྱི་ཁམས་ཀྱི་རྒྱལ་པོ་གང་ཡིན་པ་དེ་དག་དངུལ་གྱི་སྣོད་ནི་གསེར་བྲེས་བཀང་སྟེ་ཐོགས། གསེར་གྱི་སྣོད་ནི་དངུལ་སིལ་མས་བཀང་སྟེ་ཐོགས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་བསྩ་ཞིང་འདི་སྐད་དུ་ལྷ་འདིར་ལེགས་པར་གཤེགས་ས་སོ། ། ལྷ་ཚུར་གཤེགས་སུ་གསུ་གསོལ། ལྷའི་ཆབ་སྲིད་ནི་ཤིན་ཏུ་རྒྱས་ཤིང་འབྱོར་ལ་བདེ་སྟེ། ལོ་ལེགས་ཤིང་ཉམས་དགྱིས་ལ་སྐྱེ་བོ་མང་པོ་དང ། མིས་གཏམས་པ་ལགས་ན ། ལྷ་ཉིད་ཀྱི་ཡུལ་དུ་བྱོན་ནས་བཞུགུས་སུ་གསོལ། དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་ཁམས་ཀྱི་རྒྱལ་པོ་དེ་དག་ལ་འདི་སྐད་དུ་ཁྱེད་ར་ང་རང་གི་རྒྱལ་སྲིད་དག་ཆོས་ཀྱིས་གྱིས་ཤིག་།ཆོས་མ་ཡིན་པས་ནི་མ་ཡིན་ནོ། །ཁྱེད་སྲོག་ཆགས་མ་གསོད་ཅིག་།མ་བྱིན་པར་མ་ལེན་ཅིག ། འདོད་པ་ལ་ལོག་པར་གཡེམ་པར་མ་བྲེད་ཅིག་།བརྫུན་དུ་མ་སྨྲ་ཤིག་།ཕྲ་མ་མ་ཟེར་ཅིག་།ང་ག་རྩུབ་པོ་མ་སྨྲ་ཤིག་།ཚིག་ཀྱལ་པ་མ་སྨྲ་ཤིག ། བརྣབ་སེམས་ཅན་དུ་མ་གྱུར་ཅིག་།གནོད་སེམས་ཅན་དུ་མ་གྱུར་ཅིག ། ལོག་པར་ལྟ་བར་མགྱུར་ཅིག ། སྲོག་གཅོད་པ་ལ་བྱམས་པར་མ་གྱུར་ཅིག ། ལོག་པར་ལྟ་བ་ཅན་གྱི་བར་ལ་བྱམས་པར་མགྱུར་ཅིག་།ངའི་ཡུལ་དུ་ཆོས་མ་
46-25
ཡིན་པ་འབྱུང་དྲེ། ཆོས་མ་ཡིན་པར་སྤྱོད་པ་ལ་བྱམས་པར་མ་བྲེད་ཅིག་ཅེས་བསྒོ་ནས། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་དེ་ལྟར་ཤར་བྱོགས་སུ་རྣམ་པར་རྒྱལ་བར་བྲེད་དོ། །ཤར་བྱོགས་སུ་རྣམ་པར་རྒྱལ་བར་བྱས་ནས། ཤར་བྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། །ཤར་བྱོགས་ཀྱི་རྒྱ་མཚོ་ལ་སོང་ནས། ཤར་བྱོགས་ཀྱི་རྒྱ་མཚོ་ལས་རྒལ་ལོ། །རྒལ་ནས་ཀྱང་ལྷོ་བྱོགས་སུ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ལེགས་པར་འགྲོ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འགྲོའོ། །སྔ་མ་བཞིན་དུ་ལྷོ་བྱོགས་སུ་རྣམ་པར་རྒྱལ་བར་བྱིད་དོ། །ལྷོ་བྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ནུབ་བྱོགས་དང ། བྱང་བྱོགས་སུ་རྣམ་པར་རྒྱལ་བར་བྲེད་དོ། །བྱང་བྲོགས་སུ་རྣམ་པར་རྒྱལ་བར་བྱས་ནས་བྱང་བྱོགས་ཀྱི་རྒྱ་མཚོ་ལ་འགྲོའོ། །བྱང་བྱོགས་ཀྱི་རྒྱ་མཚོ་ལ་སོང་ནས། བྱང་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ལ་ལོ། །རྒལ་ནས་ཀྱང་ནམ་མཁའ་ལ་རྫུ་འཕྲུལ་གྱིས་རྒྱལ་པོའི་ཕོ་བྲང་དུ་འེགས་པར་འོང་ས་ནས་བཙུན་མོའི་འཁོར་གྱི་སྒོའི་སྟེང་དུ་ཉམས་པ་མེད་པར་གནས་ཏེ། རྒྱལ་བོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནི་འཁོར་ལོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །འཁོར་ལོས་སྐྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གླང་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་ཐལ་ཀར་གྱུར་པ། ཡན་ལག་བདུན་ཤིན་ཏུ་གནས་པ། གརྩུག་གསིར་གྱིས་བརྒྱན་པ། གསེར་གྱི་རྒྱལ་མཚན་དང་ལྡན་པ། གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ་ནམ་མཁའ་ལ་འགྲོ་བ། རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། འདི་ལྟར་གླང་པོའི་རྒྱལ་པོ་བྱང་ཆུབ་ཅེས་བྱ་བྱ་བའོ། གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་
46-26
བསྐུར་བ་གླང་པོ་རིན་པོ་ཆེ་དེ་བརྟག་པར་འདོད་པར་གྱུརཔ་དེའི་ཚེ། ཇི་མ་ཤར་ཀར་གླང་པོ་རིན་པོ་ཆེ་དེ་ལ་ཞོན་ཏེ་ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བ་ཅས་པ། རྒྱ་མཚོའི་མུར་ཐུག་པ་དང་བཅས་པ་ཀུན་ཏུ་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དུ་འོང་ས་ནས་ཁྱེའུ་སུས་ཀྱི་དགའ་བ་མོང་བར་བྲེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །འཁོར་ལོས་སྐྱུར་བའི་རྒྱལ་པོ་རྟ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྟ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་སྔོན་པོར་གྱུར་པ། མགོ་གནག་པ། རྡོག་མ་ལྕང་ལོར་འདུག་པ། ཞོན་ན་གུས་པར་བྱེད་པ ། གསེར་གྱི་རྒྱལ་མཚན་དང་བ་ཅས་པ། གསེར་གྱི་རྒྱན་དང་ལྡན་པ། གསེར་གྱི་དྲ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འརྒོ་བ། རྣམ་པར་འཇུལ་པའི་ཆོས་ཅན་ཏེ། འདི་ལྟར་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའོ། །གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། རྟ་རིན་པོ་ཆེ་བརྟག་པར་འདོད་པར་གྱུར་པ་དེའི་ཚེ་ཉི་མ་ཤར་ཀར་རྟ་རིན་པོ་ཆེ་དེ་ལ་ཞོན་ནས་ས་ཆེན་པོ་འདི་རྒྱ་མཚོའི་མཐའ་སྐོར་དང་བཅས་པ་རྒྱ་མཚོའི་མྱུར་ཐུག་པ་དང་བ་ཅས་པ་ཀུན་ཏུ་བསྐོར་ཏེ། གྱིར་རྒྱལ་པོའི་ཕོ་བྲང་དུ་འཁོར་ནས་ཁྱེའུ་སུས་ཀྱི་བདེ་བ་མོང་བར་བྲེད་དེ། འཁོར་ལོས་སྐྱུར་བའི་རྒྱལ་པོ་ནི་རྟ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །འཁོར་ལོས་སྐྱུར་བའི་རྒྱལ་པོ་ནོར་བུ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའིནོར་བུ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། ཐམས་ཅད་དུ་སྔོ་བ། བཻ་ཕྱུ་རྱའི་རང་བཞིན། ཟུར་བརྒྱད་དུ་འདུག་པ། ཤིན་ཏུ་སྦྱང་ས་པ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་དེའི་འོད་
46-27
ཀྱིས་བརྩུན་མོའི་འཁོར་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་འགྱུར་རོ། །གང་གི་ཚེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནོར་བུ་རིན་པོ་ཆེ་དེ་བརྟག་པར་འདོད་པར་གྱུར་པ་དེའི་ཚེ། མཚན་མོ་ནམ་གྱི་གུང་ལ་མུན་པ་མུན་གནག་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་ཅེ་མོ་ལ་བཏགས་ཏེ། སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་གྱིར་སོང་ན། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བས་གསལ་བར་འགྱུར་རོ། །ནོར་བུ་རིན་པོ་ཆེའི་འཁོར་ན་གནས་པའི་མི་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་པ་དང ། གཅིག་གིས་གཅིག་མཐོང ། གཅིག་གིས་གཅིག་ཤེས་ནས་གཅིག་ལ་གཅིག་འདི་སྐད་སྨྲ་སྨྲ་སྟེ། བཞིན་བཟང་ས་དག་ལོངས། ལས་ཀྱི་མཐའ་དག་བྱོས་ཤིག་།ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་ཟེར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ནོར་བུ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། བུད་མེད་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན ། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བུད་མེད་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་པྟེ། ཚུལ་དང་འཐུན་པ་རྒྱལ་རིགས་སུ་སྐྱེས་པ་ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྤོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་གནག་པ། གཟུགས་མཇེས་པ། ཚུལ་དུ་ཤིས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དེའི་སྦུའི་ཁུང་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། ཁ་ནས་ཨུད་པ་ལའི་ང་དལྡང་བ། ཀ་ཙ་ཡིན་དའི་གོས་ལྟར་རེག་ན་བདེ་བ། དེ་གྲང་བའི་དུས་ན་ནི་ལུས་ལ་རེག་ན་དྲོ་
46-28
བ། དྲོ་བའི་དུས་ན་ལུས་ལ་རེག་ན་བསིལ་བ་སྟེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ལ་ཡིད་ཀྱིས་ཀྱང་འདོད་ཆགས་སུ་མི་བྲེད་ན། ལུས་ཀྱིས་ལྟ་ཅི་སྨོས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བུད་མེད་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ན་ནོ། །འཁོར་ལོས་སྐྱུར་བའི་རྒྱལ་པོ་ཁྱིམ་བདག་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན ། འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི། ཁྱིམ་བདག་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་པ། གསལ་བ། ཡིད་གཞུང་ས་པ། ལྷའི་མིག་དང་ལྡན་པ་འབྱུང་ང་ངོ ། ། དེ་ལྷའི་མིག་དེས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་བདག་པོ་དང་བ་ཅས་པའི་གཏེར་དག་ཀྱང་མཐོང ། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། དེ་བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་སྐྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཁྱིམ་བདག་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །འཁོར་ལོས་སྐྱུར་བའི་རྒྱལ་པོ་བློན་པོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་སྔ་མ་བཞིན་དུ་འབྱུང་སྟེ། མཁས་ཤིང་གསལ་ལ་ཡིད་གཞུང་ས་པའོ། །དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་བསམས་པ་ཙམ་གྱིས་བསྐ་བར་བྱ་བའི་དཔུང་རྣམས་སྐོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བློན་པོ་རིན་པོ་ཆེ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། འཁོར་ལོས་སྐྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དེ་དག་དང་ལྡན་པ་ཡིན་ནོ། །དེ་ལ་བུ་སྟོང་འབྱུང་སྟེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་སྟེ། དེས་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བད་འ་བ་
46-29
མེད་ལ་ཆོས་ཀྱིས་ལེགས་པར་ཕབ་སྟེ་གནས ། །གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་ཏེ། འདོད་པའི་འདོད་ཆགས་སྤང་ས་པ། འདྲེན་པ་གཞན་གྱི་དྲིང་མི་འརྗ[༄\ུfཅ]ག་པ། ལྷ་དང་མི་རྣམས་ཀྱི་སྟོན་པར་འགྱུར་རོ།། ཞེས་རིག་བྲེད་འདོན་དུ་འཇུད་དོ། །དེ་བཞིན་དུ་ལྷའི་བུ་གཞན་དག་ཀྱང་འཛམ་བུའི་གླིང་དུ་ལྷགས་ཤིང ། རང་སངས་རྒྱས་དག་ལ་སྐུལ་མ་འདེབས་ཏེ། འཕགས་པ་དག་དསྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་གིས་སངས་རྒྱས་ཀྱི་ཞིང་འདི་བོར་ཅིག་ཅེས་ཟིར་རོ། །དགེ་སློང་དག་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་མཇུག་མ་སྒྱུར་བ་ཞེས་བྱ་བའི་རི་ལ་རང་སངས་རྒྱས་གླང་པོ་ཞེས་བྱ་བ་འདུག་པས་སྒྲ་དེ་ཐོས་ནས་རྡོ་བའི་སྟེང་དུ་འཇིམ་པ་ལ་བྱ་བ་དེ་བཞིན་དུ་འདུག་སྟེ། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱིན་དུ་འཕགས་སོ། །གྱིན་དུ་འཕགས་ནས་ཀྱང་མེའི་ཁམས་ལ་སྟོམས་པར་ཞུགས་ཏེ་སྒྲོན་མ་བཞིན་དུ་མྱ་ངན་ལས་འདས་སོ། །དེའི་མཁྲིས་པ་དང ། བད་ཀན་དང ། ཆུ་རྒྱུས་དང ། རུས་པ་དང ། ཤ་དང ། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་མེ་ས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་ནས། རྐང་རྗེས་དེ་དག་ནི་དུང་ཡང་དྲང་སྲོང་གི་རྗེས་ཞེས་གྲག་སྟེ་ཡོད་དོ། །དགེ་སློང་དག་དེའི་ཚེ་ཡུལབཱ་རཱ་ཟ་སཱིའི་རི་དགས་ཀྱི་ནགས་དྲང་སྲོང་ལྷུང་བ་ན་རང་སངས་རྒྱས་ལྔ་བརྒྱ་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་ནས། ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་གྱིན་དུ་འཕགས་ནས། མེའི་ཁམས་ལ་སྟོམས་པར་ཞུགས་ཏེ། སྒྲོན་མ་བཞིན་དུ་ལོང་ས་སུ་མྱ་ངན་ལས་འདས་སོ། །དེ་དག་གི་མཁྲིས་པ་དང ། བད་ཀན་དང ། ཆུ་རྒྱུས་དང ། རུས་པ་དང ། ཤ་དང ། ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་ད\ུf་དག་ཐམས་
46-30
ཅད་ནི་མེས་ཡོངས་སུ་ཟད་པར་གྱུར་ཏེ། རིང་བསྲེལ་འབའ་ཞིག་ས་ལ་ལྷགས་སོ། །དེ་ལྟར་འདིར་དྲང་སྲོང་རྣམས་ལྟུང་ངོ་ཞེས་དེ་ཕྱིན་ཆད་དྲང་སྲོང་ལྷུང་བ་ཞེས་བྱ་བ་ཡང་དྲང་སྲོང་ལྷུང་བ་དྲང་སྲོང་ལྷུང་བ་ཞེས་མིང་དུ་ཆགས་པར་གྱུར་ཏོ། །མི་འཇིགས་པ་བྱིན་པའི་རི་དགས་དག་ཀྱང་དེ་ན་གནས་པས་དེ་ན་ཆད་རི་དགས་ཀྱི་ནགས་ཞེས་བྱ་བ་ཡང་རི་དགས་ཀྱི་ནགས་རི་དགས་ཀྱི་ནགས་ཞེས་མིང་དུ་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང ། གླིང་ལ་རྣམ་པར་ལྟ་བ་དང ། ཡུལ་ལ་རྣམ་པར་ལྟ་བ་དང ། རིགས་ལ་རྣམ་པར་ལྟ་བའོ ། །དགེ་བློང་དག་ཅིའི་གྱིར་བྱང་ཆུབ་སེམས་དཔའ་དུས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐོག་མའི་དུས་སེམས་ཅན་འདུ་བའི་ཚེ་མའི་མང་ལ་དུ་མི་འཇུག་གི། གང་གི་ཚེ་འཇིག་རྟེན་གསལ་བར་ཀུན་ནས་གནས་པར་གྱུར་ཏེ། སྐྱེ་བ་སྣང་བར་གྱུར། རྒ་བ་སྣང་བར་གྱུར ། ན་བ་སྣང་བར་གྱུར། འཆི་བ་སྣང་བར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མའི་མངལ་དུ་འཇུག་ག་གོ། ། དགེ་སློང་དག་ཅིའི་གྱིར་བྱང་ཆུབ་སེམས་དཔའ་གླིང་ནམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ་ནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ་བྱང་གི་སྒྲ་མི་སྙན་དུ་མི་སྐྱེའི། ལྷོའི་འཛམ་བུ་གླིང་ཉིད་དུ་སྐྱེའོ། །དགེ་སློང་དག་ཅིའི་གྱིར་བྱང་ཆུབ་སེམས་དཔའ་ཡུལ་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་རྟུལ་ཞིང་གླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་འེགས་པར་བསྟན་པ་དང ། ཉེས་པར་བསྟན་
46-31
པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཡོད་པ་དག་ཏུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །དགེ་སློང་དག་ཅིའི་གྱིར་བྱང་ཆུབ་སེམས་དཔའ་རིགས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རིགས་དམའ་བ་གདོལ་པའི་རིགས་སམ། སྨྱིག་མ་མཁན་གྱི་རིགས་སམ། ཤིང་རྟ་མཁན་གྱི་རིགས་སས་མ། གཡུང་རིགས་སུ་མི་སྐྱེའི། བྲམ་ཟིའི་རིགས་སམ། རྒྱལ་རིགས་ཁོ་ན་སྟེ། རིགས་གཉིས་སུ་སྐྱེའོ ། །དེ་ལ་གང་གི་ཚེ་བྲམ་ཟེའི་རིགས་བརྩུན་པར་བྱ་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེའོ ། །གང་གི་ཚེ་རྒྱལ་རིགས་བརྩུན་པར་བྱ་བ་དེའི་ཚེ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག་ད་ལྟར་ནི་རྒྱལ་རིགས་བརྩུན་པར་བྱ་བྱ་བས། དེའི་གྱིར་བྱང་ཆུབ་སེམས་དཔའ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག་དོན་གྱི་དབང་དེ་ལ་བརྟེན་ན་ནས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། དེ་ལྟར་བལྟས་ནས་ཅང་མི་ཟིར་བར་གྱུར་ཏོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དགི་སློང་དག་དེ་ལྟར་ལྷའི་བུ་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་གཅིག་ལ་གཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་རིགས་རིན་པོ་ཆེ་ནི་ཇི་ལྟ་བུ་ཞིག་ཏུ་སྐྱེ་བར་འགྱུར། ཡུམ་ནི་ཇི་ལྟ་བུ་ཞིག་གི་ལྷུམས་སུ་འཇུག་པར་འགྱུར་ཞེས་འདྲིའོ། །དེ་ལ་ལ་ལ་ན་རེ་ཡུལ་མ་ག་དྒྷ་ན་ལུས་འཕགས་ཀྱི་རིགས་འདི་འབྱོར་ཅིང་རྒྱས་ལ་ལོ་ལེགས་པ་དང ། བདེ་བ་དང་ལྡན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། །ལ་ལ་ན་རཱེ་དེ་ནི་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་གྱིར་ཞེ་ན། འདི་ལྟར་དེ་ནི་མའི་རྒྱུད་ཀྱིས་དག་པ་ཡང་མ་ཡིན། ཕའི་རྒྱུད་ཀྱིས་དག་པ་ཡང་མ་
46-32
ཡིན་ལ། བསོད་ནམས་ཆུང་ངུས་བྱུང་གི། བསོད་ནམས་རྒྱ་ཆེན་པོས་མངོན་པར་བྱུང་བ་མ་ཡིན་ཞིང་གོད་ལ་མི་བརྟེན་ཏེ་མི་གནས་པ་ཡིན་ལ། ཡུལ་དེ་ཡང་ཉེ་འཁོར་གསེག་མས་གང་བ། སྐྱེད་མོས་ཚལ་དང ། མཚོ་དང ། མཚེའུ་དག་ཀྱང་མི་མང་ལ་རི་བྲགས་ལྟར་མཐའ་འཁོབ་ཀྱི་གནས་སུ་གྱུར་པ་སྟེ། དེའི་ཕྱིར་དེ་ནི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ཀོས་ལའི་རིགས་འདི་འཁོར་མང་ཞིང་བཞོན་པ་མང་ལ་ནོར་ཆེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་ར་རོ། །ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་གྱིར་ཞེ་ན། འདི་ལྟར་ཀོ་ས་ལའི་རིགས་ནི་གདོལ་པའི་རིགས་ལས་ཤི་འཕོས་ནས་སྐྱེས་པ་ཡིན་ཏེ། ཕ་དང་མས་དག་པ་ཡང་མ་ཡིན་ལ། དམའ་བ་ལ་མོས་པ་སྟེ། རིགས་མཐོ་བར་ཡང་མི་བྱ། ནོར་དང་རིན་པོ་ཆེའི་གཏེར་ཡང་ཚད་མེད་པར་ཕུན་སུམ་ཚོགས་པ་མ་ཡིན་ཏེ། དེའི་གྱིརདེ་ནི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟིར་རོ། །ལ་ལ་ན་རེ་རྒྱལ་པོ་བད་སའི་རིགས་འདི་འབྱོར་ཅིང་རྒྱས་ལ། ལོ་ཕེགས་པ་དང ། བདེ་བ་དང་ལྡན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། །ལ་ལ་ན་རེ་དེ་ཡང་དེའི་ཆུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་བད་སའི་རིགས་ནི་ཕལ་པ་སྟེ། གཏུམ་ལ་གཟི་བརྗིད་འབར་བ་ཡང་མ་ཡིན་ཞིང ། སྐྱེས་པ་གཞན་ལས་སྐྱེ་བ་གྲུབ་པ། ཕ་མ་ཉིད་ཀྱི་གཟི་བརྗིད་ཀྱི་ལས་ཀྱིས་གྲུབ་པ་མ་ཡིན་ལ། དེའི་རྒྱལ་པོ་ཡང་ཆད་པར་སྨྲ་བ་སྟེ། དེའི་གྱི་ར་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་གྲོང་ཁྱེར་ཆེན་པོ་ཡང་ས་པ་ཅན་འདི་ནི་འབྱོར་ཅིང་རྒྱས་ལ། ལོ་ཕེགས་པ་དང ། བདེ་བ་དང་ལྡན་པ་ཡིན་ཏེ། ཉམས་དགའ་ལ་
46-33
སྐྱེ་བོ་མང་པོ་དང་མིས་ཀུན་ཏུ་གང་བ། སྟེགས་བུ་དང ། བ་གམ་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁང་བཟང་ས་དག་གིས་ལེགས་པར་བརྒྱན་པ་སྟེ། མེ་ཏོག་གི་རབ་དང ། ནགས་ཚལ་གྱི་ཕྲེང་བ་མེ་ཏོག་ཀུན་ཏུ་རྒྱས་པ་དང་ལྡན་པ་ཡིན་ལ་ལྷའི་ཕོ་བྲང་དང་འདྲ་བ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟིར་རོ། །ལ་ལ་ན་རེ་དེ་ཡང་མུ་ལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ནི་ཕན་ཚུན་དུ་རིགས་པར་སྨྲ་བ་མེད་དོ།། ཆོས་སྤྱོད་པ་མེད་དོ། །གོང་མ་དང་བར་མ་དང་རྒན་པ་དང ། ག་ཙོ་བོ་དག་ལ་ཡང་རིམ་གྲོར་བྱ་བ་མེད་ཅིང ། རེ་རེ་ཞིང་ཡང་འདི་སྙམ་དུ་བདག་ནི་རྒྱལ་པོའོ།། བདག་ནི་རྒྱལ་པོའོ་སྙམ་དུ་སེམས་པས་སློབ་མར་ཁས་ལེན་པ་མེད་ཅིང་ཆོས་ཁས་ལེན་པ་མེད་པ་སྟེ། དེའི་ཕྱིར་དེའང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ།། ལ་ལ་ན་རེ་གྲོང་ཁྱེར་འཕགས་རྒྱལ་ན་རབ་སྣང་གི་རིགས་འདི་ནི་དཔུང་ཆེ་ཞིང་བཞོན་པ་མང་བ། ཕ་རོལ་གྱི་གཡུལ་ངོར་རྒྱལ་བ་འཐོབ་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ།། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཁྲོ་ཞིང་གཏུམ་ལ་བརླང་ཞིང་གཟུ་ལུམས་ཅན་གོད་པ་སྟེ། ལས་ཡོད་པར་བལྟ་བའང་མ་ཡིན་པས། དེའི་གྱི་ར་དེ་ཡང་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་གྲོང་ཁྱེར་བཅོམ་བརླག་འདི་འབྱོར་ཅིང་རྒྱས་ལ་ལོ་ལེགས་པ་དང་བདེ་བ་དང་ལྡན་པ། སྐྱེ་བོ་མང་པོ་དང་མིས་ཀུན་ཏུ་གང་བཡིན་པས། རྒྱལ་པོ་ལག་བཟང་ས་སྡེ་དཔའ་བའི་བདག་པོའི་རྒྱལ་པོའི་ཕོ་བྲང་དེ་ནི་བྱང་ཆུབ་སེམས་དཔའ་
46-34
ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟེར་རོ། །ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་དེ་ནི་ལོག་པར་ལྟ་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ་སྟེ། མི་གོད་དང་འདྲ་བའི་རྒྱལ་པོ་ཡིན་པས་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ལོག་པར་ལྟ་བའི་རིགས་སུ་སྐྱེ་བར་མི་རིགས་ཏེ། དེའི་གྱི་ར་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་གྲོང་ཁྱེར་ཧསྟི་ན་པུ་ར་འདིའི་རྒྱལ་པོ་ནི་སྐྱ་བསེང་གི་བུའི་རིགས་ཀྱི་རྒྱུད་ལས་སྐྱེས་པ། དཔའ་ཞིང་རྟུལ་ཕོད་པ་དང་ལྡན་པ། ཡན་ལག་མཆོག་གི་གཟུགས་ཕུན་སུམ་ཚོགས་པ་གཞན་གྱི་སྡེ་འཇོམས་པ་སྟེ། རིགས་དེ་ནི་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་ཡིན་ནོ་ཞེས་ཟེར་རོ། ། ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་གྱིར་ཞེ་ན། འདི་ལྟར་སྐྱ་བསེང་གི་བུའི་རིགས་སུ་སྐྱེས་པ་དག་གིས་ནི་རིགས་ཀྱི་རྒྱུད་རྣམ་པར་འཁྲུགས་པར་བྱས་ཏེ། གཡུལ་ངོར་བརྟན་པ་ལ་ནི་ཆོས་ཀྱི་བུ་ཞེས་ཟེར ། འཇིགས་སྡེ་ལ་ནི་རླུང་གི་བུ་ཞེས་ཟིར། སྲིད་སྒྲུབ་ལ་ནི་དབང་པོའི་བུ་ཞེས་ཟིར། རིགས་མེད་དང་ལྷར་བ་ཅས་ལ་ནི་ཐ་སྐར་གྱི་བུ་ཞེས་ཟེར་ཏེ། དེའི་ཕྱིར་རིགས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་གྲོང་ཁྱེར་བཅོམ་བརླག་འདི་ནི་ཤིན་ཏུ་ཡང་ཉམས་དགའ་ཞིང་ཕན་ཚུནའབྱོར་གྱི་སྟེང་དུ་རྒྱལ་པོ་བཟང་པོའི་བཤེས་གཉེན་བཞུགས་པའི་ས་ཡང་ཡིན་ལ། རྒྱལ་པོ་དེ་ཡང་གླང་པོ་དང ། རྟ་དང ། ཤིང་རྟ་དང ། དཔུང་བུ་ཆུང་དང ། དཔུང་གི་ཚོགས་མང་པོ་དང་ལྡན་པ། གསེར་དང ། དངུལ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་རུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། ས་ལེ་སྤྲ་མ་དང ། ནོར་དང ། ཡོ་བྱད་ཤིན་
46-35
ཏུ་མང་བ། རྒྱལ་པོ་དང་བློན་པོ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པའི་སྟོབས་དང ། ཕ་རོལ་གནོན་པ་དང་ལྡན་པ། མཛའ་བ་དང་ལྡན་ཞིང་ཆོས་ལ་དགའ་བ་སྟེ། རིགས་དེ་ནི་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་སུ་རུང་ངོ་ཞེས་ཟིར་རོ། །ལ་ལ་ན་རེ་དེ་ཡང་ཚུལ་དང་འཐུན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་བཟང་པོའི་བཤེས་གཉེན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་ཡོད་མོད་ཀྱི། དེ་ནི་ཤིན་ཏུ་རྒས་པས་བུ་སྐྱེད་པའི་མཐ་ཡང་མེད་ལ། བུའང་མང་བས་དེའི་གྱིར་རིགས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ཡུམ་གྱི་ལྷུམས་སུ་འཇུག་པའི་གནས་ཀྱི་འོས་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷ་དེ་དག་གིས་འཛམ་བུའི་གླིང་གི་ཡུལ་ཆེན་པོ་བཅུ་དྲུག་པོ་ཐམས་ཅད་ན། རྒྱལ་པོའི་རིགས་མཐོན་པོ་མཐོན་པོ་གང་ཇི་སྙེད་ཅིག་ཡོད་པ། དེ་དག་ཐམས་ཅད་ལ་བལྟས་ན་ཐམས་ཅད་ཀྱང་ཉེས་པ་དང་བ་ཅས་པར་མཐོང་སྟེ། དེ་དག་དེ་ལྟར་སེམས་པའི་ཡིད་ལ་བྲེད་པའི་ཚེ། ལྷའི་བུ་ཡེ་ཤསཏོག་གི་རྒྱལ་མཚན་ཞེས་བྱ་བ་བྱང་ཆུབ་ལས་གྱིར་མི་ལྡོག་པ་ཐེག་པ་ཆེན་པོ་འདི་ལ་ངེས་པར་གྱུར་པ་ཞིག་ཡོད་པ་དེས་བྱང་ཆུབ་སེམས་དཔའི་འཁོར་དང ། ལྷའི་འཁོར་ཆེན་པོ་ཡོད་པ་དེ་དག་ལ་འདི་སྐད་ཅེས་སྨྲས་ས་སོ། །གྲོགས་པོ་དག་ཚུར་ཤོག་།བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་དྲུང་དུ་དོང་སྟེ། རིགས་རིན་པོ་ཆེ་ཡོན་ཏན་ཇི་ལྟ་བུར་ཕུན་སུམ་ཚོགས་པ་ཞིག་ཏུ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བར་འགྱུར་བ་དྲིའོ་ཞེས་སྨྲས་པ་དང ། ལེགས་སོ་ཞེས་ཏེ། དེ་དག་ཐམས་ཅད་ཀྱང་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ན་ཏེ་དྲིས་པ། སྐྱེས་བུ་དམ་པ་རིགས་རིན་པོ་ཆེ་ཡོན་ཏན་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་སྐྱེ་བར་འགྱུར། དེ་ནས་བྱང་ཆུབ་སེམས་དཔའས་བྱང་
46-36
ཆུབ་སེམས་དཔའི་ཚོགས་ཆེན་པོ་དང ། ལྷའི་ཚོགས་ཆེན་པོ་དེ་དག་ལ་རྣམ་པར་བལྟས་ཏེ་འདི་སྐད་ཅེས་སྨྲས་ས་སོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གང་དུ་སྐྱེ་བར་འགྱུར་བའི་རིགས་དེ་ནི་རྣམ་པ་དྲུག་ཅུ་རྩ་བཞི་ཕུན་སུམ་ཚོགས་པ་ཡིན་ཏེ། དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། རིགས་དེ་ནི་བརྩུན་པ་ཡིན། རིགས་དེ་ནི་ཀུན་གྱིས་མངོན་པར་ཤེས་པ་ཡིན། རིགས་དེ་ནི་ཕྲན་ཚེགས་མེད་ཅིང་གནོད་པར་བྲེད་པ་མེད་པ་ཡིན ། རིགས་དེ་ནི་རྒྱུད་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་ཆོ་འབྲང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྔོན་གྱི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་བཙུན་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་ཀུན་གྱིས་མངོན་པར་ཤེས་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་དབང་ཆེ་བར་གྲགས་པའིསྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། རིགས་དེ་ནི་སྐྱེས་པམང་བ་ཡིན། རིགས་དེ་ནི་བུད་མེད་མང་བ་ཡིན ། རིགས་དེ་ནི་འཇིགས་པ་མེད་པ་ཡིན། རིགས་དེ་ནི་དམན་པ་མེད་ཅིང་ཞུམ་པ་མེད་པ་ཡིན། རིགས་དེ་ནི་བརྐམ་པ་མེད་པ་ཡིན། རིགས་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན ། རིགས་དེ་ནི་ཤེས་རབ་དང་ལྡན་པ་ཡིན། རིགས་དེ་ནི་བློན་པོས་བལྟ་ཞིང་ལོང་ས་སྤྱོད་ལ་སྤྱོད་པ་ཡིན། རིགས་དེ་ནི་བཟོ་དོན་ཡོད་པས་བཤམས་ཤིང་ལོང་ས་སྤྱོད་ལ་སྤྱོད་པ་ཡིན། རིགས་དེ་ནི་མཛའ་བ་བརྟན་པ་ཡིན། རིགས་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཀྱི་སྲོག་ལ་ལྟ་བ་ཡིན། རིགས་དེ་ནི་བྱས་པ་གཟོ་བ་དང་ལྡན་པ་ཡིན། རིགས་དེ་ནི་བརྟུལ་ཞུགས་ཤེས་པ་ཡིན། རིགས་དེ་ནི་འདུན་པས་མི་འགྲོ་བ་ཡིན ། རིགས་དེ་ནི་ཞེ་སྡང་གིས་མི་འགྲོ་བ་ཡིན། རིགས་དེ་ནི་གཏི་མྱུག་གིས་མི་འགྲོ་བ་ཡིན། རིགས་དེ་ནི་
46-37
འཇིགས་པས་མི་འགྲོ་བ་ཡིན། རིགས་དེ་ནི་ཁ་ན་མ་ཐོ་བས་འཇིགས་པ་ཡིན། རིགས་དེ་ནི་གཏི་མུག་ལ་མི་གནས་པ་ཡིན། རིགས་དེ་ནི་ལག་སྤབས་ཆེ་བ་ཡིན། རིགས་དེ་ནི་བྱ་བ་ལ་མོས་པ་ཡིན ། རིགས་དེ་ནི་གཏོང་བ་ལ་མོས་པ་ཡིན། རིགས་དེ་ནི་སྤྱིན་པ་ལ་མོས་པ་ཡིན། རིགས་དེ་ནི་ཞོ་ཤ་ཤེས་པ་ཡིན། རིགས་དེ་ནི་རྩལ་བརྟན་པ་ཡིན། རིགས་དེ་ནི་མཐུ་རྩལ་དང་ལྡན་པ་ཡིན། རིགས་དེ་ནི་རྩལ་མཆོག་དང་ལྡན་པ་ཡིན། རིགས་དེ་ནི་དྲང་སྲོང་མཆོད་པ་ཡིན། རིགས་དེ་ནི་ལྷ་མཆོད་པ་ཡིན། རིགས་དེ་ནི་མཆོད་རྟེན་མཆོད་པ་ཡིན། རིགས་དེ་ནི་མཚུན་རྗེད་པ་ཡིན། རིགས་དེ་ནི་ཁོན་དུ་འཛིན་པ་མེད་པ་ཡིན། རིགས་དེ་ནི་བྱོགས་བརྩུར་སྒྲ་གྲགས་པ་ཡིན། རིགས་དེ་ནི་འཁོར་ཆེན་པོ་དང་ལྡན་པ་ཡིན། རིགས་དེ་ནི་འཁོར་མི་ཕྱེད་པ་དང་ལྡན་པ་ཡིན། རིགས་དེ་ནི་བླ་ན་མེད་པའི་འཁོར་དང་ལྡན་པ་ཡིན། རིགས་དེ་ནི་རིགས་ཀྱི་ནང་ན་ག་ཙོ་བོར་བྱ་བ་ཡིན། རིགས་དེ་ནི་རིགས་ལ་དབང་ཐོབ་པ་ཡིན། རིགས་དེ་ནི་དབང་ཆེ་བར་གྲགས་པ་ཡིན། རིགས་དེ་ནི་ཕར་འཛིན་པ་ཡིན། རིགས་དེ་ནི་མར་འཛིན་པ་ཡིན། རིགས་དེ་ནི་དགེ་སྤྱོང་དུ་འཛིན་པ་ཡིན། རིགས་དེ་ནི་བྲམ་ཟེར་འཛིན་པ་ཡིན ། རིགས་དེ་ནི་ནོར་དང་འབུ?འི་བང་མཛོད་མང་བ་ཡིན། རིགས་དེ་ནི་དབྱིག་དང ། གསིར་དང ། ནོར་བུ་དང ། མུཏིགད་ང ། བཻ་དྨུཀྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། ས་ལེ་སྤྲ་མ་དང ། དངུལ་དང ། རྫས་དང ། ཡོ་བྱད་མང་བ་ཡིན། རིགས་དེ་ནི་གླང་པོ་ཆེ་དང ། རྟ་དང ། རྔ་མོ་དང ། བ་ལང་དང ། ལུག་ཤིན་ཏུ་མང་བ་ཡིན། རིགས་དེ་ནི་བྲན་ཕོ་དང ། བྲན་མོ་དང ། ལས་བྲེད་པ་དང ། ཞོ་ཤས་འཚོ་བ་ཤིན་ཏུ་མང་བ་ཡིན ། རིགས་དེ་ནི་ཐུབ་པར་དཀའ་བ་ཡིན། རིགས་དེ་ནི་དོན་ཐམས་ཅད་གྲུབ་པ་ཡིན། རིགས་
46-38
དེ་ནི་འཁོར་ལོས་སྐྱུར་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ་ཡིན། རིགས་དེ་ནི་སྔོན་གྱི་དགི་བའི་རྩ་བའི་གྲོགས་ཀྱིས་བསྐྱེད་པ་ཡིན། རིགས་དེ་ནི་བྱང་ཆུབ་སེམས་དཔའི་རིགས་སུ་རིགས་བརྩུན་པར་སྐྱེས་པ་ཡིན། རིགས་དེ་ནི་འཇིག་རྟེན་ལྷ་དང་བ་ཅས་པ། བདུད་དང་བ་ཅས་པ། ཚང་ས་པ་དང་བ་ཅས་པ། དགེ་སྤྱོང་དང་བྲམ་ཟིའི་སྐྱེ་དགུ་དང་བ་ཅས་པའི་ནང་ན་རིགས་ལས་སྨོས་པའི་སྐྱོན་གྱིས་ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བ་སྟེ། གྲོགས་པོ་དག་གང་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འབྱུང་བར་འགྱུར་བའི་རིགས་དེ་ནི་རྣམ་པ་དྲུག་རྩུ་རྩ་བཞི་པོ་དེ་དག་དང་ལྡན་པ་ཡིན་ནོ། །གྲོགས་པོ་དག་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་བུད་མེད་གང་གི་མང་ལ་དུ་འཇུག་པར་འགྱུར་བའི་བུད་མེད་དེ་ནི་ཡོན་ཏན་གྱི་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ཀུན་གྱིས་མངོན་པར་ཤེས་པའི་བུད་མེད་ཀྱི་མང་ལ་དུ་འཇུག་ག་གོ། །ཀུན་གྱིས་མངོན་པར་རིག་པ་དང ། སྤྱོད་པ་ལ་གླགས་མི་ཐོད་པ་དང ། རིགས་ཕུན་སུམ་ཚོགས་པ་དང ། ཆོ་འབྲང་ཕུན་སུམ་ཚོགས་པ་དང ། གཟུགས་ཕུན་སུམ་ཚོགས་པ་དང ། མིང་ཕུན་སུམ་ཚོགས་པ་དང ། ཆུ་ཞེང་ཕུན་སུམ་ཚོགས་པ་དང ། སྔན་ཆད་མ་བསྟས་པ་དང ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། གཏོང་བ་ཕུན་སུམ་ཚོགས་པ་དང ། བཞིན་འཇུམ་པ་དང ། འཐུན་པར་འཛིན་པ་དང ། གསལ་བ་དང ། དུལ་བ་དང ། འཇིགས་པ་མེད་པ་དང ། མང་དུ་ཐོས་པ་དང ། མཁས་པ་དང ། སྒྱུ་མེད་པ་དང ། གཡོ་མེད་པ་དང ། མི་ཁྲོ་བ་དང ། ཕྲག་དོག་མེད་པ་དང ། སིར་སྣ་མེ་དཔ་དང ། མི་གོད་པ་དང ། མི་གཡེང་བ་དང ། ཅ་ཅོ་མེད་པ་དང ། བཟོད་ཅིང་དེས་པ་དང་ལྡན་པ་དང ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་
46-39
པ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མྱུག་གི་ཤས་ཆུང་བ་དང ། བུད་མེད་ཀྱི་སྐྱོན་དང་བྲལ་བ་དང ། ཁྱིམ་ཐབ་ཀྱི་བརྟུལ་ཞུགས་དང་ལྡན་པ་དང ། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་མང་ལ་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འཇུག་གོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བུད་མེད་གང་གི་མང་ལ་དུ་འཇུག་པའི་བུད་མེད་དེ་ནི་ཡོན་ཏན་གྱི་རྣམ་པ་སུམ་ཅུ་རྩུ་གཉིས་པོ་དེ་དག་དང་ལྡན་པ་ཡིན་ནོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་ནི་ཟླ་བ་མར་གྱི་ངོ་ལ་མའི་མང་ལ་དུ་མི་འཇུག་ག་གི། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་ཟླ་བ་ཡར་གྱི་ཚེས་བཅོ་ལྔའི་ཟླ་བ་ཉ་སྟེ་རྒྱས་པ་ལ་སྐར་མ་རྒྱལ་དང་ལྡན་པའི་ཚེ། མ་གསོ་སྤྱོང་བླང་ས་པའི་མང་ལ་དུ་འཇུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལས་རིགས་ཡོངས་སུ་དག་པ་དང ། མ་ཡོངས་སུ་དག་པའི་རྣམ་པ་དེ་ལྟ་བུ་དེ་དག་ཐོས་ནས་འདི་སྙམ་དུ་སེམས་ཏེ། སྐྱེས་བུ་དམ་པ་འདིས་རྣམ་པ་ཇི་སྙེད་དུ་བསྟན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རིགས་དེ་གང་ཞིག་ལ་ཡོད་སྙམ་དུ་སེམས་སོ། །དེ་ལྟར་སེམས་ཤིང་ཡིད་ལ་བྲེད་པ་ལ་ཞུགས་པ་ན་དེ་དག་འདི་སྙམ་དུ་སེམས་ཏེ ། ཤཱཀྱའི་གྲོང་ཁྱེར་འདི་འབྱོར་ཅིང་རྒྱས་ལ་བདེ་ཞིང་ལོ་ལེགས་པ་དང་ལྡན་ཏེ། ཉམས་དགའ་ཞིང་སྐྱེ་བོ་མང་པོ་དང་མིས་གང་བ་ཡིན་ལ། རྒྱལ་པོ་ཟས་ག་ཙང་མ་ཡང་མའི་རྒྱུད་ཀྱིས་དག་པ། ཕའི་རྒྱུད་ཀྱིས་དག་པ། ཆུང་མ་དག་པ་དང་ལྡན་པ། ལས་ཀྱི་མཐའ་ལ་ཉོན་མོང་ས་པ་མེད་པ། དཔེ་བྱད་བཟང་བ། ཤིན་ཏུ་མཛང་ས་པ། བསོད་ནམས་ཀྱི་གཟི་བརྗིད་དང་ལྡན་པ། གྲགས་པ་ཆེན་པོའི་རིགས་སུ་སྐྱེས་པ། འཁོར་ལོས་སྐྱུར་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ། ནོར་དང ། གཏེར་དང ། རིན་པོ་ཆེ་དཔག་ཏུ་མེད་པ་དང་ལྡན་པ།
46-40
ལས་ཡོད་པར་ལྟ་བ། སྡིག་པའི་ལྟ་བ་མེད་པ། ཤཱཀྱའི་ཡུལ་ཀུན་ན་ཡང་རྒྱལ་པོ་དེ་གཅིག་པུར་ཟད་དེ། ཚོང་དཔོན་དང ། ཁྱིམ་བདག་དང ། བྲོན་པོ་དང ། འཁོར་གྱི་མི་ཐམས་ཅད་ཀྱིས་རིམ་གྲོར་བྱ་ཞིང་མཆོད་པ། མཇེས་པ། བལྟ་ན་སྡུག་པ། ཧ་ཅང་ཡང་མི་རྒན་ཧ་ཅང་ཡང་མི་གཞོན་ཞིང་གཟུགས་མཇེས་ལ་ཡོན་ཏན་ཐམས་ཅད་དང་ལྡན་པ། བཟོ་ཤེས་པ། དུས་ཤེས་པ། བདག་ཤེས་པ། ཆོས་ཤེས་པ། སེམས་ཅན་ཤེས་པ། འཇིག་རྟེན་ཤེས་པ། མཚན་ཤེས་པ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱིས་རྗེས་སུ་སྟོན་པའོ། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ནི་སེམས་ཅན་དགེ་བའི་རྩུ་བ་བ་སྐྱེད་པ་རྣམས་ཀྱི་གནས་ཏེ། གང་དག་དེར་སྐྱེས་པར་གྱུར་པ་དེ་དག་ཀྱང་དེ་དང་སྐལ་བ་འདྲ་བ་དག་ག་གོ། །རྒྱལ་པོ་ཟས་གཙང་མ་དེ་ལ་ལྷ་མོ་སྒྱུ་འཕྲུལ་ཞེས་བྱ་བ་ཤཱཀྱའི་བདག་པོ་ཤིན་ཏུ་ལེགས་པར་རྟོགས་པ་ཞེས་བྱ་བའི་བུ་མོ་ཞིག་ཡོད་པའང་ཕྱུག་ཅིང་གཞོན་ཞིང་དྲ་ལ་བབ་པའི་གཟུགས་ཕུན་སུམ་ཚོགས་པ་སྔན་ཆད་མ་བསྟས་པ། བུ་དང་བུ་མོ་མེད་པ། གཟུགས་མཇེས་པ། བུ་དོན་ལ་བྱིས་པ་ལྟར་བལྟ་ན་སྡུག་པ། ལྷའི་བུ་མོ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུད་མེད་ཀྱི་སྐྱོན་རྣམས་དང་བྲལ་བ། བདེན་པར་སྨྲ་བ། མི་དྲ་ག་པ། མིབརླང་ས་པ ། མི་གཅོར་བ། ཁ་ན་མ་ཐོ་བ་མེད་པ། རྒྱོ་མོའི་སྒྲ་ལྟ་བུ་མེད་པ། ཅ་ཅོ་མེད་པ། འཇམ་ཞིང་སྙན་ལ་ཡིད་དུ་འོང་བར་སྨྲ་བ། མི་དེས་པ་དང ། ཁོང་ཁྲོ་བ་དང ། ང་རྒྱལ་དང ། དྲེགས་པ་དང ། རྒྱགས་པ་དང ། ཁྲོ་བ་མེད་པ། ཕྲག་དོག་མེད་པ། དུས་སུ་སྨྲ་བ། གཏོང་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དང་ལྡན་པ། ཁྱོས་ཆོག་པར་འཛིན་པ། ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཅན། སྐྱེས་པ་གཞན་ལ་བསམ་པའི་ཡིད་ལ་བྱ་བ་དང་བྲལ་བ། མགོ་དང ། རྣ་བ་དང ། སྣ་གནས་སུ་ཕེབས་པ། བུང་བའི་
46-41
མཆོག་གི་ཁ་དོག་ལྟ་བུའི་སྐྲ་དང་ལྡན་པ། དབྲལ་བ་ལེགས་པ། སྨིན་ཚུགས་ལེགས་པ། ཁྲོ་གཉརེར་མེད་པ། བཞིན་འཇུམ་པ། གསོང་པོར་སྨྲ་བ། འཇམ་ཞིང་སྙན་པའི་ཚིག་དང་ལྡན་པ། འཐུན་པར་འཛིན་པ། དྲང་བ། གྱ་གྱུ་མེད་པ། སྐྱུ་མེད་པ། གཡོ་མེད་པ། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ། མི་རྒོད་པ། མི་གཡེང་བ། ཁ་ངན་མི་སྨྲ་བ། འཆལ་པའི་ཚིག་མེད་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མྱུག་གི་ཤས་ཆུང་བ། ང་ང་དེས་ཤིང་བཟོད་པ་དང་ལྡན་པ། རྐང་ལག་དང ། མིག་དང ། བློ་ཤིན་ཏུ་བསྲུང་ས་པ། རྐང་ལག་ཤིན་ཏུ་འཇམ་པ། ཀ་ཙ་ཡིན་དའི་གོས་ལྟར་རེག་ན་བདེ་བ། པད་མ་གཞོན་ནུའི་འདབ་མ་ལྟར་མིག་ཤིན་ཏུ་རྣམ་པར་དག་པ། སྣ་དབྱིབས་ལེགས་ཤིང་མདོག་སྡུག་པ། ཡན་ལག་ཤིན་ཏུ་བརྟན་པ། འཇའི་དབྱིབས་ལྟར་ཤིན་ཏུ་འདུད་པ། ཡན་ལག་དང ། ཉིང་ལག་ཤིན་ཏུ་འབྲེས་པ། ཡན་ལག་ལ་སྨད་དུ་མེད་པ། མཆུ་བྱིམ་པ་ལྟར་དམར་བ། བལྟ་ན་མཇེས་པ། མགུལ་རིམ་བཞིན་དུ་འདུག་པ། རྒྱན་དམ་པ་དང་ལྡན་པ། སྣ་མའི་མེ་ཏོག་དང་ཁཱར་ཤི་ཀ་ལྟར་སོ་ཤིན་ཏུ་རྣམ་པར་དག་པ། ཕྲག་པ་ལེགས་པར་བྱིན་གྱིས་འཚམ་པ། རིམ་གྱིས་ལེགས་པར་གྲུབ་པའི་དཔུང་པ་དང་ལྡན་པ། རྐེད་པ་གཞུའིཆང་ཟུང་ས་ལྟར་ཕྲ་བ། གཞོགས་ཉམས་པ་མེད་པ། ལྟེ་བ་ཁུང་ཟབ་པ། སྟ་ཟུར་འཇམ་ཞིང་ཡང་ས་ལ་གླུམ་ཞིང་བརྟན་པར་གྲུབ་པ། རྡོ་རྗེ་ལྟར་མཁྲིགས་ཤིང་མ་ཆུང་ས་པ་མེད་པའི་ལུས་དང་ལྡན་པ།གླང་པོའི་སྣ་ལྟར་མཉམ་ཞིང་ལེགས་པའི་བརླ་དང་ལྡན་པ། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ། ལག་པ་དང་རྐང་པའི་མཐིལ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་འདུག་པ། འགྲོ་བའི་མིག་ཏུ་སྡུག་པ་མིག་གི་དབང་པོ་ཉམས་པ་མེད་པ། ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། བུད་མེད་རིན་པོ་ཆེའི་གཟུགས་ལས་ཀྱང་ཁྱད་པར་དུ་འཕགས་
46-42
པ་མཚུང་ས་པ་མེད་པ། སྒྱུ་འཕྲུལ་སྤྲུལ་པ་ལྟ་བུའི་གཟུགས་སུ་འདུག་པ ། སྐྱུ་འཇུལ་ཞེས་མིང་གི་བརྡར་བཏགས་པ། སྒྱུ་རྩལ་ལ་མཁས་པ། དགའ་ཚལ་གྱི་ལྷའི་བུ་མོ་ལྟ་བུ་ཞིག་རྒྱལ་པོ་ཟས་གཙང་མའི་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡུམ་དུ་ཚུལ་དང་འཐུན་གྱིས་གང་བྱང་ཆུབ་སེམས་དཔས་རིགས་དག་པ་བསྟན་པ་དེ་ནི་ཤཱཀྱའི་རིགས་ཉིད་ལ་སྣང་གི་གཞན་ལ་ནི་མ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དག་པའི་སེམས་ཅན་ཆོས་མཐོ་ཁང་བཟང་ས་ན ། །ཆོས་བཟང་སེང་གེའི་ཁྲི་ལ་རབ་ཏུ་འདུག་།བྱང་ཆུབ་སེམས་དཔའ་གྲགས་ཆེན་ལྡན་པ་དང ། །སྐལ་བ་མཉམ་པའི་ལྷ་རྣམས་དྲང་སྲོང་འཁོར།། དེ་ན་འདུག་ཅིང་དེ་ནི་འདི་སྙམ་སེམ་ས། །རིགས་གང་རྣམ་དག་རབ་ཏུ་ཤེས་དང་ལྡན། །བྱང་ཆུབ་སེམས་དཔའ་སྐྱེ་དང་ཚུལ་འཐུན་གང ། །ཕ་མ་གང་ཞིག་དག་པའི་དངོས་དང་ལྡན། །འཛམ་བུའི་གླིང་འདི་ཀུན་ཏུ་རྣམ་བལྟས་ན། །རྒྱལ་རིགས་རྒྱལ་རྒྱུད་ཆེ་བ་གང་ཡིན་པ། །ཀུན་ཀྱང་སྐྱོན་དང་བ་ཅས་པར་རྗེས་བསམས་ནས། །ཤཱཀྱའི་རིགས་ནི་སྐྱོན་དང་བྲལ་བར་མཐོང ། །ཟས་ག་ཙང་རྒྱལ་པོའི་རིགས་ནང་རིགས་དང་ལྡན། །མི་དབང་རྒྱུད་ནི་རྣམ་དག་ཆོ་རིགས་ཅན། །འབྱོར་ཅིང་རྒྱས་ལ་འཁྲུག་པ་མེད་པ་སྟེ། །སྐྱེ་བོ་དམ་པ་ཆོས་ལྡན་རིམ་གྲོ་ཅན། །སེར་སྐྱར་བརྗོད་པའི་གྲོང་ཁྱེར་སེམས་ཅན་གཞན ། །ཀུན་ཀྱང་བསམ་པ་རབ་དག་ཆོས་དང་ལྡན། །སྐྱེད་མོས་ཀུན་དགའ་གཞལ་མེད་ཁང་གིས་བརྒྱན།། སྐྱེ་བའི་སར་ནི་སེར་སྐྱར་བརྗོད་པར་མཇེས། །ཀུན་ཀྱང་ཚན་ཆེན་སྟོབས་དང་ལྡན་པ་སྟེ། །གླང་པོ་གཉིས་སམ་གསུམ་གྱི་སྟོབས་ཀྱང་བ་དོག་།འཕོང་རྩལ་བསླབ་པའི་ཕ་རོལ་མཐར་ན་ཀྱང ། ། སྲོག་གི་དོན་དུ་གཞན་ལ་གནོད་མི་བྲེད ། ། ཟས་ག་ཙང་རྒྱལ་པོའི་བུད་མེད་དབེན་པ་སྟེ། །བུད་མེད་དམ་པ་སྟོང་གི་མཆོག་ཏུ་
46-43
ཕྱིན། །ཡིད་དུ་འོང་བ་སྒྱུ་འཇུལ་སྤྲུལ་པའི་གཟུགས། །དེ་ཡི་མིང་ཡང་ལྷ་མོ་སྒྱུ་འཕྲུལ་ཏེ། །མཇེས་པའི་གཟུགས་འཆང་ལྷ་ཡི་བུ་མོ་བཞིན། །འབྱེས་པའི་ལུས་ལྡན་ཡན་ལག་དྲི་མེད་སྡུག་།ལྷ་དང་མི་རྣམས་གང་ཡང་རུང་བ་དག་།སྒྱུ་འཕྲུལ་མཐོང་ན་གང་ངོམས་དེ་མེད་ཀྱང ། །འདོད་ཆགས་ཞེན་མེད་ལྡང་བས་ཞེ་ལྡང་མེད ། །དེ་ནི་འཇམ་སྙན་དྲང་བའི་ང་ག་དང་ལྡན། །མི་བརླང་མི་རྩུབ་ཤིན་ཏུ་དེས་པ་སྟེ། །དེ་ནི་བཞིན་འཇུམ་ཁྲོ་གཉེར་རབ་ཏུ་སྤང་ས། །ངོ་ཚ་ཁྲེལ་ཡོད་ཆོས་སྤྱོད་ལྡན་པ་སྟེ། །ང་རྒྱལ་མེད་ཅིང་མ་ཁེང་ས་གོད་པ་མེད ། །ཕྲག་དོག་མེད་ཅིང་སྐྱུ་དང་གཡོ་མེད་དེ། །གཏོང་ལ་དགའ་ཞིང་རྟག་ཏུ་བྱམས་སེམས་ལྡན ། ། ལས་ཡོད་བལྟ་ཞིང་ལོག་པའི་སྤྱོར་བ་སྤང་ས། །བདེན་ལ་གནས་ཤིང་ལུས་དང་ཡིད་རབ་བལྡམས། །ས་ལ་གང་ཡོད་བུད་མེད་སྐྱོན་མང་ཚོགས། །དེ་དག་ཐམས་ཅད་དེ་ལ་ཡོད་མ་ཡིན། །མི་ཡི་འཇིག་རྟེན་དྲི་ཟའི་འཇིག་རྟེན་ནམ། ། ལྷ་ཡི་འཇིག་རྟེན་དག་ན་བུད་མེད་གཞན ། །ལྷ་མོ་སྒྱུ་འཕྲུལ་མཚུང་ས་མེད་ག་ལ་ལ་ལྷག་།དྲང་སྲོང་ཆེན་པོའི་མར་ནི་དེ་འོས་ཏེ། །ཚེ་རབས་ལྔ་བརྒྱ་ཁོ་ནར་ཚང་བར་ཡང ། །དེ་ནི་བྱང་ཆུབ་སེམས་དཔའི་མར་གྱུར་ཏོ། །དེ་དང་དེར་ནི་ཡབ་ཀྱང་ཟས་ག་ཙང་སྟེ། །དེ་གྱིར་ཡོན་ཏན་ལྡན་པ་མ་ཡི་འོས། །དཀའ་ཐུབ་ཅན་ལྟར་དེ་ནི་བརྟུལ་ཞུགས་གནས། །བརྟུལ་ཞུགས་རྗེས་སྤྱོད་རྟག་པར་ཆོས་ཀྱང་སྤྱོད ། །རྒྱལ་པོས་གནང་སྟེ་མཆོག་སྤྱིན་ཐོབ་པས་ན། །འདོད་པ་མ་སྤྱད་བླ་བ་སུམ་ཅུ་གཉིས་།གང་གི་བྱོགས་ན་དེ་འདུག་འགྲེང་བ་འམ། །ཉལ་ཞིང་འགྲོ་བར་གྱུར་པའི་གནས་དག་ཀྱང ། །དེ་ཡི་ལས་དགེ་གཞོལ་བའི་འོད་ཟིར་གྱིས། ། ཤིན་ཏུ་སྣང་བར་འོད་ཀྱིས་གསལ་བར་གྱུར། །ལྷ་དང་ལྷ་མིན་མི་རྣམས་གང་ཡང་རུང ། །འདོད་ཆགས་སེམས་ཀྱིས་བལྟ་བར་ནུས་པ་མེད ། །སྤྱོད་ལམ་རྣམས་སུ་
46-44
འཕགས་པའི་ཡོན་ཏན་ལྡན། །དེ་ལ་ཀུན་ཀྱང་མ་དང་བུ་མོར་ལྟ། །སྒྱུ་འཕྲུལ་ལྷ་མོའི་དགེ་བའི་ལས་ཀྱི་རྒྱུས། །རྒྱལ་པོའི་སྲིད་ནི་རབ་ཡང་ས་རྣམ་པར་འཕེལ། ། ཁམས་ཀྱི་རྒྱལ་པོའང་འཇུག་པར་མི་བྲེད་ཅིང ། །རྒྱལ་པོའི་གྲགས་དང་བརྗོད་པ་རྣམ་པར་འཕེལ། །དེ་ལྟར་སྒྱུ་འཇུལ་སྣོད་དུ་འཐུན་གྱུར་ཅིང ། །དེ་ལྟར་སེམས་ཅན་དམ་པ་མཆོག་མཛིས་པས། །དེ་གཉིས་ཡོན་ཏན་མཆོག་དང་ལྡན་པས་ན། ། འདི་ནི་བུར་འགྱུར་དེ་ནི་མ་ཡི་འོས། །ལྷ་མོ་ཡོན་ཏན་མཆོག་དང་ལྡན་པ་སྟེ། ། གླང་པོའི་ཁྲི་ཡི་སྟོབས་བདོག་མ་གཏོགས་པར། །འཛམ་བུའི་རྒྱལ་མཚན་འདི་ན་མི་མཆོག་དེ ། །འཛིན་པར་ནུས་པའི་བུད་མེད་གང་ཡང་མེད ། །དེ་སྐད་ཆེ་བའི་ལྷ་ཡི་བུ་རྣམས་དང ། །བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱ་ཆེན་དག ། ཤཱཀྱའི་རིགས་རྣམས་དགའ་བར་མཛད་པ་ཡི། །ཡུམ་དུ་ལེགས་ལྡན་སྒྱུ་འཇུལ་འགྱུར་ཞེས་ཟེར། །རིགས་ཡོངས་སུ་དག་པའི་ལེའུ་སྟེ་གསུམ་པའོ།། །། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སྐྱེ་བའི་རིགས་ལ་རྣམ་པར་བལྟས་ནས། དགའ་ལྡན་གྱི་གནས་ཀྱི་གཞལ་མེད་ཁང་ཆེན་པོ་ཆུ་དང་རྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད་པ་གང་དུ་བྱང་ཆུབ་སེམས་དཔའ་འདུག་སྟེ། དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་རྒྱལ་མཚན་མཐོན་པོ་ཞེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་གཞལ་མེད་ཁང་ཆེན་པོ་དེར་སོང་ནས་གྱིན་པ་དང ། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ལ་སྨྲས་པ། ཁྱེད་རྣམས་འདིར་འདུ་བར་གྱིས་ཤིག ། འཆི་འལོ་བའི་རྣམ་པར་སྤྱོར་བ་ཞེས་བྱ་བའི་ཆོས་རྗེས་སུ་དྲ་ན་པ་ཚོས་རྗེས་སུ་བསྟན་པ་ཐ་མའི་ཆོས་མཉན་པ་བྱང་ཆུབ་སེམས་དཔའ་ལས་ཉོན་ཅིག་།དེ་སྐད་ཀྱི་ཚིག་ཐོས་ནས། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཐམས་ཅད་
46-45
ལྷའི་བུ་མོའི་ཚོགས་དང་བཅས་ཏེ། གཞལ་མེད་ཁང་ཆེན་པོ་དེར་འདུས་ས་སོ། ། དེར་བྱང་ཆུབ་སེམས་དཔས་འཁོར་གྱི་ཁྱམས་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་ཡང་ས་པར་བྱིན་གྱིས་བརླབས་པར་གྱུར་ནས། དེ་དེ་ཙམ་དུ་བཟང་ཞིང་དེ་ཙམ་དུ་བལྟ་ན་སྡུག་ལ། དེ་ཙམ་དུ་རྒྱན་གྱིས་རྒྱས་ཤིང་དེ་ཙམ་དུ་ཡིད་དུ་འོང་བར་གྱུར་པ་དེས་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་རང་རང་གི་ཁྱིམ་གྱི་བཀོད་པ་ལ་དུར་ཁྲོད་ལྟ་བུའི་འདུ་ཤེས་སྐྱེས་པར་གྱུར་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་རང་གི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པས་ཡོངས་སུ་བརྒྱན་པའི་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་དུ་མས་རྩ་བ་སྤྲས་པ། ལྷའི་རས་བཅོས་བུའི་སྟན་དུ་མ་བཏིང་བ། ལྷའི་སྤོས་ཞིམ་པོ་དུ་མས་བསྒོས་པ། བདུག་སྤོས་དམ་པ་མཆོག་ཏུ་བྱ་བ་དུ་མས་བདུགས་པ། ལྷའི་མེ་ཏོག་ཁ་དོག་དུ་མའི་དགྲམ་པ་བཀྲམ་པ། ནོར་བུ་རིན་པོ་ཆེའི་འོད་བརྒྱ་སྟོང་དུ་མ་འབར་བའི་གཟི་བཇིད་ཅན། ནོར་བུ་རིན་པོ་ཆེ་དུ་མའིདྲ་བས་གཡོགས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་དུ་མའི་སྒྲ་འབྱུང་བས་མངོན་པར་དགའ་བ་དང་ལྡན་པ། རིན་པོ་ཆེའི་དྲིལ་བུ་བརྒྱ་སྟོང་དུ་མ་མངོན་པར་དཀྲོལ་བའི་སྒྲ་དང་ལྡན་པ། རིན་པོ་ཆེའི་དྲ་བ་བརྒྱ་སྟོང་དུ་མས་ལོང་ས་སུ་གསལ་བར་གྱུར་པ། རིན་པོ་ཆེའི་གདུགས་བརྒྱ་སྟོང་དུ་མས་ཀུན་ནས་བཀབ་པ། དྲ་བརྒྱ་སྟོང་དུ་མ་རབ་ཏུ་སྤྱངས་པ། དྲ་གྱི་ཕྲེང་བ་ལྡ་ལྡི་བརྒྱ་སྟོང་དུ་མས་ཤིན་ཏུ་བརྒྱན་པ། ལྷའི་བུ་མོ་བརྒྱ་སྟོང་དུ་མས་གླུ་བླང་ས། གར་བྱས། རོལ་མོ་བྱས་པ། ཡོན་ཏན་བརྒྱ་སྟོང་དུ་མ་ཀུན་ཏུ་བརྗོད་པ། འཇིག་རྟེན་སྐྱོང་བ་བརྒྱ་སྟོང་དུ་མས་རྗེས་སུ་བསྲུང་ས་པ། བརྒྱ་བྱིན་བརྒྱ་སྟོང་དུ་མས་ཕྱག་བྱས་པ། ཚང་ས་པ་བརྒྱ་སྟོང་དུ་མས་རབ་ཏུ་བཏུད་པ། བྱང་ཆུབ་སེམས་དཔའ་བྲེ་བ་ཁྲག་
46-46
ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བཟུང་བ། བྱོགས་བཅུའི་སངས་རྒྱས་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཐའ་ཡས་པས་དགོང་ས་པ། བསྐལ་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཕ་རོལ་ཏུ་གྱིན་པ་ཚོགས་སུ་བྱས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པ་ལས་བྱུང་བ་དེ་ལྟ་བུ་ལ་འདུག་གོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་ཆེན་པོ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་འདུག་ནས་ལྷའི་འཁོར་ཆེན་པོ་དེ་དག་ལ་སྨྲས་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའི་ལུས་བསོད་ནམས་བརྒྱའི་མཚན་གྱིས་ལེགས་པར་བརྒྱན་པ་ལ་ལྟོས། ཤར་དང ། ལྷོ་དང ། ནུཔ་དང ། བྱང་དང ། འོག་དང ། སྟེང་དང ། ཕྱོགས་བཅུ་ཀུན་ན་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འཁོད་ཅིང་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་ལ་མངོན་དུ་བྱོགས་པ། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཆི་འཕོའི་རྣམ་པས་ལྷ་རྣམས་དགའ་བར་བྲེད་པའི་ཆོས་སྣང་བའི་སྒོ་ཡང་དག་པར་སྟོན་པ། ཚད་མེད་གྲང་ས་མེད་བགྲང་བ་ལས་འདས་པ་དག་ལ་ལ་ལྟོས། དེ་ནས་ལྷའི་འཁོར་དེ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་བྱིན་གྱིས་རླབས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་མཐོང་བར་གྱུར་ཏེ། མཐོང་བར་གྱུར་ནས་ཀྱང་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཡན་ལག་ལྔས་ཕྱག་འཚལ་ནས་འདི་སྐད་དུ་འདི་ལྟར་བདག་ཅག་གིས་བལྟས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་འདི་སྙེད་ཅིག་མཐོང་བ་ནི་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་སྟེ། ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ཡང་ལྷའི་འཁོར་ཆེན་པོ་དེ་དག་ལ་བོས་ནས་འདི་སྐད་ཅེས་སྨྲས་ཏེ། གྲོགས་པོ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་ལྷའི་བུ་དེ་དག་ལ་གང་སྟོན་པ་འཆི་འཕོའི་རྣམ་པས་ལྷ་
46-47
རྣམས་དགའ་བར་བྲེད་པའི་ཆོས་སྣང་བའི་སྒོ་ཉོན་ཅིག་།གྲོགས་པོ་དག་ཚོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་འཆི་འཕོའི་དུས་ལ་བབ་པའི་ཚེ། ལྷའི་འཁོར་ལ་གདོན་མི་ཟ་བར་ཡང་དག་པར་བསྟན་པར་བྱ་བ་སྟེ། བརྒྱ་རྩ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། གྲོགས་པོ་དག་ད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །དང་བ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་པ་ཅན་དང་བར་འགྱུར་རོ། །མཚོག་ཏུ་དགའ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ལུས་ཤིན་ཏུ་སྦྱང་ས་པར་འགྱུར་རོ། །དགའ་བ་ནི་ཚོས་སྣང་བའི་སྒོ་སྟེ། སེམས་རྣམ་པར་དག་པར་འགྱུར་རོ། །ལུས་ཀྱི་སྡོམ་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ལུས་ཀྱི་ཉེས་པ་རྣམ་པ་གསུམ་ཡོངས་སུ་དག་པར་འགྱུར་རོ། །ང་ག་གི་སྡོམ་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ང་ག་གི་ཉེས་པ་བཞི་ཡོངས་སུ་སྤོང་བར་འགྱུར་རོ། །ཡིད་ཀྱི་སྡོམ་པ་ནི་ཆོས་སྣང་བའི་སྒོ་སྟེ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་སྤོང་བར་འགྱུར་རོ། །སངས་རྒྱས་རྗེས་སུ་དྲ་ན་པ་ནི་ཚོས་སྣང་བའི་སྒོ་སྟེ། སངས་རྒྱས་མཐོང་བ་རྣམ་པར་དག་པར་འགྱུར་རོ། །ཆོས་རྗེས་སུ་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆོས་བསྟན་པ་རྣམ་པར་དག་པར་འགྱུར་རོ། ། དགེ་འདུན་རྗེས་སུ་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སྐྱོན་མེད་པར་འཇུག་པར་འགྱུར་རོ། །གཏོང་བ་རྗེས་སུ་དྲན་པ་ནི་ཚོས་སྣང་བའི་སྒོ་སྟེ། རྗས་ཐམས་ཅད་རབ་ཏུ་སྤོང་བར་འགྱུར་རོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ། སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ལྷ་རྗེས་སུ་དྲན་པ་ནི་ཚོས་སྣང་བའི་སྒོ་སྟེ། སེམས་རྒྱ་ཆེན་པོར་འགྱུར་རོ། །བྱམས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། རྗས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །སྙིང་རྗེ་ནི་ཚོས་སྣང་བའི་སྒོ་སྟེ། རྣམ་པར་འཚེ་བ་མེད་པ་ལྷུར་
46-48
ལེན་པར་འགྱུར་རོ། །དགའ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། མི་དགའ་བ་ཐམས་ཅད་སེལ་བར་འགྱུར་རོ། །བཏང་སྟོམས་ནི་ཆོས་སྣང་བའི་སྒོ་སྟེ། འདོད་པ་ལ་སྨོད་པར་འགྱུར་རོ། །མི་རྟག་པར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། འདོད་པ་དང ། གཟུགས་ཡོད་པ་དང ། གཟུགས་མེད་པའི་འདོད་ཆགས་ལས་ཡང་དག་པར་འདའ་བར་འགྱུར་རོ། །སྡུག་བསྔལ་དུ་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། སྨོན་ལམ་ཀུན་ཏུ་ཆད་པར་འགྱུར་རོ། །བདག་མེད་པར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྟེ། བདག་ལ་མངོན་པར་ཞེན་པ་མེད་པར་འགྱུར་རོ།། ཞི་བར་སོ་སོར་རྟོག་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། རྗེས་སུཆགས་པ་འབར་བ་མེད་པར་འགྱུར་རོ། །ངོ་ཚ་ཤེས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ནང་ཉརེ་བར་ཞི་བར་འགྱུར་རོ། །ཁྲེལ་ཡོད་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། གྱི་རོལ་ཉརེ་བར་ཞི་བར་འགྱུར་རོ། །བདེན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ལྷ་དང་མི་རྣམས་མི་སླུ་བར་འགྱུར་རོ།། ཡང་དག་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། བདག་ལ་སླུ་བ་མེད་པར་འགྱུར་རོ། །ཆོས་སྤྱད་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆོས་ལ་རྟོན་པར་འགྱུར་རོ། །གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ངན་སོང་གསུམ་ལས་ཡང་དག་པར་འདའ་བར་འགྱུར་རོ། །བྱས་པ་གཟོ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། དགེ་བའི་རྩ་བ་བྱས་པ་རྣམས་ཆུད་མི་ཟ་བར་འགྱུར་རོ། །བྱས་པ་རིག་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། གཞན་ལ་བརྙས་པ་མེད་པར་འགྱུར་རོ། །བདག་ཤེས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། བདག་ལ་སྟོད་པ་མེད་པར་འགྱུར་རོ། ། སེམས་ཅན་ཤེས་པ་ནི་ཆོས་སྣང་བའི་སྒོ་སྟེ། གཞན་ལ་སྨོད་པ་མེད་པར་འགྱུར་རོ། །ཆོས་ཤེས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་བྲེད་པར་འགྱུར་རོ། །དུས་ཤེས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། མཐོང་བ་དོན་ཡོད་པར་འགྱུར་རོ། །ང་རྒྱལ་བཅོམ་པ་ནི་
46-49
ཆོས་སྣང་བའི་སྒོ་སྟེ། ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེ་འགྲས་པ་མེད་པའི་སེམས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། བདག་དང་གཞན་རྗེས་སུ་སྲུང་བར་འགྱུར་རོ། །ཁོན་དུ་མི་འཛིན་པ་ནི་ཆོས་སྣང་བའི་སྒོ་སྟེ། འརྒྱོད་པ་མེད་པར་འགྱུར་རོ། །མོས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཇེ་ཚོམ་མེད་པར་ལྷུར་ལེན་པར་འགྱུར་རོ། །མི་སྡུག་པར་སོ་སོར་རྟོག་པ་ནི་ཚོས་སྣང་བའི་སྒོ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་སྤོང་བར་འགྱུར་རོ། །གནོད་སེམས་མེད་པ་ནི་ཚོས་སྣང་བའི་སྒོ་སྟེ། གནོད་སེམས་ཀྱི་རྣམ་པར་རྟོག་པ་སྤོང་བར་འགྱུར་རོ། །གཏི་མྱུག་མེད་པ་ནི་ཆོས་སྣང་བའི་སྒོ་སྟེ། མི་ཤེས་པ་རྣམ་པར་སེལ་བར་འགྱུར་རོ། །ཆོས་དོན་དུ་གཉེར་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། དོན་ལ་རྟོན་པར་འགྱུར་རོ། །ཆོས་འདོད་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆོས་སྣང་བ་ཐོབ་པར་འགྱུར་རོ། །ཐོས་པ་ཚོལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པར་འགྱུར་རོ། ། ཡང་དག་པའི་སྤྱོར་བ་ནི་ཆོས་སྣང་བའི་སྒོ་སྟེ། ཡང་དག་པར་ནན་ཏན་བྲེད་པར་འགྱུར་རོ། །མིང་དང་གཟུགས་ཡོངས་སུ་ཤེས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །རྒྱུར་ལྟ་བ་ཡང་དག་པར་འཇོམས་པ་ནི་ཆོས་སྣང་བའི་སྒོ་སྟེ། རིག་པ་དང་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་ནི་ཆོས་སྣང་བའི་སྒོ་སྟེ། མཐོ་བར་སེམས་པ་མེད་ཅིང་དམའ་བར་སེམས་པ་མེད་པར་འགྱུར་རོ། །ཕུང་པོ་ལ་མཁས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པར་འགྱུར་རོ། ། ཁམས་མཉམ་པ་ཉིད་ནི་ཆོས་སྣང་བའི་སྒོ་སྟེ ། ཀུན་འབྱུང་བ་སྤོང་བར་འགྱུར་ར་རོ། །སྐྱེ་མཆེད་གསལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ལམ་སྒོམ་པར་འགྱུར་རོ། ། མི་སྐྱེ་བའི་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ། འགོག་པ་མངོན་དུ་བྲེད་པར་འགྱུར་
46-50
རོ། །ལུས་ལ་སོང་བའི་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ལུས་དབེན་པར་འགྱུར་ར་རོ། །ཚོར་བ་ལ་སོང་བའི་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། ཚོར་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །སེམས་ལ་སོང་བའི་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པར་འགྱུར་རོ། །ཆོས་ལ་སོང་བའི་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། རབ་རིབ་དང་བྲལ་བའི་ཡེ་ཤེས་སུ་འགྱུར་རོ། །ཡང་དག་པའི་སྤོང་བ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་ལོང་ས་སུ་རྫོགས་པར་འགྱུར་རོ། ། རྫུ་འཇུལ་གྱི་རྐང་པ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། ལུས་དང་སེམས་ཡང་བར་འགྱུར་རོ། ། དཔའི་དབང་པོ་ནི་ཆོས་སྣང་བའི་སྒོ་སྟེ། གཞན་གྱི་དྲིང་མི་འཇོག་པར་འགྱུར་རོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཤིན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པར་འགྱུར་རོ། །དྲན་པའི་དབང་པོ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ལས་ལེགས་པར་བྱས་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་རབ་ཀྱི་དབང་པོ་ནི་ཚོས་སྣང་བའི་སྒོ་སྟེ། མངོན་སུམ་གྱི་ཡེ་ཤེས་སུ་འགྱུར་རོ། །དདཔའི་སྟོབས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། བདུད་ཀྱི་སྟོབས་ལས་ཡང་དག་པར་འདའ་བར་འགྱུར་རོ།། བརྩོན་འགྲུས་ཀྱི་སྟོབས་ནི་ཚོས་སྣང་བའི་སྒོ་སྟེ། གྱིར་མི་ལྡོག་པར་འགྱུར་རོ། ། དྲན་པའི་སྟོབས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། མི་འཕྲོགས་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ཆོས་སྣང་བའི་སྒོ་སྟེ། རྣམ་པར་རྟོག་པ་ཐམས་ཅད་སྤོང་བར་འགྱུར་རོ། །ཤེས་རབ་ཀྱི་སྟོབས་ནི་ཆོས་སྣང་བའི་སྒ་སྟེ། མི་ཟུལ་བར་འགྱུར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ། །ཆོས་རྣམ་པར་འབྲེད་པ་ཡང་
46-51
དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྟེ། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཤིན་ཏུ་རྟོགས་པའི་བློ་དང་ལྡན་པར་འགྱུར་རོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཚོས་སྣང་བའི་སྒོ་སྟེ། ཏིང་ངེ་འཛིན་སྒྲུབ་པར་འགྱུར་རོ། །ཤིན་དུ་སྦྱང་ས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཚོས་སྣང་བའི་སྒོ་སྟེ། བྱ་བ་བྱས་པར་འགྱུར་རོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །བཏང་སྟོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཚོས་སྣང་བའི་སྒོ་སྟེ། སྐྱེ་བ་ཐམས་ཅད་ལ་སྨོད་པར་འགྱུར་རོ། །ཡང་དག་པའི་ལྟ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སྐྱོན་མེད་པར་འཇུག་པར་འགྱུར་རོ། །ཡང་དག་པའི་རྟོག་པ་ནི་ཚོས་སྣང་བའི་སྒོ་སྟེ། རྟོག་པ་དང་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཐམས་ཅད་སྤོང་བར་འགྱུར་རོ། །ཡང་དག་པའི་ང་ག་ནི་ཆོས་སྣང་བའི་སྒོ་སྟེ། ཡི་གེ་དང་སྒྲ་དང ། སྐད་དང་ཚིག་གི་ལམ་ཐམས་ཅད་བྲག་ཅ་དང་མཉམ་པ་ཉིད་དུ་རྟོགས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཆོས་སྣང་བའི་སྒོ་སྟེ། ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་འགྱུར་རོ། །ཡང་དག་པའི་འཚོ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཚོལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཡང་དག་པའི་རྩོལ་བ་ནི་ཆོས་སྣང་བའི་སྒོ་སྟེ། ཕ་རོལ་གྱི་ངོགས་སུ་གྱིན་པར་འགྱུར་རོ། ། ཡང་དག་པའི་དྲ་ན་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། དྲ་ན་པ་མེད་ཅིང་ཡིད་ལ་བྲེད་པ་མེད་པར་འགྱུར་ར། །ཡང་དག་པའི་ཏིང་ངེ་འཛིན་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་མི་འཁྲུགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་
46-52
འགྱུར་རོ། །བསམ་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཐེག་པ་དམན་པ་ལ་འདོད་པ་མེད་པར་འགྱུར་རོ། །ལྷག་པའི་བསམ་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་ལྷག་པར་དམིགས་པར་འགྱུར་རོ། །སྤྱོར་བ་ནི་ཆོས་སྣང་བའི་སྒོ་སྟེ། དགེ་བའི་ཆོས་ཐམས་ཅད་ལོང་ས་སུ་རྫོགས་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ཞིང་སེར་སྣ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྲེད་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། མི་ཁོམ་པ་དང་ངན་འགྲོ་ཐམས་ཅད་ལས་ཡང་དག་པར་འདའ་ཞིང་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྲེད་པར་འགྱུར་རོ། ། བཟོད་པའི་ཕ་རོལ་ཏུགྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། གནོད་སེམས་དང ། ཐ་བ་དང ། ཞེ་སྡང་དང ། ང་རྒྱལ་དང ། དྲཝེགས་པ་དང ། རྒྱགས་པ་སྤོང་བར་འགྱུར་ཞིང་གནོད་སེམས་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྲེད་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། དགེ་བའི་ཆོས་བརྩམས་པ་ཐམས་ཅད་ཉམས་སུ་ལོན་པར་འགྱུར་ཞིང ། ལེ་ལོ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྲེད་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་གཏན་དང་མངོན་པར་ཤེས་པ་ཐམས་ཅད་བསྐྱེད་ཅིང་སེམས་གཡེང་ས་པ་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྲེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ན་པ་ནི་ཆོས་སྣང་བའི་སྒོ་སྟེ། མ་རིག་པ་དང་གཏི་མྱུག་གི་མུན་པ་མུན་ནག་དང ། དམིགས་པའི་ལྟ་བ་སྤོང་ཞིང་ཤེས་རབ་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །ཐབས་མཁས་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་ཅན་ཇི་ལྟར་མོས་པ་བཞིན་དུ་སྤྱོད་ལམ་
46-53
སྟོན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པར་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ནི་ཆོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་སྡུད་ཅིང་བྱང་ཆུབ་བརྙེས་པ་ལས་ཆོས་ནོད་པར་འགྱུར་རོ། ། སེམས་ཅན་ལོངས་སུ་སྨིན་པར་བྱ་བ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། བདག་གི་པ་དེ་བ་ལ་མི་ཆགས་ཤིང་ཡོངས་སུ་སྐྱོ་བ་མེད་པར་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཚོས་སྣང་བའི་སྒོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོང་ས་པ་སྤོང་བར་འགྱུར་རོ། །བསོད་ནམས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་ཅན་ཐམས་ཅད་ཉརེ་བར་འཚོ་བར་འགྱུར་རོ། །ཡེ་ཤེས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སྟོབས་བཅུ་ཡོང་ས་སུ་རྫོགས་པར་འགྱུར་རོ། །ཞི་གནས་ཀྱི་ཚོགས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །ལྷག་མཐོང་གི་ཚོགས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། ཤེས་རབ་ཀྱི་མིག་ཐོབ་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ནི་ཆོས་སྣང་བའི་སྒོ་སྟེ། ཚོས་ཀྱི་མིག་ཐོབ་པར་འགྱུར་རོ། །རྟོན་པ་ལ་འཇུག་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སངས་རྒྱས་ཀྱི་སྤྱན་ཡོངས་སུ་དག་པར་འགྱུར་རོ། །གཟུངས་ཐོབ་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱིས་གསུང་ས་པ་ཐམས་ཅད་འཛིན་པར་འགྱུར་རོ། །སྤོབས་པ་ཐོབ་པ་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། སེམས་ཅན་ཐམས་ཅད་ལེགས་པར་བཤད་པས་ཚིམ་པར་བྲེད་པར་འགྱུར་རོ། །རྗེས་སུ་འཐུན་པའི་ཚོས་ཀྱི་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་འཐུན་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཆོས་སྣང་བའི་སྒོ་སྟེ། ལུང་བསྟན་པ་ཐོབ་པར་འགྱུར་རོ། །གྱིར་མི་ལྡོག་པའི་ས་ནི་ཆོས་སྣང་བའི་སྒོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ས་ནས་སར་འཕར་བའི་ཡེ་ཤེས་ནི་ཆོས་སྣང་བའི་སྒོ་སྟེ།
46-54
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དབང་བསྐུར་བར་འགྱུར་རོ། །དབང་བསྐུར་བའི་ས་ནི་ཆོས་སྣང་བའི་སྒོ་སྒོ་སྟེ། མང་ལ་དུ་འཇུག་པ་དང ། བསྟས་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱད་པ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བདུད་འདུལ་བ་དང ། བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་འགྱུར་རོ། །གྲོགས་པོ་དག་འདི་དག་ནི་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔས་འཆི་འཕོ་བའི་དུས་ཀྱི་ཚེ་ལྷའི་འཁོར་དུ་གདོན་མི་ཟ་བར་གང་བསྟན་པར་བྱ་བའོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་ཆོས་སྣང་བའི་སྒོའི་ལེའུ་འདི་བསྟན་པའི་ཚེ། ལྷའི་འཁོར་དེ་དག་ལས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ལྷའི་བུ་སྔོན་ཡོངས་སུ་སྦྱང་ས་པ་བྱས་པ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཚོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་བྲེ་བ་སུམ་ཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགའ་ལྡན་གྱི་གནས་ཐམས་ཅད་ཀྱང་ལྷའི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཡོག་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའས་ལྷའི་འཁོར་དེ་དག་རྒྱ་ཆེར་དགའ་བར་བྱ་བའི་གྱིར། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས ། །གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོང་ས་ཞེས་ས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། ། ཡིད་ཀྱིས་བསམས་པས་འབྱུང་བ་དཔལ་ལྡན་པ། །ཐམས་ཅད་ལས་དགེའི་རྒྱུ་ལས་བྱུང་བ་སྟེ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟ་བས་ན་བྱས་པ་
46-55
པ་པ་ཇ་པཞ་པ་ཐབཔ་པ་ཇ་གཟོ་བར་གྱིས། །སྔོན་གྱི་དགེ་བསགས་འདི་ནི་ཟད་གྱུར་ཏེ། གང་དུ་མི་བདེ་སྡུག་བསྔལ་མོང་འགྱུར་བ། །ངན་སོང་དག་ཏུ་སོང་བར་གྱུར་ཏ་རེ། །ང་ལ་གུས་པར་བྱ་བ་བསྐྱེད་ནས་ནི། །ཚོས་གང་ཐོས་པར་གྱུར་པ་དེ་དག་ལ། །ནན་ཏན་གྱིས་ནི་རབ་ཏུ་སྒྲུབས་ཤིག་དང ། །བདེ་བ་མཐའ་ཡས་ངེས་པར་ཐོབ་པར་འགྱུར།། འདོད་པ་ཐམས་ཅད་མི་རྟག་བརྟན་པ་མིན། ། ཇེར་ཟུག་མ་ཡིན་རྨི་ལམ་འདྲ་བ་སྟེ། །སྨིག་རྒྱུ་དང་ནི་སྒྱུ་མ་རྣམས་དང་འདྲ། །གློག་དང་དབུ་བའདྲ་ཞིང་འགྱུར་བ་ཡིན། །འདོད་པའི་ཡོན་ཏན་དག་གི་དགའ་བས་ནི། །ལན་ཚཝའི་ཆུ་འཐུང་ས་བཞིན་དུ་ངོམས་མི་འགྱུར། །གང་དག་རྡུལ་མེད་འཇིག་རྟེན་འདས་པ་ཡི། །ཤེས་རབ་ལྡན་པ་དེ་དག་ངོམས་པར་འགྱུར། །ལྷ་མོ་དག་དང་འགྲོགས་དང་གླུ་དབྱང་ས་ནི། །གར་གྱི་ལྟད་མོ་པ་དང་མཚུང་ས་ཤིང་འདྲ ། །དཔེར་ན་འདུས་པ་དག་ནི་ཁྲི་ལས་སུ། །ཕན་ཚུན་འགྲོ་བར་སྤྱོར་བར་བར་བྲེད་དང་མཚུང་ས། ། དགེ་བའི་ལས་བྱས་རྗེས་སུ་འབྲང་བྲེད་ཅིང ། །ཕྱི་བཞིན་འགྲོ་བར་བྲེད་པ་མ་གཏོགས་པར། །འདུས་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། །མཛའ་བཤེས་ཉེ་དུ་མེད་ཅིང་འཁོར་ཀྱང་མེད ། །དེ་ལྟ་བས་ན་ལྷན་ཅིག་འཐུན་བྱོས་ལ། །ཕན་ཚུན་བྱམས་སེམས་ཕན་པའི་སེམས་བྱོས་ཏེ། །ཆོས་ཀྱི་སྤྱད་པ་དག་ནི་སྤྱད་པར་གྱིས། །སྤྱད་པ་ལེགས་པར་སྤྱད་ལ་གདུང་བ་མེ ། །ཐོས་དང་ཚུལ་ཁྲིམས་སྤྱིན་ལ་དགའ་གྱུར་ཅིང ། །བཟོད་དང་དེས་པ་ཕུན་སུམ་ཚོགས་ཀྱིས་ཏེ། །སངས་རྒྱས་དང་ནི་ཆོས་དང་དགེ་འདུན་དང ། །དེ་བཞིན་བག་ཡོད་པ་དག་དྲ་ན་པར་གྱིས། །རྟག་པ་མེད་ཅིང་སྡུག་བསྔལ་བདག་མེད་ལ། །རྒྱུ་དང་རྐྱེན་རྣམས་དག་ནི་ལྡན་གྱུར་ཅིང ། །བདག་པོ་མེད་ལ་བམས་པོར་གྱུར་པ་ཡི། །ཆོས་འདི་དག་ལ་ཚུལ་བཞིན་བརྟག་པར་གྱིས། །ང་ལ་རྫུ་འཇུལ་དག་ནི་གང་ཡོད་དང ། །
46-56
སྤོབས་པ་ཡེ་ཤེས་དབང་རྣམས་གང་ཐོབ་པ། །ཀུན་ཀྱང་ལས་དགེའི་རྒྱུ་ལས་བྱུང་བ་སྟེ། །ཐོས་དང་ཚུལ་ཁྲིམས་བག་ཡོད་རྣམས་ལས་བྱུང ། །སེམས་ཅན་དོན་དང་ཕན་དང་བྱམས་དོན་དུ། །ང་ཡི་ཚུལ་ཁྲིམས་དང་ནི་ཐོས་པ་དང ། ། བག་ཡོད་པ་དང་སྤྱིན་དང་དུལ་བ་དང ། །ཡང་དག་སྣོམ་པའི་རྗེས་སུ་བསླབ་པར་གྱིས། །ང་ག་དང་སྐད་དང་སྒྲ་རྣམས་ཙམ་གྱིས་ནི། །དགེ་བའི་ཆོས་རྣམས་སྒྲུབ་པར་མི་ནུས་ཀྱིས ། །ནན་ཏན་སྙིང་པོར་བྱ་བས་སྒྲུབ་བྱོས་ལ། །ཇི་སྐད་སྨྲས་པ་དེ་བཞིན་བྱ་བར་བྱོས། །གཞན་གྱིས་གླེང་བའི་སྐབས་ནི་མ་དབྲེ་བར། ། བདག་ནི་རྟག་ཏུ་བསྒྲིམས་པས་འབད་པར་གྱིས། །ལ་ལས་བྱས་ཤིང་སྤྱིན་པ་ཡོད་མ་ཡིན། །མ་བྱས་པར་ཡང་འགྲུབ་པར་འགྱུར་བ་མེད ། །སྔོན་ཆད་འཁོར་བར་འཁོར་ཚེ་སྡུག་བསྔལ་དག་།མོང་བར་གང་གྱུར་དེ་ནི་དྲ་ན་པར་གྱིས། ། ཁྱེད་ཅག་ལོག་པ་ཉིད་དུ་ངེས་པས་ན། །མྱ་ངན་འདས་དང་འདོད་ཆགས་བྲལ་མ་ཐོབ། །དེ་ལྟ་བས་ན་དལ་དང་བཤེས་གཉེན་དང ། །ཚུལ་དང་འཐུན་པའི་ཡུལ་དུ་གནས་པ་དང ། །ཆོས་མཉན་དམ་པ་ཐོབ་པར་བྱས་ནས་ནི། །འདོད་ཆགས་ལ་སོགས་ཉོན་མོང་ས་ཞི་བར་གྱིས། །ང་རྒྱལ་དང་ནི་རྒྱགས་དང་བེགས་ཐོང་ལ།། རྟག་ཏུ་མཉེན་ཞིང་དྲང་ལ་གཡོ་མེད་ཅི་ང ། །མྱ་ངན་འདས་པར་འགྲོ་ལ་གཞོལ་བྱོས་ཏེ། །ལམ་རྟོགས་བྱ་བའི་གྱིར་ནི་སྤྱོར་བར་གྱིས། །གཏི་མུག་རྙོག་པའི་མུན་པ་ཐམས་ཅད་ཀྱང ། ། ཤཝེས་རབ་སྒྲོན་མས་རྣམ་པར་བསལ་བར་གྱིས། །བག་ལ་ཉལ་བ་ཅས་སྐྱོན་གྱི་དྲ་བ་རྣམས། །ཡེ་ཤེས་རྡོ་རྗེ་ཡིས་ནི་རྣམ་པར་ཁྲོལ། །ཤིན་ཏུ་མང་པོར་སྨྲ་བ་ཅི་དགོས་ཏེ། །དོན་དང་ཡང་དག་ལྡན་པའི་ཆོས་དེ་ལ། ། ཁྱེད་ཅག་གནས་པར་བྱས་པར་མ་གྱུར་ན། །དེ་ལ་ཆོས་ཀྱིས་ལན་པ་མ་ཡིན་ན་ནོ། ། གང་ཚེ་ངས་ནི་བྱང་ཆུབ་ཐོབ་གྱུར་ཏེ། །འཆི་མེད་འགྲོ་བའི་ཆོས་ཆར་འབེབས་
46-57
པའི་ཚེ། །རྣམ་པར་དག་པའི་སེམས་དང་ལྡན་པ་ཁྱེད ། །ཆོས་ཀྱི་དམ་པ་མཉན་པའི་གྱིར་ཤོག་ཤིག་།ཆོས་སྣང་བའི་སྒོའི་ལེའུ་སྟེ། བཞི་པའོ།། །། ད་གེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷའི་འཁོར་ཆེན་པོ་དེ་དག་ལ་ཆོས་ཀྱི་གཏམ་འདི་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ། ཡང་དག་པར་གཟེང་ས་བསྟོད ། ཡང་དག་པར་དགའ་བར་བྱས། བཟོད་པར་བྱས་ནས། ལྷའི་འཁོར་བཀྲ་ཤིས་དང་ལྡན་པ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁོ་བོ་ནི་འཛམ་བུའི་གླིང་དུ་འགྲོའོ། །ཁོ་བོ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་སྦྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་སྤྱད་པ་དང ། དོན་འཐུན་པར་བྱ་བ་བཞི་ལ་མགྲོན་དུ་བོས་ལ། གྲོགས་པོ་དག་ད་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འདུག་པ་དེ་ནི་ཁོ་བོས་བྱས་པ་མ་ཤེས་ཤིང་རིགས་པ་མ་ཡིན་པར་འགྱུར་རོ། །དེ་ནས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་དེ་དག་ངུ་ཞིང་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་འཇུས་ཏེ། འདི་སྐད་ཅེས་འཇེར་ཏོ། །སྐྱེས་བུ་དམ་པ་ཁྱོད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་མ་ཛིས་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔས་ལྷའི་འཁོར་ཆེན་པོ་དེ་དག་ལ་འདི་སྐད་དུ་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཁྱེད་ལ་ཚོས་སྟོན་པར་འགྱུར་རོ་ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་རང་གི་མགོ་ལས་ཐོད་དང་ཅོད་པན་ཕོག་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའི་མགོ་ལ་བཞག་ནས་འདི་སྐད་དུ། སྐྱེས་བུ་དམ་པ་ཁྱོད་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
46-58
ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་གྱི་གནས་དམ་པར་དབང་བསྐུར་ནས། ཡང་ལྷའི་འཁོར་ཆེན་པོ་དེ་དག་ལ་སྨྲས་པ། རྒོགས་པོ་དག་ཁོ་བོས་ཇི་ལྟ་བུའི་གཟུགས་ཀྱིས་མའི་མང་ལ་དུ་འགྲོ་བར་བྱ། དེ་ལ་ཁ་ཅིག་ན་རེ་བྲམ་ཟེའི་ཁྱེའུའི་གཟུགས་སུ་གཤེགས་པའི་རིགས་སོ་ཞེས་ཟེར་ར་རོ། །ལ་ལ་ན་རེ་བརྒྱ་བྱིན་གྱི་གཟུགས་སུ། ལ་ལ་ན་རེ་ཚང་ས་པའི་གཟུགས་སུ། ལ་ལ་ན་རེ་རྒྱལ་པོ་ཆེན་པོའི་གཟུགས་སུ། ལ་ལ་ན་རེ་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལ་ན་རེ་སྒྲ་ག་ཅན་གྱི་གཟུགས་ས་སུ། ལ་ལ་ན་རེ་དྲི་ཟའི་གཟུགས་སུ། ལ་ལ་ན་རེ་མིའམ་ཅིའི་གཟུགས་སུ། ལ་ལ་ན་རེ་པྟོ་འབྲེ་ཆེན་པོའི་གཟུགས་སུ། ལ་ལ་ན་རེ་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལ་ན་རེ་བླ་བའི་གཟུགས་སུ། ལ་ལ་ན་རེ་ཉི་མའི་གཟུགས་སུ། ལ་ལ་ན་རེ་ནམ་མཁའ་ལྡིང་གི་དབང་པོའི་གཟུགས་སུ་བཞུད་པའི་རིགས་སོ་ཞེས་ཟིར་རོ། །དེ་ནས་ཚང་ས་རིས་ཀྱི་ལྷའི་བུ་གཟི་བརྗིད་དམ་པ་ཞེས་བྱ་བ་སྔོན་དྲང་སྲོང་ལས་ཤི་འཕོས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གྱིར་མི་ལྡོག་པ་ཞིག་འདུག་པ་དེས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟི་རྣམས་ཀྱི་གསང་སྔགས་ཀྱི་ཚིག་རིག་བྲེད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ་འབྱུང་བ་དེ་ལྟ་བུའི་གཟུགས་སུ་བྱང་ཆུཔ་སེམས་དཔ་འ་ཡུམ་གྱི་ལྷུམས་སུ་བཞུད་པའི་རིགས ། །དེའང་ཅི་འདྲ་ཞེ་ན། གླང་པོ་དམ་པ་ལུས་ཆེན་མཆོག་གྱུར་པ། །མཆེ་བ་དྲུག་ཅན་གསེར་གྱི་དྲ་བས་གཡོགས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཇེས། །འགྲམ་ནས་ཟག་ཅིང་གཟུགས་ལྡན་དཔལ་ལྡན་པའོ། །རིག་བྲེད་བསྟན་བཅོས་ཡང་དག་མཁས་པ་ཡི། ། བྲམ་ཟེས་རྣམ་པ་དེ་འདྲ་དེ་ཤེས་ནས། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་འགྱུར་ཞེས། །ཡང་དག་ཉརིད་དུ་ལུང་ནི་སྟོན་པར་འགྱུར། །དགེ་སློང་དག་དེ་
46-59
ལྟར་བྱང་ཆུབ་སེམས་དཔས་སྐྱེ་བའི་དུས་ལ་བལྟས་ནས། དགའ་ལྡན་གྱི་གནས་དམ་པ་ན་གནས་བཞིན་དུ་རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་དམ་པ་དེར་སྔ་ལྟས་བརྒྱད་སྟོན་ཏོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་དེ་ཙོ་དང ། སྔོུང་དུམ་དང ། ཚེར་མ་དང ། གསེག་མ་དང ། རྒྱོ་མོ་མེད་ཅིང ། དྲི་མ་མེད་ལ་ཆག་ཆག་ལེགས་པར་བཏབ་པ་དང ། ཕྱག་དྲ་གས་པར་བྱས་ཤིང་རླུང་རྡུལ་ཅན་དང ། མུན་པ་དང ། རྡུལ་དང་བྲལ་བ་དང ། སྤྲང་མ་དང ། ཤ་སྤྲང་དང ། སྤྲང་བུ་དང ། གྱི་མ་ལེབ་དང ། སྡིག་སྤྲུལ་མེད་ཅིང་མེ་ཏོག་གིས་ཀུན་ཏུ་གང་བ་ལག་མཐིལ་ལྟར་མཉམ་པར་གནས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་དང་པོའོ། །རིའི་རྒྱལ་པོ་གངས་རི་ལ་བྱའདབ་སྤེན་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ངང་པ་དང ། རྨ་བྱ་དང ། ངུར་པ་དང ། ཀུན་ལ་དང ། ཀ་ལ་པིང་ཀ་དང ། ཤང་ཤང་ཏེའུ་ལ་སོགས་པ་སྒྲོ་གཤོག་སྣ་ཚོགས་མཇེས་པ་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་པའི་བྱའི་ཚོགས་གང་དག་གནས་པ་དེ་དག་དེར་འོང་ས་ནས། རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་དམ་པ་དེའི་སྟེགས་བུ་དང ། བ་གམ་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁང་བཟངས་ཀྱི་སྟེང་དག་ཏུ་གནས་ཤིང་དགའ་བ་དང ། མགུ་བ་དང ། ཡིད་བདེ་བ་སྐྱེས་ནས་རང་རང་གི་སྒྲ་སྐད་དག་འབྱིན་ཏེ། འདི་ནི་སྔ་ལྟས་བྱུང་བ་གཉརིས་པའོ། །གང་ཡང་རྒྱལ་པོ་ཟས་གཙང་མ་དེའི་ཀུན་དགའ་རབ་ཉམས་དགའ་བ་དང ། ནགས་ཚལ་ཉམས་དགའ་བ་དང ། སྐྱེད་མོས་ཚལ་ཉམས་དགའ་བ་དག་ན་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་དུས་ཐ་ད་པར་འབྱུང་བ། དེ་ཐམས་ཅད་ཀྱང་ཁ་འབུས་ཤིང་མེ་ཏོག་རྒྱས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་གསུམ་པའོ། །རྒྱལ་པོ་ཟས་
46-60
ག་ཙང་མའི་ཆུའི་ལོང་ས་སྤྱོད་ཀྱི་རྐྱེན་རྫིང་ལ་སོགས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་པད་མ་འདབ་མ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྡན་པ་ཚད་ཤིང་རྟའི་འཕང་ལོ་ཙམ་དག་གིས་ལེབས་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་བཞི་པའོ། །རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་དམ་པ་དེ་ན་མར་དང ། འཔུ?་མར་དང ། སྤྲང་སྩི་དང ། བུ་ར་མ་གྱི་དབུ་བ་དང ། ཤ་ཁ་ར་ལ་སོགས་པ་བཟའ་བའི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་ཡོངས་སུ་སྤྱད་པས་ཟད་པར་མི་འགྱུར་ཞིང ། ཡོངས་སུ་གང་བར་སྣང་སྟེ། འདི་ནི་སྔ་ལྟས་བྱུང་བ་ལྔ་པའོ། །རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་མཆོག་དམ་པ་དང ། བརྩུན་མོའི་འཁོར་ཆེན་པོ་དག་ན་རྔ་བོ་ཆེ་དང ། རྗ་རྔ་དང ། ཁར་རྔ་དང ། རྒྱུད་གཅིག་པ་དང ། པི་བང་དང ། གླིང་བུ་དང ། རྒྱུད་གསུམ་པ་དང ། ཁར་བའི་སིལ་ཁྲོལ་དང ། ཕེག་ལ་སོགས་པ་རོལ་མོའི་ཆ་སྤྱདགང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་བླང་ས་མ་དཀྲོལ་བར་ཡིད་དུ་འོང་བའི་སྒྲ་ར་ང་སྒྲོག་པར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་དྲུག་པའོ། །རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་མཆོག་དམ་པ་ན། གསེར་དང ། དངུལ་དང ། ནོར་བུ་དང ། མྱུ་ཏིག་དང ། བཻ་དྨུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁ་བྲེ་ཞིང་དྲི་མ་མེད་ལ་རྣམ་པར་དག་ཅིང་རབ་ཏུ་གང་བར་སྣང་སྟེ། འདི་ནི་སྔ་ལྟས་བྱུང་བ་བདུན་པའོ། །ཉི་ཟླའི་འོད་ཟིལ་གྱིས་རླག་པར་བྲེད་ཅིང ། ལུས་དང་སེམས་དགའ་བ་སྐྱེད་པའི་འོད་དག་ཅིང་དྲི་མ་མེད་པས་སྣང་བར་གྱུར་ཏེ། འདི་ནི་སྔ་ལྟས་བྱུང་བ་བརྒྱད་པའོ།། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། ལྷ་མོ་སྒྱུ་འཇུལ་ཡང་ཁྲུས་བྱས། ལུས་བྱུག་པས་བྱུགས། རྒྱན་སྣ་ཚོགས་
46-61
ཀྱིས་ལག་པ་ཤིན་ཏུ་བརྒྱན་ཏེ། གོས་ཤིན་ཏུ་འཇམ་པ་མཆོག་བགོས་ཤིང་བཚྱཕྱིན་སྤུ་དང་བ་ཅས་ལ། དགའ་བ་དང ། མཚོག་ཏུ་དགའ་བ་དང ། ར་ངས་པ་ཐོབ་ནས། བུད་མེད་སྟོང་ཕྲག་བཅུས་བསྐོར་ཅིང་མདུན་དུ་བད་ར་ཏེ། ལྷན་ཅིག་ཏུ་རྒྱལ་པོ་ཟས་ག་ཙང་མ་རོལ་མོ་བྱ་བའི་ཁང་བཟང་ས་ན་བདེ་བར་གནས་པའི་དྲུང་དུ་\ུfན་ཏེ། གཡས་རོལ་ན་ཁྲི་བཟང་པོ་རིན་པོ་ཆེའི་དྲ་བས་བརྒྱན་པ་ལ་འདུག་ནས། འཇུམ་པའི་བཞིན་ཁྲོ་གཉེར་མེད་ཅིང་རབ་ཏུ་ད་པའི་མདོག་གིས་རྒྱལ་པོ་ཟས་ག་ཙང་མ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་པོ་ས་བདག་ལེགས་པར་བདག་ལ་གསན་དུ་གསོལ། རྒྱལ་པོ་ཁྱོད་ལ་གསོལ་གྱིས་བདག་ལ་དེ་གནོང་ཤིག་།བདག་གི་བསམ་པ་ཡིད་ལ་ཅི་མཆིས་ཅིར་དགའ་བ། །དེ་དག་བདག་ལ་གསན་ཅིང་ཐུགས་དགྱིས་རངས་པར་མཛོད ། །ལྷ་བདག་བསྙེན་གནས་ཚུལ་ཁྲིམས་བརྟུལ་ཞུགས་ལེན་པར་གསོལ། །བདག་ནི་འགྲོ་ལ་བྱམས་པས་ཡན་ལག་བརྒྱད་ལེན་ཏེ། ། སྲོག་ཆགས་གནོད་པ་སྤང་ས་ཤིང་བསམ་པ་རྟག་དག་པས། ། ཇི་ལྟར་བདག་ལ་བྱམས་པ་དེ་ལྟར་གཞན་ལ་བགྱི། ། རྐུ་སེམས་རྣམ་པར་སྤང་ས་ཏེ་འདོད་དང་དྲེགས་པ་སྤངས ། །རྒྱལ་པོ་འདོད་པ་རྣམས་ལ་ལོག་པར་གཡེམ་མི་བགྱིད ། །བདེན་ལ་གནས་ཤིང་ཕྲ་མ་མ་མཆིས་ཞེ་གཅོད་སྤང ། །མི་དགེ་ཀྱལ་པའི་ཚིག་ཀྱང་ཡོངས་སུ་མི་སྤྱོད་དོ། །གནོད་སེམས་ཞེ་ལྡང་ཐ་བ་གཏི་མྱུག་རྒྱགས་པ་དང ། །བརྣབ་སེམས་ཀུན་སྤངས་རང་གི་ནོར་གྱིས་འཚལ་བར་བགྱི། །ཡང་དག་སྤྱོར་བས་ཁ་གསག་ཚུལ་འཆོས་ཕྲག་དོག་སྤང ། །དགེ་བརྩུའི་ལས་ལམ་འདི་དག་བདག་གིས་སྦྱད་པར་བ་གྱི། །བདག་ནི་ཚུལ་ཁྲིམས་བརྟུལ་ཞུགུས་མངོན་དགའ་རབ་བ་ལྡམས་ཀྱིས། །མི་ཡི་དབང་པོ་བདག་ལ་བཞེད་པས་སྲེད་མ་མཛད ། །རྒྱལ་པོ་ཁྱོད་ལ་ཡུན་རིང་མི་དགེར་གྱུར་དུ་མཆི། །བདག་གི་
46-62
ཚུལ་ཁྲིམས་བརྟུལ་ཞུགས་ཉརེར་གནས་དགྱིས་པར་མཛོད ། །རྒྱལ་པོ་བདག་གི་འཚལ་བ་འདི་ལགས་དེང་མྱུར་སྩོལ། །ཁང་བཟང་ས་བསིལ་ཁང་ལྡན་པ་ང་ང་སྐྱ་ལྡན་པའི་ནང ། །མེ་ཏོག་བཀྲམ་པའི་མཆིས་མལ་འཇམ་ཞིང་དྲི་བད་འ་བར། ། གྲོགས་མོས་རྟག་ཏུ་བསྐོར་ཅིང་བདེ་དགར་གནས་སྙམ་བགྱིད ། །སྐྱེས་པཉུང་རུམ་རྣམས་དང་དེ་བཞིན་ཁྱེའུ་དག་དང ། །བུད་མེད་ཕལ་པ་རྣམས་ཀྱང་མདུན་ན་མཆིས་མི་འཚལ། །སྙན་ཅིང་ཡིད་མཆི་སྒྲ་སྒྲ་སྙན་ཉན་པ་མ་གཏོགས་པར། །གཟུགས་དང་སྒྲ་བསུང་ཡིད་དུ་མི་མཆི་བདག་མི་འཚལ། །བཅིང་ས་དང་བ་ཙོན་རར་སྩལ་བ་ཐམས་ཅད་དགྱི་བར་གསོལ། །ནོར་གྱིས་བྲེལ་བའི་མི་རྣམས་ནོར་དང་ལྡན་པར་མཛོད ། །ཟས་སྐོམ་རད་པ་ཤིང་རྟ་ཁྱོགས་དང་བཞོན་པ་རྟ། །འགྲོ་ལ་བདེ་བའི་སླད་དུ་དགུང་བདུན་སྩལ་བ་མཛོད ། །ཕོ་བྲང་འདི་ན་སྐྱེས་པ་ཁྱེའུ་དང་བུད་མེད་དག་།ཇི་སྙེད་མཆིས་པ་འཐབ་རྩོད་ཁྲོ་བའི་ཚིག་བྲལ་ཞིང ། །ཕན་ཚུན་བྱམས་པའི་ཡིད་ལྡན་ཕན་དང་དེས་སེམས་ཀྱིས། །དགའ་ཚལ་གནས་པའི་ལྷ་ལྟར་འཐུན་ཞིང་བདེ་སྤྱོད་མཛོད ། །རྒྱལ་པོའི་ཆད་པ་ཆེ་ཕྲ་གཉེར་གྱིས་བད་འ་བ་དང ། །གནོད་པ་བགྱིད་དང་ཇེག་བ་ཙོག་སྡིགས་རུ་མི་མཛད་པར། །ཀུན་ལའང་ད་པའི་ཐུགས་ཀྱིས་བྱམས་དང་ཕན་དགོང་ས་ཏེ། ། ལྷ་ཡིས་སྐྱེ་བོ་རྣམས་ལ་སྲས་གཅིག་བཞིན་དུ་གཟིགས། །རྒྱལ་པོས་དེ་སྐད་ཚིག་ཐོས་རབ་ཏུ་དགར་གྱུར་ནས། །སྨྲས་པ་ཁྱོད་ནི་ཅི་འདོད་དེ་ཀུན་དེ་བཞིན་བྱ། ། ཁྱོད་ཀྱི་བསམ་པ་ཡིད་ཀྱིས་གང་རྣམས་རྗེས་བསམས་ཤིང ། །ཁྱོད་གྱིས་མཚོག་བླང་ས་གང་ཡིན་དེ་ནི་ངས་སྤྱིན་ནོ། །རྒྱལ་པོའི་དམ་པས་རང་གི་འཁོར་ལ་བསྒོ་བ་ནི། །ལང་བཟང་ས་དམ་པའི་སྟེང་དུ་ཕུན་སུམ་ཚོགས་པ་ཤོམས། །མེ་ཏོག་མཇེས་པ་ཁྲོམ་ལ་བདུག་སྤོས་མཆོག་གིས་བདུགས། །གདུགས་དང་བ་དན་ཏ་ལའི་
46-63
ཕྲེང་བའི་རྒྱན་ཀྱང་གྱིས། །འཐབ་ཕོད་སྟོང་ཕྲག་ཇི་ཤུ་སྣ་ཚོགས་གོ་ཆ་ཅན། ། མད་འ་མདུང་ལྕགས་མད་འ་མདུང་ཐུང་རལ་གྲི་ཐོགས་པ་དག་།ཡིད་འོང་སྒྲ་ག་ཅན་ང་ང་སྐྱ་ལྡན་པ་བསྐོར་གྱིས་ཏེ། །ལྷ་མོ་འཇིགས་པ་མེད་པར་བྱ་ཕྱིར་སྲུང་ཞིང་གནས། །ཁྲུས་བྱས་སྤོས་བྱུགས་གོས་མཚོག་དག་གིས་ཡན་ལག་བརྒྱན། ། བུད་མེད་རྣམས་ཀྱིས་དེ་བསྐོར་ལྷ་ཡི་བུ་མོ་འདྲ། །ཡིད་དུ་འོང་བའི་སྒྲ་ལྡན་སིལ་སྙན་སྟོང་བླངས་ཏེ། །ལྷ་མོདེ་བཞུགས་ལྷ་ཡི་བུ་མོ་བཞིན་དུ་གནས། །ལྷ་ཡི་རིན་ཆེན་རིན་ཐང་ཆེན་པོས་རྩ་སྤྲས་པ། །ཁྲི་ལ་གོས་མཆོག་མང་པོས་ཡིད་འོང་མལ་བཤམས་ཏེ། །མལ་ན་ག་རྩུག་གི་ནོར་བུ་རིན་ཆེན་ཀྱོད་བྱས་ནས། ། འབེས་པའི་ནགས་ཚལ་ལྷ་ཡི་བུ་མོ་བཞིན་དུ་གནས། །དགེ་སློང་དག་དེ་ནས་རྒྱལ་པོ་ཆེན་པོ་བཞི་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། ལྷའི་བུ་རབ་འཐབ་བྲལ་དང ། ཡོངས་སུ་དགའ་ལྡན་དང ། རབ་འཇུལ་དགའ་དང ། གཞན་འཇུལ་དབང་བྲེད་དང ། བདུད་ཀྱི་བུ་དེད་དཔོན་དང ། མི་མཇེད་ཀྱི་བདག་པོ་ཚང་ས་པ་དང ། མདུན་ན་འདོན་ཚང་ས་མཚོག་དང ། མདུན་ན་འདོན་ཚང་ས་བཟང་ས་དང ། འོད་བཀོད་པ་དང ། འོད་གསལ་དང ། གནས་ག་ཙང་མའི་རིས་ཀྱི་དབང་ཕྱུག་ཆེན་པོ་དང ། མཐར་ཐུག་དང ། འོག་མིན་པ་དང ། དེ་དག་ལ་སོགས་པ་དང ། གཞན་ཡང་ལྷ་བརྒྱ་སྟོང་མང་པོ་འདུས་ཏེ། གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་ས་སོ། །གྲོགས་པོ་དག་བདག་ཅག་གིས་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་སུ་མེད་པར་གཤེགས་སུ་གསོལ་ན ། བདག་ཅག་གིས་བྱས་པ་མ་ཤེས་པར་འགྱུར་ཏེ། བདག་ཅག་ལ་མི་ཆས། གྲོགས་པོ་དག་ཁྱེད་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་ཐོག་མ་ཡུམ་གྱི་ལྷུམས་སུ་གཤིགས་པ་དང ། ལྷུམས་ན་བཞུགས་པ་དང ། བལྟམ་པ་དང ། ཐོར་བུ་དང ། བྱིས་པའི་ནང་
46-64
ན་རོལ་པ་དང ། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང ། རོལ་མོ་གཟིགས་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱོད་པ་དང ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང ། བདུད་འདུལ་བ་དང ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ། མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་ཕན་པའི་སེམས་དང ། དགའ་བའི་སེམས་དང ། ཕང་ས་པའི་སེམས་དང ། བྱམས་པའི་སེམས་དང ། མཉེན་པའི་སེམས་ཀྱིས་རྟག་པར་རྒྱུན་དུ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འཁོད་པར་སུ་དག་སྤྲོ། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་ཀྱང་སྨྲས་ས་སོ། །ཁྱེད་ལས་སུ་ཞིག་རྟག་ཏུ་དགའ་ཡིད་ཀྱིས། །གཟུགས་མཆོག་མངའ་བའི་ཞབས་འབྱིང་བྲེད་པར་སྤྲོ། །སུ་དག་ར་ང་གི་བསོད་ནམས་གཟི་བཛིད་དང ། །སྟོབས་དང་གྲགས་པ་རྣམ་པར་སྤེལ་བར་འདོད ། །གང་ཞིག་ལྷ་ཡི་ཕོ་བྲང་འདི་དག་ན། །ལྷ་མོ་དག་དང་འདོད་པའི་ཡོན་ཏན་གྱི། །ལྷ་ཡི་བདེ་བསད་གའ་བར་འདོད་པ་དག་།དྲི་མེད་ཟླ་བའི་ཞལ་གྱིཞབས་འབྱིང་གྱིས། །དེ་བཞིན་འབེས་པའི་ན་གས་ཚལ་མཇེས་པ་མཆོག་།ལྷ་ཡི་འབྱུང་གནས་ལྷ་ཡི་ཕ་བྲང་ན། གསེར་མདོག་མེ་ཏོག་རྒྱས་པར་དགའ་འདོད་ན། །དྲི་མེད་གཟི་བཛིད་མངའ་བའི་ཞབས་འབྱིང་གྱིས། །གང་གིས་སྣ་ཚོགས་ཤིང་རྟ་དེ་བཞིན་དུ། །དགའ་ཚལ་མེ་ཏོགམན་དཱ་ར་འདབ་རྒྱས་ས་སུ། །ལྷ་མོ་ལྷན་ཅིག་རྩེ་བར་འདོད་པ་དག་།སྐྱེས་བུ་ཆེན་པོ་འདི་ཡི་ཞབས་འབྱིང་གྱིས། །འཐབ་བྲལ་བདག་པོའམ་དགའ་ལྡན་བདག་པོའམ། ། ཡང་ན་དབང་ཕྱུག་འགྱུར་བར་འདོད་པ་དང ། །འགྲོ་བ་ཀུན་གྱིས་མཆོད་འོས་འདོད་པ་དག་།གྲགས་པ་མཐའ་ཡས་འདི་ཡི་ཞབས་འབྱིང་གྱིས། །གང་ཞིག་འཇུལ་དགའི་ཁང་པ་མཛིས་པ་དང ། །དབང་སྒྱུར་ལྷ་ཡི་གནས་སུ་རྩེ་འདོད་
46-65
ཅིང ། །ཡིད་ཀྱི་འཕྲུལ་གྱིས་ཐམས་ཅད་སྤྱོད་འདོད་པ། །ཡོན་ཏན་མཆོག་མད་འ་འདི་ཡི་ཞབས་འབྱིང་གྱིས། །བདུད་ཀྱི་དབང་པོ་ཞེ་ལྡང་ཡིད་མེད་པ། ། རྫུ་འཕྲུལ་དབང་ཕྱུག་ཀུན་གྱི་མཐར་ན་པའི། །འདོད་པའི་དབང་ཕྱུག་དབང་མཐར་ན་འདོད་ན། །ཕན་པ་མཛད་པ་འདི་དང་ལྷན་ཅིག་དེང ། །དེ་བཞིན་འདོད་པའི་ཁམས་ལས་འདའ་བྱས་ཏེ། །ཚང་ས་པའི་གནས་སུ་གནས་པར་སུ་འདོད་པ། །དེ་ནི་ཚད་མེད་བཞི་ཡི་གཟི་མངའ་བ། །སྐྱེས་བུ་ཆེན་པོའི་ཞབས་འཕྲིང་དེང་ནས་གྱིས། །འོན་ཏམ་གང་ཞིག་མི་ཡི་ནང་དག་ཏུ། །འཁོར་ལོས་སྒྱུར་ཡུལ་ཡང་ས་པར་སྐྱེ་འདོད་ན། །རིན་ཆེན་འབྱུང་གནས་མི་འཇིགས་བ་དེ་སྤྱིན་པ། །བསོད་ནམས་ཡངས་པ་མངའ་བའི་ཞབས་འཕྲིང་གྱིས། །གང་ཞིག་ས་བདག་དེ་བཞིན་ཚོང་དཔོན་བུ། །ཕྱུག་ཅིང་སྐྱིད་ལ་ནོར་མང་ཚོགས་ཆེན་དང ། ། དགྲ་ཡི་དཔུང་བཅོམ་འཁོར་དང་ལྡན་འདོད་པ། །དེ་ནི་ཕན་མཛད་འདི་དང་ལྷན་ཅིག་དེང ། །གཟུགས་དང་ལོང་ས་སྤྱོད་དེ་བཞིན་དབང་ཕྱུག་དང ། །སྙན་པ་གྲགས་དང་སྤོབས་དང་ཡོན་ཏན་དང ། གཟུང་འོས་ཚིག་དང་མཉན་པའི་ཚིག་འདོད་པ། །དེ་ནི་ཚང་ས་དབྱང་ས་མཁས་པའི་གན་དུ་སོང ། །ལྷ་དང་མི་ཡི་འདོད་པ་གང་ཡིན་དང ། ། སྲིད་པ་གསུམ་གྱི་བདེ་བ་ཐམས་ཅད་དང ། །བསམ་གཏན་བདེ་དང་དབེན་པའི་བདེ་འདོད་པ། །དེ་ནི་ཆོས་ཀྱི་དབང་ཕྱུག་ཞབས་འབྲིང་གྱིས། །འདོད་ཆགས་དང་ནི་ཞེ་ལྡང་སྤོང་བ་དང ། །ཉོན་མོང་ས་མྱཕྱིན་པ་སེལ་བར་སུ་འདོད་ཅི་ང ། །ཞི་བ་རབ་ཞི་ཉེར་ཞི་ཡིད་ལྡན་པ། །དེ་ནི་ཐུགས་དུལ་ཞབས་འབྱིང་མྱུར་དུ་སོང ། །གང་ཞིག་སློབ་དང་མི་སློབ་རང་རྒྱལ་དང ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་འདོད་ཅི་ང ། །སྟོབས་བཅུས་སེང་གེའི་སྒྲ་སྒྲོགས་སུ་འདོད་པ། །དེ་ནི་ཡོན་ཏན་རྒྱ་མཚོ་མཁས་དྲུང་སོང ། གང་ཞིག་
46-66
ངན་སོང་རྣམས་ཀྱི་ལམ་གཅོད་ཅིང ། །བཟང་འགྲོ་འཆི་བ་མེད་པའི་ལམ་དབྲེ་དང ། །ཡན་ལག་བརྒྱད་ལམ་འགྲོ་བས་འགྲོ་འདོད་ན ། །འགྲོ་ལམ་མཐར་འབྱིན་འདི་ཡི་ཞབས་འབྱིང་གྱིས། །གང་ཞིག་བདེ་གཤེགས་ཡོངས་སུ་མཆོད་པ་དང ། །ཐུགས་རྗེ་མངའ་བ་དེ་ལས་ཆོས་ཉན་དང ། །དགེ་འདུ་ན་ལོ་ན་ཏན་ཐོབ་པར་འདོད་པ་ནི། །ཡོན་ཏན་རྒྱ་མཚོ་འདི་ཡི་ཞབས་འབྱིང་གྱིས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཟད་པ་དང ། །འཁོར་བའི་བཅིངས་པ་རྣམ་པར་གྲོལ་བ་དང ། །ནམ་མཁའི་མཐའ་མཉམ་རྣམ་དག་སྤྱོད་འདོད་པ། །དེ་ནི་སེམས་ཅན་དག་པའི་ཞབས་འབྱིང་གྱིས། ། འརྒོ་བ་ཀུན་ན་ཡིད་འོང་སྡུག་མཇེས་ཤིང ། ། གཟུགས་མཚོག་མཚན་དང་ཡོན་ཏན་རྒྱས་པ་དང ། །བདག་དང་དེ་བཞིན་གཞན་ཡང་འགེལ་འདོད་པ། །དེ་ནི་བལྟ་སྡུག་མཁས་པའི་གན་དུ་སོང ། །ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་དང ། །ཟབ་ཅིང་བལྟ་དཀའ་གཏིང་དཔག་དཀའ་བ་ཡི། །རྣམ་གྲོལ་ཐོབ་འདོད་མཁས་པ་གང་ཡིན་དེ། །སྨན་པའི་རྒྱལ་པོའི་གན་དུ་མྱུར་དུ་སོང ། །ཡོན་ཏན་འདི་དང་གཞན་ཡང་རྣམ་མང་དང ། ། སྲིད་པའི་བདེ་དང་དེ་བཞིན་མྱ་ངན་འདས། །ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་འདོད་པ། །དེ་ནི་བརྟུལ་ཞུགས་གྲུབ་མཁས་གན་དུ་སོང ། །ཚིག་དེ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང ། སུམ་ཅུ་རྩ་གསུམ་གྱི་ལྷ་འབུམ་དང ། འཐབ་བྲལ་གྱི་ལྷ་འབུམ་དང ། དགའ་ལྡན་གྱི་ལྷ་འབུམ་དང ། འཕྲུལ་དགའི་ལྷ་འབུམ་དང ། བདུད་ཀྱི་རིས་ཀྱི་ལྷ་སྔོན་གྱི་དགེ་བའི་ལས་ཀྱིས་བྱུང་བ་དྲུག་ཁྲི་དང ། ཚང་ས་རིས་ཀྱི་ལྷ་དྲུག་ཁྲི་བརྒྱད་སྟོང་དང ། འོག་མིན་གྱི་བར་གྱི་ལྷ་བརྒྱ་སྟོང་མང་པོ་དག་འདུས་པརགྱུར་པ་དང ། གཞན་ཡང་ཤར་བྱོགས་དང ། ལྷོ་བྱོགས་དང ། ནུབ་བྱོགས་དང ། བྱང་བྱོགས་ནས་
46-67
ལྷའི་བུ་བརྒྱ་སྟོང་མང་པོ་འདུས་པར་གྱུར་པ་དེ་དག་ལས་གང་དག་མཆོག་ཏུ་བྱ་བའི་ལྷའི་བུ་དག་གིས་ལྷའི་འཁོར་ཆེན་པོ་དེ་དག་ལ་ཚིགས་སུ་བ་ཅད་པ་འདི་དག་སྨྲས ། །བདག་ཅག་རྣམས་ཀྱིས་བསམ་པ་ཡང་དག་ཅི་འདྲ་ཡི། །ཚིག་འདི་ལྷ་ཡི་དབང་པོ་དག་གིས་གསན་དུ་གསོལ། །འདོད་པའི་དགའ་འབྱོར་བསམ་གཏན་བདེ་བ་མཆོག་སྤང་ས་ཏེ། །སེམས་ཅན་དག་པ་དམ་པ་འདི་ཡི་ཞབས་འབྲིང་བགྱི། །ལྷུམས་སུ་གཤེགས་དང་ལྷུམས་ན་བཞུགས་དང་བལྟམ་པའི་ཚེ། ། བདག་ཉིད་ཆེན་པོ་མཆོད་འོས་ཤིན་ཏུ་མཆོད་པར་བ་གྱི། །བསོད་ནམས་དག་གིས་བསྲུང་ས་པའི་དྲང་སྲོང་ཡོང་ས་བསྲུང་ས་ན། །ཞེ་ལྡང་སེམས་ཀྱིས་སུས་ཀྱང་གླགས་རྙེད་འགྱུར་མ་མཆིས། །གླུ་དབྱང་ས་སིལ་སྙན་རོལ་མོའི་དབྱང་ས་སྒྲ་ལེགས་བསྒྲགས་པས ། །ཡོན་ཏན་རྒྱ་མཚོ་མངའ་བའི་ཡོན་ཏན་བསྔགས་བརྫོད་དེ། ། གང་ཐོས་སྐྱེ་བོ་བྱང་ཆུབ་མཚོག་ཏུ་སེམས་བསྐྱེད་པར། །ལྷ་དང་མི་རྣམས་ཐམས་ཅད་རབ་ཏུ་དགའ་བར་བ་གྱི། །རྒྱལ་པོའི་ཕོ་བྲང་མེ་ཏོག་སིལ་མས་རྒྱས་པར་དགང ། ། ག་རུ་མཆོག་ནག་པོས་བདུགས་ཏེ་དྲི་ཞིམ་བགྱི། །དེ་ཡི་དྲི་ཚོར་ལྷ་མི་རབ་ཏུ་དགའ་འགྱུར་ཞིང ། །ནད་མེད་རིམས་ནད་བྲལ་ཞིང་བདེ་བར་འགྱུར་བར་བགྱི། །མེ་ཏོགམན་རཝ་ར་དང་ཀུན་ནས་འདུ་བ་དང ། །སིམ་བྲེད་རབ་ཏུ་སིམ་བྲེད་སྤྲ་ལ་རྣམ་སྣང་དང ། །མེ་ཏོག་བཟང་པོས་ཕྲིན་ལས་དགེ་ལས་བྱུང་བ་དེ ། །མཚོད་པའི་སླད་དུ་སིར་སྐྱའི་གྲོང་ཀུན་དགང་བར་བགྱི། ། ཇི་སྲིད་ཡུམ་གྱི་ལྟུམས་ན་དྲི་གསུམ་མ་གོས་བཞུགས། ། ཇི་སྲིད་རྒ་ཤི་མཐར་འབྱིན་བལྟམ་པར་གྱུར་གྱི་བར། ། དེ་སྲིད་དུས་སུ་དང་བའི་ཡིད་ཀྱིས་ཞབས་འབྲིང་བགྱི། །བློ་གྲོས་ཆེ་མངའ་མཆོད་པ་བགྱི་བར་བདག་ཅག་སེམས། ། བལྟམ་ནས་གོམ་པ་བདུན་གཤེགས་བརྒྱ་བྱིན་ཚང་ས་པ་ཡིས། །ལག་ཏུ་བླང་ས་ཏེ་སྤོས་ཆུ་དག་གིས་
46-68
སྐུ་བསིལ་བ། ། སེམས་ཅན་རྣམ་པར་དག་པ་དེ་ནི་མཐོང་བ་ཡི། །ལྷ་མི་དེ་དག་ཐོབ་པ་རྒྱ་ཆེན་ལེགས་པར་ཐོབ། ། ཇི་སྲིད་བར་དུ་འཇིག་རྟེན་རྗེས་སུ་འཐུན་མཛད་ཅིང ། །འདོད་པའི་ཉོན་མོང་ས་འཇོམས་མཛད་བཙུན་མོའི་ནང་བཞུགས་ལ། ། ཇི་སྲིད་ཅིག་ན་རྒྱལ་སྲིད་ཀུན་སྤངས་ཁབ་ནས་འབྱུང ། ། དེ་སྲིད་དུས་སུ་ད་པའི་སེམས་ཀྱིས་ཞབས་འབྱིང་བགྱི། ། ཇི་སྲིད་ཅིག་ན་ར་ན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། ཇི་སྲིད་ཅིག་ན་བདུད་བཅོམ་བྱང་ཆུབ་རེག་གྱུར་ཅིང ། །ཚང་ས་པ་ཁྲག་ཁྲིག་འཁོར་ལོ་བསྐོར་བར་གསོལ་བཏབ་པ། ། དེ་སྲིད་བདེ་བ་ར་གཤིགས་ལ་མཆོད་པ་རྒྱ་ཆེན་བགྱི། །སེམས་ཅན་བྲེ་བ་ཁྲག་ཁྲིག་འཆི་མེད་བཏུལ་གྱུར་ཏེ། །སྟོང་གསུམ་ཁམས་སུ་སངས་རྒྱས་ཕྲིན་ལས་ནམ་ལགས་ནས། །ཞི་ཞིང་བསིལ་བའི་མྱ་ངན་འདས་པར་གཤེགས་གྱུར་པ། ། དེ་སྲིད་ཀུན་གྱིས་དྲང་སྲོང་གྲགས་ཆེན་གཏང་མི་བགྱི། །དགེ་སློང་དག་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་དག་གིས། བྱང་ཆུབ་སེམས་དཔའི་ལུས་གཟུགས་ཕུན་སུམ་ཚོགས་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། སེམས་ཅན་དག་པ་མཚོག་དམ་པ་འདི་ལྟ་བུ་འཛིན་པར་འགྱུར་བའི་ན་ཆུང་དེ་ནི་ཇི་ལྟ་བུ་ཞིག་ཡོད་སྙམ་ནས། དེ་དག་ངོ་མཚར་དུ་གྱུར་ཏེ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་མཆོག་ཏུ་བྱ་བ་དག་ཁྱེར་ནས་ལྷའི་ལུས་ཡིད་ལས་གྲུབ་པ་ཐོབ་ཅིང་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པ། དེ་དག་སྐད་ཅིག་དེ་ཉིད་ལ་ལྷའི་ལོ་བྲང་དེ་ནས་མི་སྣང་བར་གྱུར་ཏེ། སེར་སྐྱའི་གྲོང་ཁྱེར་ཆེན་པོ་དམ་པ་སྐྱེད་མོས་ཚལ་བརྒྱ་སྟོང་གིས་བརྒྱན་པ། རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་མཆོག་ཁང་བཟང་ས་ཆེན་པོ་ང་ང་སྐྱ་ལྡན་ཞེས་བྱ་བ་ལྷའི་དབང་པོའི་ཕོ་བྲང་ལྟ་བུ་དེར་ན་ནས། ལྷའི་བུ་མོ་གོས་ལྟུག་ལྷུག་པོ་རྒྱོན་པ། དགེ་བ་དྲི་མ་མེད་པའི་
46-69
བསོད་ནམས་ཀྱི་གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པ། ལྷའི་རྒྱན་གྱིས་ལག་པ་ཤིན་ཏུ་བརྒྱན་པ་དེ་དག་གིས་ལྷ་མོ་སྒྱུ་འཕྲུལ་མ་ལ་མཆོག་གི་སྟེང་ན་འདུག་པ་མཐོང་ན་ས། ཕན་ཚུན་མཇུབ་མོས་སྟོན་ཅིང ། ནམ་མཁའི་དཀྱིལ་ན་འཁོད་དེ། གཅིག་ལ་གཅིག་ཚིགས་སུ་བ་ཅད་དེ་སྨྲས་པ། ལྷ་གནས་འཁོད་པའི་ལྷ་ཡི་བུ་མོ་རྣམས། །ཡིད་འོང་བྱང་ཆུབ་སེམས་དཔའི་སྐུ་མཐོང་ནས། །དེ་ཚེ་དེ་དག་འདི་སྙམ་སེམས་གྱུར་ཏེ། །བྱང་ཆུབ་སེམས་དཔའི་ཡུམ་གྱུར་ཅི་འདྲ་སྙམ། །ལག་ན་མེ་ཏོག་ཕྲེང་ཅན་དེ་དག་རྣམས། །ཐེ་ཙོམ་སྐྱེས་ནས་རྒྱལ་པོའི་ཕོ་བྲང་དུ། །མེ་ཏོག་དེ་བཞིན་བྱུག་པ་ཐོགས་ནས་ས་སུ། །སོར་བཅུ་ཐལ་མོ་སྦྱར་ཏེ་འདུད་ཅིང་ལྷགས། །ལྷུག་ལྷུག་གོས་རྒྱོན་འཇོ་བག་གཟུགས་འཆང་བས། །ལྷ་མོ་སྒྱུ་འ་ཟུལ་མལ་སྟེང་གནས་མཐོང་ནས། །ལག་པ་གཡས་པའི་སོར་མོས་ཕྱག་བྱས་ཏེ། །མི་ཡི་བུད་མེད་གཟུགས་ལ་ལེགས་ལྟོས་འཇེར ། །བདག་ཅག་ང་རྒྱལ་སེམས་ཀྱིས་མངོན་སེམས་པ། །ལྷ་ཡི་བུ་མོ་གཟུགས་མཚོག་ཡིད་འོང་སྙམ། །རྒྱལ་པོའི་བརྩུན་མོ་འདི་ཡི་གཟུགས་མཐོང་ན། །ལྷ་ཡི་ལུས་ཀྱང་ཟིལ་གྱིས་ནོན་པར་མཐོང་།། འདི་ནི་གང་ཟག་མཆོག་གི་ཡུམ་འགྱུར་དུ། །ཡོན་ཏན་ལྡན་པས་ཤིན་ཏུ་གཤའ་ཞིང་འོས། །ནོར་བུ་རིན་ཆེན་སྣོད་བཟང་གནས་པ་ལྟར། །ལྷ་མོ་འདི་ནི་ལྷ་ཡི་ལྷ་སྣོད་ཡི་ན། །རྐང་ལག་མཐིལ་དང་སྤྱི་བོ་མན་ཅད་དུ། །ཡན་ལག་ཡིད་འོང་ལྷ་ལས་ལྷག་པ་སྟེ། །མིག་གིས་བལྟ་ན་ངོམས་པར་འགྱུར་མ་ཡིན། །ཡིད་དང་སེམས་ནི་གྱིར་ཞིང་དགའ་བར་འགྱུར། །འདི་ཡི་ཁ་བཞིན་ལུས་མཇེས་སྡུག་པ་ནི།། ནམ་མཁའི་དཀྱིལ་ན་ཟླ་བ་མ་ཛིས་པ་འདྲ། །ཉི་ལྟར་དྲི་མེད་མེ་ལྟར་འབར་བ་སྟེ།། འདི་ཡི་ལུས་ལས་འོད་གསལ་བཟང་པོ་འབྱུང ། གསིར་སྤྲམ་བ་ཙོ་མ་བཟང་པོའི་གསིར་བཞིན་དུ། །ལྷ་མོ་འདི་ཡི་ཁ་དོག་རྣམ་པར་མཇེས། །འདི་ཡི་སྐྲ་ནི་འཇམ་
46-70
ག་ཙང་དྲི་ཞིམ་སྟེ། །ཁུང་བ་མཆོག་གི་མདོག་འདྲ་ལྕང་ལོར་འཁྱིལ ། །འདི་ཡི་མིག་ནི་པད་མའི་འདབ་མ་འདྲ ། །རྣམ་དག་སོ་ནི་ནམ་མཁའི་སྐར་མ་བཞིན། ། རྐེད་པ་གཞུ་ལྟར་ཕྲ་ཞིང་སྟ་ཟུར་ཡང་ས། ། ཁྲག་པ་ཟླུམ་ཞིང་ཚིགས་རྣམས་མངོན་པ་མེད ། །བརླ་ལེགས་གླང་པོ་མཆོག་གི་སྣ་འདྲ་སྟེ། །བྱིན་པ་ཤིན་ཏུ་ལེགས་པ་བྱིན་གྱིས་ཕྲ། །རྐང་ལག་མཐིལ་མཉམ་ཤིན་ཏུ་དམར་བ་སྟེ། །འདི་ནི་གཞན་མིན་ལྷ་ཡི་བུ་མོར་ངེས། །དེ་ལྟར་རྣམ་མང་དུ་མར་བལྟ་བྱས་ནས། །མེ་ཏོག་གཏོར་ཏེ་བསྐོར་བ་བྱས་ནས་ནི། །གྲགས་ལྡན་རྒྱལ་བའི་ཡུམ་ལ་བསྟོད་བྱས་ཏེ། ། སྐད་ཅིག་གཅིག་གིས་གྱིར་ཡང་ལྷ་གནས་དོང ། །དེ་ནས་བྱོགས་བཞི་སྐྱོང་བ་བཞི་པོ་དང ། །འཐབ་བྲལ་རབ་དང་བརྒྱ་བྱིན་འཕྲུལ་པ་དང ། །ལྷ་ཚོགས་ལྷ་མིན་གྲུལ་བུམ་སྲིན་པོ་དང ། །མི་འམ་ཅི་དང་པྟོ་འགྱི་ཆེས་སྨྲས་པ། །སྐྱེས་བུ་མཆོག་གི་མདུན་དུ་ཁྱེད་དེང་ལ། །སྐྱེས་བུ་དམ་པ་དེ་ལ་བསྲུང་བ་གྱིས། །འགྲོ་བ་དག་ལ་ཡིད་ཀྱིས་སྡང་མ་བྲེད ། །མི་རྣམས་ལ་ཡང་གཅེ་བ་མ་བྲེད་ཅིག་།ལྷ་མོ་སྐྱུ་འཕྲུལ་ཁྱིམ་མ་མཚོག་གང་གནས་པ། །དེར་ནི་འཐུན་པར་འཁོར་དང་ལྷན་ཅིག་ཀུན། །མད་འ་གཞུ་རལ་གྲི་མདུང་ཐུང་མཚོན་ཐོགས་ལ། །ནམ་མཁའི་དཀྱིལ་ན་གནས་ཏེ་བལྟ་བར་གྱིས། །དེ་ལྟར་ཤི་འཕོའི་དུས་ཤེས་ལྷའི་བུ་རྣམས། །མེ་ཏོག་དེ་བཞིན་བྱུག་པ་ཐོགས་ནས་ནི། །སོར་བརྩུ་ཐལ་མོ་སྦྱར་ཏེ་འདུད་བྱོས་ལ། ། དགའ་བའི་སེམས་ཀྱིས་སྒྱུ་འཕྲུལ་དྲུང་དུ་དུ་དེང ། །སྨྲ་བའི་སིང་གེ་དུས་ནི་དེང་ལགས་ཀྱིས ། །འཇིག་རྟེན་ཀུན་ལ་ཐུགས་རྗེ་བརྩེ་བསྐྱེད་དེ། །མི་དབང་སེམས་ཅན་དག་པ་འཆི་འལོ་སྟོན། །མཆོད་སྤྱིན་དོན་དུ་བདག་ཅག་གསོལ་བ་འདེབས། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འཆི་འཕོ་བའི་དུས་ཀྱི་ཚེ་ཤར་བྱོགས་ནས་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་
46-71
གྱི་གནས་དམ་པ་ན་གནས་པ་བརྒྱ་སྟོང་ཕྲག་མང་པོ་དག་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་བཞིན་དུ་བྱོགས་བཅུའི་བྱོགས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ། དགའ་ལྡན་གྱི་གནས་དམ་པ་ན་གནས་པ་བརྒྱ་སྟོང་ཕྲག་མང་པོ་དག་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ནས་ལྷའི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་སིལ་སྙན་དང ། གླུ་དབྱང་ས་སྣ་ཚོགས་ལེན་ཅིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཇུལ་དགའ་དང ། གཞན་འཇུལ་དབང་བྲེད་ཀྱི་ལྷ་རྣམས་ཀྱི་ནང་ནས་ལྷའི་བུ་མོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་སིལ་སྙན་དང ། གླུ་དབྱང་ས་སྣ་ཚོགས་ལེན་ཅིང ། བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁང་པ་བརྩེགས་པ་ཆེན་པོ་བསོད་ནམས་ཐམས་ཅད་ཀྱིས་ཡང་དག་པར་བྱུང་བ་དཔལ་གྱི་སྙིང་པོ་ལྷ་རྣམས་ཀྱིས་ཀུན་ནས་བལྟ་བའི་ནང་དུ་འདུག་སྟེ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་བྱི་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ལོང་ས་སུ་བསྐོར་ཅིང་མདུན་དུ་བད་ར་ན ། དགའ་ལྡན་གྱི་གནས་དམ་པ་ནས་བསྐྱོད་པར་བརྩམས་སོ།། ད་གེ་སློང་དག་དེ་ལྟར་བསྐྱོད་པར་བརྩམས་པའི་ཚེ་བྱང་ཆུབ་སེམས་དཔས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟར་རྒྱ་ཆེ་ཞིང་ཡང་ས་ལ་ཐ་གྲུ་ཆེ་བ་འདིརསྔན་ཅད་མ་བྱུང་བའི་འོད་སྣང་བ་ལྷའི་འོད་ལས་ཤིན་ཏུའདས་པས་ཡོངས་སུ་གསལ་ཞིང་སྣང་བར་གྱུར་ཏོ། །འཇིག་རྟེན་གྱི་བར་
46-72
གང་སྣིག་པ་སྡིག་པས་ཁེབས་ནས་མུན་པ་མྱུན་ནག་སྨག་ཏུ་གྱུར་པ་སྣང་བ་མེད་པ་གང་དུ་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཇུལ་ཆེ་ཞིང་འདི་ལྟར་མཟུ་ཆེ་ལ་འདི་ལྟར་དབང་ཆེ་བར་གྲགས་པས་ཀྱང་འོད་དང ། ཁ་དོག་དང ། གཟི་བརྗིད་ཀྱིས་ལམ་མེར་མ་གྱུར། ཐལ་ལེར་མ་གྱུར། ལྷང་ངེར་མ་གྱུར་པ་དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ར་ང་རང་གིས་ལག་པ་བརྐྱང་བའང་མི་མཐོང་བ་དེ་དག་ཏུའང་དེའི་ཚེ་སྣང་བ་ཆེན་པོས་རྒྱས་པར་ཁྱབ་པར་གྱུར་ཅིང ། དེར་སྐྱེས་པའི་སེམས་ཅན་དེ་དག་སྣང་བ་དེས་ཁྱབ་པར་གྱུར་ནས་གཅིག་གིས་གཅིག་མཐོང་ཞིང་གཅིག་གིས་གཅིག་ཤེས་ཏེ། འདི་སྐད་དུ་གྱེ་གྲོགས་པོ་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། ། རྒྱེ་གྲོགས་པོ་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་ཟེར་བར་གྱུར་པ་དེ་ལྟ་བུའི་འོད་ལུས་ལས་བགྱེའོ ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་དང ། ལྟས་ཆེན་པོ་བ་ཅཱ་བརྒྱད་དུ་གཡོས། རབ་ཏུ་གལོས། ཀུན་ཏུ་རབ་ཏུ་གཡོས་ས་སོ།། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་ག་གོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་ས་སོ། ། འུར་འུར་རབ་ཏུ་འུར་འུར ། ཀུན་ཏུ་རབ་ཏུ་འུར་འུར་ར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མ་མོ། །མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། །དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། །ཤར་བྱོགས་དམའ་ན་ནུབ་བྱོགས་མཐོ་བར་གྱུར་ཏོ། །ནུབ་བྱོགས་དམའ་ན་ཤར་བྱོགས་མཐོ་བར་གྱུར་ཏོ། །ལྟོ་བྱོགས་དམའ་ན་བྱང་བྱོགས་མཐོ་བར་གྱུར་ཏོ། །བྱང་ཁྱོགས་དམའ་ན་ལྷོ་བྱོགས་མཐོ་བར་གྱུར་ཏོ། །དེའི་ཚེ་སྒྲ་དགའ་བར་འགྱུར་བ། ཚིམ་པར་འགྱུར་བ། མགུ་བར་འགྱུར་བ། ད་པར་འགྱུར་བ། སིམ་པར་འགྱུར་བ།
46-73
མཉན་པར་འོས་པ། བསྔགས་པར་འོས་པ། མཚུང་ས་པ་མེད་པ། མཉན་ན་གཏང་མི་བྲ་བ། མི་འཐུན་པ་མེད་པ། དང་ང་བར་འགྱུར་བ་མེད་པ་དག་ཀྱང་གྲག་པར་གྱུར་ཏོ། །སྐད་ཅིག་དེ་ལ་སེམས་ཅན་གང་ལ་ཡང་གནོད་པའམ། འཇིགས་པའམ། དང་ང་བའམ། བག་ནོན་པ་མེད་པར་གྱུར་ཏོ། །སྐད་ཅིག་དེ་ལ་ཉརི་ཟླ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་དག་གི་འོད་ཀྱང་མི་སྣང་བར་གྱུར་ཏོ ། །སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏེ། སེམས་ཅན་གང་ལ་ཡང་འདོད་ཆགས་ཀྱིས་གནོད་པར་མི་འགྱུར། ཞེ་ལྡང་གིས་གནོད་པར་མི་འགྱུར། གཏི་མུག་གིས་གནོད་པར་མི་འགྱུར་ཞིང ། ཕྲག་དོག་གམ། སེར་སྣའམ། ང་རྒྱལ་ལམ། འཆབ་པའམ། རྒྱགས་པའམ། ཁྲོ་བའམ། གནོད་སེམས་སས་མ། ཡོངས་སུ་གདུང་བས་གནོད་པར་འགྱུར་བ་མེད་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ། ཕན་ཚུན་ཕ་མ་ཙམ་དུ་སེམས་པའི་འདུ་ཤེས་སུ་གྱུར་ནས། བྱམས་པའི་སེམས་དང ། ཕན་པའི་སེམས་དང་ལྡན་པར་གྱུར་ཏོ། །ལྷ་དང་མིའི་རོལ་མོ་སིལ་སྙན་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་མ་དཀྲོལ་མ་བླང་ས་པར་ཡིད་དུ་འོང་བའི་སྒྲ་འབྱིན་པར་གྱུར་ཏོ། ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་ལག་པ་དང་ཕྲག་པ་དང་སྤྱི་བོས་གཞལ་མེད་ཁང་ཆེན་པོ་དེ་དག་འདེག་ཅིང་ཁྱེར་བར་གྱུར་ཏོ། །ལྷའི་བུ་མོ་བརྒྱ་སྟོང་དག་གིས་ཀྱང་རང་རང་གི་གླུ་དབྱང་ས་བླངས་ཏེ། མདུན་དང ། རྒྱབ་དང ། གཡས་གཡོན་དག་ནས་བྱང་ཆུབ་སེམས་དཔའ་ལ་གླུ་དབྱང་ས་ཀྱི་སྒྲ་སྐད་ཀྱིས་མངོན་པར་བསྟོད་པ། ཁྱོད་ཀྱིས་སྔན་ཆད་དགེ་ལས་བསགས་པ་དང ། ། ཡུན་
46-74
རིང་དུས་ཀྱི་དགེ་བས་བྱུང་བ་དང ། །ཁྱོད་ཀྱིས་ཆོས་རྣམས་ཀུན་གྱི་ཆུལ་སྦྱངས་པས། །དེ་རིང་མཆོད་པ་རྒྱ་ཚེན་བྱུང་བར་གྱུར། །བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། ། ས?ས་མོ་སྲས་སྡུག་སྤྱིན་པ་མཛད་པས་ན། །ལྷ་ཡི་མེ་ཏོག་ཆར་དུ་བབ་པ་འདི། །སྤྱིན་པ་སྤྱད་པ་དེ་ཡི་འབྲས་བུ་ལགས། །ག་ཙོ་བོ་ཁྱོད་ཀྱིས་རང་གི་ཤ་བཅད་དེ། །སྲང་ལ་བ་ཅལ་ནས་ཐུགས་བྱོན་བྱ་གྱིར་བཏང ། །སྤྱིན་པ་དེ་སྤྱད་པ་ཡི་འབྲས་བུ་དེས། །ཡི་དགས་འཇིག་རྟེན་རྣམས་ཀྱང་ཟས་སྐོམ་ཐོབ། ། བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། །ཚུལ་ཁྲིམས་མ་ཞིག་མ་ཉམས་བསྲུངས་པས་ན། །ཚུལ་ཁྲིམས་དེ་སྤྱད་པ་ཡི་འབྲས་བུ་དེ ། །མི་ཁོམ་ངན་སོང་ཡོངས་སུ་དག་པར་གྱུར། །བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། །བྱང་ཆུབ་བསྒྲུབ་པའི་གཞིར་ནི་བཟོད་པ་བསྒོམས ། །བཟོད་པ་དེ་སྤྱད་པ་ཡི་འབྲས་བུ་དེས། ། ལྷ་དང་མི་ཀུན་བྱམས་པའི་སེམས་སུ་གྱུར། །བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། །བརྩོན་འགྲུས་མ་གོད་དམ་པ་བསྒོམས་པས་ན། །བརྩོན་འགྲུས་དེ་སྤྱད་པ་ཡི་འབྲས་བུ་དེས། །སྐུ་ནི་རི་རབ་བཞིན་དུ་མཇེས་པར་གྲུབ། །བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། །ཉོན་མོངས་སྦྱང་སླད་བསམ་གཏན་བསྒོམས་མཛད་པས། །བསམ་གཏན་དེ་སྤྱད་པ་ཡི་འབྲས་བུ་དེས། །འགྲོ་བ་དག་ལ་ཉོན་མོང་ས་གནོད་མི་འགྱུར། །བསྐལ་པ་བྲེ་བ་མང་པོར་ཁྱོད་ཀྱིས་ས་སྔོན། །ཉོན་མོང་ས་གཅོད་པའི་ཤེས་རབ་བསྒོམས་མཛད་པས ། །ཤེས་རབ་དེ་སྤྱད་པ་ཡི་འབྲས་བུ་དེས། །འོད་གསལ་དམ་པ་རྣམ་པར་སྣང་ཞིང་མཇེས། །བྱམས་པའི་གོ་མནབས་ཉོན་མོང་ས་འཇོམས་མཛད་ཅི་ང ། །སེམས་ཅན་ཀུན་ལ་ཐུགས་རྗེ་ཆེས་བྱུང་བ། །དགྱིས་པ་མཆོག་བཟླ[༄\ུf]ས་བཏང་སྟོམས་མཆོག་ལྡན་པ། །བདེ་གཤེགས་ཚང་ས་གྱུར་ཁྱོད་ལ་ཕྱག་འཚལ་ལ་ལོ། །ཤེས་རབ་སྒྲོན་མའི་འོད་དང་གཟིས་འཕགས་
46-75
ཤིང ། །གཏི་མྱུག་སྐྱོན་གྱི་མྱུན་པ་ཀུན་སེལ་བ། །འབེན་པ་སྟོང་གསུམ་དག་ན་མིག་གྱུར་པའི། །ཐུབ་པ་ལམ་སྟོན་ཁྱོད་ལ་ཕྱག་འཚལ་ལ་ལོ། །རྫུ་འཕྲུལ་རྐང་པ་མངོན་ཤེས་མཆོག་ལ་མཁས། །བདེན་པ་གཟིགས་ཤིང་དམ་པའི་དོན་བསླབས་པ། །རྒལ་ནས་སྲོག་ཆགས་གཞན་དག་སྒྲོལ་མཛད་པ། །བདེ་གཤེགས་གྲོལ་གྱུར་ཁྱོད་ལ་ཕྱག་འཚལ་ལ་ལོ། །ཐབས་དང་མངོན་ཤེས་དམ་པ་ཀུན་ལ་མཁས། །འཆི་འཕོ་འཆི་འཕོ་མེད་པའི་འཕོ་བ་སྟོན། །འཇིག་རྟེན་ཆོས་ཀྱི་རྗེས་སུ་འཐུན་མཛད་ཀྱང ། །འཇིག་རྟེན་གང་དུའང་ཆགས་པ་ཁྱོད་མི་མང་འ། །གང་དག་ཁྱོད་ནི་ཉན་ཏམ་ལྟར་ལྷགས་པ། །དེ་དག་ཐོབ་པ་དམ་པ་བསམ་མི་ཁྱབ། །ཁྱོད་ལ་ཆོས་ཉིད་ཐོས་ཏེ་གང་དད་ཅི་ང ། །དགའ་བ་ཡང་ས་པ་སྐྱེས་པ་སྨོས་ཅི་འཚལ། །དགའ་ལྡན་གནས་རྣམས་ཀུན་ནི་མོག་མོག་གྱུར ། །འཛམ་བུའི་གླིང་དུ་ཉི་མ་མངོན་དུ་ཤར ། ། སྲོག་ཆགས་བྱི་བ་ཁྲག་ཁྲིག་བསམ་མི་ཁྱབ། །ཉོན་མོང་ས་གཇིད་ཀྱིས་ལོག་ལས་སད་པར་མཛད ། །དེང་ནི་ཕོ་བྲང་འབྱོར་ཅིང་རྒྱས་གྱུར་ལ། །བྲེ་བ་ཁྲག་ཁྲིག་ལྷ་རྣམས་ལང་ལོང་གྱུར། །ལྷ་ཡི་བུ་མོས་སིལ་སྙན་སྒྲ་ཕྱུང་བས། །རྒྱལ་པོའི་ཁབ་ན་སི་ལ་སྙན་གྲགས་པར་འགྱུར། །བསོད་ནམས་གཟི་བཇིད་རྫོགས་ཤིང་ལས་དགེ་བ། །བུད་མེད་གཟུགས་ཀྱི་མཚོག་དང་ལྡན་གྱུར་པ། །དེ་ཡི་ས?ས་གྱུར་དེ་ནི་དེ་ལྟར་འབྱོར ། །དཔལ་གྱིས་འཇིག་རྟེན་གསུམ་ནི་ཟིལ་གྱིས་གནོན་།། མི་མཆོག་འབྱུང་བ་དེ་ཡི་གཟི་བརྗིད་ཀྱིས། །དེ་ཕྱི་ན་ཆད་ཕོ་བྲང་དམ་པ་འདིར། །ལུས་ཅན་རྣམས་ལ་འདོད་དང་འཐབ་རྩོད་མེད ། །ཀུན་ཀྱང་བྱམས་པའི་སེམས་ཀྱིས་སྲི་ཞུར་བ་ཅས། །འཁོར་ལོས་སྒྱུར་བའི་རིགས་རྒྱལ་བྱུང་བས་ན།། རྒྱལ་པོའི་རིགས་ནི་རབ་ཏུ་འཕེལ་བར་འགྱུར། །སེར་སྐྱའི་གྲོང་འདི་ཤིན་ཏུ་ཕུན་སུམ་ཚོགས། །རིན་ཆེན་མཛོད་ཀྱིས་རབ་ཏུ་གང་བར་འགྱུར། །གནོད་སྤྱིན་ས?ཕྱིན་
46-76
པོ་གྲུལ་བུམ་གསང་བ་པ། །ལྷ་དང་ལྷ་མིན་ཚོགས་རྣམས་དབང་པོར་བ་ཅས ། ། མི་མཆོག་སྲུང་བ་གང་དག་གནས་པ་རྣམས། །དེ་དག་རིང་པོར་མི་ཐོགས་ཐར་པ་འཐོབ། །གུས་དང་ས?[༄\ུf]་ཞུ་ལ་ནི་གནས་ནས་སུ། །འདྲེན་པ་ཁྱོད་བསྟོད་བསོད་ནམས་གང་བསགས་པ། །ཀུན་ཀྱང་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ། །མི་ཡི་དམ་པ་ཁྱོད་ལྟར་མྱུར་དུ་ཤོག་།བསྐྱོད་པར་བརྩམས་པའི་ལེའུ་སྟེ་ལྔ་པའོ།། །། ད་གེ་སློང་དག་དེ་ལྟར་དགུན་འདས་ཏེ། དབྱིད་ཀྱི་དུས་ལ་དགྱི་ད་ཟླ་ཐ་ཆུང་ས་ཀྱི་ཚེ། སྐར་མ་ས་ག་ལ་བབ་པ་དུས་ཀྱི་དམ་པ་ལ་ཤིང་རྣམས་ཀྱི་ལོ་མ་རྒྱས་ཤིང ། མེ་ཏོག་མཆོག་ཏུ་རྒྱས་ནས་གྲང་དྲོ་དང ། མུན་པ་དང ། རྡུལ་མེད་ཅིང་སའི་གཞི་སྔོ་གཞོན་ནུ་སྐྱེས་པས་ཁེབས་པར་གནས་པའི་ཚེ།[་\[]་འཇིག་རྟེན་གསུམ་གྱི་ག་ཙོ་བོ་འཇིག་རྟེན་གྱིས་མཆོད་པས་དུས་ལ་བབ་པའི་ཚོད་ལ་རྣམ་པར་གཟིགས་ནས། ཚེས་བཅོ་ལྔའི་ཟླ་བ་ཉ་ལ་སྐར་མ་རྒྱལ་གྱི་དུས་སུ། ཡུམ་གསོ་སྦྱོང་བླང་ས་པའི་རུམ་དུ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ནས་འཕོས་ཏེ། དྲ་ན་ཞིང་ཤེས་བཞིན་དུ། གླང་པོའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པ། མགོའི་ཁ་དོག་སྲིན་བུ་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟ་བུ། མཆེ་བ་ལ་གསེར་འཚིག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་ཉམས་པ་མེད་པར་བྱས་ཏེ། མའི་གློ་གཡས་པ་ནས་ཞུགས ། ། ཞུགས་ནས་ཀྱང་གློ་གཡས་པ་ལོགས་སུ་བརྟེན་ཏེ་གནས་ཀྱི། གླགཡོན་པ་ལོགས་སུ་ནམ་ཡང་མ་བརྟེན་ཏོ། །ལྷ་མོ་སྒྱུ་འཇུལ་མལ་བདེ་བ་ན་ཉལ་བ་དེས་ཀྱང་རྨི་ལམ་འདི་ལྟ་བུ་མཐོང་ངོ ། །གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག ། རྐང་ལག་རབ་མཛིས་མགོ་བོ་དམར་སྡུག་པ། །འགྲོས་བཟང་ལུས་ཚིགས་རྡོ་རྗེ་
46-77
བཞིན་བརྟན་པ། །གླང་པོ་མཆོག་གཅིག་ཁོང་དུ་སོང་སྙམ་བྲེད ། །དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ནའང ། །མ་མཐོང་མ་ཐོས་མོང་བར་མ་གྱུར་ཏེ། །ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེར་གྱུར་ནས། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར ། །དེ་ནས་ལྷ་མོ་སྐྱུ་འཕྲུལ་རྒྱན་དང་གོས་ལྟུག་ལྔུག་པོར་རྒྱོན་ཅིང ། ཐོགས་པ་ལས་ལུས་དང་སེམས་བདེ་བར་གྱུར་ཏེ། དགའ་བ་དང ། རང་ས་པ་དང ། ཉམས་བདེ་བ་ཐོབ་ནས། མལ་དམ་པ་དེ་ལས་ལངས་ཏེ་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ནས་ཁང་བཟང་ས་དེའི་སྟེང་ནས་བབས་ཏེ། ཤིང་མྱ་ངན་འཚང་གི་ནགས་ཚལ་ག་ལ་བ་དེར་སོང་ནས། དེ་མྱ་ངན་འཚང་གི་ནགས་ཚལ་དུ་བདེ་བར་འདུག་སྟེ། རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་ཕོ་ཉ་བཏང་ནས། རྒྱལ་པོ་གཤེགས་སུ་གསོལ། ལྷམོ་ད་ཁྱོད་ཀྱི་ཞལ་མཐོང་བར་བཞེད་དོ། །ཞེས་བྱས་པ་དང ། རྒྱལ་པོ་ཟས་ག་ཙང་མས་ཚིག་དེ་ཐོས་ནས། རབ་ཏུ་དགའ་བར་གྱུར་ཏེ། ལུས་གཡོས་ནས་ཁྲི་བཟང་པོ་ལས་ལང་ས་ཏེ། རློན་པོ་དང ། གྲོང་རྡལ་པ་དང ། འཁོར་དང ། གཉེན་པའི་སྐྱེ་བོ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ།[་\[]་མྱ་ངན་འཚང་གི་ནགས་ཚལ་ག་ལ་བ་དེར་སོང་ངོ ། །སོང་ནས་ཀྱང་བདག་གི་ལུས་ཤིན་ཏུ་ལྕི་བ་སྙམ་བྱེད་ནས། མྱ་ངན་འཚང་གི་ནགས་ཚལ་དུ་འགྲོ་མ་ནུས་ཏེ།[་\[]་མྱ་ང་ནའཚང་གི་ནགས་ཚལ་གྱི་སྒོར་འདུག་ན ། ཅུང་ཟད་ཅིགབསམས་ཏེ། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་སྨྲས་ས་སོ། །བདག་ནི་གཡུལ་དུ་དཔའ་བའི་ཕུལ་ན་པ། ། དེང་ལྟར་ལུས་ལྕི་བདག་གིས་མོང་མི་དྲ་ན། །བདག་གི་ཁྱིམ་དུའང་འགྲོ་བར་དེང་མ་ནུས། །ཀྱེ་མ་འདི་ཅི་སུ་ལ་དྲི་བར་བྱ། །གནས་གཙང་མའི་རིས་ཀྱི་ལྷ་དག་ནམ་མཁའི་དཀྱིལ་ན་འཁོད་ནས་ལུས་བྲེད་མངོན་པར་སྤྲུལ་ཏེ། རྒྱལ་པོ་ཟས་
46-78
གཙང་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། དཀའ་ཐུབ་བརྟུལ་ཞུགུས་ཡོན་ཏན་ལྡན་པ་འཇིག་རྟེན་གསུམ་གྱིས་མཆོད ། །བྱམས་དང་སྙིང་རྗེ་ཐོབ་པས་བསོད་ནམས་ཡེ་ཤེས་དབང་བསྐུར་བའི། །བྱང་ཆུབ་སེམས་དཔའ་ཆེ་བ་དགའ་ལྡན་གནས་ནས་འཕོས་གྱུར་ཏེ། །རྒྱལ་པོ་ཁྱོད་ཀྱི་སྲས་གྱུར་ལྷ་མོ་སྒྱུ་འཟུལ་མང་ལ་དུ་ཞུགས། །དེ་ཚེ་རང་གི་མགོ་ཅོགས་སོར་བརྩུ་ཐལ་མོ་སྦྱར་བྱས་ཏེ། །རྒྱལ་པོ་རིམ་གྲོ་བྱ་བར་ལྡན་གྱུར་དེ་ཡི་ནང་དུ་ཞུགས། །ང་རྒྱལ་དེགས་པ་མེད་པས་ལྷ་མོ་སྒྱུ་འཕྲུལ་ངོར་བལྟས་ཏེ། །ངས་ནི་ཁྱོད་ལ་ཅི་བྱ་ཅི་སྦྱར་ཁྱོད་ཀྱིས་ང་ལ་སྦྲོས། །ལྷ་མོས་སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ཉི་ཟླའི་འོད་ལས་འཕགས་པ་སྟེ། །རྐང་ལག་ལེགས་ཤིང་རབ་འབྱེས་མཆེ་བ་དྲུག་ལྡན་ཆེ་བ་ཉིད ། །གླང་པོའི་དམ་པ་རྡོ་རྗེ་བཞིན་དུ་ཚིགས་བརྟན་གཟུགས་བཟང་བ། །བདག་གི་རུམ་དུ་ཞུགས་ཀྱིས་དེ་ཡི་ལོ་རྒྱུས་གསན་པར་གསོལ། །སྟོང་གསུམ་ཁམས་འདི་མཇེས་པར་རབ་རིབ་མ་མཆིས་བདག་གིས་མཐོང ། །བདག་ནི་ཉལ་ཞིང་མཆིས་ན་ལྷ་རྣམས་བྲེ་བས་རབ་ཏུ་བསྟོད ། །འོན་ཀྱང་བདག་ལ་ཁྲོ་ཞིང་འཚིག་དང་ཞེ་སྡང་མོང་ས་མ་མཆིས། །ཞི་བའི་སེམས་སུ་གྱུར་ཅིང་བསམ་གཏན་བདེ་དང་ལྡན་སྙམ་བགྱིད ། །བདག་གི་མི་ལམ་འདི་ནི་རིགས་ལ་དགིའམ་དངོ་འམ་ཅི། །བདག་གི་མི་ལམ་འདི་ནི་ཡང་དག་ལྡན་པར་ལུང་སྟོན་པ། །རིག་བྲེད་མི་ལམ་གཞུང་ལ་མཁས་ཤིང་གཟའ་ཡི་ཆོ་ག་མཁན། །རྒྱལ་པོ་མྱུར་དུ་བྲམ་ཟི་འདིར་ནི་ལེགས་པར་དགུག་ཏུ་གསོལ། །དེ་སྐད་ཚིག་ཐོསརྒྱལ་པོས་དེ་ཡི་དུས་ཀྱི་སྐད་ཅིག་ལ། །བྲམ་ཟེ་རིག་བྲེད་བསྟན་བཅོས་གཞུང་ལ་ཤིན་ཏུ་མཁས་པ་གཉེར། ། སྐྱུ་འཇུལ་བྲམ་ཟེ་རྣམས་ཀྱི་མདུན་དུ་འདུག་ནས་འདི་སྐད་སྨྲས། །ཁོ་མོས་མི་ལམ་འདི་འདྲ་མཐོང་ན་དེ་ཡི་ལོ་རྒྱུས་གསོན། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ལྷ་མོ་བཀའ་སྩལ་དུ་གསོལ། ཁྱོད་ཀྱིས་
46-79
མི་ལམ་ཅི་འདྲ་བ་ཞིག་གཟིགས། ཐོས་ནས་ཀྱང་དབྱད་པར་བགྱིའོ། །ལྷ་མོས་སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ཉི་ཟླའི་འོད་ལས་འཕགས་པ་སྟེ། །རྐང་ལག་ལེགས་ཤིང་རབ་འབྱེས་མཆེ་བ་དྲུག་ལྡན་ཆེ་བ་ཉིད ། །གླང་པོའི་དམ་པ་རྡོ་རྗེ་བཞིན་དུ་ཚིགས་བརྟན་གཟུགས་བཟང་བ། །བདག་གི་རུམ་དུ་ཞུགས་ན་དེ་ཡི་ལོ་རྒྱུས་མཉན་པར་གྱིས། །དེ་སྐད་ཚིག་ཐོས་ནས་ནི་བྲམ་ཟེ་རྣམས་ཀྱིས་འདི་སྐད་སྨྲས། །རིགས་ལ་དངོ་བ་མ་མཆིས་དགྱིས་པ་རྒྱ་ཆེན་བརྙེས་པར་འགྱུར ། ། ཁྱོད་ལ་ས?ས་མངའ་མཚན་གྱིས་ཡན་ལག་བརྒྱན་པ་སྐྱེ་བར་འགྱུར། །རྒྱལ་པོའི་རིགས་སུ་རིགས་ལྡན་འཁོར་ལོས་སྒྱུར་བ་ཆེ་བ་ཉིད ། །གལ་ཏེ་འདོད་པ་དག་དང་རྒྱལ་སྲིད་ཕོ་བྲང་སྤངས་གྱུར་ཏེ། །འཇིག་རྟེན་ཀུན་ལ་ཐུགས་བརྩེ་ཆགས་མེད་རབ་ཏུ་བྱུང་གྱུར་ན། །དེ་ནི་འཇིག་རྟེན་གསུམ་ན་སྤྱིན་གནས་སངས་རྒྱས་འགྱུར་བ་སྟེ། །བདུད་རྩི་མཆོག་གི་རོ་ཡིས་འཇིག་རྟེན་ཐམས་ཅད་ཚིམ་མཛད་འགྱུར། ། དེ་སྐད་ཚིག་སྙན་ལུང་བསྟན་ཏེ། །རྒྱལ་པོའི་ཕོ་བྲང་ཟན་ཟོས་ནས། །བྱ་དགའ་བྱིན་པ་བླང་ས་ནས་ས་སུ། །བྲམ་ཟི་དེ་དག་གྱིར་དོང་ངོ ། །དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་ག་ཙང་མས་བྲམ་ཟེ་མཚན་དང་ལྟས་ཤིས་ཤིང་རྣམ་པར་འབྲེད་པ་དང ། མི་ལམ་གྱི་གཞུང་ཤེས་པ་དག་ལས་དེ་སྐད་ཀྱི་ཚིག་ད་ཐོས་ནས། ཚིམ་ཞིང་མགུ་སྟེ། ཡི་རང་ས་ལ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས། བྲམ་ཟེ་དེ་དག་བཟའ་བ་དང་བཏུང་བ་དང ། མྱང་བ་མང་པོ་ཉམས་སུ་བསོད་པས་ཚིམ་ཞིང་ངོམས་པར་བྱས་ནས། བྱ་དགའ་བྱིན་ཏེ་བརྒྱེའོ། །དེ་ཉིད་ཀྱི་ཚེ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དེའི་སྒོ་བཞི་ན། རྒོང་ཁྱེར་གྱི་བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་སྤྱིན་པ་བྱིན་ཏེ། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར ། ཟས་འདོད་པ་རྣམས་ལ་ནི་ཟས།
46-80
སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། སྤོས་འདོད་པ་རྣམས་ལ་ནི་སྤོས། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ། གནས་འདོད་པ་རྣམས་ལ་ནི་གནས། འཚོ་བ་འདོད་པ་རྣམས་ལ་ནི་འཚོབ་བྱིན་ན་ནོ། །དགེ་སློང་དག་དེ་ནས་རྒྱལ་པོ་ཟས་ག་ཙང་མ་འདི་སྙམ་དུ་སེམས་ཏེ། ལྷ་མོ་སྒྱུ་འཕྲུལ་འདི་ཁྱིམ་གང་ན་འདུག་ན་བདེ་ཞིང་ཉོན་མོང་ས་པ་མེད་པར་འདུག་པར་འགྱུར་སྙམ་པ་དང ། དེ་ནས་སྐད་ཅིག་དེ་ཉིད་ལ་རྒྱལ་པོ་ཆེན་པོ་བཞི་རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་འོང་ས་ཏེ་འདི་སྐད་ཅེས་སྨྲས་སོ། །ལྷ་ཐུགས་ལས་སུ་མ་མཛད་པར་བཏང་སྟོམས་སུ་བདེ་བར་བཞུགས་ཤིག་།བདག་ཅག་གིས་བྱང་ཆུབ་སེམས་དཔའི་ལོ་བྲང་བཤམ་མོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རྒྱལ་པོ་ཟས་ག་ཙང་མའི་གན་དུ་འོང་ས་ཏེ་འདི་སྐད་ཅེས་སྨྲས་སོ། །སྐྱོང་བའི་གཞལ་མེད་ཁང་རྣམས་ང་ན། །སུམ་ཅུ་རྩ་གསུམ་པ་ཡི་བཟང ། །བྱང་ཆུབ་སེམས་དཔའི་ཕོ་བྲང་ནི། །རྣམ་པར་རྒྱལ་ཙམ་བདག་གིས་དབུལ། །དེ་ནས་ལྷའི་བུ་རབ་འཐབ་བྲལ་རྒྱལ་པོ་ཟས་ག་ཙང་མའི་གན་དུ་འོང་ས་ཏེ་འདི་སྐད་ཅེས་སྨྲས་ས་སོ། །ཁོ་བོའི་ཁང་ཁྱིམ་མཐོང་གྱུར་ནས། །བརྒྱ་བྱིན་བྲེ་བ་ངོ་མཚར་གྱུར ། །འཐབ་བྲལ་རབ་ཀྱི་དཔལ་ལྡན་ཁང ། །རྒྱལ་བའི་སྲས་ལ་བདག་འབུལ་ལ་ལོ། །དེ་ནས་ལྷའི་བུ་ཡོངས་སུ་དགའ་ལྡན་རྒྱལ་པོ་ཟས་ག་ཙང་མའི་གན་དུ་འོང་ས་ཏེ་འདི་སྐད་ཅེས་སྨྲས་སོ། །གྲགས་པ་ཆེ་མངའ་སྔོན་ཆད་ནི། ། དགའ་ལྡན་གང་དུ་བཞུགས་གྱུར་པ། །ཕོ་བྲང་དམ་པ་དགྱིས་པ་དེ ། །རྒྱལ་བའི་སྲས་ལ་བདག་འབུལ་ལ་ལོ། །དེ་ནས་ལྷའི་བུ་རབ་འཕྲུལ་དགའ་རྒྱལ་པོ་ཟས་ག་ཙང་མའི་གན་དུ་འོང་ས་ཏེ། འདི་སྐད་ཅེས་སྨྲས་སོ། །དཔལ་ལྡན་ཡིད་ལས་
46-81
གྲུབ་པའི་ཁང ། །དེ་ནི་རིན་ཆེན་རང་བཞིན་ཏེ། །བྱང་ཆུབ་སེམས་དཔའ་མཆོག་དོན་དུ། །རྒྱལ་པོ་བདག་གིས་དབུལ་བར་བགྱིས ། །དེ་ནས་ལྷའི་བུ་གཞན་འཕྲུལ་དབང་བྲེད་རྒྱལ་པོ་ཟས་ག་ཙང་མའི་གན་དུ་འོང་ས་ཏེ་འདི་སྐད་ཅེས་སྨྲས ། །འདོད་པའི་ཁམས་གནས་ཇི་སྙེད་པ། །གཞལ་མེད་ཁང་མཇེས་གང་ཡོད་པ། །བདག་གི་གཞལ་མེད་ཁང་དྲུང་ན། །འོད་དང་མདོག་ཀྱང་སྟོར་བར་སྣང ། །དེ་བས་དཔལ་ལྡན་བདག་གིས་དབུལ། །བྱང་ཆུབ་སེམས་དཔའ་མཆོད་པའི་གྱིར། །རིན་ཆེན་རང་བཞིན་ཕོ་བྲང་བཟང ། །དེ་ནི་རྒྱལ་པོ་བླང་བར་གྱིས། །ལྷ་ཡི་མེ་ཏོག་རབ་བཀང་སྟེ། །ལྷ་ཡི་སྤོས་ཀྱི་ང་དལྡང་བའི། ། ལོ་བྲང་ཡང་ས་པ་བདག་གིས་དབུལ། །དེར་ནི་ལྷ་མོ་བཞུགས་པར་གྱིས། །དགེ་སློང་དག་དེ་ལྟར་འདོད་པ་ན་སྤྱོད་པའི་ལྷའི་དབང་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་གྱིར་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དམ་པ་དེར་རང་ར་ང་གི་ཁྱིམ་ཕུལ་བར་གྱུར་ཏོ། །རྒྱལ་པོ་ཟས་ག་ཙང་མས་ཀྱང་མིའི་ལས་ནི་འདས་ཀྱི་ལྷ་ཡིར་ནི་མ་གྱུར་པ་བཤམས་པར་གྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་མཐུས་ཁྱིམ་དེ་དག་ཐམས་ཅད་དུ་ལྷ་མོ་སྒྱུ་འཕྲུལ་མངོན་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ལྷ་མོ་སྒྱུ་འཕྲུལ་གྱི་རུམ་ན་འདུག་པའི་ཚེ། བློ་གཡས་བྱོགས་ལོགས་སུ་སྐྱིལ་མོ་ཀྲུང་བ་ཅས་ཏེ་གནས་པར་གྱུར་ཏོ། །ལྷའི་དབང་པོ་དེ་དག་ཐམས་ཅད་ཀྱང་སོ་སོ་ནས་བདག་ཉིད་ཀྱི་ཁྱིམ་ན་བྱང་ཆུབ་སེམས་དཔའི་མ་འདུག་གི་གཞན་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཏིང་འཛིན་བཀོད་པ་ཆེ་ལ་གནས་གྱུར་ཏེ། །སྤྲུལ་པ་བསམ་གྱིས་མི་ཁྱབ་སྤྲུལ་བྱས་ནས། །ལྷ་རྣམས་ཐམས་ཅད་བསམ་པ་རྫོགས་པར་བྱས། །རྒྱལ་པོའང་དེ་ལྟར་ཡིད་བཞིན་རཝསམ་པ་གྲུབ།།
46-82
དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཡིན་པ་དེ་དག་ཀྱང་མིའི་ལུས་ཀྱི་དྲི་བྲོ་ན་སྐྱོ་ཞིང་འབྱོལ་ན། དེ་མ་ཡིན་པའི་ལྷ་གཞན་སུམ་ཅུ་རྩ་གསུམ་མམ ། འཐབ་བྲལ་ལམ། དགའ་ལྡན་གྱི་ལྷའི་བུ་དག་ལྟ་སྨས་ཀྱང་ཅི་དགོས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་ག་ཙང་ཞིང་དྲི་ང་བ་དང་བྲལ་བ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སེམས་ཅན་རིན་པོ་ཆེ་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ། ཡུམ་གྱི་ལྷུམས་མིའི་ལུས་དྲི་མི་ཞིམ་པར་བཞུགས་པར་གྱུར་སྙམ་པ་དང ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀྱུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བུད་མེད་ཀྱི་ལུས་ནི་སྨད་པ་ལགས་པ་དང ། འདོད་ཆགས་ལ་སྤྱོད་ཅེས་བགྱི་བའི་བར་དུ་དེ་བཞིན་གཤེགས་པས་གསུང་ས་པ་ངོ་མཚར་ཆེ་ན། བཅོམ་ལྡན་འདས་དེ་བས་ཀྱང་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སྔོན་བྱང་ཆུབ་སེམས་དཔར་གྱུར་པ། འདི་ལྟར་དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ། ཡུམ་གྱི་ལྷུམས་མིའི་ལུས་སུ་གློ་གཡས་བྱོགས་སུ་བརྟེན་ཏེ་བཞུགས་སོ། །ཞེས་བགྱི་བ་འདི་ནི་རབ་ཏུའང་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས། སྔོན་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཛད་དོ་ཞེས་དེ་སྐད་དུ་སྨྲ་བར་ནི་བདག་ལ་སྤྲོ་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་གང་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ཡོངས་སུ་སྤྱད་པར་གྱུར་པ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དེའི་དུས་ནི་དལགས ། །བདེ་བར་གཤེགས་པ་དེའི་དུས་ནི་དལགས་ཏེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་དེ་
46-83
བསྟན་ཏེ་མཐོང་ན་གློ་བ་དགའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་དེ་ལྟ་བུའི་མཚན་མ་མཛད་དེ། དེས་མི་མཇེད་ཀྱི་བདག་པོ་ཚང་ས་པ། ཚང་ས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ཚང་ས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་གྱིན་ནས། དས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདུད་ཅིང་ཕྱོགས་གཅིག་ཏུ་འདུག་ག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚང་ས་པ་ལ་བཀའ་སྩལ་པ། ཚང་ས་པ་ཁྱོད་ཀྱིས་སྔོན་ང་བྱང་ཆུབ་སེམས་དཔའར་གྱུར་ཅིང་མའི་རུམ་ན་ཟླ་བ་བཅུར་འདུག་འདུག་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་བླང་ས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ས་སོ། །བཀའ་སྩལ་པ། ཚང་ས་པ་ད་དེ་ག་ལ་ཡོད་སྟོན་ཅིག་།གསོལ་པ། བཅོམ་ལྡན་འདས་དེ་ནི་ཚང་ས་པའི་འཇིག་རྟེན་ན་མཆིས་སོ། །བཀའ་སྩལ་པ། ཚང་ས་པ་དེའི་གྱིར་ཟླ་བ་བཅུ་པའི་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་དེ་འདིར་ཁྱོད་ཀྱིས་སྟོན་ཅིག་དང ། ཇི་ཙམ་དུ་འདུས་བྱས་པ་ཤེས་པར་འགྱུར་རོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚང་ས་པས། ཚང་ས་པ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོས་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེ་བླང་གིས་དེའི་བར་དུ་ཁྱེད་འཁོད་ཅིག་།དེ་ནས་མི་མཇེད་ཀྱི་བདག་པོ་ཚང་ས་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཆལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་མི་སྣང་བར་གྱུར་ནས་སྐད་ཅིག་དེ་ཉིད་ལ་ཚངས་པའི་འཇིག་རྟེན་དུ་གྱིན་ཏོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚང་ས་པས་ལྷའི་བུ་ཚང་ས་པ་བཟང་པོ་ལ་འདི་སྐད་ཅེས་སྨྲས་
46-84
སོ། །གྲོགས་པོ་ཁྱོད་སོང་ལ་ཚང་ས་པའི་འཇིག་རྟེན་འདི་མན་ཆད་སུམ་ཅུ་རྩ་གསུམ་གྱི་གནས་ཡན་ཆད་དུ་སྒྲ་སྒྲོགས་ཏེ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་བདག་ཅག་གིས་དེ་བཞིན་གཤེགས་པའི་སྤྱན་སྔར་བཀུར་ན་ཁྱེད་ཀྱི་ནང་ནས་མཐོང་བར་སུ་དགའ་བ་མྱུར་དུ་ཤོག་ཤིག་ཅེས་སྒྲས་གོ་བར་གྱིས་ཤིག་།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། ལྷ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་བླང་ས་ཏེ། ཚང་ས་པའི་གཞལ་མེད་ཁང་ཆེན་པོ་དཔག་ཚད་སུམ་བརྒྱ་པའི་སྟེང་དུ་བཞག་ནས། ལྷ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་ཏེ། འཛམ་བུའི་གླིང་དུ་ཕབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞབས་འབྱིང་དུ་འདོད་པ་ན་སྤྱོད་པའི་ལྷའི་བུ་འདུས་པ་ཆེན་པོར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེ་ཡང་ལྷའི་གོས་དང ། ལྷའི་ཕྲེང་བ་དང ། ལྷའི་སྤོས་དང ། ལྷའི་མེ་ཏོག་དང ། ལྷའི་རོལ་མོའི་དབྱང་ས་སྒྲ་དང ། ལྷའི་ལོང་ས་སྤྱོད་རྣམས་ཀྱིས་མངོན་པར་འདུས་བྱས་པར་གྱུར་ཅིང་ལྷ་དབང་ཆེ་བར་གྲགས་པ་དག་གིས་ཡོངས་སུ་བསྐར་བར་གྱུར་པ་ནི་འདི་ཙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་རྒྱ་མཚོ་ཆེན་པོའི་དབུས་སུ་འདུག་ནས་རྒྱང་རིང་པོ་ནས་གདོང་ཐལ་མོས་བསྐྱབས་ཏེ་མགོ་བྱོལ་ནས་བལྟས་ཀྱང་མཐོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་ནང་ན་ཚང་ས་པ་དག་ནི་མཐུ་ཆེ་བ་སྟེ། སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཇུལ་དགའ་དང ། གཞན་འཕྲུལ་དབང་བྲེད་ཀྱི་ལྷ་དག་ཀྱང་དེ་དག་གི་དྲུང་ན་དམའ་བ་ཡིན་ན། ལྷའི་དབང་པོ་བརྒྱ་བྱིན་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ལྷའི་རོལ་མོ་དབྱང་ས་སྒྲའི་སྒྲ་དེ་དག་ཞི་བར་མཛད་
46-85
དོ། །དེ་ཅིའི་གྱིར་ཞེ་ན། དེ་ཐོས་པ་ཙམ་གྱིས་འཛམ་བུའི་གླིང་གི་མི་རྣམས་མོ་མོ་པོར་འགྱུར་དུ་འོང་བའི་གྱིར་ར་རོ། །དེ་ནས་རྒྱལ་པོ་ཚེན་པོ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་ལྷགས་ནས་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་འདི་བདག་ཅག་གིས་མཐོང་བར་མི་ནུས་ན་ཇི་ལྟར་བ་གྱི། དེས་དེ་དག་ལ་སྨྲས་པ། གྲོགས་པོ་དག་ཁོ་བོས་ཀྱང་ཇི་ལྟར་བྱ། ཁོ་བོ་ཉིད་ཀྱིས་ཀྱང་མཐོང་བར་མི་ནུས ། །གྲོགས་པོ་དག་འོན་ཀྱང་དེ་ནི་ནམ་བཅོམ་ལྡན་འདསྐྱི་སྤྱན་སྔར་ཕུལ་བ་དེའི་ཚེ་མཐོང་གྲང་ང་ངོ ། །དེ་དག་གིས་སྨྲས་པ། ལྷའི་དབང་པོ་དེ་བས་ན་ཅི་ནས་ཀྱང་མྱུར་དུ་མཐོང་བར་འགྱུར་བ་དེ་ལྟར་མཛད་དུ་གསོལ། སྨྲས་པ། གྲོགས་པོ་དག་ལྷའི་བུ་མངོན་པར་འཕགས་པ་མངོན་པར་འཕགས་པ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གྱིན་ཏེ། དགའ་བར་བྱ་བའི་ཚིག་བརྗོད་པར་གྱུར་གྱི་བར་དུ་སྣོད་ཅིག ། དེ་ནས་དེ་དག་བྱོགས་གཅིག་ཏུ་འཁོད་དེ་མགོ་བྱོལ་ནས་བཅོམ་ལྡན་འདས་ལོགས་སུ་ལྟ་ཞིང་འཁོད་པར་གྱུར་ཏོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚང་ས་པ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པར་བྱ་བ་རིན་པོ་ཆེ་བཀོད་པ་དེ་ཁྱེར་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་ཕུལ་ལོ། །བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆབཀོད་པ་དེ་ནི་གཟུགས་བཟང་བ་མཇེས་པ་བལྟ་ན་སྡུག་པ་གྲུ་བཞི་ལྷ་མ་པ། ཀ་བ་བཞི་ཟུག་པ། སྟེང་ཁང་པ་བརྩེགས་པས་ལེགས་པར་བརྒྱན་པ་སྟེ། དེའི་ཚད་ནི་འཕང་དུ་འདི་ལྟ་སྟེ། དཔེར་ན་བྱིས་པ་བསྟས་ནས་ཟླ་བ་དྲུག་ལོན་པ་ཙམ་མོ། །ཁང་པ་བརྩེགས་པ། དེའི་ནང་དུ་ཁྲི་བཤམས་པ་ནི་འདི་ལྟ་སྟེ་དཔེར་ན་བྱིས་པ་བསྟས་ནས་ཟླ་བ་དྲུག་ལོན་པ་འདུག་པའི་སྟེགས་བུ་ཙམ་མོ།།
46-86
བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པར་བྱ་བ་རིན་པོ་ཆེ་བཀོད་པ་དེའི་ཁ་དོག་དང་དབྱིབས་ནི་འདི་ལྟ་བུ་སྟེ། ལྷ་དང་བ་ཅས་པའི་འཇིག་རྟེན་ན་དེའི་དབྱིབས་དང་ཁ་དོག་འདྲ་བ་གང་ཡང་མེད་དོ། །ལྷ་རྣམས་ཀྱིས་དེ་མཐོང་ན་ཡང་མིག་འཁྲུགས་ཤིང་ངོ་མཚར་དུ་འགྱུར་རོ། །དེ་དེ་བཞིན་གཤེགས་པའིསྤྱན་སྔར་བཞག་ན་ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། དཔེར་ན་མགར་བ་མཁས་པས་ཤིན་ཏུབཞུ་སྟེ ། ལེགས་པར་སྦྱང་ས་ནས། དྲི་མའི་སྐྱོན་མེད་པར་བྱས་པའི་གསིར་བཞིན་དུ་ཁང་པ་བརྩེགས་པ་དེ་རྣམ་པར་མཇེས ། །བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་དེའི་ནང་དུ་ཁྲི་བཤམས་པ་ནི། བྱང་ཆུབ་སེམས་དཔའི་དུང་མགྲིན་མ་གཏོགས་པ་ལྷ་དང་བ་ཅས་པའི་འཇིག་རྟེན་ན་དེའི་དབྱིབས་དང ། ཁ་དོག་འདྲ་བ་གང་ཡང་མེད་དོ། །ཚང་ས་པ་ཆེན་པོས་གོས་བགོས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཁྲི་དེའི་དྲུང་ན་མཛིས་པར་མི་སྣང་སྟེ། འདི་ལྟ་སྟེ་དཔེར་ན། རླུང་དང་ཆར་གྱིས་བཏབ་པའི་ལ་བ་ནག་པོ་བཞིན་ནོ། །ཁང་པ་བརྩེགས་པ་དེ་ནི་ཙན་དན་སྤྲུལ་གྱི་སྙིང་པོ་ལས་བྱས་པ་སྟེ། དེའི་ཕྱེ་མ་ཞོ་གཅིག་ལའང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱིས་རིན་དུ་མི་ཆོག་ག་གོ། །ཁང་པ་བརྩེགས་པ་དེ་ནི་ཙན་དན་སྤྲུལ་གྱི་སྙིང་པོ་དེ་ལྟ་བུས་ཀུན་ནས་བསྐོར་བ་སྟེ། ཁང་པ་བརྩེགས་པ་དེ་དང་འདྲ་བ་གཉིས་པ་གཅིག་ཀྱང་ཁང་པ་བརྩེགས་པ་དང་པོ་དེའི་ནང་ན་མ་ཆགས་མ་རེག་པར་འདུག་གོ། །ཁང་པ་བརྩེགས་པ་དེ་ཁོ་ན་དང་འདྲ་བ་གསུམ་པ་གཅིག་ཀྱང་ཁང་པ་བརྩེགས་པ་གཉིས་པ་དེའི་ནང་ན་མ་རེག་མ་ཆགས་པར་འདུག་ག་གོ། ། སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་དེའི་ནང་དུ་ཁྲི་དེ་བཞག་སྟེ་གད་ན་བཏིང་ང་ངོ ། ། ཙན་དན་སྤྲུལ་གྱི་སྙིང་པོ་དེའི་ཁ་དོག་ནི་རྣམ་པ་འདི་ལྟ་བུ་སྟེ། དཔེར་ན་བཻ་ཕྱུ་རྱ་སྔོན་པོ་རིགས་དམ་པ་དང་ལྡན་པ་བཞིན་ནོ། །སྤོས་ཀྱི་ཁང་པ་བརྩེགས་
46-87
པ་དེའི་འཁོར་ན་མེ་ཏོག་ལྷའི་ལས་འདས་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་བསྐྱེད་པར་བྱང་ཆུབ་སེམས་དཔའི་སྔན་གྱི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་ཁང་པ་བརྩེགས་པ་དེར་སྐྱེའོ། །བྱང་ཆུབ་སེམས་དཔའི་ཡོང་ས་སུ་སྤྱད་པ། རིན་པོ་ཆེ་བཀོད་པ་དེ་ནི་རྡོ་རྗེའི་རང་བཞིན་ཏེ། སྲ་ཞིང་བརྟན་ལ་མི་ཤིགས་པ་སྟེ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བའོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་བཀོད་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེར་ཀུན་ཏུ་སྣང་ངོ་།། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་མའི་རུམ་དུ་འཇུག་པ་དེ་ཡི་ནུབ་མོ་འོག་གི་ཆུའི་ཕུང་པོ་ནས་བཟུང་སྟེ། ས་ཆེན་པོའི་རྔམས་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་བརྟོལ་ཏེ་པད་མ་བྱུང་བས་ཚང་ས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་སོ། །པད་མ་དེ་ནི་ཁ་ལོ་སྒྱུར་བ་སྐྱེས་བུའི་དམ་པ་དང ། ཚང་ས་པ་ཆེན་པོ་བརྒྱ་ཕྲག་བཅུའི་སྟོབས་ལ་དབང་བས་མཐོང་དུ་ཟད་ཀྱི་གཞན་སུས་ཀྱང་མཐོང་བ་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སྙིང་ཁུ་དང ། སྙིང་པོ་དང ། བཅུད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་པད་མ་ཆེན་པོ་དེ་ལ་ཟིལ་དང་ར་གྱི་ཐིགས་པར་ཆགས་ཏེ། འདུག་ནས་དེ་ཚང་ས་པ་ཆེན་པོས་བཻ་རུཀྱའི་སྣོད་བཟང་པོས་བླང་ས་ཤིང་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་བྱང་ཆུབ་སེམས་དཔས་ཀྱང་དེ་བླང་ས་ཏེ་ཚངས་པ་ཆེན་པོ་ལ་སྙིང་བརྩེ་བའི་གྱིར་འཐུང་ས་པར་གྱུར་ཏོ། །སྙིང་ཁུའི་ཐིགས་པ་དེ་འཐུང་ས་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་རྫོགས་པ་མ་གཏོགས་པར་དེ་ཡང་དག་པར་བདེ་བར་ཞུ་བར་ནུས་པ་སེམས་ཅན་གྱི་ཁམས་ན་སེམས་ཅན་དེ་ལྟ་བུ་དེ་གང་ཡང་མེད་དོ། །ལས་གང་གི་རྣམ་པར་སྨིན་པས་
46-88
སྙིང་ཁུའི་ཐིགས་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་ཡོད་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔས་སྔོན་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ། སེམས་ཅན་ནད་པ་དག་ལ་སྨན་བྱིན་པ་དང ། སེམས་ཅན་བསམ་པ་ལ་རྟེན་པ་རྣམས་ཀྱི་བསམ་པ་ཡོངས་སུ་བསྐང་བ་དང ། སྐྱབས་སུ་འོང་ས་པ་རྣམས་ཡོངས་སུ་མ་བཏང་བ་དང ། རྟག་པར་མེ་ཏོག་གི་ཕུད་དང ། འབྲས་བུའི་ཕུད་དང ། རོའི་ཕུད་དེ་བཞིན་གཤེགས་པ་རྣམས་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་དང ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་རྣམས་དང ། ཕ་དང་མ་ལ་ཕུལ་ཞིང་ཕྱིས་བདག་ཇིད་ལོང་ས་སུ་སྤྱོད་སྤྱོད་པས་ལས་དེའི་རྣམ་པར་སྨིན་པས་ཚང་ས་པ་ཆེན་པོ་ཟིལ་དང་ར་གྱི་ཐིགས་པ་དེ་བྱང་ཆུབ་སེམས་དཔའ་ལ་འབུལ་ལོ། །ཁང་པ་བརྩེགས་པ་དེར་གནས་ཀྱི་ཁྱད་པར་དགའ་བ་དང ། རྩེད་མོ་དང ། ཕྲེང་བ་བརྒྱུས་པ་དང་ལྡན་པ་འཕགས་པ་འཕགས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་དེར་བྱུང་བར་སྣང་ངོ ། །བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་དེར་གོས་སྟོང་ཕྲག་བརྒྱའི་རྒྱན་ཅེས་བྱ་བ་ཕྲུགས་ཅིག་བྱུང་སྟེ། དེའི་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན་སེམས་ཅན་དེ་ལྟ་བུ་དེ་གང་ཡང་མེད་དོ།། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་མཆོག་ཏུ་བྱ་བ་དམ་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁང་པ་བརྩེགས་པ་དེ་ནི་མེད་པ་གང་ཡང་མེད་དོ། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱབ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། ལོང་ས་སུ་སྤྱད་པར་བྱ་བ་ཁང་པ་བརྩེགས་པ་དེ་ནི་འདི་ལྟར་གྱི་ནང་ཤིན་ཏུ་
46-89
ལོང་ས་སུ་གྲུབ་པ། འདི་ལྟར་ཤིན་ཏུ་ཡོངས་སུ་རྫོགས་པ་སྟེ། འདི་ལྟ་སྟེ་དཔེར་ན། ཡུལ་ཀ་ཡིང་ཀ་ནས་བྱུང་བའི་དྲ་ལྟར་རེག་ན་བདེ་བའོ། །དེ་ཡང་འོལ་བྱིར་བསྟན་པར་ཟད་ཀྱི། དེ་ལ་དཔེ་མེད་དོ། །བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་གྱིས་འདི་ནི་བསམས་པས་འགྲུབ་སྟེ། གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་འཇིག་རྟེན་དུ་སྐྱེ་བ་དང ། མངོན་པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། མ་གང་གི་རུམ་དུ་སྐྱེ་བར་འགྱུར་བ་དེའི་རུམ་གཡས་པར་ཁང་པ་བརྩེགས་པ་རིན་པོ་ཆེ་བཀོད་པ་དམ་པ་སྔར་མངོན་པར་འགྲུབ་ཅིང ། གྱིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་འཕོས་ཏེ་ཁང་པ་བརྩེགས་པ་དེར་སྐྱིལ་ཀྲུང་བ་ཅས་ནས་འདུག་པར་འབྱུང་བ་དང ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནུར་ནུར་པོ་དང ། མེར་མེར་པོ་དང ། ལྟར་ལྟར་པོ་དང ། རེང་རེང་པོར་འགྱུར་བ་མེད་ཅི་ང ། ཡན་ལག་དང ། ཉིང་ལག་དང ། མཚན་ཐམས་ཅད་ཕུན་སུམ་ཚོགས་པར་འདུག་བཞིན་དུ་འབྱུང་ལ། ལྷ་མོ་སྐྱུ་འཕྲུལ་གྱི་མི་ལམ་དུ་གླང་པོ་ཆེན་པོ་འོང་ས་པར་མཐོང་བ་འདི་ནི་ཆོས་ཉིད་དོ། །དེ་དེ་ལྟར་འདུག་པ་ལ་ལྷའི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དང ། གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོཉི་ཤུ་རྩ་བརྒྱད་དང ། གང་ལས་ལག་ན་རྡོ་རྗེ་སྐྱེས་པའི་གནོད་སྤྱིན་གྱི་རིགས་གསང་བ་པ་ཞེས་བྱ་བ་དེ་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པར་ཤེས་ནས་རྟག་ཏུ་རྒྱུན་མི་འཆད་པར་གྱི་བཞིན་འབྲང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱིད་པའི་ལྷ་མོ་བཞི་ཡོད་དེ། ཨུ་ཁུ་ཡི་ཞེས་བྱ་བ་དང ། མྱུ་ཁུ་ལཱི་ཞེས་བྱ་བ་དང ། རྒྱལ་མཚན་ལྡན་པ་ཞེས་བྱ་བ་དང ། འོད་དང་ལྡན་པ་ཞེས་བྱ་བ་
46-90
སྟེ། བཞི་པོ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པར་ཤེས་ནས་རྟག་ཏུ་རྒྱུན་མི་འཆད་པར་སྲུང་ངོ ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ཤེས་ནས། རྟག་ཏུ་རྒྱུན་མི་འཆད་པར་གྱི་བཞིན་འབྲང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པའི་ལུས་ནི་རྣམ་པ་འདི་ལྟ་བུར་གྱུར་ཏེ། དཔེར་ན་མཚན་མོ་མོ་མྱུན་པ་ཤིན་ཏུ་གནག་པའི་ནང་ན་རིའི་སྤོ་ལ་མེའི་ཕུང་པོ་ཆེན་པོ་འདུག་པ་ནི་དཔག་ཚད་གཅིག་ནས་ཀྱང་སྣང་ངོ ། །དཔག་ཚད་ལྔའི་བར་ནས་ཀྱང་སྣང་ངོ ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པའི་ལུས་མངོན་པར་གྲུབ་པ་ཡང་དེ་ལྟ་བུར་གྱུར་ཏེ། འོད་གསལ་ཞིང་གཟུགས་བཟང་ལ་མཇེས་ཤིང་བལྟ་ན་སྡུག་པར་གྱུར་པ་དེ ། ཁང་པ་བརྩེགས་པ་དེའི་ནང་དུ་སྐྱིལ་མོ་ཀྲུང་དུ་འདུག་ན་གསེར་གྱི་ས་ལེ་སྤྲམ་རིགས་དང་ལྡན་པ་རིན་པོ་ཆེ་བཻ་རུརྱས་བརྒྱན་པ་ལྟར་ཤིན་ཏུ་མཇེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མས་ཀྱང་བྱང་ཆུབ་སེམས་དཔའ་རུམ་ན་འདུག་པ་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་སྤྲིན་གྱི་ཚོགས་ཆེན་པོའི་ནང་ནས་གློག་བྱུང་བ་ནི་སྣང་བ་ཆེན་པོ་སྐྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པ་ཡང་དཔལ་དང ། གཟི་བརྗིད་དང ། ཁ་དོག་གིསཉེ་བར་རིན་པོ་ཆེའི་ཁང་པ་བརྩེགས་པ་དང་པོ་དེ་སྣང་བར་བྲེད་དོ། །སྣང་བར་བྱས་ནས་སྤོས་ཀྱི་ཁང་པ་བརྩེགས་པ་གཉིས་པ་སྣང་བར་བྲེད་དོ། །སྤོས་ཀྱི་ཁང་པ་བརྩེགས་པ་གཉིས་པ་སྣང་བར་བྱས་ནས། སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་སྣང་བར་བྲེད་དོ། །སྤོས་ཀྱི་ཁང་པ་བརྩེགས་པ་གསུམ་པ་སྣང་བར་བྱས་ནས་མའི་ལུས་ཐམས་ཅད་སྣང་བར་བྲེད་དོ། །དེ་སྣང་བར་བྱས་ནས་དེ་སྟན་གང་ལ་འདུག་པ་དེ་སྣང་བར་བྲེད་དོ། །དེ་སྣང་བར་བྱས་ནས་ཁྱིམ་
46-91
ཐམས་ཅད་སྣང་བར་བྲེད་དོ། །ཁྱིམ་ཐམས་ཅད་སྣང་བར་བྱས་ནས་འོད་འཕྲོ་བ་ཁྱིམ་གྱི་སྟེང་དུ་བྱུང་སྟེ། ཤར་བྱོགས་སྣང་བར་བྲེད་དོ། །དེ་བཞིན་དུ་ལྷོ་བྱོགས་དང ། ནུབ་བྱོགས་དང ། བྱང་བྱོགས་དང ། འོག་དང ། སྟེང་དང ། བྱོགས་བཅུ་ཀུན་ཏུ་རྒྱང་གྲགས་ཙམ་དུ་བྱོགས་རེ་རེར་ཡང་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་དཔལ་དང་གཟི་བརྗིད་དང་ཁ་དོག་གིས་སྣང་བར་བྱས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བལྟ་བ་དང ། དེ་ལ་ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང་ཚོས་མཉན་པའི་གྱིར་རྒྱལ་པོ་ཆེན་པོ་བཞི་དང ། གནོད་སྤྱིན་གྱི་སྡེ་དཔོན་ཆན་པོ་ཉི་ཤུ་རྩ་བརྒྱད་གནོད་སྤྱིན་ལྔ་བརྒྱ་ཙམ་དག་དང་ལྷན་ཅིག་ཏུ་སྔ་དོའི་དུས་ཀྱི་ཚེ་འོང་ས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔས་དེ་དག་འོང་ས་པར་རིག་ནས་ལག་པ་གཡས་པ་བརྐྱང་སྟེ་མཇུབ་མོ་བསྒྲེང་ནས་སྟན་སྟོན་ཏོ། །འཇིག་རྟེན་སྐྱོང་བ་ལ་སོགས་པ་དེ་དག་ཀྱང་ཇི་ལྟར་བཏིང་བའི་སྟན་ལ་འཁོད་པར་གྱུར་ཏེ། དེ་དག་གིས་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་བཞིན་དུ། སྐྱེས་ཟིན་པའི་གཟུགས་དང་འདྲ་བར་ལག་པ་བསྐྱོད་ཅིང་འདེག་ལ། རྣམ་པར་བསྐྱོད་ཅིང་གཞོག་པ་མཐོང་ནས། དེ་དག་དགའ་མགུ་ཞིང་ཉམས་བདེ་བ་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་དེ་ལྟར་འཁོད་པ་མཐོང་ནས། ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྲེད་དོ། །གང་གི་ཚེ་དེ་དག་འདོང་བར་འདོད་པར་གྱུར་པ་དེའི་ཚེའང ། བྱང་ཆུབ་སེམས་དཔས་དེ་དག་གི་སེམས་སེམས་ཀྱིས་རྣམ་པར་ཤེས་ནས་ལག་པ་གཡས་པབརྐྱང་སྟེ་དེ་དག་འདོང་བའི་བརྡ་སྟོན་ཏོ། །དེ་ལྟར་ལག་པབརྐྱང་སྟེ། འདོང་བའི་བརྡ་བསྟན་
46-92
ནས། ཕྱིར་སྐུ་མ་པར་བྲེད་དེ། མ་ལ་གནོད་པ་མེད་དོ། །དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོང་བར་གནང་ངོ་སྙམ་སེམས་ཤིང ། དེ་དག་བྱང་ཆུབ་སེམས་དཔའ་དང ། བྱང་ཆུབ་སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་འདོང་བར་གྱུར་ཏོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་ནུབ་མོ་མི་ཉལ་ནས་ལག་པ་གཡས་པ་བརྐྱང་ཞིང་བརྐྱང་ས་ནས་ཀྱང་བསྐུམ་པ་དང ། བསྐུམས་ནས་ཀྱང་དྲ་ན་ཞིང་ཤེས་བཞིན་དུ་ལག་པ་དེ་འཇོག་པའི་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ནོ། །གཞན་ཡང་གང་གི་ཚེ་སྐྱེས་པ་འམ། བུད་མེད་དམ། ཁྱེའུའམ། བུ་མོ་སུ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་བལྟ་བའི་གྱིར་འོངས་པ་དེའི་ཚེ། ཐོག་མར་ནི་བྱང་ཆུབ་སེམས་དཔའ་དགའ་བར་བྱ་བ་སྨྲའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་མ་དགའ་བར་བྱ་བ་སྨྲའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། སྔར་དགའ་བར་བྱ་བ་སྨྲ་བ་ལ་མཁས་པར་གྱུར་ཏེ། ལྷའམ། ཀླུའམ། གནོད་སྤྱིན་ན་ནམ། མིའམ། མི་མ་ཡིན་པ་སུ་ཡང་རུང་བྱང་ཆུབ་སེམས་དཔའ་ལ་སྔོན་དུ་དགའ་བར་བྱ་བའི་ཚིག་སྨྲ་བར་ནུས་པ་མེད་དོ། ། བྱང་ཆུབ་སེམས་དཔའ་ཉིད་ཐོག་མར་དགའ་བར་བྱ་བ་སྨྲ་ཞིང་དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་མ་དགའ་བར་བྱ་བ་སྨྲའོ། །དེ་ནས་སྔ་དོའི་དུས་ཟད་དེ ། ཉི་མ་གུང་ལ་བབ་ནས་ལྷའི་དབང་པོ་བརྒྱ་བྱིན་དང ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མངོན་པར་འཕགས་པ། མངོན་པར་འཕགས་པ་དག་བྱང་ཆུབ་སེམས་དཔའ་བལྟ་བ་དང ། དེ་ལ་བསྙེན་བཀུར་བྱ་བ་དང ། ཆོས་མཉན་པའི་ཕྱིར་འོང་བ་དང ། བྱང་ཆུབ་སེམས་དཔས་དེ་དག་རྒྱང་རིང་པོ་ནས་འོང་ས་པ་མཐོང་ནས། གསེར་གྱི་མདོག་ཏུ་འདུག་པའི་ལག་པ་གཡས་པབརྐྱང་སྟེ།
46-93
ལྷའི་དབང་པོ་བརྒྱ་བྱིན་དང ། སུམ་ཅུ་རྩ་གསུམ་པའི་ལྷ་དག་དགའ་བར་བྲེད་ཅིང་མཇུབ་མོ་བརྐྱང་སྟེ ། སྟན་སྟོན་ཏོ། །དགེ་སློང་དག་དེའི་ཚེའང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་ཕྱིར་བཟློག་མ་ནུས་ནས་ཇི་ལྟར་བཏིང་བའི་སྟན་དེ་དག་ལ་ལྷའི་དབང་པོ་བརྒྱ་བྱིན་དང ། དེ་མ་ཡིན་པའི་ལྷའི་བུ་གཞན་དག་ཀྱང་འཁོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དེ་ལྟར་འཁོད་པར་རིག་ནས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེང་ས་སྟོད ། ཡང་དག་པར་དགའ་བར་བྲེད་དོ། །བྱང་ཆུབ་སེམས་དཔས་ལག་པ་གང་དུ་བརྐྱང་བ་དེ་ལོགས་སུ་བྱང་ཆུབ་སེམས་དཔའི་མ་ཡང་ལྟ་བར་གྱུར་ཏོ། །དེས་ན་ལྷ་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔའ་དང་དགའ་བར་བྱ་བ་སྨྲའོ་སྙམ་མ་མོ། །དེ་དག་རེ་རེ་ཞིང་ཡང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ནི་བདག་འབའཞིག་ལ་སྨྲ་སྟེ། བདག་འབའ་ཞིག་ལ་དགའ་བར་བྱ་བ་སྨྲའོ་སྙམ་མོ། །ཁང་པ་བརྩེགས་པ་དེར་ལྷའི་དབང་པོ་བརྒྱ་བྱིན་དང ། སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་གི་གཟུགས་བརྙན་སྣང་བར་གྱུར་ཏོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ལོང་ས་སྤྱོད་ཡོངས་སུ་དག་པར་གྱུར་པ་དེ་ལྟ་བུ་ནི་གཞན་དག་ན་མེད་དོ། །དགེ་སླང་དག་གང་གི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང ། དེ་མ་ཡིན་པའི་ལྷའི་བུ་གཞན་དག་འདོང་བར་འདོད་པར་གྱུར་པ་དེའི་ཚེའང་བྱང་ཆུབ་སེམས་དཔས་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལག་པ་གཡས་པ་བརྐྱང་སྟེ་དེ་དག་འདོང་བའི་བརྡ་སྟོན་ཏོ། །བརྡ་བསྟན་ནས་གྱིར་བསྐུམ་པ་བྱས་ཏེ། དྲ་ན་ཞིང་ཤིས་བཞིན་དུ་ལག་པ་བཞག་ཀྱང་མ་ལ་གནོད་པ་མེད་དོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང ། དེ་མ་ཡིན་པའི་ལྷའི་བུ་སུམ་
46-94
ཅུ་རྩ་གསུམ་པ་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོད་པ་ར་གནང་ངོ་སྙམ་དུ་སེམས་ཤིང ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང ། བྱང་ཆུབ་སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་དོང་བར་གྱུར་ཏོ། །དགེ་སློང་དག་ཉི་མ་ཕྱེད་ཀྱི་དུས་འདས་ནས་གྱི་དྲོའི་དུས་ལ་བབ་པ་དང ། མི་མཇེད་ཀྱི་བདག་པོ་ཚང་ས་པ་ལྷའི་བུ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུ་ན་དུ་བད་ར་ཏེ། ལྷ་ཡུལ་བའི་སྙིང་ཁུའི་ཐིགས་པ་དེ་ཁྱེར་ནས་བྱང་ཆུབ་སེམས་དཔའ་ག་ལ་བ་དེར ། བྱང་ཆུབ་སེམས་དཔའ་དེ་བལྟ་བ་དང ། དེ་ལ་ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་མཉན་པའི་ཕྱིར་འོང་བར་གྱུར་ཏོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་མི་མཇེད་ཀྱི་བདག་པོ་ཚང་ས་པ་འཁོར་དང་བ་ཅས་ཏེ་འོང་ས་པར་ཤེས་ནས། བྱང་ཆུབ་སེམས་དཔས་ཡང་གསིར་གྱི་མདོག་ཏུ་འདུག་པའི་ལག་པ་གཡས་པབརྐྱང་སྟེ ། མི་མཇེད་ཀྱི་བདག་པོ་ཚང་ས་པ་དང ། ཚངས་རིས་ཀྱི་ལྷའི་བུ་དེ་དག་ལ་དགའ་བར་བྱ་བ་སྨྲས་ཏེ། མཇུབ་མོ་བརྐྱང་ནས་སྟན་སྟོན་ཏོ། །དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚང་ས་པ་དེས་ཀྱང་བྱང་ཆུབ་སེམས་དཔའི་བཀའ་ལས་བབློག་པར་མ་ནུས་ནས། ཇི་ལྟར་བཏིང་བའི་སྟན་དེ་དག་ལ་མི་མཇེད་ཀྱི་བདག་པོ་ཚང་ས་པ་དང་ཚང་ས་རིས་ཀྱི་ལྷའི་བུ་གཞན་དག་ཀྱང་འཁོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དེ་ལྟར་འཁོད་པར་རིག་ནས་ཚོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེང་ས་སྟོད ། ཡང་དག་པར་དགའ་བར་བྲེད་དོ། །བྱང་ཆུབ་སེམས་དཔས་ལག་པ་གང་དུ་བརྐྱང་བ་དེ་ལོགས་སུ་ལྷ་མོ་སྒྱུ་འཇུལ་ཡང་ལྟ་བར་གྱུར་ཏོ། །དེ་ལྟར་ན་ལྷ་དེ་དག་ཀྱང་བདག་ཅག་ནི་བྱང་ཆུབ་སེམས་དཔའ་དང་དགའ་བར་བྱ་བའི་གཏམ་བྲེད་དོ་སྙམ་སྟེ་ལྷའི་བུ་དེ་དག་རེ་རཱེ་
46-95
ཞིང་ཡང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ནི་བདག་འབའ་ཞིག་ལ་སྨྲས་ཏེ ། བདག་འབའ་ཞིག་ལ་དགའ་བའི་གཏམ་བྱེད་དོ་སྙམ་མོ། །དགེ་སྤོང་དག་གང་གི་ཚེ་མི་མཇེད་ཀྱི་བདག་པོ་ཚང་ས་པ་དང ། ཚང་ས་རིས་ཀྱི་ལྷའི་བུ་དེ་དག་འདོང་བར་འདོད་པར་གྱུར་པ་དེའི་ཚེ་ཡང་བྱང་ཆུབ་སེམས་དཔས་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ལག་པ་གཡས་པབརྐྱང་སྟེ ། དེ་དག་འདོང་བའི་བརྡ་སྟོན་ཏོ། །དེ་ལྟར་འདོང་བའི་བརྡ་བསྟན་ནས་གྱིར་བསྐུམ་པ་བྱས་ཏེ། དྲན་ཞིང་ཤེས་བཞིན་དུ་ལག་པ་བཞག་ཀྱང་མ་ལ་གནོད་པ་མེད་དོ། ། དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚང་ས་པ་དང ། ཚང་ས་རིས་ཀྱི་ལྷ་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་ནི་བྱང་ཆུབ་སེམས་དཔས་ཀྱང་འདོང་བར་གནང་ངོ་སྙམ་དུ་སེམས་ཤིང་དེ་དག་བྱང་ཆུབ་སེམས་དཔའ་དང ། བྱང་ཆུབ་སེམས་དཔའི་མ་ལ་ལན་གསུམ་བསྐོར་བ་བྱས་ནས་འདོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་དྲ་ན་ཞིང་ཤེས་བཞིན་དུ་ལག་པ་འཇོགཔར་གྱུར་ཏེ། དགེ་སློང་དག་ཤར་བྱོགས་དང ། ལྷོ་བྱོགས་དང ། ནུབ་བྱོགས་དང ། བྱང་བྱོགས་དང ། འོག་དང ། སྟེང་དང ། བྱོགས་བཅུ་ཀུན་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་བྱང་ཆུབ་སེམས་དཔའ་དེ་བལྟ་བ་དང ། དེ་ལ་ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་མཉན་པ་དང ། ཆོས་ཡང་དག་པར་བརྗོད་པར་བྱ་བའི་ཕྱིར་འོང་བར་གྱུར་ཏོ། །དེ་དག་དེ་ལྟར་འོང་ས་པ་དང ། བྱང་ཆུབ་སེམས་དཔས་ལུས་ལས་འོད་བརྒྱེ་སྟེ། འོད་ཀྱི་བཀོད་པ་དེ་དག་སེང་གེའི་ཁྲིར་སྤྲུལ་ནས། དེ་ལྟར་སྤྲུལ་པའི་ཁྲི་དེ་དག་ལ་བྱང་ཆུབ་སེམས་དཔའ་དེ་དག་འཁོད་དུ་བརྩུག་སྟེ། དེ་དག་དེ་ལྟར་འཁོད་པར་ཤེས་ནས་འདི་ལྟ་སྟེ་ཐེག་པ་ཆེན་པོ་འདི་ཉིད་རྒྱ་ཆེར་རྣམ་པར་དབྲེ་བའི་དོན་དུ་དྲིས་ཏེ་བརྟགས་ཀྱངསྐལ་བ་མཉམ་པའི་
46-96
ལྷ་རྣམས་མ་གཏོགས་པར་གཞན་སུས་ཀྱང་དེ་དག་མ་མཐོང་སྟེ། དགེ་བློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ནུབ་མོ་མི་ཉལ་ནས་ལུས་ལས་འོད་བཀྱེ་བའི་རྒྱུ་ནི་དེ་ཡིན་ན་ནོ། །རྐྱེན་ནི་དེ་ཡིན་ནོ། །དགེ་སློང་དག་ལྷ་མོ་སྒྱུ་འཕྲུལ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། ལུས་ལྕི་བར་མ་ཚོར་ཏེ། གཞན་དུ་ན་ཡང་བ་དང ། འཇམ་པ་དང ། བདེ་བར་ཚོར་ཞིང་ལྟོ་མི་བདེ་བའི་སྡུག་བསྔལ་གང་ཡང་བྱོང་བར་མ་གྱུར་ཏོ། །འདོད་ཆགས་ཀྱིས་ཡོངས་སུ་གདུང་བའམ། ཞེ་ལྡང་གིས་ཡོངས་སུ་གདུང་བའམ། གཏི་མྱུག་གིས་ལོང་ས་སུ་གདུང་བས་ཀྱང་ཡོངས་སུ་གདུང་བར་མ་གྱུར། འདོད་པའི་རྣམ་པར་རྟོག་པའམ། གནོད་སེམས་ཀྱི་རྣམ་པར་རྟོག་པའམ། གཅེ་བའི་རྣམ་པར་རྟོག་པ་དག་ལ་ཡང་རྣམ་པར་རྟོག་པར་མ་གྱུར་ཏེ། གྲང་བའམ། ཚ་བའམ། བཀྲིས་པའམ། སྐོམ་པའམ། མྱུན་པའམ། རྡུལ་ལམ། ང་ལ་བ་ཚོར་བ་འམ། མཐོང་བར་མ་གྱུར་ཏེ། དེ་ལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་ཡིད་དུ་མི་འོང་བ་སྣང་བར་མ་གྱུར་ཏོ། །མི་ལམ་ངན་པ་ཡང་མཐོང་བར་མ་གྱུར་ཏོ། །དེ་ལ་བུད་མེད་ཀྱི་སྒྱུའམ། གཡོའམ། ཕྲག་དོག་གམ། བུད་མེད་ཀྱི་ཉོན་མོང་ས་པ་དག་ཀྱང་ཉམས་སུ་གནོད་པར་བྲེད་པར་མ་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་མ་ནི་བསླབ་པའི་གཞི་ལྔ་ཡང་དག་པར་བླང་ས་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མ་ཡང་སྐྱེས་པ་གང་ལ་ཡང་འདོད་ཆགས་ཀྱི་སེམས་སྐྱེ་བར་མ་གྱུར་ལ། སྐྱེས་པ་གང་ཡང་བྱང་ཆུབ་སེམས་དཔའི་མ་ལ་འདོད་ཆགས་ཀྱི་སེམས་མི་སྐྱེའོ། །སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་དང ། ཡུལ་གཞན་དག་ན་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་སུ་གང་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང །
46-97
འབྱུང་པོས་ནོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་མ་མཐོང་མ་ཐག་ཏུ་སོས་ཤིང་དྲན་པ་ཐོབ་པར་གྱུར་ཏོ། །མི་མ་ཡིན་པ་དེ་དག་ཀྱང་མྱུར་དུ་གནས་གཞན་དུ་འདོང་བར་གྱུར་ཏོ། །སེམས་ཅན་གང་ལ་ལ་ཞིག་ནད་སྣ་ཚོགས་ཀྱིས་ཇེབས་པར་གྱུར་ཏེ། རླུང་དང ། མཁྲིས་པ་དང ། བད་ཀན་དང ། འདུས་པ་ལས་བྱུང་བའི་ནད་ཀྱིས་གནོད་པར་གྱུར་པ་དང ། མིག་གི་ནད་དམ། རྣ་བའི་ནད་ད་མ། སྣའི་ནད་ད་མ། ལྕེའི་ནད་ད་མ། མཆུའི་ནད་ད་མ། སོའི་ནད་ད་མ། ལྐོག་མའི་ནད་དད་མ། ཤུ་བའམ། འབྲས་སམ། མཇེ་འམ། ཤ་བཀྲའམ། སྐེམ་པའམ། བརྗེད་བྲེད་དམ། རིམས་སམ། པ་བའམ། ཕོལ་མིག་གམ། མེ་དབལ་ལམ། རྐང་ཤུ་ལ་སོགས་པའི་ནད་ཀྱིས་བཏབ་པར་གྱུར་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་མས། ལག་པ་གཡས་པ་སྤྱི་བོར་བཞག་པ་ཙམ་གྱིས་ནད་དང་བྲལ་བར་གྱུར་ཅིང ། རང་ར་ང་གི་གནས་སུ་འདོང་བར་གྱུར་ཏོ། །ཐ་ན་ལྷ་མོ་སྒྱུ་འཕྲུལ་གྱིས་ཙོ་ཉག་མ་འགའ་ཞིག་ས་ལས་བླང་ས་ཏེ་སེམས་ཅན་ནད་པ་དག་ལ་བྱིན་ཡང་དེ་དག་དེ་བླང་ས་མ་ཐག་ཏུ་ནད་མེད་ཅིང་ཉམས་པ་མེད་པར་གྱུར་ཏོ། །གང་གི་ཚེ་ལྷ་མོ་སྒྱུ་འཕྲུལ་དེས་བདག་གི་ལྟོ་གཡས་པར་བལྟས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པ་དེ་འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་དག་པ་ལ་གདོང་གི་དཀྱིལ་འཁོར་སྣང་བ་བཞིན་ཏེ། དེ་ལྟར་དེ་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་པར་གྱུར་ཏོ།། ད་གེ་བློང་དག་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་བྱིན་གྱི་རླབས་ཀྱིས། ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པར་ལྷའི་རོལ་མོ་སིལ་སྙན་གྱི་སྒྲ་འབྱུང་ཞིང་ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཏོ། །ཆར་ནི་དུས་བཞིན་དུ་འབབ། རླུང་ནི་
46-98
དུས་བཞིན་དུ་ལྡང ། དུས་དང་སྐར་མ་དག་ཀྱང་དུས་བཞིན་དུ་འགྱུར་ཞིང་འཕོ་བར་གྱུར་ཏོ། །རྒྱལ་སྲིད་ཀྱང་བདེ་ཞིང་ལོ་ལེགས་ལ་འཁྲུག་པ་མེད་ཅིང་དགྲ་མེད་པར་གྱུར་ཏོ། །སེར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་ན་ཤཱཀྱའི་རིགས་དང ། སེམས་ཅན་གཞན་དག་འཁོད་པ་ཐམས་ཅད་ཀྱང་ཟ་ཞིང་འཐུང ། དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དོ། །སྤྱིན་པ་དག་ཀྱང་གཏོང ། བསོད་ནམས་དག་ཀྱང་བྲེད་དེ ། ཟླ་བ་བཞི་འདས་པའི་དུས་སྟོན་བཞིན་དུ་ཐམས་ཅད་ཀྱང་དགའ་བའི་མཆོག་གིས་རྩེ་ཞིང་བདེ་བར་གནས་པས་གནས་པར་གྱུར་ཏོ། །རྒྱལ་པོ་ཟས་གཙང་མ་ཡང་ཚང་ས་པའི་སྤྱོད་པ་ཡང་དག་པར་བླང་ས་ཏེ། རྒྱལ་པོའི་ལས་བཏང་ནས་དཀའ་ཐུབ་ཀྱི་ནགས་ཚལ་ཡོངས་སུ་དག་པ་ན་གནས་པ་བཞིན་དུ་ཐམས་ཅད་ཀྱང་དགའ་བའི་མཆོག་གིས་ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ཏོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པ་ནི་རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཇུལ་དང་ལྡན་པས་གནས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཡོངས་སུ་སྤྱད་པ་རིན་པོ་ཆེ་བཀོད་པ་སྔོན་བྱང་ཆུབ་སེམས་དཔའ་མའི་རུམ་ན་གནས་པའི་ཚེ་གནས་གནས་པ་མཐོང་ང་མ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས ། ། དེ་བཞིན་གཤེགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། འཇིག་རྟེན་སྐྱོང་བ་བཞི་དང ། དེ་མ་ཡིན་པའི་ལྷ་དང ། མི་གཞན་དག་ཀྱང་བསྟན་ཏེ་མཐོང་ནས། དེ་དག་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ས་སོ། །མི་མཇེད་ཀྱི་བདག་པོ་ཚང་ས་པས་དེའི་ཕྱིར་ཡང་ཚང་ས་པའི་འཇིག་རྟེན་དུ་མཆོད་པར་བྱ་བའི་གྱིར་
46-99
བཏེག་སྟེ་ཁྱེར་ནས་བཞག་པར་གྱུར་ཏོ ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པས་ལྷ་དང་མི་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཚེ་རྒྱལ་སྲས་སེམས་ཅན་དམ་པ་མ་ཡི་རུམ་གནས་པ། །དེ་ཚེ་ས་འདི་ཚལ་དང་བ་ཅས་པར་རྣམ་པ་དྲུག་ཏུ་གཡོས། ། གསིར་མདོག་འོད་བཀྱེ་ངན་སོང་ཐམས་ཅད་རྣམ་པར་སྦྱངས་པར་གྱུར། །ཚོས་ཀྱི་རྒྱལ་པོར་འགྱུར་ཞེས་ལྷ་ཡི་ཚོགས་རྣམས་རབ་ཏུ་དགའ། །གཞལ་མེད་ཁང་ཆེན་དབྱིབས་ལེགས་རིན་ཆེན་དུ་མས་རྣམ་པར་སྤྲས།། དེར་ནི་དཔའ་བོ་རྣམ་པར་འདྲེན་པ་ཞུགས་པར་གྱུར་ནས་འདུག ། ཙན་དན་དྲི་ཞིམ་མཆོག་གིས་རབ་ཏུ་གང་ཞིང་རྣམ་པར་མཇེས། །སྟོང་གསུམ་རིན་ཆེན་ཡོང་ས་བཀང་དེ་ཡི་སྲང་བྲེད་རིན་མི་ཆོག་།སྟོང་ཆེན་འཇིག་རྟེན་ཁམས་ཀྱང་འོག་ནས་བརྟོལ་བ་བྱས་ནས་ནི། །ཡོན་ཏན་འབྱུང་བའི་གནས་ཀྱི་པད་མའི་སྙིང་ཁུའི་ཐིགས་པ་བྱུང ། །དེ་བཞིན་ཞག་བདུན་བསོད་ནམས་གཟི་བརྗིད་ཚང་ས་པའི་འཇིག་རྟེན་འཕགས། །དེ་ལས་སྙིང་ཁུའི་ཐིགས་བླང་ས་ཚང་ས་པ་རྒྱལ་བའི་སྲས་ལ་འབུལ། །བྱང་ཆུབ་སེམས་དཔའ་དཔའ་བོ་ཚང་ས་པ་འདྲ་བ་མ་གཏོགས་པར།། སེམས་ཅན་གང་གིས་དེ་ཟོས་འཇུར་འགྱུར་སེམས་ཅན་རིས་ན་མེད ། །བསྐལ་པ་དུ་མའི་བསོད་ནམས་གཟི་བརྗིད་སྙིང་ཁུའི་ཐིགས་གནས་པ། །དེ་ཟོས་ལུས་དང་སེམས་དང་ཤེས་པ་རྣམ་པར་དག་པར་གྱུར། །འདེན་པ་མཆོད་གྱིར་བརྒྱ་བྱིན་ཚང་ས་པ་འཇིག་རྟེན་སྐྱོང་བ་རྣམས། །བྱང་ཆུབ་སེམས་དཔའི་དྲུ་ང་དུ་རྟག་པར་དུས་གསུམ་རྒྱུན་ཏུ་འོང ། །ཕྱག་བྱས་མཆོད་བྱས་ཆོས་ཀྱི་དམ་པ་དེ་དག་ཐོས་གྱུར་ནས། །བསྐོར་བ་བྱས་ཏེ་ཀུན་ཀྱང་གང་ནས་འོང་ས་པའི་གནས་སུ་འདོང ། །
46-100
འཇིག་རྟེན་ཁམས་རྣམས་ཀུན་ནས་ཆོས་འདོད་བྱང་ཆུབ་སེམས་དཔའ་འོང ། ། འོད་བཀོད་ཁྲིར་གྱུར་རྣམས་ལ་དེ་དག་གནས་པར་ཕན་ཚུན་སྣང ། །མཆོག་ཏུ་བྱ་བའི་ཐེག་པ་དམ་པའི་ཆོས་ནི་ཐོས་གྱུར་ནས། །ཀུན་ཀྱང་དགའ་བའི་སེམས་གྱུར་བ་སྟོད་པའི་ཕྲེང་བ་བརྗོད་ཅིང་འདོང ། །བུད་མེད་བྱིས་པ་གང་དག་སྡུག་བསྔལ་ལྡན་པར་གྱུར་པ་དང ། །འབྱུང་པོས་ནོན་དང་སེམས་འཁྲུགས་གོས་མེད་རྡུལ་གྱིས་ཡོག་པ་རྣམས། །དེ་ཀུན་ལྷ་མོ་སྒྱུ་འཕྲུལ་མཐོང་ནས་སེམས་ནི་རྙེད་གྱུར་ཏེ།། བློ་གྲོས་རྟོགས་དང་དྲན་དང་ལྡན་ཞིང་སོ་སོའི་ཁྱིམ་ཁྱིམའདོང ། །རླུང་དང་བད་ཀན་མཁྲིས་པའི་ནད་དང་འདུས་པའི་ནད་ཐེབས་དང ། །མིག་ནད་རྣ་ནད་དག་གིས་ལུས་སེམས་མི་བདེར་གྱུར་པ་དག་།རྣམ་མང་ཐ་ད་ནད་ཀྱི་རྣམ་པས་གང་དག་གནོད་གྱུར་པ། །དེ་དག་སྒྱུ་འཕྲུལ་ལག་པ་མགོ་ལ་བཞག་པས་ནད་མེད་གྱུར། །ཡང་ན་ཙོ་ཡི་ཉག་མ་འགའ་ཞིག་ས་ལས་བླང་ས་བྱས་ཏེ། །སྒྱུ་འཕྲུལ་ནད་པ་བྱིན་ན་ཐམས་ཅད་རིམས་ནད་མེད་པར་གྱུར། །བདེ་བ་ཐོབ་ཅིང་དྲོད་མ་ཉམས་སོ་སོའི་ཁྱིམ་དུ་འདོང ། །དེ་ནི་སྨན་གྱུར་སྨན་པའི་རྒྱལ་པོ་རུམ་ན་འདུག་གྱིར་རོ། །གང་ཚེ་ལྷ་མོ་སྒྱུ་འཕྲུལ་བདག་གི་ལུས་ལ་བརྟག་བྱས་པ། །དེ་ཚེ་བྱང་ཆུབ་སེམས་དཔའ་རུམ་ན་འདུག་པ་མཐོང་བ་ནི། །ཇི་ལྟར་བར་སྣང་གནས་ཀྱི་ཟླ་བ་སྐར་མས་བསྐོར་གནས་པ། །དེ་བཞིན་བྱང་ཆུབ་སེམས་དཔའ་མཚན་གྱིས་ཀུན་ནས་བརྒྱན་པ་སྣང ། །དེ་ལ་འདོད་ཆགས་ཞེ་ལྡང་གཏི་མྱུག་གནོད་པར་འགྱུར་བ་མེད ། །འདོད་ལ་འདོད་པ་དེ་མེད་དེ་ལ་ཕྲག་དོག་འཚེ་བ་མེད ། །དགའ་བའི་སེམས་དང་མགུ་བའི་སེམས་དང་དགའ་དང་ཡིད་བདེར་གནས། །དེ་ལ་བཀྲོས་དང་སྐམ་དང་ཚ་དང་གྲང་བའི་གནོད་པ་མེད ། །ལྷ་ཡི་རོལ་མོ་སིལ་སྙན་དབྱང་ས་སྒྲ་མ་བྱས་རྟག་ཏུ་འབྱུང ། །ལྷ་ཡི་སྤོས་དྲི་མེ་ཏོག་དམ་པ་མཆོག་མཇེས་ཆར་ཡང་
46-101
འབབ། །ལྷ་དང་མི་རྣམས་དེ་ལ་ལྟ་ཞིང་ལྷ་མི་ཐམས་ཅད་ཀྱང ། །དེ་དག་ཕན་ཚུན་གནོད་པ་མེད་ཅིང་འཚེ་བ་གང་ཡང་མེད ། །སེམས་ཅན་དགའ་བདེར་རྞེ་ཞིང་ཟས་དང་སྐོམ་གྱི་སྤྱིན་པ་བྲེད ། །དགའ་བའི་སྒྲ་སྒྲོག་དེ་དག་དགའ་ཞིང་མགུ་བའི་ཡིད་དང་ལྡན། །རྒྱལ་པོའི་སྲིད་བདེ་འཁྲུག་པ་མེད་ཅིང་ཆར་པ་དུས་བཞིན་འབབ། །རྩ་དང་སྨན་དང་མེ་ཏོག་རྣམས་ཀྱང་དེ་ཡི་དུས་སུ་སྐྱེ་།རྒྱལ་པོའི་ཁབ་ཏུ་ཞག་བདུན་རིན་ཆེན་ཆར་པ་བབ་གྱུར་པས། །སེམས་ཅན་དབུལ་པོ་དེ་ལས་ལེན་ཅིང་སྤྱིན་བྱེད་བདེ་བར་སྤྱོད ། ། སེམས་ཅན་དབུལ་ཞིང་སྡུག་བསྔལ་གྱུར་པ་དེ་ཚེ་གང་ཡང་མེད ། །རི་རབ་ཟོམ་གྱི་དགའ་ཚལ་སེམས་ཅན་བཞིན་དུ་དགའ་དང་ལྡན། །ཤཱཀྱའི་རྒྱལ་པོ་དེ་ཡང་གསོ་སྤྱོང་རབ་ལ་ཉེར་གནས་ཤིང ། ། དེ་ནི་རྒྱལ་པོའི་བྱ་བ་མི་བྲེད་ཆོས་ལ་རྟག་པར་སྤྱོད ། །དེ་ནི་དཀའ་ཐུབ་ནགས་ཚལ་སོང་ནས་ལྷ་མོ་སྐྱུ་འཇུལ་ལ། །སེམས་ཅན་མཚོག་ས?[༄\ུf]ལ་ཁྱོད་ཀྱི་ལུས་ལ་བདེ་བ་ཅི་འདྲ་མེད ། །ལྷུམས་སུ་འཇུག་པའི་ལེའུ་སྟེ་དྲུག་པའོ།། །། ད་གེ་སློང་དག་དེ་ལྟར་ཟླ་བ་བཅུ་འདས་ཏེ། བྱང་ཆུབ་སེམས་དཔའ་བ་ཙའ་བའི་དུས་ལ་བབ་པ་དང ། རྒྱལ་པོ་ཟས་ག་ཙང་མའི་སྐྱེད་མོས་ཚལ་དུ་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་ང་ངོ ། །སུམ་ཅུ་རྩ་གཉིས་གང་ཞེ་ན། མེ་ཏོག་ཐམས་ཅད་ཁ་འབུས་ནས་རྒྱས་པར་གྱུར་པ་དང ། རྫིང་དག་ན་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མྱུ་དང ། པད་མ་དཀར་པོ་ཡོད་པ་དག་ཀྱང་ཁ་འབུས་ནས་རྒྱས་པར་གྱུར་པ་དང ། མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་གསར་པ་དག་ཀྱང་ས་ལས་འཐོན་ཏེ་ཁ་འབུས་ནས་རྒྱས་པར་གྱུར་པ་དང ། རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་བྱུང་བ་དང ། གཏེར་ཆེན་པོ་ཉི་ཁྲི་འབུས་ཏེ་བྱུང་ནས་
46-102
གནས་པར་སྣང་བ་དང ། ཁྱིམ་གྱི་ནང་དུ་ཡང་རིན་པོ་ཆེའི་མྱུ་གུ་འཐོན་པ་དང་སྤོས་ཆུའི་དཔལགྱི་ཝ་འབྲུ་མར་དྲི་ཞིམ་པོས་སྤགས་པ་རྣམས་ཀྱང་ཟག་པར་གྱུར་པ་དང ། གང་ས་ཀྱི་རིའི་ངོས་ལས་སིང་གེའི་ཇུ་གུ་དག་འོང་ས་ཏེ། དགའ་བར་རྩེ་ཞིང་སེར་སྐྱའི་གྲོང་ཁྱེར་དམ་པ་ལ་བསྐོར་བ་བྱས་ནས་སྒོ་ན་གནས་པར་གྱུར་ཀྱང་སེམས་ཅན་གང་ལ་ཡང་འཚེ་བ་མེད་པར་གྱུར་པ་དང ། གླང་པོའི་ཇུ་གུ་ཐལ་ཀར་ལྔ་བརྒྱ་ལྷགས་ཏེ། རྒྱལ་པོ་ཟས་ག་ཙང་མའི་རྐང་པ་ལ་སྣའི་རྩེ་མོས་ཉུག་ཅིང་གནས་པར་གྱུར་པ་དང ། ལྷའི་བྱིས་པ་རོགས་པ་སྐ་རགས་བཅིང་ས་པ་དག་ཀྱང་རྒྱལ་པོ་ཟས་ག་ཙང་མའི་བཚྱིན་མོའི་འཁོར་གྱི་པང་པ་ནས་པང་པ་དག་ཏུ་འགེ་ལྡོག་པར་སྣང་བར་གྱུར་པ་དང ། ཀླུའི་བུ་མོ་མཆོད་པ་སྣ་ཚོགས་ཀྱི་ཡོ་བྱད་ཐོགས་པ་དག་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའ་ལ་རྒྱུ་བར་སྣང་བ་དང ། ལྷའི་བུ་མོ་ཁྲི་ཡང་རྨ་བྱའི་མདོང་ས་ལག་ན་ཐོགས་ཤིང་ནམ་མཁའ་ལ་འཁོད་པར་སྣང་བ་དང ། བུམ་པ་གང་བ་ཁྲི་ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་སྐོར་བ་བྲེད་པར་སྣང་བ་དང ། ལྷའི་བུ་མོ་ཁྲི་ཡང་སྤོས་ཆུའི་རིལ་བབ་བྱིང་ག་ར་གླད་ལ་ཐོགས་ཤིང་འཁོད་པར་སྣང་བ་དང ། ལྷའི་བུ་མོ་ཁྲི་ཡང་གདུགས་དང ། རྒྱལ་མཚན་དང ། བ་དན་ཐོགས་ཤིང་འཁོད་པར་སྣང་བ་དང ། ལྷའི་བུ་མོ་བརྒྱ་སྟོང་མང་པོ་དག་ཀྱང་དུང་དང ། རྔ་དང ། རྗ་རྔ་དང ། ཁར་རྔ་མགུལ་ནས་སྤྱང་ས་ཏེ་སྡོད་ཅིང་འཁོད་པར་སྣང་བ་དང ། རླུང་ཐམས་ཅད་ཀྱང་མི་ལྡང་པར་གནས་པར་གྱུར་པ་དང ། ཆུ་ཀླུང་དང་ཆུ་བྲན་ཐམས་ཅད་ཀྱང་མི་འགུལ་ཞིང་མི་འབབ་པར་གྱུར་པ་དང ། ཉི་ཟླ་དང ། གཞལ་མེད་ཁང་དང ། རྒྱུ་སྐར་དང ། སྐར་མའི་ཚོགས་རྣམས་ཀྱང་མི་རྒྱུ་བར་གྱུར་པ་དང ། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར་པ་དང ། རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་ཡང་རིན་པོ་
46-103
ཆེའི་དྲ་བས་ཡོག་པར་གྱུར་པ་དང ། མེ་ཡང་མི་འབར་བར་གྱུར་པ་དང ། ཁང་པ་བ་ཅེགས་པ་དང ། ཁང་བཟང་ས་དང ། ཡང་ཐོག་དང ། རྟ་བབས་དག་ལའང་ནོར་བུ་དང ། རིན་པོ་ཆེ་དག་འཕྱང་བར་སྣང་བར་གྱུར་པ་དང ། རས་བཅོས་བུའི་མཛོད་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་མཛོད་རྣམས་ཀྱང་སྒོ་བྲེ་བར་སྣང་བ་དང ། བྱ་རོག་དང ། འུག་པ་དང ། བྱ་གོད་དང ། སྦྱང་ཀི་དང ། ཝའི་སྒྲ་དག་ཀྱང་མེད་པར་གྱུར་པ་དང ། སྒྲ་སྐད་སྙན་པའི་སྒྲ་དག་ཀྱང་འབྱུང་བར་གྱུར་པ་དང ། སྐྱེ་བོ་ཐམས་ཅད་ཀྱི་ལས་ཀྱི་མཐའ་འང་རྒྱུན་ཆད་པར་གྱུར་པ་དང ། སའི་བྱོགས་མཐོན་དམན་དུ་འདུག་པ་རྣམས་ཀྱང་མཉམ་པར་གནས་པར་གྱུར་པ་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། སྲང་དང ། ཚོང་འདུས་ཀྱི་འཁོར་ཀྱང་ལག་མཐིལ་ལྟར་གཞི་མཉམ་ཞིང་འཇམ་ལ་མེ་ཏོག་སིལ་མས་གང་སྟེ་མཇེས་པར་སྣང་བ་དང ། སྤྲུམ་པ་ཐམས་ཅད་ཀྱང་བདེ་བ་དང ། ལེགས་པར་བ་ཙའ་བར་གྱུར་པ་དང ། ཤིང་སཱ་ལའི་ནགས་ཚལ་གྱི་ལྷ་ཐམས་ཅད་ཀྱང་ཤིང་གི་ལོ་མའི་ནང་ནས་ལུས་བྲེད་ཕྱུང་སྟེ། ཕྱག་འཚལ་ཞིང་གནས་པར་སྣང་བ་སྟེ། སྔ་ལྟས་སུམ་ཅུ་རྩ་གཉིས་པོ་དེ་དག་བྱུང་བར་གྱུར་ཏོ། ། དེ་ནས་ལྷ་མོ་སྐྱུ་འཕྲུལ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་གཟི་བཛིད་དང་མཐུས་བྱང་ཆུབ་སེམས་དཔའ་བ་ཙའ་བའི་དུས་ལ་བབ་པར་ཤེས་ཏེ། ནམ་གྱི་ས?[༄\ུfཅ]ད་ལ་རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་འོང་ས་ནས་ཚིགས་སུ་བ་ཅད་དེ་སྨྲས་པ། བ་དག་གི་བསམ་པ་གང་ལགས་གསོལ་གྱིས་ལྷ་ནི་གསན་དུ་གསོལ། །ཡུན་རིང་རིང་པོ་འདས་ནས་སྐྱེད་མོས་ཚལ་གྱི་བློ་སྐྱེས་ཏེ། །གལ་ཏེ་ཁྱོད་མི་བརྐྱོན་ཅིང་ཞེ་ལྡང་ཕྲག་དོག་མི་མངའ་ན། །བདག་ནི་རྩེ་ནས་སྐྱེད་མོས་ཚལ་དུ་མྱུར་དུ་མཆི་བར་བ་གྱི། ། ཆོས་དགོང་ས་བརྩོན་པ་དཀའ་ཐུབ་སྤྱོད་པས་ཁྱོད་ཀྱང་སྐྱོན་མཁྱེན་གྲང ། །
46-104
བདག་ཀྱང་སེམས་ཅན་དག་པ་བསྲེལ་ནས་ཡུན་ནི་རིང་ལགས་ལ། །སཱ་ལའི་ཤིང་ལྗོན་སྣོང་པོ་མཆོག་ཀྱང་མེ་ཏོག་ཁ་འབུས་ཏེ། །སྐྱེད་མོས་ཚལ་གྱི་དོག་སར་ད་ནི་མཆི་བའི་རིགས་སོ་ལྷ་།སོས་ཀའི་དུས་མཆོག་བུད་མེད་རྣམས་ཀྱི་རྒྱན་དུ་གྱུར་ལགས་ཏེ། །ནགས་རྒྱུ་ཁུ་བྱུག་དང་ནི་རྨ་བྱ་སྒྲ་རབ་སྙན་པ་འབྱིན། །ག་ཙང་ཞིང་མཇེས་ལ་སྣ་ཚོགས་མེ་ཏོག་རྡུལ་གྱི་ང་དཀྱང་ལྡང ། །དནི་མཆི་ན་མ་ཐོགས་ལེགས་པར་བཀའ་ལུང་སྩལ་དུ་གསོལ། །རྒྱལ་པོའི་དབང་པོས་ལྷ་མོ་ལས་ནི་དེ་སྐད་ཚིག་ཐོས་ནས། །དགའ་ཞིང་རབ་ཏུ་མགུ་བའི་སེམས་ཀྱིས་འཁོར་ལ་སྨྲས་པ་ནི། །བཞོན་པ་བཞོན་ཆེ་མརྒྱོགས་པའི་ཤུགས་ལྡན་དག་ཀྱང་བསྟད་པར་གྱིས།། ཡོན་ཏན་ཕུན་སུམ་ཚོགས་ལྡན་ལུམ་བྱི་ནི་ཚལ་བརྒྱན་པར་གྱིས། །རི་སྔོའི་མདོག་ལྡན་སྤྲིན་གྱི་ཁ་དོག་འཐུན་པར་གྱུར་པ་ཡི། །གླང་པོ་སྟོང་ཕྲག་ཉི་ཤུ་སྙེད་ཅིག་མྱུར་དུ་བསྟད་པར་གྱིས། །གླང་པོའི་དབང་པོ་མཆེ་བ་དྲུག་ལྡན་དྲིལ་མཇེས་གློ་ལ་བརྒྱུས ། །གསེར་དང་ནོར་བུས་རྣམ་པར་སྤྲས་ཤིང་གསེར་གྱི་དྲ་བས་སྦུད ། །རྒྱལ་པོའི་བཅིབས་པ་རླུང་ལྟར་མརྒྱོགས་པའི་ཤུགས་དང་ལྡན་པ་སྟེ། ། དངུལ་དང་ཁ་བའི་མདོག་འདྲ་རྔ་ཇོག་ལྕང་ལོ་བཟང་འཁྲིལ་བའི། །རྟ་མཆོག་སྟོང་ཕྲག་ཉི་ཤུ་བགྲང་ས་པ་མྱུར་དུ་སྟོང་གྱིས་ཏེ། །གསེར་དྲིལ་གཡེར་ཀའི་དྲ་བ་གློ་ནསསྤྱང་བ་གྱིས། །སྐྱེས་བུ་རྟུལ་ཕོད་གཡུལ་ལ་མོས་ཤིང་འཐབ་འདོད་དཔའ་བོ་དག་།མད་འ་གཞུ་རལ་གྲི་མདུང་ཐུང་ཞགས་པ་མཚོན་ཆ་རྣོ་ཐོགས་པ།། སྟོང་ཕྲག་ཉི་ཤུ་བགྲང་ས་པ་མྱུར་དུ་ཆོས་ཏེ་བཤམ་གྱིས་ལ། །སྒྱུ་འཕྲུལ་འཁོར་དང་བ་ཅས་པ་བག་ཡོད་པར་ནི་བསྲུང་བར་གྱིས། །ལུམ་པི་ནི་དེར་གསེར་དང་ནོར་བུའི་རྒྱན་ཁྲོམ་བརྒྱན་པར་གྱིས། །གོས་དམར་རྣམ་པ་མང་པོས་ཤིང་རྣམས་ཐམས་ཅད་བརྒྱན་པར་གྱིས། །ལྷ་ཡི་དགའ་ཚལ་བཞིན་དུ་མེ་ཏོག་སྣ་ཚོགས་ཆལ་
46-105
པར་ཁྲོམ ། །དེ་ལྟར་ཐམས་ཅད་བཤམས་ཟིན་མྱུར་དུ་ང་ལ་སྤྲན་པར་གྱིས། ། འཁོར་རྣམས་ཀྱིས་ནི་དེ་སྐད་ཚིག་ཐོས་སྐད་ཅིག་ཏུ། །བཞོན་པ་ཀུན་བཤམས་དེ་བཞིན་ལུམ་པི་ནི་ཡང་བརྒྱན་བྱས་ཏེ། །རྒྱལ་གྱུར་རྒྱལ་གྱུར་སྐུ་ཚེ་རིང་སྐྱོང་ས་རྒྱལ་པོ་གཤེགས་སུ་གསུ་གསོལ། །ཇི་སྐད་བཀའ་སྩལ་དེ་བཞིན་ཀུན་བགྱིས་དུས་བབ་ལྷ་གཟིགས་ཤིག་།མི་ཡི་བདག་པོ་དམ་པ་དེ་ཡང་དགའ་བའི་སེམས་གྱུར་ནམ ། ། ཁྱིམ་གྱི་དམ་པར་ཞུགས་ཏེ་བུད་མེད་རྣམས་ལ་འདི་སྐད་སྨྲས། །གང་ཞིག་ང་ལ་སྙིང་ཉེ་ང་ལ་དགའ་བར་འདོད་པ་དག་།ང་ཡི་བཀའ་བཞིན་གྱིས་ཏེ་བདག་གི་ལུས་ཀུན་བརྒྱན་པར་གྱིས། །སྤོས་མཆོག་ང་དཀྱི་དྲི་ཞིམ་ཁ་དོག་སྣ་ཚོགས་སྡུག་པའི་གོས། །འཇམ་ཞིང་ཡིད་འོང་དགའ་བའི་སེམས་ཀྱིས་ལེགས་པར་བགོ་བར་གྱིས། །བྲང་ན་འཕྱང་བའི་མྱུ་ཏིག་སི་མོ་དོ་ཡིས་བརྒྱན་པར་གྱིས། །རྒྱན་གྱི་ཁྱད་པར་ཐམས་ཅད་དེ་རིང་ཀུན་གྱིས་བསྟན་པར་གྱིས། །ཁར་རྔ་རྒྱུད་གཅིག་གླིང་བུ་པི་ཝང་རྫ་རྔ་དུམ་དུམ་ཕེག་།སིལ་སྙན་ཡིད་དུ་འོང་བ་བརྒྱ་སྟོང་དག་ཀྱང་བཤམ་པར་གྱིས། །སྒྲ་སྙན་ཐོས་ནས་ལྷ་རྣམས་རབ་ཏུ་དགའ་བ་སྐྱེ་འགྱུར་ཞིང ། །ལྷ་མོ་རྣམས་ཀྱང་དེ་བཞིན་དགའ་བར་འགྱུར་བ་ཁྱེད་ཀྱིས་གྱིས། །ཤིང་རྟའི་མཆོག་འདིར་ལྷ་མོ་སྒྱུ་འཕྲུལ་གཅིག་པུ་འདུག་པར་གྱིས། ། ཁུད་མེད་སྐྱེས་པ་གཞན་དག་སུ་ཡང་ཤིང་རྟ་དེར་མ་འཁོད ། །ན་ཆུང་སྣ་ཚོགས་གོ་ཅན་རྣམས་ཀྱིས་ཤིང་རྟ་དེ་དྲོང་ས་ཏེ། །གང་དུའང་ཡིད་དུ་མི་འོང་མི་འཐུན་སྒྲ་རྣམས་མིགྲག་ཀྱིས། །ལྷ་མོ་སྒྱུ་འཕྲུལ་ཁྱིམ་ནས་བྱུང་སྟེ་སྒོ་དྲུང་ན་པའི་ཚེ། །རྟ་དང་གླང་པོ་ཤིང་རྟ་རྐང་ཏང་དཔལ་ལྡན་སྣ་ཚོགས་དཔུང ། །རྒྱལ་པོའི་སྒོ་དྲུང་ལྷགས་ཚེ་སྒྲ་ཆེན་མང་པོ་གྲག་པར་གྱུར། །རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་ལྟར་དེ་དག་ལོང་ས་སུ་གྲག་།དེ་ཚེ་བཀྲ་ཤིས་དོན་དུ་དྲིལ་བུ་བརྒྱ་སྟོང་དཀྲོལ་བར་བྱས། །
46-106
ཤིང་རྟ་དེ་ཡང་དེ་ལྟར་རྒྱལ་པོས་སྣ་ཚོགས་བརྒྱན་པ་ལ། །ལྷ་རྣམས་སྟོང་གིས་ལྷ་ཡི་ཁྲི་ཡང་ལེགས་པར་བཤམ་པ་བྱ ། །རིན་ཆེན་ཤིང་ལྗོན་མེ་ཏོག་ལོ་མ་ལྡན་བཞིན་ལྡན་པར་བྱས། །རྨ་བྱ་ཁྲུང་ཁྲུང་ང་ང་པ་ཡིད་དུ་འོང་བའི་སྒྲ་ཡང་འབྱིན།། གདུགས་དང་རྒྱལ་མཚན་བ་དན་ཆེ་ཕྲ་ཀུན་ནས་འཁོར་བར་བསྒྲེང ། །ལྷ་ཡི་གོས་དང་དྲིལ་བུ་གཡེར་ཀའི་དྲ་བ་མཆོག་གིས་བཀབ། །ལྷ་ཡི་བུ་མོ་ནམ་མཁའ་ལས་ནི་ཤིང་རྟ་དེ་ལ་ལ་ལྟ། །ལྷ་ཡི་སྒྲ་དབྱང་ས་སྙན་པ་སྒྲོག་ཅིང་བསྟོད་པའི་ཚིག་བརྗོད་དེ། །གང་ཚེ་ལྷ་མོ་སྐྱུ་འཇུལ་སེང་གེའི་ཁྲི་ལ་འདུག་གྱུར་པ། །དེ་ཚེ་སྟོང་གསུམ་ས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །ལྷ་རྣམས་གོས་ཀྱི་གཡབ་མོ་འབྱིན་ཅིང་མེ་ཏོག་སྣ་ཚོགས་འཐོར། །དེ་རིང་ལུམ་བི་ནི་འདིར་འགྲོ་བའི་དམ་པ་བལྟམ་གྱུར་ཏེ། །འཇིག་རྟེན་སྐྱོང་བ་བཞི་ནི་ཤིང་རྟའི་མཆོག་དེ་འབེན་པར་བྲེད། ། སུམ་ཅུ་རྩ་གསུམ་བདག་པོ་དབང་པོའང་ལམ་གྱི་བྱི་དོར་བྱེད ། །ཚང་ས་པ་སྐྱེ་བོ་མི་སྲུན་སེལ་ཅིང་སྔོན་དུ་འགྲོ་བར་གྱུར། །ལྷ་རྣམས་བརྒྱ་ཕྲག་སྟོང་ཡང་ཐལ་མོ་སྦྱར་བས་ཕྱག་འཚལ་འདུད ། །རྒྱལ་པོ་རབ་ཏུ་དགའ་བའི་སེམས་ཀྱིས་བཀོད་པ་དེ་ལ་ལ་ལྟ། །དེ་ནི་འདི་སྙམ་འདི་ནི་ལྷ་ཡི་ལྷ་ཞིག་ཡིན་སྙམ་བྲེད ། །གང་ལ་སྐྱོང་བ་བཞི་དང་ཚང་ས་པ་དབང་པོར་བཅས་པའི་ལྷ་།མཆོད་པ་རྒྱ་ཆེན་བྱིད་པ་འདི་ནི་ངེས་པར་སངས་རྒྱས་འགྱུར ། ། སྲིད་པ་གསུམ་ན་ལྷ་ཀླུ་བརྒྱ་བྱིན་ཚང་ས་པ་འཇིག་རྟེན་སྐྱོང ། །གང་ཡང་མཆོད་པ་འདི་འདྲ་བཟོད་པའི་སེམས་ཅན་དེ་མེད་དེ། ། ཡང་ན་མགོ་འགས་ཡང་ན་དེ་དག་སྲོག་དང་བྲལ་བར་འགྱུར། །འདི་ནི་ལྷ་ཡི་དམ་པ་ཡིན་པས་མཆོད་པ་ཐམས་ཅད་བཟོད ། །དགེ་སློང་དག་དེ་ནས་ལྷ་མོ་སྒྱུ་འཕྲུལ་རྟའི་ཤིང་རྟ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་གིས་ནི་ཀུན་ནས་བསྐོར། གླང་པོ་ཆེའི་ཤིང་རྟ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་
46-107
དང ། རྐང་ཏང་དཔའ་ཞིང་རྟུལ་ཕོད་པ་ཡན་ལག་དམ་པ་དང་ལྡན་པ། གོ་ཆ་ལེགས་པར་བགོས་པ་ས?་བའི་གོ་རྒྱོན་པ་བརྒྱད་ཁྲི་བཞི་སྟོང་གིས་ནི་ཡོངས་སུ་བསྲུང་ས ། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲིས་ནི་མདུན་དུ་བད་ར། རྒྱལ་པོ་ཟས་ག་ཙང་མའི་ཕུ་ནུའི་རིགས་སུ་སྐྱེས་པའི་ཤཱཀྱ་རྒན་པ་དང ། གཞོན་པ་དང ། བར་མ་བཞི་ཁྲིས་ནི་ཡོངས་སུ་བསྲུང་ས ། རྒྱལ་པོ་ཟས་ག་ཙང་མའི་སླས་གླུ་དང་རོལ་མོའི་དབྱང་ས་སྒྲ་ནི་བྱེད ། ཁར་བའི་སིལ་ཁྲོལ་དང ། ཕེག་རྡོབ་སིལ་སྙན་དང ། གླུ་དབྱང་ས་ལེན་པ་དྲུག་ཁྲིས་ནི་ཀུན་ནས་བསྐོར། ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང ། ཀླུའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང ། དྲི་ཟའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང ། མི་འམ་ཅིའི་བུ་མོ་བརྒྱད་ཁྲི་བཞི་སྟོང་དང ། ལྷ་མ་ཡིན་གྱི་བུ་མོ་བརྒྱད་ཁྲི་བཞི་སྟོང་བཀོད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཤ་སྟག་གླུ་དང་རོལ་མོའི་དབྱང་ས་སྒྲ་སྣ་ཚོགས་ཀྱིས་བསྔགས་པ་བརྗོད་པ། རྗེས་སུ་འབྲང་བས་འགྲོའོ། །ལུམ་བི་ནིའི་ནགས་ཚལ་དེ་ཐམས་ཅད་ཀྱང་སྤོས་ཆུའི་ཆག་ཆག་གིས་བཏབཅིང་ལྷའི་མེ་ཏོག་གིས་གཏོར་བར་གྱུར་ཏོ། །ན་གས་ཚལ་དམ་པ་དེའི་ནང་ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་དུས་ལ་མ་བབ་པར་ལོ་མ་དང་མེ་ཏོག་དང་འབྲས་བུ་སྐྱེད་པར་གྱུར་ཏོ། །ནགས་ཚལ་དེ་ནི་ལྷ་རྣམས་ཀྱིས་ཀྱང་ལེགས་པར་བརྒྱན་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། འདྲཝེས་པའི་ཚལ་ལྷ་རྣམས་ཀྱིས་ལེགས་པར་བརྒྱན་པ་བཞིན་ནོ། །དེ་ནས་ལྷ་མོ་སྒྱུ་འཇུལ་ལུམ་བི་ནིའི་ནགས་ཚལ་དུ་ན་ནས་ཤིང་རྟ་དམ་པ་དེ་ལས་བབས་ཏེ། མི་དང་ལྷའི་བུ་མོ་དག་གིས་ལོང་ས་སུ་བསྐོར་ཅིང ། ཤིང་དྲུང་ནས་ནི་ཤིང་དྲུང་དག་ཏུ་འགྲོ། ན་གས་ཚལ་ནས་ནི་ནགས་ཚལ་དག་ཏུ་འཆག་།ལྗོན་པ་ནས་ནི་ལྗོན་པ་དག་ལ་ལྟ་ཞིང་དེ་རིམ་གྱིས་ཤིང་རིན་པོ་ཆེ་ཆེན་པོ་མཚོག་དང་ཕུལ་དུ་བྱ་བ། ཡལ་ག་ཤིན་ཏུ་རྣམ་
46-108
པར་འབྲེས་པ། ལོ་མ་དང་དོག་པ་བཟང་པོ་དང་ལྡན་པ། མི་དང་ལྷའི་མེ་ཏོག་སྣ་ཚོགས་རབ་ཏུ་རྒྱས་པ། སྤོས་མཆོག་དང་ཕུལ་དུ་བྱ་བའི་དྲིའི་ངད་དང་ལྡན་པའི་གོས་ཁ་དོག་སྣ་ཚོགས་སྤྱང་ས་པ། ནོར་བུ་དང་རིན་པོ་ཆེ་སྣ་ཚོགས་ལྟ་བུའི་འོད་རྣམ་པ་ཐ་ད་པ་འབར་བ། རྩ་བ་དང ། སྡོང་པོ་དང ། ཡལ་ག་དང ། ལོ་མ་རྣམས་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ། ཡལ་ག་རིང་ཞིང་ཤིན་ཏུ་རྣམ་པར་འབྲེས་པ། བླག་ཤ་ཞེས་བྱ་བ་སའི་བྱོགས་ལག་མཐིལ་ལྟར་མཉམ་ཞིང་ཤིན་ཏུ་བཟང་ལ་ཡང་ས་པ། ཙོ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་སྐྱེས་པ ། ཀ་ཙཡིན་དིའི་གོས་ལྟར་རེག་ན་བདེ་བའི་ས་ལ་འདུག་པ། སྔོན་གྱི་རྒྱལ་བའི་ཡུམ་གྱིས་བརྟེན་པ། ལྷའི་གླུ་དབྱང་ས་བླང་ས་པ། གནས་གཙང་མའི་ལྷ་བཟང་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་རབ་ཏུ་ཞི་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོར་ཚུགས་དང་ཅོད་པན་མངོན་པར་བཏུད་པའི་སྤྱི་བོས་མངོན་པར་ཕྱག་བྱ་བའི་ཤིང་ལྗོན་པ་བླག་ཤ་དེའི་དྲུང་དུ་ན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་གཟི་བཇིད་དང་མཐུས་ཤིང་བླག་ཤ་དེས་མངོན་པར་བཏུད་དེ་ཕྱག་བྱས་།། དེ་ནས་ལྷ་མོ་སྒྱུ་འཟུལ་ནམ་མཁའི་དཀྱིལ་དུ་སྣང་བའི་གློག་གི་ཕྲེང་བ་ལྟ་བུའི་ལག་པ་གཡས་པ་བརྐྱང་ནས། བླག་ཤའི་ཡལ་ག་ལས་བཟུང་སྟེ། ཆུལ་དུ་ཤིས་པར་ནམ་མཁའི་དཀྱིལ་དུ་བལྟས་ནས་བྱ་སྨྱང་ས་བྲེད་ཅིང་འདུག་པར་གྱུར་ཏོ། །དེ་ནས་དེའི་ཚེ་འདོད་པ་ན་སྤྱོད་པའི་ལྷའི་ནང་ནས་ལྷའི་བུ་མོ་དྲུ་ག་ཁྲི་ལྷགས་ཏེ། ལྷ་མོ་སྒྱུ་འཇུལ་ལ་རིམ་གྲོ་དང་བཀུར་སྟི་བྲེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་མའི་རུམ་ན་འདུག་པའི་ཚེ། རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པར་གནས་སོ། །དེ་ཟླ་བ་བཅུ་ཚང་ནས་མའི་གློ་གཡས་པ་ནས་དྲ་ན་ཞིང་ཤེས་བཞིན་དུ་མང་ལ་གྱི་དྲི་མས་མ་གོས་པར་བྱུང་སྟེ། གཞན་ལྟར་མ་ཡིན་ཞིང་གཞན་
46-109
དག་ལ་མང་ལ་གྱི་དྲི་མ་ཞེས་བྱ་བ་བརྗོད་པ་དེ་ལྟ་བུ་མེད་པར་གྱུར་ཏོ། །དགེ་སློང་དག་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚང་ས་པ་གཉིས་མདུན་ན་འཁོད་དེ། དེ་གཇིས་ཀྱིས་རིམ་གྲོ་དམ་པ་ཆེན་པོས་ལྷའི་གོས་ཀ་ཤི་པའི་སླབ་མོས་ལུས་དང་ཡན་ལག་ཐམས་ཅད་ཀྱིས་དྲ་ན་ཞིང་ཤེས་བཞིན་དུ་བྱང་ཆུབ་སེམས་དཔའ་བླང་ས་སོ། །བྱང་ཆུབ་སེམས་དཔའ་ཁང་པ་བརྩེགས་པ་གང་གི་ནང་ན་འདུག་ཅིང་མའི་རུམ་ན་གནས་གནས་པ་དེ་ཡང་མི་མཇེད་ཀྱི་བདག་པོ་ཚང་ས་པ་དང ། ཚང་ས་རིས་ཀྱི་ལྷ་རྣམས་ཀྱིས་ཚང་ས་པའི་འཇིག་རྟེན་དུགྱིན་དུ་བཏེག་སྟེ། མཆོད་རྟེན་དུ་བྱ་བ་དང ། མཆོད་པ་བྱ་བའི་ཕྱིར་ཁྱེར་ར་རོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་མིར་གྱུར་པ་གང་གིས་ཀྱང་མ་བླང་ས་ཀྱི། བྱང་ཆུབ་སེམས་དཔའ་དེ་ནི་ལྷ་རྣམས་ཀྱིས་བླང་ས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བསྟས་མ་ཐག་ཏུ་ས་ལ་འབབ་སྟེ། བྱང་ཆུབ་སེམས་དཔའ་དེ་ས་ལ་བབས་པར་གྱུར་མ་ཐག་ཏུ་པད་མ་ཆེན་པོ་ཞིག་གིས་ས་འདི་ཡང་བརྟོལ་ཏེ་བྱུང་ངོ ། ། ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་དང ། ཉརེ་དགའ་བོ་གཇིས་ཀྱང་ནམ་མཁའི་དཀྱིལ་ན་ལུས་ཕྱེད་ཕྱུང་སྟེ་འཁོད་ནས་བསིལ་བ་དང ། དོ་བའི་ཆུའི་རྒྱུན་གཉིས་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའི་ལུས་བཀྲུས་ས་སོ། །བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་ལ་སོགས་པ་གཞན་ཡང་ལྷའི་བུ་བརྒྱ་སྟོང་མང་པོ་དག་བྱང་ཆུབ་སེམས་དཔའ་བསྟས་མ་ཐག་ཏུ་སྤོས་ཆུ་སྣ་ཚོགས་དང ། མེ་ཏོག་སིལ་མས་ལུས་འཁྲུ་ཞིང་མངོན་པར་འཐོར་རོ། །བར་སྣང་ལས་ཀྱང་རྡུལ་ཡབ་ཀྱི་རྔ་མ་གཉིས་དང ། རིན་པོ་ཆེའི་གདུགས་བྱུང་བར་གྱུར་ཏོ། །དེ་པད་མ་ཆེན་པོ་དེ་ལ་འདུག་ནས་བྲོགས་བཞིར་རྣམ་པར་ལྟ་སྟེ། སེང་གེའི་ལྟ་སྟང་ས་དང ། སྐྱེས་བུ་ཆེན་པོའི་ལྟ་སྟང་ས་ཀྱིས་རྣམ་པར་ལྟའོ། །དེའི་ཚེ་བྱང་ཆུབ་སེམས་
46-110
དཔས་སྔོན་གྱི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ལས་བྱུང་བ་ལྷའི་མིག་ཐོགས་པ་མེད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གྲོང་ཁྱེར་དང ། གྲོང་རྡལ་དང་ཡུལ་འཁོར་དང ། ཕོ་བྲང་འཁོར་དང་ལྗོང་ས་སུ་བ་ཅས། ཡུལ་དུ་བ་ཅས། མི་དང་ལྷར་བ་ཅས་པ་རྣམས་མཐོང་བར་གྱུར་ཏོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའང་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སེམས་ཅན་གང་ཚུལ་ཁྲིམས་སས་མ། ཏིང་ངེ་འཛིན་ཏམ ། ཤེས་རབ་བམ། དགེ་བའི་སྤྱོད་པས་བདག་དང་འདྲ་བ་དེ་ལྟ་བུ་གང་ལ་ལ་ཞིག་ཡོད་དམ་ཞེས་རྣམ་པར་ལྟའོ། །དེའི་ཚེ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཚེན་པོའི་འཇིག་རྟེན་གྱི་ཁམས་ན་བདག་དང་མཚུང་ས་པའི་སེམས་ཅན་གང་ཡང་མ་མཐོང་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེ་ལྟར་འཇིགས་པ་མེད་ཅིང་བག་ཚ་བ་མེད་དེ། ཞུམ་པ་དང་བག་འཆུམས་པ་མེད་པས་ལེགས་པར་བསམ་པ་དྲ་ན་པར་བྱས་ཏེ། བསམས་བརྟགས་ནས་སེམས་ཅན་ཐམས་ཅད་ཀྱིསེམས་ཀྱི་སྤྱོད་པ་ཤེས་པར་བྱ་སྟེ། སུས་ཀྱང་བསྟན་པ་མེད་པར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ་ཞེས་ཤར་བྱོགས་ལོགས་སུ་གོམ་པ་བདུན་བོར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གང་དང་གང་དུ་གོམ་པ་བོར་བ་དེ་དང་དེ་དག་ཏུ་པད་མ་དག་ཀྱང་སྐྱེས་པར་གྱུར་ཏོ། །ལྷ་དང་མི་རྣམས་ཀྱི་སྤྱིན་པའི་གནས་སུ་འགྱུར་བར་བྱའོ་ཞེས་ལྷོ་བྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། ནུབ་བྱོགས་ལོགས་སུ་གོམ་པ་བདུན་བོར་ནས་གོམ་པ་བདུན་པ་ལ་གནས་ཏེ་ང་ནི་འཇིག་རྟེན་ན་ཕུལ་དུ་ན་པའོ། །འདི་ནི་ངའི་སྐྱེ་བ་ཐ་མ་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་མཐར་དབྱུང་ངོ་ཞེས་སེང་གེ་ལྟར་ཚིམ་པར་གྱུར་པའི་སྒྲ་བསྒྲགས་སོ། ། སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་
46-111
བྱའོ་ཞེས་བྱང་བྱོགས་ལོགས་སུ་གོམ་པ་བདུན་བོར་རོ། །བདུད་དང་བདུད་ཀྱི་སྡེ་ནི་གཞོམ་པར་བྱའོ། །སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་མེ་གསད་པའི་གྱིར་ཆོས་ཀྱི་ཆར་སྤྲིན་ཆེན་པོའི་ཆར་ཕབ་སྟེ། དེ་དག་བདེ་བས་ཚིམ་པར་བྱའོ་ཞེས་འོག་གི་བྱོགས་ལོགས་སུ་གོམ་པ་བདུན་བོར་རོ། ། སེམས་ཅན་ཐམས་ཅད་ཀྱི་གྱིན་དུ་བལྟ་བར་འགྱུར་བར་བྱའོ་ཞེས་སྟེང་གི་བྱོགས་ལོགས་སུ་གོམ་པ་བདུན་བོར་ནས་སྟེང་དུ་ལྟའོ ། །བྱང་ཆུབ་སེམས་དཔས་ཚིག་དེ་བརྗོད་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྒྲས་མངོན་པར་གོ་བར་གྱུར་ཏེ ། དེ་ནི་བྱང་ཆུབ་སེམས་དཔའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པའི་ཆོས་ཉིད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སྲི་ད་པ་ཐ་མ་པ་བ་ཙའ་བར་འགྱུར་བ་དང ། གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། རྫུ་འཕྲུལ་གྱི་ཚོ་འཕྲུལ་གྱི་རྣམ་པ་དེ་ལྟ་བུ་དེ་དག་བྱུང་ངོ ། །དགེ་སློང་དག་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་དགའ་ཞིང་སྦུ་གཡོས་པར་གྱུར་ཏོ། །འཇིག་རྟེན་དུ་ས་གཡོ་བ་ཆེན་པོ་ཤིན་ཏུ་འཇིགས་ཤིང་སྦུ་གཡོ་བར་འགྱུར་བ་ཡང་བྱུང་བར་གྱུར་ཏོ། །མི་དང་ལྷའི་སིལ་སྙན་དང ། རོལ་མོའི་དབྱང་ས་སྒྲར་བྱ་བ་ཐམས་ཅད་ཀྱང་མ་བླང་ས་པར་སྒྲ་འབྱིན་པར་གྱུར་ཏོ།། དེའི་ཚསྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུས་དང་དུས་མཚམས་སོ་སོའི་ཤིང་ཐམས་ཅད་ཀྱང་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས་པ་དང་རྣམ་པར་དག་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ནས་ཀྱང་སྤྲིན་གྱི་སྒྲ་གྲགས་ཏེ། སྤྲིན་མེད་པའི་ནམ་མཁའ་ལས་ཀྱང་དལ་བུས་དལ་བུསཕྲ་བ་ཕྲ་བའི་ཆར་ལྷ་ཡུལ་བའི་ཁ་དོག་དང་ལྡན་པའི་མེ་ཏོག་དང ། གོས་དང ། རྒྱན་དང །
46-112
སྤོས་ཀྱི་བྲེ་མ་དང་འབེས་པ་འབབ་པར་གྱུར་ཏོ། །རླུང་རེག་ན་མཆོག་ཏུ་བདེ་བ་འཇམ་པ་དྲི་ཞིམ་པོ་དག་ཀྱང་ལྡང་བར་གྱུར་ཏོ། །བྱོགས་ཐམས་ཅད་ཀྱང་མྱཕྱིན་པ་དང ། རྡུལ་དང ། དུ་བ་དང ། ཁུག་རྣ་མེད་ཅིང་རབ་ཏུ་དང་བས་རྣམ་པར་མཇེས་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་ཀྱང་ཚང་ས་པའི་སྒྲ་ཆེན་པོསྙན་ཅིང་ཟབ་པ་གྲག་པར་གྱུར་ཏོ། །ཉི་ཟླ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བའི་འོད་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཏེ། འོད་ཁ་དོག་བརྒྱ་སྟོང་དང་ལྡན་པ། རེག་ན་མཚོག་ཏུ་བདེ་བ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ལ་བདེ་བ་སྐྱེད་པ། འཇིག་རྟེན་ལས་འདས་པ་སྟོང་གསུམ་གྱི་སྟོང་ཚེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བསྟས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱང་བདེ་བས་ཤིན་ཏུ་ཚིམ་པར་གྱུར་ཏེ། འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་དང ། བེགས་པ་དང ། མི་དགའ་བ་དང ། ཞུམ་པ་དང ། འཇིགས་པ་དང ། ཆགས་པ་དང ། ཕྲག་དོག་དང ། སེར་སྣ་ཐམས་ཅད་དང་བྲལ་ཞིང་མི་དགེ་བའི་བྱ་བ་ཐམས་ཅད་སྤང་ས་པར་གྱུར་ཏོ། །སེམས་ཅན་ན་དཔ་རྣམས་ཀྱི་ནད་ཀྱང་ཞི་བར་གྱུར་ཏོ། །བཀྲེས་ཤིང་སྐོམ་པའི་སེམས་ཅན་རྣམས་ཀྱང་བཀྲིས་པ་དང་སྐོམ་པ་མེད་པར་གྱུར་ཏོ། །ཆང་གིས་ར་རོ་ཞིང་མོས་པ་རྣམས་ཀྱང་མོས་པ་མེད་པར་གྱུར་ཏོ། །སྨྱོས་པ་རྣམས་ཀྱང་དྲ་ན་པ་ཐོབ་པར་གྱུར་ཏོ། །མིག་མེད་པ་རྣམས་ཀྱིས་ཀྱང་མིག་ཐོབ་པར་གྱུར་ཏོ། །རྣ་བ་འོན་པ་རྣམས་ཀྱིས་ཀྱང་སྒྲ་ཐོས་པར་གྱུར་ཏོ། །ཡན་ལག་དང་ཉིང་ལག་ཉམས་པ་རྣམས་ཀྱང་དབང་པོ་ཉམས་པ་མེད་པར་གྱུར་ཏོ། །དབུལ་པོ་རྣམས་ཀྱིས་ཀྱང་ནོར་ཐོབ་པར་གྱུར་ཏོ། །བ་ཙོན་ར་ན་འཁོད་པ་རྣམས་ཀྱང་བ་ཙོན་ར་ནས་ཐར་བར་གྱུར་ཏོ། །མནར་མེད་པ་
46-113
ལ་སོགས་པའི་སེམས་ཅན་དམྱལ་བ་པའི་སེམས་ཅན་ཐམས་ཅད་ཀྱི་ནད་དུ་བྱ་བ་དང་སྡུག་བསྔལ་ཐམས་ཅད་དེའི་ཚེ་རྒྱུན་ཆད་པར་གྱུར་ཏོ། །དུད་འགྲོའི་སྐྱེ་གནས་པ་རྣམས་ཀྱིས་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡང་ཞི་བར་གྱུར་ཏོ། །གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་བཀྲིས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཡང་ཞི་བར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བསྐལ་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲང་ས་མེད་པར་སྤྱད་པ་ཤིན་ཏུ་སྤྱད་པ། བརྩོན་འགྲུས་ཆེན་པོ་དང་ལྡན་པ། མཐུ་ཆེན་པོ་དང་ལྡན་པ། བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ་ཆོས་ཉིད་ཐོབ་པས་དེའི་ཚེ། བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགུས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སའི་བྱོགས་དེ་དེའི་ཚེ་ཞིག་པར་མི་འགྱུར་བར་བྱ་བའི་གྱིར་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་པ་མཛད་དེ ། དགེ་བློང་དག་དེ་ཙམ་དུ་སྟོབས་ཀྱི་ཤུགས་དྲག་པོ་དང་ལྡན་པར་བྱང་ཆུབ་སེམས་དཔའ་བསྟས་མ་ཐག་པ་གོམ་པ་བདུན་འདོར་བར་གྱུར་ཏོ། །འཇིག་རྟེན་གྱི་བར་ཐམས་ཅད་ཀྱང་དེའི་ཚེ་སྣང་བ་ཆེན་པོས་རྒྱས་པར་གང་བར་གྱུར་ཏོ། །དེའི་ཚེ་གླུའི་སྒྲ་ཆེན་པོ་ཡང་བྱུང་བར་གྱུར་ཏེ། གར་གྱི་སྒྲ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །དེའི་ཚེ་མེ་ཏོག་དང ། ཕྱེ་མ་དང ། སྤོས་དང ། ཕྲེང་བ་དང ། རིན་པོ་ཆེ་དང ། རྒྱན་དང ། གོས་ཀྱི་སྤྲིན་དཔག་ཏུ་མེད་པ་དག་ཀྱང་ཆར་དུ་མངོན་པར་བབ་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་བདེ་བའིམཆོག་དང་ལྡན་པར་གྱུར་ཏེ། མདོར་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཇིག་རྟེན་དུ་བྱུང་བའི་ཚེ ། བྱ་བ་བསམ་གྱིས་མི་ཁྱབ་པ་བྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལང་ས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་
46-114
ངས་ལ་བརྩུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལས་ངོ་མཚར་དུ་གྱུར་པ་སྟེ། བྱང་ཆུབ་སེམས་དཔའ་ཉརིད་ཀྱང་རྨད་དུ་བྱུང་བའི་ཆོས་དང་ལྡན་པར་གྱུརན། ད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་འདི་ལྟར་བདག་ནི་ལན་བཞི་འམ་ལན་ལྔར་ཡང ། ལན་བཅུར་ཡང ། ལན་ལྔ་བཅུའི་བར་དུ་ཡང ། ལན་བརྒྱའི་བར་དུ་ཡང ། ལན་བརྒྱ་སྟོང་དུ་མའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་མ་འོང་ས་པའི་དུས་ན་དགེ་སློང་ལ་ལ་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། བྱིས་པ་མི་མཁས་པ། ལྷག་པའི་ང་རྒྱལ་ཅན། གོད་པ། ལེང་ས་པ། མ་བལྡ་མས་པ། སེམས་གཡེངས་པ། ནེམ་ནུར་གྱིས་འཁོར་བ། ཐེ་ཚོམ་མང་བ། ད་པ་མེད་པ། དགེ་སྤྱོང་གི་དྲི་མར་གྱུར་པ། དགེ་སྤྱོང་གི་ཚུལ་དང་མི་འདྲ་བ་དག་འབྱུང་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་མའི་རུམ་དུ་འགྲོ་བ་ཡོང་ས་སུ་དག་པ་འདི་ལྟ་བུ་ཐོས་ནས་ཡིད་མི་ཆེས་ཤིང་དེ་དག་བྱོགས་གཅིག་ཏུ་ཚོགས་ནས་གཅིག་ལ་གཅིག་འདི་སྐད་དུ། གྱེ་ཁྱེད་ཅག་འདི་ལྟ་བུའི་མི་རིགས་པ་ལ་ལྟོས། བྱང་ཆུབ་སེམས་དཔའ་མའི་མང་ལ་ན་འདུག་པ་བ་ཙོག་པའི་ཁུ་ཤུགས་དང་འདྲེས་པ་ལ་ཡང་འདི་ལྟ་བུའི་ལོང་ས་སྤྱོད་ཡོད་ཅེས་བྱ་བ་དང ། དེ་འབྱུང་བའི་ཚེ་མའི་གློ་གཡས་པ་ནས་མང་ལ་གྱི་དྲི་མས་མ་གོས་པར་བྱུང་ཞེས་བྱ་བ་འདི་རིགས་པར་ཇི་
46-115
ལྟར་འགྱུར་ཞེས་ཟེར་བར་འགྱུར་ཏེ། སྐྱེས་བུ་གླེན་པ་དེ་དག་ནི་སེམས་ཅན་ལེགས་པར་བྱས་པའི་ལས་དང་ལྡན་པ་རྣམས་ཀྱི་ལུས་མི་ག་ཙང་བའི་ཁུ་བའི་ནང་དུ་མི་འབྱུང་ངོ་ཞེས་བྱ་བར་མི་ཤེས་སོ། །དགེ་སློང་དག་སེམས་ཅན་དམ་པ་དེ་ལྟ་བུ་དག་གི་མང་ལ་དུ་འགྲོ་བ་དང་མང་ལ་ན་གནས་པ་ནི་ཤིན་ཏུ་ཡང་བཟང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་སྙིང་བརྩེ་བས་མིའི་འཇིག་རྟེན་དུ་སྐྱེ་སྟེ། ལྷར་གྱུར་པ་ཉརིད་ཀྱིས་ཆོས་ཀྱི་འཁོར་ལོ་མི་སྐོར་རོ། ། དེ་ཅིའི་གྱིར་ཞེ་ན། ཀུན་དགའ་བོ་སེམས་ཅན་རྣམས་ཞུམ་པར་འགྱུར་ཞིང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་ལྷར་གྱུར་པ་ཡིན་གྱི། བདག་ཅག་ནི་མི་ཙམ་དུ་ཟད་པས་ན། བདག་ཅག་གིས་གནས་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་སོ། །ཞེས་ཞུམ་པར་འགྱུར་དུ་འོང་བའི་གྱིར་ཏེ། སྐྱེས་བུ་གླེན་པ་ཆོས་ཀྱི་རྐུན་པོར་གྱུར་པ་དེ་དག་འདི་སྙམ་དུ་སེམས་ཅན་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ནི་བདག་ཅག་གིས་ཚོད་གཟུང་བར་བྱ་བ་མ་ཡིན་ནོ་སྙམ་དུ་མི་སེམས་ས་སོ། །ཀུན་དགའ་བོ་དེ་དག་ནི་དེའི་ཚེ་སངས་རྒྱས་ཀྱི་ཆོ་འཕྲུལ་ལའང་ཡིད་མི་ཆེས་པར་འགྱུར་ན། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའི་ཆོ་འཇུལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་དགའ་བོ་ད་ལྟར་སྐྱེས་བུ་གླེན་པ་རྙེད་པ་དང ། བཀྱུར་སྟི་དང་ཆིགས་སུ་བ་ཅད་པའི་ཟིལ་གྱིས་ནོན་པ། མི་གཙང་བར་བྱིང་བ ། རིམ་གྲོའི་ཟིལ་གྱིས་ནོན་པ། མ་རབས་ཀྱི་ང་ང་ཚུལ་ཅན་དེ་དག་སངས་རྒྱས་ཀྱི་ཆོས་སྤོང་ཞིང་བསོད་ནམས་མ་ཡིན་པའི་མངོན་པར་འདུ་བྱ་བ་མང་པོ་ཇི་སྙེད་ཅིག་མངོན་པར་འདུ་བྲེད་པ་ལ་ལ་ལྟོས།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་པ།
46-116
ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་མ་བྱུང་བའི་དུས་ན། འདི་ལྟ་བུའི་མདོ་སྡེ་བཟང་པོ་ལ་ཡང་སྤོང་ཞིང་མི་སྙན་པར་བརྗོད་པ་དེ་ལྟ་བུའི་དགེ་སློང་དག་ཀྱང་འབྱུང་བ་ལགས་པ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་ནི་མདོ་སྡེ་འདི་ལྟ་བུ་སྤོང་ཞིང་མི་སྙན་པ་བརྗོད་པར་ཡང་མ་ཟད་དེ། སྣིག་པ་རྣམ་པ་དུ་མ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་ཅིང་དགེ་སྤྱོང་གི་དངོས་པོ་དོན་དུ་མི་གཉེར་བ་དག་ཀྱང་འབྱུང་བར་འགྱུར་རོ། ། གསོལ་པ་བཅོམ་ལྡན་འདས་འོ་ན་སྐྱེས་བུ་དམ་པ་མ་ལགས་པ་དེ་འདྲ་བ་དེ་དག་གི་འགྲོ་བ་ནི་ཅི་འདྲ་བ་ཞིག་ཏུ་འགྱུར ། ཚེ་ར་བས་འཕོས་ནས་ནི་ཇི་ལྟ་བུ་ཞིག་ཏུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་མེད་པརབྱས་ཏེ། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སྙན་པས་སྐུར་པ་བཏབ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྤུ་གལོས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྤྱོད་པ་འདི་དག་ཐོས་ནས་བདག་ནི་བརྒྱལ་བ་དང་འདྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་གི་སྤྱོད་པ་ནི་མཉམ་པར་མི་འགྱུར་ཞིང ། སེམས་ཅན་དེ་དག་ནི་མི་མཉམ་པའི་སྤྱོད་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་དག་ཚུལ་དང་མི་འདྲ་བའི་སྤྱད་པ་དེས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་སློང་ང་ང་མ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མ་མོས་ཤིང་ཡིད་མི་
46-117
ཆེས་པ་དང ། སྤོང་བ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ནི་ཚད་དུ་མ་བྲེད་ཅིག་།དེ་ཅིའི་གྱིར་ཞེ་ན། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཚད་མེད་ཅིང་ཟབ་ལ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའོ། །ཀུན་དགའ་བོ་ལ་ལ་ཞིག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་དགའ་བ་དང ། མཆོག་ཏུ་དགའ་བ་དང ། ད་པ་སྐྱེ་བའི་སེམས་ཅན་དེ་དག་གིས་ནི་ཐོབ་པ་ལེགས་པར་ཐོབ་པ་ཡིན་ཏེ། དེ་དག་གི་འཚོ་བ་ནི་དོན་ཡོད་པའོ། །དེ་དག་གི་མིའི་དངོས་པོ་ནི་དོན་ཡོད་པ་འོ། །དེ་དག་གི་སྤྱོད་པ་ལེགས་པར་སྤྱད་པའོ། །དེ་དག་གིས་ནི་སྙིང་པོ་བླང་ས་ས་སོ། །དེ་དག་ནི་ངན་སོང་གསུམ་ལས་རྒོལ་བའོ། །དེ་དག་ནི་དེ་བཞིན་གཤེགས་པའི་ས?ས་སུ་འགྱུར་རོ། །དེ་དག་གིས་ནི་དགོས་པ་ཐམས་ཅད་ཡོངས་སུ་ཐོབ་བོ ། །དེ་དག་གིས་ད་པ་ཐོབ་པ་ནི་དོན་ཡོད་དོ། །དེ་དག་གིས་ནི་ཡུལ་འཁོར་གྱི་ཟས་ལེགས་པར་ཟོས་ས་སོ། །དེ་དག་གིས་ནི་སེམས་ཅན་དམ་པ་རྣམས་ལ་ལེགས་པར་མོས་པ་ཡིན་ན་ནོ། །དེ་དག་ནི་བདུད་ཀྱི་ཞགས་པ་གཏུབས་པ་ཡིན་ནོ། །དེ་དག་ནི་འཁོར་བའི་འབྲོག་དགོན་པ་ལས་རྒལ་ཏོ། །དེ་དག་གིས་ནི་མྱ་ངན་གྱི་ཟུག་ཇུ་ཕྱུང་ངོ ། །དེ་དག་གིས་ནི་མཆོག་ཏུ་དགའ་བའི་དངོས་པོ་རྗེས་སུ་ཐོབ་བོ། །དེ་དག་གིས་ནི་སྐྱབས་སུ་འགྲོ་བ་ལེགས་པར་བླང་ས་ས་སོ། དེ་དག་ནི་སྤྱིན་པའི་གནས་ཡིན་ཏེ་མཆོད་པར་འོས་པའོ། །དེ་དག་ནི་འཇིག་རྟེན་ན་འབྱུང་བར་དཀོན་པའོ། །དེ་དག་ནི་འཇིག་རྟེན་ན་སྤྱིན་པའི་གནས་སུ་གཟུང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་རྣམ་པ་འདི་ལྟ་བུ་འདི་ལ་ད་པའི་གྱིར་རོ། །ཀུན་དགའ་བོ་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ཏེ། ཀུན་
46-118
དགའ་བོ་སེམས་ཅན་དེ་དག་ནི་ང་དང་ཚེ་རབས་འགའ་ཞིག་ཏུ་འགྲོགས་པར་གྱུར་པའི་གྲོགས་པོ་མ་ཡིན་ནོ། །དེ་ཅིའི་གྱིར་ཞེ་ན། ཀུན་དགའ་བོ་ལ་ལ་ནི་ཐོས་པ་ཙམ་གྱིས་དགའ་ཞིང་ཡིད་དུ་འོང་བ་ཡོད་ཀྱི་མཐོང་ན་མ་ཡིན་ནོ། །ཀུན་དགའ་བོ་ལ་ལ་ནི་མཐོང་བས་དགའ་ཞིང་ཡིད་དུ་འོང་བ་ཡོད་ཀྱི་ཐོསཔས་ནི་མ་ཡིན་ནོ། ། ཀུན་དགའ་བོ་ལ་ལ་ནི་མཐོང་ན་ཡང་དགའ་ཞིང་ཡིད་དུ་འོང་ལ་ཐོས་ན་ཡང་དགའ་ཞིང་ཡིད་དུ་འོང་བ་ཡོད་དོ། །ཀུན་དགའ་བོ་གང་ཡང་རུང་སྟེ། ལ་ལ་ཞིག་མཐོང་ང་མ། ཐོས་ནས་དགའ་ཞིང་ཡིད་དུ་འོང་བར་གྱུར་ན། ཁྱོད་ཀྱིས་དེ་ལ་འདི་ལྟར་དེ་དག་ནི་ང་དང་ཚེ་རབས་འགའ་ཞིག་ཏུ་འགྲོགས་པའི་གྲོགས་པོ་ཡིན་པར་ངེས་པར་རྟོགས་པར་བྱ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་གཟིགས ། །དེ་དག་ནི་དེ་བཞིན་གཤེགས་པས་དགྲོལ་བར་བྱ་བྱ་བའོ། །དེ་དག་ནི་དེ་བཞིན་གཤེགས་པ་དང་ཡོན་ཏན་གྱི་ཆ་མཉམ་པའོ། །དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་བའོ། །དེ་དག་ནི་དེ་བཞིན་གཤེགས་པས་བཟུང་བའོ། །ཀུན་དགའ་བོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཇིད་ཀྱི་ཚེ་ཡང་སེམས་ཅན་སུ་ཡང་རུང་སྟེ། འཇིགས་པས་ཉམ་ཐག་ཅིང་འོང་ས་ནས་མི་འཇིགས་པ་སློང་ན་སེམས་ཅན་དེ་དག་ལ་ངས་མི་འཇིགས་པ་བྱིན་པར་གྱུར་ན ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ད་པ་ལ་བརྩོན་པར་གྱིས་ཤིག་།འདི་ནི་དེ་བཞིན་གཤེགས་པས་བཅོལ་བའོ། །ཀུན་དགའ་བོ་ཁྱོད་ཀྱིས་བྱ་བ་ཅི་ཡོད་པ་དེ་དག་ནི་དེ་བཞིན་གཤེགས་པས་བྱས་སོ། །ང་རྒྱལ་གྱི་ཟུག་ཇུ་ནི་དེ་བཞིན་གཤེགས་པས་བསལ་ཏོ། །ཀུན་དགའ་བོ་གྲོགྲོགས་པོའི་གཏམ་ཐོས་པ་ཙམ་གྱིས་ཀྱང་དཔག་ཚད་བརྒྱའི་ལམ་དུ་ཡང་འགྲོ་སྟེ། ཐོས་པས་ཀྱང་དགའ་བར་
46-119
འགྱུར་བ་ཡིན་ན། སྔར་མ་མཐོང་བ་ལས་མཛའ་བོ་མཐོང་བར་གྱུར་ན་སྨོས་ཀྱང་ཅི་དགོས་ཏེ། གང་ང་ལ་རྟེན་ཅིང་དགེ་བའི་རྩ་བ་སྐྱེད་པར་བྲེད་པ་དེ་དག་ནི་མ་ན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཁྱེན་ཅིང་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་མཛའ་བོ་སྟེ། དེ་དག་ནི་བདག་ཅག་གི་ཡང་མཛའ་བོ་ཡིན་ནོ་སྙམ་དུ་དགོང་ས་སོ། །དེ་ཅིའི་གྱིར་ཞེ་ན། ཀུན་དགའ་བོ་མཛའ་བོ་གང་ཡིན་པ་དེ་ནི་མཛའ་བོ་ལ་སྡུག་ཅིང་ཡིད་དུ་འོང་བ་ཡིན་ནོ། །མཛའ་བོ་དེའི་གང་སྡུག་པའི་གྲོགས་པོ་དེ་ཡང་དེ་ལ་སྡུག་ཅིང་ཡིད་དུ་འོང་བ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱས། །དདཔ་ཙམ་ཡང་སྐྱེད་པར་གྱིས་ཤིག་།ངས་མ་ན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་གཏད་དེ། །དེ་དག་ཀྱང་འདི་དག་ནི་བདག་ཅག་གི་ཡང་མཛའ་བོ་ཡིན་ནོ་ཞེས་བྱ་བར་མཁྱེན་ཅིང ། །བསམ་པ་རྫོགས་པར་མཛད་པར་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལ་བུ་དག་ཉན་ཅིང ། འཐུན་པར་འཛིན་པ་གཅིག་པུ་ཞིག་བདོག་པར་གྱུར་ལ། སྐྱེས་བུ་དེ་ཡང་མཛའ་བོ་མང་བ་ཞིག་ཡིན་ན། ཕ་དེ་ཤིར་ཟིན་ཀྱང་ཕའི་མཛའ་བོས་ཡོངས་སུ་བཟུང་བའི་བུ་དེ་ནི་ཕོང་ས་པར་མི་འགྱུར་རོ། ། ཀུན་དགའ་བོ་དེ་བཞིན་དུ་གང་སུ་ཡང་རུང་སྟེ་ང་ལ་ད་ན་དེ་དག་ངས་བཟུང་བ་ཡིན་ཏེ། །དེ་དག་ནི་ངའི་མཛའ་བོའབོ། །དེ་དག་ནི་ང་ལ་སྐྱབས་སུ་དོང་བའོ། ། དེ་བཞིན་གཤེགས་པ་ནི་མཛའ་བོ་མང་པོ་མངའ་བ་སྟེ། དེ་བཞིན་གཤིགས་པའི་མཛའ་བོ་དེ་དག་ཀྱང་ཡང་དག་པར་གསུང་ཞིང་བརྫུན་དུ་མི་གསུང་བས་དེ་བཞིན་གཤེགས་པའི་མཛའ་བོདེ་དག་ཀྱང་ཡང་དག་པར་གསུང་བ་མ་འོང་ས་
46-120
པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དེ་དག་རྗེས་སུ་གཏད་ཀྱིས ། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག་།འདི་ནི་ངས་ཁྱོད་ལ་བཅོལ་བའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་པའི་ཚེ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ན་མ་མཁའི་དཀྱིལ་ན་གནས་ཤིང་ལྷ་མོ་སྒྱུ་འཕྲུལ་ལ་ལྷའི་མེ་ཏོག་དང ། སྤོས་དང་།་ཕྲེང་བ་དང ། བྱུག་པ་དང ། གོས་དང ། རྒྱན་གྱིས་མངོན་པར་འཐོར་བར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བ་དྲི་མེད་རྣམ་དག་གསེར་གྱི་འོད་ལྡན་ཉི་ཟླ[༄\ུf]འི་འོད་ལྡན་པ། །ལྷ་ཡི་བུ་མོ་སྒྲ་དབྱངས་སྙན་བརྫོད་སྟོང་ཕྲག་དྲུག་ཅུ་དེ་ཡི་ཚེ། །སྐད་ཅིག་དེ་ལ་ལུམ་བི་ནིར་ལྷགས་ལྷ་མོ་སྒྱུ་འཕྲུལ་དེ་ལ་སྨྲ། །མི་དགྱེས་མ་མཛད་རབ་ཏུ་དགྱེས་མཛད་བདག་ཅག་ཁྱོད་ཀྱི་ཕྱག་རྗེད་ལགས། །བདག་ཅག་རྣམས་ཀྱིས་བགྱི་བ་ཅི་མཆིས་ཅི་བགྱི་ཅི་འཚལ་བཀའ་སྩོལ་ཅིག་།བདག་ཅག་ཁྱོད་ཀྱི་ཕྱག་རྗེད་ནུས་ལྡན་ཉེ་བའི་སེམས་དང་ལྡན་པ་ལགས། ། ཁྱོད་ཀྱིས་དགྱེས་ཤིང་བདེ་བའི་ཉམས་བསྐྱེད་མི་དགྱེས་ཐམས་ཅད་སྤང་བར་གསོལ། །རྒ་ཤི་སེལ་བའི་སྨན་པ་དམ་པ་དེ་རིང་ལྷ་མོ་མྱུར་སྐྱེད་འགྱུར ། །ཇི་ལྟར་ཞུགས་ཤིང་འདི་རྣམས་ཁ་འབུས་ས་ལ་མེ་ཏོག་རྒྱས་གྱུར་ཅིང ། །སྟོང་ཕྲག་བགྲངས་པའི་ལྷ་རྣམས་དྲུང་ན་གནས་ཤིང་ལག་པ་འདུད་པ་དང ། །ཇི་ལྟར་དོག་ས་རྒྱ་མཚོར་བ་ཅ་ས་ཏེ་རྣམ་པ་དྲུག་ཏུ་གཡོས་ལགས་ན ། །ཁྱོད་ལས་ལྷ་ཡུལ་མི་ཡུལ་སྒྲ་གྲགས་འཇིག་རྟེན་འདས་པའི་སྲས་བལྟམ་འགྱུར ། །ཇི་ལྟར་རྣམ་དག་འོད་ཀྱིས་རྣམ་པར་མཛེས་ཤིང་གསེར་གྱི་ཁ་དོག་བཟང ། །ན་མ་མཁའི་དཀྱིལ་ལས་ཡིད་འོང་སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་འབྱིན་དང ། །ཇི་ལྟར་དག་ཅིང་གཙང་ལ་འདོད་ཆ་གས་བྲལ་བའི་ལྷ་རྣམས་བརྒྱ་སྟོང་ཡང ། །དགའ་སེམས་ཕྱག་
46-121
འཚལ་བ་ལས་དེ་རིང་འཇིག་རྟེན་ཀུན་ཕན་བལྟམ་པར་གྱུར ། །བརྒྱ་བྱིན་ཚང་ས་པ་འཇིག་རྟེན་སྐྱོང་དང་དེ་བཞིན་ལྷ་རྣམས་གཞན་དག་ཀྱང ། །དགའ་ཞིང་བྲོད་པའི་སེམས་ཀྱིས་དྲུང་དུ་གནས་ནས་ལག་པ་འདུད་པ་བགྱིད ། །སྐྱེས་བུ་སེང་གེ་བརྟུལ་ཞུགས་གྲུབ་པ་དེ་ཡང་སྩིབ་ལོགས་གཡས་ནས་བྱུང ། །གསེར་གྱི་རི་དང་འདྲ་ཞིང་དག་པའི་འོད་དང་ལྡན་པའི་འདྲེན་པ་བལྟམ ། །བརྒྱ་བྱིན་ཚང་ས་པ་གཉིས་ཀྱིས་ལག་པ་དར་ཏེ་ཐུབ་པ་དེ་ཡང་བླངས། །ཞིང་རྣམས་བརྒྱ་སྟོང་འོད་བཟང་ས་བརྒྱ[༄\ུf]་བས་ཐམས་ཅད་རབ་ཏུ་གཡོས་པར་གྱུར། །ངན་སོང་གསུམ་གྱི་སེམས་ཅན་རྣམས་ཀྱང་བདེ་ཞིང་སྡུག་བསྔལ་མེད་གྱུར་ཏེ། །ལྷ་རྣམས་བརྒྱ་ཕྲག་སྟོང་གིས་མེ་ཏོག་གཏོར་ཏེ་གོས་ཀྱི་གཡབ་མོ་ཕྱུང ། །དེ་ཚེ་ས་འདི་སྟོབས་མཐུ་ལྡན་ཞིང་རྡོ་རྗེའི་དངོས་གནས་པད་མ་མཇེས། །སྣ་ཚོགས་མངོན་མཐོ་ན་དགེ་ལ་འདྲེན་པ་འཁོར་ལོའི་མཚན་རིས་ཞབས་བཞག་སྟེ། །གོམ་པ་བདུན་དུ་བཞུད་ནས་ཚང་ས་པའི་སྒྲ་དབྱང་ས་དམ་པ་གསུང་ས་པ་ནི། །རྒ་ཤི་སིལ་བའི་སྨན་པ་དམ་པ་སེམས་ཅན་མཆོག་ཏུ་བདག་འགྱུར་རོ། །ཚང་ས་པའི་མཆོག་དང་བརྒྱ་བྱིན་ལྷ་མཆོག་ནམ་མཁའི་དཀྱིལ་ན་འཁོད་གྱུར་ཏེ། །ག་ཙང་ཞིང་དང་ལ་མཇེས་པའི་སྤོས་ཆུ་དག་གིས་འབེན་པའི་སྐུ་ཡང་བསིལ། །ཀླུ་ཡི་རྒྱལ་གཉིས་བར་སྣང་གནས་ནས་གྲང་དྲོའི་ཆུ་ཡི་རྒྱུན་ཀྱང་གཏོར ། །ལྷ་རྣམས་བརྒྱ་སྟོང་དག་ཀྱང་སྤོས་ཆུ་དག་གིས་འབེན་པའི་སྐུ་བསིལ་བྲེད ། །འཇིག་རྟེན་སྐྱོང་བ་རྣམས་ཀྱང་རིམ་གྲོ་དམ་པར་ལག་པ་བཟང་པོས་ལེན། །སྟོང་གསུམ་འདི་ཡང་རྒྱུ་དང་མི་རྒྱུ་བ་ཅས་པར་རབ་ཏུ་གཡོས་པར་གྱུར ། ། མཛིས་པའི་འོད་རྣམས་བཀྱེ་བས་ངན་སོང་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར། །འཇིག་རྟེན་རྣམ་པར་འབེན་པ་བལྟམ་པས་ཉོན་མོང་ས་སྡུག་བསྔལ་དེ་དག་ཞི། །མི་ཡི་འདྲེན་པ་རྒྱལ་བ་ལ།
46-122
ལྷ་རྣམས་མེ་ཏོག་སིལ་མ་འཐོར། །སྟོབས་དང་བརྩོན་འགྲུས་ལྡན་པ་ཡི། ། བརྟན་པ་གོམ་པ་བདུན་དུ་བཞུད། ། ས་བྱོགས་གང་དུ་ཞབས་བཞག་པ། །དེར་ནི་པད་མ་བཟང་པོའི་མཆོག་།རིན་ཆེན་ཀུན་གྱིས་བརྒྱན་པ་དག་།ས་ལས་མངོན་དུ་འཐོན་པར་གྱུར། །དེ་ལྟར་གོམ་པ་བདུན་བཞུད་ནས། །རྒ་དང་འཆི་བ་སིལ་བ་ཡི། །སྨན་པ་དམ་པ་འདིར་བྱུང་ཞེས། །ཚང་ས་པའི་དབྱང་ས་ཀྱིས་གསུང་བརྗོད་དོ། །འཇིགས་མེད་བྱོགས་སུ་རྣམ་གཟིགས་ཏེ། །དེ་ནས་དོན་ལྡན་གསུང་ཕྱུང་བ། །ང་ནི་འཇིག་རྟེན་ཀུན་གྱི་ག་ཙོ། །འཇིག་རྟེན་ཕུལ་ན་རྣམ་པར་འདྲེན། །ང་ཡི་སྐྱེ་མཐའ་འདི་ཡིན་ཞེས། །མི་ཡི་འབེན་པས་འཇུམ་པ་མཛད། །ལྷ་དབང་བ་ཅས་དང་འཇིག་རྟེན་སྐྱོང་དག་རབ་ཏུ་ད་སེམས་སྐྱེས། ། སྤོས་ཆུ་མཆོག་གིས་འཇིག་རྟེན་ཕན་པའི་དོན་མཛད་སྐུ་ཡང་བསིལ། །ཀླུ་ཡི་དབང་པོ་རྣམས་ཀྱང་ལྷན་ཅིག་འཐུན་པར་བྱས་ནས་ནི། །དྲི་ཞིམ་སྤོས་ཆུ་དག་གི་རྒྱུན་གྱིས་སྐུ་ཡང་བསིལ་བ་བ་བྱས། །ལྷ་གཞན་ཁྲག་ཁྲིག་དག་ཀྱང་བར་སྣང་ལ་ནི་གནས་ནས་ས་སུ། །དྲི་ཞིམ་སྤོས་ཆུ་མཆོག་གི་རྒྱུན་གྱིས་རང་བྱུང་སྐུ་ཡང་བསིལ། ། གདུགས་དཀར་ཡང་ས་དང་རྔ་ཡབ་བཟང་པོ་དམ་པ་ཐོགས་ནས་ནི། །བར་སྣང་འཁོད་དེ་ལྷ་རྣམས་མི་ཡི་ཁྱུ་མཆོག་སྐུ་བསིལ་བྲེད ། །སྐྱེས་བུ་གཅིག་ཅིག་རིང་ས་པར་འོང་ས་ནས་ཟས་ག་ཙང་དེ་ལ་དགར་སྨྲས་པ ། །ལྷ་ཅིག་འབྱོར་པ་རྒྱས་གྱུར་ཁྱོད་ཀྱི་ས?ས་ནིམཚན་གྱིས་བརྒྱན་པ་བལྟམ ། །དེ་ནི་ངེས་པར་འཁོར་ལོས་སྒྱུར་བའི་དབང་ཕྱུག་གདུང་རབས་རིན་ཆེན་འཚོ་བ། །འཛམ་བུའི་གླིང་འདི་གདུགས་མང་གཅིག་འགྱུར་ཕས་ཀྱི་དགྲ་ཡང་མ་མཆིས་འགྱུར། །དེ་ནས་སྐྱེས་བུ་གཉིས་འོང་ས་ཟས་ག་ཙང་རྒྱལ་པོའི་མདུན་དུ་དེ་སོང་སྟེ། །ལྷ་ཅིག་འབྱོར་པ་རྒྱས་གྱུར་ཤཱཀྱའི་རིགས་སུ་རྒྱལ་བུ་སྐྱེས་གྱུར་ན། །ཤཱཀྱ་རྣམས་ཀྱི་གྲོང་དུ་རོགས་པ་
46-123
འབུམ་ཕྲག་ལྔ་ནི་བསྟས་པ་སྐྱེས་པར་གྱུར། །ཀུན་ཀྱང་གཞན་གྱིས་མི་ཐུབ་སྟོབས་དང་ལྡན་ཞིང་ཚན་པོ་ཆེ་དང་འདྲ ། །སྐྱེས་བུ་གཞན་འོང་ས་སྨྲས་པ་བདག་ལས་དགྱིས་པའི་སྒྲ་གསོན་ལྷ་།འདུན་པ་ཅན་ལ་སོགས་པ་འབང་ས་ཀྱི་བྱིས་པ་བརྒྱད་བརྒྱ་བསྟས་པར་གྱུར། །བསྔགས་ལྡན་གྱི་ནི་ཟླ་བོ་ཆིབས་རྟ་སྟོང་ཕྲག་བཅུ་དག་འབྲང་ས་གྱུར་ཏེ། །ཆིབས་མཆོག་དམ་པ་གསེར་གྱི་འོད་ལྡན་རྔ་རྡོག་ལྕང་ལོར་འཁྲིལ་བ་ལགས། །མཐའ་འཁོབ་ཁམས་ཀྱི་རྒྱལ་པོ་སྟོང་ཕྲག་ཉི་ཤུ་དག་ཀྱང་དེ་བཞིན་དུ། །རྒྱལ་པོ་ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་མཆིས་ཀྱིས་ལེགས་པར་རྒྱལ་གྱུར་ལྷ། དནི་བདག་མཆིས་སུག་ལས་ཅི་བགྱི་རྒྱལ་པོས་བདག་ལ་བཀའ་སྩལ་གསོལ། རྒྱལ་པོ་ཁྱོད་འདིར་མངའ་བརྙེས་བདག་འབང་ས་ཇོ་བོ་ལྷ་ཅིག་རྒྱལ་བར་སྤྱོན། ། གསེར་གྱི་དྲ་བས་མཇེས་པའི་གླང་པོ་དམ་པ་སྟོང་ཕྲག་ཉི་ཤུ་དག་།ནམ་མཁའ་ལས་ནི་སྒྲ་དག་འབྱིན་ཅིང་རྒྱལ་པོའི་ཁབ་ཏུ་མརྒྱོགས་སུ་མཆིས། །སྤྲུམ་མ་ལ་སོགས་ནག་གུ་ཟལ་ལུ་དག་དང་བེའུ་ནི་དྲུག་སྟོང་འབྲང་ས། །ལྷ་ཅིག་ལྷ་མཆོག་བལྟམ་ཞིང་དེ་དག་བསྟས་པས་རྒྱལ་ཁབ་ཕུན་སུམ་ཚོགས། །རྗེ་ཅིག་རྒྱལ་པོར་གཤེགས་ཏེ་བསོད་ནམས་གཟི་འོད་ལྡན་པ་བལྟམ་པ་ཡི། །ཡོན་ཏན་དག་ནི་མཐོང་བར་གྱུར་ནས་ལྷ་དང་མི་རྣམས་སྟོང་བགྲང་ས་པ། །རབ་ཏུ་དགའ་བར་གྱུར་དང་ཀུན་ལ་ཉིད་ཀྱིས་ལེགས་པར་གཟིགས་སུ་གསུ་གསོལ། །མྱུར་དུ་རྒྱལ་གྱུར་ཅིག་ཅེས་བྱང་ཆུབ་དམ་པ་མྱ་ངན་མེད་པར་ཞུགས། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟས་པ་དང་སྐད་ཅིག་དེ་ལ་སྤྱིནཔ་གཏོང་བ་ཡང་དེ་བས་རྒྱ་ཆེར་གྱུར་ཏོ། །ཡ་རབས་ཀྱི་རིགས་ལྔ་བརྒྱ་ཡང་བསྟས་པར་གྱུར་ཏོ། །གྲགས་ལྡན་ལ་སོགས་པ་བུ་མོ་ཁྲི་དང ། བྲན་མོ་བརྒྱད་བརྒྱ་དང ། འདུན་པ་ལ་སོགས་པ་བྲན་ལྔ་བརྒྱ་དང ། རྟེའུ་མོ་ཁྲི་དང ། བསྔགས་ལྡན་ལ་སོགས་པ་རྟེའུ་ཕོ་ཁྲི་
46-124
དང ། བ་ལང་གི་ཕྲུག་གུ་མོ་ལྔ་བརྒྱ་དང ། བ་ལང་གི་ཕྲུག་གུ་ཕོ་ལྔ་བརྒྱ་པོ་དག་ཀྱང་བསྟས་ཤིང་འབྲང་ས་པར་གྱུར་ནས་དེ་དག་ཐམས་ཅད་རྒྱལ་པོ་ཟས་གཙང་མས་སྣ་གྲང་ས་ཡི་གེར་བྱིས་ཏེ་ས?ས་བུ་གཞོན་ནུ་རྩེན་པའི་གྱིར་བྱིན་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་ལོང་ས་སྤྱོད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་མཐུས་གླིང་བྲེ་བ་བརྒྱ་ཕྲག་བཞིའི་དབུས་ཀྱི་ས་ཁྱོགས་ནས་ཨ་ཤཝད་ཐའི་སྡོང་པོ་སྐྱེས་པར་གྱུར་ཏོ། །གླིང་ཕྲ་མོ་རྣམས་སུ་ཡང་ཙན་དན་གྱི་ནགས་ཚལ་སྐྱེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་དོན་དུ་གྲོང་ཁྱེར་གྱི་ཁོ་ར་ཡུག་ཏུ་ཡང་སྐྱེད་མོས་ཚལ་ལྔ་བརྒྱ་དག་བྱུང་བར་གྱུར་ཏོ། །གཏེར་ལྔ་སྟོང་ཡང་སའི་འོག་ནས་གྱིན་དུ་འབུས་ཏེ་སྒོ་སྟོན་པར་གྱུར་ཏོ། །དེ་ལྟར་རྒྱལ་པོ་ཟས་ག་ཙང་མ་དེའི་དོན་བསམ་པ་གང་ཡིན་པ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་བདག་གི་བུ་གཞོན་ནུ་དེའི་མིང་ཇི་སྐད་ཅིག་གད་གས་པར་བྱ་སྙམ་པ་དང ། དེ་འདི་སྙམ་དུ་སེམས་ཏེ། བུ་འདི་སྐྱེས་མ་ཐག་ཏུ་བདག་གི་དོན་ཐམས་ཅད་ཡང་དག་པར་གྲུབ་པར་གྱུར་གྱིས ། འདིའི་མིང་ནི་དོན་ཐམས་ཅད་གྲུབ་པར་གད་གས་སོ་སྙམ་སྟེ། དེ་ནས་རྒྱལ་པོ་ཟས་ག་ཙང་མས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་ཆེར་བྱས་ནས་བུ་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ་ཞེས་མིང་དུ་བཏགས་ས་སོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟས་ནས་མའི་གློ་གཡས་པ་ཡང་མ་རལ་མ་ཉམས་ཤིང་སྔོན་བཞིན་དུ་གྱུར་ཏོ། །དེར་ཁྲོན་པ་ལན་གསུམ་ལྡུད་པ་དག་ཀྱང་བྱུང་བར་གྱུར། སྤོས་ཀྱི་འབྲུ་མར་གྱི་རྫིང་བུ་དག་ཀྱང་བྱུང་བར་གྱུར་ཏོ། །དེ་ནས་ལྷའི་བུ་མོ་ལྔ་སྟོང་དག་ལྷའི་སྤོས་ཀྱིས་བསྒོས་པའི་འཔུ?་མར་དྲི་ཞིམ་པོ་ཁྱེར་ཏེ་བྱང་ཆུབ་སེམས་དཔའི་མའི་དྲུང་དུལྷག་ནས། བལྟམས་པ་ལེགས་པརབལྟམ་མམ ། སྐུ་ལ་མི་བདེ་བ་མ་
46-125
མཆིས་སམ། ཞེས་འདྲི་བར་གྱུར་ཏོ། །ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱུག་པ་དང ། རྣམ་པར་བྱུག་པ་ཐོགས་ཏེ། བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པརབལྟམ་མམ ། སྐུ་ལ་མི་བདེ་བ་མ་མཆིས་སམ། ཞེས་འདྲི་བར་གྱུར་ཏོ། །ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་སྤོས་ཆུས་བཀང་བའི་བུམ་པ་ཐོགས་ཏེ། བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པར་བལྟམ་མམ ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། །ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱིས་པའི་གོས་ཐོགས་ཏེ་བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པརབལྟམ་མམ ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། །ལྷའི་བུ་མོ་ལྔ་སྟོང་དག་ཀྱང་ལྷའི་བྱིས་པའི་རྒྱན་ཐོགས་ཏེ། བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ནས་བལྟམ་པ་ལེགས་པརབལྟམ་མམ ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། ། ལྷའི་བུ་མོ་ལྔ་སྟོང་དག་ཀྱང་གླུ་དབྱང་ས་ལེན་ཅིང་བྱང་ཆུབ་སེམས་དཔའི་མའི་དྲུང་དུ་ལྷགས་ཏེ་བལྟམ་པ་ལེགས་པརབལྟམ་མམ ། སྐུ་ལ་མི་བདེ་བ་མ་མཆིས་སམ་ཞེས་འདྲི་བར་གྱུར་ཏོ། །འཛམ་བུའི་གླིང་འདི་ན་གྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇི་སྙིད་ཅིག་འཁོད་པ་དེ་དག་ཐམས་ཅད་ནམ་མཁའ་ལས་འོང་ས་ཏེ། རྒྱལ་པོ་ཟས་ག་ཙང་མའི་མདུན་དུ་འཁོད་ནས། རྒྱལ་པོ་འཕེལ་བར་གྱུར་ཅིག་ཅེས་བྱ་བའི་སྒྲ་སྒྲོག་པར་གྱུར་ཏོ། །དགེ་བློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟས་ནས་ཞག་བདུན་དུ་ལུམ་པི་ནིའི་ནགས་ཚལ་དུ་ལྷ་དང་མིའི་སིལ་སྙན་དང ། ཕེག་རྡོབ་པས་རིམ་གྲོར་བྱས་སོ ། །བཀུར་སྟིར་བྱས་སོ། ། བསྟི་སྟང་དུ་བྱས་སོ། །མཆོད་པར་བྱས་སོ། །བཟའ་བ་དང ། བ་ཅའ་བ་དང ། མྱང་བ་དག་ཀྱང་དྲང་ས་པར་གྱུར་ཏོ། །ཤཱཀྱའི་ཚོགས་ཐམས་ཅད་ཀྱང་
46-126
འདུས་ནས་ཀུན་དགའ་བའི་སྒྲ་བརྗོད་པར་གྱུར་ཏོ། །སྤྱིན་པ་དག་ཀྱང་བྱིན་ནོ། ། བསོད་ནམས་དག་ཀྱང་བྲེད་དོ། །བྲམ་ཟེ་སུམ་ཁྲི་ཉིས་སྟོང་ཡང་ཉིན་གཅིག་བཞིན་དུ་ཚིམ་པར་བྱས་སོ། །སུ་དག་ཅི་འདོད་པ་དེ་དག་ལཡང་དེ་བྱིན་པར་གྱུར་ཏོ། །བརྒྱ་བྱིན་དང་ཚང་ས་པ་ཡང་བྲམ་ཟེའི་འཁོར་དེར་བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ཏེ་གྲལ་གྱི་ཐོག་མ་ལ་འཁོད་ནས་བཀྲ་ཤིས་ཀྱི་ཚིགས་སུ་བ་ཅད་པ་འདི་དག་བརྗོད་པར་གྱུར་ཏོ། །ཇི་ལྟར་ངན་སོང་རྣམས་ཞི་ཞི་ཞིང ། །ཇི་ལྟར་འགྲོ་ཀུན་བདེ་ལས་ན། །འགྲོ་ལ་བདེ་བ་འགོད་པ་ཡི། །བདེ་བ་མཛད་ཅིག་བལྟམ་པར་མངོན། །ཇི་ལྟར་རབ་རིབ་མེད་འོད་ཀྱིས། །ལྷ་དང་ཉི་ཟླའི་འོད་རྣམས་ཀྱང ། །མི་སྣང་ཟིལ་དུ་རླག་པ་ལས། །བསོད་ནམས་འོད་ཅིག་བྱུང་བར་མངོན། །མིག་མེད་རྣམས་ཀྱང་མཐོང་གྱུར་ཅིང ། །རྣ་བ་འོན་པས་སྒྲ་ཐོས་ལ། ། སྨྱོན་པ་རྣམས་ཀྱང་དྲ་ན་ལྡན་ལས། །འཇིག་རྟེན་མཆོད་རྟེན་འགྱུར་བར་མངོན།། ཇི་ལྟར་ཉོན་མོང་ས་མི་གནོད་ཅི་ང ། །འགྲོ་བ་བྱམས་པའི་ཡིད་གྱུར་ལས ། ། ཚང་ས་པ་བྲེ་བས་མཚོད་འོས་སུ། །གདོན་མི་ཟ་བར་འགྱུར་བར་མངོན། །ས་ལ་མེ་ཏོག་རྒྱས་གྱུར་ཅིང ། །ས་ཡང་མཉམ་པར་གནས་པ་ལས། ། འརྒོ་བ་ཀུན་གྱིས་མཆོད་པ་ཡི། །ཐམས་ཅད་མཁྱེན་དུ་འགྱུར་བར་མངོན། །ཇི་ལྟར་འཇིག་རྟེན་འཁྲུག་མེད་ཅི་ང ། །པད་མ་ཆེན་པོ་འཐོན་པ་ལས། །ངེས་པར་གཟི་བརྗིད་ཆེན་པོ་འདི། །འཇིག་རྟེན་མགོན་དུ་བྱོན་པར་འགྱུར། །ལྷ་ཡི་སྤོས་ཀྱིས་སྤགས་གྱུར་པ། །འཇམ་པའི་རླུང་གི་ང་དལྡང་ཞིང ། ། སེམས་ཅན་ནད་རྣམས་ཞི་གྱུར་ལས། །འདི་ནི་སྨན་པའི་རྒྱལ་པོར་བྱོན། །གཟུགས་ཁམས་གནས་པའི་ལྷ་བརྒྱ་པོ། །འདོད་ཆགས་བྲལ་བ་འདི་དག་ཀྱང ། །ཐལ་མོ་སྦྱར་ཞིང་འདུད་པ་ལས། །འདི་ནི་སྤྱིན་པའི་གནས་སུ་བྱོན། །མི་རྣམས་ཀྱིས་ནི་ལྷ་མཐོང་ཞིང ། །
46-127
ལྷ་རྣམས་ཀྱིས་ནི་མི་མཐོང་ཡང ། །ཕན་ཚུན་འཚེ་བ་མེད་པ་ལས། །འདི་ནི་དེད་དཔོན་ཆེན་པོར་བྱོན། །མེ་རྣམས་ཞི་བར་གནས་གྱུར་ཅིང ། །ཆུ་ཀླུང་ཐམས་ཅད་མི་གལོ་ལ། །ས་ཡང་དལ་བུས་གཡོ་བ་ལས། །འདི་ནི་ཡང་དག་གཟིགས་པར་འགྱུར། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟས་ནས་ཞག་བདུན་ལོན་པ་དང ། ལྷ་མོ་སྒྱུ་འཕྲུལ་ཤི་བའི་དུས་བྱས་པར་གྱུར་ཏེ། དེ་ཤི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་སོ། །དགེ་སློང་དག་ཁྱེད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ལན་བོན་གྱིས་ལྷ་མོ་སྐྱུ་འཇུལ་འཆི་བའི་དུས་བྱས་སོ། །སྙམ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་གྱིར་ཞེ་ན། དེའི་ཚེའི་ཚད་ནི་མཐར་ཐུག་པའི་གྱིར་རོ། །དགེ་སློང་དག་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྟས་ནས་ཞག་བདུན་ལོན་ན་མ་འཆི་བའི་དུས་བྱས་པར་གྱུར་ཏོ། ། དེ་ཅིའི་གྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་ཏེ་དབང་པོ་ཡོངས་སུ་རྫོགས་ནས་མངོན་པར་བྱུང་ན་མ་སྙིང་འགས་སུ་འོང་བའི་ཕྱིར་རོ། །དགེ་སློང་དག་དེ་ལྟར་ཞག་བདུན་ལོན་ནས་ཐོག་མ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ལྷ་མོ་སྐྱུ་འཕྲུལ་བཀོད་པ་ཇི་ལྟ་བུས་སྐྱེད་མོས་ཚལ་གྱི་སར་ཞུགུས་པར་གྱུར་པ་དེ་དག་ལས་བྲེ་བ་བརྒྱ་སྟོང་གྱུར་པས་ཀྱང་ལྷག་པའི་བཀོད་པ་ཆེན་པོས་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་ཞུགས་ས་སོ། །དེ་ཞུགས་པ་དང ། བུམ་པ་སྤོས་ཆུས་གང་བ་ལྔ་སྟོང་གིས་མདུན་དུ་དྲང་ས་པར་གྱུར་ཏོ། །དེ་བཞིན་དུ་བུ་མོ་ལྔ་སྟོང་ནི་རྨ་བྱའི་མདོང་ས་ལག་ན་ཐོགས་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་ཤིང་ཏ་ལའི་ཡལ་ག་ཐོགས་ཤིང་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་སྤས་ཆུའི་རིལ་བ་གྷ[༄\ུf\ུf]ང་ག་ར་ཐོགས་ཏེ་ལམ་ཆག་ཆག་གིས་འདེབས་ཤིང་མདུན་དུ་འདོང་བར་གྱུར་ཏོ། །བུ་མོ་ལྔ་སྟོང་ནི་ནགས་ཚལ་གྱི་མེ་ཏོག་གི་
46-128
ཕྲེང་བ་འཕྱང་བ་ཁྱེའུ་ཚང་སྣ་ཚོགས་ཐོགས་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། བུ་མོ་ལྔ་སྟོང་ནི་བཟང་པོར་སྒྱུར་བའི་རིན་པོ་ཆེ་ཐོགས་ཏེ། ལམ་གྱི་བྱི་དོར་བྲེད་ཅིང་མདུན་དུ་འདོང་བར་གྱུར་ཏོ། །བུ་མོ་ལྔ་སྟོང་ནི་སྟན་བཟང་པོ་ཐོགས་ཤིང་མདུན་དུ་འདོང་བར་གྱུར་ཏོ། །བྲམ་ཟི་ལྔ་སྟོང་ནི་དྲིལ་བུ་ཐོགས་ཏེ་བཀྲ་ཤིས་ཀྱི་སྒྲ་འབྱིན་ཅིང་མདུན་དུ་འདོང་བར་གྱུར་ཏོ། །གླང་པོ་ལྔ་སྟོང་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མདུན་དུ་འདོང་བར་གྱུར་ཏོ། །རྟ་ཉིས་ཁྲི་ནི་གསེར་གྱི་བ་རྒྱན་གྱིས་བཀབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མདུན་དུ་འདོང་བར་གྱུར་ཏོ། ། ཤིང་རྟ་བརྒྱད་ཁྲི་ནི་གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་ཞིང་དྲིལ་བུ་གཡེར་ཀའི་དྲ་བས་ལེགས་པར་བརྒྱན་ཏེ། བྱང་ཆུབ་སེམས་དཔའི་ཕྱི་བཞིན་འདོང་བར་གྱུར་ཏོ། ། རྐང་ཏང་དཔའ་ཞིང་རྟུལ་ཕོད་པ། ཡན་ལག་དམ་པའི་གཟུགས་དང་ལྡན་པ། གོ་ཆ་ས?་བ་བགོས་པ་བཞི་ཁྲི་ནི་བྱང་ཆུབ་སེམས་དཔའ་འགྲོ་བའི་ཕྱི་བཞིན་འདོང་བར་གྱུར་ཏོ། །འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷ་གྲགས་པ་གྲགས་པ་ཆེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲང་ས་མེད་པ་དག་ནི་ནམ་མཁའི་དཀྱིལ་ནས་བཀོད་པ་རྣམ་པ་སྣ་ཚོགས་དུ་མ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་ཕྱི་བཞིན་འདོང་བར་གྱུར་ཏོ། ། ཤིང་རྟ་གང་ལ་བྱང་ཆུབ་སེམས་དཔའ་འདུག་པར་གྱུར་པ་དེ་ཡང་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཀོད་པ་ཆེན་པོ་དུ་མས་ལེགས་པར་བརྒྱན་པར་གྱུར་ཏོ། ། ལྷའི་བུ་མོ་རྒྱན་ཐམས་ཅད་ཀྱིས་ཆས་པ་རིན་པོ་ཆེའི་ཕྲེང་བ་ཐོགས་པ་ཉིས་ཁྲི་ཤིང་རྟ་དེ་དྲང་ས་ཏེ་ལྷའི་བུ་མོ་གཉིས་ཀྱི་བར་དུ་ནི་མིའི་བུ་མོ་གཅིག་འདུག ། མིའི་བུ་མོ་གཤིས་ཀྱི་བར་དུ་ནི་ལྷའི་བུ་མོ་གཅིག་འདུག་ཀྱང་བྱང་ཆུབ་སེམས་དཔའི་མཐུས་ལྷའི་བུ་མོས་ཀྱང་མིའི་བུ་མོའི་དྲི་མི་ཞིམ་པ་མི་ཚོར། མིའི་བུ་མོས་
46-129
ཀྱང་ལྷའི་བུ་མོའི་གཟུགས་མཐོང་ན་བག་མེད་པར་མ་གྱུར་ཏོ ། །དགེ་སློང་དག་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་ཤཱཀྱ་ལྔ་བརྒྱ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ཆེད་དུ་ཁྱིམ་ལྔ་བརྒྱ་ཕུབ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་དེར་འཇུག་པའི་ཚེ། ར་ང་རང་གིས་བྱས་པའི་ཁྱིམ་གྱི་སྒོར་འཁོད་དེ། ཐལ་མོ་སྦྱར་ནས་ལུས་གུས་པར་བཏུད་དེ་རིམ་གྲོ་དང་བ་ཅས་པས་འདི་སྐད་དུ། རྒྱེ་དོན་ཐམས་ཅད་གྲུབ་པ་འདིར་གཤེགས་སུ་གསོལ། ཀྱེ་ལྷའི་ལྷ་འདིར་གཤེགས་སུ་གསུ་གསོལ། གྱེ་སེམས་ཅན་དག་པ་འདིར་གཤིགས་སུ་གསོལ། གྱེ་ཁ་ལོ་སྒྱུར་བ་དམ་པ་འདིར་གཤེགས་སུ་གསོལ། ཀྱེ་དགའ་ཞིང་བདེ་བ་དང་མཚོག་ཏུ་དགའ་བ་མཛད་པ་འདིར་གཤེགས་སུ་གསོལ། གྱེ་སྨད་པ་མེད་པའི་གྲགས་པ་མངའ་བ་འདིར་གཤེགས་སུ་གསོལ། རྐྱེ་ཀུན་ནས་སྤྱན་མངའ་བ་འདིར་གཤེགས་སུ་གསོལ། གྱེ་མི་མཉམ་པ་དང་མཉམ་ཞིང་འདྲ་བ་མེད་པའི་ཡོན་ཏན་དང་གཟི་བརྗིད་མངའ་བ། མཚན་དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པའི་སྐུ་མངའ་བ་འདིར་གཤེགས་སུ་གསོལ་ཞེས་དེ་སྐད་འཇེར་ཏོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མས་དེ་དག་ཐམས་ཅད་དང་འཐུན་པར་བྱ་བའི་གྱིར། བྱང་ཆུབ་སེམས་དཔའ་ཁྱིམ་དེ་ཀུན་ཏུ་ཡང་ཞུགས་པར་བྱས་ཏེ། ཟླ་བ་བཞི་ལོན་པ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཁྱིམ་དུ་ཞུགས་ཏེ་རིན་པོ་ཆེ་སྣ་ཚོགས་བཀོད་པ་ཞེས་བྱ་བའི་ཁང་བཟང་ས་ཆེན་པོ་དེར་བྱང་ཆུབ་སེམས་དཔའ་ཞུགས་པར་གྱུར་ཏོ། །དེ་ན་ཤཱཀྱ་རྒན་ར་བས་རྒན་ར་བས་རྣམས་འདུས་ཏེ་བགྲོས་པ། ཕན་པའི་སེམས་དང ། བྱམས་པའི་སེམས་ཀྱིས་ཡོན་ཏན་དང་ལྡན་པ་དང ། འཇམ་པ་དང་ལྡན་པར་བྱང་ཆུབ་སེམས་དཔའ་བ་ཙའ་བ་དང ། བྱི་དོར་བྱ་བ་དང ། ཉམས་སུ་བླང་བར་སུས་ནུས་ཞེས་བྱས་པ་དང ། དེ་ན་ཤཱཀྱའི་བུ་མོ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་
46-130
སྐད་དུ་བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ། །བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ་ཞེས་ཟིར་རོ། །དེ་ན་ཤཱཀྱ་ཆེསའགྲས་ཆེས་འགྲས་པ་དེ་དག་ན་རེ་བུ་མོ་འདི་དག་ཐམས་ཅད་ནི་བྱིས་པ་གཞོན་ནུ་ཐོར་བུ་གཞོན་ནུ་ལ་གཟུགས་དང་དྲ་ལ་བབ་པས་རྒྱགས་ཤིང་དེགས་པ་ཡིན་པས་འདི་དག་གིས་བྱང་ཆུབ་སེམས་དཔའ་ལ་དུས་དུས་སུ་རིམ་གྲོ་བྱ་བ་མི་ནུས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་རྒ་ཏ་ནཱི་གཞོན་ནུའི་སྲུ་མོ་སྟེ། འདིས་ནི་གཞོན་ནུ་བདེ་བ་དང་ལེགས་པར་སྐྱེད་པར་ནུས་སོ། །རྒྱལ་པོ་ཟས་ག་ཙང་མ་ཡང་མཉེས་པར་ནུས་སོ། །ཞེས་ཐམས་ཅད་གྲོས་གཅིག་ཏུ་འདུས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽཾ་ཏ་སཱི་ད་པར་བྱས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་སཱིས་གཞོན་ནུ་དེ་ལེགས་པར་བསྐྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་རིམ་གྲོར་མ་མ་སུམ་ཅུ་རྩ་གཉིས་བསྐོས་པར་གྱུར་ཏེ། དེ་ལ་བརྒྱད་ནི་པང་ན་འཚོ་བའི་མ་མའོ། །བརྒྱད་ནི་ནུ་མ་སྣུན་པའི་མ་མའོ། ། བརྒྱད་ནི་རྩེན་གྲོགས་ཀྱི་མ་མ་མའོ། །བརྒྱད་ནི་དྲི་མ་འཕྱིབའི་མ་མའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་ཤཱཀྱའི་ཚོགས་ཐམས་ཅད་བསོགས་ཏེ་དབྱད་པ། ཇི་ལྟ་གཞོན་ནུ་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་འགྱུར་ར་མ་འོན་ཏེ་མ་ཡིན་གྱིས་རབ་ཏུ་འབྱུང་བའི་གྱིར་མངོན་པར་འབྱུང་ཞེས་དབྱད་པ་དང ། དེའི་ཚེ་རིའི་རྒྱལ་པོ་གང་ས་རིའི་ངོས་ལ་དྲང་སྲོང་ཆེན་པོ་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་སྣག་གི་ཚ་བོ་མིས་བྱིན་ཞེས་བྱ་བ་དང་ལྷན་ཅིག་ཏུ་འདུག་འདུག་པ་ལས་དེས་བྱང་ཆུ་བ་སེམས་དཔའ་བསྟས་པའི་ཚེ། ངོ་མཚར་རྨད་དུ་བྱུང་བའི་ཚོ་འཕྲུལ་མང་དུ་མཐོང་སྟེ། ནམ་མཁའི་དཀྱིལན་ཡང་ལྷའི་བུ་མང་པོ་སངས་རྒྱས་ཀྱི་སྒྲ་སྒྲོག་ཅིང་གོས་ཀྱི་གཡབ་མོ་གཡོབ་པ་དང ། དགའ་ཞིང་ཕན་ཚུན་འདོང་བ་མཐོང་ནས། དེས་བསམས་པ། མ་ལ་བདག་གིས་རྣམ་
46-131
པར་བལྟ་བ་ཞིག་ཏུ་བྱའམ་སྙམ་ནས། དེས་ལྷའི་མིག་གིས་འཛམ་བུའི་གླིང་ཐམས་ཅད་དུ་བལྟས་ན་སིར་སྐྱའི་གྲོང་ཁྱེར་ཆེན་པོ་དེ་ན་རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་དུ་གཞོན་ནུ་བསོད་ནམས་ཀྱི་གཟི་བཇིད་ཀྱིས་གཟི་དང་ལྡན་པར་བྱས་པ། འཇིག་རྟེན་ཐམས་ཅད་ཀྱིས་མཚོད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་རྩུ་རྩ་གཉརིས་ཀྱིས་ལུས་ལེགས་པར་བརྒྱན་པ་ཞིག་བསྟས་པར་མཐོང་ནས། བྲམ་ཟེའི་ཁྱེའུ་མིས་བྱིན་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཤེས་པར་གྱིས་ཤིག་།འཛམ་བུའི་གླིང་དུ་ནི་རིན་པོ་ཆེ་ཆེན་པོ་བྱུང་སྟེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་དུ་གཞོན་ནུ་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་གཟི་དང་ལྡན་པར་བྱས་པ་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་བསྟས་སོ། །དེ་གལ་ཏེ་ཁྱིམ་ན་གནས་ན་ནི་མཐའ་བཞི་ལ་དབང་བའི་འཁོར་ལོས་སྐྱུར་བའི་རྒྱལ་པོར་འགྱུར་ཏེ། རྣམ་པར་རྒྱལ་བ་དང་ལྡན་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་སྲིད་ཀྱི་མཐུ་སྟོབས་ཐོབ་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བླན་པོ་རིན་པོ་ཆེ་དང་བདུན་འབྱུང་བར་འགྱུར་རོ། །དེ་ལ་བུ་སྟོང་ཡོད་པར་འགྱུར་ཏེ། དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་འཇོམས་པ་ཤ་སྟག་འབྱུང་བར་འགྱུར་རོ། །དེ་ནི་ས་ཆེན་པོའི་དཀྱིལ་འཁོར་འདི་རྒྱ་མཚོའི་མཐའ་སྐོར་དང་བ་ཅས་པ་ཆད་པ་མེད་ཅིང་མཚོན་གྱིས་བད་འ་བ་མེད་པ་དང ། ཆོས་དང་འཐུན་པར་རང་གི་མཐུས་ཟིལ་གྱིས་མནན་ཅིང་མངོན་པར་ཕབ་པྟེ། དབང་ཕྱུག་གི་དབང་གིས་རྒྱལ་སྲིད་བྱེད་
46-132
པར་འགྱུར་རོ། །དེ་གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྟོན་པ་འབེན་པ་གཞན་གྱི་དྲིང་མི་འཇོག་པ། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །དེ་ལྟ་བས་ན་ཚུ་ར་ཤོག་དེ་ལྟར་འདོང་ངོ ། །དེ་ནས་དྲང་སྲོང་ཆེན་པོ་ནག་པོ་སྣག་གི་ཚ་བོ་མིས་བྱིན་དང་འགྲོགས་ཏེ། ང་ང་པའི་རྒྱལ་པོ་ལྟར་ནམ་མཁའི་དཀྱིལ་ནས་ལྡིང་ས་ཏེ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་ནས་ན་པ་དང ། རྫུ་འཟུལ་བརྟུལ་ནས་རྐང་གིས་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དོང་སྟེ། རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་ག་ལ་བ་དེར་ན་ནས།[་\[]་རྒྱལ་པོ་ཟས་གཙང་མའི་ཁྱིམ་གྱི་སྒོར་བལྡད་དོ། །དགེ་སློང་དག་དེ་ལྟར་དྲང་སྲོང་ནག་པོ་དེས་རྒྱལ་པོ་ཟས་ག་ཙང་མའི་ཁྱིམ་གྱི་སྒོ་དྲུ་ང་དུ་སྲོག་ཆགས་བརྒྱ་[༄-]་སྟོང་མང་པོ་འདུས་པ་མཐོང་ངོ ། །དེ་ནས་དྲང་སྲོང་ནག་པོ་སྒོ་བའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །གྱེ་མི་ཁྱོད་སོང་ལ་རྒྱལ་པོ་ཟས་ག་ཙང་མ་ལ་ཆབ་སྒོ་ན་དྲང་སྲོང་ཞིག་མཆིས་སོ་ཞེས་གསོལ་ཅིག་།དེ་ནས་སྒོ་བ་དེས་དེ་ལྟར་བགྱིའོ་ཞེས་དྲང་སྲོང་ནག་པོའི་ལྟར་མཉན་ཏེ། རྒྱལ་པོ་ཟས་ག་ཙང་མ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ཐལ་མོ་སྦྱར་ཏེ། རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། ཆབ་སྒོ་ན་དྲང་སྲོང་རྒན་པོ་འཁོགས་པ་ནས་གཟེར་བ་ཞིག་མཆིས་ཏེ། འདི་སྐད་དུ་བདག་ནི་རྒྱལ་པོའི་ཞལ་མཐོང་བར་འཚལ་ལོ་ཞེས་མཆིའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་དྲང་སྲོང་ནག་པོའི་སྟན་འདིང་དུ་བཅུག་སྟེ། མི་དེ་ལ་འདི་སྐད་ཅེས་སྨྲས ། །དྲང་སྲོང་དེ་ནང་དུ་འོང་བར་གྱིས་ཤིག་།དེ་ནས་མི་དེ་རྒྱལ་པོའི་ལོ་བྲང་ནས་བྱུང་ནས། དྲང་སྲོང་ནག་པོ་ལ་འདི་སྐད་ཅེས་སྨྲས་ཏེ། ནང་དུ་བཞུད་ཅིག་།དེ་ནས་དྲང་སྲོང་ནག་པོ་
46-133
རྒྱལ་པོ་ཟས་ག་ཙང་མ་ག་ལ་བ་དར་སོང་སྟེ་ན་པ་དང ། མདུན་དུ་འདུག་སྟེ་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་ས་སོ། །རྒྱལ་པོ་ཆེན་པོ་རྒྱལ་བར་སྤྱོན་ཅིག་།རྒྱལ་བར་སྤྱོན་ཅིག་།སྐུ་ཚེ་རིང་བར་སྲུང་ས་ཤིག་།ཆོས་བཞིན་དུ་རྒྱལ་པོ་མཛོད་ཅིག་།དེ་ནས་རྒྱལ་པོ་ཟས་ག་ཙང་མས་དྲང་སྲོང་ནག་པོ་ལ་ཡོན་ཆུ་དང་རྐང་པ་ལ་གཏོར་བའི་ཆུས་མཆོད་པ་བྱས་ཏེ་ཤིན་ཏུ་ལེགས་པར་ཡོངས་སུ་བཀུར་ནས་སྟན་ལ་བད་ར་ཏེ། དེ་སྟན་ལ་བདེ་བར་འདུག་པར་ཤེས་ནས་ཞེ་ས་དང་བ་ཅས། གུས་དང་བ་ཅས་པར་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་སྔོན་མཐོང་བར་མི་དྲ་ན་ན་འདིར་ཅི་ལ་བྱོན་ཅི་ཞིག་བཞེད ། དེ་སྐད་ཅེས་སྨྲས་པ་དང ། དྲང་སྲོང་ནག་པོས་རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ས?ས་ཤིག་བལྟམ་པར་གྱུར་པ་དེ་ལྟ་ཞིང་བདག་འདིར་མ་ཆིས་སོ། ། རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་གཞོན་ནུ་ཉལ་ཞིང་མ་ཆིས་ཀྱིས་ལང་ས་ཀྱི་བར་དུ་ཆུང་ཟད་ཅིག་གཞེས་ཤིག་།དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་སྐྱེས་བུ་ཆེན་པོ་དེ་ལྟ་བུ་ནི་རིང་པོར་མི་ཉལ་ཏེ། སྐྱེས་བུ་དམ་པ་དེ་ལྟ་བུ་དག་ནི་སད་པར་གནས་པའི་ང་ང་ཆུལ་ཅན་ནོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དྲང་སྲོང་ནག་པོ་དེ་ལ་སྙིང་བརྩེ་བ་ཉེ་བར་བཟུང་སྟེ་སད་པའི་བརྡ་བྱས་སོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལག་པ་གཉིས་ཀྱིས་ཤིན་ཏུ་ལེགས་པར་བླང་ས་ཏེ། དྲང་སྲོང་ནག་པོའི་དྲུང་དུ་ཁྱེར་རོ། ། དེ་ནས་དྲང་སྲོང་ནག་པོས་བྱང་ཆུབ་སེམས་དཔའ་བལྟས་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་རྩུ་ས་ལེགས་པར་རྣམ་པར་སྤྲས་པའི་ལུས་དང་ལྡན་པ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་ལས་འཕགས་པའི་ལུས་ཅན་ཤི་མ་བརྒྱ་ཕྲག་སྟོང་ལས་ཀྱང་ལྷག་
46-134
པའི་གཟི་བཇིད་དང་ལྡན་པ། ཡན་ལག་ཐམས་ཅད་དུ་མ་ཛིས་པ་མཐོང་ནས། ཀྱེ་མ་འཇིག་རྟེན་དུ་ངོ་མཚར་གྱི་གང་ཟག་འདི་བྱུང་ངོ ། །ཀྱེ་མ་འཇིག་རྟེན་དུ་ངོ་མཚར་ཆེན་པོ་དང་ལྡན་པའི་གང་ཟག་འདི་བྱུང་ངོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས། སྟན་ལས་ལང་ས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་པང་དུ་བླང་ས་ཏེ། སེམས་ཞིང་འདུག་པར་གྱུར་ཏོ། །དེ་ནས་དེས་བྱང་ཆུབ་སེམས་དཔའི་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉརིས་ཡོད་པ་མཐོང་སྟེ། དེ་དག་དང་ལྡན་པའི་སྐྱེས་བུ་གང་ཟག་དེ་རྣམ་པ་གཉིས་སུ་འགྱུར་གྱི། གཞན་དུ་མི་འགྱུར་རོ། །གལ་ཏེ་ཁྱིམ་ན་གནས་ན་ནི་མཐའ་བཞི་ལ་དབང་བའི་འཁོར་ལོས་སྐྱུར་བའི་རྒྱལ་པོར་འགྱུར་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དབང་ཕྱུག་གི་དབང་གིས་རྒྱལ་སྲིད་བྱིད་དོ་ཞེས་བྱ་བའི་བར་དུ་འགྱུར་བ་དང ། གལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲགས་པ་འདྲེན་པ་གཞན་གྱི་དྲིང་མི་འརྗོག་པར་འགྱུར་བ་མཐོང་ནས། དེས་དེ་ལྟ་བུ་མཐོང་བ་དང ། མཆི་མ་བླགས་ཏེ་ངུས་ནས་ཤུགས་རིང་དུ་ཕྱུང་བ་དང ། རྒྱལ་པོ་ཟས་ག་ཙང་མས་དྲང་སྲོང་དེ་མཆི་མ་བླགས་ཏེ་ངུས་ནས་ཤུགས་རིང་དུ་འབྱིན་པར་མཐོང་ནས། སྔང་ས་ཏེ་མི་དགའ་ཞིང་རིང་ས་པར་རིང་ས་པར་དྲང་སྲོང་ཆེན་པོ་དེ་ལ་སྨྲས་པ། དྲང་སྲོང་དེ་ལྟར་བཤུ་མ་མོ་བླགས་ཏེ་བཤུམས་པ་དང ། ཤུགས་རིང་དུ་འབྱིན་པ་ཅི་ཞིག་ནོང་ས། གཞོན་ནུ་འདི་ལ་མི་དགེ་བའམ་ཅིག་མི་གདའ་འམ། དེ་སྐད་ཅེས་སྨྲས་པ་དང ། དྲང་སྲོང་ཆེན་པོ་ནག་པོས་རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཚེན་པོ་བདག་ནི་གཞོན་ནུའི་སླད་དུ་ངུ་བ་ཡང་མ་ལགས། འདི་ལ་མི་དགེ་བ་
46-135
ཡང་གང་ཡང་མ་མཆིས་ཏེ། བདག་ཉིད་ངུ་བར་བས་སོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་བདག་ནི་རྒས་ཤིང་འཁོགས་ཏེ་ནས་གཟིར་ལ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་གདོན་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགེ་སྤྱོང་ང་མ། བྲམ་ཟེའམ། ལྷའམ། བདུད་དམ། ཚང་ས་པའམ། གཞན་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་འཐུན་པར་བསྐོར་བར་མི་ནུས་བསྐོར་བར་འགྱུར་རོ། །ལྷ་དང་བ་ཅས་པའི་འཇིག་རྟེན་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་སྟོན་པར་འགྱུར་ཏེ། ཚང་ས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས། དོན་བཟང་པོ། ཚིག་འ་པུ?་བཟང་པོ། མ་འབེས་པ། ཡོངས་སུ་རྗོགས་པ་ཡོངས་སུ་དག་པ། ཡོང་ས་སུ་བྱང་བའི་མཐར་ན་པའི་ཆོས་ཡང་དག་པར་སྟོན་པར་འགྱུར་རོ། །སེམས་ཅན་སྐྱེ་བའི་ཆོས་ཅན་དག་འདི་ལས་ཆོས་དེ་ཐོས་ནས། སྐྱེ་བ་ལས་ཡོངས་སུ་མ་གྲོལ་བ་རྣམས་གྲོལ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པའི་ཆོས་ཅན་རྣམས་ནི་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་འརྒོལ་བར་འགྱུར། སེམས་ཅན་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་གི་མེས་གདུང་ས་པ་རྣམས་ལ་ནི་དམ་པའི་ཆོས་ཀྱི་ཆར་པས་སིམ་པར་མཛད་པར་འགྱུར། སེམས་ཅན་ལྟ་བ་ངན་པ་སྣ་ཚོགས་ཐིབས་པོས་ལེབས་པ་ལམ་གོལ་བར་ཞུགས་པ་རྣམས་ནི་ལམ་དྲང་པོར་མྱ་ངན་ལས་འདས་པར་འབེན་པར་འགྱུར །
46-136
སེམས་ཅན་འཁོར་བའི་དྲ་བ་དང་བ་ཙོན་རར་འཁོར་ཞིང་ཉོན་མོང་ས་པའི་འཆིང་བས་བཅིང་ས་པ་རྣམས་ནི་བཅིང་ས་པ་ལས་ཡོངས་སུ་གྲོལ་བར་མཛད་པར་འགྱུར། སེམས་ཅན་མི་ཤེས་པའི་མྱུན་པ་དང ། རབ་རིབ་དང ། ཡིང་ཏོག་གིས་མིག་ལྡོང་ས་པ་རྣམས་ལ་ནི་ཤེས་རབ་ཀྱི་མིག་སྐྱེད་པར་འགྱུར། སེམས་ཅན་ཉོན་མོང་ས་པའི་ཟུག་ཇུས་ཟུག་པ་རྣམས་ལ་ནི་ཟུག་ཇུ་འབྱིན་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཨུདུམ་ཁཱ་རའི་མེ་ཏོག་ནི་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བསྐལ་པ་བྲེ་བ་ཁྲག་ཁྲིག་མང་པོར་བརྒྱ་ལ་བརྒྱ་ལ་མ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་སྟེ། དེ་ལྟར་གཞོན་ནུ་འདི་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་བར་འགྱུར་ཞིང་འཆི་བ་མེད་པ་ལ་རབ་ཏུ་གཞོག་པར་འགྱུར་ལ། བདག་གིས་ནི་སངས་རྒྱས་དཀོན་མཆོག་དེ་མི་མཐོང་བ་དང ། བདག་གི་ནད་མ་མཆིས་པ་འདི་ལ་ཡང་འདོད་ཆགས་དང་བྲལ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་བདག་ནི་དེའི་སླད་དུ་ངུ་ཞིང་མི་དགའ་བས་ཤུགསརིང་དུ་འབྱིན་པ་ལགས་སོ། །རྒྱལ་པོ་ཆེན་པོ་བདག་ཅག་ཀི་བསྟན་བཅོས་ལས་འབྱུང་བ་ལྟ་ན་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་ཁབ་ན་བཞུགས་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་གཙུག་ཏོར་དང་ལྡན་པ་སྟེ། རྒྱལ་པོ་ཆེན་པོ་གཞོན་
46-137
ནུ་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་པོ་འདི་དང་ལྡན་ནོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་སྟང་ཟིལ་བ་ཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིང་དུ་གྲུབ་ཅིང་ལྕང་ལོར་འཁྲིལ་ལ་གཡས་སུ་འཁྱིལ་བ་དང ། འཕྲལ་བའི་དབྲེས་མཉམ་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་སྨིན་མཚམས་སུ་མཛོད་སྦུ་སྐྱེས་པ་ནི་ཁ་བ་དང་དངུལ་གྱི་མདོག་ལྟར་མཆིས་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུ་དང ། སྤྱན་དཀར་ནག་འབྲེས་པ་དང ། ཚེམས་བཞི་བཅུ་མཉམ་པ་དང ། ཚེམས་ཐགས་བཟང་བ་དང ། ཚེམས་ཤིན་ཏུ་དཀར་བ་དང་ལྡན་པ་ལགས་ས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཚང་ས་པའི་དབྱང་ས་དང ། རོ་བྲོ་བའི་མཆོག་དང་ལྡན་པ་དང ། ལྔགས་ཤིན་ཏུ་རིང་ཞིང་སྲབ་པ་དང ། འགྲམ་པ་སེང་གེའི་འདྲ་བ་དང ། དཔུང་མགོ་ཤིན་ཏུ་བླུམ་པ་དང ། བདུན་མཐོ་བ་དང ། ཐལ་གོང་རྒྱས་པ་དང ། པགས་པ་སྲབ་ཅིང་མདོག་གསེར་འདྲ་བ་དང ། བཞེང་ས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སྨེབས་པ་དང ། རོ་སྟོད་སེང་གེའི་ལྟ་བུ་དང་ལྡན་པ་ལགས་ས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཤིང་ཀྱ་གྲོ་བྷ་ལྟར་ཆུ་ཞེང་གབ་པ་དང ། སྤུ་རེ་རེ་ནས་སྐྱེས་པ་དང ། ཡན་ལག་གི་སྦུ་གཡས་བྲོགས་ནས་གྱིན་དུ་འཁྱིལ་བ་དང ། མདོམས་ཀྱི་སྤ་བ་སྦུབས་སུ་ནུབ་པ་དང ། བརླ་ལེགས་པར་ཟླུམ་པ་དང ། བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ན་ཡའི་ལྟ་བུ་དང ། སོར་མོ་རིང་བ་དང ། ཞབས་ཀྱི་རྟིང་པ་ཡང་ས་པ་དང ། ཞབས་ཀྱི་གོང་མཐོ་བ་དང ། ཕྱག་དང་ཞབས་ཀྱི་མཐིལ་འཇམ་པ་དང ། ཕྱག་དང་ཞབས་ཀྱི་སར་མོ་དྲ་བས་འབྲེལ་བ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་
46-138
པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་ཞབས་ཀྱི་འོག་གི་མཐིལ་གཉིས་ལ་འཁོར་ལོ་རེ་རེ་སྐྱེས་པ་ནི་བཟང་ཞིང་སྩིབས་སྟོང་དང་ལྡན་ལ། མུ་བྱུད་དང་བ་ཅས། ལྟེ་བ་དང་བ་ཅས་པ་ལགས་ས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཞབས་མཉམ་ཞིང་ཤིན་ཏུ་གནས་པ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་ནོ། །རྒྱལ་པོ་ཆེན་པོ་མཚན་གྱི་རྣམ་པ་དེ་ལྟ་བུ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མི་འབྱུང་སྟེ། མཚན་དེ་ལྟ་བུ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་སྐུ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་མཆིས་ཏེ། དེ་དག་དང་ལྡན་པས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཁབ་ན་བཞུགས་པར་མི་འགྱུར་གྱི། གདོན་མི་འཚལ་བར་རབ་ཏུ་འབྱུང་བའི་དོན་དུ་མངོན་པར་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ་རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སེན་མོ་མཐོ་བ་དང ། སེན་མོ་ཟང་ས་ཀྱི་མདོག་ལྟ་བུ་དང ། སེན་མོ་མདོག་སྣུམ་པ་དང ། སོར་མོ་རྣམས་ཟླུམ་པ་དང ། སོར་མོ་རྣམས་རྒྱས་པ་དང ། སོར་མོ་བྱིན་གྱིས་ཕྲ་བ་དང ། རྩ་མི་མངོན་པ་དང ། ལོང་བུ་མི་མངོན་པ་དང ། ཚིགས་མི་མངོན་པ་དང ། ཞབས་མཉམ་ཞིང་མི་མཉམ་པ་མ་མཆིས་པ་དང ། ཞབས་ཀྱི་རྟིང་པ་ཡང་ས་པ་དང་ལྡན་པ་ལགས་ས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཕྱག་གི་རི་མོ་མཚུང་ས་པ་དང་ལྡན་ཞིང་ཕྱག་གི་རི་མོ་མད་ངས་ཡོད་པ་དང ། ཕྱག་གི་རི་མོ་ཟབ་པ་དང ། ཕྱག་གི་རི་མོ་ཡ་ཡོར་མ་གྱུར་པ་དང ། ཕྱག་གི་རི་མོ་རིམ་པར་འཚམ་པ་དང ། སྒྲོས་པིམ་པ་ལྟར་དམར་བ་དང ། སྒྲ་མི་གྲག་པའི་ཚིག་
46-139
དང ། ལྔགས་མཉེན་ཞིང་འཇམ་ལ་ཟང་ས་ཀྱི་མདོག་ལྟར་འདུག་པ་དང ། གླང་པོ་ཆེའི་ང་རོ་དང ། འབྲུག་གི་སྒྲ་དང་ལྡན་པ་དང ། སྙན་ཅིང་འཇམ་པ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་སྟེ། ཕྱག་རིང་བ་དང ། སྐུའི་ན་བཟའ་གཙང་མ་ཕུན་སུམ་ཚོགས་པ་དང ། སྐུ་འཇམ་པ་དང ། བསྙེང་ས་པ་མི་མངའ་བའི་སྐུ་དང ། ཞུམ་པ་མི་མངའ་བའི་སྐུ་དང ། རིམ་པར་འཚམ་པའི་སྐུ་དང ། ཤིན་ཏུ་དཔའ་བར་མཇེས་པའི་སྐུ་དང ། རྣམ་པར་ལེགས་པར་གྲུབ་པའི་སྐུ་དང ། པུས་མོའི་ལྷ་ང་ཡང་ས་ཤིང་རྒྱ་ཆེ་ལ་ཤིན་ཏུ་གང་བ་དང་ལྡན་པ་ལགས་ས་སོ། ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཙད་གྲུབ་པ་ནི་སྐུ་ཟླུམ་པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ་དང ། སྐུ་ཡ་ལོ་མ་མཆིས་པ་དང ། སྐུ་རིམ་གྱིས་ལེགས་པར་གྲུབ་པ་དང ། ལྟེ་བ་ཟབ་པ་དང ། ལྟེ་བ་མ་ཡོ་བ་དང ། ལྟེ་བ་རིམ་གྱིས་གཞོལ་བ་དང ། དྲང་སྲོང་ལྟར་ག་ཙང་སྤྲས་སྤྱོད་པ་དང ། ཀུན་ནས་མ་ཛིས་པ་དང ། སྣང་བ་དམ་པ་ཤིན་ཏུ་རྣམ་པར་དག་ཅིང ། རབ་རིབ་མ་མཆིས་པའི་འོད་ཀུན་ནས་འབྱུང་བ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་གླང་པོ་ལྟར་དལ་བའི་འགྲོས་དང ། སེང་མེའི་སྟབས་ལྟ་བུའི་འགྲོས་དང ། བྱུ་མཆོག་གི་སྟབས་ལྟ་བུའི་འགྲོས་དང ། ང་ང་པའི་སྟབས་ལྟ་བུའི་འགྲོས་དང ། གཡས་བྱོགས་སུ་མཇེས་པར་འཁོར་བའི་འགྲོས་དང ། དཀུ་ཟླུམ་པ་དང ། དཀུ་སྐབས་ན་པ་དང ། དཀུ་མ་རྙོང་ས་པ་དང ། རྐེད་པ་གཞུའི་ཆང་ཟུང་ས་ལྟར་ཕྲ་བ་དང ། མདོག་གི་ཉེས་པ་སྔོ་བ་འམ། གནག་པའི་སྐྱོན་དང་བྲལ་བའི་སྐུ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་མཆེ་བ་ཟླུམ་པ་དང ། མཆེ་བ་རྣོ་བ་དང་མཆེ་བ་
46-140
བཀའ་འགྱུན་སྟོ་བྱིན་གྱིས་ཕྲ་བ་དང ། ཤང་ས་ལེགས་པར་མཐོ་བ་དང ། སྤྱན་གསལ་བ་དང ། སྤྱན་དྲི་མ་མེད་པ་དང ། འཇུམ་པའི་སྤྱན་དང་ལྡན་པ་དང ། སྤྱན་རིང་བ་དང ། སྤྱན་ཡང་ས་པ་དང ། ུད་པ་ལ་སྔོན་པོ་ལྟ་བུའི་སྤྱན་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྨིན་མའི་སྦུ་མཉམ་པ་དང ། སྨིན་མ་སྟུག་པ་དང ། སྨིན་མ་གནག་པ་དང ། སྨིན་མ་རྒྱུན་ཆགས་པ་དང ། སྨིན་མ་རིམ་གྱིས་གཞོལ་བ་དང ། མཁུར་བ་རྒྱས་པ་དང ། མཁུར་བ་མི་མཉམ་པ་མེད་པ་དང ། མཁུར་བ་སྐྱོན་དང་བྲལ་བ་དང ། ལྡང་བ་དང ། ཁྲོ་བའི་མདོག་མེད་པ་དང ། ཤིན་ཏུ་རིག་པའི་དབང་པོ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དེ་ནི་མཛོད་སྦུ་ཡོངས་སུ་རྫོགས་པ་དང་ལྡན་པ་དང ། གདོང་དང་དབྲལ་བ་རྐྱེན་དུ་འབབ་པ་དང ། དབུ་ཡོངས་སུ་རྒྱས་པ་དང ། དབུ་སྐྲ་གནག་པ་དང ། དབུ་སྐྲ་མཉམ་པ་དང ། དབུ་སྐྲ་དྲི་ཞིམ་པ་དང ། དབུ་སྐྲ་མི་བཤོར་བ་དང ། དབུ་སྐྲ་མི་འཛིང་ས་པ་དང ། དབུ་སྐྲ་བྱིན་གྱིས་ཕྲ་བ་དང ། དབུ་སྐྲ་ལྕང་ལོར་འཁྲིལ་བ་དང་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དེ་ནི་དབུ་སྐྲ་དཔལ་གྱི་བེའུ་དང ། བཀྲ་ཤིས་དང ། གཡུང་དྲུང་འཁྱིལ་བ་དང ། སྡོང་རིས་ཀྱི་དབྱིབས་ལྟ་བུའི་དབུ་སྐྲ་དང་ལྡན་པའོ། །རྒྱལ་པོ་ཆེན་པོ་འདི་དག་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་དང་ལྡན་པས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་ཁབ་ན་བཞུགས་པར་མི་འགྱུར་གྱིས ། གདོན་མི་འཚལ་བར་རབ་ཏུ་འབྱུང་བའི་སླད་དུམངོན་པར་འབྱུང་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མས་དྲང་སྲོང་ཆེན་པོ་ནག་པོ་ལས་གཞོན་ནུའི་ལུང་བསྟན་པ་དེ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ་རབ་ཏུ་
46-141
དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལང་ས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཁྱོད་ལ་ལྷ་ཀུན་ཕྱག་འཚལ་ཞིང ། །དྲང་སྲོང་རྣམས་ཀྱིས་མཆོད་གྱུར་ཏེ།། འཇིག་རྟེན་ཀུན་གྱི་མཆོད་རྟེན་པས། །བདག་ཀྱང་ཁྱོད་ལ་ཕྱག་འཚལ་ལ་ལོ། ། དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་ག་ཙང་མས་དྲང་སྲོང་ཆེན་པོ་ནག་པོ་དང ། སྣག་གི་ཚ་བོ་མིས་བྱིན་དང་བ་ཅས་ཏེ། ཁ་ཟས་ཚུལ་དང་འདྲ་བས་ཚིམ་པར་བྱས་ནས། གོས་བསྐོན་ཏེ་བསྐོར་བ་བྱས་སོ། །དེ་ནས་དྲང་སྲོང་ཆེན་པོ་ནག་པོ་གནས་དེ་ཉིད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་རང་གི་གནས་ག་ལ་བ་དེར་སོང་ངོ ། །དེ་ནས་དྲང་སྲོང་ཆེན་པོ་ནག་པོས་བྲམ་ཟེའི་ཁྱེའུ་མིས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །མིས་བྱིན་ཁྱོད་ཀྱིས་ནམ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས་ཐོས་པ་དེའི་ཚེ། ཁྱོད་སོང་སྟེ་དེའི་བསྟན་པ་ལ་རབ་ཏུ་བྱུང་ཤིག་དང ། དེ་ནི་ཁྱད་ཀྱི་ཡུན་རིང་པོའི་དོན་དང ། ཕན་པ་དང་བདེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཚོགས་རྣམས་ནམ་མཁའི་ངོས་ལ་གནས་ཏེ་སངས་རྒྱས་སྒྲ་སྒྲོག་པ། །ལྷ་ཡི་དྲང་ས?་ང་ནག་པོ་རི་སུལ་གནས་པས་མཐོང་ནས་དགའ་མཆོག་ཐོབ། །འདི་ན་སྲོག་ཆགས་རྣམས་ཀྱི་དགའ་སྐྱེད་སངས་རྒྱས་ཞེས་བྱའི་ཚིག་འདི་ཅི། །བདག་གི་ལུས་ཀྱང་རབ་སིམ་གྱུར་ཅིང་སེམས་བདེ་མཆོག་ཏུ་ཞི་བར་གྱུར།། [•་\[]་ལྷ་འམ་འོན་ཏེ་ལྷ་མིན་ཡང་ན་ནམ་མཁའ་ལྡིང་ང་མ་མི་འམ་ཅི། །སངས་རྒྱས་ཞེས་བྱ་དགའ་དང་མོས་བྲེད་ཚིག་འདི་སྔོན་ཆད་མ་ཐོས་ཅི། །ལྷ་ཡི་མིག་གིས་ཕྲོགས་བཅུར་རི་དང་ས་དང་རྒྱ་མཚོ་ནམས་ལ་བལྟས། །ཕྱིས་ཡང་ས་རི་མཚོ་ལ་རྨད་དུ་བྱུང་བ་རྣམ་པ་སྣ་ཚོགས་མཐོང ། །འོད་གསལ་མཇེས་པ་ལུས་ལ་སིམ་བྲེད་འདི་ནི་རབ་ཏུ་བཟང་སྣང་ཞིང ། །ཇི་ལྟར་རི་ཡི་རྩེ་མོ་རྣམས་སུ་བྱི་རུའི་མྱུ་
46-142
གུ་འཐོན་གྱུར་ལ། །ཤིང་ལྗོན་རྣམསཀྱང་མེ་ཏོག་བཟང་རྒྱས་སྣ་ཚོགས་འབྲས་བུས་བརྒྱན་གྱུར་ལས། ། སྲིད་པ་གསུམ་དུ་དཀོན་མཆོག་དམ་པ་མྱུར་དུ་འབྱུང་བར་ཤིན་ཏུ་གསལ། །ས་འདི་ཐམས་ཅད་མཉམ་ཞིང་དྲི་མེད་ལག་མཐིལ་བཞིན་དུ་སྣང་བ་དང ། །ལྷ་རྣམས་དགའ་ཞིང་ནམ་མཁའི་དཀྱིལ་ན་གོས་ཀྱི་གཡབ་མོ་འབྱིན་གྱུར་ལ། །ཀླུ་རྒྱལ་རྒྱ་མཚོའི་གནས་ཀྱི་སྟེང་ན་རིན་ཆེན་རྨད་འབྱུང་འབྱོ་བ་ལས། །འཛམ་བུའི་གླིང་དུ་རྒྱལ་བའི་དཀོན་མཆོག་ཆོས་ཀྱི་འབྱུང་གནས་ངེས་པར་འབྱུང ། །ངན་སོང་ཞི་ཞིང་སྡུག་བསྔལ་བྲལ་ཏེ་སེམས་ཅན་རྣམས་ནི་བདེར་ལྡན་ལ། །ལྷ་ཡི་ཚོགས་རྣམས་ནམ་མཁའི་དཀྱིལ་ལ་དགའ་དང་ལྡན་པར་རྒྱུ་བ་དང ། །ཇི་ལྟར་ལྷ་ཡི་གླུ་དབྱང་ས་སྒྲ་སྙན་ཡིད་དུ་འོང་བ་གྲག་པ་ལས། ། སྲིད་པ་གསུམ་འདིར་དཀོན་མཆོག་འབྱུང་འགྱུར་དེ་ཡི་ལྟས་སུ་གདོན་མི་ཟ། །འཛམ་བུའི་གླིང་འདིར་དྲང་སྲོང་ནག་པོས་ལྷ་ཡི་མིག་གིས་རྣམ་བལྟས་ན། །སེར་སྐྱའི་གྲོང་ན་རྒྱལ་པོ་ཟས་ག་ཙང་གྲོང་ཁྱེར་དམ་པ་ཡོད་པ་དེར། །མཐུ་ཆེན་མཐུ་ལྡན་མཚན་དང་བསོད་ནམས་གཟི་བཇིད་རྒྱས་པ་བསྟས་པ་མཐོང ། །མཐོང་ནས་དགའ་མགུ་རང་ས་ཤིང་བདེ་བའི་ཡིད་སྐྱེས་མཐུ་ཡང་སྐྱེས་པར་གྱུར། །དེ་ནས་ངོ་མཚར་རྙེད་དེ་རང་གི་སློབ་མ་ལྷན་ཅིག་རིང་ས་སུ་དོང ། །ཕྱིན་ནས་སེར་སྐྱར་བརྫོད་པའི་རྒྱལ་པོའི་གྲོང་ཁྱེར་མཆོག་གི་སྒོར་འདུག་སྟེ། ། ཞབས་འབྱིང་སྲོག་ཆགས་བྲེ་བ་ཁྲག་ཁྲིག་མང་པོ་དྲང་སྲོང་དེས་མཐོང་ནས། །སྒོ་བ་དེ་ལ་སྨྲས་པ་ཆབ་སྒོར་དྲང་སྲོང་ན་ཅེས་མྱུར་དུ་གསོལ། །དེ་མཉན་མྱུར་དུ་ལོ་བྲང་ནང་ན་རྒྱལ་པོ་ལ་ནི་དེ་བསྙད་པ། །ལྷ་ཅིག་དྲང་སྲོང་རྒན་འཁོགས་དཀའ་ཐུབ་ཆེན་པོ་ཅན་ཞིག་ཆབ་སྒོར་མཆིས། །དྲང་སྲོང་མཆོག་དེ་རྒྱལ་པོའི་ཕོ་བྲང་ནང་དུ་མཆི་བར་དགའ་ཞེས་མཆི། །རྒྱལ་པོ་ཆེན་པོ་ནང་དུ་བཏང་ང་མ་མི་བཏང་བདག་
46-143
ལ་བཀའ་སྩལ་གསོལ། །དེ་ནས་དེ་ཡི་སྟན་བཏིང་རྒྱལ་པོས་ཁྱོད་སོང་ནང་དུ་བོས་ཞེས་བས་བ་སྒོ། །དྲང་སྲོང་ནག་པོས་བསྒོ་བའི་ཚིག་ཐོས་དགའ་མགུ་བདེ་དང་ལྡན་པར་གྱུར། །སྐོམ་པ་བསིལ་བའི་ཆུ་འདོད་བཀྲིས་པས་གདུང་ས་པ་ཟས་ལ་མོས་པ་ལྟར། །དྲང་སྲོང་དམ་པ་དེ་ཡང་སེམས་ཅན་མཆོག་དེ་མཐོང་དུ་མངོན་པར་དགའ། །རྒྱལ་པོ་རྒྱལ་གྱུར་སྐུ་ཚེ་རིང་བསྲུང་གསོལ་ཞེས་དགའ་བས་དེ་སྐད་སྨྲས། །སྙན་པར་བརྗོད་ནས་ཡིད་དུལ་དབང་པོ་ཞི་ཞིང་དེས་པ་སྟན་ལ་འདུག ། རྒྱལ་པོས་གུས་པར་སྨྲ་བྱས་དྲང་སྲོང་ཐུབ་པ་དེ་ལ་ཚིག་བརྗོད་པ། །རྒྱལ་པོའི་ལོ་བྲང་འདིར་བྱོན་རྒྱུ་ཅི་ཐུབ་པས་བདག་ལ་མྱུར་དུ་གསུང་ས། །ཁྱོད་ཀྱི་ས?་ས་བལྟམ་གཟུགས་མཆོག་ཕ་རོལ་གྱིན་ཅིང་གཟི་བཛིད་ཆེ་དང་ལྡན། །མཐུ་ཆེན་མཚན་རབ་སུམ་རྩུ་གཉིས་ཀྱིས་ཀུན་ནས་རྒྱན་མངའ་བ། །རྒྱལ་པོ་ཁྱོད་ས?ས་ཐམས་ཅད་དོན་གྲུབ་དེ་ནི་མཐོང་བར་བདག་དགའ་སྟེ། །དེ་སླད་འདིར་མཆིས་རྒྱལ་པོ་བདག་ལ་འཚལ་བ་གཞན་ནིཡོད་མ་མཆིས། །ལེགས་སོ་ལེགས་པར་བྱོན་ཏེ་མཉརེལ་ཏམམ་མཉེལ་ཁྱོད་མཐོང་བདག་དགའོ། །མཆོག་སྤྱིན་གཞོན་ནུ་དེ་ཉལ་ད་ལྟར་བལྟ་བའི་སྐབས་ནི་མ་མཆིས་ཀྱིས། །རེ་ཞིག་ཡུད་ཙམ་གཞེས་དང་འདིར་ནི་ཟླ་བ་ཉ་བ་དྲི་མེད་པ། །སྐར་མའི་ཚོགས་ཀྱིས་བརྒྱན་པ་འདྲ་བའི་དྲི་མེད་གཟིགས་པར་འགྱུར། །གང་ཚེ་ཁ་ལོ་སྒྱུར་མཆོག་ཟླ་བ་རྒྱས་པའི་འོད་མངའ་དེ་སད་པ། །དེ་ཚེ་རྒྱལ་པོས་འོད་འབར་གཟུགས་འཆང་ཉརི་ལས་འཕགས་འོད་པང་བླང་ས་ཏེ། །འདི་ལྟར་དྲང་སྲོང་ལྷ་མིས་མཆོད་པ་གསེར་མཆོག་གཟུགས་ལྡན་དགཟིགས་ཤིག་།དྲང་སྲོང་ནག་པོས་དེ་ཡི་རྐང་པ་མཛི་ས་པ་འཁོར་ལོའི་མཚན་ཅན་མཐོང ། །དེ་ནས་ལང་ས་ཏེ་ཐལ་མོ་སྦྱར་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། །བདག་ཉིད་ཆེན་པོ་བསྟན་བཅོས་མཁས་པས་པང་དུ་
46-144
བླང་ས་ནས་བསམས་ཤིང་བལྟས། །དེས་ནི་མཟུ་ཆེན་མཟུ་ལྡན་མཚན་གྱི་མཆོག་གིས་བརྒྱན་པ་མཐོང་གྱུར་ནས། །མགོ་ལྕོགས་རིག་བྲེད་བསྟན་བཅོས་མཁས་པ་དེས་ནི་དེ་ལ་རྣམ་གཉིས་མཐོང ། །སྟོབས་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་སངས་རྒྱས་འཇིག་རྟེན་ག་ཙོ་བོར་འགྱུར ། །ཤིན་ཏུ་མི་དགའ་ལུས་དང་སེམས་ཀྱིས་མཆི་མ་བླགས་ཏེ་ཤུགས་རིང་ཕྱུང ། །རྒྱལ་པོ་མཆོག་ཀྱང་སྔང་ས་པར་གྱུར་ནས་བྲམ་ཟེ་ཅི་སླད་བཤུམས་ཞེས་སྨྲ། །དྲང་སྲོང་ནག་པོས་བདག་གི་དོན་གྲུབ་བགེགས་ཞིག་མ་གཟིགས་སས་མ། དྲང་སྲོང་ཅི་སླད་བཤུམས་མཛད་དགེ་སྡིག་གང་གཟིགས་བདག་ལམང་བར་གསུང་ས། །ཁྱོད་སྲས་དོན་ཀུན་གྲུབ་ལ་བར་ཆད་སྣིག་ཏུ་འགྱུར་བ་མ་མཆིས་ཏེ། །བདག་ལ་བདག་ཉརིད་རྒས་ཤིང་འདི་ལྟར་འཁོགས་པར་གྱུར་ཅེས་མྱ་ངན་བགྱིད ། །འདི་ནི་སངས་རྒྱས་འཇིག་རྟེན་མཆོག་འགྱུར་ཆོས་ཀྱང་ཡང་དག་སྟོན་པར་འགྱུར། །བདག་གིས་དགའ་བ་ཐོབ་པའི་ཡིད་ཀྱིས་མི་མཐོང་ངོ་ཞེས་དེ་སླད་དུ། །འདི་ཡི་སྐུ་ལ་མཚན་རབ་སུམ་རྩུ་རྩ་གཉིས་དྲི་མེད་མངའ་བ་ལས། །རྣམ་པ་གཉིས་སུ་འགྱུར་ཏེ་གསུམ་དུ་མ་མཆིས་རྒྱལ་པོ་མཁྱེན་པར་མཛོད ། །འཁོར་ལོས་སྒྱུར་བའི་རྒྱལ་འགྱུར་ཡང་ན་སངས་རྒྱས་འཇིག་རྟེན་ག་ཙོབོར་བྱོན། །འདི་ནི་འདོད་པའི་ཡོན་ཏན་བཞེད་པར་མི་འགྱུར་ངེས་པར་སངས་རྒྱས་འགྱུར ། །དྲང་སྲོང་ལུང་བསྟན་དེ་ཐོས་རྒྱལ་པོ་དགའ་ཞིང་བདེ་བ་ཐོབ་པར་གྱུར། །དེ་ནས་ལང་ས་ཏེ་ཐལ་མོ་སྦྱར་ནས་རྐང་པ་གཉིས་ལ་ཕྱག་ཀྱང་བྱས། །སྟོབས་མཆོག་ལྡན་པ་ཁྱོད་ནི་ལྷས་མཆོད་དྲང་སྲོང་རྣམས་ཀྱིས་བསྔགས་པ་སྟེ། ། སྲིད་གསུམ་ཀུན་གྱི་འགྲོ་བའི་དེད་དཔོན་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལ་ལོ། །དྲང་སྲོང་དགའ་བས་ཚ་བོ་དེ་ལ་སྨྲས་པ་ང་ཡི་གད་མས་ངག་ཉོན། །གང་ཚེ་འདི་ནི་བྱང་ཆུབ་སངས་རྒྱས་འགྲོ་ལ་འཁོར་ལོ་སྐོར་ཐོས་པ། །
46-145
དེ་ཚེ་མྱུར་དུ་ཐུབ་པའི་བསྟན་ལ་རབ་བྱུང་མྱ་ངན་འདས་པ་འཐོབ། །དྲང་སྲོང་དམ་པ་དེ་ཡིས་རྐང་ལ་ཕྱག་འཚལ་བསྐོར་བ་བྱས་ནས་ནི། །འདི་འདྲའི་ས?ས་མངའ་ཁྱོད་ཀྱི་ཐོབ་པ་རྒྱ་ཆེན་ལེགས་པར་ཐོབ་ཅེས་སྨྲས། །འདི་ནི་འཇིག་རྟེན་ལྷ་དང་མིར་བཅས་ཆོས་ཀྱིས་ཚིམ་པར་མཛད་པར་འགྱུར ། །དྲང་སྲོང་མཆོག་དེ་སིར་སྐྱའི་གནས་ནས་བྱུང་ནས་བདག་གནས་དགོན་པར་ན།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟས་མ་ཐག་ཏུ་ལྷའི་བུ་དབང་ཕྱུག་ཆེན་པོས། གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སི་མས་དཔའ་ཆེན་པོ་གང་བསྐལ་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲང་ས་མེད་པར་ཡོངས་སུ་སྦྱང་བ་བྱས་པ། སྤྱིན་པ་དང ། ཚུལ་ཁྲིམས་དང ། བཟད་པ་དང ། བཅོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང ། ཐབས་དང ། ཐོས་པ་དང ། སྤྱོད་པ་དང ། བརྟུལ་ཞུགུས་དང ། དཀའ་ཐུབ་ཅན་སྤྱད་པ་ལེགས་པར་སྤྱད་པ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང་ལྡན་པ་བཏང་སྟོམས་ཀྱིས་ཡང་དག་པར་འཕགས་པའི་བློ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ། བརྩོན་འགྲུས་བརྟན་པའི་གོ་ཆ་ལེགས་པར་བགོས་པ། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩུ་བ་བ་སྐྱེད་པས་བྱུང་བ། བསོད་ནམས་བརྒྱ་པའི་མཚན་གྱིས་ཡང་དག་པར་བརྒྱན་པ། རྟུལ་བ་ངེས་པར་བྱས་པ་དང་ལྡན་པ། ཕ་རོལ་གྱི་དམག་ཚོགས་རབ་ཏུ་འཇོམས་པ། དགའ་བའི་བསམ་པ་ཤིན་ཏུ་དྲི་མ་མེད་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཆེན་པོའི་ཏོག་གི་རྒྱལ་མཚན་ཅན། བདུད་ཀྱི་སྟོབས་མཐར་འབྱིན་པ། སྟོང་གསུམ་གྱི་དེད་དཔོན་ཆེན་པོ། ལྷ་དང་
46-146
མིས་མཆོད་པ། མཆོད་སྤྱིན་ཆེན་པོའི་མཆོད་སྤྱིན་བྱས་པ། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཕུན་སུམ་ཚོགས་པ་དང་ལྡན་པ། འབྱུང་བའི་བསམ་པ་ཅན། སྐྱེ་བ་དང ། རྒ་བ་དང ། འཆི་བ་མཐར་འབྱིན་པ། ལེགས་པར་སྐྱེ་བས་སྐྱེས་པ། འགྲོ་བ་རྣམ་པར་བྱང་ཆུབ་པར་བྲེད་པ་དེ ། བུ་རམ་ཤིང་པའི་རྒྱལ་པོའི་རིགས་སུ་སྐྱེས་ནས་མིའི་འཇིག་རྟེན་དུ་བྱུང་སྟེ། དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱས་ཚུར་ཤོག་།བདག་ཅག་དེ་ལ་ཕྱག་འཚལ་ཞིང་རིམ་གྲོར་བྱ་བ་དང ། བཀུར་སྟིར་བྱ་བ་དང ། མངོན་པར་བསྟོད་པར་བྱ་བའི་གྱིར་འདོང་ངོ ། །ལྷའི་བུ་ང་རྒྱལ་གྱི་ཟིལ་གྱིས་ནོན་པ་གཞན་དག་ཀྱང་བདག་ཅག་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་མཐོང་བ་དང ། དེ་དག་ཀྱང་ང་རྒྱལ་དང ། དྲཝེགས་པ་དང ། རྒྱགས་པ་གཏོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་རིམ་གྲོ་དང་བཀུར་སྟི་བྲེད་པར་བྱ་བའི་གྱ[༄\ུf]ར་འདོང་ངོ ། །དེ་ནི་ལྷའི་བུ་དེ་དག་ལ་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བ་དང ། འཆི་བ་མེད་པ་འཐོབ་པའི་བར་དུ་འགྱུར་རོ། །རྒྱལ་པོ་ཟས་ག་ཙང་མ་རྒྱལ་བ་འཕེལ་བ་ཡང་རྗེས་སུ་བསྒྲགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ནའི་ལུང་བསྟན་པས་ལུང་བསྟན་ཏེ་བདག་ཅག་གྱིར་འོང་བར་བྱའོ། །དེ་སྐད་ཅེས་བསྒོ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ། ལྷའི་བུ་བརྒྱ་སྟོང་ཕྲག་བཅུ་གཉིས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་འོད་ཀྱིས་རྒྱས་པར་བཀང་སྟེ། རྒྱལ་པོ་ཟས་ག་ཙང་མའི་ཕོ་བྲང་ག་ལ་བ་དེར་སོང་ནས་གྱིན་པ་དང ། སྒོ་བས་རྒྱལ་པོ་ལ་གསོལ་ཏེ། རྒྱལ་པོས་གནང་ནས་རྒྱལ་པོའི་ལོ་བྲང་དུ་གྱིན་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས།
46-147
བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་པང་དུ་བླང་ས་ཏེ་རྒྱལ་པོ་ཟས་ག་ཙང་མ་ལ་དགའ་བར་བྱ་བའི་གྱིར་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དགྱིས་པའི་དམ་པས་དགྱིས་པར་མཛོད་ཅིག་།དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་དང ། གཞོན་ནུས་ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཁ་དོག་དང ། གཟི་བརྗིད་དང ། གྲགས་པ་དང ། དཔལ་གྱི་ཟིལ་གྱིས་ནོན་པ་ལས་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གདོན་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་ལྷའི་བུ་དབང་ཕྱུག་ཆེན་པོ་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་མང་པོ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང ། རིམ་གྲོ་ཆེན་པོ་བྱས་ཏེ། དེ་ཁོ་ནའི་ལུང་བསྟན་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་ནས་ཕྱིར་བདག་གི་གནས་སུ་སོང་ང་ངོ ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཡོན་ཏན་རྒྱ་མཚོའི་ཕ་རོལ་ན་པ་དེ་བལྟམ་པ། །ལྷ་ཡི་དབང་པོས་ཤེས་ནས་དགའ་སྟེ་ལྷ་ལ་སྨྲས། །དེ་ཐོས་འགྱུར་བའང་བསྐལ་པ་བྱེ་མང་ཤིན་ཏུ་དཀའ། །ཚུར་ཤག་མི་ཡི་དབང་པོ་དེ་ལ་མཆོད་དུ་འདེང ། །རིན་ཆེན་ནོར་བུས་གཙུག་ནི་ལེགས་བརྒྱན་སྤྱོད་ལམ་ལྡན། ། གརྩུགཔུད་མཇེས་པ་འཕྱང་བ་རྣམ་པར་དག་པའི་ལྷ་།སྟོང་ཕྲག་བརྩུ་གཉིས་ཚང་བ་སེར་སྐྱའི་གནས་མཆོག་ཏུ། །མྱུར་དུ་ལྷགས་ནས་རྒྱལ་པོའི་སྒོ་ཡི་དྲུང་ན་སྣོད ། །དེ་དག་རྣམས་ཀྱིས་སྒོ་བ་ལ་ནི་ཡིད་འོང་སྨྲས། །རྒྱལ་པོའི་ཕོ་བྲང་སོང་སྟེ་ཐུགས་སུ་ཆུད་པར་གསོལ། །ཆབ་སྒོ་བས་ཀྱང་ཚིག་དེ་མཉན་ནས་ནང་དུ་སོང ། །ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་འདི་
46-148
སྐད་སྨྲས། །ལྷན་ཅིག་རྟག་ཏུ་རྒྱལ་གྱུར་སྐུ་ཚེ་རིང་དུ་སྲུངས། །བསོད་ནམས་ཡང་ས་པ་རྣམ་དག་འོད་ཅན་ཆབ་སྒོར་མཆིས། །རིན་ཆེན་ནོར་བུས་གཙུག་ནི་ལེགས་བརྒྱན་སྤྱོད་ལམ་ལྡན། །ཟླ་བ་ཉ་ལྟར་བཞིན་བཟང་ཟླ་ལྟར་དྲི་མེད་འོད ། ། རྒྱལ་པོ་དེ་དག་གང་དུ་མཆི་ཡང་གྲིབ་མི་གདའ། །སུག་པ་འདོར་ཡང་གོམ་པའི་སྒྲ་དག་ཐོས་མི་འགྱུར ། །དོག་སར་རྒྱུ་བ་བགྱིད་ཀྱང་རྡུལ་ནི་ཡོང་མི་ལྡང ། །སྐྱེ་བོ་རྣམས་ཀྱང་དེ་དག་མཐོང་ན་ངོམས་མི་འགྱུར། །དེ་དག་ལུས་ཀྱི་འོད་ནི་ཤིན་ཏུ་རྒྱ་ཆེན་གསལ ། །ཚིག་ཀྱང་ཡིད་དུམཆིས་ཏེ་མི་ལ་དཔེ་མ་མ་མཆིས། །ཟབ་ཅིང་འཇམ་མཉེན་སྙན་པ་འབྱུང་བའི་གནས ། །དེ་དག་མི་མ་ལགས་ཀྱི་ལྷ་ཚོགས་ལགས་སྙམ་བགྱིད ། །མེ་ཏོག་མཆོག་ཕྲེང་བྱུག་པ་དྲ་གྱི་ལྡ་ལྡི་དག་།ཀུན་གྱི་ལག་ན་ཐོགས་ནས་གུས་དང་བ་ཅས་པར་སྡོད ། །རྒྱལ་པོ་ལྷ་རྣམས་དེ་དག་གཞོན་ནུ་ལྷ་ཡི་ལྷ། །བལྟ་བར་འཚལ་ཞིང་མཆོད་པའི་སླད་དུ་མཆིས་སུ་ངེས། །རྒྱལ་པོས་དེ་སྐད་ཚིག་ཐོས་རབ་ཏུ་དགར་གྱུར་ནས། །སོང་སྟེ་ཀུན་ཀྱང་ཕོ་བྲང་ནང་དུ་གཤེགས་ཞེས་གྱིས། །དེ་དག་ཡོན་ཏན་སྤྱོད་ལམ་ཁྱོད་ཀྱིས་སྨྲས་ལྟར་ན ། །རྫུ་འཕྲུལ་དེ་འདྲ་བ་ནི་མི་ལ་གང་ཡང་མེད ། །སྒོ་བས་ཐལམོ་སྦྱར་ཏེ་ལྷ་ལ་འདི་སྐད་སྨྲས། །རྒྱལ་པོས་གནང་གིསཁྱེད་ཅག་ནང་དུ་བཞུད་དུ་གསོལ། །ལག་ན་ཕྲེང་ཐོགས་དེ་དག་དགའ་མགུ་ཡི་ར་ངས་ཏེ། །ལྷ་ཡི་གནས་དང་འདྲ་བའི་རྒྱལ་པོའི་ཁྱིམ་དུ་ཞུགས། །ལྷ་མཆོག་དེ་དག་ཁྱིམ་དུ་ན་པར་མཐོང་ནས་ནི། །རྒྱལ་པོ་སྟན་ལས་ལང་ས་ཏེ་ཐལ་མོ་སྦྱར་བྱས་ནས། །རིན་ཆེན་རྩ་བ་ཅན་གྱི་ཁྲི་གད་ན་བཤམས་པ་འདིར ། །ཐུགས་བརྩེ་མཛད་པའི་ཐུགས་ཀྱིས་ཁྱེད་ཅག་བཞུགས་སུ་གསོལ། །ང་རྒྱལ་དྲཝ[༄\ུf]གས་མེད་དེ་དག་སྟན་ལ་འཁོད་པར་གྱུར ། །བདག་ཅག་ཅི་སླད་འདིར་མཆིས་རྒྱལ་པོ་གསན་དུ་གསོལ། །ཁྱོད་སྲས་རྣམ་དག་སྐུ་མངའ་
46-149
བསོད་ནམས་ཆེན་པོ་བལྟམ ། །ཤིན་ཏུ་ལེགས་པའི་ཞབས་ལྡན་བདག་ཅག་མཐོང་བར་འཚལ། །གང་གི་འརྒ་བ་གང་དང་སྤྱོར་བ་གང་ཅིར་འགྱུར ། ། མཚན་བཟང་མཚན་གྱི་ཆོ་ག་དག་ནི་བདག་ཅག་འཚལ། །དེ་བས་རྒྱལ་པོའི་དམ་པ་མི་དགྱིས་སྤང་བར་མཛོད ། །སྣ་ཚོགས་མཚན་གྱིས་ཡན་ལག་བརྒྱན་པ་བལྟ་བར་འཚལ། །རྒྱལ་པོ་བུད་མེད་ཚོགས་ཀྱིས་བསྐོར་བ་དེ་རབ་དགའ། །གཞོན་ནུ་མེ་ཡི་འོད་ལྟར་འབར་བ་པང་དུ་བླང་ས། །ལྷ་མཆོག་གཙུག་ཕུད་འཕྱང་བ་དག་ནི་ཉེ་བར་བསྙེན། །ཐོག་མ་སྒོར་བྱུང་སྟོང་གསུམ་འདི་དག་ཀུན་ཏུ་གཡོས། །ལྷ་མཆོག་དེ་དག་འབེན་པའི་ཞབས་དང་སེན་མོ་ནི། །ཟང་ས་མདོག་དྲི་མེད་རྣམ་དག་གཟི་བརྗིད་ལྡན་མཐོང་ནས། གཙུག་པུད་འཕྱང་བ་དེ་དག་མྱུར་དུ་ལང་ས་པར་གྱུར། །དྲི་མ་མེད་པའི་འོད་ཀྱིས་ཞབས་ལ་མགོས་ཕྱག་འཚལ། །འདི་འདྲའི་མཚན་དང་འདི་འདྲ་ར་ལྟ་བ་དཔལ་ཅན་དང ། །འདི་འདྲའི་བསོད་ནམས་གཟི་བརྗིད་སྤྱི་གརྩུག་མི་མཐོང་དང ། །མཛོད་སྦུ་ནས་ནི་རྒྱ་ཆེན་འོད་འབྱུང་འདི་འདྲ་ལས། །བདུད་རྣམས་ཕམ་མཛད་བྱང་ཆུབ་བརྙེས་འགྱུར་གདོན་མི་འཚལ། ། མྱུན་སེལ་ཉོན་མོང་ས་བྲལ་བའི་ཡོན་ཏན་བརྟགས་ནས་སུ། །ཡང་དག་ཡོན་ཏན་ཇི་ལྟར་དོན་མཐོང་དེ་ལ་བསྟོད ། །སྐྱེ་དང་རྒ་དང་འཆི་དང་ཉོན་མོང་ས་དགྲ་བསལ་བའི། །སེམས་ཅན་རིན་ཆེན་འདི་ནི་རིང་པོར་མི་ཐོགས་འབྱུང ། །ཡོང་ས་རྟོག་འདོད་ཆགས་ཡུལ་གྱི་གརྩུབ་མས་བསྐྱེད་པ་ཡི། །རྣམ་གསུམ་མེས་ནི་སྲིད་གསུམ་ཀུན་འབར་ཡོང་ས་གདུང་ས་པར། ། ད་པལ་ཁྱོད་ཆོས་ཀྱི་སྤྲིན་གྱིས་སྟོང་གསུམ་བཀང་ནས་ནི། །འཆི་མེད་ཆར་གྱིས་ཉོན་མོང་ས་གདུང་བ་ཞི་མཛད་འགྱུར། །བྱམས་པའི་གསུང་མངའ་ཐུགས་རྗེ་ལྡན་པ་འཇམ་པའི་གསུང ། །ཚང་ས་པའི་སྒྲ་དབྱངས་ཡིད་འོང་གསུང་དུ་སྒྲོག་མཛད་པ། ། སྟོང་
46-150
གསུམ་ཀུན་ཏུ་གོ་ཞིང་འགྲོ་བ་གོར་འགྱུར་བ། །བཅོམ་ལྡན་ཁྱོད་ཀྱིས་སངས་རྒྱས་གསུང་ཆེན་མྱུར་དུ་སྒྲོགས ། ། སྲིད་པའི་འདོད་ཆགས་བཅིང་ས་བྱིང་སྲིད་པའི་རྩེར་གནས་པ། ། མྱུ་སྟེགས་ཅན་གྱི་ཚོགས་ངན་ལོག་པར་ལྟ་བ་བཅོམ། །ཁྱོད་ཀྱི་རྒྱུ་ལ་བརྟེན་དང་སྟོང་བའི་ཆོས་ཐོས་ནས། །སེང་གེས་ཝ་ཚོགས་བཞིན་དུ་དེ་དག་འབྲེར་བར་འགྱུར། །ཉོན་མོངས་ཆེན་པོའི་དུ་བ་མ་རིག་བསྒྲིབས་བསལ་ཏེ། ། ཀུན་ཏུ་བྱུང་བ་སྐྱེ་བོ་ངེས་པར་སྣང་བྲེད་པའི། །ཡེ་ཤེས་འོད་འཕྲོ་ཤེས་རབ་འོད་རིག་གཟིགས་པ་ཡིས། །འགྲོ་བ་ཀུན་གྱི་མྱཕྱིན་པ་ཆེན་པོ་བསལ་བར་གསོལ། ། གང་དུ་སེམས་ཅན་དག་པ་རྨད་བྱུང་འདི་འདྲ་བྱུང ། །ལྷ་དང་མི་རྣམས་ཀྱིས་ནི་རྙེད་པ་རྒྱ་ཆེན་ཐོབ། །རྣམ་པར་རྟོགས་པར་མཛད་པའི་སེམས་ཅན་རིན་ཆེན་འདིས། །ངན་སོང་ལམ་བ་ཅད་ལྷ་ཡི་ལམ་ནི་གཏོད་པར་འགྱུར ། །སེར་སྐྱའི་གནས་སུ་ལྷ་ཡི་མེ་ཏོག་ཆར་ཕབ་ནས། །བསྐོར་བ་བྱས་ཏེ་གུས་པར་བསྟོད་པ་བྱས་ནས་ནི། སངས་རྒྱས་སངས་རྒྱས་ལེགས་ཞེས་དེ་དག་ཚིག་རྗོད་ཅིང ། །ལྷ་ཚོགས་དེ་དག་ཚུལ་དུ་ཤིས་པར་མཁའ་ལས་དོང ། །བལྟམ་པའི་ལེའུ་སྟེ་བདུན་པའོ་།། །། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་གང་གི་ནུབ་མོ་བསྟས་པ་དེ་ཉིད་ཀྱི་ནུབ་མོ་རྒྱལ་རིགས་དང ། བྲམ་ཟི་དང ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་བུ་མོ་ཉི་ཁྲི་བསྟས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་དག་གི་ཕ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང ། བསྙེན་བཀུར་བྱ་བའི་གྱིར་ཕུལ་ལོ། །རྒྱལ་པོ་ཟས་ག་ཙང་མས་ཀྱང་བུ་མོ་ཉི་ཁྲི་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང ། བསྙེན་བཀུར་བྱ་བའི་གྱིར་ཕུལ་ལོ། །
46-151
མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བུ་མོ་ཉི་ཁྲི་ཕུལ་ལ་ལོ། །བློན་པོའི་འཁོར་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་དང ། བསྙེན་བཀུར་བྱ་བའི་གྱིར་བུ་མོ་ཉི་ཁྲི་ཕུལ་ལོ། །དགེ་སློང་དག་དེའི་ཚེ་ཤཱཀྱའི་རྒན་རབས་རྒན་རབས་རྣམས་འདུས་ནས། རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། གཞོན་ནུ་འདི་ནི་ལྷ་ཁང་དུ་བཀུར་བར་བགྱིའོ། །རྒྱལ་པོས་སྨྲས་པ། གཞོན་ནུ་དེ་ལྟར་བཀུར་བ་ལེགས་ཀྱིས་དེ་བས་ན་གྲོང་ཁྱེར་ནི་བརྒྱན་པར་གྱིས་ཤིག ། སྲང་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། ཚོང་འདུས་དག་ནི་མཇེས་པར་གྱིས་ཤིག་།བཀྲ་མི་ཤིས་པ་སྦུར་པོ་དང ། ཞར་བ་དང ། འོན་པ་དང ། ལྐུགས་པ་དང ། དབྱིབས་མི་མཇེས་པ་དང་དབང་པོ་མ་ཚང་བ་རྣམས་ནི་སོལ་ཅིག་།བཀྲ་ཤིས་པ་རྣམས་ཀྱང་སོགས་ཤིག་།བསོད་ནམས་ཀྱི་རྔ་ནི་རྡུང་ས་ཤིག་།བཀྲ་ཤིས་ཀྱི་དྲིལ་ནི་དཀྲོལ་ཅིག ། རྒོང་ཁྱེར་དམ་པའི་སྒོ་ནི་རྒྱན་གྱིས་ལེགས་པར་སྦུད་ཅིག་།རོལ་མོ་སིལ་སྙན་དང་ཕེག་བརྡབ་པ་ཤིན་ཏུ་ཡིད་དུ་འོང་བ་དག་ནི་ལོང་ཞིང་རྡོབས་ཤིག་།ཁམས་ཀྱི་རྒྱལ་པོ་ཐམས་ཅད་ནི་སོགས་ཤིག་།ཚོང་དཔོན་དང ། ཁྱིམ་བདག་དང ། བློན་པོ་དང ། སྒོ་བ་དང ། འཁོར་གྱི་མི་དག་ནི་གཅིག་ཏུ་སྡུས་ཤིག་།བུ་མོའི་ཤིང་རྟ་ནི་ཤོམས་ཤིག་།བུམ་པ་གང་བ་རྣམས་ནི་སྙིན་ཅིག་།བྲམ་ཟེ་ཁ་ཏོན་པ་རྣམས་ནི་སྡུས་ཤིག་།ལྷ་ཁང་རྣམས་ནི་ཤིན་ཏུ་བརྒྱན་པར་གྱིས་ཤིག་།དགེ་སློང་དག་དེ་ནས་རྒྱལ་པོས་ཇི་སྐད་བསྒོ་བ་དེ་བཞིན་དུ་ཐམས་ཅད་སྦྱར་བ་དང ། དེ་ནས་རྒྱལ་པོ་ཟས་ག་ཙང་མ་རང་གི་ཁྱིམ་དུ་སོང་ནས་སྐྱེ་དགུའི་བདག་མོ་ཆེན་མོགོའུ་ཏ་སཱི་ལ་
46-152
བོས་ཏེ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ལྷ་ཁང་དུ་བཀུར་གྱིས་རྒྱན་གྱིས་ལེགས་པར་བརྒྱན་པར་གྱིས་ཤིག་།ལེགས་སོ་ཞེས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་སཱིས་དེ་ལྟར་མཉན་ཏེ། གཞོན་ནུ་རྒྱན་གྱིས་བརྒྱན་ཏོ། །དེ་ནས་གཞོན་ནུ་དེ་རྒྱན་གྱིས་བརྒྱན་པའི་ཚེ། བཞིན་འཇུམ་ཞིང་ཁྲོ་ག་ཉརེར་མེད་པས་ཤིན་ཏུ་ཡིད་དུ་འོང་བའི་ཚིག་གིས་སྲུ་མོ་ལ་སྨྲས་པ། མ་བདག་གང་དུ་བཀུར། སྨྲས་པ། བུ་ལྷ་ཁང་དུ་བཀུར་རོ། །དེ་ནས་གཞོན་ནུས་བཞིན་འཇུམ་སྟེ་བ་གད་ནས་སྲུ་མོ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། བདག་བསྟས་དེ་ཚེ་སྟོང་གསུམ་འདི་ནི་གཡོས་པར་གྱུར ། །བརྒྱ་བྱིན་ཚང་ས་པ་ལྷ་མིན་ལྟོ་འགྱི་ཆེན་པོ་དང ། །ཉི་ཟླ་དེ་བཞིན་རྣམ་ཐོས་བུ་དང་གཞོན་ནུ་ཡང ། །སྤྱི་བོས་རྐང་པ་གཉིས་ལ་གཏུགས་ཏེ་ཕྱག་འཚལ་ན། །དེ་རིང་མ་ཡིསགང་དུ་བདག་བཀུར་བགྱི་བ་ཡི། །ལྷ་གཞན་བདག་གི་གོང་ན་འཕགས་པ་གང་ཞིག་མཆིས ། །ལྷ་རྣམས་ཀུན་ལས་བདག་འཕགས་ལྷ་ཡི་ལྷ་ལགས་ཏེ། །བདག་འདྲའི་ལྷ་ཡང་མ་མཆིས་གོང་མ་ག་ལ་མཆིས།། འོན་ཀྱང་འཇིག་རྟེན་རྗེས་བསྙག་ཙམ་དུ་བདག་མཆིའོ། །བདག་གི་རྣམ་འཕྲུལ་སྐྱེ་བོས་མཐོང་ན་དགར་འགྱུར་ཞིང ། །རིམ་གྲོ་བཀུར་སྟི་ཤིན་ཏུ་ཆེ་བར་བགྱིད་འགྱུར་ལ། །ལྷ་མིས་འདི་ནི་ལྷ་ཡི་ལྷ་ཞེས་རིག་པར་འགྱུར ། །དགེ་སློང་དག་དེ་ལྟར་གྲོང་ཁྱེར་དུ་གཞོན་ནུའི་ཤིང་རྟ་བཤམས་ཏེ་རྒྱན་གྱིས་བརྒྱན་ན་ནས། བཀྲ་ཤིས་ཐམས་ཅད་བཤམས་ཏེ་རྒྱལ་པོ་ཟས་ག་ཙང་མས་གཞོན་ནུ་པང་དུ་བླང་ས་ནས། བྲམ་ཟེ་དང ། གྲོང་རྡལ་པ་དང ། ཚོང་དཔོན་དང ། ཁྱིམ་བདག་དང ། བྲོན་པོ་དང ། ཁམས་ཀྱི་རྒྱལ་པོ་དང ། སྒོ་བ་དང ། འཁོར་གྱི་མི་དང ། མཛའ་བཤེས་དང ། ཉེ་དུས་བསྐོར་ཏེ། སྲང་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། ཚོང་འདུས་རྒྱན་ཚད་མེད་པས་བརྒྱན་པ་དག་ནས་བདུག་
46-153
སྤོས་དྲི་ཞིམ་པོས་ནི་བདུགས། མེ་ཏོག་སིལ་མ་ནི་གཏོར ། རྟ་དང་གླང་པོ་ཆེ་དང ། ཤིང་རྟ་དང ། རྐང་ཐང་གི་བུན་ལོང་ནི་ཆེར་གྱུར། གདུགས་དང་རྒྱལ་མཚན་དང ། བ་དན་ནི་བསྒྲེང ། སིལ་སྙན་སྣ་ཚོགས་ཀྱི་སྒྲ་ནི་ཕྱུང་སྟེ། སོང་བར་གྱུར་ཏོ། །དེའི་ཚེ་ལྷ་བརྒྱ་སྟོང་དག་གིས་བྱང་ཆུབ་སེམས་དཔའི་ཤིང་རྟ་དྲང་ས་ཏེ། ལྷའི་བུ་མོ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་ཕབ་སྟེ། སིལ་སྙན་གྱི་སྒྲ་འབྱིན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་རྒྱལ་པོ་ཟས་ག་ཙང་མས་རྒྱལ་པོའི་བཀོད་པ་ཆེན་པོ་དང ། རྒྱལ་པོའི་ཕུན་སུམ་ཚོགས་པ་ཆེན་པོ་དང ། རྒྱལ་པོའི་བྱིན་ཆེན་པོས་གཞོན་ནུ་དེ་ཁྱེར་ཏེ་ལྷ་ཁང་དུ་ན་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ལྷ་ཁང་དེར་རྐང་པ་གཡས་པའི་མཐིལ་བཞག་པ་དང ། དེ་ནས་ལྷའི་གཟུགས་སེམས་མེད་པ་དེ་དག་འདི་ལྟ་སྟེ། གུ་ལང་དང ། སྐེམ་བྲེད་དང ། ལུས་ངན་དང ། ཟླ་བ་དང ། ཉི་མ་དང ། རྣམ་ཐོས་ཀྱི་བུ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ལ་སོགས་པའི་གཟུགས་ཐམས་ཅད་ཀྱང་རང་ར་ང་གི་གནས་ནས་ལང་ས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་བར་གྱུར་ཏོ། །དེའི་ཚེ་ལྷ་དང་མི་བརྒྱ་སྟོང་ནི་ཀྱེ་མ་ཨ་ལ་ལ་ཞེས་བྱ་བ་དང ། ཅ་ཅོ་དང ། ག་ཞའི་སྒྲ་བརྒྱ་སྟོང་མང་པོ་འབྱིན་པར་གྱུར་ཏོ། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དམ་པ་དེ་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས ། །ལྷའི་མེ་ཏོག་གི་ཆར་ཡང་མངོན་པར་བ་བ་བ། །ལྷའི་སིལ་སྙན་བརྒྱ་སྟོང་དུ་མ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་པར་གྱུར་ཏོ། །ལྷ་གང་དག་གི་གཟུགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རང་རང་གི་གཟུགས་བསྟན་ནས། ཚིགས་སུ་བ་ཅད་པ་འདི་དག་སྨྲ་བར་གྱུར་ཏོ། །རི་རྒྱལ་རི་མཆོག་རི་རབ་ནམ་ཡང་ཡུངས་ཀར་འབྲུ་ལ་ཕྱག་མི་འཚལ། །རྒྱ་མཚོ་ཀླུ་རྗེ་
46-154
གནས་ནི་ནམ་ཡང་བ་རྗེས་ཆུ་ལ་ཕྱག་མི་འཚལ། །ཉི་ཟླ་འོད་བྲེད་སྲིན་བུ་མེ་ཁྱེར་འོད་བྲེད་དེ་ལ་ཕྱག་མི་འཚལ། །བསོད་ནམས་ཤེས་རབ་རིགས་བྱུང་ལེགས་ལྡན་ལྷ་རྣམས་གང་ལའང་ཕྱག་མི་བཞེས། །ཡུང་ས་འཔུ?་བ་རྗེས་ཆུ་དང་སྲིན་བུ་མེ་ཁྱེར་འདྲ་བར་གྱུར་པ་ནི། །སྟོང་གསུམ་འདི་ན་ལྷ་མི་གང་ཡང་རུང་སྟེ་ང་རྒྱལ་གནས་པ་ལགས། །རི་རབ་རྒྱ་མཚོཉི་ཟླ་འདྲ་བ་འཇིག་རྟེན་རང་བྱུང་དམ་པ་སྟེ། །དེ་ལ་འཇིག་རྟེན་ཕྱག་འཚལ་བ་ནི་མཐོ་རིས་མྱ་ངན་འདས་པ་འཐོབ། །བྱང་ཆུབ་སེམས་དཔའ་ལྷ་ཁང་དུ་ཞུགས་པ་དེ་བསྟན་པའི་ཚེ། ལྷའི་བུ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་གཇིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་ལྷ་ཁང་དུ་ཁྱེར་བའི་ཚེ་བཏང་སྟོམས་སུ་བཞག་པའི་རྐྱེན་ནི་དེ་ཡིན། རྒྱུ་ནི་དེ་ཡིན་ནོ། །ལྷ་ཁང་དུ་ཁྱེར་བའི་ལེའུ་སྟེ་བརྒྱད་པའོ། །། དགེ་སློང་དག་དེ་ནས་བྲམ་ཟེ་མདུན་ན་འདོན་འཆར་པོ་ཞེས་བྱ་བ་འཆར་འགྲོའི་ཕ། བྲམ་ཟེ་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ། སྐར་མ་མེ་བཞི་འདས་ནས་ནག་པ་ལ་བབ་པའི་ཚེ་རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛད་དུ་གསོལ། དནི་གཞོན་ནུའི་རྒྱན་མཛད་པའི་རིགས་ས་སོ། །རྒྱལ་པོས་སྨྲས་པ། ལེགས་ཀྱིས་བྲེད་དུ་ཆུག་ཤིག་།དེའི་ཚེ་རྒྱལ་པོ་ཟས་ག་ཙང་མ་དང ། ཤཱཀྱ་ལྔ་བརྒྱ་ཙམ་གྱིས། རྒྱན་གྱི་རྣམ་པ་ལྔ་བརྒྱ་ཙམ་བྱེད་དུ་བཅུག་སྟེ། འདི་ལྟར་ལག་པའི་རྒྱན་དག་དང ། རྐང་པའི་རྒྱན་དག་དང ། མགོའི་རྒྱན་དག་དང ། མགུལ་གྱི་རྒྱན་དག་དང ། སོར་གདུབ་དག་དང ། རྣ་རྒྱན་དག་དང ། དཔུང་རྒྱན་དག་དང ། གསེར་གྱི་སྐ་རགས་
46-155
དག་དང་གསེར་སྐུད་དག་དང ། དྲིལ་བུ་གཡེར་ཀའི་དྲ་བ་དག་དང ། རིན་པོ་ཆེའི་དྲ་བ་དག་དང ། ལྷམ་རིན་པོཆེས་སྤྲས་པ་དག་དང ། དོ་ཤལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དག་དང ། གདུ་བུ་རྒྱན་ཅན་དག་དང ། མགུལ་གདུབ་དག་དང ། ཅོད་པན་དག་ཀྱང་བྲེད་དུ་བཅུག་སྟེ་ཟིན་ནས། སྐར་མ་རྒྱལ་དང་ལྡན་པའི་ཚེ། ཤཱཀྱ་དེ་དག་རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་དོང་ནས་འདི་སྐད་ཅེས་སྨྲས་ས་སོ། །ལྷ་གཞོན་ནུ་བརྒྱན་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱེད་ཀྱིས་གཞོན་ནུ་ལ་བརྒྱན་པ་དང ། མཆོད་པ་བྱས་པས་ཆོག་གིས ། ངས་གཞོན་ནུའི་རྒྱན་ཐམས་ཅད་བྲེད་དུ་བཅུག་གོ། །སྨྲས་པ། བདག་ཅག་གི་རྒྱན་འདི་དག་གཞོན་ནུའི་སྐུ་ལ་གདུགས་མཚན་བདུན་ཞིག་གདགས་སུ་གསོལ། དེ་ལྟར་གནང་ན་བདག་ཅག་གིས་སུག་ལས་བགྱིས་པ་ཡང་དོན་མཆིས་པར་འགྱུར་རོ།། དེའི་ཚེ་ནམ་ལང་ས་ཏེ་ཉི་མ་ཤར་བ་དང ། བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་བཀོད་པ་དྲི་མ་མེད་པ་ཞེས་བྱ་བ་དེར་ཞུགས་ས་སོ། །དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོགོའུ་ཏ་ནཱིས་བྱང་ཆུབ་སེམས་དཔའ་པང་དུ་བླང་ས་ས་སོ། །བུད་མེད་བརྒྱད་ཁྲིས་ཀྱང་བྱང་ཆུབ་སེམས་དཔའ་བསུ་སྟེ་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། །བུ་མོ་སྟོང་ཕྲག་བཅུས་བྱང་ཆུབ་སེམས་དཔའ་བསུ་སྟེ། གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། །ཤཱཀྱ་སྟོང་ཕྲག་བཅུས་བྱང་ཆུབ་སེམས་དཔའ་བསུ་སྟེ་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། །བྲམ་ཟེ་ལྔ་སྟོང་ཡང་ལྷགས་ནས་བྱང་ཆུབ་སེམས་དཔའི་གདོང་དུ་ལྟ་ཞིང་འཁོད་པར་གྱུར་ཏོ། །དེ་ནས་ཤཱཀྱའི་རྒྱལ་པོ་བཟང་པོ་ཞེས་བྱ་བས་རྒྱན་ཇི་སྙིད་ཅིག་བྱས་པ་དེ་དག་བྱང་ཆུབ་སེམས་དཔའི་ལུས་ལ་བཏགས་ཏེ། དེ་དག་ལུས་ལ་བཏགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་ཀྱི་འོད་ཀྱིས་མོག་མོག་པོར་གྱུར་ནས་ལམ་མེར་མ་གྱུར། ལྷན་ནེར་མ་གྱུར།
46-156
ལྷང་ངེར་མ་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསིར་གྱི་གན་དུ་སྣག་ཙའི་ཡུག་བཞག་ན་ལམ་མེར་མི་རུང ། ལྷན་ནེར་མི་རུང ། ལྷང་ངེར་མི་རུང་ང་ངོ ། །དེ་བཞིན་དུ་རྒྱན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ལུས་ཀྱི་འོད་ཀྱིས་ཕོག་ན་ལམ་མེར་མི་རུང ། ལྷན་ནེར་མི་རུང ། ལྷང་ངེར་མི་རུང་ང་ངོ ། །དེ་བཞིན་དུ་རྒྱན་གྱི་རྣམ་པ་གང་དང་གང་བྱང་ཆུབ་སེམས་དཔའི་ལུས་ལ་བཏགས་པ་དེ་དང་དེ་དག་མོག་མོག་པོར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསེར་གྱི་གན་དུ་སྣག་ཙའི་ཡུག་བཞག་པ་བཞིན་ནོ། །དེའི་ཚེ་སྐྱེད་མོས་ཚལ་གྱི་ལྷ་མོ་དྲི་མ་མེད་པ་ཞེས་བྱ་བ་འདུག་པ་དེས་ལུས་ཆེན་པོ་བསྟན་ནས་མདུན་དུ་འདུག་སྟེ། རྒྱལ་པོ་ཟས་ག་ཙང་མ་དང་ཤཱཀྱའི་ཚོགས་དེ་དག་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། སྟོང་གསུམ་ས་འདི་གྲོང་ཁྱེར་གྲོང་རྡལ་བ་ཅས་པ་ཀུན། །གལ་ཏེ་གསེར་གྱིས་གང་ཁྱབ་དྲི་མེད་མཛིས་གྱུར་ཀྱང ། ། འཛམ་བུའི་ཆུ་བོའི་གསེར་གཟེགས་གཅིག་གིས་ཟིལ་རླག་སྟེ། །གསེར་གཞན་དག་ནི་དཔལ་དང་བྲལ་ཞིང་གསལ་མི་འགྱུར། །ས་འདི་མཐའ་དག་འཛམ་བུའི་གླིང་གི་གསིར་ཁེབས་ཀྱང ། །འདྲེན་པ་དཔལ་རྒྱས་སྦུ་ཁུང་འོད་ཕྱུང་ཟིལ་གྱིས་ནོན། །མི་སྣང་མི་གསལ་མི་མཇེས་འོད་ཀྱང་ཉམས་གྱུར་ཅིང ། །བདེ་གཤེགས་སྐྱོབ་པའི་དྲུང་ན་སྣག་ཙ་བཞིན་དུ་འགྱུར། །ཡོན་ཏན་བརྒྱས་གང་འདི་ནི་རང་གི་གཟི་ཡིས་བརྒྱན། །དེ་ནི་རྒྱན་གྱིས་མཇེས་མིན་ཤིན་ཏུ་དྲི་མེད་སྐུ། །ཉི་ཟླའི་འོད་དང་སྐར་མ་ནོར་བུ་མེ་དག་དང ། །བརྒྱ་བྱིན་ཚང་ས་པའི་འོད་ཀྱང་དཔའ་སྟུག་མདུན་མི་གསལ། །གང་སྐུ་སྔོན་གྱི་དགེ་བའི་འབྲས་བུས་མཚན་སྤྲས་པ། ། དེ་ལ་གཞན་གྱིས་བྱས་པའི་རྒྱན་ཕལ་ཅི་ཞིག་དགོས། །རྒྱན་རྣམས་ཕྲོལ་འོར་མི་མཁས་མཁས་མཛད་མ་གཅེ་ཤིག་།བློ་གྲོས་མཆོག་མཛད་འདི་ནི་བཅོས་མའི་
46-157
རྒྱན་མི་བཞེད ། །འདུན་པ་དེ་ནི་རྒྱལ་ཁབ་སྲས་དང་ལྷན་ཅིག་བསྟས། །དྲི་མེད་རབ་ཏུ་མཛིས་པའི་རྒྱན་རྣམས་འབང་ས་དེ་སྩོལ། །ཤཱཀྱའི་རིགས་ནི་རྒྱ་ཆེན་མཆོག་ཏུ་འགྱུར་སྙམ་ནས། །ཤཱཀྱ་དག་ནི་ཡིད་དགའ་མགུ་ཞིང་ངོ་མཚར་གྱུར། །ལྷ་མོ་དེས་དེ་སྐད་ཅེས་སྨྲས་ནས། ལྷའི་མེ་ཏོག་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་གཏོར་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །རྒྱན་གྱི་ལེའུ་སྟེ་དགུ་པའོ།། ། དགེ་སློང་དག་དེ་ལྟར་གཞོན་ནུ་དེ་ཡ་ཟད་སྐྱེས་པ་དང ། བཀྲ་ཤིས་བརྒྱ་སྟོང་བྱས་ནས་ཁྱེའུ་སྟོང་ཕྲག་བཅུ་དང ། བུ་མོ་སྟོང་ཕྲག་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ་ཡི་གེའི་གྲཝར་འཇུག་པར་བྱས་སོ། །བཟའ་བ་དང ། བ་ཅའ་བ་དང ། མྱང་བས་གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དང ། གསེར་དངུལ་དང ། དབྱིག་གིས་གང་བའི་ཤིང་རྟ་སྟོང་ཕྲག་བཅུ་དྲང་ས་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་ས?ང་དང ། གྲོང་བར་དང ། ཚོང་འདུས་ཀྱི་བྱོགས་གང་ཡིན་པ་དག་ཏུ་གཏོར་ཏོ། །མངོན་པར་བྱིན་ན་ནོ། །སིལ་སྙན་འབུམ་ཕྲག་བརྒྱད་ཀྱི་སྒྲ་ཡང་ཕྱུང་ཞིང་མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་པོ། །སྟེགས་བུ་དང ། སྒོ་ཁང་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁང་བཟང་ས་དག་གི་སྟེང་ནས། བུ་མོ་བརྒྱ་སྟོང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་།བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་མེ་ཏོག་དག་འཐོར་བར་གྱུར་ཏོ། །ལྷའི་བུ་མོ་སྟོང་ཕྲག་བརྒྱད་ནི་རྒྱན་རྣམས་ཀྱིས་ལྷུག་ལྷུག་པོར་བརྒྱན་ཏེ། རིན་པོ་ཆེ་བཟང་བྲེད་ཐོགས་ནས་ལམ་འཕྱག་ཅིང་བྱང་ཆུབ་སེམས་དཔའི་མདུན་ནས་འདོང་བར་གྱུར་ཏོ། །ལྷ་དང ། ཀླུ་དང །
46-158
གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འབྲེ་ཆེན་པོ་རྣམས་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའི་དཀྱིལ་ནས་མེ་ཏོག་དང ། དྲ་གྱི་ལྡ་ལྡི་བྲེ་བར་གྱུར་ཏོ། །ཤཱཀྱའི་ཚོགས་ཐམས་ཅད་ཀྱ་ང་རྒྱལ་པོ་ཟས་གཙང་མའི་མདུན་དུ་བད་ར་ནས་བྱང་ཆུབ་སིམས་དཔའི་མདུན་ནས་འདོང་བར་གྱུར་ཏེ། བཀོད་པའི་རྣམ་པ་འདི་ལྟ་བུ་འདིས་བྱང་ཆུབ་སེམས་དཔའ་ཡི་གེའི་གྲཝར་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡི་གེའི་གྲཝར་ཞུགས་མ་ཐག་ཏུ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བཆིད་མ་བཟོད་དེ། ཁས་བུ་བ་ཏུ་སྐྱེལ་ཏོ། །དེ་ལྟར་འགྱིལ་བ་དང་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཡན་ལག་བཟང་པོ་ཞེས་བྱ་བས་མཐོང་ནས། ལག་པ་གཡས་པས་བཏེག་སྟེ་བསླང་ངོ ། །བསླང་ས་ནས་ཀྱང་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ། རྒྱལ་པོ་ཟས་ག་ཙང་མ་དང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་པ། །གྲང་ས་དང་ཡི་གེ་ཚིས་དང་ཁམས་ཀྱི་རྒྱུད་དག་དང ། །འཇིག་རྟེན་བཟོ་ཡི་སྤྱོར་བ་ཚད་མེད་མང་པོ་དག ། བསྐལ་པ་བྲེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། །འོན་ཀྱང་སྐྱེ་བོའི་རྗེས་སུ་འཐུན་པ་ཙམ་མཛད་དེ། །བྱིས་པ་མང་པོ་ཐེག་པ་མཆོག་ལ་སྨིན་མཛད་དང་།། སེམས་ཅན་ཁྲག་ཁྲིག་གཞན་ཡང་འཆི་མེད་དགོད་པའི་ཕྱིར། །ཤིན་ཏུ་ལོབས་པའང་བསླབ་གྱིར་ཡི་གེའི་གྲཝར་ཞུགས་སོ། །འཇིག་རྟེན་འདས་པའི་བདེན་བཞི་ལམ་གྱི་ཚུལ་མཁྱེན་ཅིང ། །རྒྱུ་ལ་བརྟེན་ནས་ཇི་ལྟར་འབྱུང་བ་དེ་ལའང་མཁས། ། ཇི་ལྟར་འདུས་བྱས་འགགས་ཟད་བསིལ་འགྱུར་དེ་ཚུལ་ཡང ། །མཁྱེན་ན་ཡི་གེའི་བསྟན་བཅོས་ཙམ་ལྟ་ཅིས་མི་མཁྱེན། །འཇིག་རྟེན་གསུམ་ན་འདི་ཡི་སློབ་དཔོན་
46-159
གོང་ན་མེད། །ལྷ་དང་མིར་བ་ཅས་ནང་ན་འདི་ཉིད་ག་ཙོ་བོ་སྟེ། །བསྐལ་པ་བྲེ་མང་སྔོན་ཆད་གང་ལ་འདིས་བསླབས་པའི། །ཡི་གེ་དེ་དག་མིང་ཡང་ཁྱེད་ཀྱིས་ཤེས་མི་འགྱུར། །འགྲོ་བ་རྣམས་ཀྱི་སེམས་རྒྱུད་སྣ་ཚོགས་གང་འབྱུང་བ། །སྐད་ཅིག་གཅིག་གིས་སེམས་ཅན་དག་པ་འདིས་མཁྱེན་ཏེ། །གཟུགས་མེད་བལྟར་མི་སྣང་བའི་ཚུལ་ཡང་རབ་མཁས་ན། །ཡི་གེ་གཟུགས་ཡོད་བལྟར་སྣང་དགལྟ་སྨོས་ཅི་དགོས། །དེ་སྐད་ཅེས་སྨྲས་པ་དང ། ལྷའི་བུ་དེས་བྱང་ཆུབ་སེམས་དཔའ་ལ་ལྷའི་མེ་ཏོག་མང་པོས་གཏོར་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་མ་མ་དང་བྲན་མོའི་འཁོར་བཀོད་དེ། རྒྱལ་པོ་ཟས་ག་ཙང་མ་ལ་སོགས་པ་ཤཱཀྱ་གཞན་ནི་གྱིར་དོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་ཙན་དན་སྤྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེའི་ཤིང་ལྷའི་ཚོན་གྱིས་བྱུགས་པ། གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མ་ནོར་བུ་རིན་པོ་ཆེས་ཀུན་ནས་བརྒྱན་པ་ཐོགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལ་འདི་སྐད་ཅེས་སྨྲས ། །ཀྱེ་མཁན་པོས་བདག་ལ་ཡི་གེ་གང་ཞིག་བསླབ། ཚང་ས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པད་མའི་སྙིང་པོའི་ཡི་གེའམ། ཨང་གའི་ཡི་གེའམ། མང་གའི་ཡི་གེའམ། ཡུལ་མ་ག་དྷཱའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ། ཀི་ར་ཏའི་ཡི་གེའམ། ལྷོ་བྱོགས་པའི་ཡི་གེའམ། དྲ་ག་ཤུལ་ཅན་གྱི་ཡི་གེའམ། གྲང་ས་ཀྱི་ཡི་གེའམ། སྤྱིའུ་ཚུགས་པའི་ཡི་གེའམ། རྗེས་སུ་འཐུན་པའི་ཡི་གེའམ། པུ?་ཤའི་ཡི་གེའམ། ཀ་ཤའི་ཡི་གེའམ། རྒྱའི་ཡི་གེའམ། ཕུ་ནའི་ཡི་གེའམ། ཧུ་ནའི་ཡི་གེའམ། ཡི་གེ་འབྱིང་དང ། རྒྱས་པར་བྱི་བའི་ཡི་གེའམ། རྒྱལ་གྱི་ཡི་གེའམ། ལྷའི་ཡི་
46-160
གེའམ། ཀླུའི་ཡི་གེའམ། གནོད་སྤྱིན་གྱི་ཡི་གེའམ། དྲི་ཟའི་ཡི་གེའམ། མིའམ་ཅིའི་ཡི་གེའམ། ལྟོ་འཕྱེ་ཆེན་པོའི་ཡི་གེའམ། ལྷ་མ་ཡིན་གྱི་ཡི་གེའམ། ནམ་མཁའ་ལྡིང་གི་ཡི་གེའམ། རི་དགས་ཀྱི་འཁོར་ལོ་བའི་ཡི་གེའམ། ཁཝ་སྐད་ཤེས་པའི་ཡི་གེའམ། ས་བླའི་ལྷའི་ཡི་གེའམ། བར་སྣང་གི་ལྷའི་ཡི་གེའམ། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཡི་གེའམ། བྱང་གི་སྒྲ་མི་སྙན་གྱི་ཡི་གེའམ། ཤར་གྱི་ལུས་འཕགས་པོའི་ཡི་གེའམ། གདེག་པའི་ཡི་གེའམ། གཞག་པའི་ཡི་གེའམ། བསྣན་པའི་ཡི་གེའམ། རྒྱ་མཚོའི་ཡི་གིའམ། རྡོ་རྗེའི་ཡི་གེའམ། སྤྲིང་ཡིག་དང ། ལན་གྱི་ཡི་གེའམ། རྣམ་འཐོར་གྱི་ཡི་གེའམ། རིང་ས་མེད་ཀྱི་ཡི་གེའམ། བསྟན་བཅོས་བསྐོར་བའི་ཡི་གེའམ། སྩིས་བསྐོར་བའི་ཡི་གེའམ། གདེག་པ་བསྐོར་བའི་ཡི་གེའམ། གཞག་པ་བསྐོར་བའི་ཡི་གེའམ། རྐང་པསབྱིས་པའི་ཡི་གེའམ། ཚིག་ལན་ལན་གཉིས་སུ་གད་བ་པའི་ཚིག་གི་མཚམས་ཀྱི་ཡི་གེའམ། ཚིག་གི་མཚམས་བརྩུར་བརྒྱུད་པའི་བར་གྱི་ཡི་གེའམ། བླ་ཐབས་སུ་བསྣན་པའི་ཡི་གེའམ། སྒྲ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། རིག་པ་དང་འཐུན་པའི་ཡི་གེའམ། རྣམ་པར་འདྲེས་པའི་ཡི་གེའམ། དྲང་སྲོང་གི་དཀའ་ཟུབ་སྤྱད་པའི་ཡི་གེའམ། ལྷའི་ངེས་པའི་ཡི་གེའམ། ས་བལྟ་བའི་ཡི་གེའམ། ནམ་མཁའ་བལྟ་བའི་ཡི་གེའམ། སྨན་ཐམས་ཅད་ཀྱི་རྒྱུ་འཐུན་པའི་ཡི་གེའམ། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེའམ། ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་བསླབ། དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་དུ་གྱུར་ནས་བཞིན་གྱི་འཇུམ་ཕྱུང་སྟེ། ང་རྒྱལ་དང ། དྲེགས་པ་དང ། རྒྱགས་པ་མེད་པར་བྱས་ནས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་ས་སོ། ། སེམས་ཅན་དག་པ་ངོ་
46-161
མཚར་ཆེ། །བསྟན་བཅོས་ཀུན་ལས་བསླབས་གྱུར་ཀྱང ། །འཇིག་རྟེན་འཇིག་རྟེན་རྗེས་བསྙག་གྱིར ། །ཡི་གེའི་གྲཝར་ནི་བྱོན་པར་གྱུར ། །ཡི་གེ་གང་གི་མིང་དག་ཀྱང ། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ལ་བྱང་གྱུར་ཀྱང་།། ཡི་གེ་སློབ་པའི་གྲཝར་བྱོན་ཏོ། །འདི་ཡི་ཞལ་ནི་མཐོང་མོད་ཀྱི། །སྤྱི་གཙུག་འཕགས་པ་བལྟར་མི་སྣང ། །ཡི་གེའི་ཤེས་རབ་མཐར་ན་ན། །བདག་གིས་འདི་གོ་ཇི་ལྟར་བསླབ། །ལྷ་ཡི་ལྷ་ཆེན་ལྷ་འདི་ནི། །ལྷ་རྣམས་ཀུན་གྱི་མཆོག་མཁས་པ། ཁྱད་པར་འཕགས་ཤིང་མཉམ་པ་མེད ། །འཇིག་རྟེན་གང་ཟག་དོ་ཟླ་མེད ། །བདག་ཀྱང་འདི་ཉིད་མཐུ་ཡིས་ན། །ཤེས་རབ་ཐབས་ཀྱི་ཁྱད་པར་གྱིས། །འཇིག་རྟེན་ཀུན་ཀྱི་དཔུང་གཉེན་པོ། །ལོབས་པ་འདི་ནི་བསླབ་པར་བྱ།། ད་གེ་སློང་དག་དེ་ལྟར་བྱིས་པ་སྟོང་ཕྲག་བཅུ་པོ་དེ་དག་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་ཏུ་ཡི་གེ་སློབ་པའི་ཚེ་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སླབ་ཅིང་གང་གི་ཚེ། ཨ་ཞེས་བརྫོད་པ་དེའི་ཚེ། འདུ་བྲེད་ཐམས་ཅད་མི་རྟག་པའི་སྒྲ་བྱུང་ང་ངོ ། །ཱ་ཞེས་བརྗོད་པ་དང་བདག་མེད་པའི་སྒྲ་བྱུང་ངོ ། །མི་ཞེས་བརྗོད་པ་དང་དབང་པོ་ཤིན་ཏུ་ཡང་ས་པའི་སྒྲ་བྱུང་ངོ ། ། ཨཱཾ[༄\ུf]་ཞེས་བརྗོད་པ་དང་འགྲོ་བ་ནི་ཡམས་ཀྱི་ནད་མང་བ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ུ་ཞེས་བརྗོད་པ་དང་འགྲོ་བ་ནི་འཚེ་བ་མང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ ། ། ཨུཾ་ཞེས་བརྫོད་པ་དང་འགྲོ་བ་ནི་དམའ་བའོ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ེ་ཞེས་བརྗོད་པ་དང ། ཉེས་པ་ནི་བཙལ་བ་ལས་བྱུང་ངོ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ཻ་ཞེས་བརྫོད་པ་དང་འཕགས་པའི་ལམ་ནི་དགེའོ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ོ་ཞེས་བརྫོད་པ་དང་ཆུ་བོ་ལས་རྒལ་བའི་སྒྲ་བྱུང་ངོ ། །ཽ་ཞེས་བརྗོད་པ་དང་རྫུབ་པའི་སྒྲ་བྱུང་ང་ངོ ། །ཾ་ཞེས་བརྗོད་པ་དང་བདག་གི་བ་མི་འབྱུང་ཞེས་བྱ་བའི་སྒྲ་
46-162
བྱུང་ངོ ། །ཿ ཞེས་བརྗོད་པ་དང་ནུབ་པ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ཀ་ཞེས་བརྗོད་པ་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ཁ་ཞེས་བརྗོད་པ་དང་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ག་ཞེས་བརྗོད་པ་དང་ཆོས་ཟབ་ཅེས་བྱ་བའི་སྒྲ་བྱུང་ང་ངོ ། །ལྷ་ཞེས་བརྗོད་པ་དང་མ་རིག་པ་དང ། གཏི་མྱུག་གི་མྱུན་པ་དང་ལིང་ཐོག་སྟུག་པོ་བསལ་ཞེས་བྱ་བའི་སྒྲ་བྱུང་ངོ ། །ང་ཞེས་བརྗོད་པ་དང་ཡན་ལག་རྣམ་པར་དག་པ་ཞེས་བྱ་བའི་སྒྲ་བྱུང་ང་ངོ ། །ཙ་ཞེས་བརྗོད་པ་དང་འཕགས་པའི་བདེན་པ་བཞིའི་སྒྲ་བྱུང་ང་ངོ ། །ཚ་ཞེས་བརྗོད་པ་དང་འདོད་པའི་འདོད་ཆགསསྤང་བའི་སྒྲ་བྱུང་ངོ ། ། ཛ་ཞེས་བརྗོད་པ་དང་རྒ་ཤི་ལས་ཡང་དག་པར་འདས་པའི་སྒྲ་བྱུང་ངོ ། །ཛྷ་ཞེས་བརྗོད་པ་དང་འཆི་བྲེད་ཀྱི་རྒྱལ་མཚན་ཅན་གྱི་དཔུང་ཚར་བཅད་པའི་སྒྲ་བྱུང་ངོ ། །ཉ་ཞེས་བརྗོད་པ་དང་ཤེས་པར་བྱེད་པའི་སྒྲ་བྱུང་ང་ངོ ། ཊ་ཞེས་བརྗོད་པ་དང་ལམ་ཤིན་ཏུ་ཆད་པའི་སྒྲ་བྱུང་ང་ངོ ། །ཋ་ཞེས་བརྗོད་པ་དང་དྲི་བ་བཞག་པའི་སྒྲ་བྱུང་ངོ ། ། ཌ་ཞེས་བརྗོད་པ་དང་དཀྲུགས་མ་དང་བདུད་ཚར་བ་ཅད་པའི་སྒྲ་བྱུང་ངོ ། །ཌྷ་ཞེས་བརྗོད་པ་དང་ཡུལ་མི་ག་ཙང་བའི་སྒྲ་བྱུང་ང་ངོ ། ། ཎ་ཞེས་བརྗོད་པ་དང་ཉོན་མོང་ས་པ་ནི་ཕྲ་བ་ཞེས་བྱ་བའི་སྒྲ་བྱུང་ངོ ། ། ཏ་ཞེས་བརྗོད་པ་དང་དེ་བཞིན་ཉིད་ནི་འདྲེས་པ་མེད་ཅེས་བྱ་བའི་སྒྲ་བྱུང་ངོ ། ། ཐ་ཞེས་བརྗོད་པ་དང་མཐུ་སྟོབས་དང་ཤུགས་དང་མི་འཇིགས་པའི་སྒྲ་བྱུང་ང་ངོ ། ། ད་ཞེས་བརྗོད་པ་དང་སྤྱིན་པ་དང ། དུལ་བ་དང ། ཡང་དག་པར་སྣོམ་པ་དང ། ངེས་པའི་སྒྲ་བྱུང་ང་ངོ ། །དྷ་ཞེས་བརྗོད་པ་དང་འཕགས་པ་རྣམས་ཀྱི་ནོར་ནི་རྣམ་པ་བདུན་ནོ་ཞེས་བྱ་བའི་སྒྲ་བྱུང་ང་ངོ ། །ན་ཞེས་བརྗོད་པ་དང་མིང་དང་གཟུགས་ཡོངས་སུ་ཤེས་པར་བྱ་བའི་སྒྲ་བྱུང་ང་ངོ ། །པ་ཞེས་བརྗོད་པ་དང་དོན་
46-163
དམ་པའི་སྒྲ་བྱུང་ངོ ། །ཕ་ཞེས་བརྗོད་པ་དང་འབྲས་བུ་རྙེད་པ་མངོན་དུ་བྱ་བའི་སྒྲ་བྱུང་ངོ ། །བ་ཞེས་བརྗོད་པ་དང་བཅིང་ས་པ་ལས་རྣམ་པར་ཐར་པའི་སྒྲ་བྱུང་ང་ངོ ། །བྷ་ཞེས་བརྗོད་པ་དང་སྲིད་པ་འཇིགས་པའི་སྒྲ་བྱུང་ངོ ། །མ་ཞེས་བརྗོད་པ་དང་ང་རྒྱལ་དང་རྒྱགས་པ་ཞི་བར་བྱ་བའི་སྒྲ་བྱུང་ང་ངོ ། །ཡ་ཞེས་བརྗོད་པ་དང་ཆོས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་སྒྲ་བྱུང་ང་ངོ ། །ར་ཞེས་བརྗོད་པ་དང་དགའ་བ་ལ་དགའ་བ་མེད་པའི་དོན་དམ་པར་དགའ་བ་ཞེས་བྱ་བའི་སྒྲ་བྱུང་ངོ་།། ལ་ཞེས་བརྗོད་པ་དང་འཁྲི་ཤིང་ཆད་པའི་སྒྲ་བྱུང་ང་ངོ ། །ཝ་ཞེས་བརྗོད་པ་དང་ཐེག་པམཆོག་གི་སྒྲ་བྱུང་ང་ངོ ། །ཤ་ཞེས་བརྗོད་པ་དང་ཞི་གནས་དང་ལྷག་མཐོང་གི་སྒྲ་བྱུང་ངོ ། །ཥ་ཞེས་བརྗོད་པ་དང་སྐྱེ་མཆེད་དྲུག་གཞོམ་ཞིང་མངོན་པར་ཤེས་པ་དྲུག་དང་ཡེ་ཤེས་ཐོབ་པའི་སྒྲ་བྱུང་ང་ངོ ། །ས་ཞེས་བརྗོད་པ་དང་ཐམས་ཅད་མེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྒྲ་བྱུང་ངོ་།། ཧ་ཞེས་བརྗོད་པ་དང་ཉོན་མོང་ས་པ་བཅོམ་ཞིང་འདོད་ཆགས་དང་བྲལ་བའི་སྒྲ་བྱུང་ང་ངོ ། །ཀྵ་ཞེས་བརྗོད་པ་དང་ཡི་གེའི་མཐར་ན་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བྱ་བའི་སྒྲ་བྱུང་ང་ངོ ། །དེ་ལྟར་བྱིས་པ་དེ་དག་ཡི་གེའི་ཕྱི་མོ་སློབ་པའི་ཚེ། བྱང་ཆུབ་སེམས་དཔའི་མཐུས་དེ་དག་ལ་སོགས་པ་ཆོས་ཀྱི་སྒོ་བརྒྱ་སྟོང་གྲང་ས་མེད་པ་བྱུང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡི་གེའིགྲཝ་ན་འདུག་པའི་ཚེ་བྱིས་པ་སུམ་ཁྲི་ཉིས་སྟོང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་ལོབས་པར་གྱུར་ཀྱང་ཡི་གེའི་གྲཝར་འཇུག་པའི་རྒྱུ་ནི་དེ་ཡིན་ནོ། །རྐྱེན་ནི་དེ་ཡིན་ནོ། །ཡི་གེ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།
46-164
དགེ་སློང་དག་གཞོན་ནུ་དེ་དེ་བས་ཀྱང་ཡ་ཟད་སྐྱེས་ནས་དུས་གཞན་ཞིག་ན་གཞོན་ནུ་དེ་གཞོན་ནུ་གཞན་དག་དང་ཞང་བློན་གྱི་བུ་དག་དང་ལྷན་ཅིག་ཏུ་ཞིང་པའི་གྲོང་ལྟ་ཞིང་དོང་སྟེ། གྲོང་བལྟས་ནས་ཞིང་བླས་ཀྱི་མཐའི་སྐྱེད་མོས་ཚལ་ཞིག་ཏུ་ཕྱིན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་གཅིག་པུ་གཇིས་སུ་མེད་པར་ཕ་ཟད་འཁྱམ་ཞིང་སོང་སོང་བ་དང ། འཛམ་བུའི་ཤིང་ལྗོན་པ་མཇེས་པ་བལྟ་ན་སྡུག་པ་ཞིག་མཐོང་ནས། བྱང་ཆུབ་སེམས་དཔའ་དེའི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བ་ཅས་ཏེ་འདུག་གོ། །འདུག་ནས་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་པ་རྙེད་དེ་རྙེད་ནས་ཀྱང་སྣིག་པ་མི་དགེ་བའི་ཆོས་རྣམས་ལས་དཐེན་པ། རྟོག་པ་དང་བ་ཅས་པ། དཔོད་པ་དང་བ་ཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང ། བདེ་བ་ཅན་བསམ་གཏན་གཤིས་པ་བསྒྲུབས་ཏེ་གནས ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྟོམས་ལ་གནས་ཤིང་དྲ་ན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲ་ན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྟོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤང་ས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤང་ས་ཤིང་ཡིད་བདེ་བ་དང ། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན ། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྟོམས་དང་དྲ་ན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས ། །དེའི་ཚེ་གྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་ཡོད་པ་རྫུ་འཕྲུལ་
46-165
དང་ལྡན་པ་ནམ་མཁའ་ལས་དོང་བ་ལྔ་ཞིག་ལྷོ་བྱོགས་ནས་བྱང་བྱོགས་ལོགས་སུ་དོང་དོང་བ་ལས་དེ་དག་ཚལ་སྟུག་པོ་དེའི་སྟེང་དུ་ན་པ་དང ། གྱིར་ཕུལ་བ་ལྟར་འདོང་མ་ནུས་ནས། དེ་དག་མི་དགའ་ཞིང་བ་སྤུ་གཡོས་ཏེ། ཚིགས་སུ་བ་ཅད་པ་འདི་སྨྲས་སོ། །བདག་ཅག་འདི་ན་རི་རབ་ནོར་བུ་རྡོ་རྗེ་བརྩེགས་རི་ཤིན་ཏུ་རྔམས་སྟུག་པ་ཡང་ཐལ་ཕྱུང་སྟེ། །གླང་པོ་ཨ་མ?འི་ཤིང་རློན་ཡལ་གས་གཟིང་ས་པ་མང་པོ་བཅོམ་ནས་འགྲོ་བཞིན་དོང་དོང་ལ། །བདག་ཅག་འདི་ན་ལྷ་ཡི་ཁྱིམ་ནའང་ཐོགས་མེད་གནོད་སྤྱིན་དྲི་ཟའི་ཁྱིམ་སྟེང་ན་མ་མཁར་གནས་གནས་ན། ། ཚལ་སྟུག་འདིར་ན་ནས་ནི་སྦྱིད་ལུག་གྱུར་པ་སུ་ཡི་མཐུ་ཞིག་གིས་ན་རྫུ་འཕྲུལ་སྟོབས་བཟློག་གྱུར། །དེ་ནས་ཚལ་སྟུག་པོ་དེ་ན་ལྷ་མོ་ཞིག་གནས་པ་དེས་དྲང་སྲོང་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོའི་ག་ཙོ་བོའི་རིགས་བྱུང་ཤཱཀྱའི་རྒྱལ་སྲས་ཉི་མ་ཤར་བ་ལྟ་བུར་རབ་ཏུ་སྣང་བའིའི་འོད ། །འཇིག་རྟེན་ག་ཙོ་བོ་མཁས་པ་ཟླ་ཞལ་པད་མ་རྒྱས་པའི་སྙིང་པོའི་ཁ་དོག་ལྟ་བུར་རབ་མཇེས་པ། །ལྷ་དང་ཀླུ་དབང་གནོད་སྤྱིན་དྲི་ཟས་མཆོད་པ་དེ་ནི་བསམ་གཏན་དགོང་ས་ཤིང་ཚལ་སྟུག་འདི་ན་བཞུགས། ། སྲིད་པ་བྱེ་བ་བརྒྱ་དག་ཏུ་ནི་བསོད་ནམས་སྤེལ་བ་དེ་ཡི་མཐུ་ཡིས་རྫུ་འཕྲུལ་སྟོབས་བཟློག་གོ། །དེ་ནས་དེ་དག་གིས་འོག་ལོགས་སུ་བལྟས་པ་དང ། གཞན་ནུ་ཞིག་དཔལ་དང་གཟི་བརྗིད་ཀྱིས་འབར་བ་མཐོང་ནས་འདི་དག་འདི་སྙམ་དུ་སུ་ཞིག་འདི་ལྟར་ག་ནས། ནོར་གྱི་བདག་པོ་རྣམ་ཐོས་ཀྱི་བུའམ་ཅིག་མ་ཡིན་ནམ། འོན་ཏེ་འདོད་པའི་དབང་པོ་བདུད་ལྟའམ། ཡང་ན་ལྟོ་འགྱི་ཆེན་པོའི་དབང་པོའམ། འོན་ཏེ་དབང་པོ་རྡོ་རྗེ་འཆང་བའམ། ཡང་ན་གུ་ལང་ང་ང་མ། གྲུལ་བུམ་གྱི་བདག་པོའམ། འོན་ཏེ་སྤྲོ་བ་ཆེན་པོ་དང་ལྡན་པ་ནག་པོའམ། འོན་ཏེ་ལྷའི་བུ་ཟླ་བའམ། འོན་ཏེ་འོད་ཟིར་སྟོང་དང་ལྡན་པའི་
46-166
ཉི་མའམ། འོན་ཏེ་འཁོར་ལོས་སྐྱུར་བའི་རྒྱལ་པོ་ཞིག་ཡིན་ནམ། སུ་ཞིག་སྙམ་མ་མོ། །དེའི་ཚེ་ཚིགས་སུ་བ་ཅད་པ་འདི་ཡང་སྨྲས་སོ། གཞོན་ནུ་འདི་ནི་རྣམ་ཐོས་བུ་ཡི་གཟུགས་ལས་འཕགས་པར་གསལ་བར་སྣང་བས་ན། །འདི་ནི་སྒྲ་ག་ཅན་ཡིན་ནམ་འོན་ཏེ་རྡོ་རྗེ་འཆང་གི་གཟུགས་སམ་ཉི་ཟླའི་གཟུགས། །འདོད་མཆོག་དབང་པོའི་གཟུགས་སམ་གུ་ལང་གཟུགས་སམ་འོན་ཏེ་ནག་པོའི་གཟུགས་ཡིན་ན་ནམ། །ཡང་ན་འདི་ནི་དཔལ་ལྡན་ཡན་ལག་མཚན་སྤྲས་སྡིག་མེད་སངས་རྒྱས་འགྱུར་བ་ཞིག་།དེ་ནས་ཚལ་གྱི་ལྷ་མོ་དེས་དྲང་སྲོང་དེ་དག་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། རྣམ་ཐོས་བུ་དང་མིག་སྟོང་བདོག་ལ་དཔལ་ནི་གང་ཡོད་གྱུར་པ་དང་།། འཇིག་རྟེན་སྐྱོང་བ་བཞི་དང་ལྷ་མིན་དབང་ལ་དཔལ་ནི་གང་ཡོད་དང ། །མི་མཇེད་བདག་པོ་ཚང་ས་དང་གཟའ་རྣམས་ལ་ཡང་དཔལ་ནི་གང་ཡོད་པ། །དཔལ་དེ་ཤཱཀྱའི་ས?ས་པོ་འདི་དྲུང་ཕྱིན་ན་གང་གི་ཆར་མི་ཕོད ། །དེ་ནས་དྲང་སྲོང་དེ་དག་གིས་ལྷ་མོ་དེའི་ཚིག་ཐོས་ནས་ས་ལ་བབས་པ་དང ། དེ་དག་གིས་བྱང་ཆུབ་སེམས་དཔའ་མི་གལོ་བའི་ལུས་ཀྱིས་བསམ་གཏན་བྲེད་ཅིང ། མེའི་ཕུང་པོ་ལྟར་འབར་བ་མཐོང་ནས། དེ་དག་བྱང་ཆུབ་སེམས་དཔའ་ལ་སེམས་ཤིང་ཚིགས་སུ་བ་ཅད་པས་བསྟོད་དེ། དེ་ལ་གཅིག་གིས་སྨྲས་པ། འཇིག་རྟེན་ཉོན་མོང་ས་མེས་གདུངས་པ། །མཚོ་འདི་རབ་ཏུ་བྱུང་གྱུར་ཏེ། །གང་གིས་འཇིག་རྟེན་སིམ་འགྱུར་བའི། །ཆོས་དེ་འདི་ཡིས་བརྙེས་པར་འགྱུར ། །ཡང་གཅིག་གིས་སྨྲས་པ། མི་ཤེས་རབ་རིབ་འཇིག་རྟེན་དུ། །སྒྲོན་མ་འདི་ནི་རབ་ཏུ་བྱུང ། །གང་གིས་འགྲོ་བ་སྣང་འགྱུར་བའི། །ཚོས་དེ་འདི་ཡིས་བརྙེས་པར་འགྱུར། །ཡང་གཅིག་གིས་སྨྲས་པ། མྱ་ངན་རྒྱ་མཚོ་འད་ལ་བ་ལ། །གྲུ་ཡི་དམ་པ་འདི་བྱུང་སྟེ། ། གང་གིས་འགྲོ་བ་སྒྲོལ་འགྱུར་བའི། །ཆོས་དེ་འདི་ཡིས་བརྙེས་པར་འགྱུར། །
46-167
ཡང་གཅིག་གིས་སྨྲས་པ། ཉོན་མོང་ས་འཆིང་བས་བཅིང་ས་པ་ལ། །འགྲོལ་བར་མཛད་པ་འདི་བྱུང་སྟེ། །གང་གིས་འགྲོ་བ་འགྲོལ་འགྱུར་བའི། །ཆོས་དེ་འདི་ཡིས་བརྙེས་པར་འགྱུར། །ཡང་གཅིག་གིས་སྨྲས་པ། རྒ་དང་ནད་ཀྱིས་གཟིར་བ་ལ། །སྨན་པ་དམ་པ་འདི་བྱུང་སྟེ། །གང་གིས་རྒ་ཤི་ཐར་བྱ་བྱ་བའི། །ཆོས་དེ་འདི་ཡིས་བརྙེས་པར་འགྱུར། །དེ་ནས་དྲང་སྲོང་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བ་ཅད་པ་དེ་དག་གིས་བསྟོད་དེ། ལན་གསུམ་བསྐོར་བ་བྱས་ནས་ནམ་མཁའ་ལས་དོང་ངོ ། །རྒྱལ་པོ་ཟས་ག་ཙང་མ་ཡང་བྱང་ཆུབ་སེམས་དཔའ་མི་མཐོང་ཞིང་བྱང་ཆུབ་སེམས་དཔའ་མེད་པས་མི་དགའ་སྟེ། དེས་སྨྲས་པ། གཞོན་ནུ་དེ་མི་སྣང་ན་གར་སོང ། དེའི་ཚེ་སྐྱེ་བོ་ཕལ་པོ་ཆ་གཞོན་ནུ་ཚོལ་དུ་དོང་དོང་བ་དང ། དེའི་ཚེ་བློན་པོ་གཅིག་ཅིག་གིས་བྱང་ཆུབ་སེམས་དཔའ་འཛམ་བུའི་ཤིང་གི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བ་ཅས་ཏེ་བསམ་གཏན་བྲེད་ཅིང་འདུག་པ་མཐོང་ངོ ། །དེས་དེའི་ཚེ་ཤིང་ཐམས་ཅད་ཀྱི་གྲིབ་མ་ནི་ཡོལ་ན། འཛམ་བུའི་ཤིང་གི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་ལུས་མི་གཏོང་བར་འདུག་པར་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རིང་ས་ཤིང་མྱུར་བ་མྱུར་བའི་གཟུགས་ཀྱིས། རྒྱལ་པོ་ཟས་ག་ཙང་མའི་ཐད་དུ་ན་ཏེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །རྒྱལ་པོ་གཞོན་ནུ་དེ་ལ་གཟིགས། །འཛམ་བུའི་ཤིང་གྲིབ་བསམ་གཏན་མཛད། །བརྒྱ་བྱིན་ཚང་ས་པ་ཇི་བཞིན་དུ། ། གཟི་བཇིད་དཔལ་གྱིས་རབ་ཏུ་མ་ཛིས། །ཞུགས་ཤིང་གང་གི་གྲིབ་མ་ལ། །མཚན་རབ་མངའ་བ་དེ་བཞུགས་པའི། །གྲིབ་མདེས་ནི་དེ་མ་བཏང ། །སྐྱེས་མཆོག་བསམ་གཏན་མཛད་ལ་སྒྲིབ། །དེ་ནས་རྒྱལ་པོ་ཟས་ག་ཙང་མ་འཛམ་བུའི་ཤིང་ལྗོན་པ་ག་ལ་བ་
46-168
དེར་སོང་སྟེ་ན་ནས། བྱང་ཆུབ་སེམས་དཔའ་དཔལ་དང་གཟི་བརྗིད་ཀྱིས་འབར་བ་དེ་མཐོང་བ་དང ། ཚིགས་སུ་བ་ཅད་པ་འདི་སྨྲས་སོ། །རི་ཡི་སྤོ་ལ་མེ་འབར་འདྲ་བ་སྟེ། །ཟླ་བ་སྐར་མའི་ཚོགས་ནང་འདུག་འདྲ་ཞིང ། །གཟི་བརྗིད་སྒྲོན་འདྲ་བསམ་གཏན་བྲེད་མཐོང་ན། །ང་ཡི་ལུས་འདི་ཤིན་ཏུ་འད་ར་བར་གྱུར། །དེ་སྐད་ཅེས་སྨྲས་ནས། དེས་བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་བྱས་ཏེ། ཚིགས་སུ་བ་ཅད་པ་འདི་སྨྲས་སོ། །ཐུབ་པ་གང་ཚེ་བལྟམ་པ་དང ། ། གང་ཚེ་འོད་ལྡན་བསམ་གཏན་མཛད ། ། འདྲཝེན་པ་འདི་ལྟར་ལ་ན་ག་ཉརིས་སུ། ། མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལ་ལོ། །དེའི་ཚེ་བྱིས་པ་ཁྲེའུ་ཐོགས་པ་དག་ཅ་ཅོའི་སྒྲ་འབྱིན་པར་གྱུར་ནས། དེ་དག་ལ་བློན་པོ་དག་གིས་སྒྲ་མ་ཆེ་སྒྲ་མ་ཆེ་ཞེས་བྱས་པ་དང ། དེ་དག་ཅི་ཞིག་ནོང་ས་ཞས་ཟིར་རོ། །བློན་པོ་དག་གིས་སྨྲས་པ། རྒྱལ་པོའི་སྲས་དོན་ཐམས་ཅད་གྲུབ་པ་དགེ་བའི་མཚན་བཟང་པོ་མཆོག་དམ་པ་དང་ལྡན་ཞིང་འོད་འདོམ་གང་བ་མངའ་བ་འདི་རི་ལྟར་མི་གཡོ་ཞིང་བསམ་གཏན་མཛད་པའི་ཚེ། ཉི་མའི་དཀྱིལ་འཁོར་ཡོལ་ཏེ་སོང་ཡང ། ཤིང་གི་གྲིབ་མ་དེ་མ་ཡོལ་ཞིང་སྒྲིབ་པར་གནས ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དབྱིད་འདས་དབྱར་གྱི་དུས་བབ་དབྱར་ཟླ་རབ་ལ། མེ་ཏོག་རྒྱས་ཤིང་མེ་ཏོག་ཡལ་གས་ཁེབས་གྱུར་ཏེ། །ཁྲུང་ཁྲུང་རྨ་བྱ་ནེ་ཙོ་རི་སྐེགས་སྐད་འབྱིན་པ། །ཤཱཀྱའི་བུ་དག་ཕལ་ཆེར་མངོན་དུ་འདོང་བར་གྱུར ། །འདུན་པ་ཅན་གྱིས་སྨྲས་པ། གཞོན་ནུ་ན་གས་ཚལ་དག་ནི་གཟིགས་པ་མཛད་སླད་དུ། །བྱིས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་གཤེགས་པའི་རིགས། །བྲམ་ཟེ་ལྟ་བུར་ཁྱིམ་ན་བཞུགས་པས་ཅི་ཞིག་བག་བགྱི། །བདག་ཅག་རྣམས་ནི་བུ་མོའི་ཚོགས་རྣམས་སྤྲོན་དུ་མཆི། །ཉི་མའི་གུང་ལ་སེམས་ཅན་རྣམ་པར་དག་པ་དེ། །བྱིས་པ་ལྔ་བརྒྱ་དག་གིས་བསྐོར་ནས་ལྷན་
46-169
ཅིག་ཏུ། །ཡབ་ལ་མ་གསོལ་ཡུམ་ལ་མ་གསོལ་མ་ཚོར་བར། །དེ་ནི་བྱུང་ནས་ཞིང་པ་རྣམས་ཀྱི་གྲོང་དུ་སོང ། །རྒྱལ་པོ་དམ་པའི་ཞིང་པ་དག་གི་གྲོང་དེ་ན། ། འཛམ་བུའི་སྡོང་ཆེན་ཡལ་ག་མང་པོ་རྒྱས་ཡོད་པ། །གཞོན་ནུས་མཐོང་ན་ཉམ་ཐག་སྡུག་བསྔལ་ཕོག་གྱུར་ཏེ། །འདུས་བྱས་ཅི་རུང་སྡུག་བསྔལ་མང་ཞེས་སྙིང་རྗེ་བྱེད ། །དུལ་བའི་སེམས་དང་ལྡན་པ་འཛམ་བུའི་གྲིབ་མར་སོང ། །ཙོ་དག་བསྡུས་ཏེ་བདག་གིས་གདིང་བ་བཏིང་ནས་ནི། །སྐྱིལ་མོ་ཀྲུང་འདུག་དྲང་པོར་ལུས་བས?ང་བསམ་གཏན་བཞི། །དགེ་བ་དག་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་བྲེད ། །དྲང་སྲོང་ལྔ་ཞིག་ནམ་མཁའི་དཀྱིལ་ནས་དོང་དོང་ན ། །འཛམ་བུའི་ཤིང་གི་སྟེང་དུ་ན་ནས་འདོང་མ་ནུས། །དེ་དག་ཐོགས་ནས་ང་རྒྱལ་བེགས་པ་སྤང་བྱ་ཞིང ། །དེ་དག་ཐམས་ཅད་འཐུན་པར་ལྷན་ཅིག་ལྟ་བར་བྲེད ། ། བདག་ཅག་རི་མཆོག་རི་རབ་དེ་བཞིན་འཁོར་ཡུག་དག་།ཐལ་ཕྱུ་ང་ཐགས་ཐོགས་མེད་པར་ཤུགས་ཀྱིས་དོང་དོང་ན། །བདག་ཅག་དེ་རིང་འཛམ་བུའི་ཤིང་ལྗོན་འདི་ལས་ནི། །འདའ་བར་མ་ནུས་འདི་ལ་རྒྱུ་རྐྱེན་ཅི་ཞིག་ཡོད ། །བབས་ཏེ་ས་སྟེང་འདུག་ནས་འཛམ་བུའི་ཤིང་དྲུང་ན། །ཤཱཀྱའི་བུ་ཕོ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཅན། །འཛམ་གླིང་གསིར་གྱི་འོད་འཕྲོ་འདྲ་བ་འོད་ཟེར་ལྡན། །སྐྱིལ་མོ་ཀྲུང་བཅས་བསམ་གཏན་བྱིད་པ་དེ་ཚེ་མཐོང ། །དེ་དག་རྨད་གྱུར་སྤྱི་བོར་སོར་བཅུ་ཐལ་སྦྱར་ཏེ། །ཐལ་མོ་སྦྱར་བ་རྐང་པར་གཏུགས་ནས་ཕྱག་འཚལ་ལ་ལོ། །འགྲོ་བ་ཤིན་ཏུ་བདེ་མཛད་ལེགས་པར་བལྟམ་པ་ལེགས། ། མྱུར་དུ་རྣམ་སངས་རྒྱས་ཏེ་བདུད་སྩིར་སེམས་ཅན་ཐུལ། །སྣོང་པོ་མཆོག་ནི་པད་མ་འདྲ་བའི་སྤྱན་ལ་འདུད ། །གདུགས་ཡོལ་གྱུར་ཀྱང་གྲིབ་མས་བདེ་བར་གཤེགས་མི་གཏོང ། །ལྷ་རྣམས་སྟོང་ཕྲག་མང་པོ་གནས་པ་ཐལ་སྦྱར་ནས། ། དེས་པར་
46-170
བྱས་པ་དེ་ཡི་རྐང་པར་ཕྱག་ཀྱང་འཚལ། །ཟས་ག་ཙང་རྒྱལ་པོ་བདག་གི་ཁྱིམ་ན་ཡོང་ས་ཚོལ་ཞིང ། །ངའི་བུ་གཞོན་ནུ་དེ་ནི་གང་དུ་སོང་ཞེས་རྨེད། །སྲུ་མོས་སྨྲས་པ་བདག་གིས་བཙལ་ཀྱང་མ་རྙེད་ན། །གཞོན་ནུ་དེ་ནི་གར་བཞུད་རྒྱལ་པོས་རྨ་བར་གསོལ། །ཟས་ག་ཙང་རྒྱལ་པོས་ཉུང་རུམ་དག་ལ་རིང་ས་པར་རྨས ། ། ང་ཡི་གཞོན་ནུ་འདི་ནས་བྱུང་བར་ལ་ལས་མཐོང་ང་མ་ཞེས། །སྒོ་བ་རྣམས་དང་དེ་བཞིན་ནང་མི་ཀུན་ལའང་རྨས། །ལྷ་ཅིག་ཁྱོད་གསོན་མཆོག་དེ་ཞིང་པའི་གྲོང་དུ་བཞུད ། །དེ་ནི་རིང་ས་པར་ཤཱཀྱ་རྣམས་དང་ལྷན་ཅིག་ཏུ། །བྱུང་ནས་དཔལ་ཞུགུས་གྱུར་པའི་ཞིང་པའི་གྲོང་དུ་བལྟས། །ཇི་ལྟར་ཉི་མ་བྲེ་བ་ཁྲག་ཁྲིག་ཤར་བ་ལྟར། །དེ་ལྟར་དཔལ་གྱིས་འབར་ཞིང་ཕན་བྲེད་འདུག་པ་མཐོང ། །ཅོད་པན་རལ་གྲི་ལྷམ་དག་ཕ་ཟད་ཕོག་ཕུད་དེ། །མགོ་བོར་སོར་བཅུ་ཐལ་མོ་སྦྱར་ནས་ཕྱག་ཀྱང་འཚལ། །དྲང་ས?ང་བདག་ཉིད་ཆེན་པོ་ལེགས་པར་ཡང་དག་སྨྲ། ། གཞོན་ནུ་བྱང་ཆུབ་དོན་དུ་མངོན་པར་འབྱུང་དུ་ངེས། །རབ་ཏུ་ད་ལྷ་བརྒྱ་ཕྲག་བཅུ་གཉིས་ཚང་བ་དང ། །དེ་བཞིན་ཤཱཀྱ་ལྔ་བརྒྱ་ཉེ་བར་འོང་ས་པ་དང ། ། བདེ་གཤེགས་ཡོན་ཏན་རྒྱ་མཚོ་ལྡན་པའི་རྫུ་འཇུལ་མཐོང ། །བསམ་པ་བརྟན་པས་རྫོགས་པའི་བྱང་ཆུབ་སེམས་ཀྱང་སྐྱེད། །དེས་ནི་སྟོང་གསུམ་མ་ལུས་ས་རྣམས་རབ་བསྐྱོད་ནས། །དྲ་ན་དང་ཤེས་བཞིན་ཏིང་ངེ་འཛིན་ལས་ལང་ས་གྱུར་ཏེ། །མདོག་བཟང་ལྡན་པས་ཡབ་ལ་ཚང་ས་པའི་ཚིག་བརྗོད་པ། །ཡབ་ཅིག་ཞིང་བླས་ཐོང་ལ་གཞན་ལས་ཚོལ་མ་མཛད ། །གལ་ཏེ་གསེར་ཞིག་འཚལ་ནའང་བདག་གིས་གསིར་ཆར་དབབ། །དེ་སྟེ་ན་བཟའ་འཚལ་ནའང་བདག་གིས་ན་བཟའ་དབུལ། །འོན་ཏེ་འཔུ?་ཞིག་འཚལ་ནའང་བདག་གིས་འཔུ?་ཆར་དབབ། ། མི་དབང་ཁྱོད་ཀྱིས་འགྲོ་བ་ཀུན་ལ་ཡང་དག་སྤྱོར།།ཡབ་དང་དེ་བཞིན་སྐྱེ་བོ་འཁོར་
46-171
ལ་བསྟན་བྱས་ནས། །སྐད་ཅིག་དེ་ལ་དེ་སླར་གྲོང་ཁྱེར་མཆོག་ཏུ་ཞུགས། །འགྲོ་དང་འཐུན་པ་ཙམ་དུ་གྲོང་ཁྱེར་དེར་གནས་ཀྱི། །སེམས་ཅན་རྣམ་དག་མངོན་པར་འབྱུང་བའི་ཡིད་དང་ལྡན། །ཞིང་བའི་གྲོང་གི་ལེའུ་སྟེ་བརྩུ་གཅིག་པའོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བདུན་པ། དགེ་སློང་དག་དེ་ལྟར་གཞོན་ནུ་དེ་དེ་བས་ཀྱང་ཡ་ཟད་སྐྱེས་པ་དང ། དུས་གཞན་ཞིག་ན་རྒྱལ་པོ་ཟས་ག་ཙང་མ་ཤཱཀྱའི་ཚོགས་དང་ལྷན་ཅིག་ཏུ་འདུན་ས་ན་འདུག་འདུག་པ་དེའི་ཚེ། ཤཱཀྱ་རྒན་རབས་རྒན་རབས་ཁ་ཅིག་གིས་རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས ། ། ལྷ་མེན་པར་མཛད་དུ་གསོལ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནི་བྲམ་ཟི་ལྟས་མཁན་རྣམས་དང ། བློ་ངེས་པ་དང་ལྡན་པའི་ལྷ་མང་པོས་འདི་སྐད་དུ་བསྟན་ཏེ། གཞོན་ནུ་འདི་གལ་ཏེ་མངོན་པར་བྱུང་བར་གྱུར་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཇི་སྟེ་མངོན་པར་མ་བྱུང་ན་ནི་འཁོར་ལོས་སྐྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་ཞིང་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་དང་བདུན་ན་ནོ། །དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་འབྱུང་ང་ངོ ། །དེ་གནོད་པར་བྱ་བ་དང ། མཚོན་ཆ་མེད་པར་ཆོས་དང་འཐུན་པས་སའི་དཀྱིལ་འཁོར་འདི་ལས་མངོན་པར་
46-172
རྒྱལ་བར་བྱས་ཏེ། གཅིག་པུ་གནས་པར་འགྱུར་རོ་ཞེས་མཆི་ན ། དེའི་སླད་དུ་གཞོན་ནུ་དེའི་བརྩུན་མོ་བླང་བར་བགྱིའོ། །དེ་ལྟར་མཛད་དང་བུད་མེད་ཀྱི་ཚོགས་ཀྱིས་ལོང་ས་སུ་བསྐོར་ཏེ། དགྱིས་པ་ལ་ལོང་ས་སྤྱོད་ཅིང་མངོན་པར་འབྱུང་བར་ཡང་མི་འགྱུར་ཏེ། དེ་ལྟར་གྱུར་པ་དང་བདག་ཅག་གི་འཁོར་ལོས་སྒྱུར་བའི་གདུང་ཡང་མི་འཆད ། ཁམས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་མི་སྙན་པར་མི་བརྗོད་ཅིང་རིམ་གྲོར་བགྱི་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཟས་གཙང་མས་སྨྲས་པ། གལ་ཏེ་དེ་ལྟར་བྱ་ན་དེའི་གྱིར་གཞོན་ནུའི་ཚུལ་དང་འཐུན་པའི་བུ་མོ་གང་ཞིག་ཡོད་ཁྱེད་ཀྱིས་ལྟོས་ཤིག་།དེའི་ཚེ་ཤཱཀྱ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་སྐད་དུ་བདག་གི་བུ་མོ་ནི་གཞོན་ནུའི་ཚུལ་དང་འཐུན་ན་ནོ། །བདག་གི་བུ་མོ་ནི་གཞོན་ནུའི་ཚུལ་དང་འཐུན་ནོ་ཞེས་ཟེར་རོ། །རྒྱལ་པོས་སྨྲས་པ། གཞོན་ནུ་དེ་ནི་ཤིན་ཏུ་ཕུལ་ཆེ་བ་ཡིན་གྱིས ། གཞོན་ནུ་ཉིད་ལ་ཁྱོད་བུ་མོ་གང་འདོད་ཅེས་དྲི་བར་བྱའོ་ཞེས། དེ་དག་ཀུན་ཀྱང་འདུས་ཏེ། གཞོན་ནུ་ལ་དངོས་པོ་དེ་བརྗོད་དོ། །གཞོན་ནུས་སྨྲས་པ། དསྟེ་དགུང་བདུན་ན་འདིའི་ལན་གསན་པར་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུབསམས་ཏེ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག་།ཐབ་མོ་ཁོན་བ་ཅས་མྱ་ངན་སྡུག་བསྔལ་རྩ། ། འཇིགས་བྲེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོདང་འདྲ ། །འདོད་པའི་ལོ་ན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛིས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་ས་སུ། ། བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཡང་དེས་བརྟགས་ནས་ཐབས་མཁས་པ་མངོན་དུ་བྱས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བལྟས་ནས། སྙིང་རྗེ་ཆེན་པོ་བསྐྱེད་དེ། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །
46-173
འད་མ་དང་ལྕག་ལྕིག་ཁྲོད་ནས་པད་མ་རྣམ་པར་འཕེལ། །མི་རྣམས་གང་བའི་ནང་ན་རྒྱལ་པོ་མཆོད་པ་འཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྲེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་ས?སདང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །གང་ལ་སྤྱོད་ལམ་ཡོན་ཏན་བདེན་པའི་ཚིག་མེད་པ། །བུད་མེད་ཕལ་པ་གང་ཡང་བདག་གི་ཚུལ་འཐུན་མིན། །གང་ཞིག་བདག་གི་སེམས་ནི་མངོན་པར་དགའ་བྲེད་ཅིང ། ། བག་ཡོད་གཟུགས་དང་ན་ཚོད་རུས་རིགས་དག་པ་འོས། །དེས་ནི་ཡོན་ཏན་ཚིགས་སུ་བ་ཅད་དེ་ཡི་གེར་བྲིས། །འདི་འདྲའི་བུ་མོ་མཆིས་ན་བདག་ལ་བཀའ་སྩོལ་ཅིག་།སྐྱེ་བོ་ཕལ་པ་མ་བལྡམས་བདག་ལ་མཁོ་མ་ལགས། །ཡོན་ཏན་བརྗོད་པ་འདི་ལྡན་མཆིས་ན་བདག་སྩོལ་ཅིག་།དྲ་ཅིང་གཟུགས་བཟང་ལྡན་ཡང་གཟུགས་ཀྱི་བེགས་དང་བྲལ། །ཕུ་ནུ་མ་ལ་བྱམས་ལྟར་བྱམས་པའི་སེམས་ལྡན་ཞིང ། །གཏོང་ལ་དགའ་སྟེ་དགེ་སྦྱོང་བྲམ་ཟི་སྤྱིན་ཆུལ་ཅན། །དེ་འདྲའི་བུ་མོ་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག་།གང་ལ་ང་རྒྱལ་ཁེངས་དང་ཞེ་ལྡང་མ་མཆིས་ཤིང ། །གཡོ་དང་ཕྲག་དོག་སྐྱུ་སྤང་ས་དྲང་བའི་ང་ང་ཚུལ་ཅན། །མི་ལམ་ན་ཡང་སྐྱེས་པ་གཞན་ལ་ཆགས་དང་བྲལ། །བདག་གི་ཁྱོས་ནི་ཆོག་འཚལ་རྟག་སྡོམ་བག་མཆིས་ལ། །རྒྱགས་པ་མ་མཆིས་མི་གཡེང་ཟུང་ཐུབ་ཚུལ་འཆང་ཞིང ། །ང་རྒྱལ་མ་མཆིས་འགྱིང་དང་བྲལ་བས་བྲན་མོ་བཞིན། །སྒྲ་དྲི་རོ་ལ་མ་ཆགས་ཆང་ལ་མ་ཆགས་ཏེ། །འདོད་བྲལ་བརྣབ་སེམས་མ་མཆིས་རང་གི་ནོར་གྱིས་འཚལ། །བདེན་ལ་གནས་ཤིང་མི་འཕྱར་གཡེང་བ་མ་ལགས་པ། །ངོ་ཚའི་
46-174
གོས་འཚལ་གོད་དང་ཁེང་ས་པ་མ་མཆིས་གནས ། །ལྷ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། །ལུས་དང་ང་ག་དང་ཡིད་ཀྱི་དངོས་པོ་རབ་དག་པ། ། གཉིད་དང་རྨུགས་པ་མི་མང་ང་རྒྱ་ལ་བླེན་བྲལ་ཞིང ། །རྟོག་དང་ལྡན་ལ་ལེགས་པའི་ལས་རྣམས་རྟག་སྤྱོད་དེ། །རྒྱོས་སྒྱུག་གཉིས་ལའང་སྟོན་པ་བཞིན་གྱི་རིམ་གྲོར་ལྡན། །བྲན་དང་བྲན་མོ་ཀུན་ལའང་བདག་བཞིན་བྱམས་སྲེལ་བ། །སྨད་འཚོང་བཞིན་དུ་བསྟན་བཅོས་ཆོ་ག་འཚལ་ཅིང་མཁས། །སླད་ཀྱིས་ཉལ་ཞིང་སྔོན་དུ་མལ་ནས་ལྡང་བགྱིད་པ། །བྱམས་པས་རྗེས་སྙེགས་མ་བཞིན་ཚུལ་འཆོས་མ་མཆིས་པ། །དེ་འདྲའི་བུད་མེད་མཆིས་ན་ཡབ་ཀྱིས་བདག་སྩོལ་ཅིག་།དགེ་སློང་དག་དེ་ནས་རྒྱལ་པོ་ཟས་ག་ཙང་མས་ཚིགས་སུ་བ་ཅད་པ་དེ་དག་ཐོས་ནས། མདུན་ན་འདོན་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ཁྱོད་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ལ། ཁྱིམ་ཐམས་ཅད་དུའང་སོང་སྟེ། བུ་མོ་དག་ལྟོས་ལ་གང་ལ་ཡང་རུང་སྟེ་ཡོན་ཏན་དེ་ལྟ་བུ་དག་ཡོད་ན། རྒྱལ་རིགས་ཀྱི་བུ་མོ་ཡང་རུང ། བྲམ་ཟེའི་བུ་མོ་ཡང་རུང ། རྗེའུ་རིགས་ཀྱི་བུ་མོ་ཡང་རུང ། དམང་ས་རིགས་ཀྱི་བུ་མོ་ཡང་རུང་གིས། བུ་མོ་དེ་དག་འདིར་འོན་ཅིག་།དེ་ཅིའི་གྱིར་ཞེ་ན། གཞོན་ནུ་འདི་ནི་རིགས་དོན་དུ་གཉེར་བ་མ་ཡིནརུས་དོན་དུ་གཉེར་བ་མ་ཡིན་གྱི། གཞོན་ནུ་འདི་ནི་ཡོན་ཏན་དོན་དུ་གཉེར་བ་ཡིན་ནོ། །དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་ཀྱང་སྨྲས ། །རྒྱལ་རིགས་བྲམ་ཟིའི་བུ་མོ་དང ། །རྗེའུ་རིགས་དམང་ས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །ཁུ་མོ་དེ་ནི་འདིར་འོན་ཅིག་།ང་ཡི་བུ་འདི་རིགས་དག་དང ། །རུས་ལ་ངོ་མཚར་འཛིན་མ་ཡིན། ། ཡོན་ཏན་བདེན་པ་ཆོས་ཀྱི་རྣམས། །དེ་ལ་འདི་ཡི་ཡིད་དགའ་འའོ། ། དགེ་སློང་དག་དེ་ནས་བྲམ་ཟེ་མདུན་ན་འདོན་དེས་ཚིགས་སུ་བ་ཅད་པ་ཡི་གེར་
46-175
བྱིས་པ་དེ་ཁྱེར་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ནས། ཁྱིམ་ནས་ཁྱིམ་དུ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བུ་མོ་ལྟ་ཞིང་ཚོལ་དུ་སོང་སོང་བ་ལཱས། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བུ་མོ་མ་མཐོང་སྟེ། དེ་ནས་རིམ་གྱིས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་ཁྱིམ་དུ་ན་ནས། དེས་བལྟས་ན། བུ་མོ་གཟུགས་མཇེས་ཤིང་བལྟ་ན་སྡུག་ལ་ཡིད་དུ་འོང་བ། མདོག་བཟང་པོ་རྒྱས་པ་མཚོག་དང་ལྡན་པ། ཧ་ཅང་ཡང་མི་རིང་བ། ཧ་ཅང་ཡང་མི་ཐུང་བ། ཧ་ཅང་ཡང་མི་སྤོམ་པ། ཧ་ཅང་ཡང་མི་སྐེམ་པ། ཧ་ཅང་ཡང་མི་དཀར་བ། ཧ་ཅང་ཡང་མི་གནག་ནག་པ། གཟོད་མ་དྲ་ལ་བབ་པ། བུད་མེད་རིན་པོ་ཆེ་ལྟར་སྣང་བ་ཞིག་མཐོང་བ་དང ། བུ་མོ་དེས་བྲམ་ཟི་མདུན་ན་འདོན་དེའི་རྐང་པ་གཉིས་ནས་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་ཁྱོད་ལ་དགོས་པ་ཅི་ཞིག་མཆིས། བྲམ་ཟེ་མདུན་ན་འདོན་གྱིས་ཚིགས་སུ་བ་ཅད་དེ་སྨྲས་པ། ཟས་གཙང་སྲས་པོ་གཟུགས་ནི་མཆོག་ཏུ་མཇེས་གྱུར་ཅིང ། །སུམ་རྩུ་རྩ་གཤིས་མཚན་ལྡན་ཡོན་ཏན་གཟི་བརྗིད་ཅན། །དེ་ཡིས་བུད་མེད་རྣམས་ཀྱི་ཡོན་ཏན་ཡི་གེར་བྱིས། །སུ་ལ་ཡོན་ཏན་འདི་ཡོད་དེ་ཡི་ཆུང་མར་འོས། །ཞེས་སྨྲས་ཏེ། དེས་དེ་ལ་ཡི་གེ་དེ་བྱིན་ན་ནོ། །དེ་ནས་བུ་མོ་དེས་ཚིགས་སུ་བཅད་པའི་ཡི་གེ་དེ་བཀླགས་ནས། བཞིན་འཇུམ་པ་བསྟན་ཏེ། བྲམ་ཟེ་མདུན་ན་འདོན་དེ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གིས། །དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབ་བ་བོ། །གལ་ཏེ་གཞོན་ནུ་བཞེད་ན་གྱི་བཤོལ་མ་མཛད་གསུང་ས། །བརྒྱ་ལ་སྐྱེ་བོ་ཕལ་དང་བཞུགས་པར་འགྱུར་ཡང་གད་འ། ། དེ་ནས་བྲམ་ཟེ་མདུན་ན་འདོན་དེ། རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་སོང་སྟེ་དོན་དེ་བརྫད་དོ ། །རྒྱལ་པོ་ཆེན་པོ་བདག་གིས་གཞོན་ནུའི་ཚུལ་དང་འཐུན་པའི་བུ་
46-176
མོ་མཐོང་ངོ ། །རྒྱལ་པོས་སྨྲས་པ། སུ་ལ་དེ་ལྟ་བུ་ཞིག་ཡོད ། སྨྲས་པ། ལྷ་ཤཱཀྱ་ལག་ན་བེ་ཅོན་ཅན་ལ་བུ་མོ་དེ་ལྟ་བུ་ཞིག་མཆིས་སོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་དེ་ནི་ཤིན་ཏུ་ཕུལ་ཆེ་ཞིང་བཟང་བ་ལ་མོས་པ་ཡིན་ལ། བུད་མེད་དག་ནི་ཕལ་ཆེར་ཡོན་ཏན་མེད་པ་དག་ཀྱང ། བདག་ལ་ཡོན་ཏན་ཡོད་པར་ཁས་ལེན་གྱིས ། བདག་གིས་ཡིད་དུ་འོང་བའི་ཡོ་བྱད་དག་ཅིག་བྱས་ཏེ། གཞོན་ནུ་འདི་བུ་མོ་ཐམས་ཅད་ལ་སྤྱིན་པ་བྲེད་དུ་གཞུག་གོ། །ཁུ་མོ་དེ་དག་གི་ནང་ནས་གང་ལ་གཞོན་ནུ་མིག་མངོན་པར་ཆགས་པར་གྱུར་པ་དེ། གཞོན་ནུ་ལ་སྤྱིན་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མས་ཡིད་དུ་འོང་བའི་ཡོ་བྱད་གསེར་དང ། དངུལ་དང ། རིན་པོ་ཆེ་སྣ་ཚོགས་ལས་བྲེད་དུ་བཅུག་ནས་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དྲིལ་གྱི་སྒྲ་བསྒྲགས་ཏེ། དེང་ནས་ཞག་བདུན་ན་ཀུན་གྱིས་ཀྱང་གཞོན་ནུ་མཐོང་བར་འགྱུར་ཏེ། ཡིད་དུ་འོང་བའི་ཡོ་བྱད་དག་ཀྱང་བུ་མོ་དག་ལ་སྤྱིན་པ་བྲེད་ཀྱིས། བུ་མོ་ཐམས་ཅད་ཀྱང་འདུན་ཁང་དུཤོག་ཤིག་ཅེས་བསྒོའོ། །དགེ་སློང་དག་དེ་ནས་ཞག་བདུན་ལོན་པ་དང ། བྱང་ཆུབ་སེམས་དཔའ་འདུན་ཁང་དུ་སོང་སྟེ། སེང་གིའི་ཁྲི་ལ་འདུག་གོ། །དེའི་ཚེ་རྒྱལ་པོ་ཟས་ག་ཙང་མས་བྱ་རབ་དག་བཀོད་ནས། གཞོན་ནུ་འདི་བུ་མོ་གང་ལ་མིག་ཆགས་པ་དེ་ང་ལ་གྱིས་ཤིག་ཅེས་བསྒོའོ། ། དགེ་སློང་དག་དེ་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་བུ་མོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་འདུན་ཁང་ག་ལ་བ་དེ་དང ། བྱང་ཆུབ་སེམས་དཔའ་གང་ན་བ་དེར་བྱང་ཆུབ་སེམས་དཔའ་བལྟ་བ་དང་ཡིད་དུ་འོང་བའི་ཡོ་བྱད་བླང་ས་པའི་གྱིར་དེར་དོང་ངོ ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་བུ་མོ་ཇི་ལྟར་འོང་ས་པ་དེ་དག་ལ་ཡིད་དུ་འོང་བའི་ཡོ་བྱད་རྣམས་བྱིན་ནོ།།
46-177
དེ་ནས་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བརྗིད་མ་བཟོད་ནས། ཡིད་དུ་འོང་བའི་ཡོ་བྱད་དེ་དག་བླང་ས་ཤིང་མྱུར་བ་མྱུར་བར་ཕྱིར་དོང་ངོ ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་ཞེས་བྱ་བ། བྲན་མོའི་ཚོགས་ཀྱིས་བསྐོར་ཅིང་མདུན་དུ་བད་ར་ཏེ། འདུན་ཁང་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་པ་དང ། མིག་མི་འཇུམས་པར་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་བྱོགས་གཅིག་ཏུ་འདུག་པར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཡིད་དུ་འོང་བའི་ཡོ་བྱད་དེ་དག་བྱིན་ཟིན་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་དྲུང་དུ་འོང་ས་ནས་འཇུམ་དམུལ་ཏེ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་གིས་ཁྱོད་ལ་ནོང་ས་པ་ཅི་ཞིག་བགྱིས་ན། བདག་ལ་དེ་ལྟར་དང་ན་ལྡང་མཛད ། སྨྲས་པ། ངས་ནི་ཁྱོད་ལ་དང་ན་ལྡང་བྱསཔའང་མེད་ན། ཁྱོད་ནི་ཤིན་ཏུ་འགྱིས་ཏེ་འོང་ས་སོ་ཞེས་སྨྲས་ནས་དེས་སོར་གདུབ་སྲང་བརྒྱ་སྟོང་དུ་མ་རི་བ་ཕུད་དེ་དེ་ལ་བྱིན་ནོ། ། བུ་མོ་དེས་སྨྲས་པ། གཞོན་ནུ་ཁྱོད་ལ་བདག་གིས་འདི་ལྟ་ཞིག་འཚལ་བ་འོས་སས་མ། སྨྲས་པ། འོ་ན་རྒྱན་གཞན་དང་གཞན་དག་ཡོད་པ་འདི་དག་ཀྱང་ཁྱོད་ཁྱེར་ཅིག་།དེས་སྨྲས་པ། གཞོན་ནུ་བདག་ནི་རྒྱན་མ་མཆིས་པར་བགྱིད་པ་མ་ལགས་ཀྱི། རྒྱན་དང་ལྡན་པར་བགྱིད་པ་ལགས ། །ཞེས་སྨྲས་ནས་བུ་མོ་དེ་སོང་ངོ་།། དེ་ནས་བྱ་ར་བར་བཀོད་པའི་མི་དེ་དག་རྒྱལ་པོ་ཟས་ག་ཙང་མའི་དྲུང་དུ་སོང་ནས། ལོ་རྒྱུས་དེ་དག་སྨོས་ཏེ་སྨྲས་པ། ལྷ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་ཞེས་བགྱི་བ་དེ་ལ་གཞོན་ནུ་སྦྱན་ཆགས་པར་གྱུར་ལ་ཆུང་ཟད་ཅིག་ཏུ་བཀའ་མཆིད་ཀྱང་བགྱིས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས་ཚིག་དེ་ཐོས་ནས་ཤཱཀྱ་ལག་ན་ཐེ་ཅོན་ཅན་གྱི་གན་དུ་བྲམ་ཟེ་མདུན་ན་འདོན་ཕོ་ཉར་བཏང་སྟེ། ཁྱོད་ཀྱི་བུ་མོ་
46-178
ཞིག་ཡོད་པ་དེ་ངའི་གཞོན་ནུ་ལ་བྱིན་ཅིག་ཅེས་སྤྲིང་ངོ ། །ལག་ན་བེ་ཅོན་ཅན་གྱིས་སྨྲས་པ། འཕགས་པ་གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་དེ་བར་འཁྲུང་ས་པ་ལགས་ལ། བདག་ཅག་གིརིགས་ཀྱི་ཆོས་ནི་འདི་ལྟ་བུ་ལགས་ཏེ། སྒྱུ་རྩལ་ཤེས་པ་ལ་བུ་མོ་གཏོང་གི། སྒྱུ་རྩུལ་མི་ཤེས་པ་ལ་མི་གཏོང་བ་ལགས་ན། གཞོན་ནུ་དེ་ནི་སྒྱུ་རྩལ་ཤེས་པ་ཡང་མ་ལགས་ལ། རལ་གྲིའི་ཐབས་དང ། འཕོང་དང ། སྟོབས་དང ། གྱད་ཀྱི་འཛིན་སྟང་ས་ཀྱི་ཚུལ་ཤེས་པ་ཡང་མ་ལགས་ན། བདག་གིས་སྒྱུ་རྩལ་ཤེས་པ་མ་ལགས་པ་ལ་བུ་མོ་ཇི་ལྟར་གཏང ། ཚིག་དེ་རྒྱལ་པོ་ལ་བཟླས་པ་དང ། དེ་ནས་རྒྱལ་པོ་འདི་སྙམ་དུ་སེམས་ཏེ། ང་ལ་དེས་འདི་དང་ལན་གཉིས་སུ་བསྔོས་ཏེ། གང་གི་ཚེ་ངས་ཤཱཀྱ་གཞོན་ནུ་དག་།གཞོན་ནུའི་རིམ་གྲོ་བྲེད་དུ་ཅིའི་གྱིར་མི་འོང་ཞེས་བྱས་པ་དེའི་ཚེ་ཡང ། ཅི་ངེད་ལུག་གི་རིམ་གྲོ་བྲེད་དུ་འོང་ང་མ་ཞེས་ཟེར་ལ། ང་འང་འདི་སྐད་ཟིར་རོ་སྙམ་དུ་སེམས་ཤིང་འདུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་གཏམ་དེ་ཐོས་ནས་རྒྱལ་པོ་ཟས་ག་ཙང་མ་ག་ལ་བ་དེར་སོང་སྟེ་ན་ནས་འདི་སྐད་ཅེས་སྨྲས་སོ། །ཅི་ནོང་ས་ཏེ་དེ་ལྟར་ཞལ་ཟུང་གནག་པར་བཞུགས ། རྒྱལ་པོས་སྨྲས་པ། གཞོན་ནུ་དེ་དྲི་བས་ཅི་ཞིག་བྱ། གཞོན་ནུས་སྨྲས་པ། ལྷ་དེ་ནི་བཀའ་མི་སྩལ་དུ་མི་རུང་ངོ་ཞེས་ལན་གསུམ་གྱི་བར་དུ་བྱང་ཆུབ་སེམས་དཔས་རྒྱལ་པོ་ཟས་ག་ཙང་མ་ལ་དྲིས་པ་དང ། དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་དངོས་པོ་དེ་དག་བརྗོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་གྱིས་འགྲན་པར་ནུས་པ་འགའ་མཆིས་སམ། དེ་ནས་རྒྱལ་པོ་ཟས་ག་ཙང་མས་བགད་ནས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས ། ། བུ་ཁྱོད་ཀྱིས་སྒྱུ་རྩལ་བསྟན་པར་ནུས་སམ། སྨྲས་པ། ལྷ་དེ་ནི་བདག་གིས་
46-179
ལེགས་པར་ཇོཐོག་གོ ། །དེ་བས་ན་སྒྱུ་རྩལ་འཚལ་བ་རྣམས་ཀུནཀྱང་བསོག་ཏུ་གསོལ། དེ་དག་གི་མདུན་དུ་བདག་གིས། སྒྱུ་རྩལ་བསྟན་པར་བགྱིའོ། ། དེ་ནས་རྒྱལ་པོ་ཟས་ག་ཙང་མས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་དྲིལ་གྱི་སྒྲ་བསྒྲགས་ཏེ། དེང་ནས་ཞག་བདུན་ན་གཞོན་ནུ་རང་གི་སྒྱུ་རྩལ་སྟོན་གྱིས། དེར་སྒྱུ་རྩལ་ཤེས་པ་ཐམས་ཅད་ཤོག་ཤིག་ཅེས་བསྒོའོ། །དེ་ནས་ཞག་བདུན་ལོན་པ་དང ། ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་པར་གྱུར་ཏོ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། འདིར་རལ་གྲིའི་ཐབས་དང་འཕོང་དང ། སྟོབས་དང ། གྱད་ཀྱི་འཛིན་སྟངས་ཀྱིས་སུ་རྒྱལ་བ་དེ་ནི་འདི་ཁྱེར་ཅིག་ཅེས་དམ་བ་ཅས་ནས། དེའི་ཚེ་ཐམས་ཅད་ཀྱི་ཐོག་མ་ལ་གཞོན་ནུ་ལྷ་སྤྱིན་གྲོང་ཁྱེར་ནས་བྱུང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའི་བཞོན་པར་གླང་པོ་དཀར་པོ་བོང་ཤིན་ཏུ་ཆེ་བ་ཞིག་གྲོང་ཁྱེར་དུ་ཁྲིད་པ་གཞོན་ནུ་ལྷ་སྤྱིན་གྱིས་མཐོང་ནས་ཕྲག་དོག་དང ། ཤཱཀྱའི་ང་རྒྱལ་དང ། སྟོབས་ཀྱི་ང་རྒྱལ་གྱིས་བེགས་ནས། དེས་གླང་པོ་དེ་ལག་པ་གཡོན་པས་སྣ་ནས་བཟུང་སྟེ། ལག་པ་གཡས་པས་ཐལ་མོ་ལན་ཅིག་བསྣུན་པས་བསད་པར་གྱུར་ཏོ། །དེའི་འོག་ཏུ་གཞོན་ནུ་མཇེས་དགའ་བོ་བྱུང་བ་དང ། དེས་གླང་པོ་ཆེན་པོ་དེ་གྲོང་ཁྱེར་གྱི་སྒོར་བསད་པ་མཐོང་ནས། སུས་བསད་ཅེས་དྲིས་པ་དང ། སྨྲས་པ། ལྷ་སྤྱིན་གྱིས་བསད་དོ། །སྨྲས་པ། ལྷ་སྤྱིན་གྱིས་དེ་ནི་མ་ལེགས་པ་ཞིག་བྱས་སོ་ཞེས། དེས་གླང་པོ་དེའི་མཇུག་མ་ནས་བཟུང་སྟེ། གྲོང་ཁྱེར་གྱི་སྒོ་ནས་གུད་དུ་བོར་རོ།། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ཏེ་བྱུང་བ་དང ། བྱང་ཆུབ་སེམས་དཔས་གླང་པོ་དེ་ལྟར་བསད་པ་མཐོང་ངོ ། །མཐོང་ནས་ཀྱང་སུས་བསད་ཅེས་དྲིས་པ་དང ། སྨྲས་པ། ལྷ་སྤྱིན་གྱིས་བསད་དོ། །སྨྲས་པ། ལྷ་
46-180
སྤྱིན་གྱིས་དེ་ནི་མ་ལེགས་པ་ཞིག་བྱས་སོ། །གྲོང་ཁྱེར་འདིའི་སྒོ་ནས་སུས་བོར་ཞེས་དྲིས་པ་དང་སྨྲས་པ། མཇེས་དགའ་བོས་བོར་རོ། །སྨྲས་པ། མཇེས་དགའ་བོས་དེ་ལྟར་བྱས་པ་ཡང་ལེགས་ན། སེམས་ཅན་འདི་ནི་ལུས་ཆེན་པོ་དང་ལྡན་པ་སྟེ། རུལ་ན་གྲོང་ཁྱེར་ཐམས་ཅད་དྲི་མི་ཞིམ་པས་གང་བར་འགྱུར་རོ་ཞེས་ནས། དེ་ནས་བྱང་ཆུབ་སེམས་དཔས་ཤིང་རྟ་ལ་འདུག་བ་ཞིན་དུ་རྐང་པ་ཡ་གཅིག་ས་ལ་བརྐྱང་སྟེ། རྐང་པའི་མཇེ་བོས་གླང་པོ་དེ་བླངས་ཏེ། རབ་བདུན་རིམ་དང་འོབས་བདུན་རིམ་འདས་ནས་གྲོང་ཁྱེར་གྱི་གྱི་རོལ་རྒྱང་གྲགས་གཅིག་ཙམ་དུ་འཕང་ས་ས་སོ། །གླང་པོ་དེ་བྱོགས་གང་དུ་ལྷུང་བའི་བྱོགས་དེ་ཤོང་ཆེན་པོ་ཞིག་ཏུ་གྱུར་ནས། ད་ལྟར་གླང་པོའི་ཤོང་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་ལྷ་དང་མི་བརྒྱ་སྟོང་མང་པོ་ཨེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་ལ། གོས་ཀྱི་གཡབ་མོ་འབྱིན་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཀྱང་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །གླང་པོའི་དབང་པོ་བདོ་བ་བཞིན་བཞུད་པ། །ཞབས་ཀྱི་མཇེ་བོས་གླང་པོའི་དབང་པོ་བླང་ས། །ར་བ་བདུན་དང་འོབས་བདུན་ཡོང་ས་འདས་ནས། །གྲོང་ཁྱེར་འདི་ཡི་གྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདིས་ནི་གདོན་མི་ཟར ། །ང་རྒྱལ་སྟོབས་ཀྱིསམཐོ་བའི་ལུས་ཅན་རྣམས། །འཁོར་བའི་གྲོང་ནས་གྱི་རོལ་རྒྱང་རིང་དུ། །ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར ། །དགེ་སློང་དག་དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་གྲོང་ཁྱེར་ནས་འཐོན་ནས། སའི་ཁྱོགས་གང་དུ་ཤཱཀྱ་གཞོན་ནུ་དག་སྒྱུ་རྩལ་སྟོན་པ་དེར་དོང་ངོ ། །རྒྱལ་པོ་ཟས་ག་ཙང་མ་དང ། ཤཱཀྱ་རྒན་རབས་རྒན་རབས་དག་དང ། སྐྱེ་བོ་ཕལ་པོ་ཆེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང ། ཤཱཀྱ་གཞོན་ནུ་གཞན་དག་གི་སྒྱུ་རྩལ་གྱི་ཁྱད་པར་མཐོང་
46-181
བར་འདོད་དེ་སའི་ཁྱོགས་དེར་དོང་ངོ ། །དེ་ནས་ཐོག་མར་ཤཱཀྱ་གཞོན་ནུ་ཡི་གེ་མཁས་ཤིང་ཡི་གེའི་ཆོ་ག་ཤེས་པ་དེ་དག་དང ། བྱང་ཆུབ་སེམས་དཔར་ཡི་གེ་འགྲན་ཏོ། །དེའི་ཚེ་ཤཱཀྱ་དེ་དག་གིས་བློབ་དཔོན་ཀུན་གྱི་བཤེས་གཉེན་དཔང་དུ་བཞག་སྟེ། གཞོན་ནུ་འདི་དག་གི་ནང་ནས། ཡི་གེ་འ་པ?[༄\ུf༄]འམ། ཡི་གེའི་སྣ་གྲང་ས་ཀྱི་མཐར་ན་པས་ཁྱད་པར་དུ་འཕགས་པ་གང་ཡིན་ཁྱོད་ཀྱིས་བྱི་བྲག་བྲག་བྲེ་ཤིག་།དེ་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཡི་གེ་ལ་མཁས་པ་མངོན་དུ་མཐོང་བས་བཞིན་འཇུམ་པ་བསྟན་ཏེ། ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །མི་ཡི་འཇིག་རྟེན་ལྷ་ཡི་འཇིག་རྟེན་ན་ནམ། །ལྷ་མིན་འཇིག་རྟེན་དྲི་ཟའི་འཇིག་རྟེན་ནམ། །འཇིག་རྟེན་ཀུན་གྱི་ཡི་གེ་ཇི་སྙེད་ག་ང ། །དེ་ལ་སེམས་ཅན་དག་པ་འདིས་མཐར་ན། །མི་ཡི་ཟླ་བ་འདི་ཡིས་གང་མཁྱེན་པའི། ། ཡི་གེ་དག་དང་ཡི་གེའི་སྣ་གྲང་ས་ཀྱི། །མིང་ཡང་ཁྱེད་དང་ངས་ནི་ཡོང་མི་ཤེས། ། འདི་ལ་མངོན་སུམ་ངས་ཤེས་འདི་རྒྱལ་འགྱུར ། །ཤཱཀྱ་རྣམས་ཀྱིས་སྨྲས་པ། གཞོན་ནུ་འདི་ཡི་གེའི་ཤེས་པ་ལ་ཁྱད་པར་དུ་འཕགས་པ་ལྟའང་འཕགས་པར་ཆུག་སྟེ། གཞོན་ནུ་འདི་གྲང་ས་ཀྱིས་ཤེས་པ་ལ་ཁྱད་པར་ཅི་ཡོད་འགྲན་པར་བྱའོ།། དེ་ནས་ཤཱཀྱ་སྲིད་སྒྲུབ་ཅེས་བྱ་བ་སྩ[༄\ུf]ས་པ་ཆེན་པོ་བྲེ་ད་པ་བགྲང་བ་དང ། སྩིས་ཀྱི་ཕ་རོལ་ཏུ་ན་པ་ཞིག་ཡོད་པ་དེ་དཔང་དུ་བཞག་སྟེ། གཞོན་ནུ་འདི་དག་གི་ནང་ནས་གྲང་ས་ཀྱི་ཤེས་པ་ལ་ཁྱད་པར་དུ་གང་འཕགས་ཁྱོད་ཀྱིས་ལྟོས་ཤིག་ཅེས་བྱས་ཏེ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔས་ནི་སྩ[༄\ུf]ས་མགོ་ཕོག་།ཤཱཀྱ་གཞོན་ནུ་གཅིག་གིས་ནི་བསྩ[༄\ུf]ས་པ་དང ། བྱང་ཆུབ་སེམས་དཔའ་ལ་སླེབས་པར་མ་ནུས་སོ། །དེ་ནས་ཤཱཀྱ་གཞོན་ནུ་གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་
46-182
དང ། བརྒྱ་ནས། ཤཱཀྱ་གཞོན་ནུ་ལྔ་བརྒྱའི་བར་གྱིས་དུས་གཅིག་ཏུ་བསྩ[༄\ུf]ས་ཀྱང་བྱང་ཆུབ་སེམས་དཔའ་ལ་མ་སླེབས་སོ ། །དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱེད་ཀྱིས་ནི་སྩིས་མགོ་ཕོག་ཤིག་།ཁོ་བོས་ནི་བརྩིའོ། །དེའི་ཚེ་ཤཱཀྱ་གཞོན་ནུ་གཅིག་གིས་སྩིས་མགོ་ཕོག་ན ། བྱང་ཆུབ་སེམས་དཔསསྩ[༄\ུf]ས་ཀྱི་ཆོད་པ་ལ་མ་སླེབས་སོ ། །དེ་ནས་ཤཱཀྱ་གཞོན་ནུ་གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། བརྒྱ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱའི་བར་གྱིས་དུས་གཅིག་ཏུ་སྩིས་མགོ་ཕོག་ཀྱང་བྱང་ཆུབ་སེམས་དཔས་སྩིས་ཀྱི་ཆོད་པ་ལམ་སླེབས་སོ ། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ལ་བརྩད་དེ་ཡང་ཅི་རུང་གིས ། ཁྱེད་ཐམས་ཅད་གཅིག་ཏུ་འདུས་ཏེ་སྩིས་མགོ་ཕོག་ཤིག་དང ། ཁོ་བོས་བ་ཚིའོ། །དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱས་ཚིག་གཅིག་ཏུ་བརྗོད་པས་སྔ་གྱི་མེད་པར་ཚིས་མགོ་ཕོག་ན། བྱང་ཆུབ་སེམས་དཔས་ཆོང་ས་པ་མེད་པར་བ་སྩིས་ཏེ། དེ་ལྟར་ཤཱཀྱ་གཞོན་ནུ་དེ་དག་ཐམས་ཅད་ནི་ཕུག་ཐུག་པར་གྱུར། བྱང་ཆུབ་སེམས་དཔའ་ལ་ནི་ཐུག་པའི་མཐའ་མེད་པར་གྱུར་ཏོ། །དེ་ནས་ཚིས་པ་ཆེན་པོ་སྲིད་སྒྲུབ་ངོ་མཚར་དུ་གྱུར་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས ། །ལེགས་པའི་བློ་མངའ་འདི་དྲིས་ན། ། མཁྱེན་པ་ཤིན་ཏུ་མྱུར་བ་སྟེ། །ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ། །ཀུན་ཀྱང་སྩ[༄\ུf]ས་ཀྱི་ལམ་ལ་ཐུག་།དེ་ཡི་ཤེས་རབ་འདི་འདྲ་སྟེ། །ཡེ་ཤེས་བློ་གྲོས་དྲན་ལྡན་ཡང ། ། ཚིས་ཀྱི་མཁྱེན་པ་རྒྱ་མཚོ་དེ། །དདུང་སྤྱོང་ཞིང་སློབ་པ་མཛད ། །དེ་ནས་ཤཱཀྱའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ ། ཤིན་ཏུ་རྨད་དུ་བྱུང་བར་སེམས་ཤིང ། དེའི་ཚེ་ཐམས་ཅད་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་ས་སོ། །གྱེ་དོན་གྲུབ་གཞོན་ནུ་ཁྱོད་ནི་རྒྱལ་ལོ་རྒྱལ་ལོ་ཞེས་ཐམས་ཅད་སྟན་ལས་ལང་ས་ཏེ། ཐལ་མོ་
46-183
སྦྱར་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཏེ་རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་ས?ས་དེ་ལྟར་དྲིས་པ་ལ་སྤོབས་པ་མྱུར་ཞིང་མརྒྱོགས་ལ། ཡང་ཞིང་ཤུགས་དང་ལྡན་པ་ཅན་མངའ་བ་ནི་བརྙེས་པ་ལེགས་པར་བརྙེས ། །དེ་ནས་རྒྱལ་པོ་ཟས་ག་ཙང་མས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས ། བུ་སྩིས་པ་ཚེན་པོ་སྲིད་སྒྲུབ་གྲང་ས་ཀྱི་ཤེས་པ་ལ་མཁས་པ་དང ། སྩིས་ཀྱི་ལུགས་འགྲན་ནུས་སམ། སྨྲས་པ། ལྷ་རྔོཐོག་གོ ། ། སྨྲས་པ་འོ་ན་སྩིས་ཤིག་།དེ་ནས་ཚིས་པ་ཆེན་པོ་སྲིད་སྒྲུབ་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་བྲེ་བ་ལས་བརྒྱར་གོང་དུ་བསྒྲེས་པ་ཞེས་བགྱི་བའི་ཚིས་ཀྱི་ལུགས་མཁྱེན་ཏམ། སྨྲས་པ། ཤེས ། །སྨྲས་པ། འོ་ན་བྲེ་བ་ལས་བརྒྱར་གོང་དུ་བསྒྲེས་པའི་སྩ[༄\ུf]ས་ཀྱི་ལུགས་ལ་ཇི་ལྟར་རྗེས་སུ་འཇུག་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། བྲེ་བ་ཕྲག་བརྒྱ་ན་ཐེར་འབུམ་ཞེས་བྱའོ། ། ཇེར་འབུམ་ཕྲག་བརྒྱ་ན་ཁྲག་ཁྲིག་ཅེས་བྱའོ། །ཁྲག་ཁྲིག་ཕྲག་བརྒྱ་ན་གཏམས་པ་ཞེས་བྱའོ། །གཏམས་པ་ཕྲག་བརྒྱ་ན་དགྲིགས་པ་ཞེས་བྱའོ། །དགྲིགས་པ་ཕྲག་བརྒྱ་ན་མི་འཁྲུགས་པ་ཞེས་བྱའོ། །མི་འཁྲུགས་པ་ཕྲག་བརྒྱ་ན་ཁྱད་ན་ཅེས་བྱའོ། ཁྱད་ན་ཕྲག་བརྒྱ་ན་ཕང་སྟེང་ཞེས་བྱའོ། ། ཕང་སྟེང་ཕྲག་བརྒྱ་ན་མང་འཛིན་ཅེས་བྱའོ། །མང་འཛིན་ཕྲག་བརྒྱ་ན་གླང་པོའི་སྟོབས་ཞེས་བྱའོ། །གླང་པོའི་སྟོབས་ཕྲག་བརྒྱ་ན་ངོགས་འཐོབ་ཅེས་བྱའོ། ། ངོགས་འཐོབ་ཕྲག་བརྒྱ་ན་རྣམ་པར་གཞག་པ་གད་གས་པ་ཞེས་བྱའོ། །རྣམ་པར་གཞག་པ་གད་གས་པ་ཕྲག་བརྒྱ་ན་རྒྱུ་རིག་ཅེས་བྱའོ། །རྒྱུ་རིག་ཕྲག་བརྒྱ་ན་ལག་སྤྱིན་ཞེས་བྱའོ། །ལག་སྤྱིན་ཕྲག་བརྒྱ་ན་རྒྱུ་དབང་ཞེས་བྱའོ། །རྒྱུ་དབང་ཕྲག་བརྒྱ་ན་རྫོགས་ཐོབ་ཅེས་བྱའོ། །རྫོགས་ཐོབ་ཕྲག་བརྒྱ་ན་བགྲང་རྟོགས་ཞེས་བྱའོ།།
46-184
བགྲང་རྟོགས་ཕྲག་བརྒྱ་ན་སྒྲིབ་པ་ཞེས་བྱའོ། །སྒྲིབ་པ་ཕྲག་བརྒྱ་ན་སྟོབས་ཞེས་བྱའོ། །སྟོབས་ཕྲག་བརྒྱ་ན་ཀུན་སྟོབས་ཞེས་བྱའོ། །ཀུན་སྟོབས་ཕྲག་བརྒྱ་ན་རྣམ་པར་བརྡ་ཤེས་ལྡན་ཞེས་བྱའོ། །རྣམ་པར་བརྡ་ཤེས་ལྡན་ཕྲག་བརྒྱ་ན་བརྡ་ཤེས་ཀུན་ཞེས་བྱའོ། ། བརྡ་ཤིས་ཀུན་ཕྲག་བརྒྱ་ན་རྣམ་འབྱུང་ཞེས་བྱའོ། །རྣམ་འབྱུང་ཕྲག་བརྒྱ་ན་དེའི་མཚན་ཉིད་ཅེས་བྱ་སྟེ། འདི་ལྟར་དེའི་མཚན་ཉིད་ཅེས་བྱ་བའི་སྩིས་ཀྱིས་ནི་རིའི་རྒྱལ་པོ་རི་རབ་བསྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ ། །དེ་ཡི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་ཞེས་བྱ་བའི་གྲངས་ཡོད་དེ། གྲང་ས་དེས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་བསྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ ། །དེའི་ཡང་གོང་ན་རྒྱལ་མཚན་གྱི་རྩེ་མོ་ངེས་པར་སྒྲོགས་པ་ཞེས་བྱ་བའི་གྲང་ས་ཡོད་དོ། །དེའི་ཡང་གོང་ན་དེད་འབེན་གད་གས་པ་ཞེས་བྱ་བའི་གྲང་ས་ཡོད་དོ། །དེའི་ཡང་གོང་ན་གཏན་ལ་འབེབས་པ་ཞེས་བྱ་བའི་གྲང་ས་ཡོད་དོ། །དེའི་ཡང་གོང་ན་གཅོད་རྟོགས་ཞེས་བྱ་བའི་གྲང་ས་ཡོད་དོ། །དེའི་ཡང་གོང་ན་གཅོད་རྟོགས་ལྡན་ཞེས་བྱ་བའི་གྲང་ས་ཡོད་དོ། །དེའི་ཡང་གོང་ན་ཐམས་ཅད་རྣམ་པར་འབྲེས་པ་ཞེས་བྱ་བའི་གྲང་ས་ཡོད་དེ། གྲང་ས་དེས་ནི་གང་གཱའི་ཀླུང་བཅུའི་བྲེ་མ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ ། །དེའི་ཡང་གོང་ན་སྙིང་པོ་མཆོག་ཅེས་བྱ་བའི་གྲང་ས་ཡོད་དེ། གྲང་ས་དེས་ནི་གང་གཱའི་ཀླུང་བྲེ་བ་ཕྲག་བརྒྱའི་བྲེ་མ་དང་མཉམ་པ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ ། ། དེའི་ཡང་གོང་ན་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བ་ཞེས་བྱ་བའི་གྲང་ས་ཡོད་དེ། གྲང་ས་དེ་ལ་ནི་དེབཞིན་གཤེགས་པ་དང ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གནས་པའི་བྱང་ཆུབ་སེམས་དཔའ་དང ། ཆོས་ཐམས་ཅད་ལ་དབང་བསྐུར་བ་མངོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་སེམས་
46-185
ཅན་གྱི་རིས་ན་གྲང་ས་དེ་ཤེས་པ་ནི་ང་དང་གཞན་ཡང་ང་དང་འདྲ་བ་སྲིད་པ་ཐ་མ་པར་གྱུར་པ་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་གཏོགས་པ་གང་ཡང་མེད་དོ། །སྲིད་སྒྲུབ་ཀྱིས་སྨྲས་པ། གཞོན་ནུ་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བའི་གྲང་ས་ལ་ཇི་ལྟར་རྗེས་སུ་འཇུག་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ། །རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ། ཉི་ཟིར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། ། རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་ག་གོ། །ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་ག་གོ། །གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། ། སྲོ་མ་བདུན་ལ་ནི་ཡུང་ས་འབ?[༄\ུf]་གཅིག་གོ། །ཡུང་ས་འབྲུ་བདུན་ལ་ནི་ནས་གཅིག་གོ། །ནས་བདུན་ལ་ནི་སོར་གཅིག་ག་གོ། །སོར་བརྩུ་གཉིས་ལ་ནི་མཐོ་གང་ངོ ། །མཐོ་དོ་ལ་ནི་དྲུ་གང་ངོ ། ། དྲུ་བཞི་ལ་ནི་གཞུ་གང་ངོ ། གཞུ་སྟོང་ལ་ནི་ཡུལ་མ་ག་དྒྷའི་རྒྱང་གྲགས་གཅིག་གོ། །རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་ག་གོ། །དེ་ལ་ཁྱེད་ཀྱིས་ནང་ནས་དཔག་ཚད་ལ་ཇུལ་ཕྲ་རབ་དེ་ལྟ་བུ་དུ་ཡོད་སུས་ཤེས། སྲིད་སྒྲུབ་ཀྱིས་སྨྲས་པ། གཞོན་ནུ་བདག་ཉིད་ཀྱང་དེ་ལ་མགོ་མོང་ས་ན་གཞན་བློ་ཆུང་ངུ་དང་ལྡན་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་བས་ན་གཞོན་ནུས་དཔག་ཚད་ལ་རྡུལ་ཕྲ་རབ་དེ་ལྟ་བུ་དུ་མཆིས་བཤད་དུ་གསོལ། བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལ་དཔག་ཚད་ལ་ནི་རྡུལ་ཕྲ་རབ་མི་འདྲུགས་ཁྲག་ཁྲིག་གཅིག་དང ། བྲེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་དང ། བྲེ་བ་དྲུ་ག་ཅུ་ཕྲག་བརྒྱ་དང ། བྲེ་བ་ཕྲག་སུམ་རྩུ་རྩ་གཤིས་དང ། འབུམ་ཕྲག་ལྔ་དང ། ཁྲི་ཉིས་སྟོང་ཡོད་དེ། དཔག་ཚད་ལ་ནི་རྡུལ་ཕྲ་ར་བ་དེ་སྙེད་ཅིག་ཡོད་དོ། །དེ་ལྟར་འཇུག་པ་དེས་འཛམ་བུའི་གླིང་འདི་ལ་ནི་
46-186
དཔག་ཚད་བདུན་སྟོང་ཡོད་དོ། །ནུབ་ཀྱི་བ་ལང་སྤྱོད་ལ་ནི་དཔག་ཚད་བརྒྱད་སྟོང་ཡོད་དོ། །ཤར་གྱི་ལུས་འཕགས་ལ་ནི་དཔག་ཚད་དགུ་སྟོང་ཡོད་དོ། ། བྱང་གི་སྒྲ་མི་སྙན་ལ་ནི་དཔག་ཚད་ཁྲི་ཡོད་དེ། དེ་ལྟར་འཇུག་པ་དེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྲེ་བ་ཕྲག་བརྒྱ་དང ། རྒྱ་མཚོ་ཆེན་པོ་བྲེ་བ་ཕྲག་བརྒྱ་དང ། འཁོར་ཡུག་དང་འཁོར་ཡུག་ཆེན་པོ་བྲེ་བ་ཕྲག་བརྒྱ་དང ། རིའི་རྒྱལ་པོ་རི་རབ་བྲེ་བ་ཕྲག་བརྒྱ་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང ། སུམ་ཅུ་རྩ་གསུམ་བྲེ་བ་ཕྲག་བརྒྱ་དང ། འཐབ་བྲལ་བྲེ་བ་ཕྲག་བརྒྱ་དང ། དགའ་ལྡན་བྲེ་བ་ཕྲག་བརྒྱ་དང ། འཟུལ་དགའ་བྱི་བ་ཕྲག་བརྒྱ་དང ། གཞན་འཕྲུལ་དབང་བྱེད་བྱེ་བ་ཕྲག་བརྒྱ་དང ། ཚང་ས་རིས་བྲེ་བ་ཕྲག་བརྒྱ་དང ། ཚང་ས་པའི་མདུན་ན་འདོན་བྲེ་བ་ཕྲག་བརྒྱ་དང ། ཚངས་འཁོར་བྲེ་བ་ཕྲག་བརྒྱ་དང ། ཚང་ས་ཆེན་བྲེ་བ་ཕྲག་བརྒྱ་དང ། འོད་ཆུང་བྲེ་བ་ཕྲག་བརྒྱ་དང ། ཚད་མེད་འོད་བྲེ་བ་ཕྲག་བརྒྱ་དང ། འོད་གསལ་བྱེ་བ་ཕྲག་བརྒྱ་དང ། དགེ་ཆུང་བྲེ་བ་ཕྲག་བརྒྱ་དང ། ཚད་མེད་དགེ་བྲེ་བ་ཕྲག་བརྒྱ་དང ། དགེ་རྒྱས་བྱེ་བ་ཕྲག་བརྒྱ་དང ། སྤྲིན་མེད་བྲེ་བ་ཕྲག་བརྒྱ་དང ། བསོད་ནམས་སྐྱེས་བྲེ་བ་ཕྲག་བརྒྱ་དང ། འབྲས་བུ་ཆེ་བྲེ་བ་ཕྲག་བརྒྱ་དང ། སེམས་ཅན་འདུ་ཤེས་མེད་པ་བྲེ་བ་ཕྲག་བརྒྱ་དང ། མི་ཆེ་བ་བྲེ་བ་ཕྲག་བརྒྱ་དང ། མི་གདུང་བ་བྲེ་བ་ཕྲག་བརྒྱ་དང ། གྱ་ནོམ་སྣང་བྲེ་བ་ཕྲག་བརྒྱ་དང ། ཤིན་ཏུ་མཐོང་བྲེ་བ་ཕྲག་བརྒྱ་དང ། འོག་མིན་གྱི་ལྷའི་རིས་བྲེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཅེས་བྱ་སྟེ། ཡང་ས་ཤིང་རྒྱ་ཆེ་བ་དེ་ལ་དཔག་ཚད་དུ་ཡོད་པ་དང ། དཔག་ཚད་བརྒྱ་ཕྲག་དུ་ཡོད་པ་དང ། དཔག་ཚད་སྟོང་ཕྲག་དུ་ཡོད་པ་དང །
46-187
དཔག་ཚད་བྲེ་བ་ཕྲག་དུ་ཡོད་པ་དང ། དཔག་ཚད་ཇེར་འབུམ་ཕྲག་དུ་ཡོད་པ་དང ། དཔག་ཚད་ཁྲག་ཁྲིག་ཕྲག་དུ་ཡོད་པ་དང ། དེ་བཞིན་དུ་སྦྱར་ཏེ། དཔག་ཚད་སྙིང་པོ་དམ་པའི་སྩིས་ཀྱི་བར་དུ་ཐུག་པ་ལ་རྡུལ་ཕྲ་རབ་དེ་ལྟ་བུ་དུ་ཡོད་ཅེས་བྱ་བའི་སྩ[༄\ུf]ས་དེ་ནི་གྲང་ས་དང་བགྲང་བ་ལས་འདས་པ་སྟེ། དེ་ནི་གྲང་ས་མེད་པ་ཞེས་བྱའོ། །དེ་བས་ཀྱང་ཤིན་ཏུ་གྲང་ས་མེད་པ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་དོ། །བྱང་ཆུབ་སེམས་དཔས་སྩ[༄\ུf]ས་ཀྱི་ལེའུ་འདི་བསྟན་པའི་ཚེ། རྩིས་པ་ཆེན་པོ་སྲིད་སྒྲུབ་དང ། ཤཱཀྱའི་ཚོགས་ཐམས་ཅད་ཀྱང་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ་ངོ་མཚར་རྨད་དུ་བྱུང་བ་ཐོབ་ནས། དེ་དག་ཐམས་ཅད་ཀྱང་གོས་རེ་རེ་ཞིག་བཞག་སྟེ་གོས་དང་རྒྱན་ལྷག་མ་གཞན་བྱང་ཆུབ་སེམས་དཔའ་ལ་ཡོན་དུ་ཕུལ་ལོ། །དེ་ནས་ཚིས་པ་ཆེན་པོ་སྲིད་སྒྲུབ་ཀྱིས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་ས་སོ། །འདི་ལྟར་བྱེ་བ་བརྒྱ་ན་ཐེར་འབུམ་དེ་བཞིན་དུ། །ཁྲག་ཁྲིག་དང་ནི་གཏམས་པའི་རྒྱུད་དང་དེ་བཞིན་དུ། ། དགྲིགས་པ་མི་འདྲུགས་བདག་གི་ཤེས་ཐུག་དེ་གོང་མིན། ། མཚུང་ས་པ་མེད་ཀྱི་མཁྱེན་པ་སྩ[༄\ུf]ས་ལ་དེ་བས་ལྷག་།ཡང་ཀྱེ་ཤཱཀྱ་དག་།སྟོང་གསུམ་དག་གི་རྡུལ་དང་ཙོ་དང་ནགས་ཚལ་དང ། །སྨན་དང་ཆུ་ཡི་ཐིགས་པ་ཇི་སྙེད་ཡོད་པ་ཡང ། །ཧུང་ཞེས་བྱ་བ་གཅིག་ལ་འདི་ཡིས་སྩི་ནུས་ན། །ལྔ་བརྒྱ་ཙམ་དག་གི་ལྟ་ངོ་མཚར་ཅི་ཞིག་ཆེ། །དེ་ནས་ལྷ་དང་མི་བརྒྱ་སྟོང་དག་།ེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང ། ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། ། ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཀྱང་ཚིགས་སུ་བཅད་པ་འདི་དགབརྗོད་དོ། །དུས་གསུམ་སེམས་ཅན་མ་ལུས་ཇི་སྙིད་གང་ཡོད་པའི། །སེམས་དང་སེམས་བྱུང་འདུ་ཤེས་རྣམ་པར་རྟོག་པ་དག་།མཆོག་དང་ཐ་མ་དེ་བཞིན་རྒྱ་ཆུང་
46-188
ཡང་ས་པ་དག་།ཐམས་ཙད་སེམས་ཀྱི་འགྱུར་བ་གཅིག་གིས་རབ་ཏུ་མཁྱེན། ། དགེ་སློང་དག་དེ་ལྟར་ཤཱཀྱ་གཞོན་ནུ་དེ་དག་ཐམས་ཅད་ཟིལ་གྱིས་ནོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ། །དེའི་རྗེས་ལ་མཆོང་ས་པ་དང ། རྐྱལ་དང ། བང་ལ་སོགས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་ཉིད་ཁྱད་པར་དུ་འཕགས་པར་གྱུར་ནས། ནམ་མཁའི་དཀྱིལ་ནས་ལྷའི་བུ་དག་གིས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །བརྟུལ་ཞུགུས་དཀའ་ཐུབ་སྣོམ་པའི་ཡོན་ཏན་དང ། །བསྐལ་པ་བྲེ་བར་བཟོད་དུལ་བྱམས་སྟོབས་ཀྱིས། །ལུས་དང་སེམས་ནི་ཅི་ནས་ཡང་མཛད་པས། །དེ་ཡི་ཤུགུས་ཀྱི་ཁྱད་པར་མཉན་པར་གྱིས། །སེམས་ཅན་མཆོག་འདི་གྲོང་ཁྱེར་འདི་ན་བཞུགུས་པར་ཁྱེད་ཀྱིས་མཐོང ། །འོན་ཀྱང་འདི་ནི་བྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །སྐད་ཅིག་གཅིག་ལ་རིན་ཆེན་གསེར་དང་མཆོད་པ་སྣ་ཚོགས་ཀྱིས། །རྒྱལ་བ་དཔག་ཏུ་མེད་པ་དག་ལ་མཆོད་པ་མཛད་དུ་བཞུད། ། འོན་ཀྱང་རྫུ་འཕྲུལ་དེ་འདྲ་བརྙེས་པ་དེ། །བྱོན་ཏམ་བཞུད་པར་ཁྱེད་ཀྱིས་ཡང་མི་ཤེས། །ཇི་ཙམ་ཞུགས་ཞེས་དེ་ལ་ཅི་ཞིག་བསྐྱེད ། །འདི་ནི་མཆུང་ས་པ་མེད་ཀྱིས་རིམ་གྲོ་སྐྱེད ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་གཅིག་པུ་ཁྱད་པར་དུ་འཕགས་པར་གྱུར་ཏོ། །དེ་ནས་ཤཱཀྱ་དེ་དག་གིས་སྨྲས་པ། གཞོན་ནུ་འདི་ལ་སྟོབས་ཀྱི་ཁྱད་པར་ཅི་ཡོད་པའང་སད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྱོགས་གཅིག་ཏུ་འདུག་ནས། ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ཀྱང་དུས་གཅིག་ཏུ་སོ་སོ་ནས་སྟོབས་འགྱིད་པར་གྱུར་ཏེ། ཤཱཀྱ་གཞོན་ནུ་སུམ་ཅུ་རྩ་གཉིས་ཤིག་འཚོགས་ནས་བྱང་ཆུབ་སེམས་དཔའ་ལ་བརྒལ་བ་ལྟར་ཆས་ཏེ་འཁོད་དོ། ། དེའི་ནང་ནས་དགའ་བོ་དང ། ཀུན་དགའ་བོ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་
46-189
ལ་སྟོབས་བརྒལ་བའི་གྱིར་དྲུང་དུ་ན་པ་དང ། བྱང་ཆུབ་སེམས་དཔའི་ལག་གིས་རེག་མ་ཐག་ཏུ་དེ་གཉིས་ཀས་ཀྱང་བྱང་ཆུབ་སེམས་དཔའི་མཐུ་དང་གཟི་བརྗིད་མ་བཟོད་དེ་ས་ལ་སྐྱལ་ཏོ། །དེའི་འོག་ཏུ་ཤཱཀྱ་གཞོན་ནུ་ལྷ་སྦྱིན་ང་རྒྱལ་ཅན་མཟུ་སྙེམས་པ་དེ་སྟོབས་ཀྱི་ང་རྒྱལ་དང་ཤཱཀྱའི་ང་རྒྱལ་གྱིས་སྙེམས་ལ། བྱང་ཆུབ་སེམས་དཔའ་ལ་སྔོ་ཞིང་ཐམས་ཅད་དང་ལྡན་པའི་ལྟད་མོ་པའི་དཀྱིལ་འཁོར་ལ་བསྐོར་ཏེ། བགྱིང་ས་ནས་བྱང་ཆུབ་སེམས་དཔའ་ལ་སྟོབས་བརྒལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔས་མ་བརྟབས་ཤིང་མི་རིངས་པར་སྟང་ས་བཟང་པོར་གཞོན་ནུལྷ་སྤྱིན་ལག་པ་གཡས་པས་བཏེག་སྟེ་བསད་པའི་བློས་མ་ཡིན་གྱི་ང་རྒྱལ་བ་ཅག་པའི་གྱིར་བྱམས་པའི་སེམས་ཀྱིས་ནམ་མཁའ་ལས་བསྐོར་བསྐོར་ཏེ་སའི་སྟེང་དུ་བོར་ཡང་དེའི་ལུས་ལ་གནོད་པར་གྱུར་པ་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟ་བུ་གནོད་པར་འགྱུར་བས་ཆོག་གིས་ཐམས་ཅད་གཅིག་ཏུ་འདུས་ཏེ་བརྒལ་བར་གྱིས་ཤིག་།དེ་ནས་དེ་དག་ཐམས་ཅད་ང་རྒྱལ་གྱིས་རློམ་ཞིང་བྱང་ཆུབ་སེམས་དཔའ་ལ་རུབ་པར་གྱུར་ཏོ། །དེ་ནས་དེ་དག་བྱང་ཆུབ་སེམས་དཔའ་ལ་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་དཔལ་དང་གཟི་བཆིད་དང་ལུས་ཀྱི་མཐུ་མ་བཟོད་དེ། བྱང་ཆུབ་སེམས་དཔས་རེག་པ་ཙམ་གྱིས་ས་ལ་འགྱིལ་བར་གྱུར་ཏོ། །དེ་ནས་ལྷ་དང་མི་བརྒྱ་སྟོང་དེ་དག་ཨེ་མ་ཨ་ལ་ལ་ཞེས་ཟེར་ཞིང ། ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་ཕྱུང་ངོ ། །ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སྟེ། དབྱང་ས་གཅིག་ཏུ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །བྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་གྱད་ཆེན་སྟོབས་པོ་ཆེ་འདྲ་ལ། །ཅིག་ཅར་སྐྱེས་བུའི་མཆོག་ལ་རུབ་གྱུར་ཀྱང ། །རེག་པ་ཙམ་གྱིས་ས་ལ་འགྱིལ་བར་
46-190
འགྱུར། །ལྷུན་པོ་རི་རབ་རྡོ་རྗེའི་འཁོར་ཡུག་དང ། །བྱོགས་བཅུ་དག་ན་རི་གཞན་གང་ཡོད་པ། །ལག་པས་མ་ཉརེས་ཤིང་རྨེག་མེད་བྲེར་རློག་ན། །མི་ལུས་སྙིང་པོ་མེད་པ་མཚར་ཅི་ཆེ། །འདི་ནི་ཤིང་དབང་མཆོག་དྲུང་སྡང་བའི་གྱད ། ། དཔུང་བ་ཅས་བདུད་རྣམས་རྒྱལ་མཚན་སྡེར་བ་ཅས་པ། །ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། །བླ་མེད་བྱང་ཆུབ་ཞི་བར་འཚང་ཡང་རྒྱ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་གཅིག་པུ་ཁྱད་པར་དུ་འཕགས་པར་གྱུར་ཏོ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་ཤཱཀྱ་གཞོན་ནུ་དེ་དག་ལ་འདི་སྐད་ཅེས་སྨྲས་ས་སོ། ། འདི་དག་ནི་སད་ཀྱང་ཟིན། མཐོང་ཡང་ཟིན་གྱིས་དནི་འཕོང་ཞིག་བསྟན་པར་གྱིས་ཤིག ། དེའི་ཚེ་ཀུན་དགའ་བོས་རྒྱང་གྲགས་གཉིས་ཀྱི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བརྩུགས་ས་སོ། །དེའི་འོག་ཏུ་ལྷ་སྤྱིན་གྱིས་རྒྱང་གྲགས་བཞིའི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བརྩུགས་ས་སོ། །དེའི་འོག་ཏུ་མཇེས་དགའ་བོས་རྒྱང་གྲགས་དྲུག་གི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བརྩུགས་[\]\ུfཅ]། །དེའི་འོག་ཏུ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིསརྒྱང་གྲགས་བརྒྱད་ཀྱི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བརྩུགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ལྕགས་ཀྱི་རྔ་གཅིག་འབེན་དུ་བརྩུགས་ཏེ། དེའི་དྲུང་དུ་ཤིང་ཏ་ལ་བདུན་དང་ར་ནས་དེའི་ཕ་རོལ་ཏུ་ལྕགས་ཀྱི་ཕག་གོད་ཀྱི་གཟུགས་འཁྲུལ་འཁོར་དུ་བྱས་པ་གཅིག་བརྩུགས་སོ། །དེ་ནས་ཀུན་དགའ་བོས་རྒྱང་གྲགས་གཉིས་ཀྱི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་འཕངས་ན་ཕོག་པར་གྱུར་ཏེ། དེ་ཕན་ཆོད་ཀྱི་ལ་ཕོག་པར་མ་ནུས་ས་སོ། །ལྷ་སྤྱིན་གྱིས་རྒྱང་གྲགས་བཞིའི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་འཕང་ས་ན་ལོག་པར་གྱུར་ཏེ། དེ་ཕན་ཆད་ཀྱི་ལ་ཕོག་པར་མ་ནུས་སོ། །མཇེས་དགའ་བོས་རྒྱང་གྲགས་དྲུག་གི་ཕ་
46-191
རོལ་ན་རྔའི་འབེན་འདུག་པ་ལ་འཕང་ས་ན་ཕོག་པར་གྱུར་ཏེ། དེ་ཕན་ཆད་ཀྱི་ལ་ཕོག་པར་མ་ནུས ། །ལག་ན་བེ་ཅོན་ཅན་གྱིསརྒྱང་གྲགས་བརྒྱད་ཀྱི་ཕ་རོལ་ན་རྔའི་འབེན་འདུག་པ་ལ་འཕང་ས་ན་ཕོག་པར་གྱུར་ཏེ། ཐལ་བྱུང་དུ་ན་ནས་དེ་ཕན་ཆད་ཀྱི་ལ་ཕོག་པར་མ་ནུས ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་གཞུ་གང་དང་གང་བྱིན་པ་དེ་དག་ལ་ལ་ནི་གཞུ་རྒྱུད་ཆད ། ལ་ལ་ནི་ཆག་ནས་བྱང་ཆུབ་སེམས་དཔས་སྨྲས་པ། གྲོང་ཁྱེར་འདི་ན་གཞུ་གཞན་ལ་ལ་བདག་གིས་བདུང་བཟོད་པའམ། ལུས་ཀྱི་སྟོབས་དང་མཐུ་བཟོད་པ་མཆིས་སམ། རྒྱལ་པོས་སྨྲས་པ། བུ་ཡོད་དོ། །གཞོན་ནུས་སྨྲས་པ། ལྷ་དེ་ལྟ་བུ་གང་ན་མཆིས། རྒྱལ་པོས་སྨྲས་པ། བུ་ཁྱོད་ཀྱི་མེས་སེང་གེའི་ཟ་འགྲམ་ཞེས་བྱ་བ་བྱུང་སྟེ། དེའི་གནམ་རུ་ད་ལྟར་ལྷ་ཁང་ན་སྤོས་དང་ཕྲེང་བས་མཆོད་དེ། དེ་ནི་སུས་ཀྱང་བདུང་བར་ཡང་མི་ནུས་ན། དགང་བར་ལྟ་སྨོས་ཀྱང་ཅི་དགོས་པ་ཞིག་ཡོད་དོ།། བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་དེ་བླང་དུ་གསོལ། སད་པར་བགྱིའོ། །དེ་ནས་གཞུ་དེ་བླངས་ཏེ་འོང་ས་པ་དང ། ཤཱཀྱ་གཞོན་ནུ་ཐམས་ཅད་ཀྱིས་ནན་ཏན་གྱི་མཆོག་གིས་བསྒྲིམས་ཀྱང་གཞུ་དེ་བདུང་བར་ཡང་མ་ནུས་ན་དགང་བར་ལྟ་སྨས་ཀྱང་ཅི་དགོས་ཏེ་མ་ནུས་སོ། །དེ་ནས་གཞུ་དེ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་ལུས་ཀྱི་མཐུ་སྟོབས་ཐམས་ཅད་ཕྱུང་སྟེ། གཞུ་དེ་བདུང་བར་བརྒལ་ན་མ་བདུང་ས་སོ། །དེ་ནས་གཞུ་དེ་བྱང་ཆུབ་སེམས་དཔའ་ལ་བྱིན་ན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་གཞུ་དེ་བླང་ས་ཏེ་སྟན་ལས་མ་ལང་ས་པར་སྐྱིལ་མོ་ཀྲུང་བྲེད་བ་ཅས་ཏེ། ལག་པ་གཡོན་པས་བཟུང་ནས་ལག་པ་གཡས་པའི་སོར་མོ་གཅིག་གིས་བདུང་ས་སོ། །གཞུ་དེ་དེ་ལྟར་བདུང་ས་པའི་ཚེ་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དུ་སྒྲ་མངོན་པར་གྲག་པར་གྱུར་ཏོ། །གྲོང་ཁྱེར་གྱི་མི་
46-192
ཐམས་ཅད་ཀྱང་སྐྲག་སྐྲག་པོར་གྱུར་ཏེ། གཅིག་ལ་གཅིག་འདྲི་ཞིང་འདི་ལྟར་ཅིའི་སྒྲ་ཞིག་ཅེས་ཟེར་རོ། །དེ་ལ་ལ་ལ་ན་རེ་གཞོན་ནུ་དོན་གྲུབ་ཀྱིས་མེས་ཀྱི་གནམ་རུ་བདུངས་ནས་དེའི་སྒྲ་བྱུང་བ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ལྷ་དང་མི་བརྒྱ་སྟོང་དག་སེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང ། རྒྱལ་པོ་ཟས་ག་ཙང་མ་དང ། སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། གད་ན་ལས་མ་བཞེང་ས་བརྩལ་བ་མ་མཆིས་ས་སུ། །ཐུབ་པས་གནམ་རུ་འདི་འདྲ་བདུང་ས་པ་ལས། །གདོན་མི་འཚལ་བར་དགོངས་པ་རྫོགས་གྱུར་ཏེ། །བདུད་ཀྱི་སྡེ་བཅོམ་མྱུར་དུ་ཐུབ་པར་བྱོན། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་མད་འ་བླང་ས་ནས་གཞུ་དེ་དང་སྦྱར་ཏེ་བཀང་ནས་འཕང་ས་པའི་མཐུ་སྟོབས་ཀྱིས་ཀུན་དགའ་བོའི་འབེན་དུ་རྔ་བརྩུགས་པ་དང ། ལྷ་སྤྱིན་གྱི་འབེན་དུ་རྔ་བརྩུགས་པ་དང ། མཇེས་དགའ་བོའི་འབེན་དུ་རྔ་བཙུགས་པ་དང ། ལག་ན་བེ་ཅོན་ཅན་གྱི་འབེན་དུ་རྔ་བཙུགས་པ་དེ་དག་ཐམས་ཅད་ལས་ཐལ་ནས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་བདག་གི་འབེན་ལྕགས་ཀྱི་རྔ་བཙུགས་པ་དང ། ཤིང་ཏ་ལ་བདུན་དང་རབ་དང ། ཕག་རྒོད་ཀྱི་གཟུགས་འཁྲུལ་འཁོར་དུ་བྱས་པ་ལས་ཀྱང་ཐལ་ཏེ་མད་འ་དེ་ས་ལ་ཟུག་ནས་མི་སྣང་བརནུབ་པར་གྱུར་ཏོ། ། ས་བྱོགས་གང་དུ་མད་\ུf་མདའ་དེ་ཟུག་སྟེ་ནུབ་པའི་ས་བྱོགས་དེར་ཁྲོན་པ་ལྟ་བུའི་ཁུང་ཞིག་བྱུང་ནས་ད་ལྟར་ཡང་མདའི་ཁྲོན་པ་ཞེས་བྱ་བ་ཡིན་ན་ནོ། །དེའི་ཚེ་ལྷ་དང་མི་བརྒྱ་སྟོང་དག་།ེ་མ་ཨ་ལ་ལ་ཞེས་ཟེར་ཞིང་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་འབྱིན་པར་གྱུར་ཏོ། །ཤཱཀྱའི་ཚོགས་དེ་དག་ཐམས་ཅད་ཀྱང་ངོ་མཚར་རྨད་དུ་བྱུང་བ་ཐོབ་སྟེ། གྱེ་ངོ་མཚར་ཏོ། །འདིས་ནི་
46-193
བསླབས་ཀྱང་མ་བསླབས་པར་རྩལ་གྱི་ཤེས་པ་དེ་ལྟ་བུ་དང་ལྡན་པ་ནི་ངོ་མཚར་ཆེའོ་ཞེས་ཟེར་ར་རོ། །ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་དག་གིས་ཀྱང་རྒྱལ་པོ་ཟས་གཙང་མ་དང ། སྐྱེ་བོའི་ཚོགས་ཕལ་པོ་ཆེ་དེ་དག་ལ་འདི་སྐད་ཅེས་སྨྲས་ས་སོ། །དེ་ལྟར་ངོ་མཚར་ཡང་ཅི་ཆེ་སྟེ། དེ་ཅིའི་གྱིར་ཞེ་ན། འདི་ནི་ས་ཡི་སྙིང་པོ་སྔོན་གྱི་སངས་རྒྱས་གད་ན་ལ་བཞུགས ། །ཞི་གནས་གནམ་རུ་ཐོགས་ཤིང་སྟོང་པ་བདག་མེད་མད་འ་རྣམས་ཀྱིས། །ཉོན་མོངས་དགྲ་རྣམས་བཅོམ་སྟེ་ལྟ་བའི་དྲ་བ་དྲལ་ནས་ས་སུ། །བྱང་ཆུབ་དམ་པ་ཞི་བ་རྡུལ་མེད་མྱ་ངན་མེད་པ་འཐོབ ། །དེ་སྐད་ཅེས་སྨྲས་ནས། ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ལྷའི་མེ་ཏོག་དག་གིས་མངོན་པར་གཏོར་ཏེ་དོང་ང་ངོ ། །དེ་བཞིན་དུ་མཆོང་ས་པ་དང ། ཡི་གེ་དང ། ལག་སྩིས་དང ། ཚིས་དང ། གྲངས་དང ། གྱད་ཀྱི་འཛིན་སྟང་ས་དང ། རྒྱང་ནས་ཕོག་པ་དང ། བང་དང ། ཚར་དང ། རྐྱལ་དང ། འལོང་དབྱད་དང ། གླང་པོ་ཆེའི་གཉར་ཞོན་པ་དང ། རྟ་རྩལ་དང ། ཤིང་རྟའི་ཐབས་དང ། མད་འ་གཞུའི་ཐབས་དང ། བརྟན་པ་དང ། མཐུ་དང ། དཔའ་བ་དང ། འརྒྱེད་སྟོབས་དང ། ལྕགས་ཀྱུས་སྒྱུར་ཐབས་དང ། ཞགས་པའི་ཐབས་དང ། མདུན་དུ་བསྣུར་བ་དང ། གྱིར་བསྣུར་བ་དང ། བཟུར་བ་དང ། འཛིན་སྟང་ས་དང ། གོམ་སྟབས་དང ། ཐོར་ཚུགས་དང ། ག་ཅད་པ་དང ། དྲ་ལ་བ་དང ། དབུག་པ་དང ། གཞིག་པ་དང ། གཤེག་པ་དང ། མི་འཆོར་བར་འཕོག་པ་དང ། གནད་དུ་འཕོག་པ་དང ། སྒྲ་གྲག་པར་འཕོག་པ་དང ། ཚབས་ཆེ་བ་དང ། ཆོ་ལོའི་རྩེད་མོ་དང ། སྙན་དང་གས་སྦྱར་བ་དང ། ལམ་དང ། རི་མོ་དང ། གཟུགས་དང ། གཟུགས་ཀྱི་ལས་དང ། ཐབས་ཀྱི་དབྱད་དང ། མེའི་ལས་དང ། རོལ་མོའི་དབྱང་ས་སྒྲ་
46-194
དང ། གར་དང ། གླུ་དང ། ཡི་གེ་ཀླག་པའི་མིག་འོར་དང ། གཏམ་དང ། བཞད་གད་དང ། རྩེད་མོ་དང ། བྲོ་དང ། སྒེག་པ་དང ། ཕྲེང་བ་བརྒྱུ་བ་དང ། རླུང་ཡབ་གཡོབ་པ་དང ། ནོར་བུ་ཚོན་གྱིས་བསྐྱུར་བ་དང ། གོས་ཚོན་གྱིས་བསྒྱུར་བ་དང ། མིག་འཕྲུལ་གྱི་ཆོ་ག་དང ། མི་ལམ་གྱི་དབྱད་དང ། བྱའི་སྐད་དང ། བུད་མེད་ཀྱི་མཚན་དང ། སྐྱེས་པའི་མཚན་དང ། གླང་པོ་ཆེའི་མཚན་དང ། རྟའི་མཚན་དང ། བ་ལང་གི་མཚན་དང ། རའི་མཚན་དང ། ལུག་གི་མཚན་དང ། ཁྱིའི་མཚན་དང ། ཤེས་གསལ་དང ། སྒྲ་ངེས་པར་སྤྱོར་བ་དང ། ང་རོ་སྒྱུར་བ་དང ། སྔོན་གྱི་ར་བས་དང ། སྔོན་བྱུང་བ་དང ། རིག་བྱིད་དང ། ལུང་བསྟན་པ་དང ། ངེས་པའི་ཚིག་དང ། ཡི་གེ་ལྕི་ཡང་དང ། ཚིག་བསྡེབ་པ་དང ། མཆོད་སྤྱིན་གྱི་ཆོ་ག་དང ། སྐར་མའི་ལུགས་དང ། གྲང་ས་ཅན་གྱི་ལུགས་དང ། རྣལ་འབྱོར་གྱི་ལུགས་དང ། ལས་ཀྱི་ཚོགས་དང ། བྲེ་བྲག་པའི་ལུགས་དང ། ནོར་གྱི་རིག་པ་དང ། ཕུར་བུའི་ལུགས་དང ། ཆུའི་ལུགས་དང ། ལྷ་མ་ཡིན་གྱི་ལུགས་དང ། བྱ་དང་རི་དགས་ཀྱི་སྐད་དང ། གཏན་ཚིགས་ཀྱི་རིག་པ་དང ། རྒྱ་སྐྱེགས་ཀྱི་འཁྲུལ་འཁོར་དང ། སྤྲ་ཚིལ་གྱི་ལས་དང ། འདྲུབ་ཤུར་དང ། བཀོ་བཞོག་དང ། ལོ་མ་དྲ་བ་དང ། སྤོས་སྦྱར་བ་ལ་སོགས་པའི་སྐྱུ་རྩལ་འཇིག་རྟེན་པ་དང་ལྷའི་དང་མིའི་ལས་འདས་པ་ཐམས་ཅད་ལའང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་འཕགས་པར་གྱུར་ཏོ། །དེའི་ཚེ་ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་རང་གི་བུ་མོ་ས་འཚོ་མ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །རྒྱལ་པོ་ཟས་ག་ཙང་མས་ཀྱང ། དེ་རིམ་གྱིས་བག་མར་བླང་ས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། ། དེ་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་འཐུན་པ་ཙམ་དུ་བྱ་བའི་གྱིར་པུད་
46-195
མེད་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འདུག་སྟེ། དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་པ་སྟོན་ཏོ། །བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་ཀྱི་ནང་ན ། ཤཱཀྱའི་བུ་མོ་ས་འཚོ་མ་བཙུན་མོའི་མཚོག་ཏུ་དབང་བསྐུར་བར་གྱུར་ཏོ། །དེ་ན་ཤཱཀྱའི་བུ་མོ་ས་འཚོ་མ་རྒྱོས་སྒྱུག་གམ་ནང་མི་གང་མཐོང་ཡང་རུང་སྟེ། གདོང་མི་སྤེད་དོ། །དེ་དག་ཀྱང་དེ་ལ་བག་སར་མོ་ནི་ཞུམ་ཞུམ་པོར་འདུག་པའི་རིགས་ན། འདི་ནི་རྟག་ཏུ་མ་གཡོགས་སོ་ཞེས་འཕྱ་སྨོད་ཅིང་མི་སྙན་པར་ཟིར་རོ། །དེའི་ཚེ་ཤཱཀྱའི་བུ་མོ་ས་འཚོ་མས་གཏམ་དེ་ཐོས་ནས་ནང་མི་རྣམས་ཀྱི་མདུན་དུ་འདུག་སྟེ། ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །འདུག་དང་འགྲེང་དང་འཆག་པ་ལ། ། འཕགས་པ་དག་ནི་མ་གཡོགས་མཇེས། །ནོར་བུ་རིན་ཆེན་འོད་གསལ་བ། ། རྒྱལ་མཚན་རྩེ་མོར་གསལ་ན་མཛིས། །འཕགས་པ་འགྲོ་ནའང་མཇེས་པ་སྟེ། ། འོང་ནའང་དེ་བཞིན་མཇེས་པ་ཡིན། །འགྲིང་བ་འམ་དེ་བཞིན་འདུག་པ་དང་།། ཐམས་ཅད་དུ་ཡང་འཕགས་པ་མཇེས། །འཕགས་པ་སྨྲ་ནའང་མཇེས་པ་སྟེ། ། མི་སྨྲར་འདུག་ཀྱང་དེ་བཞིན་མཇེས། །དཔེར་ན་ཀ་ལ་པིང་ཀ་ནི། །མཐོང་དང་སྒྲ་ཐོས་དེ་བཞིན་ན་ནོ། །ཀུ་ཤའི་གོས་ནི་རྒྱོན་པ་དང ། །གོས་ངན་རྒྱོན་དང་ལུས་རིད་པ། །དེ་ནི་རང་གི་གཟི་ཡིས་མཇེས། །ཡོན་ཏན་ལྡན་པ་ཡོན་ཏན་བརྒྱན།། གང་ལ་སྡིག་པ་མེད་གྱུར་པ། །འཕགས་པ་ཀུན་ཏུ་དགེ་བ་ཡིན། །བྱིས་པ་སྡིག་པ་བྲེད་པ་ནི། །ཇི་སྙིད་བརྒྱན་ཀྱང་མཇེས་མཡིན། །གང་དག་སྙིང་ལ་སྔིག་པ་ཡོད་ཅིང་ཚིག་འཇམ་པ། །དེ་དག་དུག་གི་བུམ་པར་བདུད་རྩི་གླུགས་པ་བཞིན། ། བྲག་གི་སེར་ག་རྩུབ་པ་ལྟ་བུར་ནང་ཡང་རྩུབ། །དེ་འདྲ་དེ་དག་སྤྲུལ་གྱི་ཁ་ལ་ཉུག་པ་བཞིན། །དེས་པ་དེ་དག་གན་དུ་ཀུན་འོང་ཀུན་ཕྱག་འཚལ། །འབབ་སྟེགས་ཐམས་ཅད་ལྟ་བུར་འགྲོ་བ་ཀུན་གྱི་གྱི་གསོས། །འཕགས་པ་དག་ནི་རྟག་ཏུ་འོ་ཞོས་
46-196
བཀང་བུམ་འདྲ ། །བདག་ཉིད་དག་པ་དེ་འདྲ་མཐོང་ན་བཀྲ་ཤིས་དགེ། །གང་དག་སྣིག་པའི་གྲོགས་པོ་ཡུན་རིང་ཡོང་ས་སྤོང་ཞིང ། །དགེ་བའི་བཤེས་གཉེན་རིན་པོ་ཆེས་ནི་ཡོངས་བཟུང་ལ། ། སྣིག་པ་རྣམ་སྤོང་སངས་རྒྱས་ཆོས་ལ་མངོན་ཆགས་པ། །དེ་ལྟ་བུ་དག་མཐོང་བ་བཀྲ་ཤིས་འབྲས་བུ་ལོད། །གང་དག་ལུས་བལྡམས་ལུས་ཀྱི་སྐྱོན་རྣམས་རབ་བལྡམས་དང ། །གང་དག་ཚིག་བལྡམས་རྟག་ཏུ་ཚིག་འཆལ་མེད་གྱུར་ལ། །དབང་པོ་སྤས་ཤིང་ཤིན་ཏུ་བལྡམས་ལ་ཡིད་དང་བ། ། དེ་ལྟ་བུ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། །གལ་ཏེ་ལུས་ལ་གོས་ནི་སྟོང་གིས་གཡོགས་གྱུར་ཀྱང ། །གང་དག་སེམས་བཤུས་ངོ་ཚ་མེད་ཅིང་ཁྲེལ་མེད་དང་།། གང་དག་འདི་འདྲའི་ཡོན་ཏན་མེད་ཅིང་བདེན་ཚིག་མེད ། །དེ་དག་སྒྲེན་མོ་བས་ཀྱང་སྒྲན་མོར་འཇིག་རྟེན་རྒྱུ། །གང་ཞིག་སེམས་སྤས་རྟག་ཏུ་དབང་པོ་བལྡམས་གྱུར་ཅིང ། །བདག་གི་ཁྱོས་ཆོག་སེམས་ཅན་གཞན་ལ་མི་སེམས་\ུfམས་པ། ། དེ་འདྲ་བ་དག་ཉི་ཟླ་བཞིན་དུ་མ་གཡོགས་ས་སྣང ། །དེ་འདྲ་བ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། །གཞན་ཡང་དྲང་སྲོང་བདག་ཉིད་ཆེ་དང་གཞན་སེམས་བློ་མཁས་དང ། །དེ་བཞིན་ལྷ་ཚོགས་དག་གིས་ཁོ་མོའི་བསམ་པ་དང ། །ཁོ་མོའི་ཆུལ་ཁྲིམས་ཡོན་ཏན་སྡོམ་དང་བག་ཡོད་མཁྱེན། །དེ་ལྟ་བས་ན་ཁོ་མོས་གདོང་བཀབ་ཅི་ཞིག་དགོས། །དགེ་སློང་དག་རྒྱལ་པོ་ཟས་ག་ཙང་མས་ཤཱཀྱའི་བུ་མོས་འཚོ་མའི་སྤོབས་པ་དང་བསྟན་པའི་ཚིགས་སུ་བ་ཅད་པ་རྣམ་པ་འདི་ལྟ་བུ་འདི་ཐོས་ས་སོ། །ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རས་བཅོས་སུ་བཟང་པོ་རིན་པོ་ཆེ་དུ་མས་སྤྲས་པ་ཟུང་གཅིག་དང ། མྱུ་ཏིག་གི་དོ་ཤལ་སྲང་བྱེ་བ་བརྒྱ་སྟོང་རི་བ་དང ། མྱུ་ཏིག་དམར་པོ་བཟང་པོས་སྤྲས་པའི་གསེར་གྱི་ཕྲེང་བས་ཤཱཀྱའི་བུ་མོ་ས་འཚོམ་
46-197
ལ་བཀབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ ། །ཁོ་བོའི་བུ་ནི་ཡོན་ཏན་ཅི་འདྲས་བརྒྱན་པ་དང ། །མནའ་མ་རང་གི་ཡོན་ཏན་ཇི་ལྟར་རབ་སྨྲ་བ། ། སེམས་ཅན་དག་པ་དེ་གཉིས་ཕྲད་པར་གྱུར་པ་ནི། །མར་དང་མར་གྱི་ཉརིང་ཁུ་ཇི་ལྟར་འདྲ་བ་བཞིན། །སྒྱུ་རྩལ་བསྟན་པའི་ལཱེའུ་སྟེ་བཅུ་གཉརིས་པའོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ན། གང་དག་བྱང་ཆུབ་སེམས་དཔའ་ལ་མཚོད་པའི་ལས་བྲེད་པ་ལ་སྤྲོ་བར་གྱུར་པ། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འགྱི་ཆེན་པོ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་དུ་མ་དེ་དག་རང་རང་གི་དགའ་བའི་སྒྲ་འབྱིན་ཅིང་ལྷགས་པར་གྱུར་ཏོ། །དེ་ལ་དགེ་སློང་དག་དུས་གཞན་ཞིག་ན་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་མང་པོ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། མ་ལ་སྐྱེས་བུ་དམ་པ་འདི་བཙུན་མོའི་འཁོར་གྱི་ནང་དུ་ཧ་ཅང་ཡུན་རིང་དུ་ཐོགས་པར་གྱུར་ན་སེམས་ཅན་གང་དག་འདིས་ཡུན་རིང་པོ་ནས་བསྡུ་བའི་དངོས་པོ་བཞི་པོ་སྤྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་སྤྱད་པ་དང ། དོན་འཐུན་པས་ཡོངས་སུ་སྨིན་པར་བྱས་པ་དང ། གང་དག་འདིས་བྱང་ཆུབ་ཐོབ་ནས། ཆོས་བསྟན་པ་ཤེས་པར་འགྱུར་བ་ཆོས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་དེ་དག་མེད་པར་གྱུར་ན ། གྱིས་བྱང་ཆུབ་སེམས་དཔའ་མངོན་པར་
46-198
བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའམ་ཅིག་ཏུ་མི་འགྱུར་གྲང་སྙམ་མོ། །དེ་ནས་དེ་དག་གུས་པ་དང་བ་ཅས་ཞེ་ས་དང་བ་ཅས་པར་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས། ནམ་ཞིག་ན་བདག་ཅག་གིས་བྱང་ཆུབ་སེམས་དཔའ་དམ་པ་མཆོག་རབ་དག་པ་འདི་མངོན་པར་བྱུང་བ་དང ། མངོན་པར་བྱུང་ནས་ཀྱང་ཤིང་གི་རྒྱལ་པོ་ཆེན་པོ་དེའི་དྲུང་དུ་འདུག་སྟེ། བདུད་དཔུང་དང་བ་ཅས་པ་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་དང ། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་ལྡན་པ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཱ་བརྒྱད་དང་ལྡན་པ་དང ། ལན་གསུམ་དུ་བཟླས་ཏེ་རྣམ་པ་བརྩུ་གཉིས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་སྐོར་ཞིང་སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་མོས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བཤད་པས་ཚིམ་པར་བྲེད་པ་མཐོང་བར་འགྱུར་སྙམ་པའི་བསམ་པ་དེ་ལྟ་བུས་སྡོད་ཅིང་འཁོད་པར་གྱུར་ཏོ། །དགེ་སློང་དག་དེ་ལ་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲང་ས་མེད་པའི་ཡང་གྲང་ས་མེད་པ་ནས་བཟུང་སྟེ། ཡུན་རིང་པོར་རྟག་པར་རྒྱུན་ཏུ་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པར་གྱུར་ཅིང ། །དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ལ་བདག་ཉིད་སློབ་དཔོན་དུ་གྱུར་པ་ཡིན་ལ། ཡུན་རིང་པོ་ནས་དུས་ཤེས་པ་དང ། ཚོད་ཤེས་པ་དང ། རན་པ་ཤེས་པར་གྱུར་པ་དང ། མངོན་པར་ཤེས་པ་ལས་མ་ཉམས་པ་དང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དང ། རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་དང ། སེམས་ཅན་གྱི་བསམ་པ་
46-199
དང་དབང་པོ་ལ་མཁས་པ་དང ། དུས་དང་དུས་མ་ཡིན་པ་ཤེས་པ་དང ། དུས་ལ་ལྟ་ཞིང་རྒྱ་མཚོ་ཆེན་པོ་ལྟར་དུས་རན་པ་ལས་མི་ཡོལ་བར་གྱུར་པའོ། །དེ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་འདི་ནི་རབ་ཏུ་གཟུང་བའི་དུས་སོ། །འདི་ནི་ཚར་ག་ཅད་པའི་དུས་ས་སོ། །འདི་ནི་བསྡུ་བའི་དུས་ས་སོ། ། འདི་ནི་ཕན་གད་གས་པའི་དུས་ས་སོ། །འདི་ནི་བཏང་སྟོམས་སུ་གཞག་པའི་དུས་སོ།། འདི་ནི་སྨྲ་བའི་དུས་ས་སོ། །འདི་ནི་མི་སྨྲ་བར་བྱ་བའི་དུ་ས་ས་སོ། །འདི་ནི་ཁྱིམ་ནས་འབྱུང་བའི་དུས་ས་སོ། །འདི་ནི་རབ་ཏུ་འབྱུང་བའི་དུས ། །འདི་ནི་ཁ་ཏོན་བྱ་བའི་དུས་ས་སོ། །འདི་ནི་ཚུལ་བཞིན་ཡིད་ལ་བྱ་བའི་དུས ། །འདི་ནི་རབ་ཏུ་དབེན་པར་བྱ་བའི་དུས་ས་སོ། །འདི་ནི་རྒྱལ་རིགས་ཀྱི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ་ཞེས་བྱ་བ་ནས། འདི་ནི་བྲམ་ཟི་དང་ཁྱིམ་བདག་གི་བར་གྱི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ། །འདི་ནི་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མའི་འཁོར་གྱི་ནང་དུ་འགྲོ་བའི་དུས་སོ། །འདི་ནི་ཆོས་བསྟན་པའི་དུས་སོ། །འདི་ནི་ནང་དུ་ཡང་དགཔར་གཞག་པའི་དུས་སོ་ཞེས་བྱ་བ་ཐམས་ཅད་བདག་ཉིད་ཀྱིས་ཤེས་སོ། །བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་རྟག་པར་འདུ་ཤེས་པར་གྱུར་ཅིང ། དུས་ལ་ལྟ་བ་ཡིན་ཡང་དགེ་སློང་དག་འདི་ནི་ཚོས་ཉིད་ཀྱིས་ཐོབ་པ་ཡིན་ཏེ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་བརྩུན་མོའི་འཁོར་གྱི་ནང་ན་འཁོད་པ་རྣམས་ལ་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགུས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་གླུ་དབྱངས་དང་སིལ་སྙན་གྱི་སྒྲ་ལས་ཆོས་ཀྱི་སྒོ་རྣམ་
46-200
པ་འདི་ལྟ་བུ་འདི་དག་གིས་ཡང་དག་པར་སྐུལ་བ་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་མཆོག་གང་བྱོགས་བཅུའི་འཇིག་རྟེན་བཞུགས། །དེ་དག་མཐུ་ཡིས་སིལ་སྙན་སྒྲ་དག་ལས། །ཚིགས་བ་ཅད་སྒྲ་སྙན་འདི་དག་བྱུང་བ་ཡིས། །མི་མཆོག་དམ་པ་རྣམས་ལ་ཡང་དག་སྐུལ། །སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་འགྱུར་ཞིང ། །ཕན་བྲེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང ། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲ་ན་པར་བྱོས། །འདི་ནི་ཁྱོད་ཀྱིས་དུས་མན་ཚོད་ཡིན་གྱིས ། །དྲང་སྲོང་མཆོག་རབ་མངོན་པར་འབྱུང་བར་བྱོས། །སངས་རྒྱས་ལྷ་མི་འདུལ་བྲེད་འཇིག་རྟེན་མཆོག་།ཡོན་ཏན་བརྒྱས་གང་བར་ནི་གྱུར་ཅིག་ཅེས། ། དེའི་གྱིར་ཁྱོད་སྔོན་མགོ་དང་རྐང་ལག་དང ། །ནོར་གྱི་དམ་པ་སྣ་ཚོགས་རྣམས་ཀྱང་བཏང ། །ཁྱོད་ནི་ཁྲིམས་ཀྱིས་བརྟུལ་ཞུགས་དཀའ་ཐུབ་སྤྱད ། །ཁྱོད་ནི་བཟད་པས་འགྲོ་ལ་ཕན་པ་བྲེད ། །ཁྱོད་ནི་བརྩོན་པས་ཡོན་ཏན་བརྒྱ་ཡིས་གང་།། བསམ་གཏན་ཤེས་རབ་སྲིད་གསུམ་མཉམ་པ་མེད ། །ཁྲོ་བས་ནོན་ཅིང་ཐ་བའི་དྲི་མང་བ། །དེ་དག་བདེ་གཤེགས་ཁྱོད་ཀྱི་བྱམས་པས་ཁྱབ། །དགེ་བའི་ཡོན་ཏན་བྲལ་བ་ལོག་ངེས་པ། །མི་མཁས་རྣམ་མང་དག་ལ་ཁྱོད་སྙིང་རྗེ། །བསོད་ནམས་ཡེ་ཤིས་དགེ་བའི་ལུས་ཁྱབ་ཅིང ། །རྡུལ་བྲལ་བསམ་གཏན་མངོན་ཤེས་ལམ་མེར་འདུག་།བྱོགས་བཅུ་འདི་དག་རྣམས་སུ་རབ་ཏུ་གསལ། །སྤྲིན་མེད་ཟླ་བ་དྲི་མ་མེད་པ་འདྲ ། །འདི་དང་གཞན་ཡང་སྙན་པ་རྣམ་མང་གིས། །སིལ་སྙན་དག་ལས་རྒྱལ་བས་སྒྲ་བསྒྲགས་ཏེ། །མངོན་པར་ཁྱོད་འབྱུང་དུས་ནི་འདི་ཡིན་ཞེས། །ལྷ་མིས་མཆོད་པར་འོས་ལ་སྐུལ་མ་འདེབས། །དགེ་སློང་དག་བྱང་ཆུབ་
46-201
སེམས་དཔའ་ཁྱིམ་དམ་པ་མཚོག་ཡོ་བྱ་ད་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ། བསམ་པ་ཇི་ལྟ་བ་བཞིན་དུ་བདེ་བར་གནས་པ་དང་འཐུན་པ། ལྷའི་ཁང་ཁྱིམ་ལྟ་བུ་སྟེགས་བུ་དང ། སྒོ་ཁང་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁང་བཟང་ས་མཆོག་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་རྣམ་པ་ཐ་ད་པ་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་དུ་མས་ལེགས་པར་བརྒྱན་པ། དྲ་གྱི་ལྡ་ལྡི་བརྒྱ་སྟོང་དུ་མས་མངོན་པར་སྤྱང་ས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་མྱུ་ཏིག་གི་རྒྱན་ཕྲེང་རབ་ཏུ་སྤྱང་ས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྤང་ལེབ་ཅན་གྱི་ཟམ་པས་མ་ཛིས་པར་བྱས་པ། མེ་ཏོག་གི་ཕྲེང་བ་དང་ཆུན་པོ་མང་པོ་སྤྱང་ས་པ། པོག་སྣོད་ནས་སྤོསཀྱིས་བདུགས་པ། དྲ་ལའི་བླ་རེ་བྲེས་པ། དུས་ཐམས་ཅད་པའི་མེ་ཏོག་དྲི་མཆོག་ཏུ་ཞིམ་ཞིང ། ཤིན་ཏུ་མཇེས་པ་དག་བཀྲམ་པ། རྫིང་མེ་ཏོག་པད་མ་དཀར་པོ་དང ། པད་མ་དང་ལྡན་པའི་ཆུའི་གནས་ཡོངས་སུ་སྤྱད་པར་བྱ་བ་མང་བ། བྱའདབ་སྐྱོང་དང ། ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ང་ང་པ་དང ། རྨ་བྱ་དང ། ངུར་པ་དང ། ཀུ་ན་ལ་དང ། ཀ་ལ་པིང་ཀ་དང ། ཤང་ཤང་ཏེའུ་ལ་སོགས་པ་བྱ་རྣམ་པ་ཐ་ད་པའི་ཚོགས་སྒྲ་སྙན་པ་འབྱིན་པ། བཻ་རུ་ཀྱ་སྔོན་པོའི་ས་གཞི་གནས་ཡོངས་སུ་སྤྱད་པར་བྱ་བ། གཟུགས་ཐམས་ཅད་ཀྱི་གཟུགས་བརྙན་ཀུན་ཏུ་སྟོན་པ། བལྟ་བས་མི་ངོམས་པར་ཉམས་དགའ་བ། དགའ་བ་དང་མཆོག་ཏུ་དགའ་བ་དམ་པ་སྐྱེད་པའི་ཁྱིམ་དམ་པ་མཆོག་དེ་ན་འདུག་སྟེ། བྱང་ཆུབ་སེམས་དཔའ་ཁང་པ་མཇེས་པ་ཆེན་པོ་མཆོག་ན་གནས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། ཡན་ལག་དྲི་མ་མེད་
46-202
པ། ཕྲེང་བ་དང་རྒྱན་མ་བོར་བ། དྲི་མཆོག་ཏུ་ཞིམ་པ་དམ་པའི་བྱུག་པས་ལུས་བསྐུས་པ ། དཀར་ཞིང་བཟང་ལ་དྲི་མ་མེད་ཅིང་རྣམ་པར་དག་ལ་དྲི་མ་དང་བྲལ་བའི་གོས་རྒྱོན་པའི་ལུས་དང་ལྡན་པ། མལ་ཆ་ལྷའི་རས་བཅོས་བུ་བཟང་པོ་ཕྲ་བ་དུ་མ་བཏིང་བ་འཇམ་པ་ཀ་ཙ་ཡིན་དའི་གོས་ལྟར་རེག་ན་བདེ་བ། ཡན་ལག་དམཔས་སྤྲས་པའི་མལ་བཟང་པོའི་སྟེང་ན་འདུག་པ་བརྩུན་མོའི་འཁོར་དམ་པ་ལྷའི་བུ་མོ་དང་འདྲ་བ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ། ལྟ་བ་དང་འཐུན་པ། སྤྱོད་པ་བཟང་པོས་མ་ཛིས་པར་བྱས་པ། གཟུགས་བཟང་བའི་ནང་ན་འདུག་པ། དུང་དང ། རྔ་དང ། རྗ་རྔ་དང ། ཁར་རྔ་དང ། པི་བང་དང ། རྒྱུད་གསུམ་པ་དང ། ཁར་བའི་སིལ་ཁྲོལ་དང ། ཕེག་དང ། ཀིམ་པ་ལ་དང ། ན་ཀུ་ལ་དང ། སྒྲ་སྙན་དང ། གླིང་བུ་སྙན་པའི་སྒྲ་འབྱུང་བའི་སྒྲ་དབྱང་ས་དང ། སིལ་སྙན་དང ། གླུ་དབྱང་ས་སྣ་ཚོགས་དང་ལྡན་པས་བསླང་བ་ལ། བུད་མེད་ཀྱི་ཚོགས་ཀྱིས་ཀྱང ། སྒྲ་མཉེན་ཞིང་འཇམ་པ་སྙན་ལ་ཡིད་དུ་འོང་བ་དང ། གླིང་བུ་འབུད་པའི་སྒྲ་དབྱང་ས་ཀྱིས་བྱང་ཆུབ་སེམས་དཔའ་བློང་ངོ ། །བྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱིན་གྱི་རླབས་ཀྱིས་སིལ་སྙན་གྱི་སྒྲ་བྱུང་བའི་སྒྲ་སྐད་དེ་དག་ལས་བྱང་ཆུབ་སེམས་དཔའ་ལ་སྐུལ་བའི་ཚིགས་སུ་བ་ཅད་པ་འདི་དག་བྱུང་ངོ ། ། ཁུད་མེད་གང་དག་རབ་ཏུ་ཡིད་དགའ་སེམས་དང་བས། །སིལ་སྙན་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་ཚེ། །བྱོགས་བཅུའི་རྒྱལ་བ་དམ་པ་དག་གི་མཐུ་ཡིས་ནི། ། ཚིགས་བ་ཅད་རྣམ་པ་སྣ་ཚོགས་རྣམ་མང་འདི་དག་བྱུང ། །རྟག་ཏུ་མགོན་མེད་གྱུར་པའི་འརྒོ་བ་འདི་མཐོང་ནས། །གོ་འཕང་མྱ་ངན་མེད་མཆོག་རྡུལ་མེད་སངས་རྒྱས་ཏེ། །སྐྱེ་དང་རྒ་དང་སྡུག་བསྔལ་དག་ལས་དགྲོལ་ལོ་ཞེས། ། ད་པའ་
46-203
བོ་ཁྱོད་སྔོན་སྨོན་ལམ་དེ་སྐད་བཏབ་པར་གྱུར། །དེ་གྱིར་དགེ་མྱུར་གྲོང་ཁྱེར་མཆོག་འདི་ནས། །བྱུང་ལ་སྔོན་གྱི་དྲང་ས?ང་ཞབས་བ་ཅགས་པ ། ། ས་བྲོགས་དེ་ནི་རབ་ཏུ་མནན་ནས་སུ། །རྒྱལ་བའི་ཡེ་ཤེས་མཚུང་ས་མེད་འཚང་རྒྱར་གྱི། ། ཁྱོད་ཀྱིས་སྔོན་ཆད་སྣ་ཚོགས་རིན་ཆེན་ནོར། །རྐང་ལག་ཕང་ས་པའི་ལུས་ཀྱང་བཏང་བར་གྱུར། །དྲང་སྲོང་ཆེན་པོ་དི་རིང་ཁྱོད་དུས་འདི། །ཆོས་ཀྱི་ཆུ་བོ་མཐའ་ཡས་འགྲོ་ལ་ཕྱེ། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་དྲི་མེད་དགེ། །སྔོན་ཆད་ཁྱོད་ནི་རྟག་ཏུ་མཚོག་གིས་བརྒྱན ། །དྲང་སྲོང་ཆེན་པོ་ཁྱོད་ཁྲིམས་འདྲ་བ་མེད་།། འགྲོ་བ་ཉོན་མོང་ས་རྣམ་པ་མང་ལས་ཁྲོལ། །ཁྱོད་ཀྱིས་སྲིད་པ་བརྒྱར་ནི་བཐོད་པ་སྤྱད ། །ཁྱོད་ནི་འགྲོ་བས་ངན་བརྗོད་རྣམ་མང་བཟོད། །བཟད་པས་བཟོད་ཅིང་དུལ་བས་དེས་པའི་བདག་།རྐང་གཉིས་དབང་པོ་མངོན་པར་འབྱུང་བློ་གྱིས། ། ཁྱོད་བརྩོན་བརྟན་ཞིང་མི་གཡོ་གཡོ་བ་མེད ། །བདེ་བར་གཤེགས་པ་སྔོན་མཐར་རྒྱ་ཆེན་གྱུར། ། གལོན་ཅན་བདུད་ནི་སྡེ་དང་བཅས་བཏུལ་ཏེ། །ངན་སོང་གསུམ་པོ་མཐའ་དག་སྐམས་པར་གྱིས། །གང་ཕྱིར་ཁྱོད་ཀྱིས་བརྟུལ་ཞུགས་དཀའ་ཐུབ་སྤྱད ། །དུས་ངན་ཉོན་མོང་ས་སྙིགས་མ་བསྲེགས་གྱིས་ལ། །ཁྱོད་ཀྱིས་བདུད་རྩི་ཆུ་བོའི་ཆར་ཕོབ་སྟེ། །མགོན་མེད་རིང་ནས་སྐོམ་པ་ཚིམ་པར་གྱིས། །འཆི་མེད་མྱ་ངན་མེད་གནས་སངས་རྒྱས་ཏེ། །སྐོམ་པས་ཉམ་ཐག་བདུད་\ུffས་ཚིམ་བྱ་ཞེས། །ཁྱོད་ཀྱིས་སྔོན་སྨྲས་ཚིག་མཚིག་མཚོག་དྲ་ན་བྱོས་ཏེ། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་བྱུང ། །ཁྱོད་ནི་ཤེས་རབ་མཆོག་གི་སྤྱོད་པ་མཁས། ཁྱོད་ཀྱི་ཡེ་ཤེས་མཐའ་ཡས་དྲི་མེད་ཆེ ། །མོངས་པ་ཡིད་གཉིས་ལམ་ལ་གནས་རྣམས་ལ། །ཤེས་རབ་འོད་དགེ་དམ་པ་མཛིས་པར་གྱིས། །ཁྱོད་ཀྱིས་སྲིད་པ་བརྒྱར་ནི་བྱམས་པ་སྤྱད ། །སྙིང་རྗེ་དང་ནི་དགའ་མཆོག་བཏང་སྟོམས་དང ། །ཁྱོད་ཀྱིས་སྤྱོད་པ་
46-204
དམ་པ་གང་སྤྱད་པ། །སྤྱོད་པ་དེ་ཉིད་འགྲོ་ལ་རྣམ་པར་བྲེ། །བྲོགས་བཅུའི་རྒྱལ་བ་དག་གི་གཟི་བཇིད་ཀྱིས། །ཡོན་ཏན་མེ་ཏོག་སྣ་ཚོགས་ཚིགས་བ་ཅད་འད་འདི། ། སིལ་སྙན་དག་ལས་རྣམ་མང་ཡིད་འོང་གྲག་།མལ་ན་འདུག་པའི་གཞོན་ནུ་དེ་ལ་སྐུལ། །གང་གི་ཚེ་ན་དགའ་བྲེད་བུད་མེད་རབ་ཏུ་དགའ་བ་རྣམས། །ཤིན་ཏུ་མཇེས་ཤིང་རབ་ཏུ་སྙན་པའི་སིལ་སྙན་སྒྲོགས་པའི་ཚེ། །བྱོགས་བཅུ་དག་གི་རྒྱལ་བ་ལྷ་མི་འདུལ་བ་མཛད་རྣམས་ཀྱང ། །སིལ་སྙན་དག་ལས་གསུང་མཆོག་ཧ་ཅང་མི་ཆེ་རྗེས་སུ་སྒྲོག་།འགྲོ་ལ་ཕན་བྲེད་ཡོན་ཏན་མང་པོ་ལྡན་ཁྱོད་འགྲོ་རྣམས་ས་སུ། །རྣམ་པར་རྒྱུ་བའི་ཚེ་ན་རྒྱལ་བའི་ཡོན་ཏན་གཉུག་མར་བྱས། །སྔོན་གྱི་བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་དེ་དག་དྲ་ན་གྱིས་ཏེ། །ཤིང་མཆོག་དྲུང་དུ་མྱུར་སོང་འཆི་མེད་གོ་འཕང་ཐོབ་པར་གྱིས། །ལྷ་མི་དག་ནི་ཤིན་ཏུ་སྐོམ་ཞིང་རྒྱལ་བའི་ཡོན་ཏན་བྲལ། །ཁྱོད་ནི་ཤིན་ཏུ་སྟོབས་ལྡན་བདུད་སྩིའི་རོ་བྲོ་རྟག་ཏུ་སྤྱིན་།། སྟོབས་བརྩུའི་རོ་བྲོ་དམ་པ་མཁས་པ་རྣམས་ཀྱིས་མཆོད་བྱས་པ། །བདུད་སྩ[༄\ུf]་དེ་ནི་མི་བདག་ཁྱོད་ཀྱིས་མྱུར་དུ་རྣམ་པར་ཕྱེ། །རྒྱལ་བའི་ཡོན་ཏན་འགྲོ་ལ་ཕན་པ་བྱེད་ལ་དགའ་བ་པོ། །ཁྱོད་ཀྱིས་སྔོན་གྱི་སྲིད་པར་ནོར་དང་ནོར་བུ་གསིར་རྣམས་བཏང ། །ཆུང་མ་བུ་སྡུག་དག་དང་གྲོང་ཁྱེར་གྲོང་རྡལ་བ་ཅས་པ་དང ། །རང་གི་མགོ་དང་མིག་དང་ལག་པ་དག་དང་རྐང་པའང་བཏང ། །མི་མཆོག་ཁྱོད་ནི་གནའ་སྔོན་རྒྱལ་པོ་དགེ་བར་གྱུར་པའི་ཚེ། །མི་ཞིག་ཁྱོད་ལ་མངོན་དུ་བྱོགས་ནས་འདི་སྐད་ཚིག་སྨྲས་\ུf\ུfབས་ཏེ། །གྲོང་ཁྱེར་གྲོང་རྡལ་བ་ཅས་པའི་ས་འདི་ཁོ་ལ་བྱིན་ཞེས་བྱས། །དེ་ཡི་ཚེ་ན་རབ་ཏུ་དགའ་ཞིང་འཁྲུགས་པར་གྱུར་པ་མེད ། །གནའ་སྔོན་ཁྱོད་ནི་རྒྱལ་པོའི་བྲམ་ཟེ་དགེ་བར་གྱུར་པའི་ཚེ། །སྐྱེ་བོ་བླ་མ་བསྙེན་བཀུར་བྲེད་ཅིང་གཞན་ལ་འཁུ་མི་བྲེད ། །བྲམ་ཟེ་དམ་པ་དག་དང་སྐྱེ་བོ་མང་པོ་དགེ་ལ་
46-205
བཀོད ། །དེ་ནས་ཤི་འཕོས་སྲིད་པའི་འགྲོ་བ་ལྷ་ཡི་གནས་སུ་སྐྱེས། །སྔོན་ཁྱོད་རྒྱལ་པོའི་བུ་ལས་དྲང་སྲོང་དམ་པར་གྱུར་པའི་ཚེ། །རྒྱལ་པོ་ངན་པ་ཁྲོས་པས་ཁྱོད་ཀྱི་ཡན་ལག་བ་ཅད་པ་ན། །ཁྱོད་ནི་ཡིད་འཁྲུགས་གྱུར་པ་མེད་པར་འཆི་བའི་དུས་བྱས་ཏེ། །དེ་ཡི་ཚེ་ན་ཁྱོད་ཀྱི་རྐང་ལག་དག་ལས་འོ་མ་ཟག་།ཁྱོད་སྔོན་དྲང་སྲོང་སྔོ་བསངས་ཞེས་བྱར་གང་ཚེ་གྱུར་པ་ན། །རི་མཆོག་གནས་ན་བརྟུལ་ཞུགས་དགའ་ཞིང་བླ་མ་ལ་ཡང་དགའ། །མི་ཡི་བདག་པོས་དུག་མད་འ་དག་གིས་ཁྱོད་ལ་བསྣུན་པ་ན། །ཁྱོད་ནི་རྒྱལ་པོ་དེ་ལ་ཡིད་འཁྲུགས་མེད་ཅིང་སྙིང་བརྩེར་གྱུར། །ཁྱོད་སྔོན་རི་དགས་བདག་པོ་ཡོན་ཏན་ཅན་དུ་གྱུར་པའི་ཚེ། །རི་གཟར་འབབ་ཆུ་ཆེན་པོས་མི་ཞིག་ཁྱེར་བར་གྱུར་པ་ན། །ཕན་དང་ལྡན་པ་ཁྱོད་ཀྱིས་མི་དེ་ཕྱུང་སྟེ་ཐང་ལ་བཞག་།ཁྱོད་ཀྱི་དགྲ་བོ་ཁྲིད་དེ་འོང་ས་པ་ན་ཡང་ཡིད་མ་འཁྲུགས ། །མི་མཆོག་ཁྱོད་སྔོན་བྲམ་ཟེའི་བུར་ནི་གང་ཚེ་གྱུར་པ་ན། །ཁྱོད་ཀྱི་ནོར་བུ་རྒྱ་མཚོ་ཆེན་པོ་ཡང་ས་པར་ལྷུང་བའི་ཚེ། །ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ཟད་པར་བྱ་བར་བརྩམས་པ་དང ། །སྟོབས་བརྟན་བྱུ་མཆོག་ཁྱོད་ཀྱི་ནོར་བུ་དེ་ཚེ་ཕྱིར་ཡང་རྙེད ། །སྐྱེས་བུ་མཆོག་ཁྱོད་གནའ་སྔོན་དྲང་སྲོང་དམ་པར་གྱུར་པའི་ཚེ།། བྲམ་ཟེ་ཞིག་གིས་བདག་གི་སྐྱབས་གྱུར་ཤོག་ཅེས་ཁྱོད་གན་འོང་ས། །སྨྲས་པ་བྲམ་ཟེ་དམ་པ་ཁོ་བོ་དགྲ་ལས་བྱུང་ཞེས་བྱས། །ཁྱོད་ཀྱིས་ར་ང་ལུས་བཏང་གིས་བྲམ་ཟེ་དེ་ནི་མ་བཏང་ངོ ། །གནའ་སྔོན་ཤིང་གི་གནས་སུ་དྲང་སྲོང་སྔོ་བསངས་དྲུང་འོང་ས་ཏེ། །འདོད་པས་སྨྲས་པ་ཤིང་འདི་ལོ་མ་དུ་ཡོད་གྲོངས་ཞེས་བྱས། །ཤིང་དེ་ལོ་མ་ཇི་སྙེད་ཡོད་པ་རབ་བགྲངས་རབ་མཁས་པས། །ཁྱོད་ཀྱིས་དེ་བཞིན་ནོར་བ་མེད་ཅིང་འཐུན་པར་ཚིག་ཏུ་བརྗོད ། །ཁྱོད་སྔོན་ནེ་ཙོ་ཡན་ཏན་ལྡན་གྱུར་ཤིང་ལ་གནས་པའི་ཚེ། །ཟད་པར་གྱུར་ཀྱང་སྔོན་གྱི་དྲིན་ལ་
46-206
བསམས་ཏེ་དེ་མ་སྤང་ས། །ལྷ་ཡི་བདག་པོས་ཁྱོད་ཀྱི་ཡོན་ཏན་དྲ་ན་ནས་རབ་ཏུ་དགའ། །སྔ་མཁོ་བཞིན་དུ་ཤིང་མཆོག་དེ་ནི་དཔལ་དང་ལྡན་པར་བྱས། །ཁྱོད་ཀྱི་བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་དེ་དག་མཚུང་ས་མེད་དེ། །ཡོན་ཏན་ལྡན་པ་ཡོན་ཏན་ལམ་ལ་སྤྱད་པས་ཡོན་ཏན་མང ། །ཁྱོད་ཀྱི་དུས་ལ་དབབ་གྲོང་ཁྱེར་བ་ཅས་པའི་ས་ཡང་ཐོང ། །འགྲོ་བ་དག་ནི་རྒྱལ་བའི་ཡོན་ཏན་སྤྱོད་ལ་མྱུར་དུ་ཁོད ། །གང་གི་ཚེ་ན་བུད་མེད་རིན་ཆེན་བཟང་པོའི་གོས་ཀྱིས་ལུས་བརྒྱན་ཏེ།། སིལ་སྙན་དམ་པ་མཆོག་རབ་ཡིད་དུ་འོང་བའི་སྒྲ་ནི་རབ་སྒྲོག་པ། །དེ་ཚེ་བྱོགས་བཅུའི་རྒྱལ་བའི་གཟི་ཡིས་ཚིགས་སུ་བ་ཅད་པ་སྣ་ཚོགས་པ། །སྒྲ་དབྱང་ས་སྙན་པ་འདི་དག་སིལ་སྙན་དག་གི་སྒྲ་ལས་རབ་ཏུ་བྱུང ། །རྒ་དང་ཤི་བས་ཟིན་པའི་འཇིག་རྟེན་དག་ལ་བདག་ནི་སྐྱབས་གྱུར་ཅེས། །འཇིག་རྟེན་སྒྲོན་མ་ཁྱོད་ཀྱིས་བསྐལ་མང་སྔ་རོལ་སྨོན་ལམ་དེ་སྐད་བཏབ། །མི་ཡི་སིང་གེ་ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དག་ནི་དྲ་ན་གྱིས་ཤིག་།རྐང་གཉིས་དབང་པོ་ཁྱོད་དམངོན་པར་འབྱུང་བའི་དུས་ནི་འདི་ཡིན་ནོ། །ཁྱོད་འདིར་སྲིད་པ་ཁྲག་ཁྲིག་དག་ཏུ་སྤྱིན་པ་མང་པོ་དུ་མ་བྱིན། །ནོར་དང་རིན་པོ་ཆེ་དང་གསིར་དང་གོས་བཟང་རིན་ཆེན་སྤྲས་པ་དང་།། རྐང་ལག་དག་དང་མིག་དང་ཕང་ས་པའི་བུ་དང་རྒྱལ་སྲིད་འབྱོར་པ་དག་།ཁྱོད་ཀྱིས་བཏང་ཡང་ཁྱོད་ནི་སློང་བ་རྣམས་ལ་ཐ་བ་ཞེ་ལྡང་མེད། །ཁྱོད་འདིར་ཟླ་བའི་ཏོག་དང་མཆེ་བ་བཟང་དང་རྒྱལ་པོ་ཞི་བར་གྱུར། །སྙིང་བརྩེ་སྙིང་རྗེའི་ཡིད་དང་ཟླ་བའི་སྒྲོན་དང་གརྩུག་ན་ནོར་བུར་གྱུར། །རྒྱལ་པོ་དཔའ་བོ་བརྟན་དང་མིག་བཟང་ས་དང་ནི་དེ་ལ་སོགས་པ་བྱས། །རྒྱལ་པོ་ཁྲག་ཁྲིག་མང་པོ་སྤྱིན་དགའ་རྣམ་པར་འཕྲུལ་པ་དེ་ཉིད་ཁྱོད ། །བདེ་བར་གཤེགས་པ་ཁྱོད་ཀྱིས་བསྐལ་པ་མང་པོར་ཚུལ་ཁྲིམས་སྤྱོད་པ་སྤྱད ། །ནོར་བུ་རིན་ཆེན་དྲི་མ་མེད་པ་ལྟ་བུར་ཚུལ་ཁྲིམས་
46-207
རྣམ་དག་གྱུར། །ཁྱོད་ཀྱིས་འབྲི་ཡི་རྔ་མ་ཅི་འདྲ་དེ་འདྲ་ར་ཆུལ་ཁྲིམས་བསྲུང་ས་ཤིང་སྤྱད ། །ཚུལ་ཁྲིམས་དགའ་བས་ཁྱོད་ཀྱིས་འདིར་ནི་འགྲོ་ལ་རྒྱ་ཆེར་དོན་ཡང་བྱས། །འདིར་ཁྱོད་གླང་པོ་མཆོག་ཏུ་གྱུར་ཏེ་ཇོན་པ་དགྲ་ཡིས་མད་ས་བསྣུན་ཚེ། །གཏུམ་པོ་དགྲ་ལ་སྙིང་བརྩེ་སྙིང་རྗེ་བསྐྱེད་ནས་དེ་ནི་ཁྱོད་ཀྱིས་བསྐྱབས། །བཟང་ཞིང་མ་ཛིས་པའི་མཆེ་བ་ཡོངས་སུ་བཏང་སྟེ་ཚུལ་ཁྲིམས་ཡོང་མ་བཏང ། །ཁྱོད་ཀྱིས་དེ་ལ་སོགས་པ་ཚུལ་ཁྲིམས་རྣམ་པར་འཕྲུལ་པ་མང་པོ་བྱས། ། བཟོད་ལ་དགའ་བས་ཁྱོད་ཀྱིས་འགྲོ་བའི་མི་ཕན་སྡུག་བསྔལ་སྟོང་མང་དང ། ། ཚིག་རྩུབ་ང་ག་དང་བསད་པ་དང་ནི་བཅིང་བ་མང་པོ་བཟོད་པར་བྱས། །ཁྱོད་ཀྱིས་གནའ་སྔོན་མི་གང་དག་ལ་བདེ་བ་ཀུན་གྱིས་རིམ་གྲོར་བྱས། །དེ་དག་གྱི་ནས་ཁྱོད་ཀྱི་གཤེད་མར་གྱུར་ཀྱང་ཁྱོད་ཀྱིས་དེ་དག་བཟད ། །མགོན་པོ་ཁྱོད་ནི་རི་མཆོག་གནས་ན་གང་ཚེ་བེད་མོར་གྱུར་པའི་ཚེ། །ཁ་བ་བབ་ཅིང་ཆུ་པུ?ག་པས་ནི་འཇིགས་ཤིང་སྐྲག་པའི་མི་བཟུང་སྟེ། ། རྩ་བ་འབྲས་བུ་རྣམ་པ་མང་དང་བདེ་བ་ཀུན་གྱིས་རིམ་གྲོ་བྱས། །དེ་ཡིས་མྱུར་དུ་ཁྱོད་ལ་གསོད་པ་ཁྲིད་འོང་ས་ཁྱོད་ཀྱིས་དེ་ལ་བཟད ། །བྱང་ཆུབ་བ་ཙལ་ཕྱིར་བརྟུལ་ཞུགས་དཀའ་ཐུབ་ཡོན་ཏན་རྣམ་མང་ཡེ་ཤེས་ལ། །ཁྱོད་ཀྱིསབརྩོནའགྲུས་ཤིན་ཏུ་བརྟན་པར་གནས་ཤིང་མི་གཡོ་གཡོ་བ་མེད ། །དབང་སྒྱུར་བདུད་ཀྱང་ཁྱོད་ཀྱིས་བརྩོན་འགྲུས་སྟོབས་ཀྱིས་སྟོབས་ནི་མེད་པར་བྱས། །མི་ཡི་སིང་གེ་ཁྱོད་འདིར་མངོན་པར་འབྱུང་བའི་དུས་ལ་དབབ་བོ།། ཁྱོད་འདིར་གནའ་སྔོན་ཁ་བའི་ཁ་དོག་འདྲ་བའི་རྟ་མཆོག་གྱུར་པའི་ཚེ། །སྙིང་རྗེ་བསྐྱེད་ནས་ནམ་མཁའ་ལས་ནི་ས?ཕྱིན་པོའི་གླིང་དུ་མྱུར་དུ་སོང ། །དེ་ཚེ་ཕོང་ས་ཤིང་འདུག་པའི་མི་དེ་བླང་ས་ཏེ་བདེ་ལ་རབ་ཏུ་བཞག་།ཁྱོད་ཀྱིས་འདི་ལ་སོགས་པ་བརྩོན་འགྲུས་རྣམ་པར་འཕྲུལ་པ་མང་པོ་བྱས། །མྱུར་དུ་འགྱུར་ཞིང་གཡོ་ལ་ཡུལ་
46-208
ལ་དགའ་ཞིང་གོད་པའི་སེམས་བརྟུལ་ཏེ། །བསམ་གཏན་པར་གྱུར་དུལ་དེས་ཞི་གནས་རྣམས་ཀྱིས་ཉོན་མོང་ས་ག་ཙོ་བོ་བཅོམ། །ཁྱོད་འདིར་བསམ་གཏན་དགའ་བས་རང་གི་ཡོན་ཏན་དག་གིས་འགྲོ་དོན་བྱས། །དའདིར་སེམས་ཅན་མཆོག་ཁྱོད་བསམ་གཏན་རྣམ་འཕྲུལ་བྱ་བའི་དུས་ལ་བབ། །གནའ་སྔོན་ཁྱོད་ནི་དྲང་སྲོང་བསམ་གཏན་དགའ་ཞིང་རབ་ཏུ་གནས་པར་གྱུར ། །རྒྱལ་པོ་མེད་པའི་མི་དག་གིས་ནི་ཁྱོད་ཁྲིད་རྒྱལ་སྲིད་དབང་ཡང་བསྐུར། །ཁྱོད་ཀྱིས་སྐྱེ་བོ་དག་ནི་དགེ་བ་བཅུ་དང་ཚང་ས་པའི་ལམ་ལ་བཀོད ། །དེ་ཡི་ཚེ་ན་མི་ལས་ཤི་འལོས་ཐམས་ཅད་ཚང་ས་པའི་གནས་སུ་དོང ། །བྱོགས་དང་བྱོགས་མཚམས་འགྲོ་བ་རྣམ་མང་ཤེས་པའི་ཚོ་ག་ཁྱོད་རབ་མཁས། གཞན་གྱི་སྤྱོད་དང་འགྲོ་བའི་སྐད་ཤེས་པ་དང་དབང་པོ་ཤེས་པ་དང ། །ཚུལ་དང་འདུལ་དང་བློ་གྲོས་རྣམ་མང་རྒྱུ་བའི་ཕ་རོལ་ཁྱོད་ན་གྱུར། །རྒྱལ་པོའི་ས?ས་ཁྱོད་འདིར་ནི་མངོན་པར་འབྱུང་བའི་དུས་ལ་ད་བབ་བོ། །ཁྱོད་ཀྱིས་གནའ་སྔན་སྐྱེ་བོ་ལྟ་བ་ལོག་པར་ཞུགས་པར་གྱུར་པ་དག ། རྒ་ཤི་སྡུག་བསྔལ་རྣམ་པ་མང་པོས་ཉམ་ཐག་འཁོད་པ་འདི་མཐོང་ནས། ། སྲིད་པ་རྣམ་པར་གཞིག་པའི་དྲང་ལམ་ཉིད་ཀྱིས་ཁོང་དུ་ཆུད་བྱས་ཏེ། ། མྱུན་པ་བཅོམ་པ་ཁྱོད་ཀྱིས་འཇིག་རྟེན་དག་ལ་དོན་ཆེན་རབ་ཏུ་བྱས། །ཚིགས་བ་ཅད་རྣམ་པ་མང་པོ་མཇེས་པ་ཡོན་ཏན་ལྡན་པ་སྣ་ཚོགས་འདིས། །སིལ་སྙན་སྒྲ་བསྒྲགས་དེ་ལས་རྒྱལ་བའི་གཟི་ཡིས་དཔའ་བོ་སྐུལ་བར་གྱུར ། །བློ་མཆོག་ལྡན་པ་ཁྱོད་འདིར་མངོན་པར་འབྱུང་བའི་དུས་ནི་དབབ་ཀྱིས། །སྡུག་བསྔལ་གང་བའི་སྐྱེ་བོ་འདི་དག་མཐོང་ནས་བཏང་སྟོམས་མ་བྲེད་ཅིག ། ཁུད་མེད་གོས་དང་རིན་པོ་ཆེ་དང་དོ་ཤལ་སྤོས་ཕྲེང་སྣ་ཚོགས་ཀྱིས། །བརྒྱན་པ་དག་ཀྱང་སེམས་དང་ཕང་ས་པ་སྐྱེས་ནས་རབ་ཏུ་དགའ་བ་རྣམས། །སེམས་ཅན་མཆོག་ལ་སིལ་སྙན་
46-209
རབ་ཏུ་སྒྲོག་ཅིང་སློང་བར་བྲེད་པ་ན། །རྒྱལ་བའི་མཐུ་ཡིས་སིལ་སྙན་དག་ལས་ཚིགས་སུ་བ་ཅད་པ་འདི་འདྲ་བྱུང ། །གང་གི་དོན་དུ་ཁྱོད་ཀྱིས་འགྲོ་ལ་ཕན་གྱིར་བསྐལ་པ་དུ་མར་ནི། །གཏང་བར་དཀའ་བ་བཏང་ཞིང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ཤིན་ཏུ་སྤྱད ། །བསམ་གཏན་ཤེས་རབ་ཤིན་ཏུ་བསྒོམས་པ་ཁྱོད་ཀྱིས་དུས་ལ་དབབ་ཀྱིས ། ། འདྲཝེན་པ་མངོན་པར་འབྱུང་བའི་བློ་ལ་མྱུར་སོམས་ཕྱིར་ཤོལ་མ་བྱིད་ཅིག་།སྔོན་ཆད་རིན་ཆེན་མཛོད་དང་གསེར་དང་དངུལ་དང་རྒྱན་རྣམས་རབ་ཏུ་བཏང ། །སྐྱེ་བ་དེ་དང་དེ་དག་ཏུ་ནི་མཆོད་སྦྱིན་རྣམ་པ་མང་པོ་བྱས། །ཁྱོད་ཀྱིས་ཆུང་མ་བུ་ཕོ་བུ་མོ་ལུས་དང་རྒྱལ་སྲིད་སྲོག་བཏང་སྟེ། ། བྱང་ཆུབ་དོན་དུ་གཏང་བར་དཀའ་བ་དཔག་ཏུ་མེད་པ་ཁྱོད་ཀྱིས་བཏང ། ། ཁྱོད་ནི་རྒྱལ་པོ་མི་དམན་བསོད་ནམས་དཔལ་གྱིས་རྣམ་པར་གྲགས་པར་གྱུར ། ། མྱུ་བྱུད་འཛིན་དང་མུ་བྱུ་ད་ནག་པོ་ཚང་ས་པས་བྱིན་དང་རལ་པ་ཅན། །མཆོད་སྦྱིན་སྟོང་ལྡན་དང་ནི་ཆོས་སེམས་འོད་འཕྲོ་ཅན་དང་ནོར་བརྟན་དང ། །ཤིན་ཏུ་དོན་བསམས་གྱུར་ཏེ་སེམས་ཅན་དམན་ལགཏང་བར་དཀའ་བ་བཏང ། ། ཟླ་བའི་བུ་དང་བཅོན་འགྲུས་འབར་དང་བསོད་ནམས་འོད་ཟིར་ཅན་དུ་གྱུར། ། གཏོང་བ་ཆེ་དང་ལྡན་ཞིང་མཐུ་ལྡན་ཁྱོད་ནི་བྱས་པ་གཟོ་བར་གྱུར། །རྒྱལ་པོ་དྲང་སྲོང་ཟླ་བ་གཟུགས་ལྡན་དཔའ་བོ་བདེན་པ་འཕེལ་བ་དང ། །རྒྱལ་པོ་ལེགས་པར་སྨྲ་བ་ཚོལ་དང་བློ་གྲོས་བཟང་དང་དེས་པར་གྱུར། །ཟླ་བའི་འོད་དང་ཁྱད་པར་འགྲོ་དང་རྡུལ་དང་བྱོགས་ཀྱི་བདག་པོར་གྱུར། །རབ་སྦྱིན་དཔའ་བོ་ཀ་ཤི་རྒྱལ་པོ་རིན་ཆེན་གརྩུག་ཕུད་ཞི་བ་སྟོན ། །མི་དབང་དེ་དག་རྣམས་དང་གཞན་དུ་གྱུར་ཏེགཏང་བར་དཀའ་བ་བཏང ། །ཁྱོད་ཀྱིས་ཇི་ལྟར་གཏོང་བའི་ཆར་ཕབ་དེ་བཞིན་ཆོས་ཀྱི་ཆར་པ་ཕོ་བ། །ཁྱོད་ཀྱིས་སྔོན་ཆད་སེམས་ཅན་སྙིང་པོགང་གང་གཱའི་
46-210
བྲེ་མ་སྙེད་ཅིག་མཐོང ། །སེམས་ཅན་ཐར་བར་བྱ་གྱིར་བྱང་ཆུབ་དམ་པའི་མཚོག་ནི་ཚོལ་བ་ན། །ཁྱོད་ཀྱིས་མཆོད་པ་དཔག་མེད་བསམ་མི་ཁྱབ་པས་སངས་རྒྱས་དེ་དག་མཆོད ། །དཔའ་བོ་གྲོང་ཁྱེར་དམ་པ་འདི་ནས་འབྱུང་བའི་དུས་ལ་དབབ་བོ། །ཐོག་མར་ཁྱོད་ཀྱིས་དོན་ཡོད་མཐོང་ལ་སཱ་ལའི་མེ་ཏོག་གིས་ནི་མཆོད ། །རྣམ་པར་སྣང་མཛད་ལ་ནི་དང་བའི་སེམས་ཀྱིས་སྐད་ཅིག་རབ་ཏུ་བལྟས། །རྔ་དབྱང་ས་ལྡན་པ་ལ་ནི་ཁྱོད་ཀྱིས་ཨ་རུ་ར་ཡི་འཔུ?་ཅིག་ཕུལ། ། ཙན་དན་མཐོང་ནས་ཁྱོད་ཀྱིས་རྩུ་ཡི་མེ་སྒྲོན་བླང་ས་ཏེ་ཁྱིམ་དུ་བཟུང ། །རྟུལ་པོ་གྲོང་ཁྱེར་འཇུག་པ་མཐོང་ནས་བྲེ་མ་སྤར་གང་རབ་ཏུ་གཏོར ། །ཆོས་ཀྱི་དབང་ཕྱུག་ཆོས་འཆད་པ་ན་ལེགས་ཞེས་བྱ་བ་རབ་ཏུ་བྱིན། །ཀུན་ཏུ་གཟིགས་པ་མཐོང་ནས་ཕྱག་འཚལཕྱག་འཚལ་ལོ་ཞེས་ཚིག་ཏུ་བརྗོད ། །འོད་འཕྲོ་ཆེན་པོའི་ཕུང་པོ་ལ་ནི་ཁྱོད་ཀྱིས་དགའ་བས་གསེར་ཕྲེང་གཏོར། །འོད་ཟེར་རྒྱལ་མཚན་ལ་ནི་ཁ་ཚར་ཕུལ་ཞིང་གསལ་ལ་བལ་ས?ན་གཏོར། །ཡེ་ཤེས་ཏོག་ལ་མྱ་ངན་མེད་པའི་མེ་ཏོག་ཁ་ལོ་སྒྱུར་ལ་འཇམ ། །རིན་ཆེན་གཙུག་ཏོར་ཅན་ལ་མར་མེ་པད་མ་ལྡན་ལ་སྨན་ཡང་ཕུལ། །ཐམས་ཅད་ཟིལ་གནོན་མྱུ་ཏིག་དོ་ཤལ་རྒྱ་མཚོ་ལ་ནི་པད་མ་ཕུལ། །པད་མའི་སྙིང་པོ་ལ་ནི་བླ་རེ་སེང་གེ་ལ་ནི་ཆར་གདིང་ཕུལ། ། སཱ་ལའི་དབང་པོ་རྒྱལ་ལ་མར་ཕུལ་མེ་ཏོག་རྒྱས་ལ་འོ་མ་ཕུལ། །གྲགས་སྤྱིན་ཀུན་དའི་མེ་ཏོག་ཕུལ་ཏེ་བདེན་པ་གཟིགས་ལ་ཞལ་ཟས་ཕུལ། །ཡེ་ཤེས་ལྷུན་ལ་ལུས་བཏུད་ཀླུས་བྱིན་ལ་ནི་ན་བཟའ་དབུལ་བ་བྱས། །རབ་མཐོར་གཤེགས་དང་ཙན་དན་མཆོག་དང་འོད་ལྡན་ལ་ནི་ཚཝ་སྤར་རེ། །བཀོད་པ་ཆེ་ལ་པད་མ་དབུལ་བྱས་འོད་ཟིར་རྒྱལ་ལ་རིན་ཆེན་ཕུལ། །ཤཱཀྱ་ཐུབ་ལ་སྤར་གང་གསེར་ཕུལ་དབང་པོའི་ཏོག་ལ་བསྟོད་པ་བྱས། །ཉི་མའི་ཞལ་ལ་མེ་ཏོག་རྣ་རྒྱན་བློ་གྲོས་བཟང་ལ་གསེར་ཅོད་
46-211
པན ། །ཀླུ་ཟིལ་གནོན་ལ་ནོར་བུ་ཕུལ་ཏེ་རྒྱལ་ལ་རས་བཅོས་གདིང་བ་ཕུལ། ། སྨན་གྱི་རྒྱལ་ལ་རིན་ཆེན་གདུགས་ཕུལ་སེང་གེའི་ཏོག་ལ་ཁྲི་གད་ན་ཕུལ། །ཡོན་ཏན་མཆོག་ལྡན་རིན་ཆེན་དྲ་བ་འོད་སྲུང་ལ་ནི་གླུ་དབྱང་ས་ཀུན། །སྤོས་མཆོག་མེ་ཏོག་ཕུལ་ཞིང་འོད་འཕྲོའི་ཏོག་ལ་རྟག་ཏུ་མ་ཏོག་ཕུལ། །མི་འཁྲུགས་རྒྱལ་ལ་ཁང་བརྩེགས་ཕུལ་ཞིང་འཇིག་རྟེན་མཚོད་ལ་ཕྲེང་བ་ཕུལ། །རྒྱ་སྤོས་གཙུག་ལག་རྒྱལ་སྲིད་དབུལ་བྱས་རྒྱལ་བར་དགའ་ལ་སྤོས་ཀུན་ཕུལ། །སྒྲོན་མ་ཆེ་ལ་བདག་ཕུལ་པད་མའི་མཆོག་ལ་རྒྱན་རྣམས་དབུལ་བ་བྱས། །ཆོས་ཀྱི་ཏོག་ལ་མེ་ཏོག་སྣ་ཚོགས་སྒྲོན་མ་མཛད་ལ་ཨུད་པ་ལ། །མཚོད་པ་རྣམ་པ་སྣ་ཚོགས་ཐ་ད་གཞན་དང་གཞན་དག་བྲེད་པ་ན། །ཁྱོད་ཀྱིས་སེམས་ཅན་སྙིང་པོ་དེ་དག་རྣམས་དང་གཞན་ཡང་སྔོན་ཆད་མཆོད ། །འདས་པའི་སངས་རྒྱས་རྣམས་དང་སྟོན་པ་དེ་དག་ཁྱོད་མཆོད་དྲ་ན་པར་གྱིས། །སེམས་ཅན་མགོན་མེད་མྱ་ངན་གང་བ་ཡལ་བར་མ་དོར་མངོན་པར་བྱུང ། །མར་མེ་མཛད་པ་མཐོང་བ་ཙམ་གྱིས་ཁྱོད་ཀྱིས་བཟོད་པ་མཆོག་ཐོབ་སྟེ། །རྗེས་སུ་འཐུན་པའི་མངོན་པར་ཤེས་པ་ལྔ་པོ་ཉམས་པ་མེད་པ་ཐོབ། །དེ་ནས་རབ་ཏུ་དགའ་བས་བསྐལ་པ་གྲང་ས་མེད་འཇིག་རྟེན་ཁམས་ཀུན་དུ། །སངས་རྒྱས་དག་ནི་རེ་རེ་ལ་ཡང་མཆོད་པ་བསམ་གྱིས་མི་ཁྱབ་བྱས། །བསྐལ་པ་དཔག་མེད་དེ་དག་ཟད་གྱུར་སངས་རྒྱས་དེ་དག་མྱ་ངན་འདས།། ཁྱོད་ཀྱི་ལུས་རྣམས་ཐམས་ཅད་དང་ནིདེ་དག་མིང་ཡང་གང་དུ་སོང ། །དངོས་པོ་ཐམས་ཅད་ཐ་མར་འཛད་པའི་ཚོས་ཏེ་འདུས་བྱས་རྟག་པ་མེད ། །འདོད་པ་རྒྱལ་སྲིད་ལོང་ས་སྤྱོད་རྟག་པ་མིན་གྱིས་གྲོང་ཁྱེར་མཆོག་ནས་བྱུང ། །བསྐལ་པ་ཟད་པར་འགྱུར་ཚེ་གཟི་བརྗིད་དྲ་ག་པོ་འཇིགས་པའི་མེ་འོད་ལྟར། །རྒ་དང་ན་དང་འཆི་བ་མི་བཟད་འཇིགས་པ་ཆེན་པོ་འོང་བར་འགྱུར། །དངོས་པོ་ཐམས་
46-212
ཅད་ཐ་མར་འཛད་པའི་ཆོས་ཏེ་འདུས་བྱས་རྟག་པ་མེད ། །ཤིན་ཏུ་སྡུག་བསྔལ་སེམས་ཅན་ནལྟོས་ལ་ཡོན་ཏན་ལྡན་པ་མངོན་པར་བྱུང ། །རྒྱལ་པོ་བདེ་བའི་མལ་ན་ཉལ་གྱུར་ཅིང ། །གང་ཚེ་མོ་ཚོགས་གླིང་བུ་རྒྱུད་གཅིག་དང ། །སིལ་སྙན་སྣ་ཚོགས་སྒྲ་ཡིས་སློང་བྲེད་པ། །དེ་ཚེ་སིལ་སྙན་སྒྲ་ལས་འདི་དག་བྱུང ། ། སྲིད་གསུམ་རྒ་དང་ན་དཀྱི་སྡུག་བསྔལ་འབར། །འཆི་མེ་རབ་འབར་འདི་ནི་མགོན་མེད་པ། ། སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་མོང་ས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བ་བཞིན། ། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ ། ། འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུང་ས། ། འགྲོ་བའི་ཚེ་འགྲོ་ན་མ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མརྒྱོགས་འགྲོ། ། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་ཕང་ལོ་བསྐོར་བ་བཞིན ། ། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང ། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྲེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང ། ། འཇིགས་བ་ཅས་རྟག་ཏུ་དགྲ་བྲེད་ཉོན་མོངས་བ་ཅས། །རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུང་ས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤང་ས། །འདོད་པའི་ཡོན་ཏན་འཇིགས་བ་ཅས་ཉོན་མོང་ས་བ་ཅས། །རྟག་ཏུ་རྗེད་པར་བྲེད་པ་མུན་པ་འདྲ ། །རྟག་ཏུ་འཇིགས་པའི་རྒྱུ་བྲེད་སྡུག་བསྔལ་རྩ། ། སྲིད་པའི་སྲེད་པའི་འཁྲི་ཤིང་འཕེལ་བར་བྲེད ། །ཇི་ལྟར་མེ་འབར་འོབས་ནི་འཇིགས་བཅས་པ།། དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག ། འད་མ་རྗབ་ཆེ་འདྲ་ར་ལ་གྲི་གཤེགས་གནས་འདྲ ། །རལ་གྲིའི་སོ་ལ་སྤྲང་སྩིས་བསྐུས་དང་མཚུང་ས། ། ཇི་
46-213
ལྟར་སྤྲུལ་གྱི་མགོ་དང་ངན་སྐྱུགས་སྣོད ། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག་།བྱ་ཤ་ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བ་ཅས་པ་ཡིན ། །འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ ། །གཟུགས་བརྙན་མཚུང་ས་ཤིང་བྲག་ཅ་འདྲ་བ་དང ། །མིག་ཡོར་འདྲ་ཞིང་གར་ལ་ལྟ་འདྲ་དྲ་དང་།། མི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག་།འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུ་ཡང་དག་མིན། །ཡོངས་སུ་བཏགས་ལས་བྱུང་བར་མཁས་པས་རྟོགས། །ན་ཚོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ། །ཕང་ས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད ། །རྒ་ན་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་ནས། །ནམ་པར་སྤོང་སྟེ་རི་དགས་ཀླུང་སྐམ་བཞིན། ། ནོར་འབྲུ་དམ་པ་རྗས་མང་སྟོབས་ལྡན་ཚེ། ། ཕང་ས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད ། །ནོར་ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ། །རྣམ་པར་སྤོང་སྟེ་མི་ཡིས་འབྲོག་སྟོང་བཞིན། །ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང ། །དེ་ལྟར་སྤྱིན་འདོད་མི་ལ་དགའ་བར་བྲེད ། ། ནོར་ཉམས་རྒ་བས་ཉེན་ཅིང་སྤང་བ་ན། །དེ་ཚེ་དགའ་བར་མི་འགྱུར་བྱ་གོད་བཞིན ། །རྫས་ལྡན་གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན། །ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྲེད ། ། ད་གའ་ན་སྡུག་བསྔལ་ཉེན་ཅིང་ནོར་ཟད་ན། །དེ་ཚེ་འདོད་པར་མི་འགྱུར་འཆི་བདག་བཞིན། །རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན ། །སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན། །རྒ་བས་འཁོགས་ན་འཇིགས་བ་ཅས་ཁང་རུལ་འདྲ ། །རྒ་ལས་བྱུང་བ་ཐུབ་པ་མྱུར་དུ་སྨྲོས། །བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །མ་ལུའི་འཁྲི་ཤིང་སཱ་ལའི་ནགས་སྟུག་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །དཔེར་ན་སྐྱེས་
46-214
བུ་འདམ་དུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྲེད ། ། རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག་།རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྲེད ། །རྒ་བས་འཆི་བྲེད་རྒ་བས་མད་ངས་ཀྱང་འཕྲོག་།ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཅེས་ཏེ་མི་ཡིས་རི་དགས་བཞིན། །རྒ་དང་ན་བས་བཅོམ་པའི་འགྲོ་པྟོ་ས་ལ། །སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོད་ཅིག་།དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩ་ཤིང་གེལ་བ་ནགས་སྨན་མད་ངས་ཀྱང་འཕྲོག་།དེ་ལྟར་ནད་འདི་འགྲོ་བའི་མད་ངས་འཕྲོག་ཅིང ། །དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྲེད ། ། ནོར་འཔུ?་ནོར་ཆེན་ཐ་མར་ཟད་པར་བྲེད ། །ན་དནི་རྟག་ཏུ་འགྲོ་བ་བརྙས་པར་བྲེད ། ། གནོད་པ་བྲེད་ཅིང་སྡུག་ལ་ལྡང་བར་བྲེད ། །ཡོངས་སུ་གདུང་བྲེད་མཁའ་ལས་ཉི་མ་བཞིན། །འཆི་དང་འཕོ་དང་འཆི་འཕོ་དུས་བྲེད་པ། །ཕང་ས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །གྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུ་འདྲ་ཞིང་ཀླུ་ཡི་རྒྱན་དང་མཚུངས། །ཞི་བ་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད ། །འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲྀཕྱིན་བཞིན ། །ཀླུ་ལ་མཁའ་ལྡིང་གླང་ཆེན་སིང་གེ་འདྲ ། །ཙོ་རྩི་འབྱུང་པོའི་ཚོགས་ལ་མེ་དང་མཚུང་ས། །སྐྱོན་བརྒྱ་མང་པོ་འདི་འདྲ་འདི་དག་ལས། །འགྲོ་བ་སྒྲོལ་ཞེས་ཁྱོད་ཀྱིས་སྨོན་ལམ་བཏབ། །སྔོན་གྱི་སྨོན་ལམ་སྤྱོད་པ་དེ་དྲ་ན་བྱོས། །ཁྱོད་ནི་མངོན་པར་འབྱུང་བའི་དུས་ལ་བབ། །གང་ཚེ་བུད་མེད་ཚོགས་ནི་རབ་དགའ་ཞིང ། །སིལ་སྙན་དག་གིས་ཐུབ་ཆེན་སློང་བྲེད་པ། །
46-215
དེ་ཚེ་བདེ་བར་གཤེགས་པ་རྣམས་ཀྱི་མཐུས། །ཚིགས་བ་ཅད་སྣ་ཚོགས་སིལ་སྙན་སྒྲ་ལས་བྱུང ། །འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་རྒྱུན་རིང་དུ་མི་གནས་བཞིན། །ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱིས ། ། བརྟུལ་ཞུགས་བཟང་པོ་མངོན་འབྱུང་དུས་ལ་བབ། །འདུ་བྱིད་མི་རྟག་བརྟན་པ་མ་ཡིན་ཏེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག་།གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུང་ས། ། བྲེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོགས། །འདུ་བྲེད་འདི་དག་འཇིག་པའི་ཆོས་ཅན་ཏེ ། །དབྱར་གྱི་ཞལ་ཞལ་ཇི་ལྟར་འགོགས་པ་བཞིན། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་རང་བཞིན་ཉམ་ཆུང་བ། །འདུ་བྲེད་མར་མེའི་འོད་འཕྲོ་འདྲ་བ་སྟེ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཡིན། །རླུང་དང་མཚུང་ས་པར་རིང་དུ་མི་གནས་ལ། ། དབུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད ། །འདུ་བྲེད་གཡོ་བ་མེད་ཅིང་སྟོང་པ་སྟེ། ། བརྟགས་ན་ཆུ་ཤིང་དག་གི་ཕུང་པོ་འདྲ ། །སྒྱུ་མ་ལྟ་བུར་སེམས་ནི་ཆོང་ས་པར་བྱེད ། །ལག་བ་ཅང་ས་སྟོང་ས་པས་བྱིས་པ་བྲིད་དང་མཚུང་ས། །འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང ། །རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། ། གཅིག་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང ། །བྱིས་པའི་སྐྱེ་བོས་འདི་འདྲ་དེ་མ་རྟགས། །དཔེར་ན་གེས་མ་མྱུནཛ་བརྟེན་བྱས་ལ། ། རྩོལ་བའི་སྟོབས་ཀྱིས་ཐག་པར་སྒྱུར་བ་དང ། །ཟོ་ཆུན་རྒྱུད་མོ་འཁོར་ལོར་བ་ཅས་པ་ཡང ། ། དེ་དག་རེ་རེས་འགྲུབ་པར་འགྱུར་བ་མེད ། །དེ་ལྟར་སྲིད་པའི་ཡན་ལག་ཀུན་གྲུབ་པ། །གཞན་དང་གཞན་ཚོགས་པ་ལ་བརྟེན་ནས་ནི། །དེ་དག་སོ་སོ་རེ་རེར་འགྲུབ་པར་འགྱུར ། །སྔོན་གྱི་མཐའ་དང་གྱི་མའི་མཐའ་མི་དམིགས། །ས་བོན་ཡད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་[--]ང་
46-216
གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །མ་རིག་པ་ཡི་འདུ་བྲེད་རྐྱེན་ཡིན་ཏེ། །འདུ་བྲེད་དེ་ཡང་ཡང་དག་ཉིད་དུ་མེད ། ། མ་རིག་པ་དང་འདུ་བྲེད་དེ་དག་ཀྱང ། །རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན།། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་གྱུར་པའང་ཡོད་མ་ཡིན།། དེ་ལདེ་མེད་གཞན་ལས་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །མིག་དང་གཟུགས་ལ་བརྟེན་པ་བྱས་ནས་ས་སུ། །མིག་གི་རྣམ་པར་ཤེས་པ་འདིར་འབྱུང་ཡང ། །མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ། །གཟུགས་ཀྱང་མིག་ལ་འཕོ་བ་ཡོད་མ་ཡིན ། །འདི་དག་བདག་མེད་མི་སྡུག་ཆོས་ཅན་ཡང ། ། དེ་དག་བདག་དང་སྡུག་པར་བརྟགས་པ་སྟེ། །ནོར་པ་ཡང་དག་མ་ཡིན་བརྟགས་ཡིན་ཡང ། །དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང ། །རྣམ་པར་ཤེས་པ་འགགས་ནས་འབྱུང་འགྱུར་ཏེ། །མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང ། །གང་དུ་མ་སོང་གང་ནས་འོང་ས་པ་མིན། །རྣལ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང ། །དཔེར་ན་གཙུབ་ཤིང་དང་ནི་གརྩུབ་སྟན་དང ། །ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་པ། །དེ་ལ་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ། ། བྱུང་ནས་རིང་པོར་མི་ཐོགས་འགག་པར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །འདི་ནི་གང་ནས་འོང་ས་ལ་གར་སོང་ཞེས། །ཁྱོགས་དང་ཁྱོགས་མཚམས་ཀུན་ཏུ་བརྟགས་བྱས་ནས། །དེ་ཡི་འོང་བའམ་འགྲོ་བ་མི་དམིགས ། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ཀྱི། །རྐྱེན་ནི་མ་རིག་པ་དང་སྲེད་དང་ལས། །དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང ། །དེ་ནི་དམ་པའི་དོན་དུ་དམིགས་སུ་མེད ། །མཆུ་དང་ལྐོག་མ་རྐན་ལབརྟེན་ནས་ནི། ། ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང ། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་
46-217
མིན། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་ལ་བརྟེན་ནས་ང་ག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། །ཡིད་དང་ང་ག་ནི་མི་སྣང་གཟུགས་མེད་དེ། །ནང་དང་ཕྱི་རོལ་ན་ཡང་དམིགས་སུ་མེད ། །མཁས་པས་ང་ག་སྐད་སྒྲ་དང་དབྱང་ས་རྣམས་ཀྱི། །སྐྱེ་དང་འཇིག་ལ་རྣམ་པར་བརྟགས་བྱས་ན ། །དེ་ཚེ་ང་ག་ཀུན་བྲག་ཅ་ལྟ་བུ་དང ། །སྐད་ཅིག་པ་དང་སྙིང་པོ་མེད་པར་མཐོང ། །དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། །ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲ་སྙན་པི་བང་གླིང་བུ་ལ་སོགས་པ། །དེ་དག་ལས་ནི་སྒྲ་ཡང་འབྱུང་བར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །འདི་ནི་གང་ནས་འོང་ས་ལ་གར་སོང་ཞེས། །བྱོགས་དང་བྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། །སྒྲ་ཡི་འོང་བའམ་འགྲོ་བ་མི་དམིགས ། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་རྣམས་ལས། །འདུ་བྲེད་གྱུར་པ་ཐམས་ཅད་བྱུང་བ་སྟེ། །ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། །འདུ་བྲེད་སྟོང་པ་གཡོ་བ་མེད་པར་མཐོང ། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་གྱི་རོལ་སྟོང་པ་སྟེ། ། ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད ། །ཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། །མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། །ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། །དེ་བཞིན་ལྷ་མིར་བ་ཅས་པ་རྟོགས་པར་གྱིས། །གནོད་པ་ཡང་དག་མ་ཡིན་བརྟགས་པ་ཡི། །འདོད་ཆགས་ཞེ་ལྡང་དག་གིས་འགྲོ་བ་གདུངས། །སྙིང་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། ། འདྲེན་པ་བདུད་རྩི་རྒྱུན་ནི་རབ་ཏུ་ཕོབ། །བྱང་ཆུབ་དམ་པ་ཡང་དག་ཐོབ་ནས་ནི། །འཕགས་པའི་ནོར་གྱིས་སྲོག་ཆགས་བསྡུའོ་ཞེས།། མཁས་པ་ཁྱོད་ཀྱིས་གང་གི་ཆེད་ཀྱི་གྱིར། །བསྐལ་པ་བྲེ་བ་མང་པོར་སྤྱིན་པ་
46-218
བྱིན། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲ་ན་གྱིས་ཏེ། །འཕགས་པའི་ནོར་གྱིས་དམན་དབུལ་སྡུག་བསྔལ་ལ། །སེམས་ཅན་ཁ་ལོ་སྐྱུར་བ་མ་གཡེལ་བར ། །འཕགས་པའི་ནོར་གྱིས་དེ་དག་བསྡུ་བར་གྱིས། །ངན་སོང་ས་ཡི་ལམ་ནི་བ་ཅད་པ་དང ། །མཐོ་རིས་བདུད་སྩིའི་སྒོ་མོ་མཆོག་དེ་ནི། །སེམས་ཅན་བྲེ་བ་མང་ལ་བསྟན་ཞེས་ཏེ། །ཁྱོད་ཀྱིས་རྟག་ཏུ་ཚུལ་ཁྲིམས་ཤིན་ཏུ་བསྲུང་ས། །ཚུལ་ཁྲིམས་ལྡན་པས་བསམས་པ་འགྲུབ་འགྱུར་གྱིས ། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲ་ན་གྱིས་ལ།། ངན་སོང་གསུམ་པོའི་ས་ཡི་སྒོ་ཆོད་དེ། །མཐོ་རིས་བདུད་སྩིའི་སྒོ་ནི་དབྲེ་བར་གྱིས། ། སྲོག་ཆགས་རྣམས་ཀྱི་ཁོང་ཁྲོ་ཁྲོ་གཞིལ་དང ། སྲིད་པའི་མཚོ་ལས་སེམས་ཅན་བསྒྲལ་བྱས་ཏེ། །ཞི་བདེ་རིམས་ནད་མེད་ལ་དགོད་དོ་ཞེས། །ཁྱོད་ཀྱིས་རྟག་ཏུ་བཟོད་པ་ཤིན་ཏུ་བསྒོམས། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲ་ན་གྱིས་ཏེ། ། དགྲ་དང་གནོད་སེམས་འཚེ་བས་དཀྲུགས་པ་ཡི། །འཚེ་བ་སྤྱོད་པ་ཡལ་བར་མ་དོར་བར། །འགྲོ་བ་འདི་དག་བཟད་པའི་ས་ལ་ཁོད ། །ཆོས་ཀྱི་གྲུ་ནི་ལེགས་པར་སྦྱར་བྱས་ལ། ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བསྒྲལ་ཏེ། །ཞི་བདེ་རིམས་ནད་མེད་ལ་དགོད་དོ་ཞེས། །གང་གི་དོན་དུ་ཁྱོད་ཀྱིས་བརྩོན་འགྲུས་བརྟེན ། ། སྔོན་གྱི་སྤྱོད་དེ་ལ[༄\ུf\ུf]ས་སུ་དྲ་ན་གྱིས་ལ། །འགྲོ་བ་ཆུ་བོ་བཞི་ཡིས་ཁྱེར་གྱུར་པ། ། སེམས་ཅན་མགོན་མེད་པ་དག་བཅོན་སྟོབས་དང ། །བརྟུལ་བའི་ཤུགས་ཀྱིས་མྱུར་དུ་འདི་དག་ཐོན། །དབང་པོ་འཁྲུལ་དང་ཕལ་པའི་དབང་པོ་དང ། །སྤྲེའུ་འདྲའི་སེམས་ལས་ཞི་གནས་ངས་དགོད་ཅེས། །འབེན་པ་ཁྱོད་ཀྱིས་གང་གི་ཆེད་ཀྱི་གྱིར ། །ཉོན་མོང་ས་གཞིལ་བའི་བསམ་གཏན་བསྒོམས་གྱུར་པ། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲ་ན་གྱིས་ཏེ། །ཉོན་མོང་སདྲ་བས་དཀྲུགས་པར་གྱུར་པ་ཡི། །འགྲོ་ལ་མ་གཡེལ་ཉོན་མོང་ས་གཅེས་པ་ལས། །བསམ་གཏན་མཆོག་ལ་སྐྱེ་དགུ་འདི་
46-219
དག་ཁོད ། །གཏི་མྱུག་མ་རིག་མྱུ་ན་པས་བསྒྲིབས་པ་ཡི། །འགྲོ་ལ་ཆོས་བརྒྱ་མང་པོ་མཐོང་བྲེད་པ། །ཡང་དག་མཐོང་བའི་མིག་ནི་སྤྱིན་ནོ་ཞེས། །ཁྱོད་ཀྱིས་སྔོན་ཆད་ཤེས་རབ་ཤིན་ཏུ་བསྒོམས། །སྔོན་གྱིས་སྤྱོད་དེ་རྗེས་སུ་དྲ་ན་གྱིས་ལ། ། གཏི་མྱུག་མ་རིག་མུན་པས་བསྒྲིབས་པ་ཡི། །འགྲོ་ལ་ཤེས་རབ་དམ་པ་འོད་བཟང་བ། །ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། །བུད་མེད་རྣམས་ཀྱི་སིལ་སྙན་གླུ་དབྱང་ས་ལས། །ཚིགས་སུ་བ་ཅད་པ་འདི་འདྲ་འདི་བྱུང་སྟེ། །དེ་ཐོས་ནས་ནི་རྒྱགས་པ་རྣམ་སྤང་ས་ནས། །བྱང་ཆུབ་དམ་པ་མཆོག་ཏུ་སེམས་བཏང་ངོ་།། ད་གེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བ་ཚྱིན་མོའི་འཁོར་གྱི་ནང་ན་འདུག་པའི་ཚེ་ཡང་ཆོས་མཉན་པ་དང་བྲལ་བར་མ་གྱུར་ཏོ། །ཆོས་ཡིད་ལ་བྲེད་པ་དང་བྲལ་བར་མ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡུན་རིང་པོ་ནས་ཆོས་དང་ཚོས་སྨྲ་བ་རྣམས་ལ་གུས་པ་དང་བ་ཅས་པར་གྱུར་ཅིང ། བསམ་པ་ཐག་པ་ནས་ཆོས་དོན་དུ་གཉེར་བ། ཚོས་འདོད་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་གྱུར་པ། ཆོས་ཚོལ་བས་ངོམས་མི་ཤེས་པ། ཇི་ལྟར་ཐོས་པའི་ཆོས་ཡང་དག་པར་སྟོན་པ། བླ་ན་མེད་པའི་ཚོས་ཆེན་པོའི་སྤྱིན་བདག་ཏུ་གྱུར་པ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་སྦྱིན་པ་ལ་སེར་སྣ་མེད་པ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ། ཆོས་ལ་ནན་ཏན་བྲེད་པ་ལ་དཔའ་བ། ཆོས་ལ་གནས་སུ་འཛིན་པ། ཆོས་ལ་སྐྱབས་སུ་འཛིན་པ། ཆོས་ལ་དཔུང་གཉེན་དུ་འཛིན་པ། ཆོས་ལ་རྟན་པ། ཆོས་ལ་ངེས་པར་སེམས་པའི་བཟད་པས་ངེས་པར་བྱུང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ན་པ་ལ་སྦྱད་པ་སྟེ། ཐབས་ལ་མཁས་པས་རྟགས་པར་ཁོང་དུ་ཆུད་པ་ཡིན་ནོ། །དགེ་སློང་དག་དེ་ལ་བྱང་ཆུབ་སེམས་
46-220
དཔའ་ཐབས་མཁས་པ་ཆེན་པོས་རྣམ་པར་རྩེ་ཞིང་བཙུན་མོའི་འཁོར་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་ནི་བསྟན། སྔོན་གྱི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམས་ཀྱི་འཇིག་རྟེན་དང་འཐུན་པར་བྱ་བའི་ཆོས་ཉིད་དང་འཐུན་པར་ནི་བྱས། ཡུན་རིང་པོ་ནས་འདོད་པའི་སྐྱོན་ཤིན་ཏུ་རྟོགས་པ་ཡིན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་འདོད་པའི་ལོངས་སྤྱོད་ནི་ཀུན་ཏུ་བསྟན། དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པའི་བསོད་ན་མས་ཀྱི་སྟོབས་ཀྱི་ཚོགས་ཀྱི་ཁྱད་པར་གྱིས་འཇིག་རྟེན་གྱི་དབང་དུ་བྱ་བ་མཚུང་ས་པ་མེད་པ་ནི་ཀུན་ཏུ་བསྟན། ལྷའི་དང་མིའི་ལས་ཤིན་ཏུ་འདས་པ་སྙིང་པོ་དང་ལྡན་ཞིང་རྒྱ་ཆེ་ལ། རྣམ་པ་ཐ་ད་པ་སྣ་ཚོགས་ཀྱི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་མཆོག་ཏུ་དགའ་བ་ཉམས་དགའ་བའི་འདོད་པའི་དགའ་བའི་བདེ་བ་ནི་བསྟན། འདོད་པའི་དགའ་བའི་ཡུལ་ཐམས་ཅད་ལ་འཛིན་པ་མེད་པར་ར་ང་གི་སེམས་ལ་དབང་བསྒྱུར་བ་ནི་བསྟན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གྲོགས་སུ་གྱུར་པ། དགེ་བའི་རྩ་བ་བསགས་པའི་སེམས་ཅན་རྣམས་ནི་མཆུང་ས་པར་གནས་པས་ཡོངས་སུ་སྨིན་པར་བྱས་ནས། འཇིག་རྟེན་གྱི་ཀུན་ནས་ཉོན་མོང་ས་པའི་དྲི་མ་ཐམས་ཅད་ཀྱིས་ནི་སེམས་ལ་ཀུན་ནས་ཉོན་མོང་ས་པ་མེད་པར་བརྩུན་མོའི་འཁོར་གྱི་ནང་ན་གནས་ཏེ། ཇི་ལྟར་མགྲོན་དུ་ག་ཉ?[༄\ུf]ར་བའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་དུས་ལ་ལྟ་ཞིང ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྒྱ་ཆེར་སྔོན་གྱི་དམ་བ་ཅས་པ་རྗེས་སུ་དྲ་ན་ནོ། །སངས་རྒྱས་དང་ཆོས་ཀྱང་མངོན་དུ་བྱེད་དོ། ། སྨོན་ལམ་གྱི་སྟོབས་ཀྱང་མངོན་པར་སྒྲུབ་བོ། །སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་གཏོང་ངོ ། ། སེམས་ཅན་རབ་ཏུ་ཐར་བར་བྱ་བར་ཡང་སེམས་ཐོ། །
46-221
འབྱོར་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཡིན་པར་ཡང་སོ་སོར་རྟག་གོ། །འཁོར་བ་ལ་གནོད་པ་དང ། འཇིགས་པ་མང་པོ་དུ་མ་ཡོད་པར་ཡང་རྟོག་ག་གོ། ། བདུད་དང་ཉརེས་པའི་ཞགས་པ་ཡང་ཡང་དག་པར་གཅོད་དོ། །འཁོར་བའི་གྱུད་ལས་ཀྱང་བདག་ཉིད་འདའ་བར་བྲེད་དོ། །མྱ་ངན་ལས་འདས་པ་ལ་ཡང་སེམས་ཡང་དག་པར་གཏོད་དོ ། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དགུ་པ། དགེ་སློང་དག་དེ་ལ་བྱང་ཆུབ་སེམས་དཔའ་ནི་སྔན་གྱི་མཐའ་ཉིད་ནས་ཀྱང་འཁོར་བའི་སྐྱོན་ཤིན་ཏུ་རིག་པ་ཡིན། འདུས་བྱས་ལ་བསམ་པ་ཐག་པ་ནས་དོན་དུ་མི་གཉརེར་བ་ཡིན། ཉ?[༄\ུf]་བར་ལེན་པ་ཡོངས་སུ་འཛིན་པ་ཐམས་ཅད་དོན་དུ་མི་གཉེར་བ་ཡིན། སངས་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་ཡིན། མྱ་ངན་ལས་འདས་པ་ལ་མངོན་དུ་བྱོགས་པ་ཡིན། འཁོར་བ་ལ་རྒྱབ་ཀྱིས་བལྟས་པ་ཡིན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མངོན་དུ་དགའ་བ་ཡིན། བདུད་ཀྱི་སྤྱོད་ཡུལ་དང་མ་འབེས་པ་ཡིན། སྲིད་པ་ལ་འབར་བར་སྐྱོན་དུ་མཐོང་བ་ཡིན། ཁམས་གསུམ་པ་ལས་བྱུང་བའི་བསམ་པ་ཅན་ཡིན། འཁོར་བའི་སྐྱོན་དང་ཉེས་དམིགས་དང་འབྱུང་བ་ལ་མཁས་པ་ཡིན། རབ་ཏུ་འབྱུང་བར་འདོད་པ་ཡིན ། མངོན་པར་འབྱུང་བའི་བསམ་པ་ཅན་ཡིན། བདེན་པ་ལ་གཞོལ་བ་ཡིན། བདེན་པ་ལ་འབབ་པ་ཡིན ། དབེན་པ་ལ་བབ་པ་ཡིན། དགོན་པ་དང་བས་མཐར་མངོན་པར་དགའ་བ་ཡིན། རབ་ཏུ་དབེན་པས་རབ་ཏུ་ཞི་བར་འདོད་པ་ཡིན། བདག་དང་གཞན་ལ་ཕན་པར་ཞུགས་པ་ཡིན། བླ་ན་མེད་པའི་ནན་ཏན་ལ་དཔའ་བ་ཡིན། འཇིག་རྟེན་གྱི་དོན་དུ་འདོད་པ་ཡིན། ཕན་པར་འདོད་པ་ཡིན། བདེ་བར་འདོད་པ་ཡིན། གྲུབ་པ་དང་བདེ་བར་འདོད་པ་ཡིན ། འཇིག་རྟེན་ལ་སྙིང་
46-222
བརྩེ་བ་ཅན་ཡིན། ཕན་པར་འདོད་པ་ཅན་ཡིན། བྱམས་པ་ལ་གནས་པ་ཅན་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན། བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། རྟག་ཏུ་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ལོང་ས་སུ་སྨིན་པར་བྱ་བ་དང་འདུལ་བ་ལ་མཁས་པ་ཡིན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པར་སེམས་པ་ཡིད་ལ་བྲེད་པ་དང་ལྡན་པ་ཡིན། དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་བཏང་བ་ཡིན། སྤྱིན་པ་འགེད་པ་ལ་དགའ་བ་ཡིན། ལྷུག་པར་གཏོང་བ་ཡིན། ལག་པ་བརྐྱང་བ་ཡིན། གཏོང་བ་ལ་དཔའ་བ་ཡིན། མཆོད་སྤྱིན་བྱས་པ་ཡིན། བསོད་ནམས་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན། བསོད་ནམས་ཀྱི་ཡོ་བྱད་ཤིན་ཏུ་བཟུང་བ་ཡིན། དྲི་མ་དང་སེར་སྣ་དང་བྲལ་བ་ཡིན། སེམས་ཀུན་ཏུ་མ་བཟུང་བ་ཡིན། བླ་ན་མེད་པའི་སྤྱིན་བདག་ཆེན་པོ་ཡིན ། བྱིན་ནས་ཀྱང་རྣམ་པར་སྨིན་པ་ལ་མི་རེ་བ་ཡིན། སྤྱིན་པ་ལ་དཔའ་བ་ཡིན། འདོད་པ་དང ། འདོད་པ་ཆེ་བ་དང ། ཆགས་པ་དང ། ཞེ་སྡང་དང ། རྒྱགས་པ་དང ། ང་རྒྱལ་དང ། གཏི་མྱུག་དང ། སིར་སྣ་ལ་སོགས་པ་ཉོན་མོང་ས་པའི་དགྲའི་ཚོགས་གྱིར་རྒོལ་བ་ཐམས་ཅད་ཚར་ག་ཅད་པའི་གྱིར་མངོན་པར་བྱུང་བ་ཡིན། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རྒྱུན་ལས་མི་གཡོ་བ་ཡིན། གཏོང་བ་ཆེན་པོའི་སེམས་ཀྱི་གོ་ཆ་ཤིན་ཏུ་བགོས་པ་ཡིན། འཇིག་རྟེན་ལ་སྙིང་བརྩེ་བ་ཅན་ཡིན། ཕན་པར་འདོད་པ་ཅན་ཡིན། ཡ་ལད་བགོས་པ་ཡིན། གོ་ཆ་བགོས་པ་ཡིན། སེམས་ཅན་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་ཡིན། སྙིང་རྗེ་ཆེན་པོའི་སྟོབས་དང་རྣམ་པར་གནོན་པ་དང ། ཕ་རོལ་གནོན་པ་དང་ལྡན་པ་ཡིན། གྱིར་མི་ལྡོག་པ་ཡིན ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡིན། གཏོང་བའི་ལག་ཆ་ཅན་ཡིན། སེམས་ཅན་གྱི་བསམ་
46-223
པ་དང་རེ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྲེད་པ་ཡིན། བྱང་ཆུབ་ཀྱི་སྣོད་དུ་གྱུར་པ་ཡིན། དུས་དང་ཕྱད་པར་ཆོས་རྟོགས་པ་ཡིན། སྨོན་ལམ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན། རྒྱལ་མཚན་མ་བསྙལ་བ་ཡིན། འཁོར་གསུམ་ཡོང་ས་སུ་དག་པའི་སྤྱིན་པ་ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། ཡེ་ཤེས་མཆོག་གི་རྡོ་རྗེའི་མཚོན་ཆ་སྲ་བ་དང་ལྡན་པ་ཡིན། ཉོན་མོང་ས་པའི་གྱིར་གོལ་བ་ཤིན་ཏུ་ཚར་གཅོད་པ་ཡིན། ཚུལ་ཁྲིམས་དང ། ཡོན་ཏན་དང ། སྤྱོད་པ་ལ་ཞུགས་པ་ཡིན། ལུས་དང ། ང་ག་དང ། ཡིད་ཀྱི་ལས་ཀྱི་མཐའ་ལེགས་པར་བསྲུང་ས་པ་ཡིན། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་ཡིན། ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན། དྲི་མ་མེད་ཅིང་དྲི་མ་དང་བྲལ་ལ་དྲི་མ་སྤང་ས་པའི་སེམས་དང་ལྡན་པ་ཡིན ། ངན་དུ་སྨྲས་པ་དང ། ངན་དུ་བརྗོད་པའི་ཚིག་གི་ལམ་དང ། བརྒྱད་པ་དང ། སྤྱོ་བ་དང ། སྨད་པ་དང ། བཤུང་བ་དང ། བདོག་པ་དང ། བསྣིགས་པ་དང ། བསད་པ་དང ། བཅིང་བ་དང ། གཟུང་བའི་ཉོན་མོང་ས་པ་ཐམས་ཅད་ཀྱིས་སེམས་མ་བརྙོགས་པ་ཡིན། སེམས་མ་འཁྲུགས་པ་ཡིན། བཟད་པ་དང་དེས་པ་ཕུན་སུམ་ཚོགས་པ་ཡིན། གནོད་པར་མི་སེམས་པ་ཡིན། གནོད་པ་མི་བྲེད་པ་ཡིན་གནོད་སེམས་མེད་པའི་སེམས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་བརྩོན་འགྲུསའབར་བ་བརྩམས་པ་ཡིན། ཡི་དམ་ལ་བརྟེན་པ་ཡིན། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ལ་གྱིར་མི་ལྡོག་པ་ཡིན། དྲ་ན་པ་དང་ལྡན་པ་ཡིན། ཤེས་བཞིན་ཅན་ཡིན། ཤིན་ཏུ་མཉམ་པར་བཞག་པ་ཡིན། སེམས་མ་གཡེང་ས་པ་ཡིན། བསམ་གཏན་ལ་རྩེ་གཅིག་ཏུ་ཡིད་ལ་བྲེད་པ་ཡིན། ཆོས་རབ་ཏུ་རྣམ་པར་འབྲེད་པ་ལ་མཁས་པ་ཡིན། སྣང་བ་ཐོབ་པ་ཡིན། མྱུན་པ་མྱཕྱིན་གནག་
46-224
དང་བྲལ་བ་ཡིན། མི་རྟག་པ་དང་སྡུག་བསྔལ་བ་དང ། བདག་མེད་པ་དང ། མི་སྡུག་པའི་རྣམ་པར་སེམས་ཡོངས་སུ་བསྒོམས་པ་ཡིན། དྲ་ན་པ་ཉེ་བར་གཞག་པ་དང ། ཡང་དག་པའི་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། བྱང་ཆུབ་ཀྱི་བྲོགས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཡིན། ཞི་གནས་དང་ལྷག་མཐོང་གིས་ཤིན་ཏུ་དཀར་བར་བྱས་པའི་བྲོ་དང་ལྡན་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་ཡིན། བདེན་པ་རྗེས་སུ་རྟོགས་པས་གཞན་གྱི་དྲིང་མི་འཇོག་པ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་གྱིས་རྣམ་པར་རྩེ་བ་ཡིན། ཆོས་ཐམས་ཅད་ཀྱི་ཚུལ་སྒྱུ་མ་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། བྲག་ཅ་དང ། མིག་ཡོར་ལྟ་བུར་རྟོགས་པ་ཡིན་ན་ནོ། ། དགེ་སློང་དག་བྱང་ཆུབ་སེམས་དཔའ་དེ་ནི་དེ་ལྟར་རང་བཞིན་གྱིས་ཆོས་ལ་གནས་པ་ཡིན ། དེ་ལྟར་ཡེ་ཤེས་ལ་གནས་པ་ཡིན ། དེ་ལྟར་ཡོན་ཏན་གྱི་ཆེབ་ཉིད་ལ་གནས་པ་ཡིན། དེ་ལྟར་སེམས་ཅན་གྱི་དོན་ལ་བརྩོན་པར་གནས་པ་ཡིན་ཏེ། བྱོགས་བཅུའི་སངས་རྒྱས་ཀྱི་བྱིན་གྱི་རླ་བས་ཀྱི་བྱིན་གྱིས་བརླ་བས་པས་སིལ་སྙན་དང་གླུ་དབྱང་ས་ལས་བྱུང་བའི་ཚིགས་སུ་བ་ཅད་པ་དེ་དག་གིས་རྒྱ་ཆེར་བསྐུལ་བ་དང ། དེའི་ཚེ་སྔོན་གྱི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་གྱུར་པ་རྣམས་ཀྱི་བཙུན་མོའི་འཁོར་ཡོངས་སུ་སྨིན་པར་བྱ་བའི་གྱིར་ཆོས་ཀྱི་སྒོ་བཞི་མངོན་དུ་བྲེད་དོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྤྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་བྱ་བ་དང ། དོན་འཐུན་པ་བསྡུ་བའི་དངོས་པོ་བཞི་ལ་སྤྱོར་བ་སྒྲུབ་པ་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྲེད་པ་དང ། དཀོན་མཆོག་གསུམ་གྱི་རིགས་ཡང་དག་པར་འཛིན་པའི་བསམ་པ་ཆུད་མི་ཟ་བའི་ཐམས་ཅད་མཁྱེན་
46-225
པའི་སེམས་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་མི་ལྡོག་པའི་ཡུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྲེད་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ལྷག་བའི་བསམ་པ་སྙིང་རྗེ་ཆེན་པོའི་སྟོབས་ལ་ཞུགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྲེད་པ་དང ། བྱང་ཆུབ་ཀྱི་བྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྲེ་བ་དང ། དོན་ལ་རྣམ་པར་ངེས་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱི་ཁྱད་པར་ཡང་དག་པར་སྒྲུབ་པ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྲེད་པའོ།། བྱང་ཆུབ་སེམས་དཔས་ཆོས་ཀྱི་སྒོ་བཞི་པོ་དེ་དག་མངོན་དུ་བྱས་ནས། བརྩུན་མོའི་འཁོར་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་གྱིར་དེའི་ཚེ། རྣམ་པ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་བྱང་ཆུབ་སེམས་དཔའི་མཐུས་སིལ་སྙན་དང་གླུ་དབྱང་ས་དེ་དག་ལས་ཆོས་ཀྱི་སྒོ་རྣམ་པ་འདི་ལྟ་བུ་བརྒྱ་སྟོང་འབྱུང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྲེད་དོ།། མོས་པ་རྒྱ་ཆེན་དང་ནི་བསམ་པ་དང ། །ལྷག་པའི་བསམ་དང་སྲོག་ཆགས་སྙིང་རྗེ་བས། །བྱང་ཆུབ་དམ་པའི་མཆོག་ཏུ་སེམས་སྐྱེ་ཞེས། །དེ་འདྲའི་སྒྲ་དག་སིལ་སྙན་རྣམས་ལས་བྱུང ། །དང་ཞིང་ད་དང་མོས་དང་གུས་པ་དང ། །ང་རྒྱལ་མེད་ཅིང་བླ་ལ་འདུད་པ་དང ། །འདྲི་དང་ད་གི་བ་ཅི་ཞེས་ཚོལ་བ་དང་།། རྗེས་སུ་དྲན་པ་བསྒོམས་པའི་སྒྲ་བྱུང་ངོ ། །སྤྱིན་དང་དུལ་དང་སྡོམ་དང་ཚུལ་ཁྲིམས་སྒྲ། །བཟོད་པའི་སྒྲ་དང་དེ་བཞིན་བརྩོན་འགྲུས་སྒྲ། །བསམ་གཏན་མངོན་པར་སྒྲུབ་དང་ཏིང་འཛིན་སྒྲ། །ཤེས་རབ་དང་ནི་ཐབས་ཀྱི་སྒྲ་ཡང་བྱུང་།། བྱམས་པའི་སྒྲ་དང་དེ་བཞིན་སྙིང་རྗེའི་སྒྲ། །དགའ་དང་བཏང་སྟོམས་མངོན་པར་ཤེས་པའི་སྒྲ། །བསྡུ་བའི་དངོས་པོ་བཞི་པོ་རྣམ་ངེས་པས། །སེམས་ཅན་ཡང་ས་སུ་སྨིན་བྱའི་སྒྲ་ཡང་བྱུང ། །དྲ་ན་པ་ཉེ་བར་གཞག་པ་རབ་དབྲེ་སྒྲ། །
46-226
ཡང་དག་སྤོང་དང་དེ་བཞིན་རྫུ་འཕྲུལ་དང ། །དབང་པོ་ལྔ་དང་སྟོབས་ལྔ་རབ་དབྲེ་དང ། །བྱང་ཆུབ་ཡན་ལག་སྒྲ་ནི་སིལ་སྙན་བྱུང ། །ཡན་ལག་བརྒྱད་པའི་འཕགས་ལམ་མཆོག་དབྲེ་དང ། །ཞི་གནས་སྒྲ་དང་དེ་བཞིན་ལྷག་མཐོང་དང ། ། མི་རྟག་པ་དང་སྡུག་བསྔལ་བདག་མེད་སྒྲ། །མི་སྡུག་སྒྲ་ཡང་སིལ་སྙན་རྣམས་ལས་བྱུང ། །འདོད་ཆགས་བྲལ་སྒྲ་དེ་བཞིན་དབེན་པའི་སྒྲ། །ཟད་པ་ཤེས་པའི་སྒྲ་དང་མི་སྐྱེ་སྐྱེ་སྒྲ། །འགོག་པའི་སྒྲ་དང་དེ་བཞིན་གནས་མེད་སྒྲ། །མྱ་ངན་འདས་པའི་སྒྲ་ཡང་སིལ་སྙན་བྱུང ། །རྫོགས་པའི་བྱང་ཆུབ་སེམས་དཔའི་མཐུ་ཡིས་ན་།། སིལ་སྙན་དག་ལས་འདི་འདྲའི་སྒྲ་བྱུང་སྟེ། །སྒྲ་དེ་ཐོས་ནས་བུད་མེད་ཐམས་ཅད་ཀྱིས། །སེམས་ཅན་མཆོག་རབ་རྗེས་བསླབས་བྱང་ཆུབ་སྨོན། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་གྱི་ནང་ན་འདུག་པས་བུད་མེད་བརྒྱད་ཁྲི་བཞི་སྟོང་དང ། ལྷའི་བུ་བརྒྱ་སྟོང་མང་པོ་གང་དག་དེར་འདུས་པར་གྱུར་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བའི་དུས་ལ་བབ་པ་དང ། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་ཁྲིལ་ཡོད་པའི་ལྷ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གྱིར་མི་ལྡོག་པ་དེས་མཚན་མོ་མི་ཉལ་ཙམ་ན། ལྷའི་བུ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་ཅིང་མདུན་དུ་བད་ར་ཏེ་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱབའི་གྱིར་ཁང་བཟང་ས་ག་ལ་བ་དེར་སོང་སྟེ་ན་ནས་ནམ་མཁའི་དཀྱིལ་ན་འདུག་སྟེ། བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། ཤི་འཕོ་བ་ནི་ཤིན་ཏུ་བསྟན། །སྐྱེས་བུ་སེང་གེས་ཚེ་ཡང་བསྟན། །བཙུན་མོའི་འཁོར་ཡང་བསྟན་པ་མཛད ། །ཁྱོད་ཀྱིས་འཇིག་རྟེན་རྗེས་འཐུན་མཛད ། །འཇིག་རྟེན་ཆོས་ནི་རྗེས་ཐོབ་པས། །ལྷ་མི་
46-227
མང་པོ་ཡོང་ས་སྨིན་མཛད ། །མངོན་པར་འབྱུང་བའི་བློ་དགོང་ས་པའི། །དེ་ཡི་དུས་ལ་དེང་བབ་བ་བོ། །མ་གྲོལ་བས་ནི་དགྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་དགྲོལ་བར་བྲེད་པར་ནུས། །མིག་ལྡན་ལོང་བ་ལམ་སྟོན་ནུས། ། སེམས་ཅན་གང་དག་འདོད་པས་འཁོལ། །ཁྱིམ་ནོར་བུ་དང་ཆུང་མ་ཆགས། །དེ་དག་ཁྱོད་ཀྱི་རྗེས་སློབ་ཅིང ། །མངོན་པར་འབྱུང་བར་བཞེད་པར་མཛོད ། །དབང་ཕྱུག་འདོད་པས་རྩེ་བ་དང ། །གླིང་བཞི་རིན་ཆེན་བདུན་སྤང་ས་ཏེ། །ཁྱོད་ནི་མངོན་པར་འབྱུང་རིག་ནས། །ལྷ་མིར་བ་ཅས་པའི་འཇིག་རྟེན་མོས། །ཁྱོད་ནི་འདོད་ལ་མི་དགྱིས་ཏེ། །བསམ་གཏན་བདེ་བས་གནས་མཛད་ཀྱང ། །ལྷ་མི་བརྒྱ་ཕྲག་མང་པོ་དག་།གཉིད་ཀྱིས་ལོག་ལས་སད་པར་མཛད ། །དྲ་ལ་བབ་འདི་ཤིན་ཏུ་འདའ། །རི་གཟར་འབབ་ཆུ་མརྒྱོགས་འགྲོ་བཞིན། །དྲ་ལ་བབ་པ་ཡལ་གྱུར་ནས། །མངོན་པར་འབྱུང་བ་མཛིས་མ་ལགས། །དེ་སླད་ཐོག་མར་གཞོན་པའི་ཚེ། །དྲ་བབ་དམ་པར་མངོན་བྱུང་སྟེ། །ཐུགས་དམ་ཉམས་འོག་ཆུད་མཛོད་ལ། །ལྷ་མི་དོན་ནི་མཛད་པའི་རིགས། །འདོད་པའི་ཡོན་ཏན་མི་ངོམས་ཏེ། །དཔེར་ན་ལན་ཚཝའི་ཆུ་དང་མཆུང་ས། །འཕགས་པ་རྡུལ་མེད་འཇིག་རྟེན་འདས། །ཤེས་རབ་གང་ལྡན་དེ་དག་ངོམས། །ཁྱོད་འདིར་རྒྱལ་པོ་ཟས་གཙང་དང ། །ཡུལ་འཁོར་རྣམས་ཀྱི་ཡིད་འོང་སྡུག་།འདབ་མ་བརྒྱ་པའི་ཞལ་འདྲ་བ། །མངོན་པར་འབྱུང་བར་དགོང་ས་སུ་གསུ་གསོལ། །ཉོན་མོང་ས་གདུང་བས་རབ་གདུང་ས་ཤིང ། །འབྱུང་མེད་བཅིང་བས་དམ་བཅིངས་རྣམས། །དཔའ་བོས་མྱུར་དུ་མཚུང་ས་མེད་པ། ། ཐར་ལམ་ཞི་ལ་དགོང་དུ་གསོལ། །ཁྱོད་ནི་སྨན་པ་ཁམས་ལ་མཁས། །སེམས་ཅན་ཡུན་རིང་ན་རྣམས་ལ། །ཆོས་ཀྱི་སྨན་ནི་སྤྱོར་མཛད་དེ། །མྱ་ངན་འདས་
46-228
བ་དེ་མྱུར་དུ་ཁོད ། །མིག་མེད་མྱུ་ན་པ་གཏི་མུག་གླགས། །ལྟ་བའི་དྲ་བས་དགྲིས་པ་ཡི། །ལྷ་རྣམས་དང་ནི་མི་ཡི་མིག་།ཤེས་རབ་སྒྲོན་མ་མྱུར་དུ་སྤྱོངས།། བྱང་ཆུབ་ཐོབ་པ་ར་བལྟ་བྱ་ཞིང ། །བླ་ན་མེད་པའི་ཆོས་མཉན་ཅེས། །ལྷ་དང་ལྷ་མིན་ཀླུ་དག་དང ། །གནོད་སྤྱིན་དྲི་ཟ་མང་པོ་སྣོད ། །ཀླུ་ཡི་རྒྱལ་པོས་རང་གི་གནས། །ཁྱོད་ཀྱི་དཔལ་གྱིས་སྣང་བར་མཐོང ། །མཆོད་པ་དག་ནི་མཐའ་ཡས་བགྱིད ། །དེ་ཡི་བརྟུལ་ཞུགས་བསམ་པ་སྐོང་ས། །བྱང་ཆུབ་ཤིང་དྲུང་ཡིད་རྫོགས་ལ། །ལྷུང་བཟེད་བཞི་ནི་དབུལ་ལོ་ཞེས། །འཇིག་རྟེན་སྐྱོང་བཞི་སྡེར་བ་ཅས་པ། །དེ་དག་ཁྱོད་ལ་སྣོད་ཅིང་མཆིས། །ཚང་ས་པ་རབ་ཏུ་ཞི་སྤྱོད་པ། །བྱམས་ལྡན་སྙིང་རྗེ་ཐོབ་པ་ཡང ། །བླ་མེད་འཁོར་ལོ་རབ་སྐོར་བར། །མི་དབང་གསོལ་སྙམ་སྣོད་ཅིང་མཆིས། །བྱང་ཆུབ་བསྙེན་བཀུར་བྲེད་པའི་ལྷ་།བྱང་ཆུབ་སྙིང་པོར་གནས་རྣམས་ཀྱང ། །བྱང་ཆུབ་རྣམ་པར་འཚང་རྒྱ་བ། །བལྟའོ་ཞེས་ཏེ་སྡོད་ཅིང་མཆིས། །བྱང་ཆུབ་སེམས་དཔའ་བཙུན་མོའི་ནང ། །བྱ་བ་སྟོན་པ་གཞན་ཡང་མཆིས། །དེ་དག་ཐོག་མར་ཁྱོད་གྱུར་མཛོད ། །དེ་དག་འོག་ཏུ་ལུས་ས་རེ། །དབྱང་ས་སྙན་ཅིང་ནི་དབྱངས་འཇམ་པ། །མར་མེ་མཛད་ཀྱིས་ལུང་བསྟན་དགོང་ས། །ཡང་དག་དེ་བཞིན་མ་ནོར་བ། །རྒྱལ་བའི་སྒྲ་དབྱང་ས་བསྒྲག་ཏུ་གསོལ། །བསྐུལ་བའི་ལེའུ་སྟེ། བཅུ་གསུམ་པའོ།། །། ད་གེ་སློང་དག་དེ་ལྟར་ལྷའི་བུ་དེས་བྱང་ཆུབ་སེམས་དཔའ་བསྐུལ་མ་ཐག་ཏུ་རྒྱལ་པོ་ཟས་ག་ཙང་མ་ལ་མི་ལམ་འདི་བསྟན་ཏོ། །རྒྱལ་པོ་ཟས་ག་ཙང་མ་གཉིད་ཀྱིས་ལོག་པའི་མི་ལམ་དུ་མིས་པ། བྱང་ཆུབ་སེམས་དཔའ་མཚན་མོ་མི་ཉལ་ཙམ་ན། ལྷའི་ཚོགས་ཀྱིས་བསྐོར་ཏམངོན་པར་འབྱུང་ཞིང་མངོན་པར་བྱུང་ནས་
46-229
ཀྱང་རབ་ཏུ་བྱུང་སྟེ། གོས་ངུར་སྨྲིག་རྒྱོན་པ་མིས་སོ། །དེ་ནས་དེ་སད་པ་དང ། རིང་ས་པ་རིངས་པར་ཉུང་རུམ་ལ་དྲིས་པ། གཞོན་ནུ་བརྩུན་མོའི་འཁོར་གྱི་ནང་ན་འདུག་གམ། དེས་སྨྲས་པ་ལྷ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་ག་ཙང་མ་འདི་སྙམ་དུ། གཞོན་ནུ་ནི་གདོན་མི་ཟ་བར་མངོན་པར་འབྱུང་བར་འགྱུར་ཏེ། སྔ་ལྟས་སུ་སྣང་བ་ནི་འདི་དག་ཡིན་སྙམ་ནས། ཁོང་པའི་སྙིང་ལ་མྱ་ངན་གྱི་ཟུག་ཇུས་ཟུག་པར་གྱུར་ཏོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གི་གཞོན་ནུ་ནི་སྐྱེད་མོས་ཚལ་གྱི་སར་ཡང་ནམ་ཡང་འགྲོ་བར་མི་འགྱུར་ཏེ། བུད་མེད་ཀྱི་ཚོགས་ཀྱི་ནང་ན་མངོན་པར་དགའ་བས་འདི་ཉིད་དུ་ཆགས་པར་འགྱུར་ཏེ། མངོན་པར་འབྱུང་བར་ནི་མི་འགྱུར་རོ་སྙམ་མ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མ་གཞོན་ནུའི་ལོང་ས་སྤྱོད་ཀྱི་གྱིར། དབྱིད་དང ། དབྱར་དང ། སྟོན་གྱི་དུས་ཇི་ལྟ་བ་བཞིན་དུ་ཁང་བཟང་ས་གསུམ་བྲེད་དུ་བཅུག་ག་གོ། །དེ་ལ་དབྱིད་ས་གང་ཡིན་པ་དེ་ནི་ཤིན་ཏུ་བསིལ་བའོ ། །དབྱར་ས་གང་ཡིན་པ་དེ་ནིགྲང་དྲོ་རན་པའོ ། ། དགུན་ས་གང་ཡིན་པ་དེ་ནི་རང་བཞིན་གྱིས་དྲོ་བའོ། །ཁང་བཟང་ས་རེ་རེའི་གྲུ་སྐས་རྣམས་ཀྱང་མི་ལྔ་བརྒྱ་ལྔ་བརྒྱས་འཇུགས་ཤིང་འཔོབས་སོ ། །དེ་དག་དེ་ལྟར་འཇུགས་ཤིང་འབེབས་པ་ན་གཞོན་ནུ་སུས་ཀྱང་མ་ཚོར་བར་མངོན་པར་བྱུང་བར་འགྱུར་དུ་འོང་ངོ་ཞེས་སྒྲ་དཔག་ཚད་ཕྱེད་དུ་གྲག་པ་བྱུང་ང་ངོ ། །ལྟས་པ་དང་མཚན་མཁན་ཀུན་གྱིས་ཀྱང ། གཞོན་ནུ་ནི་ཆབ་སྒོ་བཀྲ་ཤིས་པ་ནས་མངོན་པར་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོས་བཀྲ་ཤིས་ཀྱི་སྒོའི་སྒ་འཕར་ཆེན་པོ་བྲེད་དུ་བཅུག་སྟེ། སྒོ་འཕར་རེ་རེ་ཡང་མི་ལྔ་བརྒྱ་ལྔ་བརྒྱས་འབྲེད་ཅིང་གཅོད་དོ། །དེ་དག་གི་སྒྲ་ཡང་དཔག་ཚད་ཕྱེད་དུ་གྲག་ག་གོ། ། དེ་ལ་འདོད་པའི་ཡོན་ཏན་མཚུང་ས་པ་མེད་པ་ཡང་སྤྱོར་ར་རོ། །གླུ་དང་རོལ་མོའི་སྒྲ་
46-230
དབྱང་ས་ལེན་པ་དང ། གར་བྲེད་པའི་ན་ཆུང་དག་ཀྱང་རྟག་ཏུ་བཞག་པར་གྱུར་ཏོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་སྨྲས་པ། དེང་སྐྱེད་མོས་ཚལ་གྱི་སར་འགྲོ་ས་ཤིང་རྟ་མྱུར་དུ་སྤྱོར་ཅིག་།དེ་ནས་ཁ་ལོ་སྒྱུར་བ་རྒྱལ་པོ་ཟས་ག་ཙང་མའི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ལྷ་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་འབྱུང་ངོ་ཞེས་གསུང་ངོ ། །དེ་ནས་རྒྱལ་པོ་ཟས་ག་ཙང་མ་འདི་སྙམ་དུ་སེམས་ཏེ། བདག་གིས་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་ནམ་ཡང་མ་ཕྱུང་བས་ས་བཟང་པོ་བལྟ་བར་བྱ་བའི་གྱིར་བདག་གིས་གཞོན་ནུ་སྐྱེད་མོས་ཚལ་གྱི་སར་ཕྱུང་ན་འོན་ཏང་གཞོན་ནུ་བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཏེ་དགའ་བ་མྱོང་བར་འགྱུར་བས། མངོན་པར་མི་འབྱུང་ངོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མ་བྱང་ཆུབ་སེམས་དཔའ་ལ་བྱམས་པ་དང ། རིམ་གྲོ་བྲེད་པས་ད་སྟེ་ཞག་བདུན་ན་གཞོན་ནུ་ས་བཟང་པོ་བལྟ་བའི་གྱིར་སྐྱེད་མོས་ཚལ་གྱི་སར་འབྱུང་གིས ། དེར་ཁྱེད་ཀྱིས་གཞོན་ནུའི་མིག་ཏུ་མི་འོང་བ་མཐོང་བར་མི་འགྱུར་བར་ཡིད་དུ་མི་འོང་བ་ཐམས་ཅད་ནི་སོལ་ཅིག་།ཡིད་དུ་འོང་བ་དང ། ཡུལ་ཉམས་དགའ་བ་ཐམས་ཅད་ནི་སྤྱོར་ཅིག་ཅེས་གྲོང་ཁྱེར་དུ་དྲིལ་བསྒྲགས་སོ། །དེ་ནས་ཞག་བདུན་གྱི་ཉིན་པར་གྲོང་ཁྱེར་ཐམས་ཅད་བརྒྱན་ཏོ། །སྐྱེད་མོས་ཚལ་ཡང་མཇེས་པར་བྱས་ཏེ། རས་བཅོས་བུ་ཁ་དོག་ཐ་ད་པའི་བླ་རེ་ནི་བྲེས། གདུགས་དང་རྒྱལ་མཚན་དང ། བ་དན་གྱིས་ནི་ལེགས་པར་བརྒྱན་ཏོ། །བྱང་ཆུབ་སེམས་དཔའ་ལམ་གང་ནས་འགྲོ་བའི་ལམ་དེ་ཡང་ཆག་ཆག་བཏབ་སྟེ་ཕྱགས་ནས། སྤོས་ཆུའི་ཆག་ཆག་བཏབ་སྟེ། མེ་ཏོག་སིལ་མ་ནི་ཆལ་པར་བཀྲམ། པོག་ཕོར་ནས་ནི་བདུགས། བུམ་པ་གང་བས་ནི་མཇེས་པར་བྱས། ཆུ་ཤིང་ལྗོན་པ་ནི་བསྒྲེང ། དྲ་ཐ་ད་པ་སྣ་ཚོགས་ཀྱི་བླ་རེ་ནི་བྲེས། རིན་པོ་ཆེའི་དྲིལ་
46-231
བུ་གཡེར་ཀའི་དྲ་བ་དང ། རྒྱན་ཕྲེང་དང་ཆུན་པོ་ནི་སྤྱང་ས ། དཔུང་བཞིའི་བཀོད་པ་ནི་བྱས་ས་སོ། །གཡོག་འཁོར་ཀྱང་གཞོན་ནུའི་བཙུན་མོའི་འཁོར་བརྒྱན་པའི་གྱིར་བརྩོན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ཤར་བྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་བྱུང་ངོ ། ། དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་མཐུས་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་རྒན་པོ་གཏུགས་པ། འཁོགས་པ། ལུས་ལས་རྩ་རྒྱུས་འཐོན་པ། སོ་རྒལ་བ། ལུས་གཉེར་མས་གང་བ། སྐྲ་བྱི་བ། སྦུར་བ་གདུང་རྟེན་ལྟར་དགུ་བ། ཞོམ་པ། འཁར་བ་ལ་རྟེན་པ། མཐུ་ཟད་པ། དྲ་ཡལ་བ། མིད་པ་ནས་སྒྲ་ང་ར་ང་ར་པོ་འབྱུང་བ། ལུས་སྦུ་བས་འཁར་བ་ལ་བརྟེན་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་འད་རབ་ཞིག་ལམ་ཀར་བསྟན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང ། །ཤ་ཁྲག་སྐམས་ལ་རྒྱུས་ཕགས་ཉི་ཚེས་དགྲིས། །མགོ་དཀར་སོ་རྒལ་ལུས་ནི་རབ་སྐེམ་ལ། །འཁར་བ་བརྟེན་ཅིང་མི་བདེར་འཁྱོར་འགྲོས་སུ། །ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་རྒ་བས་ཟིལ་གྱིས་ནོན། །དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། །གཉེན་གྱི་སྐྱེ་བོས་བརྙས་ཤིང་མགོན་མེད་གྱུར། །དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ཡི་ཆོས་འདི་རིགས་ཀྱི་ཡིན་ནམ་འོན་ཏམ་ནི། །འགྲོ་བ་འདི་ཀུན་ལ་ཡང་འདི་སྲིད་དེ་སྦྲོས་ཤིག་།ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྦྲོས་ཤིག་དང ། །ཐོས་ནས་དེ་བཞིན་དོན་ལ་འདིར་ནི་ཚུལ་བཞིན་བསམ། །ཁ་ལོ་སྐྱུར་བས་སྨྲས་\ུf\ུfབས་པ། ལྷ་འདི་རིགས་ཆོས་མ་ལགས་ཡུལ་འཁོར་ཆོས་མ་ལགས། །སྐྱེ་བོ་ཀུན་གྱི་དྲ་ལ་བབ་པ་རྒ་
46-232
བས་འཇོམས། །ཁྱོད་ཀྱི་ཡབ་དང་ཡུམ་དང་ཉརེ་དུ་ག་ཉེན་ཚོགས་ཀྱང ། །རྒ་ལས་མ་ཐར་འགྲོ་བ་ཡི་ཐབས་ནི་གཞན་མ་མཆིས། །བྱང་ཆུབ་སེམས་དཔས་སྨྲས་པ། ཁ་ལོ་སྒྱུར་བ་བྱིས་པའི་སྐྱེ་བོམི་མཁས་པའི། །བྲོ་ངན་གཞོན་པས་རྒྱགས་ཤིང་མོས་པས་རྒ་མ་མཐོང ། །ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། །ང་ཡང་རྒ་ལ་གནས་པས་རྩེ་དགའས་ཅི་ཞིག་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟའི་མཆོག་དེ་སླར་བསྐྱུར་ཏེ་གྱིར་གྲོང་ཁྱེར་དུ་ཞུགས་སོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན། བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ལྷོ་ཁྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགུས་པ་དང ། དེས་ལམ་ཀ་ན་མི་ནད་ཀྱིས་ཉེན་པ། དམྱུ་རྫིང་ཅན་ལུས་ཉམ་ཆུང་བ། རང་གི་གཅིན་རྐྱག་ཏུ་བྱིང་བ། མགོན་མེད་པ། སྐྱབས་མེད་པ། ཤིན་ཏུ་ཤ་ཐང་བར་དབུགས་དབྱུང་ཞིང་བཇུབ་དགོས་པ་ཞིག་མཐོང་ངོ ། །མཐོང་ནས་ཀྱང་ཡང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁ་ལོ་སྒྱུར་བ་མི་རྩུབ་ལུས་ཀྱི་མདོག་ངན་ལ། །དབང་པོ་ཐམས་ཅད་ཉམས་ཤིང་དབུགས་དབྱུང་རབ་ཏུ་དཀའ། །ཡན་ལག་ཀུན་སྐམས་ལྟོ་བས་དཀྲུགས་ཤིང་ཉམ་ཐག་གྱུར། །རང་གི་གཅིན་རྟུག་སྨད་པའི་གནས་ན་འདུག་འདི་སུ། །ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་ཤིན་ཏུ་ན་དཀྱིས་བཏབ་པ་སྟེ། །ནད་ཀྱི་འཇིགས་པ་ཉརེ་བར་མཆིས་ཕས་འགུམ་ལ་ཐུག་།ནད་མེད་གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས།། མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་མ་མཆིས་ལག ། །བྱང་ཆུབ་སེམས་དཔས་སྨྲས་པ། ནད་མེད་པ་ཡང་མི་ལམ་ན་ནི་རྩེ་དང་མཚུང་ས། །ནད་ཀྱི་འཇིགས་པ་འདི་ལྟར་ཤིན་ཏུ་མི་བཟད་པ། །སྐྱེས་བུ་མཁས་པས་གནས་འདི་མཐོང་ནས་ཇི་ལྟ་བུར། །རྩེ་ལ་དགའ་དང་སྡུག་པའི་འདུ་ཤེས་བསྐྱེད་པར་
46-233
འགྱུར ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟའི་མཆོག་དེ་སླར་བསྐྱུར་ཏེ་ཕྱིར་ཡང་གྲོང་ཁྱེར་དུ་ཞུགས ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན་བཀོད་པ་ཆེན་པོས་གྲོང་ཁྱེར་གྱི་ནུབ་བྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགས་པ་དང ། དེས་ལམ་ཀ་ན་མི་ཤི་བར་གྱུར་པ། ཁྱོགས་ལ་བཞག་པ། རས་ཀྱི་བླ་རེ་ཕུབ་པ། ཉརེ་དུའི་ཚོགས་ཀྱིས་བསྐོར་ཏེ། ཀུན་ཀྱང་ངུ་ཞིང་སྐད་ཕྱུང་སྟེ། ངུ་ལ་སྨྲེ་སྔ་གས་འདོན་ཅིང་སྐྲ་བཤིག་ལ་མགོ་ལ་ས་ས་འཐོར་ཞིང་བྲང་རྡུང་ལ་ཆོ་ངེ་འདོན་ཅིང་ཕྱི་བཞིན་འབྲང་བར་གྱུར་པ་མཐོང་ངོ ། །མཐོང་ནས་ཀྱང་ཡང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས ། །ཁ་ལོ་སྒྱུར་བ་མི་འདི་ཁྱོགས་ལ་བཞག་ནས་ནི།། མི་དག་སྐྲ་བཤིག་མགོ་ལ་ས་ཡིས་འཐོར་བྲེད་ཅིང ། །སྣ་ཚོགས་དག་གི་ཚིག་ནི་བརྗོད་ལ་བྲང་རྡུང་བས། །ཀུན་ནས་བསྐོར་བ་བྱས་ཏེ་ཁྱེར་བ་སུ་ཞིག་ཡིན། ། ཁ་ལོ་སྐྱུར་བས་སྨྲས་\ུf\ུfབས་པ། ལྷ་ཅིག་མི་འདི་འཛམ་བུའི་གླིང་དུ་གུམ་པ་སྟེ། །སླན་ཆད་ཕ་མ་མཆིས་བྲང་བུ་རྣམས་མཐོང་མི་འགྱུར། །ལོང་ས་སྤྱོད་ཁྱིམ་དང་མཛའ་གཉརེན་ཚོགས་རྣམས་སྤང་ས་ནས་ནི། །འཇིག་རྟེན་ཕ་རོལ་མཆིས་ཏེ་སླན་ཆད་གཉེན་མི་མཐོང ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒ་བས་གནོད་པར་འགྱུར་བའི་གཞོན་པ་ཅིར་མི་རུང ། ། སྣ་ཚོགས་ནད་ཀྱིས་གནོད་འགྱུར་ནད་མེད་ཅིར་མི་རུང ། །རིང་དུ་མི་གསོན་གསོན་པ་མཁས་ལ་ཅིར་མི་རུང ། །རྒ་ལ་ཆགས་པ་སྐྱེས་བུ་མཁས་ལ་ཅིར་མི་རུང ། །གལ་ཏེ་རྒ་མེད་ནད་མེད་འཆི་བ་མེད་གྱུར་ཀྱང ། ། འོན་ཀྱང་ཕུང་པོ་ལྔ་འཛིན་སྡུག་བསྔལ་ཆེ་ཡིན་ན། །རྒ་ན་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། །ལེགས་པར་སླར་ཟློག་རབ་ཏུ་ཐར་བར་བྱ་བ་བསམ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཤིང་རྟ་མཆོག་དེ་
46-234
སླར་བ་བློག་སྟེ། གྱིར་ཡང་གྲོང་ཁྱེར་དུ་ཞུགས་སོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དུས་གཞན་ཞིག་ན་གྲོང་ཁྱེར་གྱི་བྱང་བྱོགས་ཀྱི་སྒོ་ནས་སྐྱེད་མོས་ཚལ་གྱི་སར་ཞུགས་པ་དང ། བྱང་ཆུབ་སེམས་དཔའི་མཐུས་ལྷའི་བུ་དེ་དག་ཉིད་ཀྱིས་ལམ་ཀ་དེར་དགེ་སློང་ཞིག་མངོན་པར་སྤྲུལ་པ་དང ། བྱང་ཆུབ་སེམས་དཔས་དགེ་སློང་ཞི་བ། དུལ་བ་ཡང་དག་པར་བལྡམས་པ། ཚང་ས་པར་སྤྱོད་པ། མིག་ཕབ་པ། གཉའ་ཤིང་གང་ཙམ་དུ་ལྟ་བ། སྤྱོད་ལམ་མཇེས་པ་ཕུན་སུམ་ཚོགས་པ། འགྲོ་བ་དང་ལྡོག་པ་མཇེས་པ་ཕུན་སུམ་ཚོགས་པ། མདུན་དུ་ལྟ་བ་དང ། གཡས་གཡོས་སུ་ལྟ་བ་མཇེས་པ། བསྐུམ་པ་དང་སྨྱང་བ་མཇེས་པ། ཆོས་གོས་སྣམ་སྦྱར་དང་ལྷུང་བཟིད་དང་ཆོས་གོས་ཐོགས་པ་མཇེས་པ་ཞིག་ལམ་ཀ་ན་འདུག་པ་དེ་མཐོང་ངོ ། །མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་ཤེས་བཞིན་དུ་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས ། །ཁ་ལོ་སྒྱུར་བ་སྐྱེས་བུ་སེམས་ཞི་རབ་ཞི་ཞི་ཞིང ། །མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ་བྲེད་ཅིང ། །ངུར་སྨྲིག་གོས་རྒྱོན་ཤིན་ཏུ་རབ་ཏུ་ཞི་བར་སྤྱོད ། །ལྷུང་བཟེད་ཐོགས་ནས་མི་གོད་མ་ཁེང་ས་སུ་ཞིག་ཡིན། །ཁ་ལོ་སྒྱུར་བས་སྨྲས་པ། ལྷ་ཅིག་མི་འདི་དགེ་སློང་ཞེས་ནི་བགྱི་བ་ལགས། །འདོད་པའི་དགའ་བ་སྤང་ས་ཤིང་ཤིན་ཏུ་དུལ་བར་སྤྱོད ། ། བདག་ཉིད་ཞི་བ་ཚོལ་ཞིང་རབ་ཏུ་བྱུང་བར་གྱུར། །འདོད་ཆགས་ཞེ་ལྡང་བྲལ་བར་བསོད་སྟོམས་སྤྱོད་ཅིང་རྒྱུ། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་དགེ་བར་ལེགས་སྨྲས་ང་ཡང་འདོད་པ་སྟེ། །རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། ། འཚོ་བ་བདེ་ཞིང་ཉམས་འཐུན་འཆི་མེད་འབྲས་བུར་འགྱུར། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་ཤིང་རྟ་མཆོག་དེ་སླར་བསྒྱུར་ཏེ་ཕྱིར་ཡང་གྲོང་ཁྱེར་དུ་
46-235
ཞུགས་སོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་བསྐུལ་བ་རྣམ་པ་འདི་ལྟ་བུ་འདི་དག་རྒྱལ་པོ་ཟས་ག་ཙང་མས་མཐོང་ཞིང་ཐོས་ནས། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་རབ་རྒྱ་ཆེན་པོ་བྲེད་དུ་བཅུག་སྟེ། འོབས་ཀྱང་ཀོར་བ་རྩུག་།སྒོ་གཏན་དམ་པོ་ཡང་འཇུགས་སུ་བཅུག་།སྲུང་ས་མ་ཡང་བཀོད ། དཔའ་བོ་རྣམས་ཀྱང་སྤྲན། བཞོན་པ་ཡང་སྟ་གོན་བྱས། གོ་ཆ་ཡང་རྒྱོན་དུ་བཅུག་གོ། །བྱང་ཆུབ་སེམས་དཔའ་བསྲུང་བའི་གྱིར། གྲོང་ཁྱེར་ཆེན་པོའི་སྒོ་བཞིའི་ལམ་གྱི་སུམ་མདོ་རྣམས་སུ་དཔུང་ཆེན་པོའི་བཀོད་པ་བཞག་སྟེ། བྱང་ཆུབ་སེམས་དཔའ་མངོན་པར་བྱུང་ང་རེ་ཞེས་དེ་དག་དེ་སྲུང་དུ་བཅུག་གོ། །བཙུན་མོའི་འཁོར་ལ་ཡང་རེས་འགའ་ཙམ་ཡང་གླུ་དབྱང་ས་ཀྱི་རྒྱུན་ཆད་དྲེ། དགའ་བ་དང་རྩེ་བ་ཐམས་ཅད་ཀྱང་སྤྱོར་ཅིག་།ཅི་ནས་ཀྱང་གཞོན་ནུ་ཆགས་ནས་རབ་ཏུ་འབྱུང་བར་མི་འགྱུར་བ་དང ། མགུ་བར་འགྱུར་བར་བུད་མེད་ཀྱི་སྐྱུ་ཡང་སྟོན་ཅིག་ཅེས་བསྒོའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཐབ་མོ་མོས་པའི་སྐྱེས་བུ་ལག་ན་རལ་གྲི་མཚོན་ཐོགས་སྒོ་གར་བཀོད། །གོ་བགོས་མི་རྟ་གླང་པོ་ཤིང་རྟ་མི་བསྐྱོན་གླང་པོའི་ཕྲེང་བའང་བའང་བཀོད། །འོབས་དང་ཤིང་ཐགས་དག་དང་རྟ་བབས་གྱིར་མཐོན་པོ་འང་བྲེད་དུ་བཅུག་།སྒོ་མོ་རྒྱང་གྲགས་གྲག་པའི་སྒྲ་འབྱུང་བ་ཡང་གཏན་པ་དམ་པོ་བཅུག་།ཤཱཀྱའི་ཚོགས་རྣམས་ཐམས་ཅད་ཡིད་མི་དགའ་ཞིང་ཉིན་མཆན་སྲུང་བར་བྲེད ། །དཔུང་ཆེན་དེ་དག་རྣམས་ཀྱང་སྒྲ་སྐད་ཆེན་པོ་ཤིན་ཏུ་གྲག་པར་བྲེད ། །དེས་པ་འདི་ནས་འབྱུང་དུ་འོང་ཞས་གྲོང་ཁྱེར་འཁྲུགས་ཤིང་ཡིད་སྔང་སསྐྲག་།ཤཱཀྱའི་རིགས་སྐྱས་སོང་ན་རིགས་འད་ཆད་པར་མི་འགྱུར་གྲང་སྙམ་བྲེད ། །སྐྱེ་པོ་བུད་མེད་དག་ལ་བསྒ་བ་རྟག་ཏུ་གླུ་དབྱང་ས་རྒྱུན་མ་བ་ཅད། ། རྩེ་བསད་གའ་བ་རྣམས་ཀྱི་
46-236
བསྙེན་བཀུར་གྱིས་ཤིང་ཡིད་ཀྱང་མགུ་བར་གྱིས། ། ཁུད་མེད་སྒྱུ་ཐབས་སྤྱོད་པ་གང་ཡིན་རྣམ་པ་དུ་མ་མང་པོ་སྟོན། །དེས་པ་འགྲོར་མི་འགྱུར་བར་བསྲུང་བར་བྱོས་ཤིང་བགེགས་ཀྱང་རབ་ཏུ་བྱོས། །ཁ་ལོ་སྒྱུར་བ་མཆོག་དེ་མངོན་པར་འབྱུང་བའི་སྔ་ལྟས་འདི་དག་སྟེ། །ངང་པ་ཁྲུང་ཁྲུང་དག་དང་རྨ་བྱ་རི་སྐེགས་དག་དང་ཇེ་ཚོ་རྣམས། །ཁང་བཟང་ས་སྐར་ཁུང་རྟ་བབས་མཆོག་དང་ཡང་ཐོག་ཁྲི་ལ་འཁོད་ནས་ནི། །དམན་ཞིང་དམན་ལ་མི་དགའ་མི་བདེ་མགོ་སྨད་སེམས་ཤིང་སྒྲ་མི་འབྱིན། །རྫིང་དང་རྫིང་ཆེན་དག་གི་པད་མ་དག་ཀྱང་རྙིས་ཤིང་རྙིས་པར་གྱུར ། །ཤིང་ལྗོན་སྐམས་ཤིང་ཡལ་ག་མེ་ཏོག་ལྷགས་ལ་མེ་ཏོག་སླར་མི་འཆགས། །པི་བང་གླིང་བུ་རྒྱུད་གསུམ་རྒྱུད་ཀྱིས་བརྒྱན་པ་དེ་ཚགློ་བུར་ཆད་།། རྔ་དང་རྫ་རྔ་དག་ཀྱང་ལག་པས་བརྡུང་ས་ན་འཆགས་ཅིང་སྒྲ་མི་འབྱུང ། ། གྲོང་ཁྱེར་དེ་དག་ཐམས་ཅད་འཁྲུགས་པར་གྱུར་ཅིང་ཤིན་ཏུ་གཉིད་ཀྱིས་ནོན། ། གང་གི་ཡིད་ཀྱང་གར་བྲེད་པ་དང་གླུ་ལེན་པ་ལ་དགའ་བ་མེད ། །རྒྱལ་པོའང་མཆོག་ཏུ་རབ་ཏུ་ཡིད་དམན་གྱུར་ཏེ་སེམས་ཁོང་ས་ཆུད་ཅིང་འདུག་།ེ་མ་མ་རུང་ཤཱཀ་རིགས་རྫུ་འཕྲུལ་རྒྱ་ཆེན་མི་ཚིག་གྲང་སྙམ་བྲེད ། །ས་འཚོ་མ་དང་རྒྱལ་བུ་མལ་གཅིག་ན་ནི་ཉལ་ཞིང་འཁོད་པའི་ཚེ། །ནམ་ཕྱེད་ཙམ་ནས་འཚོ་མ་ཡི་མི་ལམ་དུ་ནི་འདི་དག་མིས། །ས་འདི་ཐམས་ཅད་རྩེ་མོར་ལྡན་པའི་རི་དང་བ་ཅས་ཏེ་གཡོས་པར་གྱུར། །ཤིང་ལྗོན་རྣམས་ཀྱང་རླུང་གིས་བསྐྱོད་ནས་རྩ་ནས་འཐོན་ཏེ་ས་ལ་སྐྱེལ། །ཉི་མ་ཟླ་བ་སྐར་མའི་རྒྱན་དང་བ་ཅས་ཏེ་མཁའ་ལས་ས་ལ་ལྷུང་།། ལག་པ་གཡོན་པས་སྐྲ་ཡང་རབ་ཏུ་འབལ་ཞིང་ཅོད་པན་ལྷུང་བ་མཐོང ། །ལག་པ་ཆད་ལ་དེ་བཞིན་རྐང་པའང་ཆད་ཅིང་བདག་ནི་སྒྲེན་མོར་མཐོང ། །བདག་གི་མྱུ་ཏིག་དོ་ཤལ་ནོར་བུ་གསིར་གྱི་འོགཔག་ཆད་པར་མཐོང ། །ཉལ་ཁྲི་དེ་ཡི་
46-237
རྐང་པ་བཞི་ཆག་ས་ཡི་སྟེང་ན་ཉལ་བ་མཐོང ། །རྒྱལ་པོའི་གདུགས་ཀྱི་ཡུ་བ་སྤྲས་པ་དཔལ་ལྡན་མཇེས་པ་ཆག་པར་མཐོང ། །རྒྱན་རྣམས་ཀུན་ཀྱང་རྣམ་པར་འཐོར་ཅིང་ཆུ་ཡིས་ཁྱེར་བར་གྱུར་པ་དང ། །ཁྱིམ་ཐབ་རྒྱན་ཡང་གོས་དང་ཅོད་པན་བ་ཅས་ཏེ་མལ་སྟེང་འཐོར་བར་མཐོང ། །གྲོང་ཁྱེར་དག་ནས་མེ་སྒྲོན་གྱིར་བྱུང་གྲོང་ཁྱེར་མུན་པས་ནོན་པ་དང ། །རིན་པོ་ཆེ་ལས་བྱས་པའི་དྲ་བ་མཇེས་པའང་ཆད་པར་གྱུར་པ་མིས། །མྱུ་ཏིག་དོ་ཤལ་འཕྱང་བ་ལྷུང་ནས་རྒྱ་མཚོ་ཆེན་པོས་དཀྲུགས་པ་དང ། །དེ་ཡི་ཚེ་ན་རི་ཡི་རྒྱལ་པོ་རི་རབ་གནས་ནས་གཡོས་པ་རྨིས། །ཤཱཀྱའི་བུ་མོའི་མི་ལམ་དུ་ནི་འདི་འདྲ་འདི་དག་རྨིས་གྱུར་ནས། །དེ་སད་མིག་ནས་མཆི་མ་ཟག་ཅིང་རང་གི་ཁྱོ་ལ་འདི་སྐད་སྨྲས། །ལྷ་ཅིག་རྨི་ལམ་འདི་འདྲ་མིས་པ་ཅིར་འགྱུར་བ་ནི་བཀའ་སྩོལ་ཅིག་།བདག་ནི་དྲ་ན་པ་འཁྲུལ་ཅིང་མིག་ཀྱང་འཁྲུལ་ལ་ཡིད་ནི་མྱ་ངན་ནོན། །དེ་ཡིས་དེ་ཐོས་ཀ་ལ་པིང་ཀ་རྔ་སྒྲ་ཚངས་དབྱང་ས་སྒྲ་སྙན་པས། །ས་འཚོ་མ་ལ་སྨྲས་པ་ཁྱད་ནི་རབ་ཏུ་དགར་འགྱུར་སྣིག་པ་མེད ། །སེམས་ཅན་གང་དག་བསོད་ནམས་སྔོན་སྤྱད་དེ་དག་མི་ལམ་འདི་འདྲ ། །སྡུག་བསྔལ་དུ་མས་ཉེན་པ་མི་ལམ་འདི་འདྲ་མི་བ་ག་ལ་ཡོད་།། ཁྱོད་ཀྱིས་ས་ནི་རབ་ཏུ་གལོས་པ་དང ། །རི་རྩེར་བ་ཅས་ཏེ་ས་ལ་ལྷུང་མིས་པ།། ལྷ་དང་ཀླུ་དང་སྲིན་པོ་འབྱུང་པོའི་ཚོགས། །ཀུན་གྱིས་ཁྱོད་མཆོད་ག་ཙོ་མོར་བྲེད་པར་འགྱུར། །ཁྱོད་ཀྱིས་ཤིང་རྣམས་རྩ་ནས་འཐོན་མིས་ཤིང ། །ལག་པ་གཡོན་པས་སྐྲ་འབལ་མིས་པ་ནི། །ས་འཚོ་མྱུར་དུ་ཉོན་མོང་ས་དྲ་བ་བ་ཅད ། །འདུས་བྱས་དག་ལས་ལྟ་བའི་དྲ་བ་འབྱིན། །ཁྱོད་ཀྱིས་ཉི་ཟླ་ས་ལ་ལྷུང་རྨིས་ཤིང ། ། སྐར་མ་རྣམས་ཀྱང་ལྷུང་བར་མིས་པ་ནི། །ས་འཚོ་མྱུར་དུ་ཉོན་མོང་ས་དགྲ་བ་ཅོམ་སྟེ། །ཁྱོད་ནི་འཇིག་རྟེན་མཆོད་པ་བསྔགས་པར་འགྱུར། །ཁྱོད་ཀྱིས་མྱུ་
46-238
ཏིག་དོ་ཤལ་འཐོར་མིས་ཤིང ། །ལུས་ཀུན་ཆད་དང་སྒྲེན་མོ་རྨིས་པ་ནི། །ས་འཚོ་མྱུར་དུ་བུད་མེད་ལུས་སྤང་ས་ཏེ། །རིང་པོར་མི་ཐོགས་སྐྱེས་པའི་ལུས་སུ་འགྱུར ། །ཁྱོད་ཀྱིས་ཁྲི་རྐང་ཆག་པར་མིས་པ་དང ། །གདུགས་ཡུ་རིན་ཆེན་སྤྲས་པ་ཆག་མིས་པ། །ས་འཚོ་མྱུར་དུ་ཆུ་བོ་བཞི་རྒལ་ཅིང ། །ང་ནི་འཇིག་རྟེན་གདུགས་གཅིག་འགྱུར་བ་མཐོང ། །ཁྱོད་ཀྱིས་རྒྱན་རྣམས་ཆུས་ཁྱེར་མིས་པ་དང ། །ང་ཡི་གོས་དང་ཅོད་པན་ཁྲི་སྟེང་མིས། །ས་མཚོ་མྱུར་དུ་མཚན་གྱིས་བརྒྱན་ནས་ནི། །འཇིག་རྟེན་ཀུན་གྱིས་ང་ལ་བསྟོད་པ་མཐོང ། །ཁྱོད་ཀྱིས་མར་མེ་བརྒྱ་ཕྲག་བྲེ་བ་དག་།གྲོང་ཁྱེར་བྱུང་ནས་མྱུན་གནག་གྱུར་མིས་པ། །ས་འཚོ་མྱུར་དུ་མ་རིག་མོང་ས་པའི་མུན། །འཇིག་རྟེན་ཀུན་ལ་ཤེས་རབ་སྣང་བྲེད་འགྱུར ། །ཁྱོད་ཀྱིས་མུ་ཏིག་དོ་ཤལ་ཆད་པ་དང ། །གསེར་གྱི་ཙོང་ཙོང་སྤྲས་པ་ཆད་མིས་པ། །ས་འཚོ་མྱུར་དུ་ཉོན་མོང་ས་དྲ་བ་ཅད་དེ། །འདུས་བྱས་དག་ལས་འདུ་ཤེས་སྐུད་པ་འབྱིན། །ས་འཚོ་གང་གྱིར་ང་ལ་གུས་པར་ནི། །རྟག་ཏུ་རིམ་གྲོ་མཆོག་གིས་མཚོད་བྲེད་ན། །ཁྱོད་ལ་ངན་འགྲོ་མེད་ཅིང་མྱ་ངན་མེད ། ། མྱུར་དུ་དགའ་ཞིང་མཆོག་ཏུ་དགའ་བ་འཐོབ། །ངས་ནི་སྔོན་ཆད་སྤྱིནཔ་གྱ་ནོམ་བྱིན། །ཚུལ་ཁྲིམས་བསྲུངས་དང་རྟག་ཏུ་བཟོད་པ་བསྒོམས། །དེ་བས་ང་ལ་ད་པ་གང་རྙེད་པ། །དེ་དག་ཐམས་ཅད་དགའ་ཞིང་རབ་དགའ་རྙེད ། ། འཁོར་བར་བསྐལ་པ་བྲེ་བ་མཐའ་ཡས་སུ། །ངས་ནི་བྱང་ཆུབ་ལམ་མཆོག་རྣམ་པར་སྦྱང་ས། །དེ་བས་ང་ལ་ད་པ་གང་བྲེད་པ། །དེ་དག་ཐམས་ཅད་ངན་སང་གསུམ་པོ་ཆད ། །དགའ་བ་འཐོབ་ཀྱིས་མི་དགའ་མ་སྐྱེད་ཅིག་།ཚིམ་པ་ཐོབ་པར་གྱིས་ལ་མགུ་སྐྱེད་ཅིག་།དགའ་དང་མཆོག་ཏུ་དགའ་བ་མྱུར་འཐོབ་སྟེ། ། ཁྱོད་ཀྱི་མི་ལྟས་བཟང་གིས་ས་འཚོ་ཉོལ། །སྔོན་ཆད་དགེ་བའིལས་ནི་གང་ད་ག་
46-239
བསགས་གྱུར་པ། །མི་མཆོག་རྣམས་ནི་མངོན་པར་འབྱུང་བའི་དུས་བབ་ཚེ། ། མཚན་མ་འདི་དག་བསོད་ནམས་གཟི་བཇིད་བསགས་པ་དང ། །དཔལ་གྱི་གཟི་བརྗིད་སྙིང་པོ་ཅན་དེས་རྨི་བར་འགྱུར ། །དེ་ནི་རྐང་པ་དག་དང་ལག་པ་ཆེན་པོ་ཡིས། །རྒྱ་མཚོ་ཆེན་པོ་བཞི་པོ་དག་གི་ཆུ་དཀྲུག་དང ། །ས་འདི་ཐམས་ཅད་སྣ་ཚོགས་མལ་ཆར་གྱུར་པ་དང ། །རི་བོ་ལྷུན་པོ་མཆོག་ཀྱང་སྔས་སུ་གྱུར་པ་མི། ། མི་ལམ་ན་ནི་འོད་རབ་བགྱེ་བས་འཇིག་རྟེན་ན། །མུན་པ་མྱཕྱིན་ནག་ཆེན་པོ་རྣམ་པར་བསལ་བ་དང ། །ས་ལས་གདུགས་ཤིག་བྱུང་བས་འཇིག་རྟེན་གསུམ་ཁྱབ་དང ། །འོད་ཀྱིས་རེག་པས་ལོག་ལྷུང་སྡུག་བསྔལ་རབ་ཞི་རྨི། །དཀར་ནག་སྲོག་ཆགས་བཞི་ཞིག་རྐང་པ་ལྡག་པ་དང ། །ཁ་དོག་བཞི་པའི་བྱ་འོང་ས་ཁ་དོག་གཅིག་སྒྱུར་དང ། །མཆོག་ཏུ་ངན་པ་སྨད་པ་ངན་སྐྱུགས་རི་ལ་ཡང ། །འཇེགས་ནས་འགྲོ་ཡང་དེ་ན་གོས་པ་མེད་པ་མི། །མི་ལམ་ན་ནི་ཆུ་བོ་ཆུ་ཡིས་རབ་གང་ནས། ། སྲོག་ཆགས་བྲེ་བ་ཁྲག་ཁྲིག་མང་པོ་ཁྱེར་བ་ལས། །དེར་ནི་གྲུར་བྱས་བསྒྲལ་ཏེ་གཞན་དག་བསྒྲལ་ནས་ནི། །དེ་ཡིས་འཇིགས་མེད་མྱ་ངན་མེད་མཆོག་ཐང་བཀོད་མི། །མི་ལམ་ན་ནི་ནད་པ་མང་པོ་ནད་བཏབ་པ། །ནད་མེད་གཟི་བརྗིད་བྲལ་ཞིང་སྟོབས་ཀྱང་ཉམས་རྣམས་ལ། །དེ་ནི་སྨན་པར་གྱུར་ནས་སྩི་སྨན་མང་བྱིན་པས། །ནད་བཏབ་སེམས་ཅན་ཁྲག་ཁྲིག་མང་པོ་ཐར་བྲེད་མི། ། རི་རབ་ངོས་ལ་སེང་གེའི་ཁྲི་ལ་འདུག་ནས་ནི། །སློབ་མ་ཐལ་མོ་སྦྱར་ཅིང་ལྷ་རྣམས་ཕྱག་འཚལ་ལ། །བདག་ནི་གཡུལ་ལས་རྒྱལ་ཞིང་ལྷ་རྣམས་ནམ་མཁའ་ལས། །ཀུན་ཏུ་དགའ་བའི་སྒྲ་སྒྲོག་པར་ནི་མི་ལམ་མི། །བཀྲ་ཤིས་བརྟུལ་ཞུགས་བཟང་པོ་ཡོངས་སུ་རྫོགས་པར་ཡང ། །བྱང་ཆུབ་སེམས་དཔའ་མི་ལམ་རྣམ་པ་དེ་དག་མི། །དེ་ཐོས་ནས་ནི་འདི་ནི་རིང་པོར་མི་ཐོགས་པ་ར ། །མི་དང་ལྷ་ཡི་ལྷར་
46-240
འགྱུར་སྙམ་སྟེ་ལྷ་མི་དགའ། །མི་ལམ་གྱི་ལེའུ་སྟེ། བརྩུ་བཞི་པའོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་ཆེན་པོ་ཟས་ག་ཙང་མ་ལ་ཡང་མ་བྱས་ཤིང ། ཕས་གནང་བ་མེད་པར་མངོན་པར་འབྱུང་བ་འདི་ནི་བདག་ལ་མི་རིགས་ཏེ། བྱས་པ་གཟོ་བ་མ་ཡིན་པར་འགྱུར་རོ་སྙམ་ནས། དེ་མཚན་མོ་མི་ཉལ་ཙམ་ན་རང་གི་གནས་ཀྱི་ཁང་བཟངས་ནས་བྱུང་སྟེ། རྒྱལ་པོ་ཟས་ག་ཙང་མའི་ཁང་བཟང་ས་སུ་ན་ནས་འདུག་ག་གོ། །བྱང་ཆུབ་སེམས་དཔའ་འདུག་མ་ཐག་ཏུ་ཁང་བཟང་ས་ཐམས་ཅད་ཀྱང་འོད་ཀྱིས་གསལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སད་པ་དང ། འོད་དེ་མཐོང་སྟེ་མཐོང་ནས་ཀྱང་མྱུར་བ་མྱུར་བར་ཉུང་རུམ་ལ་སྨྲས་པ ། གྱེ་ཉུང་རུམ་ཅི་ཉི་མ་ཤར་ཏ་མ། གང་གིས་ན་འདི་འོད་ཀྱིས་རྣམ་པར་མཇེས། ཉུང་རུམ་གྱིས་སྨྲས་པ། ལྷ་དུང་དུ་དགུང་གྱིད་ཀྱང་མ་བས ། །ལྷ་གཞན་ཡང་ཉི་མའི་འོད་ནི་ཤིང་དང་སྩིག་པ་ཐལ་མི་གྱིན། །ལུས་ལ་གདུང་བར་བགྱིད་ཅིང་ཚ་བར་རབ་ཏུ་བགྱིད་།། ནང་པར་དུས་ནང་ང་པ་དག་དང་རྨ་བྱ་དང ། །ནེ་ཚོ་ཁུ་བྱུག་ངུར་པ་དག་ཀྱང་ར་ང་སྒྲ་འབྱིན། །འོད་འདི་ལྷ་མིའི་ཡིད་དུ་མཆིཞིང་བདེ་བ་སྟེ། །རབ་ཏུ་སིམ་བགྱིད་དགེ་བགྱིད་གདུང་བར་བགྱིད་མ་ལགས། །ཤིང་དང་རྩིག་པ་ཐལ་ཕྱུང་སྤྲ[༄\ུf]བ་པ་ཡོང་མ་མཆིས། །ཡོན་ཏན་ལྡན་པ་གཅིག་ཅིག་དེང་ནི་འདིར་བྱོན་ངེས། ། རྒྱལ་པོ་དེ་ནི་མི་དགའ་བྱོགས་བཅུར་བལྟས་པ་དང ། །སེམས་ཅན་དག་པ་པད་མའི་མིག་ཅན་དེ་མཐོང་ནས། །དེ་ནི་མལ་ནས་ལྡང་བར་འདོད་ན་མ་ནུས་ཏེ། ། རྣམ་དག་བློ་ཅན་དམ་པ་ཕ་ལ་གུས་པ་བསྐྱེད ། །དེ་ནི་རྒྱལ་པོའི་མདུན་དུ་འདུག་ནས་འདི་སྐད་སྨྲས། །ལྷ་ཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབ་
46-241
རིགས། །བགེགས་ཀྱང་མ་མཛད་མི་དགྱིས་པ་ཡང་མ་མཛད་ཅིག་།རྒྱལ་པོ་གཉེན་བ་ཅས་ཡུལ་འཁོར་བ་ཅས་ཏེ་བཟོད་པར་གསོལ ། །རྒྱལ་པོ་དེ་ནི་མཆི་མས་མིག་གང་འདི་སྐད་སྨྲས། །ཁྱོད་ནི་གྱིར་ལྡོག་པ་ཡི་དགོས་པ་ཅི་ཞིག་ཡོད ། ། བདག་ལ་དམ་པ་ཅི་སློང་སྦྲོས་ཤིག་ཐམས་ཅད་སྤྱིན ། །བདག་དང་ཕོ་བྲང་འཁོར་དང་ཡུལ་འཁོར་འདི་ཕན་ཐོགས། །དེའི་ཚེ་བྱང་ཆུབ་སེམས་དཔས་སྙན་པའི་ཚིག་སྨྲས་པ། ལྷ་ཅིག་དམ་པ་བཞི་འཚལ་དེ་ནི་བདག་ལ་ཙོལ། །གལ་ཏེ་སྙ་ལ་བར་སྤྱོད་ན་མངའ་ནི་ཁྱོད་ལ་མཆིས། །འོན་ཏང་རྟག་ཏུ་ཁྱིམ་ན་གཟིམས་ཤིང་འབྱུང་མི་འགྱུར། །ལྷ་ཅིག་བདག་ནི་རྒ་བས་ཚུགས་པར་མི་འགྱུར་ཞིང ། ། རྟག་ཏུ་མདོག་བཟང་དར་ལ་བབ་པར་གནས་པ་དང ། །ནད་མ་མཆིས་པ་ཐོབ་ཅིང་ནད་ཀྱིས་མི་བཏབ་དང ། །ཚེ་དཔག་མ་མཆིས་པ་དང་རྒུད་པར་མི་འགྱུར་འཚལ། །རྒྱལ་པོས་ཚིག་ཐོས་ཤིན་ཏུ་སྡུག་བསྔལ་ཉམ་ཐག་སྟེ། །གཞོན་ནུ་གནས་མིན་སློང་བས་བདག་ལ་མཐུ་མེད་དོ། །བསྐལ་པར་གནས་པའི་དྲང་སྲོང་རྣམས་ཀྱང་ནམ་དུ་ཡང ། །རྒ་ན་འཆི་བའི་འཇིགས་དང་རྒུད་ལས་མ་ཐར་ཏོ། ། རྒ་ན་འཆི་བའི་འཇིགས་དང་རྒུད་པར་མི་འགྱུར་བ། །ལྷཅིག་གལ་ཏེ་མཆོག་བཞི་འདི་དག་མི་སྩོལ་ན། །གཞན་ཡང་མཆོག་ཅིག་གསོལ་གྱིས་རྒྱལ་པོ་གསན་དུ་གསོལ། །འདི་ནས་ཤི་འཕོས་ཉིང་མཚམས་སྤྱོར་བར་མི་འགྱུར་མཛོད ། །མི་ཡི་དམ་པའི་ཚིག་ནི་དེ་སྐད་ཐོས་པ་དང ། ། སྲེ་ད་པ་བ་ས?བས་ཏེ་བུ་ལ་ཆགས་པ་ཡོངས་སུ་གཅོད། །ཕན་བྲེད་འགྲོ་བ་ཐར་བྲེད་རྗེས་སུ་ཡི་རང་ངོ ། །ཁྱོད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག་།དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་སླར་སོང་སྟེ། རང་གི་ཁྱིམ་དུ་གྱིན་ནས་མལ་ན་འདུག་པ་དང ། དེ་སོང་བའམ་འོང་ས་པར་སུས་ཀྱང་མ་ཚོར་ར་རོ། །དགེ་སློང་དག་དེའི་ནམ་ནང་ས་
46-242
པ་དང ། རྒྱལ་པོ་ཟས་ག་ཙང་མས་ཤཱཀྱའི་ཚོགས་ཐམས་ཅད་བསོགས་ཏེ་དེའི་ལོ་རྒྱུས་རྣམས་སྨོས་ནས། གཞོན་ནུ་ནི་མངོན་པར་འབྱུང་ན་དཇི་ལྟར་བྱ་ཞེས་སྨྲས་ས་སོ། །ཤཱཀྱ་རྣམས་ཀྱིས་སྨྲས་པ། ལྷ་བསྲུང་བར་བགྱིའོ། །དེ་ཅིའི་སླདེ་དུ་ཞེ་ན། ཤཱཀྱའི་ཚོགས་འདི་ནི་མང་ལ། དེ་ནི་གཅིག་པུར་གྱུར་པས་མཐུས་མངོན་པར་འབྱུང་བའི་ནུས་པ་དེ་ལ་མ་མཆིས་ས་སོ། །དེ་ནས་ཤཱཀྱ་དེ་དག་དང་རྒྱལ་པོ་ཟས་ག་ཙང་མས་ཤཱཀྱ་གཞོན་ནུ་འཐབ་ཆོས་སྦྱང་ས་པ། འོས་སུ་གྱུར་པ། འཕོང་བསླབས་པ། ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་ལྔ་བརྒྱ་བྱང་ཆུབ་སེམས་དཔའ་བསྲུང་བའི་གྱིར་གྲོང་ཁྱེར་གྱི་ཤར་སྒོར་བཀོད་དེ། བྱང་ཆུབ་སེམས་དཔའ་བསྲུང་བའི་གྱིར་ཤཱཀྱ་གཞོན་ནུ་རེ་རེ་ལ་ཡང་འཁོར་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ་དང ། ཤིང་རྟ་རེ་རེ་ལ་ཡང་འཁོར་དཔུང་བུ་ཆུང་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །བྱང་ཆུབ་སེམས་དཔའ་བསྲུང་བའི་གྱིར། དེ་བཞིན་དུ་གྲོང་ཁྱེར་གྱི་ལྷོ་དང་ནུབ་དང་བྱང་གི་སྒོར་ཡང་ཤཱཀྱ་གཞོན་ནུ་འཐབ་ཆོས་སྦྱང་ས་པ་འོས་སུ་གྱུར་པ། འཕོང་བསླབས་པ་ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་ལྔ་བརྒྱ་ལྔ་བརྒྱ་དང ། ཤཱཀྱ་གཞོན་ནུ་རེ་རེ་ལ་ཡང་འཁོར་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ་དང ། ཤིང་རྟ་རེ་རེ་ལ་ཡང་འཁོར་དཔུང་བུ་ཆུང་ལྔ་བརྒྱ་ལྔ་བརྒྱ་བཀོད་དོ། །བྱང་ཆུབ་སེམས་དཔའ་བསྲུང་བའི་གྱིར་ཤཱཀྱ་རྒན་རབས་རྒན་རབས་རྣམས་ཀྱང་ལམ་གྱི་བཞི་མདོ་དང ། སུམ་མདོ་དང ། ལམ་པོ་ཆེ་མང་པོ་ཐམས་ཅད་ན་གདོད་ཅིང་འཁོད་དོ། །རྒྱལ་པོ་ཟས་ག་ཙང་མ་ཡང་ཤཱཀྱ་གཞོན་ནུ་ལྔ་བརྒྱས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། རྟ་དང་གླང་པོ་ཆེ་དག་ལ་ཞོན་ནས་རང་གི་ཁྱིམ་སྒོ་ན་མེལ་ཚེ་བྲེད་དོ། །སྐྱེ་དགུའི་བདག་མོ་ཆེན་མོ་རྒ་ཏ་མིས་ཀྱང་རང་གི་བྲན་མོའི་ཚོགས་ལ་སྨྲས་པ། མར་མེ་དྲི་མ་མེད་པ་བུས་ལ་ནོར་བུ་ཐམས་ཅད་རྒྱལ་མཚན་རྩེ་མོར་ཐོགས། །མྱུ་ཏིག་རྒྱན་
46-243
ཕྲེང་རྣམས་ཀྱང་སྤྱང་ས་ལ་ཁྱིམ་འདི་ཀུན་ཏུ་འོད་ཀྱིས་སྣང་བར་བྱོས། །གླུ་དབྱང་ས་དག་ཀྱང་སྤྱོར་ལ་དོ་མོད་གཡེལ་བ་མེད་པར་མེལ་ཚེ་དམ་དུ་གྱིས། ། གཞོན་ནུ་ཅི་ནས་མ་ཚོར་བར་ནི་འགྲོ་བར་མི་འགྱུར་ཚུལ་དུ་བསྲུང་བ་གྱིས། །གོ་བགོས་ལག་ན་ལག་ཆ་རལ་གྲི་དང ། །མདུང་ཐུང་མད་འ་དང་མཚོན་ཆ་རྩེ་གཉིས་ཐོགས། །སྡུག་པའི་བུ་ནི་བསྲུང་བར་བྱ་བའི་གྱིར། །ཀུན་ཀྱང་རབ་ཏུ་བསྒྲིམ་པ་ཆེན་པོ་གྱིས། །སྒོ་ཀུན་ཆོད་ལ་གཏན་པར་དམ་དུ་ཆུད ། །སྒོ་འཕར་ས?་བ་རྐེད་པར་གཏན་ཆུག་ལ། །དུས་ལ་མ་བབ་པར་ནི་སྒོ་མ་དབྲེ། ། སེམས་ཅན་དམ་པ་འདི་ནི་ཤོར་ཏ་རེ། །ནོར་བུ་དོ་ཤལ་མུ་ཏིག་དོ་ཤལ་ཐོགས ། །མེ་ཏོག་ཟླ་གམ་སེང་གེ་ཤིང་ལོ་རིས། །སྐ་རགས་སོར་གདུབ་རྣ་རྒྱན་ཆིང་ས་ཤིང་ཐོགས། །རྐང་གདུབ་དག་ཀྱང་ཤིན་ཏུ་ལེགས་པར་ཐོགས། །ལྷ་མི་ཕན་པ་གླང་པོ་དྲེགས་བཞིན་འགྲོ། །གལ་ཏེ་བློ་བུར་མངོན་པར་བྱུང་ད་རེ། །ཅི་ནས་མི་བདེ་རྙེད་པར་མ་གྱུར་པར ། །དེ་ལྟ་དེ་ལྟར་ནན་ཏན་ཆེར་གྱིས་ཤིག་།བུད་མེད་གང་དག་མདུང་ཐུང་ཐོགས་པ་དག་།དྲི་མ་མེད་པ་མལ་ན་འདུག་པ་བསྐོར། །ཅི་ནས་གཉིད་ཀྱིས་ལོག་པར་མ་གྱུར་པར། །ཕྱེ་མ་ལེབ་བཞིན་མིག་གིས་བསྲུང་བར་གྱིས། ། རྒྱལ་བུ་འདི་ནི་བསྲུང་བར་བྱ་བའི་ཕྱིར། ཁྱིམ་འདིར་རིན་པོ་ཆེ་ཡི་དྲ་བ་བ་བྲེས། ། གླིང་བུ་དག་ཀྱང་རབ་ཏུ་འབུད་ཅིང་ལོང ། །དོ་མོད་རྡུལ་དང་བྲལ་བབསྲུང་བ་གྱིས། །ཕན་ཚུན་གཅིག་ལ་གཅིག་ནི་སྤྲོན་བྱོས་ཏེ། །དོ་མོད་མ་ཉལ་ཤིན་ཏུ་བསྲུང་བ་གྱིས། །རྒྱལ་སྲིད་དང་ནི་ཡུལ་འཁོར་སྤང་ས་ནས་ས་སུ། ཁྱིམ་ནས་མངོན་དུ་འབྱུང་བར་གྱུར་ཏ་རེ། །འདི་ནི་མངོན་པར་བྱུང་བར་གྱུར་ན་གོ། ། རྒྱལ་པོའི་ཕོ་བྲང་འདི་ཀུན་ཉམས་མི་དགའ། །རྒྱལ་པོའི་རིགས་རྒྱུད་ཡུན་རིང་གནས་པ་ཡང ། །རྒྱལ་པོའི་རིགས་དང་རྒྱུད་ནི་ཆད་པར་འགྱུར། །དགེ་སློང་དག་
46-244
དེ་ནས་གནོད་སྤྱིན་གྱི་སྡེ་དཔོན་ལྔ་རྩེན་ལ་སོགས་པ་གནོད་སྤྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། འཕྲོག་མའི་བུ་ལྔ་བརྒྱ་རྣམས་གཅིག་ཏུ་འདུས་ནས་འདི་སྐད་ཅེས་སྨྲས་ཏེ། གྲོགས་པོ་དག་དོ་མོད་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས་ཁྱེད་ཅག་དེ་ལ་མཆོད་པ་བྲེད་པའི་ལས་ལ་སྤྲོ་བ་གྱིས་ཤིག་།རྒྱལ་པོ་ཆེན་པོ་བཞི་ཡང་ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཞུགས་ནས་གནོད་སྤྱིན་གྱི་འཁོར་ཆེན་པོ་ལ་སྨྲས་པ། གྲོགས་པོ་དག་དོ་མོད་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས་ཁྱེད་ཀྱིས་བཅིབས་པའི་རྐང་ལག་ནས་ཐེག་ལ་འབྱུང་བར་གྱིས་ཤིག ། གནོད་སྤྱིན་གྱི་འཁོར་གྱིས་སྨྲས་པ། སྐུ་ནི་སྲེད་མེད་བུ་ཡི་སྟོབས་ལྡན་རྡོ་རྗེ་ལྟ་བུར་མི་གྱིད་སྲ་ལ་ལྕི། །སེམས་ཅན་ཀུན་གྱི་དམ་པ་དེ་ནི་བརྩོན་འགྲུས་སྟོབས་ལྡན་གཡོ་བ་མི་མངའ་སྟེ། །རི་ཡི་དམ་པ་ལྷུན་པོ་ཆེན་པོ་རྨང་ནས་ཕྱུང་སྟེ་ནམ་མཁར་གཟུང་ནུས་ཀྱི། །རྒྱལ་པོའི་ཡོན་ཏན་ལྷུན་པོ་རི་ལྕི་བསོད་ནམས་ཡེ་ཤེས་གནས་པ་སུས་ཀྱང་གང་དུ་བཀུར་མི་ནུས། །རྣམ་ཐོས་ཀྱི་བུས་སྨྲས་པ། མི་གང་ང་རྒྱལ་འགྱིང་བ་དེ་ལ་སྟོན་པ་ལྕི། །གང་དག་དགའ་གུས་གནས་པ་དེ་དག་ཡང་བར་ཚོར། །བསམ་པ་ཐག་པས་བརྩོན་པར་བྱོས་ལ་གུས་པ་ཡིས། །བྱ་ཡིས་ཤ་ཁམ་བཞིན་དུ་ཡང་བར་ཤིས་པར་གྱིས། །ཁོ་བོ་མདུན་ནས་འགྲོ་ཡིས་ཁྱེད་ཅག་རྣམས་ཀྱིས་བཅིབས་པ་ཐེག་།བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་ཚེ་བསོད་ནམས་མང་པོ་ཙོགས ། །དགེ་སློང་དག་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། རྒྱེ་གྲོགས་པོ་དག་དོ་མོད་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་གིས་དེ་ལ་ཁྱེད་ཐམས་ཅད་མཆོད་པའི་ལས་ལ་སྤྲོ་བར་གྱིས་ཤིག་།དེ་ན་ལྷའི་པུ་ཞི་བའི་བློ་གྲོས་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །བདག་གིས་ནི་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེས་པ་དང ། བུད་
46-245
མེད་དང་ཁྱེའུ་དང་བུ་མོ་ཐམས་ཅད་གཉིད་ཀྱིས་ལོག་པར་བགྱིའོ། །ལྷའི་བུ་ཅེ་བ་བཀོད་པ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །བདག་གིས་ནི་རྟ་དང་གླང་པོ་ཆེ་དང ། བོང་བུ་དང ། རྔ་མོ་དང ། བ་ལང་དང ། མ་ཧེ་དང ། སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་རྣམས་ཀྱི་སྒྲ་མི་གྲག་པར་བགྱིའོ། །ལྷའི་བུ་བཀོད་པའི་བློ་གྲོས་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས ། ། བདག་གིས་ནི་ནམ་མཁའི་དཀྱིལ་དུ་ཤིང་རྟ་ཆེན་པོ་བདུན་རིན་པོ་ཆེའི་སྟེགས་བུས་འཁོར་བར་བསྐོར་བ་ནོར་བུ་རིན་པོ་ཆེ་མེ་ཤེལ་གྱི་འོད་འབར་བ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ། མེ་ཏོག་སྣ་ཚོགས་ཆལ་པར་བཀྲམ་པ། པོག་ཕོར་ནས་བདུག་སྤོས་སྣ་ཚོགས་ཀྱིས་བདུགས་པ་དག་བྱང་ཆུབ་སེམས་དཔའ་ལམ་གང་ནས་འབྱུང་བའི་ལམ་དེར་བཀོད་པར་བགྱིའོ། །ཀླུའི་རྒྱལ་པོ་ས་སྲུང་གི་བུ་ཞེས་བྱ་བས་འདི་སྐད་ཅེས་སྨྲས་སོ། །བདག་གིས་བདག་ཉིད་ཀྱི་སྣ་ལ་ཁང་པ་བརྩེགས་པ་དཔག་ཚད་སུམ་ཅུ་རྩ་གཉིས་པ་བགྱིས་ཏེ་དེར་ལྷའི་བུ་མོ་དག་བཀོད་ལ་སིལ་སྙན་དང ། གླུ་དབྱང་ས་ལེན་དུ་སྩལ་ཅིང་གླུ་དང་རོལ་མོའི་དབྱང་ས་སྒྲ་ཆེན་པོས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་དང་བསྙེན་བཀུར་བགྱིད་ཅིང་མཆི་བར་བགྱིའོ། །ལྷའི་དབང་པོ་བརྒྱ་བྱིན་ཉིད་ཀྱིས་འདི་སྐད་ཅེས་སྨྲས་ས་སོ། །ཁོ་བོས་ནི་སྒོ་དབྲེའོ། །ལམ་མཚོན་པར་བྱའོ། །ལྷའི་བུ་ཆོས་སྤྱོད་ཀྱིས་འདི་སྐད་ཅེས་སྨྲས ། །བདག་གིས་ནི་བཙུན་མོའི་འཁོར་རྣམས་མི་སྡུག་པར་བསྟན་པར་བགྱིའོ། །ལྷའི་བུ་ཡང་དག་སྐུལ་པོས་སྨྲས་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གཟིམས་མལ་ནས་བཞེང་ས་པར་གསོལ་བར་བགྱིའོ། །དེ་ན་ཀླུའི་རྒྱལ་པོ་ཆུ་ལྷ་དང ། ཀླུའི་རྒྱལ་པོ་གཟི་ཅན་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་འདི་སྐད་ཅེས་སྨྲས་
46-246
སོ། །བདག་ཅག་གིས་ནི་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་སྤྲིན་མངོན་པར་སྤྲུལ་ཏེ། ཙན་དན་སྤྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་དབབ་པོ། །དགེ་སློང་དག་དེ་ལྟར་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་རྣམས་ཀྱིས་རྣམ་པ་འདི་ལྟ་བུའི་བསམ་པ་ངེས་པར་བས་མས་ཏེ་བ་རྩམས་སོ། །བྱང་ཆུབ་སེམས་དཔའ་ཆོས་སེམས་པ་ལ་ཞུགས་པ། གླུ་དབྱང་ས་ལེན་པའི་ཁང་བཟང་ས་ན་མལ་བདེ་བ་ལ་འདུག་པ། བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ནི་སྔོན་གྱི་སངས་རྒྱས་ཀྱི་སྤྱོད་པ་རྣམ་པར་སེམས་ཤིང་སེམས་ཅན་ལ་ཕན་པ་བྱ་བ་རྗེས་སུ་སེམས་ལ། སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་མངོན་དུ་བྲེད་དོ། །བཞི་གང་ཞེ་ན། སྔོན་ང་རང་བྱུང་གི་བདག་པོ་འདོད་ཅིང་ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉརེར་བ་ན། གོ་ཆ་འདི་ལྟ་བུ་བགོས་པར་གྱུར་ཏེ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ནས་ཀྱེ་མའོ་བདག་གིས་འཇིག་རྟེན་གནས་པ་བཅིང་ས་ཏེ་འཁོར་བའི་བ་ཙོན་ར་ཆེན་པོར་བཅུག་པ་ལ་འཁོར་བའི་བ་ཙོན་ར་དྲ་ལ་ཏེ། བཅིང་ས་པ་བཀྲོལ་བའི་སྒྲ་བསྒྲག་གོ། ། སྲེད་པའི་ཞགས་པ་དང ། སྒྲོག་དམ་པོས་བཅིང་ས་པའི་སེམས་ཅན་རྣམས་ཀྱང་རབ་ཏུ་དགྲོལ་ལོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་དང་པོ་འདི་མངོན་དུ་གྱུར་ཏོ། ། གྱེ་མའོ་བདག་གིས་འཇིག་རྟེན་མ་རིག་པའི་མྱུན་པ་མྱཕྱིན་གནག་ཐིབས་པོ་ཆེན་པོར་ཞུགས་པ་མི་ཤེས་པའི་ཡིང་ཏོག་དང་རབ་རིབ་ཀྱིས་མིག་བསྒྲིབས་པ་ཤེས་རབ་ཀྱི་མིག་དང་བྲལ་བ། མ་རིག་པ་དང་གཏི་མུག་གིས་ལྡོང་ས་པ་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱ་ཞིང་ཡེ་ཤེས་ཀྱི་སྒྲོན་མ་ཡང་ཉེ་བར་བསྒྲུབས་ལ། རྣམ་པར་ཐར་པའི་སྒོ་གསུམ་ཤེས་པའི་མིག་སྨན་རི་ལུ་དང་སྨན་ཐབས་དང་ཤེས་རབ་དང ། ཡེ་ཤེས་དང་ལྡན་པ་བཏང་སྟེ། མ་རིག་པའི་མྱཕྱིན་པ་མྱུན་གནག་དང ། གཏི་མྱུག་གི་མུན་པ་
46-247
དང ། རབ་རིབ་དང ། ཡིང་ཏོག་དང ། རྙོག་པ་ཐམས་ཅད་བསལ་ནས་ཤེས་རབ་ཀྱི་མིག་རྣམ་པར་སྦྱང་ངོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་གཉིས་པ་འདི་མངོན་དུ་གྱུར་ཏོ། །རྒྱེ་མའོ་བདག་གིས་འཇིག་རྟེན་ང་རྒྱལ་གྱི་རྒྱལ་མཚན་བསྒྲེང་བ། ང་ར་འཛིན་པ་དང ། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པ། བདག་དང་བདག་གིར་འཛིན་པ་དང་ལྡན་པའི་ཡིད་ཅན། འདུ་ཤེས་དང ། སེམས་དང ། ལྟ་བ་ན་ཅི་ལོགགིས་ན་ཅི་ལོག་ཏུ་གྱུར་པ་བཟུང་བ་ངན་པས་ཟིན་པ་ལ་འཕགས་པའི་ལམ་བསྟན་ཏེ། ངའོ་སྙམ་པའི་ང་རྒྱལ་བསྙལ་བར་བྱའོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་གསུམ་པ་འདི་མངོན་དུ་གྱུར་ཏོ། །རྒྱེ་མའོ་བདག་གིས་འཇིག་རྟེན་རྣམ་པར་མ་ཞི་བ། ཐགས་འཁྲུགས་པ་ལྟ་བུར་གྱུར་པ། དྲུ་གུ་འཛིང་ས་པ་ལྟ་བུར་གྱུར་པ། འོང་བ་དང་འགྲོ་བར་གྱུར་པ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དང ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་ཅིང་འཁོར་ལ་འཁོར་བ་ལས་མི་ལྡོག་པ་མགལ་མེའི་འཁོར་ལོ་ལྟ་བུར་གྱུར་པ་ལ་ཉེ་བར་ཞི་བར་བྲེད་པའི་ཤེས་རབ་ཀྱིས་ཆོག་པར་བྲེད་པའི་ཆོས་ཀྱང་བསྟན་ཏོ་ཞེས་བྱ་བ་སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་པོ་འདི་མངོན་དུ་གྱུར་ཏེ། སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་པོ་དེ་དག་མངོན་དུ་གྱུར་ཏོ། །སྐད་ཅིག་དེ་ལ་ལྷའི་བུ་ཆོས་སྤྱོད་དང ། གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བརྩུན་མོའི་འཁོར་མི་སྡུག་པར་བསྒྱུར་ཏེ། མི་སྡུག་པར་གནས་པ་དང ། སྨད་པའི་གཟུགས་སུ་བསྟན་ནས་ནམ་མཁའ་ལ་འཁོད་དེ། བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། དེ་ནས་ལྷའི་བུ་རྫུ་འཕྲུལ་ཆེ་རྣམས་ཀྱིས། །པད་མ་རྒྱས་པ་ཡང་ས་པའི་སྤྱན་ལ་སྨྲས། །དུར་ཁྲོད་དབུས་འདིར་བཞུགས་པར་གྱུར་ལགས་ན། །ཁྱོད་ནི་ཇི་ལྟར་དགྱིས་པ་སྐྱེ་བར་འགྱུར། །ལྷ་ཡི་དབང་ཕྱུག་རྣམས་ཀྱིས་དེ་བསྐུལ་ནས།།
46-248
ཡུད་ཙམ་བརྩུན་མོའི་འཁོར་ལ་ལྟ་ཞིང་རྟོག་།བལྟས་ནས་སྨད་པར་གྱུར་པ་དེ་དག་མཐོང ། །དུར་ཁྲོད་གནས་པར་གྱུར་པ་བདེན་སྙམ་བྲེད ། །བྱང་ཆུབ་སེམས་དཔས་ཐམས་ཅད་དང་ལྡན་པའི་བུད་མེད་ཀྱི་ཚོགས་ལ་རྣམ་པར་བལྟས་པ་དང ། ཁ་ཅིག་ནི་གོས་ལྷུང་བར་གྱུར། ཁ་ཅིག་ནི་སྐྲ་ཞིག་།ཁ་ཅིག་ནི་རྒྱན་པ?[༄\ུf]ལ། ཁ་ཅིག་ནི་ཅོད་པན་ལྷུང ། ཁ་ཅིག་ནི་ཕྲག་པ་མི་སྡུག་པར་གྱུར། ཁ་ཅིག་ནི་ལུས་རྣམ་པར་འཁྲུགས། ཁ་ཅིག་ནི་བཞིན་མི་སྡུག་པར་གནས། ཁ་ཅིག་ནི་མིག་གྱུར། ཁ་ཅིག་ནི་ཁ་ཆུ་ཟག་།ཁ་ཅིག་ནི་སྔུར། ཁ་ཅིག་ནི་ལུད་པ་ལུ། ཁ་ཅིག་ནི་རྒོད ། ཁ་ཅིག་ནི་བརྡོལ ། ཁ་ཅིག་ནི་སོ་འཁྲིག་།ཁ་ཅིག་ནི་བཞིན་མདོག་གྱུར ། ཁ་ཅིག་ནི་གཟུགས་མི་སྡུག་པར་གྱུར་ཏེ། ལག་པ་རིང་པོར་གྱུར ། ཁ་ཅིག་ནི་རྐང་པ་ཕྲལ། ཁ་ཅིག་ནི་མགོ་ཕྱུང ། ཁ་ཅིག་ནི་མགོ་གཡོགས། ཁ་ཅིག་ནི་བཞིན་གྱི་དབྱིབས་གྱུར། ཁ་ཅིག་ནི་ལུས་མ་རུངས་པར་གྱུར། ཁ་ཅིག་ནི་ལུས་སྒྲེན་མོར་གྱུར། ཁ་ཅིག་ནི་ལུས་བསྐུམས་ཤིང་སྔུར། ཁ་ཅིག་ནི་རྗ་རྔ་ལ་འབྱུད་ནས་ལུས་གན་རྐྱལ་དུ་འགྱིལ། ཁ་ཅིག་ནི་པི་བང་དང་རྒྱུད་གསུམ་པའི་སྟེང་དུ་ལག་པ་བརྐྱང ། ཁ་ཅིག་ནི་གླིང་བུ་ལ་སོས་འདེབས། ཁ་ཅིག་ནི་རོལ་མོའི་ཆ་བྱད་ཀིམ་པ་ལ་དང ། ན་ཀུ་ལ་དང ། ཁར་བའི་སིལ་ཁྲོལ་དང ། ཕེག་ལ་འཛིན། ཁ་ཅིག་ནི་མིགའཇུམས་ཤིང་འབྲེད་ལ་འགྱུར། ཁ་ཅིག་ནི་ཁ་གད་ངས་པར་གྱུར་ཏེ། དེ་ལྟར་ས་ལ་མི་སྡུག་པར་གནས་པར་གྱུར་པའི་བརྩུན་མོའི་འཁོར་ལ་ལྟ་ཞིང་བྱང་ཆུབ་སེམས་དཔའ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་མགོན་དེས་དེ་མཐོང་ཡིད་བྱུང་སྟེ། །སྙིང་རྗེས་ཤུགས་ཕྱུང་ནས་ནི་འདི་སྐད་སྨྲས། །ེ་མསྐྱེ་དགུ་དག་ནི་སྡུག་བསྔལ་གྱུར། ། སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད ། །འདོད་པའི་
46-249
ཡོན་ཏན་ཡོད་མིན་ཡོན་ཏན་འཛིན། །གཏི་མྱུ་ག་མྱུ་ན་པས་རབ་བསྒྲིབས་བློ་གྲོས་ང་ན། །དཔེར་ན་བྱ་ནི་བྱ་རྒྱར་ཆུད་པ་བཞིན། །ནམ་ཡང་འབྱུང་བ་རྙེད་པར་འགྱུར་མ་ཡིན། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་པ། དེ་ནས་བྱང་ཆུབ་སེམས་དཔས་ཆོས་སྣང་བའི་སྒོ་འདིས་ཡང་བཚྱཕྱིན་མོའི་འཁོར་ལ་རྟོག་ཅིང་སྙིང་རྗེ་ཆེན་པོའི་སྨྲེ་བས་སེམས་ཅན་གྱི་གྱིར་སྨྲེ་སྟེ། འདི་ན་བྱིས་པ་དེ་དག་ནི་གསོད་པ་སྟེ། བསད་པའི་གནས་སུ་གསད་པར་བྱ་བ་གསོད་པ་དང་མཚུང་ས་སོ། །འདི་ན་བྱིས་པ་དེ་དག་ནི་ཆགས་པ་སྟེ། ངན་སྐྱུགས་ཀྱིས་གང་བའི་སྣོད་རི་མོ་ཅན་རྣམས་ལ་མི་མཁས་པ་ཆགས་པ་དང་མཚུང་ས་སོ། །འདི་ན་བྱིས་པ་དེ་དག་ནི་འབྱིང་བ་སྟེ། གླང་པོ་ཆེ་ཆུར་བྱིང་བ་དང་མཚུང་ས་སོ། ། འདི་ན་བྱིས་པ་དེ་དག་ནི་བསྟས་པ་སྟེ། བ་ཙོན་རའི་ནང་གི་བ་ཙོན་བསྟས་པ་དང་མཚུང་ས་ས་སོ། །འདི་ན་བྱིས་པ་དེ་དག་ནི་མངོན་པར་དགའ་བ་སྟེ། ཕག་མི་གཙང་བ་ལ་དགའ་བ་དང་མཚུང་ས ། །འདི་ན་བྱིས་པ་དེ་དག་ནི་ཆགས་པ་སྟེ། ཁྱི་ཀེང་རུས་ལ་ཆགས་པ་དང་མཚུངས་ས་སོ། །འདི་ན་བྱིས་པ་དེ་དག་ནི་རབ་ཏུ་ལྷུང་བ་སྟེ། བྲེ་མ་ལེབ་མར་མེའི་མེ་ལྕེར་ལྷུང་བ་དང་མཚུང་ས་ས་སོ། །འདི་ན་བྱིས་པ་དེ་དག་ནི་ཐོགས་པ་སྟེ། སྤྲེའུ་རྙོང་ལ་ཐོགས་པ་དང་མཚུངས་སོ། །འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་བཟུང་བ་སྟེ། ཉ་རྒྱས་ཟིན་པ་དང་མཆུང་ས ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་གཏུབས་པ་སྟེ། ཤ་འཚོང་གི་གནས་ཀྱི་ལུག་དང་མཚུང་ས་སོ། །འདི་ན་བྱིས་པ་དེ་དག་ནི་བརྩུགས་པ་སྟེ་སྡིག་པ་བྲེད་པ་གསལ་ཤིང་གི་རྩེ་མོ་ལ་བཙུགས་པ་དང་མཚུང་ས་སོ། །འདི་ན་བྱིས་པ་དེ་དག་ནི་འད་མ་དུ་འབྱིང་ཞིང་ཐོགས་པ་སྟེ། གླང་པོ་ཆེ་རྒན་པོ་འད་མ་དུ་སོང་བ་དང་
46-250
མཚུང་སོ ། །འདི་ན་བྱིས་པ་དེ་དག་ནིཕོང་ས་པ་སྟེ། རྒྱ་མཚོ་ཆེན་པོར་གྲུའི་སྣམ་བུ་ཞིག་པ་དང་མཚུངས་སོ། །འདི་ན་བྱིས་པ་དེ་དག་ནི་རབ་ཏུ་ལྷུང་བ་སྟེ། དམུས་ལོང་གཡང་ས་ཆེན་པོར་ལྷུང་བ་དང་མཚུང་ས ། །འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་ཟད་པར་འགྱུར་བ་སྟེ། སའི་སྟེང་གི་མཚམས་སུ་སོང་བའི་ཆུ་དང་མཚུང་ས ། །འདི་ན་བྱིས་པ་དེ་དག་ནི་དུ་བ་འཐུལ་བ་སྟེ། བསྐལ་པ་ཟད་པའི་ས་ཆེན་པོ་དང་མཚུང་ས ། །འདི་ན་བྱིས་པ་དེ་དག་ནི་འཁོར་བ་སྟེ། རྫ་མཁན་གྱི་འཁོར་ལོའི་ཤུགས་དང་མཚུང་ས་ས་སོ། །འདི་ན་བྱིས་པ་དེ་དག་ནི་འབྲོག་ཅོལ་བ་སྟེ། ད་མྱུས་ལོང་རི་ལ་ན་པ་དང་མཚུངས་ས་སོ། །འདི་ན་བྱིས་པ་དེ་དག་ནི་བཏགས་ཤིང་འཁོར་བ་སྟེ། ཁྱི་པྟོང་གིས་བཏགས་པ་དང་མཚུང་ས་སོ། །འདི་ན་བྱིས་པ་དེ་དག་ནི་རྙིས་པ་སྟེ། དབྱིད་ཀྱི་ཙོ་དང་ནགས་ཚལ་དང་མཆུངས ། ། འདི་ན་བྱིས་པ་དེ་དག་ནི་ཡོངས་སུ་ཉམས་པ་སྟེ། ཟླ་བ་མར་གྱི་ངོའི་ཟླ་བ་དང་མཚུང་ས་ས་སོ། །འདི་དག་ནི་བྱིས་པ་རྣམས་ལ་ཟ་བ་སྟེ། ཀླུ་ལ་ནམ་མཁའ་ལྡིང་དང་མཚུང་ས་ས་སོ། །འདི་དག་ནི་བྱིས་པ་རྣམས་ལ་འཆའ་བ་སྟེ། གྲུ་བོ་ཆེ་ལ་ཆུ་སྲིན་ཆེན་པོ་དང་མཚུང་ས་སོ། །འདི་དག་ནི་བྱིས་པ་རྣམས་ལ་འཇོམསཔ་སྟེ། འདྲོན་པོ་ལ་ཆོམ་པོ་མང་པོ་དང་མཚུང་ས ། །འདི་དག་ནི་བྱིས་པ་རྣམས་ལ་འཇིག་པ་སྟེ། ཤིང་སཱ་ལ་ལ་རླུང་མར་ཆེན་པོ་དང་མཚུང་ས་སོ། །འདི་དག་ནི་བྱིས་པ་རྣམས་ལ་གསོད་པ་སྟེ། སྐྱེ་བོ་ལ་སྤྲུལ་མིག་གདུག་པ་དང་མཚུང་ས་སོ། ། བྱིས་པ་རྣམས་ནི་རོ་མྱང་བའི་འདུ་ཤེས་ཀྱིས་ཆོད་པ་སྟེ། རལ་གྲིའི་སོ་སྤྲང་སྩ[༄\ུf]ས་བསྐུས་པས་ཆོད་པ་བཞིན་ནོ། །འདི་དག་ནི་བྱིས་པ་རྣམས་ཁྱེར་བ་སྟེ། ཤིང་གི་ཕུང་པོ་ཆུ་བོའི་ཆུས་ཁྱེར་བ་དང་མཚུང་ས ། །འདི་དག་ནི་བྱིས་པ་རྣམསལ་རྩེད་པ་སྟེ། བྱིས་པ་ཆུང་ངུ་རང་གི་གཅིན་རྟུག་ལ་རྩེ་བ་དང་མཚུང་ས་སོ། །
46-251
འདི་དག་ནི་བྱིས་པ་རྣམས་ཀུན་ཏུ་སྒྱུར་བ་སྟེ། གླང་པོ་ཆེ་ལ་ལྕགས་ཀྱུ་དང་མཚུང་ས་ས་སོ། །འདི་དག་ནི་བྱིས་པ་རྣམས་ལ་སླུ་བ་སྟེ། གཡོན་ཅན་གྱིས་བྱིས་པའི་རང་བཞིན་ཅན་དག་བྲིད་པ་བཞིན་ནོ། །འདི་དག་ནི་བྱིས་པ་དེ་དག་གི་དགེ་བའི་རྩ་བ་ཟད་པར་བྲེད་པ་སྟེ། རྒྱན་པོ་ལ་དགའ་བའི་ནོར་དང་མཚུང་ས་སོ། །འདི་དག་གིས་བྱིས་པ་རྣམས་འཆོས་པ་སྟེ། སྲིན་མོ་རྣམས་ཀྱིས་ཚོང་པ་འཆོས་པ་དང་མཚུང་ས་སོ། །བྱང་ཆུབ་སེམས་དཔས་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བརྩུན་མོའི་འཁོར་ལ་ཡོངས་སུ་བརྟག་པ་བྱས་ནས། ལུས་ལ་མི་ག་ཙང་བའི་འདུ་ཤེས་རྣམ་པར་སྒོམ། མི་འཐུན་པའི་འདུ་ཤེས་ཉེ་བར་སྒྲུབ། སྨད་པའི་འདུ་ཤེས་སྐྱེད ། རང་གི་ལུས་ལ་ཡང་དེ་དང་འདྲ་བར་རྣམ་པར་སྒོམ། ལུས་ཀྱི་ཉེས་དམིགས་ཡང་དག་པར་མཐོང ། ལུས་ལ་ལུས་སུ་མངོན་པར་ཞེན་པ་ལས་སྐྱོད ། སྡུག་པའི་འདུ་ཤེས་རྣམ་པར་འཇིག་།མི་སྡུག་པའི་འདུ་ཤེས་འཇུག་པར་བྲེད ། འོག་གི་རྐང་པའི་མཐིལ་ནས་སྟེང་གི་ཀླད་པ་མན་ཆད་མི་གཙང་བ་ལས་བྱུང་བ་དང ། མི་ག་ཙང་བ་ལས་གྱུར་པ་དང ། རྟག་ཏུ་མི་ག་ཙང་བ་ཟག་པར་མཐོང་ང་ངོ ། །དེའི་ཚེཚིགས་སུ་བ་ཅད་པ་འདི་དག་ཀྱང་སྨྲས་ས་སོ། །ལུས་ཀྱི་ཞིང་ལས་སྐྱེས་ཤིང་སྲེད་པའི་ཆུ་ལས་བྱུང་བ་འཇིག་ཚོགས་མིང་དུ་བཏགས ། ། མཆི་མ་ཇུལ་དང་མཆིལ་མས་བརླན་ལ་གཅིན་གྱིས་བསྒྱུར་ཅིང་ཁྲག་གི་ཐིགས་པས་གང ། །ཞག་དང་རྣག་དང་ལྐང་བ་དང་ནི་ཀླད་རྒྱས་དག་དང་སྣིག་པ་རྣམས་ཀྱིས་གང ། །རྟག་ཏུ་ངན་སྐྱུགས་ཟག་ཅིང་ཀུན་ཀྱང་དྲི་མ་རྣམ་པ་སྣ་ཚོགས་ཐ་དད་པ། །པགས་པ་སོ་དང་སྐྲ་དང་སྦུ་ཡིས་བསྒྱུར་ཅིང་པགས་པས་གཡོགས་ལ་སྦུ་དང་ལྡན། །རྒྱུ་མ་མཆིན་པ་མཚེར་པ་ཆུ་སིར་ཁ་ཆུ་འདི་དག་བསགས་པ་ཉམ་ཆུང་བ། །རྐང་དང་ཆུ་རྒྱུས་དག་གིས་སྤྲེལ་ཏེ་འཁྲུལ་འཁོར་འདྲ་ཞིང་ཤ་
46-252
ཡིས་མཇེས་པར་བྱས། །སྣ་ཚོགས་ནད་ཀྱིས་གང་ཞིང་མྱ་ངན་ཁྱབ་ལ་བཀྲེས་དང་སྐོམ་པས་ཀུན་ཏུ་ཉེ་ན། །སྐྱེ་བ་པོ་དག་ལུས་ནི་པུ་ག་མང་ཞིང་འཆི་དང་རྒ་བའི་གནས་གྱུར་པ། །མཐོང་ནས་མཁས་པ་སུ་ཞག་རང་གི་ལུས་ལ་དགྲ་དང་མཚུང་ས་པར་སེམས་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་སུ་སོང་བའི་དྲ་ན་པས་གནས་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ན་འཁོད་པའི་ལྷའི་བུ་རྣམས་ཀྱིས་ལྷའི་བུ་ཚོས་སྤྱོད་ལ་འདི་སྐད་ཅེས་སྨྲས ། །གྲོགས་པོ་དོན་གྲུབ་འདི་ནི་བརྩུན་མོའི་འཁོར་ལ་རྣམ་པར་ལྟ་ཞིང་འཇུམ་ཡང་སྟོན ། །སེམས་ནི་མི་དགའ་མིག་ནི་གྱིར་ཞིང་ལྟ་ན་གྱི་ཤོལ་བྱེད་དམ་ཅི། །ཡང་ན་འདི་ནི་རྒྱ་མཚོའི་ཟབས་དང་མཚུང་ས་ཏེ་འདི་ཚད་གཟུང་བར་མི་ནུས་ས་སོ། །ཡང་ན་ཆགས་པ་མེད་པ་འདི་ཡུལ་རྣམས་ལ་ཡིད་ཆགས་པར་ནི་མི་འགྱུར་གྱུར་གྲང ། །ལྷ་རྣམས་ཀྱིས་བསྐུལ་བ་ཡི་ཡི་དམ་བརྗེད་པར་མ་གྱུར་གྲང ། །ལྷའི་བུ་ཆོས་སྤྱོད་ཀྱིས་སྨྲས་པ། དེ་སྐད་སྨྲ་ཅི་དགོས། འདི་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ཡང་མངོན་པར་འབྱུང་བ་དང ། གཏོང་བ་ལ་རྣམ་པ་དེ་ལྟ་བུར་ཆགས་པ་མེད་པར་གྱུར་པ་དེ་ཁྱེད་ལ་མངོན་སུམ་དུ་གྱུར་པ་ཡིན་ན། ད་སྲིད་པ་ཐ་མ་པ་ལ་གནས་པ་ཆགས་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ངེས་པར་བྱས་པ། ཡིད་བྱུང་བར་གྱུར་པ། བློ་བརྟུལ་བ། ཚུལ་དུ་ཤིས་ཤིང་རིང་ས་ཐབས་མེད་པར་སྐྱིལ་མོ་ཀྲུང་བཤིག་སྟེ། གླུ་དབྱངས་ལེན་པའི་ཁང་བཟང་ས་ན་ཤར་བྱོགས་སུ་ལྟ་ཞིང་འདུག་ནས་ལག་པ་གཡས་པས་རིན་པོ་ཆེའི་དྲ་བ་སྨད་དེ་ཁངབཟང་ས་ཀྱི་སྟེང་དུ་སོང་ནས་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། སངས་རྒྱས་ཐམས་ཅད་བསམས་ནས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ནམ་མཁའི་དཀྱིལ་དུ་བལྟས་པ་དང་དེས་མཐོང་བ། ནམ་མཁའི་དཀྱིལ་ན་ལྷའི་དབང་
46-253
པོ་མིག་སྟོང་དང་ལྡན་པ་ལྷ་བརྒྱ་སྟོང་གིས་བསྐོར་ཅིང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། བྲེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། མེ་ཏོག་གི་རྣ་རྒྱན་དང ། རིན་པོ་ཆེའི་དོ་ཤལ་གྱི་ཆུན་པོ་ཐོགས་ཏེ། ལུས་བཏུད་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་པ་མཐོང་ངོ ། །འཇིག་རྟེན་སྐྱོང་བ་བཞི་ཡང་གནོད་སྤྱིན་དང ། ས?ཕྱིན་པོ་དང ། དྲི་ཟ་དང ། ཀླུའི་ཚོགས་ཀྱིས་བསྐོར་ཅིང་གོ་ཆ་སྲ་བ་བ་བགོས། ཡ་ལད་བགོས་ཏེ། རལ་གྲི་དང ། མདའ་གཞུ་དང ། མདུང་ཐུང་དང ། མཚོན་ཅེ་གཉིས་པ་དང ། རྩེ་གསུམ་པ་ལག་ན་ཐོགས་ཤིང་ཚུལ་དུ་ཤིས་པར་ནོར་བུའི་ཅོད་པན་དང ། གཙུག་ཕུད་འཕྱང་བར་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་པ་མཐོང་ང་ངོ ། །ལྷའི་བུ་ཉི་མ་དང་ཟླ་བ་གཉིས་ཀྱང་གློ་གཡས་གཡོས་ན་འདུག་པར་མཐོང་ངོ ། །སྐར་མའི་བདག་པོ་རྒྱལ་ཡང་ནམ་ཕྱེད་ན་ཤར་བར་མཐོང་ང་ངོ ། །མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། །དོ་མོད་གདོན་མི་ཟ་བར་དོན་གྲུབ་ཀྱིས ། །འདུན་པ་གྱི་ཤོ་ལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པའང་ང་ལ་བྱིན། །དེ་ནས་འདུན་པས་ཚིག་དེ་ཐོས་ནས། ཡིད་མི་དགའ་ཞིང་འདི་སྐད་ཅེས་སྨྲས་སོ། །སྨིན་མ་རིང་ཞིང་པད་མའི་འད་བ་མ་རྒྱས་འདྲའི་སྤྱན་མངའ་མི་ཡི་སེང་གེ་སྟོན་ཀའི་ཟླ་བ་ཉ་བ་ལྟ་བུ་དང ། །མེ་ཏོག་ཀུ་མུ་དང་བླ་བ་དང་ནི་དགའ་བའི་པད་མའི་རྫིང་བུ་སར་པར་འཇམ་པའི་པད་མ་རྒྱས་འདྲའི་ཞལ། །སྦྱང་ས་པའི་གསིར་དང་ཉི་མ་ཤར་མ་ཐག་དང་ཟླ་བ་དྲི་མེད་གཟི་དང་མར་བླུགས་མེ་ཡི་འོད་འཕྲོ་ནོར་བུ་གློག་འོད་འབར་བའི་གཟི་བརྗིད་ཅན།། གླང་པོ་རྒྱགས་པ་འགྱིང་བའི་གླང་པོའི་སྟོབས་ཅན་བ་ལང་བྱུ་མཆོག་རི་དགས་
46-254
རྒྱལ་དང་ངང་པའི་སྟབས་ཅན་སྟབས་མཇེས་ཤིན་ཏུ་ཞབས་ལེགས་གང་དུ་བཞུད་།། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་གང་གི་དོན་དུ་ང་ཡིས་སྔོན་ཆད་ལག་པ་རྐང་པ་མིག་དང་དེ་བཞིན་མགོ་དང་ལུས་བཏང་ཞིང ། །ཆུང་མ་དང་ནི་ཕང་ས་པའི་རྒྱལ་སྲིད་ནོར་གསེར་གོས་དང་རིན་ཆེན་གང་བའི་ཤིང་རྟ་གླང་པོ་རླུང་མརྒྱོགས་ཤུགས་ལྡན་རྟ་ཕོ་རྩལ་མཆོག་ལྡན་པ་བཏང ། །བསྐལ་པ་བྲེ་བ་ཁྲག་ཁྲིག་མང་ནས་ཚུལ་ཁྲིམས་ངས་བསྲུང་ས་བཟོད་པ་ཡོངས་བསྒོམས་བརྩོན་འགྲུས་སྟོབས་དང་བསམ་གཏན་ཤེས་རབ་དག་།དེ་ལྟ་མོད་ཀྱི་བྱང་ཆུབ་ཞི་བ་ཤིས་པ་ཐོབ་ནས་རྒ་ཤིའི་རྒྱ་མོར་ཆུད་པའི་སེམས་ཅན་ང་ཡིས་ལོང་ས་སུ་དགྲོལ་བའི་དུས་ལ་བབ། །འདུན་པས་སྨྲས་པ། ཇོ་ཇོ་ཁྱོད་བལྟམ་མ་ཐག་ཏུ་བལྟ་བའི་གྱིར་བྲམ་ཟི་ལྟས་མཁན་རྣམས་ལ་བསྟན་ན། དེ་དག་གིས་ཁྱོད་རྒྱལ་པོ་ཟས་ག་ཙང་མའི་སྤྱན་སྔར་ལྷ་ཁྱོད་ཀྱི་རྒྱལ་པོའི་ཕོ་བྲང་འཕེལ་བར་འགྱུར་རོ་ཞེས་ལུང་བསྟན་ཅེས་བདག་གིས་ཐོས་སོ། །སྨྲས་པ། ཇི་ལྟ་བུར་འགྱུར། སྨྲས་པ་གཞོན་ནུ་འདི་ནི་བསོད་ནམས་བརྒྱ་མཚན་ལྡན། །ཁྱོད་ཀྱི་བུ་བསྟས་བསོད་ནམས་གཟི་བརྗིད་ཅན། །དེ་ནི་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྐྱུར། །ནོར་བདུན་དང་ནི་རབ་ཏུ་ལྡན་པར་འགྱུར། །གལ་ཏེ་འཇིག་རྟེན་སྡུག་བསྔལ་བལྟས་ནས་ནི། ། བཚྱིན་མོའི་འཁོར་སྤང་ས་མངོན་པར་བྱུང་འགྱུར་ན། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་སྟེ། །ཆོས་ཀྱི་ཆུ་ཡིས་སྐྱེ་དགུའདི་ཚིམ་བྲེད ། །ཇོ་ཇོ་ལུང་བསྟན་པ་འདི་ནི་མཆིས་ཏེ། འདི་མ་མཆིས་པ་ནི་མ་ལགས་མོད་ཀྱི་འོན་ཀྱང་ཕན་པར་འཚལ་བ་བདག་གི་ཚིག་གསན་པར་གསོལ། སྨྲས་པ། ཅི་ཞིག་།སྨྲས་པ། ལྷ་ཅིག་གང་གི་དོན་དུ་འདི་ན་ཁ་ཅིག་བརྟུལ་ཞུགས་དང་དཀའ་ཐུབ་རྣམ་པ་དུ་མ་རྩོམ་སྟེ། རི་དགས་ཀྱི་པགས་པ་དང ། རལ་པའི་ཐོར་ཚུགས་དང ། ཙོ་དང་
46-255
ཤིང་ཤུན་རྒྱོན་པ་དང ། སིན་མོ་དང ། སྐྲ་དང ། ག་ཙོམ་རིང་པོར་འཇོག་པ་དང ། ལུས་ལ་གདུང་བ་དང ། ཡོངས་སུ་གདུང་བ་རྣམ་པ་དུ་མ་སྤྲོ་བར་བགྱིད་དེ། བདག་ཅག་ཇི་ལྟར་ལྷ་དང་མིའི་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞེས་བརྟུལ་ཞུགས་དང་དཀའ་ཐུབ་དྲ་ག་པོ་རྩོམ་མོ། །ཇོ་ཇོ་ཕུན་སུམ་ཚོགས་པ་དེ་ནི་ཁྱོད་ཀྱིས་བརྙེས་ལགས་ཏེ། རྒྱལ་སྲིད་འབྱོར་ཅིང་རྒྱས་ལ་བདེ་ཞིང་ལོ་ལེགས་ཏེ། ཉམས་དགའ་ཞིང་མི་དང་སྐྱེ་བོ་མང་པོས་གང་བ་འདི་དང ། སྐྱེད་མོས་ཚལ་དམ་པ་མཚོག་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། བྱའི་ཚོགས་སྣ་ཚོགས་སྒྲ་སྐད་ཡིད་དུ་འོང་བ་འབྱིན་པ་འདི་དག་དང ། རྫིང་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མྱུ་དང ། པད་མ་དཀར་པོས་མཇེས་པར་གྱུར་པ། ངང་པ་དང ། རྨ་བྱ་དང ། ཁུ་བྱུག་དང ། ངུར་པ་དང ། དྲུང་དྲུང་དང ། ང་ང་སྐྱ་སྒྲ་སྐད་འབྱིན་པ། ཤིང་ཨ་མ?་དང ། མྱ་ངན་འཚང་དང ། ཙམ་པ་ཀ་དང ། ཀུ་རབ་ཀ་དང ། ཀེ་ས་ར་ལ་སོགས་པ་ཤིང་མེ་ཏོག་ཆགས་པ་སྣ་ཚོགས་ཀྱིས་འགྲམ་འཁོར་བ། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱི་ཕྲེང་གིས་ལེགས་པར་བརྒྱན་པ། མིག་མང་ས་རིས་སུ་བཀོད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲ་བ་བྲེས་པ། དུས་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྤྱད་པ། དགུན་དང ། དབྱར་དང ། སྟོན་དང ། དབྱིད་གནས་བདེ་བ་རྣམས་དང ། ཁང་བཟང་ས་ཆེན་པོ་ཆོས་དང་ཆོས་བཟང་དང ། བདེ་བ་དང ། མྱ་ངན་བྲལ་བ་ལ་སོགས་པ་རྣམ་པར་རྒྱལ་བའི་ཁང་པ་ལྟ་བུ་སྟོན་ཀའི་སྤྲིན་འདྲ་བ། གང་ས་ཏི་སེ་ལྟ་བུ་སྟེགས་བུ་དང ། སྒོ་གང་དང ། རྟ་བབས་དང ། སྐར་ཁུང་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། ཁྱམས་ཀྱིས་ལེགས་པར་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་
46-256
སྒྲ་འབྱུང་བ་འདི་དག་དང ། བཙུན་མོའི་འཁོར་དང་རོལ་མོའི་ཆ་བྱད་རྒྱུད་གཅིག་པ་དང ། པི་བང་དང ། ཁར་རྔ་དང ། གླིང་བུ་དང ། ཁར་བའི་སིལ་ཁྲོལ་དང ། ཕེག་དང ། ཀིམ་པ་ལ་དང ། ན་ཀུ་ལ་དང ། སྒྲ་སྙན་དང ། རྗ་རྔ་དང ། པ་ཊ་ཧ་དང ། གླུ་དང ། གར་དང ། རོལ་མོའི་དབྱངས་སྒྲ་དང ། གླུ་དབྱང་ས་སྦྱར་བ་ལེགས་པར་བསླབས་པ་དགོད་པ་དང ། འཇོ་བ་དང ། རྩེ་བ་དང ། དགའ་བ་དང ། ཚུལ་དུ་ཤིས་པ་དང ། སྤྱོད་པ་མཇེས་པ་འདི་དང་ནི་ལྡན་ལ། ལྷ་ཁྱོད་ཀྱང་དྲ་ནི་མ་ལོལ་ཏེ། གཞོན་པ་ཐོར་བུ་དྲ་ལ་བབ་པ། ལུས་འཇམ་པ། ལང་ཚོ་ལ་བབ་པ། དབུ་སྐྲ་གནག་པ། འདོད་པ་ལ་མ་རོལ་བ་ལགས་ཀྱིས ། སུམ་ཅུ་རྩ་གསུམ་པའི་བདག་པོ་མིག་སྟོང་དང་ལྡན་པ་ལྷའི་བདག་པོ་ལྟ་བུར་རེ་ཤིག་དགྱིས་པར་རོལ་ལ། སླད་ཀྱིས་བགྲེས་ནས་མངོན་པར་འབྱུང་བར་མཛོད་ཅིག་།དེའི་ཚེ་ཚིགས་སུ་བ་ཅད་པ་འདི་ཡང་སྨྲས་སོ། །སུམ་ཅུ་རྩ་གསུམ་འཇིག་རྟེན་ལྷ་དབང་ལྟར། །དགྱིས་པའི་ཆོ་ག་མཁྱེན་པ་དགྱིས་པར་རོལ། །སླད་ཀྱིས་བགེས་པར་གྱུར་ནས་བརྟུལ་ཞུགས་དང་།། ད་ཀའ་ཐུབ་དག་ནི་ཡང་དག་བརྩམ་པར་མཛོད ། །བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་མི་དགོས་ཏེ། འདོད་པ་འདི་དག་ནི་མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ། འགྱུར་བའི་ཆོས་ཅན། མྱུར་དུ་འགྲོ་བ། གལོ་བ། རི་གཟར་པོའི་ཆུའི་ཤུགས་དང་འདྲ་བ། ཟིལ་པའི་ཐིགས་པ་ལྟར་རིང་དུམི་གནས་པ། ལག་པ་བ་ཅང་སཔ་སྟོངས་པས་བྱིས་པ་བྱིད་པ་ལྟར་སྙིང་པོ་མེད་པ། ཆུ་ཤིང་གི་སྙིང་པོ་ལྟར་མཐུ་མེད་པ། སྣོད་སོ་མ་བཏང་བ་ལྟར་མཐར་འཇིག་པ། སྟོན་ཀའི་སྤྲིན་ལྟར་སྐད་ཅིག་བྱུང་ནས་མེད་པར་འགྱུར་བ། ནམ་མཁའི་གློག་ལྟར་རིང་དུ་མི་གནས་པ། དུག་དང་བ་ཅས་པའི་སྣོད་ལྟར་འགྱུར་བའི་སྡུག་བསྔལ་ཅན །
46-257
འཁྲི་ཤིང་མ་ལུ་ཏ་ལྟར་མི་བདེ་བ་འབྱིན་པ། བྱིས་པའི་བློ་ཅན་རྣམས་ཀྱིས་འདོད་པར་བྱ་བ། ཆུའི་ཆུ་བུར་ལྟ་བུར་མྱུར་དུ་འགྱུར་བའི་ཆོས་ཅན། སྨིག་རྒྱུ་ལྟར་འདུ་ཤེས་ན་ཅི་ལོག་ལས་བྱུང་བ། སྐྱུ་མ་ལྟར་སི་མས་ན་ཅི་ལོག་གིས་རྣམ་པར་བསྒྲུབས་པ། མི་ལམ་ལྟར་ལྟ་བ་ན་ཅི་ལོག་གིས་ཡོངས་སུ་ཟིན་པ། རྒྱ་མཚོ་དགང་དཀའ་བ་ལྟར་ངོམས་མི་ཤེས་པར་བྱེད་པ། ཚཝ་ཆུ་ལྟར་སྐོམ་པར་བྲེད་པ། སྤྲུལ་གྱི་མགོ་ལྟར་རེག་པར་བྱ་དཀའ་བ། གཡང་ས་ཆེན་པོ་ལྟར་མཁས་པ་རྣམས་ཀྱིས་ཡོངས་སུ་སྤང་ས་པ། ཤེས་རབ་ཅན་རྣམས་ཀྱིས་འཇིགས་པ་དང་བ་ཅས་པ་དང ། རྩོད་པ་དང་བ་ཅས་པ་དང ། ཉེས་པ་དང་བ་ཅས་པ་དང ། སྐྱོན་དང་བ་ཅས་པར་ཤེས་ནས་རྣམ་པར་སྤངས་པ། རིག་པ་རྣམས་ཀྱིས་སྨད་པ། འཕགས་པ་རྣམས་ཀྱིས་བཤུང་ས་པ ། མཁས་པ་རྣམས་ཀྱིས་མ་བསྔགས་པ། མི་མཁས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ། བྱིས་པ་རྣམས་ཀྱིས་བསྟེན་པ་ཡིན་ནོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས ། །མ་ཁས་པ་རྣམས་ཀྱིས་སྤྲུལ་གྱི་མགོ་བཞིན་སྤང་ས། །ངན་སྐྱུགས་སྣོད་བཞིན་མི་ག་ཙང་རྣམ་པར་སྤང་ས། ། འདུན་པ་དགེ་བ་ཐམས་ཅད་འཇིག་བྲེད་པར ། །འདོད་པ་ཤེས་ནས་ང་ནི་དགའ་མི་སྐྱེ་།དེའི་ཚེ་འདུན་པ་ཟུག་ཇུས་ཟུག་པ་བཞིན་དུ་སྐད་ཕྱུང་སྟེ། ངུ་ཞིང་དེ་ནས་མིག་ནས་མཆི་མ་ཟག་ལ། སྡུག་བསྔལ་བཞིན་ཚིག་འདི་སྐད་ཅེས་སྨྲས་སོ། །ལྷ་ཅིག་གང་གི་དོན་དུ་འདི་ན་ཁ་ཅིག་བརྟུལ་ཞུགས་རྣམ་པ་མང་པོ་རྩོམ་སྟེ་རི་དགས་པགས་པ་འཆང ། །སྐྲ་དང་སེན་མོ་ཨག་ཙོ་མ་རིང་དུ་འཇོག་ཅིང་དེ་བཞིན་ཤིང་ཤུན་རྒྱོན་ལ་ཡན་ལག་སྐམས་ཤིང་བརྟུལ་ཞུགུས་གནས། ། ས?[༄\ུf]་དང་ནི་ལྡམ་ལྡུམ་དག་དང་དྲུས་མ་འབྲས་ཟ་ཁ་ཅིག་སྤྱིའུ་ཚུགས་འདུག་དང་བ་ལང་བརྟུལ་ཞུགུས་གནས། །ཇི་ལྟར་བདག་ཅག་འགྲོ་བའི་ག་ཙོ་བོ་ཁྱད་འཕགས་
46-258
འཁོར་ལོས་སྐྱུར་བ་མཆོག་དང་དེ་བཞིན་འཇིག་རྟེན་སྐྱོང་བ་དང ། །བརྒྱ་བྱིན་རྡོ་རྗེ་འཆང་དང་འཐབ་བྲལ་ལྷ་དབང་འཇུལ་བར་འགྱུར་སྙམ་ཚང་ས་པའི་འཇིག་རྟེན་བསམ་གཏན་བདེ་བ་འདོད ། །མི་ཡི་དམ་པ་ཁྱོད་ཀྱི་རྒྱལ་སྲིད་འདི་ནི་ཤིན་ཏུ་འབྱོར་ཅིང་རབ་ཏུ་རྒྱས་ལ་ཤིན་ཏུ་ལོ་ལེགས་པ། །དེ་བཞིན་ཀུན་དགའི་རབ་དག་དང་སྐྱེད་མོས་ཚལ་དང་ཁང་བཟང་ས་མཐོན་པོ་རྣམ་པར་རྒྱལ་བའི་ཁང་པ་མཚུང་ས། །བུད་མེད་འདི་དག་རྣམས་ཀྱང་པི་བང་དང་ནི་གླིང་བུ་དག་དང་གླུ་དང་རོལ་མོའི་དབྱང་ས་སྒྲ་ལེན་ཅིང་མཆིས། །དགའ་བར་བགྱིད་དང་གར་དང་གླུ་དབྱང་ས་སྦྱར་བ་ཤིན་ཏུ་བསླབས་པ་འདི་དག་སྤྱོད་ཅིང་དེས་པ་མ་བཞུད་ཅིག ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ཉོན་ཅིག་འདོད་པའི་རྒྱུས་ནི་སྔོན་གྱི་ཚེ་རབས་དག་ན་བཅིང་ས་དང་བསྟས་དང་བདོགས་དང་བསྡིགས་པ་སྡུག་བསྔལ་བརྒྱ་དག་ངས་ནི་བཟོད་བྱས་འདུས་བྱས་ནམས་ལ་ང་ཡིས་ཡིད་བྱུང་བྱས་མ་གྱུར། ། སྔན་ཆད་བག་མེད་དབང་དུ་སོང་ཞིང་གཏི་མྱུག་དཀྲུགས་ལ་ལྟ་བའི་དྲ་བས་དགྲིགས་ཤིང་མྱུན་གྱུར་ཆོས་འདི་མི་ཤེས་པ་ལས་བྱུང་སྟེ་བདག་ཏུ་འདུ་ཤེས་འཛིན་དང་ཚོར་བ་པོ་ལས་འདས། །དངོས་པོ་འདི་དག་ཐམས་ཅད་ག་ལོ་ཞིང་འགྱུར་ལ་མི་རྟག་སྤྲིན་དང་མཚུང་ས་ཤིང་གློག་དང་འདྲ་སྟེ་ཟིལ་པའི་ཐིགས་པ་འདྲ་ཞིང་གསོབ་གསོག་སྙིང་པོ་མེད་ལ་བདག་ཡོད་མ་ཡིན་སྟོང་པར་གྱུར་པ་སྟེ། །ང་ཡི་ཡིད་ནི་ཡུལ་ལ་ཆགས་པ་མེད་ཀྱིས་འདུན་པ་རྟ་རྒྱལ་དམ་པ་བསྔགས་ལྡན་ང་བྱིན་ངས་སྔོན་བསམས་པའི་བཀྲ་ཤིས་རྫོགས་ཀྱིས་ཐམས་ཅད་ཟིལ་གནོན་ཆོས་ཀུན་དབང་ཕྱུག་ཆོས་རྒྱལ་ཐུབ་པར་འགྱུར། །འདུན་པས་སྨྲས་པ། པད་མ་འདབ་མ་རྒྱས་པ་འདྲ་བའི་མིག་ལྡན་ཞིང ། །དོ་ཤལ་ནོར་བུ་རིན་ཆེན་སྣ་ཚོགས་རྣམས་ཀྱིས་བརྒྱན། །མཁའ་ལ་སྤྲིན་ཚོགས་དག་ལས་བྱུང་བའི་གློག་འདྲ་བ། །མལ་ན་རྣམ་
46-259
པར་མཇེས་པ་འདི་ལ་མི་གཟིགས་སམ། ། པི་ལྡིར་དང་ནི་ཁར་རྔ་དག་དང་སྒྲ་སྙན་དང ། །རྗ་རྔ་དག་དང་གླིང་བུ་གླུ་དབྱང་ས་ལེན་པ་དང ། །བྱ་བང་རྨ་བྱ་ཀ་ལ་པིང་ཀ་སྒྲ་འབྱིན་པ། །མི་འམ་ཅི་ཡི་ཁྱིམ་འདྲ་འདི་ཡང་དོར་ལགས་སས་མ། ། སུ་མ་ན་དང་ཨུད་པ་ལ་དང་པཱར་ཤི་ཀ་།ཙམ་པ་ཀ་དང་དྲི་མཆོག་ཕྲེང་བ་མེ་ཏོག་བརྒྱུས ། །དུས་ཀྱི་ཨ་ག་རུ་མཚོག་བདུག་པས་རབ་བདུགས་དང ། །བྱུག་པ་དམ་པ་དེ་དག་ལ་ཡང་མི་གཟིགས་སས་མ། །ཤིན་ཏུ་དྲི་བད་འ་དྲི་ལྡན་རོ་བྲོ་གྱ་ནོམ་དང ། །སྐྱུ་རུམ་དག་དང་བཤོས་ག་ཙང་ཤིན་ཏུ་ལེགས་སྦྱར་དང ། ། སྐྱེམས་ཀྱི་རོ་ཡང་ཁ་ར་བཅས་པར་རབ་སྦྱར་བ། །འདི་ལའང་མི་གཟིགས་པར་ནི་ལྷ་ཁྱོད་གང་དུ་བཞུད ། །གྲང་བའི་དུས་ན་བྱུག་པ་དྲོ་བ་དམ་པ་དང ། །ཚ་བའི་དུས་ན་ཙན་དན་སྤྲུལ་གྱི་སྙིང་པོ་དང ། །ཀ་ཤིཔ་ཡི་ན་བཟའ་བཟང་པོ་མང་པོ་དང ། །དེ་དག་ལ་ཡང་མི་གཟིགས་ལྷ་ཁྱོད་གང་དུ་བཞུད ། །ལྷ་ཡུལ་དག་ན་ལྷ་རྣམས་དག་ནི་ཅི་འདྲ་བར། །འདོད་པའི་ཡོན་ཏན་ལྔ་པོ་འདི་དག་རབ་འབྱོར་པ། །དགའ་ཞིང་བདེ་དང་ལྡན་ལ་དགྱིས་པར་རོལ་མཛོད་དེ། །དེ་ནས་ཤཱཀྱའི་དམ་པ་ནགས་ཚལ་བཞུད་པར་མཛོད ། །བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ངས་ནི་བསྐལ་པ་མཐའ་ཡས་དཔག་ཏུ་མེད་པར་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་མི་དང་ལྷ་ཡི་འདོད་པ་རྣམ་པ་སྣ་ཚོགས་སྤྱད་ཀྱང་ངོམས་པར་གྱུར་པ་མེད ། །རྒྱལ་པོའི་སྲས་མཆོག་གྱུར་ཏེ་དབང་ཕྱུག་བྱས་ཤིང་གང་ཚེ་གླིང་བཞི་དག་ཏུ་འཁོར་ལོས་སྐྱུར་བའི་རྒྱལ་པོར་གྱུར་ནས་རིན་ཆེན་སྣ་བདུན་ལྡན་ཞིང་བུད་མེད་དག་གི་ནང་ན་འདུག་པ་དང ། །སུམ་ཅུ་རྩ་གསུམ་དབང་དང་འཐབ་བྲལ་རབ་ཀྱི་ལྷ་དབང་བྱས་ཤིང་དེ་དག་ནས་ནི་ཤི་འཕོས་འདིར་འོང་ས་སྤྲུལ་པའི་ལྷ་ཡི་ནང་ན་ཡིད་འོང་དཔལ་ལྡན་དམ་པ་ང་ཡིས་སྔོན་ཆད་སྤྱད་།།
46-260
ལྷ་ཡི་གནས་སུ་དབང་སྐྱུར་བདུད་ཀྱི་དབང་པོ་བྱས་ཤིང་འདོད་པ་འབྱོར་པ་མཆོག་ལ་སྤྱད་ཀྱང་ངོམས་མ་གྱུར་ན་དཅི་དམན་པ་འདི་ལ་བསྟེན་པས་ང་ངོམས་འགྱུར་རམ་དེ་ནི་གནས་མིན་ནོ། །གཞན་ཡང་འདུན་པ་ང་ནི་སྡུག་བསྔལ་མྱ་ངན་དགོན་པའི་འཁོར་བར་གནས་པ་ཉོན་མོང་ས་གདུག་པས་དཀྲུགས་ཤིང་ཉམ་ངས་རྟག་ཏུ་ཁྱེར་ཏེ་མགོན་མེད་སྐྱབས་མེད་ཅིང ། །གཏི་མྱུག་མ་རིག་མྱུན་པ་དག་ན་རྒ་དང་ན་དང་འཆི་བའི་འཇིགས་པ་དག་གིས་ཉེན་ལ་སྐྱེ་བའི་སྡུག་བསྔལ་དགྲ་ཡིས་ཀུན་ཏུ་གནོད་ཅིང་རྣམ་པར་གནོད་པའི་འགྲོ་བ་འདི་བལྟས་ནས། །ངས་འདིར་ཆོས་ཀྱི་གྲུ་བཟང་གཏོང་དང་ཚུལ་ཁྲིམས་བརྟུལ་ཞུགས་བཟོད་པ་བརྩོན་འགྲུས་སྟོབས་ཅན་དག་གི་ཤིང་ཚོགས་བསོགས་ཏེ་སྦྱར་ནས་ལྷག་པའི་བསམ་པ་སྙིང་པོ་ལྡན་པ་རྡོ་རྗེ་ལྟ་བུས་བརྟན་པོར་གཟུང་ས་བཏབ་སྦྱར། །གྲུ་དེར་ང་ཉིད་ཞུགས་ནས་བདག་ཉིད་རྒལ་ཏེ་བདག་གིས་འགྲོ་བ་མཐའ་ཡས་པ་དག་འཁོར་བའི་ཆུ་བོ་འདའ་བར་ཆེ་བ་ཁྲོ་བའི་དབའ་རླབས་ལྡན་པ་འདོད་ཆགས་འཛིན་ཁྲི་གློང་འཁྱིལ་དགྲ་ཡིས་རྣམ་པར་དཀྲུགས་པ་རྒལ་བར་དཀའ་ལས་བསྒྲལ་ལོ་སྙམ་སྟེ་ང་སེམས་དེ་འདྲ་འོ། །དེ་གྱིར་སྲིད་འཚོ་དགྲར་བ་ཅས་ལྟ་བའི་འཛིན་ཁྲི་དང ། ། ཉོན་མོང་ས་ས?ཕྱིན་པོ་ཡོད་པ་འདི་ལས་བདག་རྒལ་ཏེ། །བདག་ཉིད་རྒལ་བར་གྱུར་ནས་འགྲོ་བ་མཐའ་ཡས་པ། །རྒ་མེད་ཤི་མེད་ཞི་བའི་ཐང་ལ་དགོད་པར་བྱ། ། དེའི་ཚེ་འདུན་པ་དེ་བས་ཀྱང་རབ་ཏུ་ངུ་ཞིང་འདི་སྐད་ཅེས་སྨྲས་སོ། །ལྷ་དེ་ལྟར་ངེས་པར་མཛད་དམ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་ང་ཡིས་ངེས་པར་བྱས་པ་ཉོན། ། སེམས་ཅན་དགྲོལ་གྲོལ་གྱིར་ཕན་པར་བྱ་ཕྱིར་བརྩོན ། །མི་གལོ་ལས་ཀྱང་མི་གལོ་གནོད་པ་མེད ། །རི་རྒྱལ་ལྷུན་པོ་ལྟབུར་བརྟན་མི་ག་ལོ། ། འདུན་པས་སྨྲས་པ། ཇོ་ཇོའི་ངེས་པ་ཅི་འདྲ་བ་ཞིག་ལག ། བྱང་ཆུབ་སེམས་
46-261
དཔས་སྨྲས་པ། རྡོ་རྗེའི་གནམ་ལྕགས་དགྲ་སྟ་མདུང་ཐུང་མད་འ་ཆར་དང ། ། ལྕགས་བསྐོལ་གློག་གི་ཚོགས་ལྟར་རབ་ཏུ་འབར་བ་དང ། །རི་རྩེ་ཀུན་ཏུ་འབར་བ་མགོ་སྟེང་རབ་འབབ་ཀྱང ། །ང་ནི་ཁྱིམ་ལ་འདོད་པའི་གྱིར་ཡང་མི་སྐྱེད་དོ། ། དེའི་ཚེ་ལྷའི་བུ་ནམ་མཁའ་ལ་འཁོད་པ་དག་གིས་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་ཕྱུང་སྟེ། མེ་ཏོག་གི་ཆར་ཡང་ཕབ་ནས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། ། ཡུལ་རྣམས་ལ་ནི་ཡིད་ཀྱང་མ་ཆགས་ཤིང ། །སེམས་ཅན་དག་པ་སྙིང་རྗེ་སྙིང་བརྩེར་ལྡན ། །བློ་གྲོས་མཆོག་ལྡན་རྒྱལ་གྱུར་རྒྱལ་གྱུར་ཅིག་།མགོན་པོ་འགྲོ་ལ་མི་འཇིགས་སྤྱིན་མཛད་པ། །མཁའ་ལ་རྡུལ་གནག་དུ་བམཇུག་རིང་ས་དག ། མི་ཆགས་བཞིན་དུ་སྐྱེས་མཆོག་ཐུགས་མི་ཆགས། །དྲི་མེད་ཡུལ་གྱི་བདེ་བས་མི་གོས་ཏེ། །ཆུ་ལས་པད་མ་ཇི་ལྟར་འཕགས་པ་བཞིན། །དགེ་སློང་དག་དེ་ནས་ལྷའི་བུ་ཞི་བའི་བློ་གྲོས་དང ། ལྷའི་བུ་རྩེ་བ་བཀོད་པས། བྱང་ཆུབ་སེམས་དཔའི་ངེས་པ་རིག་ནས་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱས་ས་སོ། ། སྒྲ་ཐམས་ཅད་ཀྱང་མི་གྲག་པར་བྱས་སོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་གཉིད་ཀྱིས་ལོག་པར་རིག་།ནམ་གྱི་གུང་ལ་བབ་པར་རིག་།སྐར་མའི་བདག་པོ་རྒྱལ་དང་ལྡན་པར་རིག་།ད་ཁོ་ན་མངོན་པར་འབྱུང་བའི་དུས་ལ་བབ་པར་རིག་ནས་འདུནཔ་ལ་སྨྲས་པ། འདུན་པ་དང་སྐྱོ་བར་མ་བྲེད་པར་རྟ་བསྔགས་ལྡན་ལེགས་པར་བརྒྱན་ཏེ་མ་ཐོགས་པར་ང་ལ་བྱིན། བྱང་ཆུབ་སེམས་དཔས་ཚིག་དེ་སྐད་སྨྲས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ཉིད་ལ་རྒྱལ་པོ་ཆེན་པོ་བཞིས། བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས། རང་རང་གི་གནས་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལ་
46-262
མཆོད་པའི་ལས་ཀྱི་གྱིར་རང་རང་གི་བཀོད་པས་རིང་ས་པ་རིང་ས་པར་ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་འོང་ས་སོ། །དེ་ན་དྲི་ཟའི་བདག་པོ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ནི་དྲི་ཟ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་སིལ་སྙན་དང་གླུ་དབྱང་ས་སྣ་ཚོགས་ལེན་ཅིང་ཤར་བྱོགས་ནས་འོང་ས་པར་གྱུར་ཏེ། འོང་ས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོང་ས་པའི་ཤར་བྲོགས་ཉིད་དུ་གནས་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ནི་གྲུལ་བུམ་མྱུ་ཏིག་གི་དོ་ཤལ་སྣ་ཚོགས་ལག་ན་འཕྱང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ། སྤོས་ཆུ་སྣ་ཚོགས་ཀྱིས་གང་བའི་བུམ་པ་ཐོགས་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་ལྷོ་བྱོགས་ནས་འོང་ས་པར་གྱུར་ཏེ། འོངས་ནས་ཀྱང་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོང་ས་པའི་ལྷོ་བྱོགས་ཉིད་དུ་གནས་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ།། རྒྱལ་པོ་ཆེན་པོ་མིག་མི་བཟང་ནི་ཀླུ་མུ་ཏིག་གི་དོ་ཤལ་སྣ་ཚོགས་ལག་ན་འཕྱང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ། སྤོས་ཀྱི་བྲེ་མ་དང་མེ་ཏོག་གི་ཆར་གྱི་སྤྲིན་ཀུན་ནས་སློང་བའི་རླུང་དལ་ཞིང་དྲི་ཞིམ་པ་སྣ་ཚོགས་གཏོང་བ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་ནུབ་བྱོགས་ནས་འོང་ས་པར་གྱུར་ཏེ། འོང་ས་ནས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོང་ས་པའི་ནུབ་བྱོགས་ཉིད་དུ་གནས་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། །རྒྱལ་པོ་ཆེན་པོ་ལུས་ངན་ནི་གནོད་སྤྱིན་ནོར་བུ་རིན་པོ་ཆེ་སྐར་མའི་འོད་ཟིར་ཐོགས་པ། ལག་ན་མར་མེ་ཐོགས་པ། སྒྲོན་མ་འབར་བ་ལག་ན་ཐོགས་པ། མད་འ་གཞུ་དང ། རལ་གྲི་དང ། མདུང་ཐུང་དང །
46-263
མཚོན་རྩེ་གཉིས་པ་དང ། རྩེ་གསུམ་པ་དང ། འཁོར་ལོ་དང ། མཚོན་རྩེ་གཅིག་པ་དང ། འཕང་མདུང་ལ་སོགས་པ་མཚོན་ཆ་སྣ་ཚོགས་ཐོགས་པ། གོ་ཆ་དང་ཡ་ལད་ས?་བ་བགོས་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་བྱང་བྱོགས་ནས་འོང་ས་པར་གྱུར་ཏེ། འོང་ས་ནས་ཀྱང་སིར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོང་ས་པའི་བྱང་བྱོགས་ཉིད་དུ་གནས་ནས། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་གོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པའི་ལྷ། ལྷའི་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། མེ་ཏོག་གི་རྣ་རྒྱན་དང ། རྒྱན་ཐོགས་པ་རྣམས་དང ། ལྷན་ཅིག་ཏུ་འོང་ས་པར་གྱུར་ཏེ། འོང་ས་ནས་ཀྱང་སེར་སྐྱའིགནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་ཏེ། ཇི་ལྟར་འོང་ས་པའི་སྟེང་གི་བར་སྣང་ལ་འཁོར་དང་བ་ཅས་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུ་ག་གོ། །དགེ་སློང་དག་དེ་ལྟར་འདུན་པས་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས། མིག་མཆི་མས་གང་ཞིང་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ།། ཇོ་ཇོ་ཁྱོད་ནི་དུས་མཁྱེན་པ། ཚོད་མཁྱ་ནེ་པ། རན་པ་མཁྱེན་པ་ལགས་ན། ད་ལྟར་ནི་བཞུད་པའི་དུས་དང་ཚོད་མ་ལགས་ན། ཅིའི་སླད་དུ་བཀའ་དེ་སྐད་སྩལ། བྱང་ཆུབ་སེམས་དཔས་སྨྲས་པ། འདུན་པ་དནི་དུས་ལ་བབ་པོ། །སྨྲས་པ། རྡོ་ཇོ་གང་གི་དུ་ས་ལ་བབ། བྱང་ཆུབ་སེམས་དཔས་སྨྲས་པ། སེམས་ཅན་རྣམས་ཀྱི་དོན་ནི་ཚོལ་བ་ན། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་དགྲོལ་ཞེས་ང་ཡིས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། ། འདི་ལ་འདི་ནི་ཆོས་ཉིད་དེ། དེ་ལ་འདི་སྐད་ཅེས་བྱའོ། །ས་བླ་བ་དང་བར་
46-264
སྣང་དེ་བཞིན་སྐྱོང ། །ལྷ་དབང་བརྒྱ་བྱིན་ར་ང་གི་བྱོགས་དང་བ་ཅས། །འཐབ་བྲལ་ལྷ་དང་དགའ་ལྡན་འཕྲུལ་དགའ་དང ། །གཞན་འཕྲུལ་དབང་བྲེད་ལྷ་རྣམས་བརྩོན་པར་གྱུར། །ཀླུ་རྒྱལ་ཆུ་ལྷ་དང་ནི་གཟི་ཅན་དང ། །མ་དྲོས་པ་དང་དེ་བཞིན་རྒྱ་མཚོ་ཡང ། །མི་མཆོག་མངོན་པར་བྱུང་བའི་དུས་བབ་པས། །དེ་དག་རྣམས་ཀྱང་མཆོད་ཕྱིར་བརྩོན་པར་གྱུར། །གང་དག་གཟུགས་ན་སྤྱོད་པའི་ལྷ་རྣམས་དང ། །རྟག་ཏུ་བསམ་གཏན་སྤྱོད་ཡུལ་རབ་ཞི་སྤྱད ། །དེ་དག་རྣམས་ཀྱང་འཇིག་རྟེན་གསུམ་མཆོད་པ། །མི་མཆོག་དེ་ལ་མཆོད་གྱིར་མངོན་པར་བརྩོན། །སྔོན་སྤྱད་སྤྱོད་ཚེ་གྲོགས་པོར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་བྱོགས་བཅུར་ལྷགས་པ་ཡང ། །རྒྱལ་བ་མངོན་པར་འབྱུང་བ་ལྟ་བྲེད་ཅིང ། ། རྗེས་སུ་འཐུན་པས་མཆོད་པ་བྱ་སྙམ་བྲེད ། །གསང་བའི་བདག་པོ་བདག་ཉིད་ཆེན་པོ་དེ། །རྡོ་རྗེ་འབར་ཐོགས་ནམ་མཁའི་དཀྱིལ་ན་གན་གནས། །ལུས་ལ་གོ་བགོས་སྟོབས་བརྩོན་རྩལ་དང་ལྡན ། །གསང་བ་ལག་ན་རྡོ་རྗེ་འབར་བ་ཐོགས། ། ལྷའི་བུ་ཉི་མ་ཟླ་བ་དེ་གཉིས་ཀྱང ། །གཡས་དང་གཡོན་ན་རབ་ཏུ་གནས་པར་གྱུར། །སོར་མོ་བཅུ་ཡི་ཐལ་མོ་སྦྱར་བྱས་ཏེ། །མངོན་པར་འབྱུང་ལ་རྗེས་སུ་རྟོག་པར་བྲེད ། །སྐར་མ་རྒྱལ་དེ་འཁོར་དང་བ་ཅས་པ་ཡང ། །ར་ང་གི་ལུས་ནི་རྒྱ་ཆེན་སྤྲུལ་བྱས་ཏེ། །མི་ཡི་དམ་པ་དེ་ཡི་མདུན་འདུག་ནས། །ཡིད་དུ་འོང་བའི་སྒྲ་ནི་རབ་འབྱིན་ཏེ། །སྐར་མ་རྒྱལ་ལྡན་བཞུད་པའི་དུས་ལ་བབ། །དོ་མོད་ཁྱོད་དགེ་བཀྲ་ཤིས་ཐམས་ཅད་གྲུབ། །བདག་ཀྱང་ཁྱོད་དང་ཐབས་ཅིག་མཆི་བར་བ་གྱི། །འདོད་ཆགས་སེལ་བ་བར་ཆད་འབྱུང་མི་འགྱུར ། །ལྷའི་བུ་ཡང་དག་བསྐུལ་པོས་བསྐུལ་བྱས་པ། །སྟོབས་དང་བརྩོན་འགྲུས་འཕགས་པ་མྱུར་དུ་བཞེང་ས། །སྡུག་བསྔལ་ཉེན་པའི་སེམས་ཅན་ཐམས་ཅད་སྒྲོལ། །དནི་མངོན་
46-265
པར་འབྱུང་བའི་དུས་ལ་བབ། །ལྷ་རྣམས་བྲེ་བ་སྟོང་ཕྲག་མང་པོ་ཡང ། །ཡིད་འོང་མེ་ཏོག་ཆར་པ་འབེབས་ཤིང་ལྷགས། །དེ་ནི་སྐྱིལ་མོ་ཀྲུང་བཅས་མཆོག་ལ་འདུག་།ལྷ་ཡིས་བསྐོར་ཅིང་མཛིས་ལ་གཟི་བཇིད་འབར ། །གྲོང་ཁྱེར་ན་ནི་སྐྱེས་པ་བུད་མེད་ཁྱེའུ་དང་བུ་མོ་གང་ཡོད་པ། །དེ་དག་ཐམས་ཅད་ཡིད་ང་ལ་གྱུར་ནས་ཉལ་ཏེ་སྤྱོད་ལམ་རྣམས་ལས་ཉམས། །རྟ་དང་གླང་པོ་བ་ལང་ནེ་ཚོ་ཁྲུང་ཁྲུང་རྨ་བྱ་རི་སྐེགས་རྣམས། །དེ་དག་རྣམས་ཀྱང་ཡིད་ང་ལ་མྱུར་དུ་ཉལ་ཏེ་དེ་དག་གཟུགས་མི་མཐོང ། །ཤཱཀྱའི་བུ་གང་རྡོ་རྗེ་ས?་བ་མཚོན་ཆ་རྩེ་གཉིས་ཐོགས་བཀོད་དང ། །གླང་ཆེན་རྟ་དང་ཤིང་རྟ་རྟ་བབས་མཆོག་དྲུང་བཀོད་པ་དེ་དག་ཉལ། ། རྒྱལ་པོ་རྒྱལ་བུ་རྒྱལ་པོའི་སྐྱེ་བོ་ཀུན་ཀྱང་གཉིད་ཀྱིས་ལོག་པར་གྱུར། །བུད་མེད་ཚོགས་རྣམས་གཉིད་ལོག་གོས་བྲལ་གཅེར་བུར་གྱུར་ཀྱང་ཡང་མ་ཚོར ། །དེ་ནི་ཚང་ས་དབྱང་ས་ཡིད་དུ་འོང་ཚིག་ཀ་ལ་པིང་ཀའི་སྒྲ་དབྱང་ས་ཀྱིས། །ནམ་གྱིད་འདས་ཏེ་ནམ་གྱི་གུང་ལ་བབ་ནས་འདུན་པ་དེ་ལ་སྨྲས། །འདུན་པ་རྟ་ཕོ་བསྔགས་ལྡན་བཟང་པོ་ལེགས་བརྒྱན་ལེགས་པར་ང་ལ་བྱིན། །གལ་ཏེ་ང་ལ་བྱམས་པར་སེམས་ན་བགེགས་མ་བྲེད་པར་མྱུར་དུ་བྱིན། །འདུན་པས་ཚིག་ཐོས་མཆི་མས་མིག་གང་རང་གི་རྡོ་བོ་དེ་ལ་སྨྲས། །སེམས་ཅན་ཁ་ལོ་སྐྱུར་མཆོག་གར་བཞུད་བཅིབས་པས་ཅི་ཞིག་བགྱི། །དུས་མཁྱེན་ཅིང་ནི་ཚོད་མཁྱེན་ཆོས་སྤྱོད་གང་དུའང་གཤེགས་པའི་དུས་མ་ལགས། །ཁྱོད་ཀྱི་སྒོ་བཀུམ་གཏན་པ་དམ་སྩལ་སུ་ཡང་ཆབ་སྒོ་འབྲེད་མི་འགྱུར། །བརྒྱ་བྱིན་གྱི་ནི་ཡིད་ཀྱི་སེམས་པའི་དབང་གིས་སྒོ་ཡང་བྲེ་བར་གྱུར། །འདུན་པས་དེ་འདྲ་མཐོང་ནས་དགའ་ཞིང་སྡུག་བསྔལ་དེ་ནི་མཆི་མ་འཁོར། །ཀྱི་ཧུད་བདག་གྲོགས་སུ་ཡོད་ཇི་ལྟར་བྱ་ཞིང་བྱོགས་ནི་གར་བརྒྱུག་སྙམ། ། གཟི་བཇིད་ལྡན་པས་དྲ་ག་ཤུལ་ཅན་གྱི་ཚིག་སྨྲས་བརྒྱ་བྱིན་འབའ་
46-266
ཞིག་ཐོས། །ཡན་ལག་བཞི་ལྡན་དཔུང་དང་བ་ཅས་པ་འདི་ཡང་འདི་ན་ཅི་ཞིག་བྲེད ། །རྒྱལ་པོརྒྱལ་བུ་རྒྱལ་པོའི་སྐྱེ་བོ་དེ་དག་རྣམས་ཀྱིས་འདི་མ་ཚོར ། ། བུད་མེད་ཚོགས་ཀྱང་གཉིད་ལོག་ལྷ་རྣམས་ཀྱིས་ནི་གྲགས་ལྡན་གཉིད་ལོག་བྱས། ། ཀྱི་ཧུད་འདི་ཡིས་སྔོན་ཆད་བསམས་པའི་སྨོན་ལམ་ཐམས་ཅད་གྲུབ་གྱུར་ཅིག ། ལྷ་སྟོང་བྲེ་བ་དེ་དག་དགའ་བའི་ཡིད་ཀྱིས་འདུན་པ་དེ་ལ་སྨྲས། །འདུན་པ་རྟ་མཆོག་བསྔགས་ལྡན་ལེགས་པར་ཕུལ་ཅིག་འདེན་པ་སྐྱོ་མི་བྱ། །ལྷ་དང་ལྷ་མིན་དག་གིས་རྔ་དུང་རྗ་རྔ་རོལ་མོ་ཁྲག་ཁྲིག་བྱས། །འོན་ཀྱང་ལྷས་བསྙལ་བ་ཡི་གྲོང་ཁྱེར་མཆོག་འདི་སད་པར་ཡོང་མ་གྱུར། །འདུན་པ་བར་སྣང་དྲི་མ་མེད་ལ་ལྷ་ཡི་འོད་རབ་མཇེས་ལ་ལྟོས། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བྲེ་བ་མང་པོ་མཆོད་གྱིར་གང་ལྷགས་ལྟོ། །བདེ་སོགས་ཁྱིམ་ཐབ་བརྒྱ་བྱིན་དཔུང་བསྐོར་སྒོ་ན་མཛིས་པར་འདུག་པ་དང ། །ལྷ་དང་ལྷ་མིན་མི་འམ་ཅི་ཚོགས་གང་དག་མཆོད་གྱིར་ལྷགས་ལ་པྟ[༄\ུfཅ]ས། །འདུན་པ་དེས་ཀྱང་ལྷ་ཚིག་དེ་ཐོས་བསྔགས་ལྡན་རྟ་ཕོ་དེ་ལ་སྨྲས། །སེམས་ཅན་ཁ་ལོ་སྒྱུར་མཆོག་འདི་བཞུད་ཁྱོད་ནིརྟ་སྐད་སྒྲོགས་ཤིང་ཤོག་།དེ་ཡིས་དབྱར་གྱི་ཁ་དོག་ཅན་དེ་མིག་པ་གསིར་གྱིས་བརྒྱན་བྱས་ནས། ། ཡིད་མི་དགའ་བཞིན་ཡོན་ཏན་རྒྱ་མཚོ་མངའ་བའི་བཅིབས་པརད་བུལ་བ་བ་བྱས།། མཆན་མཆོག་མངའ་ཞིང་ཕན་མཛད་ཁྱོད་ཀྱི་ཆིབས་འདི་རིགས་བཟང་དགེ་བ་ལགས། །ཁྱོད་ཀྱིས་སྔོན་ཆད་གང་བགོས་སྨོན་ལམ་དེ་གྲུབ་གྱུར་ཅིག་གཤེགས་སུ་གསོལ། །གང་དག་བགེགས་བགྱིད་ཞི་བར་གྱུར་ཅིག་དགོང་ས་པའི་བརྟུལ་ཞུགས་གྲུབ་གྱུར་ཅིག་།འགྲོ་བ་ཀུན་ལ་བདེ་དང་མཐོ་རིས་པ་དང་ཞི་བ་སྤྱིན་གྱུར་ཅིག ། དེ་ནི་གང་ཚེ་མལ་ནས་ལང་ས་ཚེ་ས་འདི་ཐམས་ཅད་རྣམ་དྲུག་ག་གཡོས། །རྟ་རྒྱལ་དམ་པ་ཟླ་བ་ཉ་བའི་དཀྱིལ་འཁོར་འདྲ་བ་དེ་ལ་ཞོན། །སྐྱོང་བའི་ལག་པ་རྣམ་
46-267
དག་པད་མ་དྲི་མེད་འདྲ་བས་རྟ་མཆོག་བཏེག་།བརྒྱ་བྱིན་ཚང་ས་པ་དེ་གཉིས་དེ་ཡི་མདུན་ན་ལམ་ནི་འདི་ཞེས་སྟོན། །དེ་ཡིས་གསལ་བ་དྲི་མ་མེད་པའི་འོད་བཏང་ས་རྣམས་སྣང་བས་གསལ། །དེ་ཚེ་ངན་སོང་ཀུན་ཞི་སེམས་ཅན་བདེ་ལྡན་ཉོན་མོང་ས་གནོད་པ་མེད ། །མེ་ཏོག་ཆར་བབ་སིལ་སྙན་བྲེ་བ་སྒྲ་བྱུང་ལྷ་དང་ལྷ་མིན་བསྟོད ། །ཐམས་ཅད་དགའ་དང་ལྡན་ནས་གྲོང་ཁྱེར་མཆོག་ལ་བསྐོར་བ་བྱས་ཏེ་དོང ། །སྐྱེས་བུ་ཆེན་པོ་སོང་བས་གྲོང་ཁྱེར་དམ་པའི་ལྷ་ཡང་ཡིད་ནི་དམན་པར་གྱུར་ནས་འོང་ས། །མདུན་དུ་འདུག་ནས་སྙིང་རྗེར་ངུ་བའི་ཡིད་ལྡན་དེ་ཡིས་པད་མ་འདྲ་བའི་བཞིན་ལ་སྨྲས། །ཁྱོད་བྲལ་སྒྲེན་མོར་མི་མཇེས་ས་འདི་གྲོང་ཁྱེར་ཐམས་ཅད་མྱུན་པས་ཀུན་ཏུ་དཀྲུགས་པར་གྱུར། །དོ་མོད་ཁྱོད་ཀྱིས་ཁབ་འདི་སྤང་ས་ན་བདག་ལ་དགའ་བདེ་བགྱིད་པའདི་ན་འགའ་མ་མཆིས། ། སླན་ཆད་བྱ་ཚོགས་རྣམས་ཀྱིས་སྒྲ་དག་དང ། །གྲགས་པ་མཐའ་ཡས་ཁྱོད་ནི་སད་བགྱིད་པའི། །བཙུན་མོའི་འཁོར་གྱི་གླིང་བུ་སྙན་པ་དང ། །བཀྲ་ཤིས་སྒྲ་དང་གླུ་སྒྲ་ཐོས་མི་འགྱུར། །ཉོན་མོང་ས་བཅོམ་པ་ཁྱོད་ནི་གཤེགས་གྱུར་ན། ། གདུགས་མཚན་ཁྱོད་ལ་མཚོད་པ་བགྱིད་པ་ཡི། །ལྷ་དང་གྲུབ་ཚོགས་སླན་ཆད་མཐོང་མི་འགྱུར། །ལྷ་ཡི་དྲི་ཡང་སླན་ཆད་སྣོམ་མི་འགྱུར། །ཕྲེང་བ་བཏགས་ནས་ཞག་ལོན་གྱུར་པ་ལྟར། །ཁྱོད་ཀྱིས་དོ་མོད་ལོ་བྲང་དེ་བཞིན་སྤང་ས། །ཁྱོད་བཞུད་སླན་ཆད་གཟི་བརྗིད་དཔལ་མ་མ་མཆིས། །གར་ལ་ལྟ་བ་བཞིན་དུ་བདག་ལ་གད་འ། །གྲོང་ཁྱེར་ཀུན་གྱི་བྱིན་དང་སྟོབསཕྲོགས་ཏེ ། །འདི་ནི་དགོན་པ་འདྲ་ཞིང་མཇེས་མ་ལགས། གང་གིས་ས་འདིར་འཁོར་ལོ་སྟོབས་ཅན་དུ། ། ལུང་བསྟན་དྲང་ས?ང་ཚིག་ནི་དེང་བརྫུན་གྱུར། །བསོད་ནམས་སྣོང་པོ་ཆེན་པོ་ཁྱོད་བྱུང་ན། །ས་འདིར་ཤཱཀྱའི་སྟོབས་ནི་སྟོབས་མ་མ་མཆིས། །རྒྱལ་པོའི་ཕོ་བྲང་
46-268
འཁོར་འདིར་གདུང་ཡང་འཆད ། །ཤཱཀྱའི་ཚོགས་འདི་བསམ་པ་རབ་ཏུ་ཉམས།། དྲི་མེད་དྲི་བྲལ་ཁྱོད་ནི་གར་བཞུད་པར། །བདག་ཀྱང་ཁྱོད་དང་ལྷན་ཅིག་མཆི་བར་བ་གྱི། །འོན་ཀྱང་ཐུགས་བརྩེ་ཐུགས་རྗེ་བསྐྱེད་ནས་ནི། །ཁྱོད་ཀྱིས་ཕོ་བྲང་འདི་ལ་གཟིགས་སུ་གསུ་གསོལ། །བློ་གྲོས་ལྡན་པ་ཁྱིམ་ལ་བལྟས་ནས་ནི། །སྙན་པའི་ང་རོས་འདི་སྐད་ཚིག་སྨྲས་ཏེ། །སྐྱེ་འཆི་མཐར་འབྱིན་མ་ཐོབ་བར་དུ་ནི། །ང་ཡིས་སེར་སྐྱའི་གྲོང་ཁྱེར་འཇུག་མི་བྱ། །རྒ་ཤི་མེད་པའི་གནས་མཆོག་འཆི་མེད་པ།། བྱང་ཆུབ་དམ་པ་ང་ཡིས་མ་ཐོབ་པར། །ང་ནི་སེར་སྐྱའི་གནས་སུ་མངོན་བྱོགས་ཏེ། །འགྲེང་འདུག་ཉལ་དང་འཆག་པར་མི་བྱའོ། །གང་ཚེ་འགྲོ་བའི་ག་ཙོ་བོ་པ། །བྱང་ཆུབ་སེམས་དཔའ་དེ་བྱུང་ཞིང ། །དེ་ནི་མཁའ་ལས་འགྲོ་བའི་ཚེ། ། ལྷ་ཡི་བུ་མོ་རྣམས་ཀྱིས་བསྟོད ། །འདི་ནི་སྤྱིན་པའི་གནས་ཆེན་ཡིན། །འདི་ནི་བསོད་ནམས་ཞིང་ཆེན་ཡིན། །འདི་ནི་བསོད་ནམས་འདོད་པའི་ཞིང ། །འཆི་མེད་འབྲས་བུ་སྤྱིན་མཛད་པ། །སེམས་ཅན་རྣམས་ལ་ཐུགས་རྗེ་བས། །འདི་ཡིས་བསྐལ་པ་བྲེ་མང་དུ། །སྤྱིན་དང་དུལ་དང་སྣོམ་པ་ཡིས། །འདིས་ནི་བྱང་ཆུབ་ཡང་དག་བསྒྲུབས། །འདི་ཡི་ཚུལ་ཁྲིམས་ཡོངས་སུ་དག་།བརྟུལ་ཞུགས་བཟང་ཞིང་སྤྱོད་མ་ཉམ་ཉམས། །འདོད་པ་དག་དང་ལོང་ས་སྤྱོད་རྣམ ། །དོན་དུ་མི་གཉེར་ཚུལ་ཁྲིམས་སྲུང ། །སེམས་ཅན་ཡོངས་སུ་བསྐྱབ་པའི་གྱིར། །འདི་ནི་རྟག་ཏུ་བཟད་པ་གསུང ། །ཡན་ལག་ཉིང་ལག་ག་ཅད་གྱུར་ཀྱང ། །ཁྲོ་བ་མི་མངའ་ལྡང་མི་མང ། །འདི་ནི་རྟག་ཏུ་བརྩོན་འགྲུས་ལྡན། །བསྐལ་པ་བྲེ་བར་སྐྱོ་མི་མངའ། །འདི་ཡིས་བྱང་ཆུབ་ཡང་དག་བསྒྲུབས། །མཆོད་སྤྱིན་དག་ནི་བྱེ་བ་མཛད ། །འདི་རྟག་བསམ་གཏན་བསམ་གཏན་པ། །ཐུགས་ནི་ཞི་ཞིང་རབ་ཏུ་ཞི། །ཉོན་མོང་ས་ཐམས་ཅད་བསྲེགས་ནས་ནི། ། སེམས་ཅན་བྲེ་བ་འགྲོལ་
46-269
བར་འགྱུར། །འདི་ནི་ཤེས་རབ་ཆགས་མི་མི་མང་འ། །རྟོག་དང་རྣམ་པར་རྟོག་ལྡན་ལས། །གྲོལ་ཞིང་ཐུགས་ནི་རྣམ་གྲོལ་ཏེ། །རང་བྱུང་བ་ཡི་རྒྱལ་བར་འགྱུར།། འདི་ནི་རྟག་ཏུ་བྱམས་ཐུགས་ལྡན། །ཐུགས་རྗེ་ཡི་ནི་ཕ་རོལ་བྱོན། །དགའ་དང་བཏང་སྟོམས་བསམ་གཏན་པ། །ཚང་ས་པའི་ལམ་གྱི་ཆོ་ག་མཁྱེན། །འདི་ནི་ཤིན་ཏུ་ལྷ་ཡི་ལྷ་།ལྷ་རྣམས་ཀྱིས་ནི་མཆོད་པའི་འོས། །ཐུགས་དགེ་དག་ཅིང་དྲི་མ་བྲལ། །ཡོན་ཏན་ཁྲག་ཁྲིག་ཕ་རོལ་བྱོན། །འཇིགས་པས་ཉེན་པ་རྣམས་ཀྱི་སྐྱབས། །མིག་མེད་རྣམས་ཀྱི་སྒྲོན་མ་སྟེ། །གནོད་པ་རྣམས་ཀྱི་སྐྱབས་ཀྱང་ལགས། །རིང་ནས་ན་བའི་སྨན་པ་ལགས། །རྒྱལ་པོ་དམ་པ་ཆོས་ཀྱི་རྒྱལ། ། དབང་པོ་ལྟ་བུར་སྤྱན་སྟོང་མང་མངའ། །ཚང་ས་པ་ལྟ་བུར་རང་བྱུང་གྱུར། །ལུས་དང་སེམས་ནི་རབསྦྱང་ས་པ ། །བརྟན་ཞིང་ཤེས་རབ་རབ་ཏུ་མང ། །དཔའ་ཞིང་ཐུགས་ནི་འདོད་ཆགས་བྲལ། །ཉོན་མོང་ས་འཇོམས་པས་དཔའ་བོ་སྟེ། །མ་རྒྱལ་དགྲ་ལས་རྒྱལ་བ་ལགས། །སེང་གེ་ལྟ་བུར་བསྙེང་ས་པ་སྤང་ས། །གླང་པོ་ལྟ་བུར་རབ་དུལ་ཐུགས། ། བྱུ་མཆོག་ལྟ་བུར་ཚོགས་ཀྱི་ག་ཙོ། །བཟད་དེ་འཁྲུག་པ་རབ་ཏུ་སྤང་ས། །ཟླ་བ་ལྟ་བུར་རབ་ཏུ་གསལ། ། ཉི་མ་ལྟ་བུར་སྣང་བ་མཛད་།། སྒྲོན་མ་ལྟ་བུར་གསལ་མཛད་པ། །སྐར་མ་ལྟ་བུར་མྱུན་པ་བྲལ། །པད་མ་ལྟ་བུར་ཆགས་མི་མང་འ། །མེ་ཏོག་ལྟ་བུར་ཁྲིམས་དྲི་གདའ ། །སྟོན་པ་ལྷུན་པོ་ལྟར་མི་གཡོ། །དོག་ས་ལྟ་བུར་གསོས་སུ་གྱུར། །རིན་ཆེན་འབྱུང་གནས་ལྟར་མི་འདྲུགས། །འདི་ནི་ཕུང་པོའི་བདུད་ལས་རྒྱལ། །འདི་ནི་འཆི་བདག་བདུད་ལས་རྒྱལ། །འདི་ནི་ལྷ་ཡི་བདུད་ཀྱང་བཅོམ། །འདི་ནི་དེད་དཔོན་ཆེན་པོ་སྟེ། ། ལམ་ངན་དག་ན་གནས་རྣམས་ལ། །ཡན་ལག་བརྒྱད་པ་ལམ་གྱི་མཆོག་།རིང་པོར་མི་ཐོགས་སྟོན་པར་འགྱུར། །རྒ་ཤི་ཉོན་མོང་ས་འཇོམས་པ་པ་པོ། ། མྱུ་ན་པ་
46-270
རབ་རིབ་རྣམ་པར་གྲོལ། །ས་དང་ལྷ་ཡུལ་གྲགས་པ་ཡི། །རང་བྱུང་རྒྱལ་བར་བྱོན་པ་ལགས། །སྐྱེས་བུ་མཚོག་གི་གཟུགས་མངའ་བ། །དཔག་ཏུ་མེད་ལ་བསྟོད་པས་བསྟོད ། །ཁྱོད་ལ་བསྟོད་པའི་བསོད་ནམས་དེས། །སྨྲ་བའི་སིང་གེ་འདྲ་བར་ཤོག་།དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་ནས་ཤཱཀྱའི་ཡུལ་དང ། རྐ་ཏའི་ཡུལ་དང ། གྱད་ཡུལ་ལས་འདས་ཏེ་མེ་ནེ་ཡའི་ཡུལ་གྱི་གྲོང་རྡལ་རྗེས་སུ་དཔག་པ་ཞེས་བྱ་བ་ནས་དཔག་ཚད་དྲུག་ཏུ་བྱང་ཆུབ་སེམས་དཔའ་ཕྱིན་པ་དང་ནམ་ནང་ས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟ་བསྔགས་ལྡན་ལས་བབས་ཏེ་ས་ལ་འདུག་ནས། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། པྟོ་འཕྱེ་ཆེན་པོའི་ཚོགས་ཆེན་པོ་སླར་བརྒྱེའོ ། །སླར་བཀྱེ་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རྒྱན་འདི་དག་དང་རྟ་བསྔགས་ལྡན་ཡང་འདུན་པའི་ལག་ཏུ་གཏད་དེ་སླར་གཏང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་འདུན་པ་ལ་བོས་ཏེ་འདི་སྐད་ཅེས་སྨྲས ། །འདུན་པ་ཁྱོད་སོང་ལ་རྒྱན་འདི་དག་དང་རྟ་བསྔགས་ལྡན་ཁྱེར་ཏེ་སླར་ལོག་ཤིག ། ས་བྱོགས་གང་ནས་འདུན་པ་སླར་ལོག་པ་དེར་མཆོད་རྟེན་བསྩིགས་ཏེ། དེང་སང་དུ་ཡང་མཆོད་རྟེན་དེ་ལ་འདུན་པ་སླར་ལོག་པའི་མཆོད་རྟེན་ཞེས་གྲགས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ན་གཙུག་ཕུད་ཀྱང་ཡོད་ལ་རབ་ཏུ་བྱུང་བ་ཞེས་བྱ་བར་ཡང་འགྱུར་སྙམ་ནས་དེསརལ་གྲིས་གརྩུག་ཕུད་བ་ཅད་དེ་བར་སྣང་ལ་བོར་བ་དང ། དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མཆོད་པའི་གྱིར་བླང་ས་ཏེ། དེང་སང་དུ་ཡང་སུམ་ཅུ་རྩུ་གསུམ་པའི་ལྷ་རྣམས་གརྩུག་ཕུད་ཀྱི་དུས་སྟོན་བྲེད་དོ། །དེར་མཆོད་རྟེན་ཡང་བྱས་ཏེ། དེང་སང་
46-271
མཆོད་རྟེན་དེ་གརྩུག་ཕུད་བླང་ས་པའི་མཆོད་རྟེན་ཞེས་མིང་དུ་ཆགས་སོ། ། ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། རབ་ཏུ་བྱུང་ཡང་གོས་ཀ་ཤི་པ་རྒྱོན་པ་ཇི་ལྟར་རུང་གིས་གལ་ཏེ་ནགས་ཚལ་གྱི་གནས་ནས་ཚུལ་དང་འཐུན་པའི་གོས་ཤིག་རྙེད་ན་ནི་ལེགས་སོ་སྙམ་དུ་བསམས་པ་དང ། དེ་ནས་གནས་ག་ཙང་མའི་རིས་ཀྱི་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ལ་ངུར་སྨྲིག་དགོས་པར་གྱུར་ཏོ་སྙམ་མ་མོ། །དེ་ན་ལྷའི་བུ་གཅིག་ཅིག་ལྷའི་གཟུགས་མི་མངོན་པར་བྱས་ཏེ། རྔོན་པའི་གཟུགས་ལྟ་བུས་གོས་ངུར་སྨྲིག་བགོས་ནས་བྱང་ཆུབ་སེམས་དཔའི་མདུན་དུ་ན་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་འདི་སྐད་ཅེས་སྨྲས ། །གལ་ཏེ་གྲོགས་པོ་ཁྱོད་ཀྱིས་གོས་ངུར་སྨྲིག་རྣམས་ཁོ་བོ་ལ་བྱིན་ན། ཁོ་བོའི་གོས་ཀ་ཤི་པ་འདི་རྣམས་ཀྱང་ཁྱོད་ལ་སྤྱིན་ནོ། །དེས་སྨྲས་པ། གོས་འདི་དག་ཀྱང་ཁྱོད་ལ་མཛིས་ལ། འོ་ནི་རྣམས་ཀྱང་ཁོ་བོ་ལ་མཇེས་སོ། ། བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོས་ཁྱོད་ལ་བསླང་ང་ངོ ། །དེ་ནས་ལྷའི་བུ་རྔོན་པའི་གཟུགས་ལྟ་བུ་དེས་གོས་ངུར་སྨྲིག་རྣམས་བྱང་ཆུབ་སེམས་དཔའ་ལ་བྱིན་ཏེ། གོས་ཀ་ཤི་པ་རྣམས་ཀྱང་བླང་ས་སོ། །དེ་ནས་ལྷའི་བུ་དེས་མོས་པ་བསྐྱེད་དེ་ལག་པ་གཉི་གས་གོས་དེ་དག་བླང་ས་ནས་སྤྱི་བོ་ལ་བཞག་སྟེ། དེ་དག་ལ་མཆོད་པ་དང་བཀུར་སྟི་བྱ་བའི་ཕྱིར་དེ་ཉིད་ནས་ལྷའི་འཇིག་རྟེན་དུ་སོང་ངོ ། །དེ་ཡང་འདུན་པས་མཐོང་བར་གྱུར་ནས་དེས་མཆོད་རྟེན་བསྩིགས་ཏེ། དེང་སང་དུ་ཡང་མཆོད་རྟེན་དེ་ངུར་སྨྲིག་བླང་ས་པ་ཞེས་མིང་དུ་ཆགས ། །གང་གི་ཚེ་བྱང་ཆུབ་སེམས་དཔས་གཙུག་ཕུད་བ་ཅད་ནས། གོས་ངུར་སྨྲིག་རྣམས་བགོས་པ་དེའི་ཚེ། ལྷའི་བུ་བརྒྱ་སྟོང་དག་དགའ་ཞིང་མགུ་ལ་ཚིམ་ཞིང་ཡི་རང་ས་ཏེ། མཆོག་ཏུ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཀྱེ་གྲོགས་
46-272
པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ ། ། རྒྱེ་གྲོགས་པོ་དག་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ ། ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། སེམས་ཅན་སྐྱེ་བའི་ཆོས་ཅན་གྲང་ས་མེད་པ་དག་སྐྱེ་བ་ལས་ཡོངས་སུ་འགྲོལ་བར་འགྱུར་བ་ནས། རྒ་བ་དང ། འཆི་བ་དང ། ན་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་དག་ལས་སེམས་ཅན་རྣམས་ཡོངས་སུ་བཀྲོལ་ཏེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་བསྒྲལ་ནས། བདེ་བ་འཇིགས་པ་མེད་པ། མྱ་ངན་མེད་པ། གནོད་པ་མེད་པ། ཞི་བ། རྡུལ་དང་བྲལ་བ། །འཆི་བ་མེད་པའི་ཆོས་ཀྱི་དབྱིང་ས་ལ་འགོད་པར་འགྱུར་རོ་ཞེས་ནས། ཨ་ལ་ལ་ཞེས་བྱ་བ་དང ། ཅ་ཅོ་དང་ག་ཞའི་སྒྲ་སྐད་ཕྱུང་བར་གྱུར་ཏོ། །སྒྲ་དེ་ཡང་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོག་མིན་གྱི་གནས་ཀྱི་བར་དུ་གྲག་པར་གྱུར་ཏོ། །དེ་ནས་བཙུན་མོའི་འཁོར་རྣམས་ཀྱིས་གཞོན་ནུ་མ་མཐོང་ནས། དཔྱིད་དང་དགུན་དང་དབྱར་གནས་པའི་ཁང་བཟང་ས་རྣམས་དང ། ཁྲི་རྣམས་དང ། ཁྱིམ་རྣམས་སུ་ཚོལ་ཞིང་གང་གི་ཚེ་མ་རྙེད་པ་དེའི་ཚེ་གཅིག་ཏུ་འདུས་ནས། བྱཀུ་ར་ར་མོ་བཞིནདུ་ངུད་མོ་འཐོན་པར་གྱུར་ཏོ། །དེ་ན་བུད་མེད་ཁ་ཅིག་ནི་ཤིན་ཏུ་མྱ་ངན་གྱིས་ཉམ་ཐག་ནས། ཁ་ཅིག་ནི་ཀྱི་ཧུད་བུ་ཞེས་འཛིར་ཅིང་ངུའོ། །ཁ་ཅིག་ནི་ཀྱི་ཧུད་མིང་པོ་ཞེས་འཛིར་ཅིང་ངུའོ། །ཁ་ཅིག་ནི་ཀྱི་ཧུད་ཁྱིམ་ཐབ་ཅེས་འཇེར་ཏོ། །ཁ་ཅིག་ནི་རྗེ་བོ་ཞེས་འཇེར་ཏོ། །ཁ་ཅིག་ནི་སྡུག་པའི་ཚིག་སྣ་ཚོགས་སྨྲའོ། །ཁ་ཅིག་ནི་ལུས་ཇེབ་ཅིང་ངུའོ། །ཁ་ཅིག་ནི་མགོ་འབལ་ལ་ལོ། །ཁ་ཅིག་ནི་གཅིག་གི་གདོང་དུ་གཅིག་ལྟ་ཞིང་ངུའོ། །ཁ་ཅིག་ནི་མིག་བསྐྱུར་ཅིང་ངུའོ། །ཁ་ཅིག་ནི་ལག་པ་བརླ་
46-273
ལ་ཇེབ་ཅིང་ངུའོ། །ཁ་ཅིག་ནི་བྲང་རྡུང་ཞིང་ངུའོ། །ཁ་ཅིག་ནི་ལག་པ་དཔུང་པར་ཇེབ་ཅིང་ངུའོ། །ཁ་ཅིག་ནི་མགོར་རྡུང་ཞིང་ངུའོ། །ཁ་ཅིག་ནི་མགོ་ལ་ས་འཐོར་ཞིང་ངུའོ། །ཁ་ཅིག་ནི་སྐྲ་འཇིག་ཅིང་ངུའོ། །ཁ་ཅིག་ནི་སྐྲ་འབལ་ཞིང་ངུའོ། །ཁ་ཅིག་ནི་ལག་པ་བསྟོད་དེ་བསྒྲེང་ནས་ཆོ་ངེ་འདོན་ཏོ། །ཁ་ཅིག་ནི་རི་དགས་མོ་དུག་མད་ས་ལོག་པ་བཞིན་དུ་གློ་བུར་དུ་རྒྱུག་ཅིང་ངུའོ། །ཁ་ཅིག་ནི་གདོང་གོས་ཀྱིས་གཡོགས་ཤིང་ངུའོ། །ཁ་ཅིག་ནི་ཆུ་ཤིང་རླུང་མར་གྱིས་བསྐྱོད་པ་བཞིན་དུ་ལུས་འཁྱོར་ཞིང་ངུའོ། །ཁ་ཅིག་ནི་ས་ལ་སྐྱེལ་ཏེ་མ་ཤི་ཙམ་དུ་གྱུར་ཏོ། །ཁ་ཅིག་ནི་ཉ་ཆུ་ནས་བཏོན་པ་བཞིན་དུ་ས་ལ་འགེ་ལྡོག་ཅིང་ངུའོ། །ཁ་ཅིག་ནི་ཤིང་རྩ་ནས་ཕྱུང་བ་བཞིན་དུ་བློབུར་དུ་ས་ལ་སྐྱེལ་ནས་ངུའོ། །སྒྲ་དེ་ཡང་རྒྱལ་པོས་ཐོས་ནས་ཤཱཀྱ་རྣམས་ལ་སྨྲས་པ། ཅིའི་གྱིར་བརྩུན་མོའི་འཁོར་ན་སྒྲ་ཆེན་པོ་འདི་གྲག་།ཤཱཀྱ་རྣམས་ཀྱིས་ཤེས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་གཞོན་ནུ་བཙུན་མོའི་འཁོར་ན་མི་གདའ་ཞེས་གད་འོ། །རྒྱལ་པོས་སྨྲས་པ། མྱུར་དུ་གྲོང་ཁྱེར་གྱི་སྒོ་རྣམས་ཆོད་ལ་ནང་དུ་གཞོན་ནུ་ཚོལ་ཅིག་།དེ་དག་གིས་ཕྱི་ནང་དུ་བ་ཙལ་ཀྱང་མ་རྙེད་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏསཱི་སྦྲ[༄\ུf]་སྔགས་འདོན་ཏེ། ས་ལ་འགེ་ལྡོག་ཅིང་རྒྱལ་པོ་ཟས་ག་ཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་བུ་དང་མྱུར་དུ་སྤྲད་དུ་གསོལ། དེ་ནས་རྒྱལ་པོས་བྱོགས་བཞིར་ལོ་ཉ་རྟ་པ་བཀྱེ་སྟེ། ཁྱེད་དེང་ལ་གཞོན་ནུ་མ་རྙེད་ཀྱི་བར་དུ་སླར་མ་ལྡོག་ཤིག་།མཚན་མཁན་དང་ལྟས་མཁན་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ནི་བཀྲ་ཤིས་ཀྱི་ཆབ་སྒོ་ནས་མངོན་པར་འབྱུང་ངོ ། །ཞེས་ལུང་བསྟན་ནས་དེ་དག་བཀྲ་ཤིས་ཀྱི་སྒོར་དོང་བ་དང ། ལམ་གྱི་བར་ཞིག་ན་མེ་ཏོག་གི་ཆར་འབབ་པར་མཐོང་ངོ ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གཞོན་ནུ་ནི་ལམ་འདི་ནས་
46-274
བྱུང་ངོ་སྙམ་ནས་དེ་དག་ཅུང་ཟད་ཅིག་ཕ་ཟད་དུ་སོང་བ་དང ། ལྷའི་བུ་བྱང་ཆུབ་སེམས་དཔའི་གོས་ཀ་ཤི་པ་རྣམས་མགོ་ལ་ཐོགས་ཏེ་འགྲོ་བ་དེ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ ། འདི་དག་ནི་གཞོན་ནུའི་གོས་ཀ་ཤི་པ་རྣམས་ཡིན་ན། གོས་འདི་དག་གི་གྱིར་འདིས་གཞོན་ནུ་བསད་དེ་འདི་དག་ཁྱེར་བར་མ་གྱུར་ཏམ་སྙམ་མོ། །དེ་ནས་ཡང་དེ་དག་གིས་དེའི་གྱི་བཞིན་དུ་འདུན་པ་རྟ་བསྔགས་ལྡན་དང་རྒྱན་རྣམས་ཐོགས་ཏེ་འོང་བ་མཐོང་ང་ངོ ། །དེ་ནས་དེ་དག་ཕན་ཚུན་དུ་སྨྲས་པ། གྱེ་འདུན་པ་རྟ་བསྔགས་ལྡན་ཁྲིད་དེ་འོང་གིས་དེ་ལ་མ་དྲིས་ཀྱི་བར་དུ་ཧུར་འདུམས་མ་བྲེད་ཅིག་ཅེས་སྨྲས་ནས། དེ་དག་གིས་འདུན་པ་ལ་དྲིས་པ། ཀྱེ་འདུན་པ་གོས་ཀ་ཤི་པ་འདི་དག་གི་ཕྱིར་མི་འདིས་གཞོན་ནུ་བཀྲོང་ས་པར་མ་གྱུར་གྲང ། འདུན་པས་སྨྲས་པ། དེ་ལྟ་ནི་མ་ཡིན་ཏེ་འདིས་ཀྱང་གཞོན་ནུ་ལ་གོས་ངུར་སྨྲིག་རྣམས་ཕུལ་ལ་ལོ། །གཞོན་ནུས་ཀྱང་ན་བཟའ་ཀ་ཤི་པ་འདི་རྣམས་འདི་ལ་བྱིན་ནོ། །དེ་ནས་ལྷའི་བུ་དེས་དེ་དག་མཆོད་པའི་གྱིར་གོས་དེ་རྣམས་ལག་པ་གཉི་གས་སྤྱི་བོ་ལ་ཐོགས་ཏེ། དེ་ཉིད་ནས་ལྷའི་འཇིག་རྟེན་དུ་སོང་ང་ངོ ། །དེ་དག་གིས་ཡང་འདུན་པ་ལ་དྲིས་པ། འདི་ལ་ཇི་སྙམ་དུ་སེམས། ཁོ་བོ་ཅག་ཤཱཀྱ་གཞོན་ནུ་བློག་ཏུ་དོང་ན་ནུས་སམ། དེས་སྨྲས་པ་མི་ནུས ། །གཞོན་ནུ་ནི་བརྩོན་འགྲུས་དང་བརྟུལ་བ་བརྟན་པཡིན་ཏེ ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་མི་འཇུག་གོ་ཞེས་དེ་སྐད་གསུང་བས་གྱིར་མི་ལྡོག་སྟེ། གཞོན་ནུས་ཇི་སྐད་གསུངས་པ་དེ་དེ་བཞིན་དུ་འགྱུར་རོ། །དེ་ཅིའི་གྱིར་ཞེ་ན། གཞོན་ནུ་ནི་བརྩོན་འགྲུས་དང་བརྟུལ་བ་བརྟན་པས་སླར་མི་ལྡོག་གོ།། དེ་ནས་འདུན་པ་རྟ་བསྔགས་ལྡན་དང་རྒྱན་རྣམས་ཁྱེར་ཏེ་བཚྱཕྱིན་མོའི་འཁོར་གྱི་
46-275
ནང་དུ་ན་ཏོ། །དེ་ནས་རིང་བ་ཞིག་ལོན་པ་དང ། རྒྱན་དེ་དག་ཤཱཀྱ་གཞོན་ནུ་བཟང་པོ་དང ། མིང་ཆེན་དང ། མ་འགགས་པས་བཏེག་པ་དང ། སྲེད་མེད་ཀྱི་བུ་ཆེན་པོ་ལྟར་མཁྲེགས་པ་དང ། སྲེད་མེད་ཀྱི་བུ་ཕྱེད་ལྟར་མཁྲེགས་པའི་རྒྱན་དེ་རྣམས་དེ་དག་གིས་མ་ཇག་ག་གོ། །གང་གི་ཚེ་དེ་དག་གང་གིས་ཀྱང་ཇེག་པར་མ་ནུས་པ་དེའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ[༄\ུfེ]་ཏནཱི་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་སྲིད་དུ་རྒྱན་འདི་དག་མཐོང་བ་དེ་སྲིད་དུ་བདག་གི་སྙིང་ལ་མྱ་ངན་དུ་འགྱུར་གྱིས ། བདག་གིས་རྒྱན་འདི་དག་རྫིང་དུ་དོར་རོ་སྙམ་མ་མོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོ་ཏ་སཱིསརྒྱན་དེ་དག་རྫིང་དུ་བོར་ཏེ། དེང་སང་དུ་ཡང་རྒྱན་གྱི་རྫིང་ཞེས་མིང་དུ་ཆགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་དཔའ་བོ་བྱུང ། །དེ་ཚེ་སེར་སྐྱའི་གྲོང་ཁྱེར་བ་དག་མཐའ་དག་སད ། །ཀུན་གྱི་སྙིང་ལ་གཞོན་ནུ་མལ་ན་ཉལ་སྙམ་སེམས། །མགུ་ཞིང་རབ་ཏུ་དགའ་ནས་ཕན་ཚུན་ཚིག་ཀྱང་སྨྲ། ། ས་འཚོ་མ་དང་དེ་བཞིན་བཙུན་མོའི་འཁོར་རྣམས་ས་ས་ད། །མལ་དུ་ལྟས་ན་བྱང་ཆུབ་སེམས་དཔའ་མ་མཐོང་ནས། །ཀྱི་ཧུད་བདག་བསླུས་བྱང་ཆུབ་སེམས་དཔའ་གར་བཞུད་ཅེས། །རྒྱལ་པོའི་ཁྱིམ་དུ་ངུད་མོའི་སྒྲ་ཡང་བྱུང་བར་གྱུར། །རྒྱལ་པོས་སྒྲ་དེ་ཐོས་ནས་ས་ལ་སྐྱེལ་གྱུར་ཏེ། །ེ་མ་ང་ཡི་བུ་གཅིག་པ་ཞེས་ངུད་མོ་ཕྱུང ། །དེ་ནས་དེ་ལ་བུམ་པའི་ཆུ་བླུགས་ཁྲུས་བྱས་ནས། །ཤཱཀྱ་མང་པོ་དག་གིས་དེ་ནི་དབུགས་ཀྱང་ཕྱུང ། །ས་འཚོ་མ་ཡང་མལ་ནས་ས་ལ་ལྷུང་བར་གྱུར། ། སྐྲ་རྣམས་འབལ་ཞིང་རྒྱན་རྣམས་དག་ཀྱང་བཀྲོལ་བར་གྱུར། །སྡུག་པ་ཀུན་དང་བྲལ་བ་རིང་པོར་མི་ཐོགས་ཤེས། ། འདྲེན་པས་བདག་ལ་སྔོན་གསུང་ས་ཀྱེ་མ་ལེགས་པར་གསུང་ས། །གཟུགས་ནི་གཟུགས་བཟང་ཤིན་ཏུ་དྲི་མེད་ཡན་ལག་སྤྲ་།།
46-276
གསལ་ཞིང་རྣམ་དག་འགྲོ་བ་རྣམས་ཀྱི་ཡིད་འོང་སྡུག་།དཔལ་ཡོན་ལྡན་པ་བསྔགས་པ་ལྷ་མིས་མཆོད་པའི་འོས། །བདག་ནི་མལ་དུ་བོར་ཏེ་ཁྱོད་ནི་གང་དུ་བཞུད ། །ཡོན་ཏན་མངའ་བའི་བྱང་ཆུབ་སེམས་དཔའ་མ་མཐོང་བར། །སྐོམ་ཡང་མི་འཚལ་རྒྱགས་པ་རྣམས་ཀྱིས་རྒྱགས་མི་བགྱི། །ས་ལ་ཉལ་ཞིང་རལ་པ་རྣམས་ཀྱང་ཐོགས་པར་བ་གྱི། །ཁྲུས་བགྱི་སྤངས་ཏེ་བརྟུལ་ཞུགུས་དཀའ་ཐུབ་སྤྱད་པར་བགྱི། །སྐྱེད་མོས་ཚལ་ཀུན་ལོ་མ་མེ་ཏོག་འབྲས་མ་མ་མཆིས། །རྣམ་དག་སེ་མོ་དོ་ཡང་མྱུན་རྡུལ་ཕྱག་དྲ་འདྲ ། །མི་མཆོག་དམ་པ་ཁྱོད་ཀྱིས་སྤང་ས་པར་གང་གྱུར་པའི། །གྲོང་ཁྱེར་ཁྱིམ་རྣམས་མཇེས་པ་མ་ལགས་འབྲོག་དང་མཚུང་ས། །ཀྱི་ཧུད་གླུ་དབྱང་ས་རབ་ཏུ་སྙན་པའི་སྒྲ་སྐད་ཅན། །ཀྱི་ཧུད་ལྷུག་ལྷུག་པ་ཡི་རྒྱན་ཐོགས་བཙུན་མོའིའི་འཁོར། །ཀྱི་ཧུད་གསེར་གྱི་དྲ་བས་ཁྱབ་པའི་བར་སྣང་ཡང ། ། ཡོན་ཏན་ལྡན་དང་བྲལ་བས་ན་ཆད་མི་བལྟའོ ། །སྲུ་མོ་དེ་ཡང་ཤིན་ཏུ་སྡུག་བསྔལ་ཐོབ་གྱུར་ཅིང ། །ཤཱཀྱའི་བུ་མོ་མ་ངུ་ཤིག་ཅེས་དབུགས་ཀྱང་འབྱིན ། ། ང་ནི་འཇིག་རྟེན་དག་ན་རྒ་ཤི་མཐར་བྲེད་ཅེས། །མི་མཆོག་དམ་པ་དེས་ནི་སྔོན་ཡང་སྨྲས་པ་ཡིན། །དྲང་སྲོང་ཆེན་པོ་དགེ་བ་སྟོང་དག་སྤྱད་པ་དེ། །ནམ་བྲེད་ནས་ནི་དཔག་ཚད་དྲུག་ཏུ་སོང་གྱུར་ནས། །འདུན་པ་དེ་ལ་རྟ་མཆོག་དང་ནི་རྒྱན་རྣམས་གཏད ། །འདུན་པ་འདི་དག་ཁྱེར་ལ་སེར་སྐྱའི་གྲོང་སོང་ཤིག་།ཡབ་དང་ཡུམ་དག་ལ་ཡང་ང་ཡི་ཚིག་གིས་ནི། །གཞོན་ནུ་སོང་གིས་སླར་ཞིང་ཐུགས་ངན་མ་མཛད་ཅིག་།བྱང་ཆུབ་སངས་རྒྱས་ནས་ནི་སླར་འདིར་མཆི་བར་བ་གྱི། །ཆོས་རྣམས་གསན་ནས་ཐུགས་ཀྱང་ཞི་བར་འགྱུར་ཞེས་སྦྲོས། །འདུན་པ་ངུ་བཞིན་འབེན་པ་ལ་ནི་སླར་སྨྲས་པ། །འདུན་པ་ལེགས་ལྡན་བྱང་ཆུབ་སེམས་དཔའ་གར་ཁྲིད་ཅེས། །མི་མཆོག་གཉེན་གྱི་ཚོགས་རྣམས་བདག་ལ་ཇེག་
46-277
འགྱུར་གྱིས ། །བདག་ལ་ནུས་པ་མ་མཆིས་སྟོབས་དང་མཐུ་མ་མ་མཆིས། །བྱང་ཆུབ་སེམས་དཔས་སླར་སྨྲས་འདུན་པ་མ་འཇིགས་ཤིག་།ང་ཡི་གཉེན་གྱི་ཚོགས་རྣམས་དགའ་བར་གྱུར་ནས་ནི། །ཁྱོད་ལ་སྟོན་པའི་འདུ་ཤེས་རྟག་ཏུ་བསྒོམ་གྱུར་ཏེ། །ང་ལ་བྱམས་པ་བཞིན་དུ་ཁྱོད་ལའང་བྱམས་པར་འགྱུར། །འདུན་པ་རྟ་མཆོག་དང་ནི་རྒྱན་རྣམས་ཁྱེར་ནས་ས་སུ། །མི་མཆོག་དམ་པ་དེ་ཡི་སྐྱེད་མོས་ཚལ་དུ་ན། །སྐྱེད་མོས་ཚལ་གྱི་སྲུང་ས་མ་དགའ་བའི་ཤུགས་སྐྱེས་ནས། །ཀུན་ཏུ་དགའ་བའི་སྒྲ་ནི་ཤཱཀྱ་རྣམས་ལ་སྨྲས། །གཞོན་ནུ་འདི་ཡི་རྟ་མཆོག་དང་ནི་འདུན་པ་ཡང ། །སྐྱེད་མོས་ཚལ་དུ་ཕྱིན་གྱིས་ཐུགས་ངན་མ་མཛད་ཅིག་།རྒྱལ་པོས་དེ་སྐད་ཐོས་ནས་ཤཱཀྱས་བསྐོར་ནས་ནི། །རབ་ཏུ་དགའ་བའི་ཤུགས་སྐྱེས་སྐྱེད་མོས་ཚལ་དུ་ན། །ས་འཚོས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་རིག་ནས། །ཚིག་དེ་ལ་ནི་ཡིད་མ་ཆེས་ཏེ་དགར་མ་གྱུར། །གཞོན་ནུ་བྱང་ཆུབ་མ་ཐོབ་བར་དུ་ཕྱིར་འདིར་ཡང ། །ན་ཅིང་ལྡོག་པར་འགྱུར་བ་དེ་ནི་གནས་མ་ཡིན། །རྒྱལ་པོས་རྟ་མཆོག་དང་ནི་འདུན་པ་དེ་མཐོང་ནས། །ངུད་མོ་བཏབ་སྟེ་ས་ཡི་སྟེང་དུ་འགྱིལ་བར་གྱུར། །ཀྱི་ཧུད་ངའི་བུགླུ་དང་རོལ་མོ་སྒྲ་དབྱང་ས་མཁས། །རྒྱལ་སྲིད་ཐམས་ཅད་པོར་ཏེ་ཁྱོད་ནི་གང་དུ་སོང ། །འདུན་པ་ཁྱོད་ཀྱིས་ང་ལ་འདིར་ནི་ལེགས་པར་སྨྱོས། །བྱང་ཆུབ་སེམས་དཔའ་གར་སོང་སྤྱོར་བ་ཅི་འདྲ་ཞིག་།སྒོ་ནི་སུ་ཡིས་བྲེ་ཞིང་གང་གིས་ཁྲིད་པར་གྱུར། །ལྷ་ཚོགས་རྣམས་ཀྱིས་དེ་ལ་མཆོད་པ་ཇི་ལྟར་བྱས། །འདུན་པས་སྨྲས་པ་རྒྱལ་པོའི་དབང་པོ་བདག་ལ་གསོན། །དགུང་བྲེད་གྲོང་ཁྱེར་བྱིས་པ་རྒན་པོ་གཉིད་ལོག་ནས། །བྱང་ཆུབ་སེམས་དཔའ་འཇམ་དབྱང་ས་བདག་ལ་འདི་སྐད་དུ། །འདུན་པ་རྟ་རྒྱལ་ང་ལ་མྱུར་དུ་བྱིན་ཞེས་གསུང ། །བདག་གིས་སྐྱེས་པའི་ཚོགས་དང་བུད་མེད་ཚོགས་
46-278
ཀྱང་བསླང ། །དེ་དག་ལོག་ཅིང་རབ་ཏུ་ལོག་པས་ཚིག་མ་ཐོས། །བདག་ནི་ངུ་ཞིང་བདག་གིས་ཆིབས་ཀྱི་རྒྱལ་པོ་ཕུལ། །ཕན་པ་མཛད་པ་གང་དུ་དགྱིས་པར་གཤེགས་ཞེས་བགྱིས། །བརྒྱ་བྱིན་གྱིས་ནི་འདྲུལ་འཁོར་ལྡན་པའི་ཆབ་སྒོ་ཕྱེ། ། འཇིག་རྟེན་སྐྱོང་བ་བཞིས་ནི་ཆིབས་ཀྱི་རྐང་ལག་བཏེག་།དཔའ་བོ་བཅིབས་ནས་སྟོང་གསུམ་ལམ་རྣམས་རབ་ཏུ་གཡོས། །ནམ་མཁའ་ཤིན་ཏུ་ཡང་ས་པ་འདི་ལས་གཤེགས་གྱུར་ཏེ། །འོད་ནི་རབ་ཏུ་བཏང་བས་མྱུན་པ་མྱཕྱིན་ནག་བསལ ། ། མེ་ཏོག་བབ་ཅིང་སིལ་སྙན་བརྒྱ་དག་སྒྲ་ཡང་བྱུང ། །ལྷ་དང་དེ་བཞིན་ལྷ་ཡི་བུ་མོ་རྣམས་ཀྱིས་བསྟོད ། །ནམ་མཁའ་ལས་ནི་ལྷ་ཚོགས་རྣམས་ཀྱིས་བསྐོར་ཏེ་གཤེགས། །འདུན་པ་རྟ་མཆོག་དང་ནི་རྒྱན་རྣམས་ཁྱེར་ནས་ས་སུ། །དེ་ནི་ངུ་ཞིང་བརྩུན་མོའི་འཁོར་དུ་ན་པ་དང ། །ས་འཚོས་འདུན་པ་དེ་དང་རྟ་མཆོག་མཐོང་གྱུར་ན ། །རབ་ཏུ་བརྒྱལ་བར་གྱུར་ཏེ་ས་ཡི་སྟེང་དུ་སྐྱེལ ། །པུད་མེད་ཚོགས་མང་ཐམས་ཅད་རབ་ཏུ་བརྩོན་པར་ནི། །ཆུ་དག་བླང་ས་ཤིང་ཤཱཀྱའི་བུ་མོ་འཁྲུ་བར་བྲེད ། །མྱ་ངན་རྙེད་པས་འཆི་བའི་དུས་བྲེད་གྱུར་དུ་འོང ། །ཕང་ས་པ་གཉིས་དང་བྲལ་བར་འགྱུར་དུ་འོང་སྙམ་བྲེད ། །ཤཱཀྱའི་བུ་མོ་སྡུག་བསྔལ་གྱུར་པ་མཐུ་བསྐྱེད་ནས། །རྟ་ཡི་རྒྱལ་པོ་རྟ་མཚོག་དེ་ཡི་མགུལ་ནས་འཇུས། །སྔོན་ཆད་དགའ་བས་རྩེ་བ་དག་ཀྱང་དྲ་ན་བྱས་ནས། །མྱ་ངན་གྱུར་ཅིང་སྣ་ཚོགས་ཚིག་ཀྱང་རབ་ཏུ་སྨྲ། །ཀྱི་ཧུད་བདག་གི་དགའ་སྐྱེད་ཀྱི་ཧུད་བདག་གི་མི་མཆོག་དྲི་མེད་ཟླ་བའི་ཞལ་མངའ་བ། །ཀྱི་ཧུད་བདག་གི་གཟུགས་མཆོག་གཟུགས་ཅན་ཀྱི་ཧུད་བདག་གི་མཚན་མཆོག་དྲི་མེད་གཟི་བརྗིད་ལྡན། །ཀྱི་ཧུད་བདག་གི་ཡན་ལག་མ་སྨད་ལེགས་པར་འཁྲུང་ས་པ་རིམ་གྱིས་འཕགས་པ་མཉམ་མེད་པ། །ཀྱི་ཧུད་བདག་གི་ཡོན་ཏན་མཆོག་ལྡན་ལྷ་མིས་མཆོད་པ་ཐུགས་རྗེ་ཆེན་པོ་མཆོག་ལྡན་པ། ། ཀྱི་
46-279
ཧུད་བདག་གི་སྟོབས་ལྡན་སྲེད་མེད་བུ་ཡི་མཐུ་དང་ལྡན་པ་དགྲ་ཡི་ཚོགས་བཅོམ་པ། །ཀྱི་ཧུད་བདག་གི་ཤིན་ཏུ་འཇམ་དབྱང་ས་ཀ་ལ་པིང་ཀའི་སྒྲ་སྐད་ཚང་ས་དབྱང་ས་སྙན་ལྡན་པ། །ཀྱི་ཧུད་བདག་གི་གྲགས་པ་མཐའ་ཡས་བསོད་ནམས་བརྒྱས་འཕགས་བསོད་ནམས་རྒྱ་ཆེན་མངའ་བ་པོ། །ཀྱི་ཧུད་བདག་གི་བསྔགས་པ་མཐའ་ཡས་ཡོན་ཏན་ཚོགས་བརྒྱན་དྲང་སྲོང་ཚོགས་རྣམས་དགའ་མཛད་པ། ། ཀྱི་ཧུད་བདག་གི་ནགས་མཚོག་བུང་བ་སྒྲ་འབྱིན་ལུམ་བི་ནི་དེར་བལྟམ་པ་ལེགས་བལྟམ་པ། །ཀྱི་ཧུད་བདག་གི་སྒྲ་གྲགས་ལྷ་མི་རྣམས་ཀྱིས་མངོན་པར་མཆོད་པའི་ཡེ་ཤེས་སྣོང་པོ་ཆེ། །ཀྱི་ཧུད་བདག་གི་རོ་བྲོ་དམ་པ་བིམ་པའི་སྒྲོས་ཅན་པད་མའི་སྤྱན་མངའ་གསེར་མདོག་འདྲ ། །ཀྱི་ཧུད་བདག་གི་ཤིན་ཏུ་རྣམ་དག་ཚེམས་ལྡན་བ་ཞོ་བ་མོ་ལྟ་བུའི་ཚེམས་ལྡན་པ། །ཀྱི་ཧུད་བདག་གི་ཤང་ས་ལེགས་སྨིན་ལེགས་སྨིན་མཚམས་བར་ན་དྲི་མེད་མཛོད་སྦུ་གནས་པ་པོ། །ཀྱི་ཧུད་བདག་གི་དཔུང་མགོ་རབ་བླུམ་གཞུ་འདྲའི་རྐེད་པ་ཨེ་ནེའི་བྱིན་པ་རྐེད་པ་ཟླུམ། །ཀྱི་ཧུད་བདག་གི་གླང་པོའི་སྣ་འདྲ་བརླ་ལྡན་ཕྱག་ཞབས་རྣམ་དག་མཇེས་པའི་སེན་མོ་ཅན།། དེ་ཡི་རྒྱན་རྣམས་འདི་དག་བསོད་ནམས་དག་གིས་བྱས་པ་རྒྱལ་པོ་རབ་ཏུ་དགའ་བྲེད་པ། །ཀྱི་ཧུད་བདག་གི་གླུ་དང་དབྱང་ས་སྒྲ་དམ་པ་མེ་ཏོག་བྱུག་པ་བཟང་པོའི་དུས་བཟང་བ། །ཀྱི་ཧུད་བདག་གི་མེ་ཏོག་སྤོས་རྣམས་གླུ་ལེན་དག་དང་བརྩུན་མོའི་འཁོར་ནི་དགའ་བྲེད་པ། །ཀྱི་ཧུད་བསྔགས་ལྡན་ལེགས་སྐྱེས་ང་ཡི་ཁྱིམ་ཐབ་གྲོགས་པོ་ཡིན་ན་ཁྱོད་ཀྱིས་གང་དུ་ཁྲིད ། །ཀྱི་ཧུད་འདུན་པ་སྙིང་ཇེ་མེད་པ་མི་ཡི་དམ་པ་བཞུད་ཚེ་སྒྲོན་ཅིང་སློང་མ་ཕོད ། །དོ་མོད་གྲོང་ཁྱེར་དམ་པ་འདི་ནས་མི་ཡི་ཁ་ལོ་སྐྱུར་བ་ཐུགས་རྗེ་ལྡན་གཤེགས་ཏེ། །ཕན་པ་མཛད་པ་འདི་ནི་གཤེགས་ཞེས་སྐབས་དེར་ཚིག་གཅིག་ཙམ་ཞིག་ཅི་ཡི་གྱིར་མ་སྨྲས། །ཕན་པ་མཛད་པ་ཇི་
46-280
ལྟར་གཤེགས་ཤིང་རྒྱལ་པོའི་ཕོ་བྲང་འདི་ནས་སུ་ཡི་ཕྱུང་བ་བྱས། །གང་གི་བྱོགས་གཤེགས་ནགས་ཚལ་གེལ་བའི་ལྷ་མོ་དེ་ཡི་གྲོགས་སུ་གྱུར་པ་དཔལ་ཡོན་ལྡན།། འདུན་པ་ཁོ་མོ་ཤིན་ཏུ་སྡུག་བསྔལ་གཏེར་བསྟན་ནས་ནི་མིག་ཕྱུང་འདྲ་བས་མིག་བྱིན་ཅིག་།འདུན་པ་རྒྱལ་བ་ཀུན་གྱིས་ཕ་དང་མ་དག་མཆོད་པའི་འོས་ཞེས་རྟག་ཏུ་བསྔགས་མཛད་ན ། །དེ་དག་རྣམས་ཀྱང་སྤངས་ཏེ་བྱུང་ན་བུད་མེད་འདོད་པའི་དགའ་བ་འདི་ལྟ་སྨོས་ཅི་དགོས། །ཀྱི་ཧུད་སྡུག་པ་རྣམས་དང་བྲལ་བ་གར་ལ་ལྟ་བའི་རང་བཞིན་འདྲ་སྟེ་རྟག་མ་ཡིན། །བྱིས་པ་འདུ་ཤེས་ཀྱིས་བཟུང་ལྟ་བ་ན་ཅི་ལོག་པས་སྐྱེ་དང་འཆི་འལོ་གནས་པར་གྱུར ། །དེ་ཡིས་སྔོན་ཆད་རྒ་ཤི་ལྡན་པའི་འདུས་བྱས་དག་ལ་གྲོགས་པོ་འགའ་ཡང་མེད་ཅེས་བསྟན། །ཁྱོད་ཀྱི་དགོང་ས་པ་ཡོངས་སུ་རྫོགས་ནས་ཤིང་མཆོག་དྲུང་དུ་བྱང་ཆུབ་དམ་པ་མཚོག་ཐོབ་གྱུར། །རྡུལ་མེད་བྱང་ཆུབ་སངས་རྒྱས་ནས་ནི་གྲོང་ཁྱེར་དམ་པ་འདིར་ནི་སླར་ཡང་གཤེགས་སུ་གསུ་གསོལ། །འདུན་པ་དེ་ཡང་མཆོག་ཏུ་ཡིད་མི་དགའ་ཞིང་ས་འཚོམ་ཡི་ཚིག་ནི་ཐོས་གྱུར་ནས། །དེ་ནི་ང་རོ་འཐོན་ཅིང་ཚིག་ཏུ་སྨྲས་པ་ས་འཚོ་མ་ཁྱོད་བདག་ཚིག་ལེགས་པར་གསོན། །ནམ་གྱི་གུང་ཐུན་བུད་མེད་ཚོགས་རྣམས་ཐམས་ཅད་རབ་ཏུ་གཉིད་ཀྱིས་ལོག་སྟེ་དབེན་གྱུར་པ། །དེ་ཡི་ཚེ་ན་བསོད་ནམས་བརྒྱས་འཕགས་དེ་ཡིས་བདག་ལ་བསྔགས་ལྡན་ང་ལ་བྱིན་ཞེས་གསུང ། །དེ་སྐད་ཚིག་ཐོས་ནས་ནི་དེ་མ་ཐག་ཏུ་བདག་གིས་ཁྱོད་ནི་གཟིམས་མལ་གཟིམས་ལ་བལ་བལྟས། །དེ་ཚེ་ཁྱོད་ཀྱི་སྡུག་པ་འདི་ནི་གཤེགས་ཀྱི་ས་ས་འཚོ་བཞེང་ས་ཞེས་སྒྲ་སྐད་ཆེན་པོ་ཕྱུང ། །ལྷ་ཡིས་ཚིག་དེ་བཀག་པར་གྱུར་པས་བུད་མེད་རྣམས་ལས་འགའ་ཙམ་ཞིག་ཀྱང་སད་མ་གྱུར། །བདག་ནི་རབ་ཏུ་ངུ་ཞིང་རྟ་ཡི་རྒྱལ་པོ་བརྒྱན་པ་བགྱིས་ནས་མི་མཆོག་དེ་ལ་ཕུལ། །བསྔགས་ལྡན་
46-281
དྲ་ག་ཤུལ་ཅན་གྱི་གཟི་ལྡན་སྒྲ་བྱུང་དེ་ཡི་སྒྲ་ནི་རྒྱང་གྲགས་ཙམ་ཏུ་གྲགས། །འོན་ཀྱང་ལྷ་ཡིས་གཉིད་ཀྱིས་ལོག་པར་བགྱིས་པས་གྲོང་ཁྱེར་པ་ལས་འགའ་ཡང་སད་མ་གྱུར། །གསེར་དང་དངུལ་དང་ནོར་བུ་རྣམས་ཀྱིས་གཡོགས་པའི་ས་ལ་བསྔགས་ལྡན་རྐང་ལག་རབ་ཏུ་བརྡབ ། །དེ་ལས་སྙན་དང་འཇིགས་དང་མཇེས་པའི་སྒྲ་བྱུང་འོན་ཀྱང་མི་ལས་འགའ་ཙམ་སད་མ་གྱུར། །དེ་ཡི་བར་སྐབས་སྐར་མ་རྒྱལ་དང་ལྡན་གྱུར་ཟླ་བ་སྐར་མ་དག་ཀྱང་མཁའ་ལ་གནས། །མཁའ་ལས་ལྷ་རྣམས་བྱི་བ་ཐལ་མོ་སྦྱར་ཏེ་བཏུད་ནས་ཕྱག་ཀྱང་རབ་ཏུ་འཚལ། གནོད་སྤྱིན་སྲིན་པོ་ཚོགས་རྣམས་ཉ?[༄\ུf]་བར་གནས་ཤིང་འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཆེ་ལྡན་བཞིས། ། པད་མའི་ཟི་བ་ལྟ་བུར་རྣམ་དག་དྲི་མེད་ལག་པས་བསྔགས་ལྡན་གྱི་ནི་རྐང་ལག་བཏེག་།བསོད་ནམས་གཟི་བརྗིད་བརྒྱས་འཕགས་དེ་ཡང་ཀུ་མྱུ་དང་པར་ཤ་ལྟ་བུ་དེ་ལ་བཅིབས། །ས་ནི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་སངས་རྒྱས་ཞིང་རྣམས་དྲི་མེད་འོད་ཀྱིས་ཁྱབ། །བདེ་སོགས་ཁྱིམ་ཐབ་བརྒྱ་བྱིན་ལྷ་ཡི་ག་ཙོ་བོ་ཉིད་ཀྱིས་དེ་ཚེ་ཆབ་སྒོ་དབྲེ་བ་བགྱིས། །དེ་ནི་བྲེ་བ་ཁྲག་ཁྲིག་ལྷ་ཡིས་མདུན་དུ་བད་ར་ཏེ་ལྷ་དང་ཀླུ་ཡིས་མཆོད་ནས་གཤེགས། །བསྔགས་ལྡན་གྱིས་ནི་འདུ་ཤེས་ཙམ་གྱིས་དེ་ན་འཇིག་རྟེན་མགོན་པོ་མཁའ་ལས་བཀུར་བར་ཤེས། །ལྷ་དང་ལྷ་མ་ཡིན་ཚོགས་དབང་པོར་བ་ཅས་པ་དེ་དག་བཅིབཅིབས་ཏེ་བདེ་བར་གཤེགས་པ་གཤེགས། །ལྷ་ཡི་བུ་མོ་གླུ་དབྱང་ས་མཁས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཡོན་ཏན་རབ་བརྗོད་ཅི་ང ། །དེ་དག་བསྔགས་ལྡན་ལ་ཡང་སྟོབས་འཐུད་བྲེད་ཅིང་སྙན་ལ་ཡིད་དུ་འོང་བའི་སྒྲ་ཡང་འབྱིན། །བསྔགས་ལྡན་འཇིག་རྟེན་འདྲེན་པ་མྱུར་བ་མྱུར་བར་ཁྱེར་ལ་སྐྱོ་བ་མི་དག་འ་མ་སྐྱེད་ཅིག་།འཇིག་རྟེན་མགོན་པོ་མཉེས་པར་བྱས་ན་ཁྱོད་ལ་འཇིགས་དང་ངན་སོང་ངན་འགྲོ་མེད་པར་འགྱུར། །
46-282
ལྷ་རྣམས་རེ་རེ་ཞིང་ཡང་བདག་ལ་འཇིག་རྟེན་མགོན་པོ་བཅིབས་པར་མངོན་དུ་དགའ་བར་གྱུར ། །ཡུལ་ས་འདི་ན་བྲེ་བ་ལྷ་ཡི་རྐང་པ་དག་གིས་ནོན་པར་མ་གྱུར་ཅུང་ཟད་མེད ། །བསྔགས་ལྡན་ནམ་མཁའི་སྐབས་ན་སྣ་ཚོགས་སྤྲས་ཤིང་མཇེས་པའི་ལམ་གནས་རིན་ཆེན་སྟེགས་བུ་ནི། །རྣམ་པ་སྣ་ཚོགས་དག་གིས་བརྒྱན་ཅིང་ལྷ་ཡི་བདུག་པ་སྙིང་པོ་མཆོག་བདུགས་འདི་ལ་པྟོས། །བསྔགས་ལྡན་དགི་བའི་ལས་འདིས་སུམ་ཅུ་རྩ་གསུམ་ལྷ་གནས་ཤིན་ཏུ་ལེགས་པར་སྤྲུལ་པ་དེར། ། ལྷ་ཡི་བུ་མོས་བསྐོར་ཅིང་མདུན་གྱིས་བལྟས་ལ་ལྷ་ཡི་འདོད་པའི་དགའ་བས་དགའ་བར་གྱིས ། །ལེགས་པ་ས་འཚོ་མ་ཁྱོད་ཕྱིར་ཞིང་མ་བཤུམས་དགྱིས་པར་མཛོད་ཅིང་མཆོག་ཏུ་དགྱིས་པར་མཛོད ། །མི་མཆོག་བྱང་ཆུབ་བརྙེས་ནས་ལྷ་ཡིས་མདུན་དུབད་རབ་རིང་པོར་མི་ཐོགས་གཟིགས་པར་འགྱུར། །ས་འཚོ་མི་རྣམས་གང་དག་ལེགས་པའི་ལས་བགྱིས་དེ་དག་རྟག་ཏུ་བཤུམས་པར་བགྱི་མ་ལགས། །དེ་ནི་བསོད་ནམས་གཟི་བཆིད་བརྒྱས་འཕགས་ལགས་ཀྱིས་དགྱིས་པར་མཛོད་ལ་བཤུམ་མོ་མ་མཛད་ཅིག་།རྒྱལ་པོ་མངོན་པར་བྱུང་བ་དེ་ན་ལྷ་དང་མིས་མཆོད་པ་ཡི་བཀོད་པ་གང་ལགས་པ། །བཀོད་པ་དེ་ནི་ས་འཚོ་བདག་གིས་དགུང་བདུན་བར་དུ་བརྗོད་ཀྱང་རྫོགས་པར་བརྗོད་མི་ནུས། །ཁྱོད་ཀྱིས་འགྲོ་ལ་ཕན་མཛད་པ་ལ་བསྙེན་བཀུར་མཛད་པས་བརྙེས་མཆོག་བསམ་གྱིས་མི་ཁྱབ་བརྙེས། །བདག་གིས་བསམས་ན་ཁྱོད་ཀྱང་མི་ཡི་དམ་པ་དེ་ནི་ཅི་འདྲ་དེ་འདྲ་ར་འགྱུར་སྙམ་བགྱིད ། །མངོན་པར་འབྱུང་བའི་ལེའུ་སྟེ་བརྩུ་ལྔ་པའོ། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་
46-283
ཀྱིས་འདུན་པས་རྒྱལ་པོ་ཟས་ག་ཙང་མ་དང ། ཤཱཀྱའི་བུ་མོ་ས་འཚོ་མ་དང ། བརྩུན་མོའི་འཁོར་ཐམས་ཅད་དང ། ཤཱཀྱའི་ཚོགས་ཐམས་ཅད་ཀྱི་མྱ་ངན་བསང་བའི་གཏམ་སྨྲས ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷའི་བུ་ཇོན་པའི་གཟུགས་ལྟ་བུ་ལ་གོས་ཀ་ཤི་པ་རྣམས་བྱིན་ནས་དེ་ལ་གོས་ངུར་སྨྲིག་རྣམས་བླང་ས་ཏེ། འཇིག་རྟེན་དང་འཐུན་པར་བྱ་བ་དང ། སེམས་ཅན་ལ་སྙིང་བརྩེ་བ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་གྱིར་བདག་ཉརིད་རབ་ཏུ་བྱུང་ང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེའི་རིགས་ལྡན་གྱི་གནས་ག་ལ་བ་དེར་སོང་བ་དང ། དེས་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་དང ། ཟས་ལ་འགྲོ་ན་དུ་བོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེ་པད་མའི་གནས་སུ་སོང་བ་དང ། དེས་ཀྱང་བྱང་ཆུབ་སེམས་དཔའ་གནས་པར་བྱ་བ་དང ། ཟས་ལ་འགྲོ་ན་དུ་བོས ། །དེ་ནས་བྲམ་ཟིའི་དྲང་སྲོང་ནམ་གྲུའི་གནས་སུ་སོང་བ་དང ། དེས་ཀྱང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འགྲོན་དུ་བོས་སོ།། དེ་བཞིན་དུ་གདུལ་བའི་པེ་ཅོན་ཅན་གྱི་བུ་འོད་ལྡན་གྱིས་ཀྱང་བྱང་ཆུབ་སེམས་དཔའ་འགྲོན་དུ་བོས་ཏེ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་རིམ་གྱིས་གྲོང་ཁྱེར་ཆེན་པོ་ཡང་ས་པ་ཅན་དུ་ན་ཏོ། །དེའི་ཚེ་སྐྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང ། སློབ་མ་སུམ་བརྒྱ་དང་ལྷན་ཅིག་ཏུ། གྲོང་ཁྱེར་ཡང་ས་པ་ཅན་དུ་གནས་བ་ཅས་ཤིང་གནས་ཏེ། དེ་སློབ་མ་དག་ལ་ཅིའང་མེད་པའི་སྐྱེ་མཆེད་ཀྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་པ་དེས་བྱང་ཆུབ་སེམས་དཔའ་རྒྱང་རིང་པོ་ནས་འོང་བ་མཐོང་ནས་ངོ་མཚར་དུ་གྱུར་ཏེ་སློབ་མ་རྣམས་ལ་སྨྲས་པ། གྱེ་འདིའི་གཟུགས་ལ་པྟོས་ཤིག་།དེ་དག་གིས་སྨྲས་པ། དེ་བཞིན་དུ་དེ་ལ་བལྟ་བར་བགྱིས་ཏེ་འདི་ནི་ཡ་མཚན་ཆེའོ། །དགེ་སློང་
46-284
དག་དེ་ནས་ང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ག་ལ་བ་དེར་སོང་སྟེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་འདི་སྐད་ཅེས་སྨྲས ། །གྱེ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཁྱོད་ལ་ས་བདག་གིས་ཚང་ས་པར་སྤྱད་པ་སྤྱོད་དོ། །དེས་སྨྲས་པ། གྱེ་གཽ[༄\ུfེ]་ཏ་མ་ད་པའི་རིགས་ཀྱི་བུས་གང་ལ་སྤྱད་ན་ཚེགས་ཆུང་ངུས་ཀུན་ཤེས་པ་ཐོབ་པར་འགྱུར་བའི་ཆོས་བསྟན་པ་དེ་ལྟ་བུ་ལ་སྤྱོད་ཅིག་།དགེ་སློང་དག་ངས་འདི་སྙམ་དུ་སེམས་ཏེ། ང་ལ་མོས་པ་ཡང་ཡོད ། ང་ལ་བརྩོན་འགྲུས་ཀྱང་ཡོད ། དྲ་ན་པ་ཡང་ཡོད ། ཏིང་ངེ་འཛིན་ཀྱང་ཡོད། ཤེས་རབ་ཀྱང་ཡོད་ཀྱིས། ཆོས་དེ་ཉིད་ཐོབ་པར་བྱ་བ་དང ། མངོན་དུ་བྱ་བའི་གྱིར་བདག་གཅིག་པུ་བག་ཡོད་པ་དང ། བརྟུན་པ་དང་དབེན་པར་གནས་པར་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ང་གཅིག་པུ་བག་ཡོད་པ་དང ། བརྟུན་པ་དང ། དབེན་པར་གནས་ནས། ཚེགས་ཆུང་ངུས་ཆོས་དེ་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་རྟོ། །དགེ་སློང་དག་དེ་ནས་ང་སྒྱུ་རྩུལ་ཤེས་ཀྱི་བུ་རིང་འཕུར་ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་སྨྲས ། །རྒྱེ་རིང་འཕུར་ཁྱོད་ཀྱིས་ཆོས་འདི་ཙམ་ཞིག་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་ཏམ། དེས་སྨྲས་པ། གྱེ་གོ་ཏ་མ་དེ་དེ་བཞིན་ནོ། །ངས་སྨྲས་པ། གྱེ་ཁོ་བོས་ཀྱང་ཆོས་དེ་མངོན་དུ་བྱས་ཤིང་ཁོང་དུ་ཆུད་དོ། །དེས་སྨྲས་པ། ཀྱེ་གཽ་ཏ་མ་དེ་བས་ན་ཆོས་གང་ཁོ་བོས་ཤེས་པ་དེ་ཁྱོད་ཀྱིས་ཤེས་ལ་གང་ཁྱོད་ཀྱིས་ཤེས་པ་དེ་ཡང་ཁོ་བོས་ཤེས་ཏེ། དེ་བས་ན་བདག་ཅག་གཉི་གས་སློབ་མའི་ཚོགས་འདི་ལ་བསྟན་ཏོ། །དགེ་སློང་དག་དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གྱིས་ང་ལ་མཆོད་པ་དམ་པས་མཚོད་དེ། ང་སློབ་མ་རྣམས་ལ་ཡང་དོན་འཐུན་པར་བྲེད་དུ་བཅུག་གོ། །དགི་སློང་དག་ངས་འདི་སྙམ་དུ་བསམས་ཏེ ། རིང་འཕུར་གྱི་ཆོས་འདི་ནི་ངེས་པར་འབྱུང་བ་མ་ཡིན་ཏེ། དེ་བྱེད་པ་ཡང་དག་པར་སྡུག་
46-285
བསྔལ་ཟད་པར་ངེས་པར་འབྱུང་བ་མ་ཡིན་གྱིས ། བདག་གིས་དེ་ལས་ལྷག་པ་ཞིག་བཙལ་ཞིང་སྤྱད་དོ་སྙམ་མོ། །དགེ་སློང་དག་དེ་ནས་ང་ཇི་སྲིད་དགའ་བའི་བར་དུ་གྲོང་ཁྱེར་ཡང་ས་པ་ཅན་དུ་གནས་ནས། ཡུལ་མ་ག་དྨར་ཡུལ་རྒྱུ་ཞིང་ཡུལ་མ་ག་དྒྷའི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། རིའི་རྒྱལ་པོ་སྐྱ་བོ་ག་ལ་བ་དེར་སོང་ནས། རིའི་རྒྱལ་པོ་སྐྱ་བོ་དེའི་ངོས་ལ་ང་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་ལྷ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་བསྲུང་ས་ཤིང་གནས་སོ། །དེ་ནས་ང་ནང་པར་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་ཆུ་དྲོན་ཅན་གྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་འགྲོ་བ་དང ། ལྡོག་པ་དང ། མདུན་དུ་ལྟ་བ་དང ། གཡས་གཡོན་དུ་ལྟ་བ་དང ། བསྐུམ་པ་དང་བརྐྱང་བ་མཇེས་པ་དང ། སྣམ་སྦྱར་དང ། ཐང་བ་དང ། ལྷུང་བཟིད་དང ། ཆོས་གོས་འཛིན་པ་མཇེས་པ་དང ། དབང་པོ་མ་གཡེང་ས་པ་དང ། སྤྲུལ་པ་བཞིན་དུ་ཡིད་ཕྱི་རོལ་ཏུ་མ་བྱུང་བ་དང ། འབྲུ་མར་གྱིས་གང་བའི་སྣོད་ཐོགས་པ་བཞིན་གཉའ་ཤིང་གང་ཙམ་དུ་ལྟ་ཞིང་བསོད་སྟོམས་ཀྱི་གྱིར་ཞུགུས ། །དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་ང་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཅི་འདི་ཚང་ས་པ་ཡིན་ན་ནམ། ལྷའི་དབང་པོ་བརྒྱ་བྱིན་ན་ནས། འོན་ཏེ་རྣམ་ཐོས་ཀྱི་བུའམ། འོན་ཏེ་རིའི་ལྷ་འགའ་ཞིག་ཡིན་ནམ་སྙམ་མོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནས་གཟི་བརྗིད་མཐའ་ཡས་དྲི་མེད་ལྡན། །བྱང་ཆུབ་སེམས་དཔའ་བདག་ཉིད་རབ་བྱུང་སྟེ། །སེམས་ནི་ཞི་ཞིང་སྤྱོད་ལམ་རབ་དུལ་བར། །རི་ཡི་རྒྱལ་པོ་སྐྱ་བོའི་ངོས་ལ་གནས། །བྱང་ཆུབ་སེམས་དཔས་ནམ་ནང་ས་ཤེས་ནས་ནི། །མཆོག་ཏུ་བལྟ་ན་མཇེས་པར་ཤམ་ཐབས་བགོ ། །ལྷུང་བཟེད་ཐོགས་ཏེ་དམའ་བའི་ཡིད་ཀྱིས་ས་སུ། །དེ་ནི་
46-286
རྒྱལ་པོའི་ཁབ་ཏུ་བསོད་སྟོམས་ཞུགུས། །གསེར་གྱི་ས་ལེ་སྤྲམ་བཞིན་རབ་དུལ་ལ།། སུམ་རྩུ་རྩ་གཉིས་མཚན་གྱི་གོ་བགོས་པ། །སྐྱེས་པའི་ཚོགས་དང་བུད་མེད་ཀྱིས་མཐོང་ན། །སུ་ཡང་ལྟ་བས་ངོམས་པར་མི་འགྱུར་རོ། ། ས?ང་དག་རིན་ཆེན་གོས་དང་འཔུ?ས་ཀྱང་བརྒྱན། །གང་གི་མཐུས་ནི་གྲོང་ཁྱེར་ཀུན་མཇེས་པའི། ། སྔོན་ཆད་མ་མཐོང་སེམས་ཅན་འདི་སུ་ཞེས། །སྐྱེ་བོ་སི་ལ་ཅིང་དེ་ཡི་གྱི་བཞིན་འབྲང ། །བུད་མེད་སྟོང་དག་ཁང་པའི་སྟེང་འདུག་ཅིང ། །དེ་བཞིན་སྒོ་དང་དེ་བཞིན་སྐར་ཁུང་དང ། །སྲང་དག་བཀང་སྟེ་ཁྱིམ་ནི་སྟོང་བྱས་ནས། །དེ་དག་ལས་གཞན་མེད་པར་མི་མཆོག་ལྟ། །སྐྱེས་བུ་མཆོག་གི་གཟུགས་ལ་ལྟ་བའི་ཚེ། ། ཉོ་དང་འཚོང་བ་དག་ཀྱང་མི་བྱེད་ཅི་ང ། །ཆང་ད་ཅན་ཡང་ཆང་ནི་མི་འཐུང་ལ། ཁྱིམ་དང་ས?ང་ན་འདུག་པར་མི་དགའོ། །རིང་ས་པར་མི་ཞིག་རྒྱལ་པོའི་ཁབ་སོང་སྟེ། །དེ་དགའ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། །གྲོང་འདིར་ཚང་ས་པ་བདག་ཉིད་བསོད་སྟོམས་སྤྱོད ། །ལྷ་ཁྱོད་བརྙེས་པ་དམ་པ་བརྙེས་ཞེས་ཟེར། །ཁ་ཅིག་བརྒྱ་བྱིན་ལྷ་ཡི་རྒྱལ་ཞེས་ཟེར། །གཞན་དག་འཐབ་བྲལ་ལྷ་ཡི་བུ་ཞེས་ཟེར། །དེ་བཞིན་ཡོངས་སུ་དགའ་ལྡན་འཕྲུལ་དགའ་དང ། །གཞན་དག་རབ་འཕྲུལ་ལྷ་ཡི་བུ་ཞེས་ཟིར། །ཁ་ཅིག་ཉི་མ་ཟླ་བ་དེ་བཞིན་དུ། །སྒྲ་ག་ཅན་སྟོབས་ལྡན་ཐགས་བཟང་ས་རིས་ཞེས་ཟིར། །ཁ་ཅིག་དག་ནི་ཚིག་ཀྱང་འདི་སྐད་དུ། །རི་རྒྱལ་སྐྱ་ལ་འདུག་པ་འདི་ཡིན་ཟི་ར། །རྒྱལ་པོས་ཚིག་ནི་དེ་དག་ཐོས་གྱུར་ནས། །ཡིད་ནི་མཆོག་ཏུ་དགའ་ཞིང་སྐར་ཁུང་འདུག་།ཤིན་ཏུ་སྦྱང་ས་པའི་གསེར་ལྟར་དཔལ་འབར་བ། །བྱང་ཆུབ་སེམས་དཔའ་སེམས་ཅན་མཆོག་མཐོང་ངོ ། །རྒྱལ་པོ་གཟུགས་ཅན་སྙིང་པོས་མི་དེ་ལ། །བསོད་སྟོམས་བྱིན་ལ་གར་སོང་པྟོས་ཤེས་བསྒོ། །རི་ཡི་མཆོག་ལ་དེ་ནི་སོང་མཐོང་ནས། ། ཁ་
46-287
ཅིག་རི་ཡི་ངོས་ལ་དེ་མཆིས་སྨྲས། །གཟུགས་ཅན་སྙིང་པོས་ནམ་ནང་ས་ཞེས་ནས་ནི། །མི་དབང་སྐྱེ་བོ་མང་པོས་ཡོང་ས་བསྐོར་ཏེ། །འི་ཡི་རྒྱལ་པོ་སྐྱ་བོའི་དྲུང་དུ་སོང ། །རི་དེ་དཔལ་ནི་རབ་ཏུ་འབར་བར་མཐོང ། །བཞོན་པ་ལས་ནི་བབས་ཏེ་རྐང་གིས་ས་སོང ། །ཇི་ལྟར་ལྟུན་པོ་བཞིན་དུ་མི་གཡོ་ཞིང ། །ཙོ་བཏིང་སྟེང་ན་སྐྱིལ་མོ་ཀྲུང་འདུག་པའི། །བྱང་ཆུབ་སེམས་དཔའ་མཆོག་ཏུ་གུས་པས་མཐོང ། །རྒྱལ་པོས་རྐང་པར་མགོ་བོས་ཕྱག་བྱས་ཏེ། །རྣམ་པ་སྣ་ཚོགས་དག་གི་གཏམ་བྱས་ནས། །ཁྱོད་ལ་རྒྱལ་སྲིད་ཀུན་གྱི་བྲེད་སྤྱིན་གྱིས། །འདོད་པའི་ཡོན་ཏན་འདི་སྤྱོད་མ་འཕྱན་སྨྲས། །བྱང་ཆུབ་སེམས་དཔས་འཇམ་པོའི་ཚིག་སྨྲས་པ། །ས་ཡི་བདག་པོ་ཡུན་རིང་ས་ཚེ་སུང་ས་ཤིག་།ཁོ་བོས་རྒྱལ་སྲིད་སྡུག་པ་བོར་ནས་སུ། །རེ་བ་མེད་པར་ཞི་གྱིར་རབ་ཏུ་བྱུང ། །གཞོན་ནུ་ཐོར་བུ་དྲ་ལ་བབ་དང་ལྡན། །ལུས་ཀྱི་ཁ་དོག་མཇེས་ཤིང་ཤུགས་ལྡན་ན། །ནོར་མང་དག་དང་བུད་མེད་ཚོགས་བཞེས་ཏེ། །བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད ། །མ་ག་དྒྷའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་ཁྱོད་མཐོང་བས་མཆོག་ཏུ་དགའ། །བདག་གི་རྒྱལ་སྲིད་ཀུན་གྱི་གྲོགས་མཛོད་ཅིག ། བདག་ནི་ཁྱོད་ལ་མངའ་འབུལ་འདོད་པ་སྤྱོད ། །ནགས་ཚལ་སྟོང་པ་དག་ཏུ་མ་བཞུགས་ཤིག་།སླན་ཆད་ས་གནས་རྩ་སྟེང་མ་བཞུགས་ཤིག་།ཁྱོད་ཀྱི་སྐུ་ནི་མཆོག་ཏུ་རབ་ཏུ་གཞོན། །བདག་གི་རྒྱལ་སྲིད་འདིར་བཞུགས་འདོད་པ་སྤྱོད ། ། བྱང་ཆུབ་སེམས་དཔས་འཇམ་ཞིང་གྱ་གྱུ་མེད ། །དགའ་འགྱུར་ཕན་ཞིང་སྙིང་བརྩེའི་ཚིག་སྨྲས་པ། །རྒྱལ་པོ་ཁྱོད་ནི་རྟག་ཏུ་བཀྲ་ཤིས་གྱུར། །ཁོ་བོ་འདོད་པའི་ཡོན་ཏན་མི་འདོད་དོ། །འདོད་པ་དུག་འདྲ་ཉེས་པ་མཐའ་ཡས་ལྡན། ། སེམས་ཅན་དམྱལ་དང་ཡི་དགས་དུད་འགྲོར་ལྟུང ། །མཁས་པས་སྨད་ཅིང་
46-288
འདོད་པས་འཕགས་མ་ཡིན། །ཁོ་བོས་ང་ར་སྣབས་རུལ་པ་བཞིན་དུ་བོར ། ། འདོད་པ་ཤིང་གི་འབྲས་བུ་བཞིན་དུ་ལྟུང ། །ཇི་ལྟར་སྤྲིན་དང་ཆར་པ་བཞིན་དུ་འགྲོ། །མི་བརྟན་འགྱུར་ལ་ཇི་ལྟར་རླུང་བཞིན་འགྲོ། །དགེ་བ་ཐམས་ཅད་རྣམ་པར་འཐོར་ཞིང་བླུ། །དེ་བཞིན་འདོད་པ་མི་རྙེད་གྱིར་ཡང་གདུང ། །རྙེད་དུ་ཟིན་ཀྱང་ཆོག་པར་འཛིན་མི་འགྱུར། །གང་ཚེ་དབང་མེད་མ་རུང་རབ་གྱུར་པ།། དེ་ཚེ་འདོད་པ་སྡུག་བསྔལ་དྲ་ག་ཆེན་བསྐྱེད ། །རྒྱལ་པོ་ལྷ་ཡི་འདོད་པ་གང་ཡིན་དང ། །མི་ཡི་འདོད་པ་བཟང་པོ་གང་ཡིན་པའི། །འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང ། །དེ་ལ་ཆོག་པ་མེད་དེ་ཡང་ཚོལ་ལ་ལོ། །རྒྱལ་པོ་གང་དག་ཞི་ཞིང་དུལ་གྱུར་པ། །འཕགས་པ་ཟག་མེད་ཆོས་ཀྱིས་འདུ་ཤེས་གང ། །ཤེས་རབ་མཁས་པས་ཆོག་པ་དེ་ལེགས་ཆོག་།འདོད་པའི་ཡོན་ཏན་ཆོག་པ་ཅུང་ཟད་ཐེད ། །རྒྱལ་པོ་འདོད་པ་དག་ལ་བསྟེན་བྱས་ཤིང ། །སྔན་ཆད་འདུས་བྱས་པ་ཡི་མཐའ་མ་མེད ། །ཇི་ལྟར་མི་དག་ལན་ཚཝའི་ཆུ་འཐུང་ས་བཞིན། །འདོད་པ་བསྟེན་ན་གྱིར་ཞིང་སྲེད་པ་འཕེལ། །རྒྱལ་པོ་ལུས་ལ་ཡང་ལྟོས་དེ་མི་བརྟན། ། སྙིང་པོ་མེད་དེ་སྡུག་བསྔལ་འདྲུལ་འཁོར་བཞིན། །བུ་ག་དགུ་ཡི་སྒོ་ནས་རྟག་ཏུ་འཛག་།རྒྱལ་པོ་ཁོ་བོ་འདོད་པའི་འདོད་ཆགས་མེད། །ཁོ་བོས་འདོད་པ་མང་དང་དེ་བཞིན་དུ། །བལྟ་ན་སྡུག་པའི་བུད་མེད་སྟོང་བོར་ཏེ། །མཆོག་ཞི་བྱང་ཆུབ་དམ་པ་ཐོབ་འདོད་ནས། །ཁོ་བོ་སྲིད་པ་མི་དགའ་ངེས་པར་འབྱུང ། །མ་ག་དྒྷ་ཡི་རྒྱལ་པོས་དེར་སྨྲས་པ། །དགེ་སློང་བྱོགས་ནི་གང་དང་གང་ནས་བྱོན། ། གང་དུ་ཁྱོད་སྐྱེས་ཡབ་ཡུམ་གང་ན་བཞུགུས། །རྒྱལ་རིགས་ལགས་སམ་བྲམ་ཟེའམ་རྒྱལ་པོ་ལགས། །དགེ་སློང་ཁུར་གྱི་འདུ་ཤེས་མེད་ན་གསུང ། །བྱང་ཆུབ་སེམས་དཔས་དེ་ལ་འདི་སྐད་སྨྲས། །རྒྱལ་པོ་ཤཱཀྱ་རྣམས་ཀྱི་སིར་སྐྱའི་གྲོང ། །
46-289
མཆོག་ཏུ་འབྱོར་ཅིང་རྒྱས་པ་ཐོས་གྱུར་ཏ་མ། །ཁོ་བོའི་ཕ་ཡི་མིང་ནི་ཟས་གཙང་ཡིན། །ཡོན་ཏན་འདོད་པས་ཁོ་བོ་དེར་རབ་བྱུང ། །མ་ག་དྷཱ་ཡི་རྒྱལ་པོས་འདི་སྐད་སྨྲ ། ། ཁྱོད་མཐོང་ལེགས་པར་མཐོང་སྟེ་ལེགས་པ་ལགས། །གང་ལས་ཁྱོད་སྐྱེས་བདག་ཀྱང་དེའི་བློབ་མ། །འདོད་ཆགས་བྲལ་བ་འདོད་པར་སྤྱན་དྲང་ས་པ། །ཐུགས་ནས་བདག་ལ་བཟད་པ་མཛད་དུ་གསོལ། །གང་ཚེ་ཁྱོད་ཀྱིས་བྱང་ཆུབ་བརྙེས་གྱུར་ཚེ། །ཆོས་རྗེས་བདག་ལ་ཆོས་ཀྱི་བགོ་བཤའ་མཛོད ། །རང་བྱུང་བདག་གི་ཡུལ་ན་བཞུགས་པ་ནི། །བདག་གིས་མཆོག་ཏུ་རྙེད་པ་རབ་རྙེད་དོ།། དེ་ནས་ཀྱང་ནི་རྐང་པར་ཕྱག་བྱས་ཏེ ། །རྒྱལ་པོས་ཤིན་ཏུ་གུས་པར་བསྐོར་བྱས་ནས། །མི་དབང་རང་གི་སྐྱེ་བོས་ཡོང་ས་བསྐོར་ཏེ། །སླར་ཡང་རྒྱལ་པོའི་ཁབ་ཏུ་ཞུགས་པར་གྱུར། །འཇིག་རྟེན་མགོན་པོ་མ་ག་དྒྷ་ཡི་གྲོང་ཞུགས་ཏེ། ། ཇི་སྲིད་འདོད་པར་ཞི་བའི་ཡིད་ཀྱིས་འདུག་།ལྷ་དང་མི་རྣམས་ཀྱི་ནི་དོན་བྱས་ནས། །མི་དབང་རྣཻ་རན་ཛ་ནའི་ཆུ་འགྲམ་སོང ། །གཟུགས་ཅན་སྙིང་པོ་འོང་ས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །། དགེ་སློང་དག་ཡང་དེའི་ཚེ་རངས་བྲེད་ཀྱི་བུ་ལྷག་སྤྱོད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གནས་བ་ཅས་ནས་སློབ་མའི་ཚོགས་ཆེན་པོ་སློབ་མ་བདུན་བརྒྱ་དང་ལྷན་ཅིག་ཏུ་གནས་ཏེ། དེ་དེ་དག་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བརྟུལ་ཞུགས་དང་འཐུན་པའི་ཆོས་སྟོན་ཏོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ཚོགས་དང་ལྡན་པ་ཚོགས་ཅན། ཚོགས་ཀྱི་སློབ་དཔོན། གྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ། ཀུན་གྱིས་ཤིས་པ་མཐོང་ངོ ། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ།
46-290
རང་ས་བྲེད་ཀྱི་བུ་ལྷག་སྤྱོད་འདི་ཚོགས་དང་ལྡན་པ། ཚོགས་ཅན། ཚོགས་ཀྱི་སློབ་དཔོན། གྲགས་པ་མངོན་པར་འདོད་པ། སྐྱེ་བོ་མང་པོས་མཆོད་པ། མཁས་པ་ཀུན་གྱིས་ཤེས་པ་ཡིན་ན ། གལ་ཏེ་བདག་དེའི་དྲུང་དུ་སོང་སྟེ། བརྟུལ་ཞུགས་དང་དཀའ་ཐུབ་མ་བརྩམས་ན་ནི། འདི་བདག་ལ་ཁྱད་པར་དུ་འཕགས་པའི་འདུ་ཤེས་ཀྱང་མི་སྐྱེད་ལ། མངོན་སུམ་གྱི་ཤེས་པས་ཀྱང་ཤེས་པར་མི་འགྱུར་བ་དང ། འདུས་བྱས་ཟག་པ་དང་བ་ཅས་པ་ཉེ་བར་ལེན་པ་དང་བ་ཅས་པའི་བསམ་གཏན་དང ། ཏིང་ངེ་འཛིན་དང་སྟོམས་པར་འཇུག་པ་དག་ཀྱང་སུན་ཕྱུང་བར་མ་གྱུར་གྱིས ། གང་གིས་ན་དེ་ལ་བསམ་གཏན་གྱི་སྤྱོད་ཡུལ་དག་དང་སྟོམས་པར་འཇུག་པའི་དམིགས་པ་དག་མངོན་སུམ་དུ་འགྱུར་བ་དང ། འཇིག་རྟེན་པའི་ཏིང་ངེ་འཛིན་དག་ཀྱང་འབྱུང་བ་མ་ཡིན་པར་བསྟན་པར་འགྱུར་བ་དེ་ལྟ་བུའི་ཐབས་ཤིག་བསྟན་པར་བྱ་འམ། བདག་རངས་བྲེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་དུ་སོང་སྟེ། བདག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་གྱིར་དེའི་སློབ་མར་ཁས་བླང་ས་ལ། འདུས་བྱས་ཀྱི་ཏིང་ངེ་འཛིན་སྙིང་པོ་མེད་པར་བསྟན་པར་བྱའམ་སྙམ་མོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དོན་དེའི་དབང་དུ་བྱས་ཏེ། རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་གྱིན་པ་དང ། རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་ཁྱོད་ཀྱི་སྟོན་པ་ནི་སུ་ཞིག་།སུས་ཆོས་བསྟན་པ་ཀུན་ཤེས། དེ་སྐད་ཅེས་སྨྲས་པ་དང ། རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁོ་བོ་ལ་སྟོན་པ་གང་ཡང་མེད་དེ། འོན་ཀྱང་ཁོ་བོ་རང་གིས་འདི་ཡང་དག་པར་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་ཅི་ཁོང་དུ་ཆུད ། སྨྲས་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་
46-291
མཆེད་ཀྱི་སྟོམས་པར་འཇུག་པའི་ལམ་མོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་གིས་ཁྱོད་ལས་ཏིང་ངེ་འཛིན་གྱི་ལམ་གྱི་གད་མས་ང་ག་དང་རྗེས་སུ་བསྟན་པ་ཐོབ་པར་འཆལ་ལོ། །སྨྲས་པ། དེ་ལྟར་བྱའོ་ཞེསབྱ་བ་ནས་གདམས་ང་ག་བྱིན་པའི་བར་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱོགས་གཅིག་ཏུ་སོང་སྟེ་སྐྱིལ་མོ་ཀྲུང་བ་ཅས་ནས་འདུག་ག་གོ། །འདུག་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཁྱད་པར་དང ། ཡེ་ཤེས་ཀྱི་ཁྱད་པར་དང ། སྔོན་སྤྱད་པ་ལེགས་པར་སྤྱད་པའི་འབྲས་བུའི་ཁྱད་པར་དང ། ཏིང་ངེ་འཛིན་ཐམས་ཅད་ལ་འདྲིས་པའི་ཁྱད་པར་དང ། དེ་སེམས་ལ་དབང་སྒྱུར་བའི་གྱིར་བསམ་གཏན་ལ་སོགས་པའི་འཇིག་རྟེན་པའི་སྟོམས་པར་འཇུག་པ་བརྒྱ་སྟོང་ཐམས་ཅད་རྣམ་པ་དང་བ་ཅས། བྲེ་བྲག་དང་བ་ཅས་པར་མངོན་སུམ་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲ་ན་པ་དང་བིས་བཞིན་དུ་སྟན་ལས་ལང་ས་ཏེ། རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ག་ལ་བ་དེར་སོང་ནས་ན་པ་དང ། རངས་བྲེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་འདུ་ཤིས་མེད་འདུ་ཤེས་མེད་མིན་སྐྱེ་མཚེད་ཀྱི་ལམ་ལས་གོང་ན་གཞན་འགའ་ཞིག་ཡོད་ད་མ། དེས་སྨྲས་པ། མེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལྷག་སྤྱོད་འབའ་ཞིག་ལ་དཔ་ཡོད་པ་དང ། བརྩོན་འགྲུས་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཡོད་པ་མ་ཡིན་གྱི། བདག་ལ་ཡང་དད་པ་དང ། བརྩོན་འགྲུས་དང ། དྲ་ན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཡོད་དོ་སྙམ་མ་མོ།། དེ་ནས་བྱང་ཆུབ་སེམས་དཔས་རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་གང་དུ་ངེས་པར་བྱུང་བའི་ཆོས་དེ་ཁོ་བོས་ཀྱང་ཁོང་དུ་ཆུད་དོ། །དེས་སྨྲས་པ ། དེ་བས་ན་འདོང་ཁྱོད་དང་ཁོ་བོས་ཚོགས་འདི་ད\ུf་དག་ལ་
46-292
རྗེས་སུ་བསླབ་བོ་ཞེས་བྱང་ཆུབ་སེམས་དཔའ་དོན་འཐུན་པ་དང ། སློབ་དཔོན་གྱི་གནས་སུ་བཞག་ག་གོ། །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་ལམ་འདི་ནི་ཡིད་འབྱུང་བར་འགྱུར་བ་མ་ཡིན ། འདོད་ཆགས་དང་བྲལ་བར་འགྱུར་བ་མ་ཡིན ། འགོག་པར་འགྱུར་བ་མ་ཡིན། ཉརེ་བར་ཞི་བར་འགྱུར་བ་མ་ཡིན། མངོན་པར་ཤེས་པར་འགྱུར་བ་མ་ཡིན། རྫོགས་པར་བྱང་ཆུབ་པར་འགྱུར་བ་མ་ཡིན། དགེ་སྤྱོང་ཉིད་དུ་འགྱུར་བ་མ་ཡིན། མྱ་ངན་ལས་འདས་པར་འགྱུར་བ་མ་ཡིན་ན་ནོ། །དགེ་བློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལྷག་སྤྱོད་སློབ་མ་དང་བ་ཅས་པ་འདུན་པར་བྱས་ནས། དེ་ཙམ་གྱིས་ཆོག་གོ་ཞེས་བྱ་བ་ནས་ཆོག་པར་བྱས་ཏེ་སོང་བའི་བར་དུའོ། །དེའི་ཚེ་ལྔ་སྡེ་བཟང་པོ་རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ལས་ཚང་ས་པར་སྤྱད་པ་སྤྱོད་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདིའི་གྱིར་ཡུན་རིང་པོར་བ་ཙལ་ཅིང་བརྩོན་པར་བྱས་ཀྱང་མཐའ་དང་མྱུ་ཁོང་དུ་ཆུད་པར་མ་ནུས་ཀྱི། དགེ་སྤྱོང་རྒཽཾ་ཏ་མས་ཚེགས་ཆུང་ངུས་ཁོང་དུ་ཆུད་ཅིང་མངོན་དུ་བྱས་ལ་དེ་དེ་ཡང་མི་འདོད་ཅིང ། དེ་ལས་གོང་དུ་ཚོལ་བ་ལས་ཐེ་ཚོམ་མེད་པར་དེ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་རོ། །གང་དེས་མངོན་དུ་བྲེད་པར་འགྱུར་བ་དེ་བདག་ཅག་ལ་ཡང་འགེད་པར་འགྱུར་རོ་སྙམ་མོ། །དེ་ལྟར་དབྱད་ནས་ལྔ་སྡེ་བཟང་པོས་རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་ནས་དོང་སྟེ། བྱང་ཆུབ་སེམས་དཔའི་གྱི་བཞིན་འབྲང་ངོ ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་རྒྱལ་པོའི་ཁབ་ཏུ་གནས་ནས་ལྔ་སྣེ་བཟང་པོ་དང་ལྷན་ཅིག་ཏུ་ཡུལ་མ་ག་དྒྷར་ཡུལ་རྒྱུ་ཞིང་སོང་སོང་ངོ ། །ཡང་དེའི་ཚེ་རྒྱལ་པོའི་ཁབ་དང ། རི་ག་ཡའི་བར་ན་ཚོགས་གཞན་དག་ཅིག་དུས་སྟོན་བྱེད་དེ། ཚོགས་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལྔ་སྡེ་བཟང་པོ་དང་ལྷན་
46-293
ཅིག་ཏུ་གནས་པར་བྱ་བ་དང ། ཟས་ལ་འགྲོ་ན་དུ་བོས་སོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་མ་ག་དྷཱར་ཡུལ་རྒྱུ་ཞིང་ཡུལ་མ་ག་ཎྜའི་རི་ག་ཡུ་ག་ལ་བ་དེར་སོང་སྟེ། དེར་ན་པར་གྱུར་ཏོ། །རི་ག་ཡུའི་རྩེ་མོ་དེར་བྱང་ཆུབ་སེམས་དཔས་སྤོང་བའི་ཕྱིར་གནས་ཏེ། དེ་དེར་གནས་པའི་ཚེ། སྔོན་མ་ཐོས་པ་དང ། སྔོན་མི་ཤེས་པའི་དཔེ་གསུམ་མངོན་དུ་གྱུར་ཏོ། །གསུམ་གང་ཞེ་ན། དགེ་སྤྱོང་དང་བྲམ་ཟེ་གང་ལ་ལ་འདོད་པ་དག་ལས་ལུས་དཔོན་པར་མི་གནས་འདོད་པ་དག་ལས་སེམས་དབེན་པར་མི་གནས་ཤིང ། དེ་དག་གི་འདོད་པ་ལ་དགའ་བ་དང ། འདོད་པ་ལ་ཆགས་པ་དང ། འདོད་པ་ལ་འདུན་པ་དང ། འདོད་པ་ལ་བརྐམ་པ་དང ། འདོད་པ་ལ་ཡོངས་སུ་གདུང་བ་དང ། འདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉ?[༄\ུf]་བར་ཞི་བ་མ་ཡིན་ལ། དེ་དག་བདག་ཉིད་ཀྱིས་གནོད་པ་བྲེད་ཅིང་ལུས་ལ་གདུང་བར་བྲེད་པས། སྡུག་བསྔལ་གྱི་ཚོར་བ་དྲ་ག་པོ་མི་བཟད་པ་ཚ་བ་མོང་སྟེ། འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྲེད་མི་ནུས་སོ། ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་མེ་འདོད་ལ་ཤིང་རློན་པའི་གཚྱ[༄\ུf]བ་སྟན་དང ། ཤིང་རློན་པའི་གརྩུབ་ཤིང་ཐོགས་ལ་ཆུར་བཅུག་སྟེ་གརྩུབས་ན་དེས་མེ་ན་པར་མི་ནུས་སོ། །དེ་བཞིན་དུ་དགེ་སྤྱོང་དང ། བྲམ་ཟེ་དེ་དག་འདོད་པ་རྣམས་ལས་ལུས་ད་ཐེན་པར་མི་གནས་འདོད་པ་རྣམས་ལས་སེམས་དབེན་པར་མི་གནས་ཏེ། དེ་དག་གི་འདོད་པ་ལ་དགའ་བ་དང ། འདོད་པ་ལ་སྲེད་པ་དང ། འདོད་པ་ལ་འདུན་པ་དང ། འདོད་པ་ལ་བརྐམ་པ་དང ། འདོད་པ་ལ་ཡོངས་སུ་གདུང་བ་དང ། འདོད་པ་ལ་བརྒྱལ་བ་དང ། འདོད་པ་ལ་ཞེན་པ་གང་ཡིན་པ་དེ་ནི་ཉེ་བར་ཞི་བ་མ་ཡིན་གྱི། དེ་དག་བདག་
46-294
ཉིད་ཀྱིས་གནོད་པར་བྲེད་ཅིང ། ལུས་ལ་གདུང་བར་བྲེད་པས། སྡུག་བསྔལ་གྱི་ཚོར་བ་དྲ་ག་པོ་མི་བཟད་པ་ཚ་བ་མོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྲེད་མི་ནུས་སོ་སྙམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལ་དཔ་མངོན་དུ་གྱུར་པ་དང་པོའོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། གང་དགེ་སྤྱོང་དང ། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཀྱང ། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་མེ་ཚོལ་བ་ཞེས་བྱ་བའི་བར་དུ་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། དེས་ཤིང་རློན་པའི་གཙུབ་སྟན་ཐོགས་ལ་ཐང་ལ་བཞག་སྟེ། ཤིང་རློན་པའི་གརྩུབ་ཤིང་གིས་གཙུབས་ན་དེས་མེ་གྱིན་པར་མི་ནུས་སོ། །དེ་བཞིན་དུ་གང་དགེ་སྤྱོང་དང་བྲམ་ཟི་འདི་དག་ཅེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། མིའི་ཚོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་མི་ནུས་སོ་སྙམ་སྟེ ། འདི་ནི་སྔོན་མ་ཐོས་ཤིང་མི་ཤེས་པའི་དཔེ་མངོན་དུ་གྱུར་པ་གཉིས་པའོ། །གཞན་ཡང་གང་དགེ་སྤྱོང་དང ། བྲམ་ཟེ་འདི་དག་འདོད་པ་རྣམས་ལས་ལུས་དང་སེམས་དབེན་པར་གནས་ཤིང ། དེ་དག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་སྦྱར་ཏེ་དེ་དག་གི་དེ་ནི་ཉེ་བར་ཞི་བ་ཡིན་ཏེ། དེ་དག་བདག་ཉིད་ཀྱིས་གནོད་པ་བྲེད་ཅིང་ལུས་ལ་གདུང་བར་བྲེད་པས་སྡུག་བསྔལ་གྱི་ཚོར་བ་དྲ་ག་པོ་མི་བཟད་པ་མོང་མོད་ཀྱི་འོན་ཀྱང་དེ་དག་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤིས་མངོན་དུ་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས ། ། འདི་ལྟ་སྟེ་དཔེར་ན་སྐྱེ་བུ་ཞིག་མེ་འདོད་ཅིང་འོད་འདོད་པ་དང ། འོད་ཚོལ་བར་གྱུར་ལ། དེས་ཤིང་སྐམ་པོའི་གརྩུབ་སྟན་དང ། གརྩུབ་ཤིང་ཐོགས་ཤིང་
46-295
ཐང་ལ་བཞག་སྟེ་གརྩུབས་ན ། དེས་མེ་དབྱུང་བ་དང་འོད་འབར་བར་བར་བྲེད་ནུས ། །དེ་བཞིན་དུ་གང་དགེ་སྤྱོང་དང་བྲམ་ཟེ་འདི་དག་ཅེས་བྱ་བ་ནས། ཚོར་བ་མོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འོན་ཀྱང་དེ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ་སྙམ་སྟེ། འདི་ནི་སྔོན་མ་ཐོས་ཤིང་སྔོན་མི་ཤེས་པའི་དཔེ་གསུམ་པའོ། ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་ད་ལྟར་འདོད་པ་རྣམས་ལས་ལུས་དབེན་པར་ག་ནས། འདོད་པ་རྣམས་ལས་སེམས་དབེན་པར་གནས་ལ། བདག་གི་འདོད་པ་ལ་དགའ་བ་ཞེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་ཏེ། བདག་གི་དེ་ཡང་ཉེ་བར་ཞི་བ་ཡིན་ལ་བདག་ཉིད་ཀྱིས་གནོད་པར་བྱས་ཤིང་ལུས་ལ་གདུང་བར་བྲེད་པས་སྡུག་བསྔལ་ཞེས་བྱ་བ་ནས་ཚོར་བ་མོང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། འོན་ཀྱང་བདག་མིའི་ཚོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་བྱ་བར་ནུས་སོ་སྙམ་མ་མོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཇི་སྲིད་དགའ་བའི་བར་དུ་གཡུའི་རིར་ག་ཡུའི་རྩེ་མོ་ལ་གནས་ཏེ། རྐང་གིས་ཡུལ་རྒྱུ་ཞིང་སྡེ་དཔོན་གྱི་གྲོང་ལྟེང་རྒྱས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། དེ་ན་ཀླུང་ནཻུ་རན་ཛ་ན་ཆུ་གསལ་བ་འབབ་སྟེགས་བདེ་བ། ཤིང་དང་ཤིང་གེལ་པ་མཇེས་པ་དག་གིས་བརྒྱན་པ་ཉེ་འཁོར་ན་སྤྱོད་ཡུལ་གྱི་གྲོང་ཡོད་པ་མཐོང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཡིད་ཤིན་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། ཨེ་མའོ་ས་བྱོགས་འདི་ནི་མཉམ་ཤིང་ཉམས་དགའ་བ། ནང་དུ་ཡང་དག་འཇོག་དང་འཐུན་པ་སྟེ། རིགས་ཀྱི་བུ་སྤོང་བ་དོན་དུ་གཉེར་བ་ལ་ནི་འདིས་ཆོག་གོ། །བདག་ཀྱང་སྤོང་བ་དོན་དུ་གཉེར་བཡིན་གྱིས་བདག་འདི་
46-296
ཉིད་དུ་གནས་པར་བྱའོ་སྙམ་མོ། །དགི་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་ནི་འཛམ་བུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབ་ཅིང་སེམས་ཅན་རྣམས་དམན་པ་ལ་མོས་པ་དང ། མྱུ་སྟེགས་ཅན་གྱི་སྡེས་གང་བ་དང ། ལྟ་བ་སྣ་ཚོགས་ལ་ཞུགུས་པ་དང ། ལུས་ལ་རིལ་པོར་འཛིན་པ་ལ་ཞེན་པའི་ཚེ་འོང་ས་ཏེ། བླུན་པོ་དག་གདུང་བས་ཡོངས་སུ་གདུང་བ་རྣམ་པ་སྣ་ཚོགས་ཀྱིས་དག་པ་ཚོལ་ཞིང་སྟོན་པ་འདི་ལྟ་སྟེ། སྔགས་སྤྱོད་པ་དང་ལག་པ་ལ་ལྡག་པ་དང ། མི་སློང་བ་དང ། མི་སྨྲ་བ་དང ། རྩ་བ་དུ་མ་ཟ་བ་དང ། ཤ་དང་ཉ་མི་ཟ་བ་དང ། དབྱར་མི་འབྱུང་བ་དང ། ཆང་དང ། ཕུབ་མ་དང ། ཆུ་ཡོངས་སུ་སྤང་ས་པ་དང ། ཁྱིམ་གཅིག་དང ། གསུམ་དང ། ལྔ་དང་བདུན་ནས་ཟས་ལེན་པ་དང ། རྩ་བ་དང ། འབྲས་བུ་དང ། ཉ་ལྕིབས་དང ། ཙོ་ཀུ་ཤ་དང ། ལོ་མ་དང ། བ་ལང་གི་ལྕི་བ་དང ། བའི་གཅིན་དང ། འོ་ཐུག་དང ། ཞོ་དང ། མར་དང ། བུ་རམ་དང ། མ་བརྟགས་པ་ཟ་ཞིང་འཐུང་བ་དང ། བྱ་ང་ང་པ་དང ། ཕུག་རོན་གྱིས་ཟོས་ཏེ་བོར་བ་བཀྲུས་ཏེ་ཟ་བ་དང ། གྲོང་དང་དགོན་པས་འཚོ་བ་དང ། བ་ལང་གི་བརྟུལ་ཞུགས་དང ། རི་དགས་དང ། ཁྱི་དང ། ཕག་དང ། སྤྲེའུ་དང ། གླང་པོ་ཆེའི་བརྟུལ་ཞུགས་དང ། འགེང་བ་དང ། མི་སྨྲ་བ་དང ། དཔའ་བོའི་ཚུལ་དུ་འདུག་པ་དང ། ཁམ་གཅིག་ཟ་བ་དང ། ཁམ་བདུན་གྱི་བར་དུ་ཟ་བ་དང ། ཟས་ལན་གཅིག་ཟ་བ་དང ། ཉིན་ཞག་གཅིགཟ་བ་དང ། བཞི་དང་ལྔ་དང་དྲུག་གི་སྐབས་སྐབས་སུ་ཟ་བ་དང ། ཟླ་བ་ཕྱེད་དང ། བླ་བ་གཅིག་ཟ་བར་བྲེད་པ་དང ། ཟླ་བ་ལ་ལྟ་བ་དང ། བྱ་གོད་དང ། འུག་པའི་གཤོག་པ་ཐོགས་པ་དང ། ཤིང་ལེབ་དང ། རྩ་མུན་ཛ་དང ། ཟར་མའི་ཤུན་པ་
46-297
དང ། ཙོཕྱུར་བ་དང ། གྲིས་མ་དང ། རྔ་བལ་གྱི་ལ་བ་དང ། ར་བལ་གྱི་ལ་བ་དང ། སྐྲའི་ལ་བ་དང ། ཀོ་པགས་རྒྱོན་པ་དང ། གོས་གཤེར་བ་དང ། སྟེགས་བུའི་སྟེང་དང ། ཆུའི་ནང་ན་ཉལ་བ་དང ། ཐལ་བ་དང ། རྡོ་དང ། རྒྱོ་མོ་དང ། ཤིང་ལེབ་དང ། ཚེར་མ་དང ། རྩུ་དང ། གཏུན་ཤིང་གི་སྟེང་དུ་ཉལ་བ་དང ། མགོ་ཐུར་དུ་བསྟན་པ་དང ། ཙོག་ཙོག་པོར་འདུག་པ་དང ། ཐང་ལ་ཉལ་བ་དང ། གོས་གཅིག་དང ། གོས་གཉིས་དང ། གསུམ་དང་བཞི་དང ། ལྔ་དང ། དྲུག་དང ། བདུན་དང ། གོས་མང་པོ་ས?[༄\ུf]ལ་བ་དང ། གཅེར་བུར་འདུག་པ་དང ། འཁྲུ་བ་དང ། མི་འཁྲུ་བའི་ཆོ་ག་ཅན་དང ། སྐྲ་དང ། སེན་མོ་དང ། ག་ཙོམ་རིང་པོར་འཇོག་པ་དང ། རལ་པའི་ཐོར་ཚུགས་འཆང་བ་དང ། རྒྱ་ཤུག་དང ། ཏིལ་དང ། འབྲས་འཔུ?་གཅིག་ཟ་བ་དང ། ཐལ་བ་དང ། སྣག་ཙ་དང ། མེ་ཏོག་སྤྱད་སྤྱད་པ་དང་རྡུལ་འཐུལ་བ་དང ། རྡུལ་ནག་པོ་དང ། ཕྱག་དྲ་དང ། རྗབ་ཀྱིས་ལུས་ལ་སྐུད་པ་དང ། བ་སྤུ་དང ། མིའི་ཐོད་པ་དང ། སྐྲ་དང ། སེན་མོ་དང ། ཚལ་བུའི་སྨད་གཡོགས་དང ། རྗབ་དང ། ཀེང་རུས་ཐོགས་པ་དང ། ཆུ་དོན་པོ་དང ། འབྲས་ཀྱི་ཁུ་བ་ལ་བར་བ་ཙགས་པ་དང ། ཁྲུད་མ་འཐུང་བ་དང ། མདག་མ་དང ། ཚོན་སྩི་དང ། གོས་ངུར་སྨྲིག་དང ། ཁར་བ་གསུམ་དང ། མགོ་འདྲཝ[༄\ུf༄]ག་པ་དང ། རིལ་བ་དང ། མིའི་ཐོད་པ་དང ། ཁྲིའི་ཟུར་ཤིང་འཆང་བས་བླུན་པོ་རྣམས་དག་པར་ཁོང་དུ་ཆུད་དོ། །དུ་བ་ཇུབ་པ་དང ། མེ་ཇུབ་པ་དང ། ཉི་མ་ལ་ལྟ་བ་དང ། གདུང་བ་ལྔ་བྲེད་པ་དང ། རྐང་པ་གཅིག་དང ། ལག་པ་གཅིག་བསྟོད་པ་དང ། རྐང་པ་གཅིག་བརྩུགས་པ་དང ། གནས་གཅིག་ན་འདུག་པས་དཀའ་ཐུབ་ལ་སོགས་པ་དང ། ཕུབ་མ་
46-298
ལ་སོགས་པ་དང ། མདག་མ་བསྲེགས་པ་དང ། བུམ་པ་བསྲེགས་པ་དང ། རྡོ་བསྲེགས་པ་དང ། མེ་འབར་བར་འཇུག་པ་དང ། ཟས་མི་ཟ་བ་དང ། མྱ་ངན་དང ། འབབ་སྟེགས་སུ་སོང་སྟེ་ཤི་བས་སྡུག་པའི་འགྲོ་བ་ཚོལ་ལོ། །རབ་བསྔགས་ཞེས་བྱ་བ་དང ། གཞི་མི་འགྲིབ་པ་ཞེས་བྱ་བ་དང ། གཞི་སྲུང་ཞེས་བྱ་བ་དང ། གཞི་ཚུགས་ཞེས་བྱ་བ་དང ། སྨོན་ལམ་དང ། བསྟོད་པ་དང ། སྤྱིན་སྲེག་དང ། དབབ་པ་དང ། སྔགས་ཀྱི་བཟླས་བརྗོད་དང ། ཀླག་པ་འཛིན་ཅིང་བྲེད་པས་དག་པར་ཁོང་དུ་ཆུད་དོ། །བདག་དག་པར་སེམས་ཤིང་དེ་དག་ལ་རྟེན་ཏེ། འདི་ལྟ་སྟེ་ཚང་ས་པ་དང ། དབང་པོ་དང ། གུ་ལང་དང ། ཁྱབ་འཇུག་དང ། ལྷ་མོ་དང ། གཞོན་ནུ་དང ། མ་མོ་དང ། ཀ་རྒྱའི་བུ་དང ། ཟླ་བ་དང ། ཉི་མ་དང ། རྣམ་ཐོས་ཀྱི་བུ་དང ། ཆུ་ལྷ་དང ། ནོར་ཅན་གྱི་བུ་དང ། ཐ་སྐར་གྱི་བུ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲིན་པོ་དང ། འབྱུང་པོ་དང ། གྲུལ་བུམ་དང ། ཡི་དགས་དང ། འཁོར་དང ། ཚོགས་དང ། མཚུན་དང ། ཤ་ཟ་དང ། ལྷའི་དྲང་སྲོང་དང ། རྒྱལ་པོའི་དྲང་སྲོང་དང ། ཚང་ས་པའི་དྲང་སྲོང་དག་ལ་ཕྱག་འཚལ་ཞིང་དེ་དག་ལ་སྙིང་པོར་འདུ་ཤེས་སོ། །ས་དང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའ་ལ་ཡང་རྟེན ། རི་དང ། རི་སུལ་དང ། ཀླུང་དང ། ཆུ་མིག་དང ། མཚོ་དང ། མཚེའུ་དང ། རྫིང་དང ། རྒྱ་མཚོ་དང ། ལྟེང་ཀ་དང ། ཁྲོན་པ་དང ། རྫིང་བུ་དང ། ཤིང་དང ། ཤིང་གེལ་པ་དང ། འཁྲི་ཤིང་དང ། རྩཝ་དང ། སྣོང་དུམ་དང ། ལྷས་དང ། དུར་ཁྲོད་དང ། བཞི་མདོ་དང ། སུམ་མདོ་དང ། སྲང་དག་ལ་ཡང་རྟེན་ཏོ། །ཁང་པ་དང །
46-299
ཀ་བ་དང ། རྡོ་བ་དང ། ཐོ་བ་དང ། ར་ལ་གྲི་དང ། གཞུ་དང ། དགྲ་སྟ་དང ། མད་འ་དང ། མདུང་ཐུང་དང ། རྩེ་གསུམ་པ་དག་ལའང་ཕྱག་འཚལ་ལ་ལོ། །ཞོ་དང ། མར་དང ། ཡུང་ས་ཀར་དང ། ནས་དང ། ཤིང་བལ་གྱི་ཕྲེང་བ་དང ། ཙོ་རུར་བ་དང ། ནོར་བུ་དང ། གསེར་དང ། དངུལ་ལ་སོགས་པ་ལ་བཀྲ་ཤིས་པར་འཛིན་ཏེ། གཞན་མྱུ་སྟེགས་ཅན་འདི་དག་འཁོར་བས་འཇིགས་སྐྲག་ནས་རྣམ་པ་དེ་ལྟ་བུ་དག་བྲེད་ཅིང་རྟན་ཏོ། །འདི་ན་ཁ་ཅིག་བདག་ཅག་གི་མཐོ་རིས་དང་ཐར་པ་ཡང་འདི་ལྟ་བུ་དག་ལས་འགྲུབ་པོ་སྙམ་དུ་སེམས་ཏེ། དེ་ལྟར་ལོག་པའི་ལམ་དུ་སོང་བས་སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་ཤིང ། བཀྲ་ཤིས་མ་ཡིན་པ་ལ་བཀྲ་ཤིས་པར་འདུ་ཤེས་ལ། དག་པ་མ་ཡིན་པ་ལ་དག་པར་སེམས་ཀྱིས་བདག་གིས་ཅི་ནས་ཀྱང་ཕས་ཀྱི་གོལ་བ་ཐམས་ཅད་ཚར་བཅད་པར་འགྱུར་བ་དང ། སེམས་ཅན་ལས་དང་བྱ་བ་ཆུད་ཟོས་པ་རྣམས་ཀྱི་ལས་དང་བྱ་བ་ཆུད་མི་ཟ་བ་བསྟན་པར་བྱ་བ་དང ། གཟུགས་ན་སྤྱོད་པའི་ལྷ་བསམ་གཏན་སྤྱོད་ཡུལ་པ་རྣམས་ལ་བསམ་གཏན་གྱི་ཁྱད་པར་བསྟན་པས་འདུན་པར་བྲེད་པ་དེ་ལྟ་བུའི་བརྟུལ་ཞུགས་དང ། དཀའ་ཐུབ་ཀྱི་ཁྱད་པར་བརྩམ་མོ་སྙམ་མ་མོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་དེ་སྙམ་དུ་བསམས་ནས་ལོ་དྲུག་ཏུ་བརྟུལ་ཞུགས་དང་དཀའ་ཐུབ་ཤིན་ཏུ་དྲ་ག་པོ་ཤིན་ཏུ་སྤྱད་པར་དཀའ་བ། ཤིན་ཏུ་བྱ་བར་དཀའ་བའི་དཀའ་བ་སྤྱད་པར་བརྩམས་ས་སོ། ། ཅིའི་གྱིར་དཀའ་བ་སྤྱད་པ་ཞེས་བྱ་ཞེ་ན། དེ་ནི་སྤྱད་པར་དཀའ་བ་སྟེ། དེ་བས་ན་དཀའ་བ་སྤྱད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་གང་བསམ་གཏན་མཁའ་ཁྱབ་ལ་སྟོམས་པར་ཞུགས་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན་མིའམ་མི་མ་ཡིན་པ་སུས་ཀྱང་དཀའ་བ་སྤྱད་པ་དེ་ལྟ་བུ་སྤྱོད་པར་ནུས་
46-300
པ་མེད་དོ། ། ཅིའི་གྱིར་མཁའ་ཁྱབ་ཅེས་བྱ་ཞེ་ན། དེ་དང་པོ་ཉིད་དུ་བསམ་གཏན་བཞི་པ་ལ་སྟོམས་པར་འཇུག་པའི་ཚེ། དབུགས་གྱི་ནང་དུ་རྒྱུ་བ་ཉེ་བར་འགོག་ཀུན་ཏུ་འགོག་སྟེ། བསམ་གཏན་དེ་ནི་རྟོག་པ་མེད ། རྣམ་པར་རྟོག་པ་མེད ། གཡོ་བ་མེད། སེམས་པ་མེད ། འགྱུར་བ་མེད་ཅིང་ཐམས་ཅད་དུ་རྗེས་སུ་སོང་བ། ཐམས་ཅད་ལ་མི་རྟེན་པ་སྟེ། བསམ་གཏན་དེ་ལ་སྔོན་སློབ་པའམ། མི་སློབ་པའམ། རང་སངས་རྒྱས་སམ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སུས་ཀྱང་སྟོམས་པར་མ་ཞུགས་སོ། །མཁའ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ཁྱབ་པར་མི་བྲེད་པབྲེད་པ་མེད་པ། རྣམ་པར་མི་འཐོར་བ་སྟེ། དེས་ཐམས་ཅད་ཁྱབ་པར་བྲེད་པས་ན། བསམ་གཏན་དེ་ནམ་མཁའ་དང་མཉམ་པ་སྟེ། དེ་བས་ན་མཁའ་ཁྱབ་ཅེས་བྱའོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་པ་རྣམས་ལ་ངོ་མཚར་ཡང་དག་པར་བསྟན་པར་བྱ་བ་དང ། མྱུ་སྟེགས་ཅན་རྣམས་ཀྱི་རྒྱགས་པ་གཞིལ་བ་དང ། ཕས་ཀྱི་གོལ་བ་རྣམས་ཚར་གཅོད་པ་དང ། ལྷ་རྣམས་འདུན་པར་བྱ་བ་དང ། སེམས་ཅན་ཆད་པ་དང ། རྟག་པར་སྨྲ་བ ། ལས་དང་བྱ་བ་ཆུད་ཟོས་པ་རྣམས་ལས་དང་བྱ་བ་ལ་གཟུད་པ་དང ། བསོད་ནམས་ཀྱི་འབྲས་བུ་བརྗོད་པ་དང ། ཡེ་ཤེས་ཀྱི་འབྲས་བུ་ཡང་དག་པར་བསྟན་པ་དང ། བསམ་གཏན་གྱི་ཡན་ལག་རྣམ་པར་དབྲེ་བ་དང ། ལུས་ཀྱི་སྟོབས་དང ། མཐུ་ཡང་དག་པར་བསྟན་པ་དང ། སེམས་ཀྱི་དཔའ་བ་ཡང་དག་པར་བསྐྱེད་པའི་གྱིར། བྱི་དོར་མ་བྱས་པའི་ས་ཐ་མལ་པ་ལ་སྐྱིལ་མོ་ཀྲུང་བ་ཅས་ཏེ་འདུག་གོ། །འདུག་ནས་རང་གི་ལུས་སེམས་ཀྱིས་ཚར་བ་ཅད་ཅིང་གཟིར་ཏོ། །དགེ་བློ་ང་དག་དེ་ནས་ང་དགུན་གྱི་ཚེས་བརྒྱད་པའི་ནུབ་མོ་དེ་ལྟར་ལུས་ཚར་བ་ཅད་ཅིང་གཟིར་བས། མཆན་ཁུང་ནས་ཀྱང་ཇུལ་བྱུང་སྟེ་ཟགས། དཔྲལ་
46-301
བ་ནས་ཀྱང་རྔུལ་བྱུང་སྟེ་ཟགས་ནས་ས་ལ་ལྷུང་སྟེ་ཟིལ་པར་ཆགས་ནས་དྲོ་ཞིང་རླང་ས་པ་བྱུང་ངོ ། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་སྐྱེས་བུ་ཤིན་ཏུ་ཉམ་ཆུང་བ་ཞིག་མགྲིན་པ་ནས་བཟུང་སྟེ་བཅིར་བ་དེ་བཞིན་དུ་ད་ཀེ་སློང་དག་ལུས་འདི་སེམས་ཀྱིས་ཚར་བ་ཅད་ཅིང་གཟིར་ན་མཆན་ཁུང་ནས་ཀྱང་ཇུལ་བྱུང་ཞིང་ཟགས། དབྲལ་བ་ནས་ཀྱང་ཇུལ་བྱུང་ཞིང་ཟགས་ནས་ས་ལ་ལྷུང་སྟེ། ཟིལ་པར་ཆགས་ནས་དྲོ་ཞིང་རླང་ས་པ་བྱུང་ངོ ། །དགེ་སློང་དག་དེ་ནས་ངས་འདི་སྙམ་དུ་སེམས་ཏེ ། བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ངས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱས་པ་དང ། ཁ་དང་སྣ་ནས་དབུགས་གྱི་ནང་དུ་རྒྱུ་བ་འགགས་པར་གྱུར་ཏེ ། རྣ་བའི་བུ་ག་གཉིས་ནས་སྒྲ་དྲ་ག་པོ་ཆེན་པོ་བྱུང་ང་ངོ ། །འདི་ལྟ་སྟེ་དཔེར་ན། སྦུད་པ་བུས་པའི་ཚེ་སྒྲ་དྲ་ག་པོ་དང ། སྒྲ་ཆེན་པོ་བྱུང་བ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་ནས་དབུགས་གྱི་ནང་དུ་རྒྱུ་བ་འགགས་པར་གྱུར་པ་དང ། རྣ་བའི་བུ་ག་གཉིས་ནས་སྒྲ་དྲ་ག་པོ་དང ། སྒྲ་ཆེན་པོ་བྱུང་ངོ ། ། དགེ་སློང་དག་དེ་ནས་ངས་འདི་སྙམ་དུ་བསམས་ཏེ་ཡང་བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་པ་དང ། དེ་ནས་ངའི་ཁ་དང་སྣ་དང་རྣ་བ་འགགས་པར་གྱུར་ཏོ། །དེ་དག་འགགས་པ་དང ། རླུང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་གིས་མདུང་ཐུང་རྟུལ་པོས་མགོའི་ཐོད་པ་ལ་བཏབ་པ་དེ་བཞིན་དུ་དགེ་སློང་དག་ཁ་དང་སྣ་དང་རྣ་བའི་དབུགས་གྱི་ནང་དུ་རྒྱུ་བ་འགགས་པ་དང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དེར་ལྷའི་བུ་གཅིག་གིས་བྱང་ཆུབ་སེམས་དཔའ་ན་བ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། ། རྒྱེ་མའོ་ཀྱི་ཧུད་
46-302
གཞོན་ནུ་དོན་གྲུབ་འདི་འཆི་བའི་དུས་བྱས་སོ། །གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། །འདི་འཆི་བའི་དུས་བྱས་པ་མ་ཡིན་གྱི་དགྲ་བཅོམ་པ་བསམ་གཏན་ལ་གནས་པ་རྣམས་ཀྱི་ཚུལ་ནི་དེ་ལྟ་བུའོ་ཞེས་སྨྲས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས ། །མི་ཡི་དབང་པོ་ཤཱཀྱའི་ས?ས་པོ་འདི། །བརྣག་པ་མ་རྫོགས་དོན་ཀྱང་མ་མཛད་ཅི་ང ། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་དགོན་འདིར་གྲོང་ས་པར་མི་འགྱུར་གྱུར་གྲང ། །ཀྱི་ཧུད་སེམས་ཅན་སྙིང་པོ་ཐུགས་དམ་བརྟན། །མགོན་པོས་སྔན་ཆད་བདག་ཅག་དགའ་ལྡན་དུ། །དམ་ཆོས་མཆོད་སྤྱིན་ལ་ནི་འགྲོན་དུ་བོས། ། སེམས་ཅན་དག་ཁྱོད་དམ་བ་ཅས་དེ་ག་རེ། །དེ་ནས་ལྷ་དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སོང་སྟེ་ལྷ་མོ་སྒྱུ་འཕྲུལ་ལ་གཞོན་ནུ་ནི་འཆི་བའི་དུས་བྱས་སོ་ཞེས་དོན་དེ་བརྗོད་དོ། །དེ་ནས་ལྷ་མོ་སྒྱུ་འཇུལ་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ནས། ནམ་བྲེ་ད་ཙམ་ན་ཀླུང་རྣཻ་རན་ཛ་ནའི་འགྲམ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་བ་དང ། དེས་བྱང་ཆུབ་སེམས་དཔའ་ལུས་སྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ ། །མཐོང་ནས་མཆི་མས་བརྣང་ས་ཤིང་ངུས་ནས། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས ། །ལུམ་པི་ནི་ཞེས་བྱ་བའི་ཚལ་དུ་ང་བུ་བསྟས་པའི་ཚེ། །སེང་གེ་བཞིན་དུ་འཛིན་པ་མེད་པར་གོམ་བདུན་ཁྱོད་ཉིད་སོང ། །བྱོགས་བཞིར་བལྟས་ཤིང་འདི་ནི་ང་ཡི་སྐྱེ་བ་ཐ་མ་ཞེས། །ཁྱོད་ཀྱིས་ཚིག་སྙན་སྨྲས་པ་དེ་ཡང་ཁྱོད་ལ་ཡོང་མ་རྫོགས། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་དྲང་སྲོང་ནག་པོས་བསྟན་པ་ཡི། །དེ་ཡི་ལུང་བསྟན་པ་ཡང་ཉམས་ལ་མི་རྟག་དེས་མ་མཐོང ། །ཁུས་ནི་ཡིད་དགའ་འཁོར་ལོས་སྐྱུར་བའི་དཔལ་ཡང་མ་མོང་ལ།། བྱང་ཆུབ་ཀྱང་ནི་རྗེས་སུ་མ་ཐོབ་ཚུལ་དུ་ཤི་བར་གྱུར། །བུ་གྱི་ར་སུ་ལ་བསྒྲུབ་
46-303
གྱིར་སྡུག་བསྔལ་སུ་ཡི་གན་དུ་མདུད ། །བདག་གི་བུ་གཅིག་རྩུང་ཟད་གསོན་པའི་སྲོག་ནི་སུ་ཡིས་སྤྱིན། །བྱང་ཆུབ་སེམས་དཔས་སྨྲས་པ། ཤིན་ཏུ་སྙིང་རྗེ་བར་ནི་ངུ་བྱེད་ཅིང ། །སྐྲ་ཡང་བཤིག་ལ་མཇེས་པ་རྣམས་བོར་བ། །ཤིན་ཏུ་བུ་ཡི་སྨྲེ་སྔགས་འདོན་བྲེད་ལ། །ས་སྟེང་འདུག་ཅིང་འགེང་བ་འདི་སུ་ཞིག་།ལྷ་མོ་སྐྱུ་འཟུལ་གྱིས་སྨྲས་པ། །བདག་གིས་ཟླ་བ་བཅུ་བར་དུ། །རྡོ་རྗེ་འདྲ་བ་མང་ལ་དུ་བ་ཅང་ས། །བུ་དེའི་མ་ནི་བདག་ཡིན་ཏེ། །རབ་ཏུ་སྡུག་བསྔལ་རྣམ་པར་སྨྲེ་།། དེ་ནས་བྱང་ཆུབ་སེམས་དཔའ་མའི་དབུགས་འབྱིན་ཅིང་སྨྲས་པ། བུ་ལ་བྱམས་པ་ཁྱོད་ཀྱི་ང་ལ་བ་འབྲས་བུ་ཡོད་པར་བྱས ། མ་འཇིགས་ཤིག་།སངས་རྒྱས་པར་བྱ་བའི་གྱིར་ཡོངས་སུ་བཏང་བ་ནི་དོན་ཡོད་པ་སྟེ། དྲང་སྲོང་ནག་པོས་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། །མར་མེ་མཛད་ཀྱིས་ལུང་བསྟན་པ་ཡང་མངོན་དུ་གསལ་བར་བྱའོ། །ས་ནི་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད ། ། རིན་ཆེན་རྩེ་མོ་ལྷུན་པོ་ཆུར་འབྱོ་སྲིད་།ཉི་ཟླ་སྐར་ཚོགས་ས་ལ་ལྟུང་འགྱུར་སྲིད ། །སོ་སོའི་སྐྱེ་བོ་ཡིན་ཡང་ང་མི་འཚི། །དེ་གྱིར་འདི་ལ་མྱ་ངན་ཁྱོད་མ་བྲེད ། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང ། །ལྷ་མོ་སྒྱུ་འཕྲུལ་གྱིས་ཐོས་མ་ཐག་ཏུརབ་ཏུ་དགའ་སྟེ་བ་སྦུ་གཡོས་ནས་བྱང་ཆུབ་སེམས་དཔའ་ལ་མེ་ཏོགམན་དྲ་ར་བས་གཏོར་ཏེ། ལན་གསུམ་བསྐོར་བ་བྱས་ནས། ལྷའི་སིལ་སྙན་དཀྲོལ་ཞིང ། རང་གི་གནས་ག་ལ་བ་དེར་སོང་ངོ ། དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། དགེ་སྤྱོང་དང་བྲམ་ཟི་གང་དག་ཁ་ཅིག་ཟས་ཆུང་ངུས་དག་པར་སེམས་པ་ཡོད་ཀྱིས། ངས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ཟས་སུ་རྒྱ་ཤུག་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པར་ཟས་སོ། །དགེ་སློང་དག་ཁྱེད་ཀྱི་བློ་འདི་སྙམ་དུ་
46-304
དེའི་ཚེའི་རྒྱ་ཤུག་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ་དེའི་ཚེའི་རྒྱ་ཤུག་ཀྱང་འདི་ཉིད་ཙམ་མོ། །དགེ་སློང་དག་ང་སཟས་སུ་རྒྱ་ཤུག་འཔུ?་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟས་པས་ལུས་ཤིན་ཏུ་ཉམ་ཆུང་ཞིང་རིད་པར་གྱུར་ཏོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང ། ཀ་ལི་ཀའི་ཚིགས་པ་ཅི་འདྲ་བར་ངའི་ཡན་ལག་དང་ཉིང་ལག་རྣམས་ཀྱང་དེ་འདྲ་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་སྲོག་ཆགས་ཀར་ཀ་ཏ་ཀའི་སྩིབ་ལོགས་ཅི་འདྲ་བར་ངའི་སྩིབ་ལོགས་ཀྱང་དེ་འདྲ་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་བཞོན་པའི་བྲེས་ཁང་ང་མ། གླང་པོའི་བྲེས་ཁང་རྙིང་པ་ངོས་གཉིས་ཞིགས་པ་ནི་གདུང་རྟེན་གྱི་བར་སྣང་ཞིང་མངོན་ནོ། །དེ་བཞིན་དུ་ངའི་སྩིབ་ལོགས་གཉིས་ཀ་ནས་ལུས་ཀྱི་ནང་སྣང་ཞིང་མངོན་ནོ། །འདི་ལྟ་སྟེ་དཔེར་ན་ལན་བུར་བླས་པ་ནི་མཐོན་དམན་དང་མཉམ་པ་དང་མི་མཉམ་པར་གྱུར་ཏོ། །དེ་བཞིན་དུ་ངའི་སྒལ་ཚིགས་ཀྱང་མཐོན་དམན་དང་མཉམ་པ་དང་མི་མཉམ་པར་གྱུར་ཏོ ། །འདི་ལྟ་སྟེ་དཔེར་ན་ཀུ་བ་ཁ་བོ་གཞོན་ནུར་བ་ཅད་པ་ནི་རྙིས་པ་དང ། ཀུན་ཏུ་རྙིས་པ་དང་རྩུ་མ་རྩུམ་པོར་འགྱུར་རོ། །དེ་བཞིན་དུ་ངའི་མགོ་ཡང་རྙིས་པ་དང་ཀུན་ཏུ་རྙིས་པ་དང་རྩུ་མ་རྩུམ་པོར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ་ཁྲོན་པའི་སྐར་མ་དམའ་བར་སོང་སྟེ་ཚེགས་ཆེན་པོས་སྣང་བར་འགྱུར་རོ། །དེ་བཞིན་དུ་ངའི་མིག་གི་འབྲས་བུ་ཡང་ཁུང་དུ་སོང་སྟེ་ཚེགས་ཆེན་པོས་སྣང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ངའི་རྐང་པའམ་རྔ་མོའི་རྐང་པ་ཅི་འདྲ་བར་ངའི་མཆན་ཁུང་དང་ལྟོ་དང་བྲང་ལ་སོགས་པ་ཡང་དེ་འདྲ་བར་གྱུར་ཏོ། །དགེ་སློང་དག་དེ་ནས་ང་གང་གི་ཚེ་ལག་པས་ལྟོ་བ་ལ་བྱུག་གོ་སྙམ་ན་སྒལ་ཚིགས་ཉིད་ལ་རེག་གོ། །ལྡང་ངོ་སྙམ་ནས་ལང་ས་ན་ཡང་དེ་བཞིན་དུ་སྦུར་པོར་གྱུར་ཏེ་འགྱིལ་
46-305
ཏོ། །ཤ་ཐང་སྟེ་ལང་ས་ནས་རྡུལ་གྱིས་ལུས་ཡོག་པ་ལག་པས་གྱིས་པ་དང ། བ་སྦུ་རུལ་བ་ཐམས་ཅད་ལུས་ལས་ལྷགས་སོ། །གང་སྔོན་ང་ཁ་དོག་མཇེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བས་མེད་པར་གྱུར་ཏོ། །ངའི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོཉེན་ཀོར་བ་རྣམས་ཀྱང་ང་ལ་འདི་ལྟར། ཨེ་མའོ་དགེ་སྤྱོང་རྒ་ཏ་མ་ནི་གནག་གོ། །ེ་མའོ་དགེ་སྤྱོང་རྒ་ཏ་མ་ནི་སྔོ་བསངས་སོ། །ེ་མའོ་དགེ་སྤྱོང་གོ་ཏ་མ་ནི་ཉ་མང་ཀུ་རའི་མདོག་འདྲ་འོ། །སྔོན་འདིའི་མདོག་མཇེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་སྙམ་དུ་ཤེས་སོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ་བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་འབྲས་འཔུ?་གཅིག་པུ་ཁོ་ན་སྟེ། གཉིས་སུ་མེད་པ་ཟོས་སོ། །དགེ་སློང་དག་ཁྱོད་འདི་སྙམ་དུ་དེའི་ཚེའི་འབྲས་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་འབྲས་ཀྱང་འདི་ཉིད་ཙམ་མོ། །དགེ་སློང་དག་ངས་ཟས་སུ་འབྲས་འཔུ?་གཅིག་ཟོས་པས་ལུས་མྱུར་དུ་སྔ་མ་བཞིན་དུ་གྱུར་ཏེ། ཨེ་མའོ་དགེ་སྤྱོང་གོ་ཏ་མ་ཉ་མ་ཉ་མང་ཀུ་རའི་མདོག་འདྲ་འོ། །སྔོན་འདིའི་མདོག་མ་ཛིས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ཉིད་ལ་ནན་ཏན་བྱའོསྙམ་མོ། ། དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་ཏིལ་འཔུ?་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟས་པ་ནས། དེའི་ཁ་དོག་འཇམ་པོ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ ། དགེ་སྤྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ཟས་མི་ཟ་བས་དག་པར་སེམས་ཏེ། བ་དག་གིས་ཀྱང་
46-306
ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བར་ནན་ཏན་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ཟས་མི་ཟ་བར་འདུག་གོ། །དགེ་སློང་དག་ངས་ཟས་མ་ཟོས་པས་ལུས་ཤིན་ཏུ་སྐམས་ཤིང་ཉམ་ཆུང་བ་དང་རིད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང ། ཀ་ཡི་ཀའི་ཚིགས་པ་བས་ཀྱང་ཉིས་འགྱུར་དང ། སུམ་འགྱུར་དང ། བཞི་འགྱུར་དང ། ལྔ་འགྱུར་དང ། བརྩུ་འགྱུར་གྱིས་ངའི་ཡན་ལག་དང ། ཉིང་ལག་སྐེམས་པར་གྱུར་ཏེ། འདི་ལྟ་སྟེ་སྩ[༄\ུf]བ་ལོགས་ནི་སྲོག་ཆགས་ཀར་ཀ་ཏ་ཀའི་སྩིབ་ལོགས་དང ། བཞོན་པའི་བྲེས་ཁང་ལྟ་བུར་གྱུར་ཏོ། །སྒལ་ཚིགས་ནི་ལན་བུ་བླས་པ་ལྟ་བུར་གྱུར་ཏོ།། མགོའི་ཐོད་པ་ནི་ཀུ་བ་ཁ་བོ་ལྟ་བུར་གྱུར་ཏོ། །མིག་གི་འབྲས་བུ་ནི་ཁྲོན་པའི་སྐར་མ་ལྟ་བུར་གྱུར་ཏོ། །དགེ་སློང་དག་ང་ལེགས་པར་ལྡང་ངོ་སྙམ་ནས་ལུས་ཀྱིས་བསྐྱོད་ན། སྐུར་པོར་གྱུར་ཏེ་འགྱིལ་ཏོ། །ཤ་ཐང་སྟེ་ལང་ས་ནས་རྡུལ་གྱིས་ལུས་ཡོག་པ། ལག་པས་གྱིསཔ་དང ། བ་སྦུ་རུལ་པ་ཐམས་ཅད་ལུས་ལས་ལྷགས་སོ། །གང་སྔོན་ང་ཁ་དོག་མཇེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བའི་གྱིར་མེད་པར་གྱུར་ཏོ། །ངའི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉརེན་ཀོར་བ་རྣམས་ཀྱང ། འདི་ལྟར་ཨེ་མའོ་དགེ་སྤྱོང་རྒ་ཏ་མ་ནི་གནག་གོ། །ེ་མའོ་དགེ་སྤྱོང་གོ་ཏ་མ་ནི་སྔོ་བསངས་སོ། ། ེ་མའོ་དགེ་སྤྱོང་གོ་ཏ་མ་ནི་ཉ་མང་ཀུ་རའི་མདོག་འདྲ་འོ། །སྔོན་འདིའི་ཁ་དོག་མཇེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་སྙམ་དུ་ཤེས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མ་ཡང་ཉིན་རེ་ཞིང་བྱང་ཆུབ་སེམས་དཔའི་དྲུང་དུ་ཕོ་ཉ་གཏོང་ངོ ། །དགེ་སློང་དག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་འཇིག་རྟེན་དུབྱ་བ་རྨད་དུ་བྱུང་བ་བསྟན་པ་དང ། བྱ་བ་ཉམས་པའི་སེམས་ཅན་
46-307
རྣམས་ལས་དང་བྱ་བ་ལ་གཟུད་པ་དང ། བསོད་ནམས་ཀྱི་ཚོགས་རྣམས་བརྗོད་པ་དང ། ཡེ་ཤིས་ཆེན་པོའི་ཡོན་ཏན་བསྟན་པ་དང ། བསམ་གཏན་གྱི་ཡན་ལག་རྣམས་རྣམ་པར་དབྲེ་བའི་གྱིར་ཏི་ལ་འཔུ?་གཅིག་དང ། རྒྱ་ཤུག་འཔུ?་གཅིག་དང ། འབྲས་འཔ?[༄\ུf\[]་གཅིག་གིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་བསྟན་ཏེ་ཡིད་དམན་པ་མེད་དོ། །བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་སྐྱིལ་མོ་ཀྲུང་བ་ཅས་ནས། ཇི་ལྟར་འདུག་པ་བཞིན་དུ་གནས་ཏེ། སྤྱོད་ལམ་ཉམས་པ་མེད་དོ། །ཉི་མས་བབ་ནས་ཀྱང་གྲིབ་མ་ལ་མ་སོང་ང་ངོ ། །གྲིབ་མ་ལས་ཀྱང་ཉི་མ་ལ་མ་སོང་ངོ ། །རླུང་དང་ཉི་མ་དང་ཆར་པའི་སྐྱབས་མ་བ་ཙལ་ཏོ། །ཤ་སྤྲང་དང ། སྤྲང་བུ་དང ། སྣིག་སྤྲུལ་མ་བསྐྲད་དོ། །བཤང་བ་དང ། གཅི་བ་དང ། མཆིལ་མ་དང ། སྣབས་མ་བོར་ར་རོ། །བསྐུམ་པ་དང ། སྨྱང་བ་མ་བྱས་ས་སོ། ། གློས་ཕབ་པའམ། ཁས་བུབ་འམ། གན་རྐྱལ་མ་ཡིན་པར་གནས་པས་གནས་ས་སོ། །སྤྲིན་ཆེན་པོ་དང ། ཡུལ་ངན་ཆེན་པོ་དང ། ཆར་པ་དང ། སེར་བ་དང ། སྟོན་དང ། དབྱིད་དང ། དགུན་གང་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ལ་མ་ཕོག་གོ། །ཐ་ན་བྱང་ཆུབ་སེམས་དཔས་ལག་པས་ཀྱང་མ་བསྐྱབས ། །དབང་པོ་ཡང་མ་བཀག་གོ། །དབང་པོའི་ཡུལ་ཡང་མ་བླང་ས་ས་སོ། །གང་དག་དེར་འོང་བ་གྲོང་གི་གཞོན་ནུའམ། གྲོང་གི་གཞོན་ནུ་མའམ། བ་ལང་རྫིའམ། ཕྱུགས་རྫིའམ། རྩ་ཐུན་ནམ། ཤིང་ཐུན་ནམ། ལྕི་ཐུན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་རྡུལ་ཁྲོད་ཀྱི་འདྲེ་ཡིན་པ་སྙམ་དུ་སེམས་ཤིང་དེ་ལ་རྩེན་ཏེ། དེ་ལས་ས་སྐུད་དོ། །དེར་བྱང་ཆུབ་སེམས་དཔའ་ལོ་དྲུག་པོ་དེ་དག་གིས་ལུས་ངན་པ་དང ། གོད་པ་དང་རིད་པར་གྱུར་ཏེ། དེའི་རྣ་བ་གཉིས་སུ་ཙོའམ་ཤིང་བལ་བཅུག་ནས་སྣའི་བུ་ག་གཉིས་སུ་འབྱིན་ཏོ ། །
46-308
སྣའི་བུ་ག་གཉིས་སུ་བཅུག་ནས་རྣ་བའི་བུ་ག་གཉིས་སུ་འབྱིན་ཏོ། །རྣ་བའི་བུ་ག་གཉིས་སུ་བརྩུག་ནས་ཁར་འབྱིན་ཏོ། །ཁར་བཅུག་ནས་རྣ་བ་དང་སྣའི་བུ་གར་འབྱིན་ཏོ། །སྣར་བཅུག་ནས་རྣ་བ་དང ། སྣ་དང་ཁར་འབྱིན་ཏོ། །ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། པྟོ་འཕྱེ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་སུམ་དུ་གྱུར་པ་དེ་དག་ཉིན་མཚན་དུ་གནས་ཤིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྲེད་དོ། །སྨོན་ལམ་ཡང་འདེབས ། །དེ་ན་བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་སྟོན་ཅིང་ལྷ་དང་མི་ཁྲག་ཁྲིག་ཕྲག་བརྩུ་གཉིས་ཚང་བ་དག་ཇེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་བྱུང་བ། །ཡོན་ཏན་དག་དང་ལྡན་པ་དེ། །སེམས་ཅན་དོན་དང་ཕན་པའི་གྱིར། །ཐབས་དང་ལྡན་པའི་བསམ་པ་སྐྱེས། །སྙིགས་མ་ལྔ་ཡི་དུས་ཀྱི་ཚེ། །ཆོས་དམའ་མོས་པའི་འཇིག་རྟེན་པོ། །ལས་དང་བྱ་བོར་འཇིག་རྟེན་དུ། །འཛམ་བུའི་གླིང་འདིར་སྐྱེས་པར་གྱུར ། ། མྱུ་སྟེགས་ཚོགས་ཀྱིས་རབ་ཏུ་གང ། །ལྟད་མོ་དང་ནི་ལྟས་སུ་ལྟ། ། ལུས་ལ་གནོད་པ་བྱ་བ་བྲེད ། །བྱིས་པ་དེ་དག་དག་པར་སེམས། །གཡང་ས་མེ་དང་མྱ་ང་མ་འཇུག་།སྒྲེན་མོ་ས་དང་ལྕི་བས་སྐུད ། །ལུས་ནི་ཡོངས་སུ་གདུང་བའི་གྱིར། །གདུང་བ་ལྔ་ལ་བརྩོན་དང་ལྡན། །ལག་པ་བརྐྱང་སྟེ་རྒྱུ་བ་དང ། ། མི་མཁས་ཁ་ཅིག་ལག་པ་ལྡག་།བུམ་པ་ཁར་གཞོང་ལས་མི་ལེན། །སྒོ་དང་ཀ་བས་ཆོད་མི་ལེན། །གང་ན་ཁྱི་ཡོད་པ་ནས་མིན། །འདུག་ཅེའམ་ཚུར་ཤོག་ཅེས་ལས་མིན། །ཁྱིམ་ནས་ཁ་ཟས་གཅིག་ལེན་པས། །བདག་ནི་དག་པར་འགྱུར་སྙམ་སིམས། །མར་དང་འཔུ?་མར་བུ་རམ་ཞོ། །ཉ་དང་ཤ་དང་འོ་མ་
46-309
སྤོང ། །ལྡམ་ལྡུམ་ས?[༄\ུf]་དཔད་མའི་རྩ། གཟིགས་དང་བ་ལང་ལྕི་བ་ཟ། །རྩ་བ་འབྲས་བུ་ལོ་མ་ཟ ། །ཀུ་ཤ་ཚལ་བུ་ལ་བ་པགས ། ། ས?[༄\ུf]ལ་བྲེད་ཁ་ཅིག་སྒྲེན་མོར་རྒྱུ། །གླེན་པ་འདི་བདེན་གཞན་བརྫུན་སྙམ། །ལག་པ་སྒྲེང་བར་བྲེད་པ་དང་།། སྐྲ་བསྒྲེང་རལ་པ་བསྒྲེང་བ་དག་།ལམ་ལས་རབ་ཏུ་རྣམ་པར་ཉམས། །ལམ་མིན་གནས་ཤིང་བདེ་འགྲོ་འདོད ། །ཙོ་དང་གཏུན་ཤིང་ཐལ་བར་ཉལ། །ཚེར་མར་ཉལ་ཞིང་ཙོག་པུར་འདུག་།ཁ་ཅིག་རྐང་པ་གཅིག་པུས་འགེང ། །གདོང་བསྟོད་ཉི་དང་ཟླལ་ལྟ ། །ཆུ་མིག་མཚོ་དང་ལྟེང་ཀ་དང ། །རྒྱ་མཚོ་ཆུ་བོ་ཉི་ཟླ་དང ། །ཤིང་དང་རི་ཡི་རྩེ་མོ་དང ། ། རྗ་དང་ས་ལ་ཕྱག་ཀྱང་འཚལ། །གླེན་པ་དེ་དག་གནོད་མང་གིས། །ལུས་ནི་ཡོངས་སུ་སུ་སྐོམ་པར་བྲེད ། །ལོག་པར་ལྟ་དང་ལྡན་པ་དག་།མྱུར་དུ་ངན་སོང་རྣམས་སུ་ལྟུང ། །ང་ནི་དཀའ་ཐུབ་བརྟུལ་ཞུགས་དང ། །དཀའ་སྤྱད་གང་ཞིག་ལྷ་དང་མི་ས། །སྤྱད་པར་ནུས་པ་མ་ཡིན་པའི། །དཀའ་སྤྱད་དྲ་ག་པོ་རྩོམ་སྙམ་སེམ་ས། །བསམ་གཏན་གང་ཞིག་རང་རྒྱལ་གྱིས། །བལྟ་བར་ནུས་པ་མ་ཡིན་པའི། །རྡོ་རྗེ་ལྟ་བུར་བརྟན་གནས་པ། ། མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། ། མྱུ་སྟེགས་བརྟུལ་ཞུགས་ངན་པ་ཡིས། །དགའ་བའི་ལྷ་མི་འདི་ན་ཡོད ། །དེ་དག་ཡོངས་སུ་སྨིན་བྱའི་གྱིར། ། དཀའ་སྤྱད་བརྟུལ་ཞུགས་དྲ་ག་པོ་བ་རྩམས། །ས་སྟེང་ཅི་ཡང་མ་བཏིང་བར། ། སྐྱིལ་མོ་ཀྲུང་ནི་བ་ཅས་ཏེ་འདུག་།རྒྱ་ཤུགུ་ཏིལ་དང་འབྲས་འབྲུ་གཅིག་།ཟ་བའི་ཆོ་ག་རྣམ་པར་སྟོན། །དབུགས་དབྱུང་ཇུབ་པ་རྣམ་པར་སྤང་ས། །སྟོབས་དང་ལྡན་པ་གཡོ་བ་མེད ། །ལོ་དྲུ་ག་བར་དུ་བསམ་གཏན་མཚོག་།ནམ་མཁའ་ཁྱབ་ལ་བསམ་གཏན་བྲེད ། །རྟོག་དང་རྣམ་པར་རྟོག་མེད་པ། །གཡོ་བ་མེད་ཅིང་སེམས་རྒྱུ་མེད ། །ནམ་མཁའི་ཁམས་སུ་ཁྱབ་པ་ཡི། །མཁའ་ཁྱབ་བསམ་
46-310
གཏན་བསམ་གཏན་བྲེད ། །དེ་ནི་ཉིན་ལས་གྲིབ་མར་རམ། །གྲིབ་ལས་ཉི་མར་སོང་མ་བྱས། །ལྷུན་པོ་ལྟ་བུར་མི་གཡོ་བའི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། །རླུང་དང་ཆར་དང་ཤ་སྤྲང་དང ། །སྡིག་སྤྲུལ་སྤྲང་བུ་སྐྱོབ་མི་བྲེད ། །རྣམ་པར་མ་འཁྲུགས་སྤྱོད་པ་ཡིས། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། །བདག་ཉིད་གཅིག་པུའི་དོན་གྱི་གྱིར། །མཁའ་ཁྱབ་བསམ་གཏན་བྲེད་པ་མིན། །གཞན་དུ་སྙིང་རྗེ་སེམས་ཀྱིས་ནི། །འཇིག་རྟེན་དོན་མང་ཆེད་དུ་བསྒོམ ། ། རྒོང་གི་བྱིས་པ་བ་ལང་རྫི། །ཤིང་ཐུན་དག་དང་རྩ་ཐུན་དག། དེ་ལ་རྡུལ་ཁྲོད་འབེ་སྙམ་སིམས། །དེ་ལ་ས་ཡིས་སྐུད་བྲེད་ཅིང ། །མི་ག་ཙང་བ་ཡང་འཐོར་བར་བྲེད ། །དེ་དག་གནོད་པ་མང་བྲེད་ཀྱང ། །གཡོ་བ་མེད་ཅིང་འཁྲུགས་མེད་པར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། །མཐོ་བ་མེད་ཅིང་དམའ་བ་མེད ། །ལུས་མ་བསྲུང་ས་པར་ཆོས་མ་རེག་།བཤང་བ་མི་བྲེད་གཅི་མི་བྲེད ། །སྒྲ་ཡིས་མི་འཇིགས་གཞན་མི་ལྟ། །ཤ་དང་ཁྲག་རྣམས་སྐམས་གྱུར་ཏེ ། པགས་པ་རྩ་རྒྱུས་རུས་པ་ལུས། །སྒལ་ཚིགས་དག་ནི་ལྟོ་བར་སྣང ། །ལན་བུ་བླས་པ་ཅི་བཞིན་ནོ། །གང་དག་ལྷག་པར་བྱས་ལྷ་དང་།། ལྷ་མིན་གནོད་སྤྱིན་དྲི་ཟ་ཀླ། །ཡོན་ཏན་ལྡན་པ་མངོན་སུམ་བས། །ཉིན་དང་མཚན་དུ་མཆོད་པ་བྱིད ། །ཇི་ལྟར་མཁའ་འདྲའི་སེམས་ལྡན་འདི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། །དེ་འདྲར་བདག་ཅག་མྱུར་གྱུར་ཅེས། །སྨན་ལམ་དག་ཀྱང་འདེབས་པར་བྲེད ། །སྙིང་རྗེའི་བློ་ཡིས་འཇིག་རྟེན་གྱི། །དོན་མང་གྱིར་བྲེ་ད་མ་གཏོགས་པར། །བདག་གྱིར་མ་ཡིན་བདེ་བློས་མིན། །བསམ་གཏན་རོ་ནི་མྱང་ཕྱིར་མིན། །ཕས་ཀྱི་གོལ་བ་རབ་ཏུ་བཅོམ། ། མྱུ་སྟེགས་བློ་ཉམས་ཟིལ་གྱིས་མནན། །མགོ་རེག་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་བསྐལ་
46-311
མང་རྙེད་དཀའ་ཞེས། །འོད་སྲུང་ལ་ནི་ཚིག་སྨྲས་པའི། །ལས་དང་བྱ་བ་རབ་ཏུ་བསྟན། །སྐྱེ་བོ་དག་ནི་དགའ་བྱའི་གྱིར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱི་ད། །ལྷ་མི་ཁྲག་ཁྲིག་བཅུ་གཉིས་ཆང ། །ཐེག་པ་གསུམ་ལ་རབ་ཏུ་བཏུལ ། །དེ་ཡི་ཆེད་དུ་བློ་གྲོས་བཟང ། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྲེད ། །དཀའ་བ་སྤྱད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་པའོ། །། ད་གེ་སློང་དག་བདུད་སྡིག་ཅན་ཡང་བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་སྤྱོད་པའི་ཚེ་གྱི་བཞིན་འབྲང་སྟེ། གླགས་བལྟས་སྐབས་བ་ཙལ་ཀྱང་ནམ་ཡང་གླགས་ཅུང་ཟད་ཀྱང་མ་རྙེད་དོ། །དེ་གླགས་མ་རྙེད་ནས་ཡི་ཆད་དེ་ཡིད་ལ་ག་ཅགས་བཞིན་དུ་སོང་ང་ངོ ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགོན་པ་ཉམས་ནི་དགའ་བ་དང ། །ནགས་ཚལ་གེལ་པ་སྒྲ་མེད་དང ། །ལྟེང་རྒྱས་ཀྱི་ནི་ཤར་ཕྱོགས་ན། །ཆུ་ཀླུང་རྣཻ་རན་ཛ་ན་དེར། །སྤོང་བའི་ཕྱིར་ནི་བརྩོན་པར་བྱས། །རྟག་ཏུ་མཐུ་རྩལ་བརྟན་པ་པ་པོ། །གྲུབ་དང་བདེ་བ་ཐོབ་བྱའི་གྱིར། ། བཅོན་པས་རབ་ཏུ་རྟུལ་དེ་ལ། །བདུད་ནི་འཇམ་ཞིང་སྙན་པའི་ཚིཚིག་།སྨྲ་བར་བྲེད་ཅིང་འོང་ས་པར་གྱུར། །གྱེ་སྲོག་གཅེས་ཀྱིས་འཚོ་བར་གྱིས། །གསོན་ན་ཆོས་ནི་སྤྱོད་པར་འགྱུར། །གསོན་ཚེ་བྱ་བ་གང་ཡོད་པ། །དེ་དག་བྱས་ན་མྱ་ངན་མེད ། །ཁྱོད་ནི་མདོག་ཉམས་དམན་པར་གྱུར། །ཁྱོད་ནི་ཤི་ལ་ཐུག་ཅིང་འདུག་།འཆི་བའི་ཆ་ནི་སྟོང་སྙེད་ཙམ། །ཆ་གཅིག་ཙམ་ཅིག་གསོན་པར་ཟད།། སྤྱིན་པ་དག་ནི་རྟག་ཏུ་བྱིན། །མེ་ཡི་སྤྱིན་སྲེག་སྤྱིན་སྲེ་ག་བྱོས། །འོན་ཀྱང་བསོད་ནམས་ཆེན་པོར་འགྱུར། །སྤོང་བ་ཡིས་ནི་ཅི་ཞིག་བྱ། །སྤོང་བའི་ལམ་ནི་སྡུག་བསྔལ་ཏེ། །སེམས་དུལ་བ་ནི་བྱ་དཀའ་ཞེ ། །དེ་ཚེ་བདུད་ཀྱིས་དེ་སྐད་
46-312
ཚིག་།བྱང་ཆུབ་སེམས་དཔའ་དེ་ལ་སྨྲས། །དེ་སྐད་སྨྲ་བའི་བདུད་དེ་ལ། ། བྱང་ཆུབ་སེམས་དཔས་འདི་སྐད་སྨྲས། །སྡིག་ཅན་མོས་པའི་རྩ་ལག་པོ། །ཁྱོད་ནི་རང་གི་དོན་གྱིར་འོང་ས། །ང་ལ་བསོད་ནམས་ཆུང་ཟད་ཀྱང ། །དོན་དུ་གཉེར་བ་མེད་དོ་བདུད ། །གང་དག་བསོད་ནམས་དོན་དུ་གཉེར། །དེ་ལ་དེ་སྐད་སྨྲ་བའི་རིརིགས། །འཚོ་བའི་མཐའ་ནི་འཆི་ཡིན་པས། །མི་འཆི་སྙམ་དུ་ང་མི་སིམས། །ཚང་ས་པར་སྤྱོད་ལ་གཞོལ་གྱུར་པས། །གྱིར་ལྡོག་པར་ནི་མི་བྱའོ། ། ཆུ་ཀླུང་དག་གི་ཆུ་རྒྱུན་ཀྱང ། །རླུང་གིས་རྣམ་པར་སྐེམས་བྲེ་ད་ན། །སྤང་ས་པ་ཉིད་ཀྱི་ཁྲག་ཙམ་ལྟ། །འདི་ཡིས་ཅི་གྱིར་སྐམས་མི་འགྱུར། །ཁྲག་ནི་སྐམས་པར་གྱུར་པ་དང ། །དེ་ཡི་འོག་ཏུ་ཤ་སྐམས་འགྱུར། །ཤ་ནི་ཟད་པར་གྱུར་པ་དང ། །ཕྱིར་ཞིང་སེམས་ནི་དང་བར་འགྱུར ། ། གྱིར་ཞིང་འདུན་དང་བརྩོན་འགྲུས་དང ། །ཏིང་ངེ་འཛིན་ཀྱང་གནས་པར་འགྱུར ། །ང་ནི་དེ་ལྟར་གནས་པས་ན། །ཚོར་བ་དམ་པ་ཐོབ་གྱུར་ཀྱང ། །ལུས་དང་སྲོག་ལ་མི་ལྟ་སྟེ། །སྲན་ཐུབ་དག་པར་གྱུར་ལ་ལ་ལྟོས། །ང་ལ་འདུན་པ་ཡོད་གྱུར་ཅིང ། །བརྩོན་འགྲུས་དང་ནི་ཤེས་རབ་ཡོད ། །ང་ཡི་བརྩོན་འགྲུས་བསྐྱོད་ནུས་པ། །འཇིག་རྟེན་དེ་ནི་ངས་མ་མཐོང ། ། སྲོག་ཆད་ཤི་བ་ཆེས་བླ་སྟེ། །འཚོབ་ངན་པ་དེ་ལྟ་མིན། ། གཡུལ་ངོར་ཤི་བ་ལེགས་པ་སྟེ། ཕམ་ནས་གསོན་པ་དེ་ལྟ་མིན། །ལྡར་མ་དཔུང་ལས་མི་རྒྱལ་ཏེ ། །དཔའ་བོ་དཔུང་ལས་རྒྱལ་བར་འགྱུར། །རྒྱལ་ཡང་དེ་ནི་རློམ་སེམས་མེད། །བདུད་ཁྱོད་ལས་ནི་མྱུར་རྒྱལ་བྱ། །འདོད་པ་ཁྱོད་ཀྱི་དང་པོའི་དཔུང ། །མི་དགའ་བ་ནི་གཉིས་པ་ཡིན། །ཁྱོད་ཀྱི་གསུམ་པ་བཀྲེས་དང་སྐོམ། ། སྲེད་པ་དཔུང་ཚོགས་བཞི་པ་ཡིན། །རྨུགས་དང་གཉིད་ནི་ལྔ་པ་སྟེ། ། འཇིགས་པ་དྲུག་པར་བརྗོད་པ་ཡིན། །ཁྱོད་ཀྱི་ཇེ་ཚོམ་བདུན་པ་སྟེ། །ཁྲོ་དང་
46-313
འཆབ་པ་བརྒྱད་པ་ཡིན། །འཐོབ་དང་ཚིགས་བ་ཅད་བཀུར་སྟི་དང ། །ལོག་པར་གྲགས་པ་གང་ཐོབ་དང ། །པད་ག་ལ་སྟོད་པར་བྱེད་པ་དང ། །གཞན་ལ་སྨོད་པར་བྲེད་པ་དང ། །དེ་དག་ནག་པོའི་རྩ་ལག་ཏུ། །ལྷུང་བའི་བདུད་ཀྱི་དཔུང་ཡིན་ན་ནོ། །དགེ་སྤྱོང་བྲམ་ཟེ་ཁ་ཅིག་ནི། །འདི་ན་གླགས་ལྟ་འཁོད་པར་སྣང ། །ཁྱོད་དཔུང་གང་ཡིན་ལྷར་བཅས་ཀྱིས། །འཇིག་རྟེན་འདི་ནི་རབ་འདུལ་བ། །སོ་བཏང་མ་བྱས་སྣོད་ཆུས་བཞིན། །ཤེས་རབ་ཀྱིས་ནི་དེ་དག་གཞིག། དྲན་པ་ལེགས་པར་ཉེར་བཞག་སྟེ། །ཤེས་རབ་ལེགས་པར་བསྒོམས་བྱས་ནས། ། ཤེས་བཞིན་དུ་ནི་སྤྱོད་པར་བྱ། །བློ་ངན་ཁྱོད་ཀྱིས་ཅི་བྱར་ཡོད ། །དེ་སྐད་ཅེས་སྨྲས་པ་དང ། བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རང་ས་ནས་ཡིད་ལ་ག་ཅགས་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། དགེ་སྤྱོང་དང་བྲམ་ཟེ་གང་དག་ཁ་ཅིག་འདས་པ་དང ། མ་འོང་ས་པ་དང་ད་ལྟར་བྱུང་བའི་དུས་ན་བདག་ལ་གནོད་པ་བྲེད་པ་དང ། ལུས་ལ་ཀདུང་བ་བྲེད་དེ། སྡུག་བསྔལ་དྲ་ག་པོ་ཚ་བ་མི་བཟད་པ། ཡིད་དུ་མི་འོང་བའི་ཚོར་བ་མོང་བར་བྲེད་པས་དེ་དག་ཤིན་ཏུ་སྡུག་བསྔལ་བ་མོང་ངོ་སྙམ་མོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། སྤྱོད་པ་འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་མ་བྱས་ཏེ་འདི་ནི་བྱང་ཆུབ་ཀྱི་ལམ་མ་ཡིན། ལམ་འདི་ནི་མ་འོང་ས་པའི་སྐྱེ་བ་དང ། རྒ་བ་དང་འཆི་བ་འབྱུང་བ་ནུབ་པར་བྱེད་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་ལམ་མ་འོང་ས་པའི་སྐྱེ་བ་དང ། རྒ་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་ནུབ་
46-314
པར་བྲེད་པ་གཞན་ཞིག་ཡོད་དོ་སྙམ་མོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ ། ངས་ཕའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་མ་ལ་འདུག་སྟེ། འདོད་པ་རྣམས་ལས་དབེན་པ། སྣིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བ་ཅས་པ། དཔོད་པ་དང་བ་ཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང ། བདེ་བ་ཅན་བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དེ་བྱང་ཆུབ་ཀྱི་ལམ་ཡིན་ཏེ་སྐྱེ་བ་དང ། རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་རྣམས་ནུབ་པར་འགྱུར་བ་ཡིན་སྙམ་ནས། དེ་བྱང་ཆུབ་ཀྱི་ལམ་ཡིན་ནོ་སྙམ་སྟེ། ངའི་རྣམ་པར་ཤེས་པ་དེའི་རྗེས་སུ་འབྲང་བར་གྱུར་ཏོ། །ངས་འདི་སྙམ་དུ་བསམས་ཏེ ། འདི་ལྟར་ཉམ་ཆུང་བར་གྱུར་པས་ནི་ལམ་དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་མི་ནུས་སོ། །གལ་ཏེ་ང་འདི་ལྟར་ལུས་ངན་ཅིང་ཉམ་ཆུང་བཞིན་དུ་མངོན་པར་ཤེས་པ་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་སོང་ན་ནི་ངས་གྱི་མའི་སྐྱེ་བོ་ལ་སྙིང་བཅེ་བ་བྱས་པར་མི་འགྱུར་ཏེ། འདི་ཡང་བྱང་ཆུབ་ཀྱི་ལམ་མ་ཡིན་གྱིས། ངས་ཁ་ཟས་རགས་པ་ཟོས་ལ་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། དེ་ནས་གདོད་བྱང་ཆུབ་ཀྱི་སྙིང་པོར་འགྲོའོ་སྙམ་མ་མོ། །དགེ་སློང་དག་དེ་ན་ལྷའི་བུ་གང་དག་ང་ལ་མོས་པ་དེ་དག་གིས་ངའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ང་ག་ལ་བ་དེར་འོང་ས་ཏེ་ང་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཞལ་ཟས་རགས་པ་མ་གསོལ་ཅིག་།བདག་ཅག་གིས་བ་སྦུའི་ཁུང་བུར་མད་ངས་སྩལ་བར་བགྱིའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་ནི་ཟས་མི་བཟའ་བར་བདག་ཉིད་ཀྱིས་དམ་བ་ཅས་ལ། བདག་གི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉརེན་ཀོར་བ་རྣམས་ཀྱིས་ཀྱང ། འདི་ལྟར་དགེ་སྤྱོང་རྒ་ཏ་མ་ནི་ཟས་མི་ཟ་
46-315
བ་ཡིན་པར་ཡང་ཤེས་ཏེ། ང་ལ་མོས་པའི་ལྷའི་བུ་འདི་དག་གིས་ངའི་བ་སྦུའི་ཁུང་བུར་མད་ངས་བཅུག་པར་གྱུར་ན། །ངས་ཤིན་ཏུ་བརྫུན་སྨྲས་པར་གྱུར་ཏོ་སྙམ་སྟེ ། དེ་ནསཱ་བྱང་ཆུབ་སེམས་དཔས་བརྫུན་སྨྲ་བ་སྤང་བའི་ཕྱིར་ལྷའི་བུ་དེ་དག་གི་ཚིག་མ་མཉན་པར་ཁ་ཟས་རགས་པ་བཟའ་བར་སེམས་བཏུད་དོ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལོ་དྲུག་གི་བར་དུ་བརྟུལ་ཞུགས་དང་དཀའ་ཐུབ་ཉམས་སུ་བླང་ས་ནས། སྟན་དེ་ལས་ལང་ས་ཏེ། ཁ་ཟས་རགས་པ་འདི་ལྟ་སྟེ་བུ་རམ་གྱི་དབུ་བ་དང ། མོན་ས?ན་སྡེའུ་ཡི་ཁུ་བཅུད་དང ། ཧ་རེ་ནུ་ཁའི་ཁུ་བཅུད་དང ། ཟན་དང ། འབྲས་ཆན་དང ། འདྲཝེན་མར་བཟའོ་ཞེས་ཚིག་ཏུ་བརྗོད་དོ། །དགེ་སྤོང་དག་དེ་ནས་ལྔ་སྡེ་བཟང་པོ་དག་འདི་སྙམ་དུ་སེམས་ཏེ། དགེ་སྤྱོང་རྒ་ཏ་མས་ལམ་འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་བྲེད་མ་ནུས་ན་ཁ་ཟས་རགས་པ་འདི་ཟོས་ཏེ། བསོད་ཉམས་ལ་སྤྱོར་བ་དང་ལྡན་པར་གནས་པས་ཅི་ནུས་ཏེ་མི་གསལ་བ་བྱིས་པ་ཡིན་ནོ་སྙམ་དུ་བསམས་ནས་བྱང་ཆུབ་སེམས་དཔའི་གན་ནས་སོང་སྟེ། གྲོང་ཁྱེར་པཱ་རཱ་ཎ་སཱིར་སོང་ནས་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་གནས་སོ། །དེ་ན་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་དཀའ་བ་སྤྱད་པ་སྤྱོད་པ་ན་གྲོང་པའི་བུ་མོ་གཞོན་ནུ་བཅུས་བལྟ་བ་དང་ཕྱག་བྱ་བའི་ཕྱིར་བསྙེན་བཀུར་བྱས་ས་སོ། །ལྔ་སྡེ་བཟང་པོ་དེ་དག་གིས་ཀྱང་རིམ་གྲོ་བྱས་ཤིང་རྒྱ་ཤུག་འཔུ?་གཅིག་དང ། འབྲས་འབྲུགཅིག་དང ། ཏིལ་འཔུ?་གཅིག་དབུལ་བ་ཡང་ཕུལ་ལ་ལོ། །གྲོང་པའི་བུ་མོ་བཅུ་ནི་བུ་མོ་སྟོབས་ལྡན་མ་ཞེས་བྱ་བ་དང ། སྟོབས་སྤེད་མ་དང ། ཤིན་ཏུ་སྡུག་དང ། སྡེ་ལས་རྣམ་པར་རྒྱལ་དང ། ་ཏིམུག་ཏ་ཀའི་ཕྲེང་བ་ཅན་དང ། མཇེས་མ་དང ། རྗ་བྲེད་
46-316
མ་དང ། སྐྲ་ལྕང་ལོ་རྒྱས་དང ། རལ་བུ་ཅན་དང ། ལེགས་སྐྱེས་མ་ཞེས་བྱ་བ་སྟེ། གཞོན་ནུ་མ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚོད་མའི་རྣམ་པ་དེ་དག་ཐམས་ཅད་བྱས་ཏེ་ཕུལ་ལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་ཟོས་ནས་རིམ་གྱིས་སྤྱོད་ཡུལ་གྱི་གྲོང་དུ་བསོད་སྟོམས་སྤྱད་པས་མདོག་དང ། གཟུགས་དང ། སྟོབས་དང་ལྡན་པར་གྱུར་ཏོ། །དེ་ཚུན་ཆད་བྱང་ཆུབ་སེམས་དཔའ་ལ་དགེ་སྤྱོང་མཇེས་པ། དགེ་སྤྱོང་ཆེན་པོ་ཞེས་འཛིར་ཏོ། །དགེ་སློང་དག་དེ་ན་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་དཀའ་བ་སྤྱད་པ་སྤྱོད་པ་ན་བྱང་ཆུབ་སེམས་དཔས་བརྟུལ་ཞུགུས་དང ། དཀའ་ཐུབ་ཉམས་འོག་ཏུ་ཆུད་པར་བྱ་བ་དང ། ལུས་རྟས་པར་བྱ་བའི་ཕྱིར་གྲོང་པའི་བུ་མོ་ལེགས་སྐྱེས་མས་ཉིན་གཅིག་བཞིན་དུ། བྲམ་ཟེ་བརྒྱད་བརྒྱ་ཟན་བྱིན་ཞིང་འདི་སྐད་དུ་བདག་གི་ཟས་ཟོས་པས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། །དགེ་སློང་དག་ལོ་དྲུག་འདས་ནས།[་\[]་ངས་འདི་སྙམ་དུ་བསམས་ཏེ ། གལ་ཏེ་བ་དག་གིས་འདོམས་ཡོག་འགའ་ཞིག་རྙེད་ན་རེ་སྟེས་སྙམ་མོ། །དགེ་སློང་དག་དེའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་གྲུབ་མ་ཞེས་བྱ་བ་ཞིག་ཤི་ནས་དེ་ཤ་ནའི་རས་ཀྱིས་དགྲིས་ཏེ། དུར་ཁྲོད་དུ་བོར་བར་གྱུར་པའི་ཕྱག་དར་ཁྲོད་པ་དེ་ངས་མཐོང་ནས། ངས་ཕྱག་དར་ཁྲོད་པ་དེ་བླང་བའི་གྱིར་རྐང་པ་གཡོན་པས་མནན་ཏེ། དགུས་ནས་ལག་པ་གཡས་པ་བརྐྱང་པ་དང ། དེ་ནས་ས་བླའི་ལྷས་བར་སྣང་གི་ལྷ་རྣམས་ལ་སྒྲ་བསྒྲགས་པ། གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དྲ་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། གྲོགས་པོ་དག་འདི་ནི་རྨད་དུ་བྱུང་བའོ། །
46-317
བར་སྣང་གི་ལྷ་རྣམས་ཀྱིས་ས་བླའི་ལྷ་རྣམས་ཀྱི་སྒྲ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲ་བསྒྲགས ། །རྒྱལ་ཆེན་བཞིའི་རིས་པས་ཀྱང་སུམ་ཅུ་རྩ་གསུམ་པ་ལའོ། །སུམ་ཅུ་རྩ་གསུམ་པས་ཀྱང་འཐབ་བྲལ་བ་ལའོ། །འཐབ་བྲལ་བས་ཀྱང་དགའ་ལྡན་པ་ལའོ། །དགའ་ལྡན་པས་ཀྱང་འ་ཟུལ་དགའ་བ་ལའོ། །འཕྲུལ་དགའ་བས་ཀྱང་གཞན་འཕྲུལ་དབང་བྲེད་པ་ལའོ། །གཞན་འཇུལ་དབང་བྲེད་པས་ཀྱང་ཚང་ས་རིས་པའི་བར་དུའོ། །སྐད་ཅིག་དེ་དང ། ཐང་ཅིག་དེ་ད\ུf་དང ། ཡུད་ཙམ་དེ་ལ་གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དྲ་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། འདི་ནི་རྨད་དུ་བྱུང་བའོ་ཞེས་སྒྲ་གཅིག་དང ། བརྗོད་པ་གཅིག་འོག་མིན་གྱི་གནས་ཀྱི་བར་དུ་གྲགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཡང་འདི་སྙམ་དུ་བསམས་ཏེ་བདག་གིས་ཕྱག་དར་ཁྲོད་པ་ནི་རྙེད་ན། གལ་ཏེ་ཆུ་ཞིག་རྙེད་ན་རེ་སྟེས་སྙམ་མ་མོ། །དེ་ནས་དེ་ཤིད་དུ་ལྷས་ལག་པ་ས་ལ་བརྡབས་པ་དང ། དེར་རྫིང་བུ་ཞིག་བྱུང་བར་གྱུར་ཏེ། དེང་སང་དུའང་ལག་པ་བརྡབས་པའི་རྫིང་ཞེས་གྲགས་ས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔས་འདི་སྙམ་དུབསམས་ཏེ། བདག་གིས་ཆུ་ནི་རྙེད་ན། གལ་ཏེ་ཕྱག་དྲ་ཁྲོད་པ་འདིབཀྲུ་བའི་རྡོ་ལེབ་ཅིག་རྙེད་ན་རེ་སྟེས་སྙམ་པ་དང ། སྐད་ཅིག་དེ་ཉིད་ལ་བརྒྱ་བྱིན་གྱིས་དེར་རྡོ་ལེབ་བཞག་ནས། དེ་ལ་བྱང་ཆུབ་སེམས་དཔས་ཕྱག་དྲ་ཁྲོད་པ་དེ་བཀྲུས་སོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་འདི་ཁོ་བོ་ལ་སྩོལ་ཅིག་དང་ཁོ་བོས་བཀྲུའོ། །དེ་ནས་བྱང་ཆུབ་སེམས་དཔས་རབ་ཏུ་བྱུང་བ་ནི་བདག་ཉིད་ཀྱིས་བྱ་བར་བསྟན་པའི་ཕྱིར་བརྒྱ་བྱིན་ལ་མ་བྱིན་པར་བདག་ཉིད་ཀྱིས་བཀྲུས་ས་སོ། །
46-318
དེ་ལུས་ང་ལ་ཏེ་ཆད་ནས་རྫིང་ནས་འབྱུང་སྙམ་པ་དང ། བདུད་སྡིག་ཅན་ཕྲག་དོག་གི་ཆོས་དང་ལྡན་པས་རྫིང་བུ་གང་བ་མཐོན་པོ་ཞིག་སྤྲུལ་ཏོ། །རྫིང་དེའི་འགྲམ་ན་ཤིང་སྒྲུབ་བ་བྲེད་ཅེས་བྱ་བ་ཆེན་པོ་ཞིག་ཡོད་དོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཐུན་པར་བྱ་བ་དང ། ལྷ་མོ་ལ་ཕན་གད་གས་པའི་གྱིར་ཤིང་དེའི་ལྷ་མོ་ལ་སྨྲས་པ། ལྷ་མོ་ཤིང་གི་ཡལ་ག་སྨོད་ཅིག་།དེས་ཀྱང་ཤིང་ཡལ་ག་སྨད་ནས་བྱང་ཆུབ་སེམས་དཔའ་དེ་ལ་འཇུས་ཏེ་བྱུང་ངོ ། །བྱུང་ནས་ཀྱང་ཤིང་སྒྲུབ་བྲེད་དེའི་དྲུང་དུ་ཕྱག་དྲ་ཁྲོད་པ་ཆོས་གོས་སྣམ་སྦྱར་དུ་བྱས་ནས་དྲུབས་ཏེ། དེང་སང་དུའང་དེ་ཕྱག་དྲ་ཁྲོད་པ་དྲུབས་པ་ཞེས་མིང་དུགྲག་གོ ། །དེ་ནས་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་འོད་དྲི་མ་མེད་པ་ཞེས་བྱ་བ་དེས། ལྷའི་གོས་ངུར་སྨྲིག་གི་ཚོན་དུ་བཙོས་པ་རུང་བ་དགེ་སྤྱོང་གི་ཚུལ་དང་འཐུན་པ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་བླང་ས་ཏེ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་སྤྱོད་ཡུལ་གྱི་གྲོང་དུ་བྱོགས་པ་དང ། དེ་ན་ལྷ་རྣམས་ཀྱིས་ལྟེང་རྒྱས་ཀྱི་སྡེ་དཔོན་གྱི་གྲོང་ན་དགའ་བྲེད་ཅེས་བྱ་བའི་གྲོང་མི་ཞིག་ཡོད་པའི་བུ་མོ་ལེགས་སྐྱེས་མ་ལ་ནམ་ཕྱེད་ཙམ་ན་སྨྲས་པ། ཁྱོད་ཀྱིས་གང་གི་གྱིར་མཆོད་སྤྱིན་བྱས་པ་དེ་བརྟུལ་ཞུགས་དེ་ཉམས་འོག་ཏུ་ཆུད་ནས་དེ་ཁ་ཟས་རགས་པ་བཟང་པོ་བཟའ་བར་སེམས་ཀྱིས། སྔོན་ཁྱོད་ཀྱིས་བདག་གི་ཟས་ཟོས་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པའི་ཁྱོད་ཀྱི་བྱ་བ་དེ་གྱིས་ཤིག་།དགེ་སློང་དག་དེ་ནས་གྲོང་མི་དགའ་བྲེད་ཀྱི་བུ་མོ་ལེགས་སྐྱེས་མས་ལྷ་དེ་དག་གི་ཚིག་དེ་ཐོས་ནས་མྱུར་བ་མྱུར་བར་བ་སྟོང་གི་འོ་མ་ལན་བདུན་དུསྙིང་ཁུར་བྱས་པ་བཟང་པོ་མཆོག་ཏུ་འགྱུར་བ་སྙིང་པོ་ཅན་
46-319
བླང་ས་ཏེ། བླང་ས་ནས་ཀྱང་འོ་མ་དེ་འབྲསསར་པ་སར་པ་དག་དང ། ཕྲུ་བ་སར་པར་བླུགས་ནས་ཐབ་སར་བར་བརྩུགས་ཏེ། ཁ་ཟས་དེ་སྒྲུབ་བ་བོ། །དེ་སྒྲུབ་པ་ན་སྔ་ལྟས་འདི་དག་སྣང་སྟེ། འོ་མ་དེའི་ནང་ན་དཔལ་བེའུ་དང ། བཀྲ་ཤིས་པ་དང ། གཡུང་དྲུང་འཁྱིལ་པ་དང ། པད་མ་དང ། སྣོང་རིས་ལ་སོགས་པ་བཀྲ་ཤིས་རྣམས་སྣང་ངོ ། །དེ་ནས་དེས་འདི་སྙམ་དུ་བསམས་ཏེ ། ལྟས་འདི་ལྟ་བུ་འདི་དག་སྣང་བ་ལས་ན། བྱང་ཆུབ་སེམས་དཔས་ཟས་ཟོས་ནས་བྱང་ཆུབ་འཐོབ་པར་འགྱུར་དུ་ཇེ་ཙོམ་མེད་དོ་སྙམ་པ་དང ། རྒྱ་མཚོ་པ་ཤེས་ཤིང་ཆོ་ག་ཤེས་པའི་མཚན་མཁན་བྱོགས་དེར་ན་པར་གྱུར་ནས། དེས་ཀྱང་བདུད་སྩི་འཐོབ་པ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་ལེགས་སྐྱེས་མས་ཐུག་པ་དེ་ཚོས་པ་དང་ཐང་ལ་བཞག་སྟེ། མེ་ཏོག་གིས་གཏོར། སྤོས་ཆུས་གཏོར་ནས་གུས་པར་སྟན་བཏིང་སྟེ། བྲན་མོ་གོང་མ་ཞེས་བྱ་བ་ལ་སྨྲས་པ། གོང་མ་སོང་ལ་བྲམ་ཟི་བོས་ཤིག་།ངས་ནི་འོ་ཐུག་སྤྲང་རྩི་ཅན་འདི་བལྟའོ ། །ཇོ་མོ་ལེགས་སོ་ཞེས་དེའི་ལྟར་མཉན་ན་ནས། ཤར་བྱོགས་ལོགས་སུ་སོང་བ་དང ། དེས་བྱང་ཆུབ་སེམས་དཔའ་མཐོང་ང་ངོ ། །དེ་བཞིན་དུ་ལྷོ་ཕྱོགས་ལོགས་སུ་སོང་ན་ཡང་བྱང་ཆུབ་སེམས་དཔའ་མཐོང་ངོ ། །དེ་བཞིན་དུ་ནུབ་དང་བྱང་བྱོགས་ལོགས་སུ་སོང་ན་ཡང་དེ་དང་དེར་དེས་བྱང་ཆུབ་སེམས་དཔའ་མཐོང་ངོ ། །དེའི་ཚེ་ན་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིསགཞན་མྱུ་སྟེགས་ཅན་ཐམས་ཅད་ཚར་བ་ཅད་པར་གྱུར་པས་འགའ་ཙམ་ཡང་མི་སྣང་ངོ ། །དེ་ནས་དེ་སླར་ལོག་སྟེ་ཇོ་མོ་ལ་འདི་སྐད་ཅེས་སྨྲས་སོ། །གང་དང་གང་དུ་མཆིས་ཀྱང་དེ་དང་དེ་ན་དགེ་སྤྱོང་མཇེས་པ་གདའ་བ་ལས། དགེ་སྤྱོང་ང་མ་བྲམ་ཟེ་གཞན་ནི་འགའ་ཡང་མི་གད་འོ། །ལེགས་སྐྱེས་མས་སྨྲས་པ། དེ་ཉིད་བྲམ་ཟེ་ཡིན་ཏེ། དེའི་གྱིར་འདི་
46-320
བརྩམས་ཀྱིས། གོང་མ་སོང་ལ་དེ་ཉརིད་བོས་ཤིག་།ཇོ་མོ་ལེགས་སོ་ཞེས་སྨྲས་ཏེ། གོང་མ་སོང་ནས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་ཏེ་ལེགས་སྐྱེས་མ་ཞེས་བགྱི་བས་སྤྱན་འདྲེན་ཏོ་ཞེས་སྨྲས་སོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་ཁྱིམ་དུ་སོང་སྟེ་སྟན་བཏིང་བ་ལ་འདུག་གོ། །དགེ་སློང་དག་དེ་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་སྤྲང་སྩི་ཅན་གྱིས་གསེར་གྱི་སྣོད་ཆེན་པོ་བཀང་སྟེ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ།། དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ ། ལེགས་སྐྱེས་མས་ཁ་ཟས་འདི་ལྟ་བུ་འདི་བྱིན་པ་འདི་བདག་གིས་དེང་ཟོས་ཏེ། ཐེ་ཙོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་ཟས་དེ་བླང་ས་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་འདི་སྐད་ཅེས་སྨྲས་ས་སོ། །ཆེ་ཞེ་གསེར་གྱི་སྣོད་ཆེན་པོ་འདི་ཇི་ལྟར་བྱ། དེས་སྨྲས་པ། ཁྱོད་སྣོམས་ཤིག་།བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོ་ལ་ནི་སྣོད་འདི་ལྟ་བུ་མི་དགོས་སོ། །ལེགས་སྐྱེས་མས་སྨྲས་པ། ཅི་དགྱིས་སུ་མཛོད་ཅིག་།བདག་ནི་སྣོད་མ་མཆིས་པར་སུ་ལ་ཡང་ཟས་མི་སྩོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཟས་དེ་ཐོགས་ཏེ། ལྟེང་རྒྱས་ནས་བྱུང་ནས་དྲོ་ལ་བབ་པ་དང ། ཀླུའི་ཀླུང་ཆུབོ་ནཻུ་རན་ཛ་ནའི་ངོགས་སུ་སོང་སྟེ། ཟས་དང་ཆོས་གོས་རྣམས་བྱོགས་གཅིག་ཏུ་བཞག་ནས། བྱང་ཆུབ་སེམས་དཔའ་ལུས་བསིལ་བར་བྱ་བའི་གྱིར་ཀླུང་ནཻ་རན་ཛ་ནའི་ནང་དུ་ཞུགསོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་ཁྲུས་བྲེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་དུ་མ་དག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཨ་ག་རུ་དང ། ཙན་དན་གྱི་གྱི་མ་དང ། བྱུག་པ་དག་ཀླུང་དུ་ལྡུགས་ཤིང་ལྷའི་མེ་ཏོག་
46-321
ཁ་དོག་སྣ་ཚོགས་དག་ཀྱང་ཆུའི་ནང་དུ་འཐོར་རོ། །དེའི་ཚེ་ཀླུང་ཆེན་པོ་རྣཻ་རན་ཛ་ན་ལྷའི་སྤོས་རྣམས་དང ། མེ་ཏོག་རྣམས་ཀྱིས་གང་བར་གྱུར་ཏེ་འབབ་བ་བོ། ། བྱང་ཆུབ་སེམས་དཔའ་སྤོས་ཆུ་གང་གིས་དྲུས་བྱས་པར་གྱུར་པ་དེ་ལྷའི་བུ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་བླང་ས་ཏེ་མཆོད་རྟེན་དུ་བྱ་བ་དང ། མཚོད་པར་བྱ་བའི་གྱིར་རང་རང་གི་གནས་སུ་ཁྱེར་ར་རོ། །བྱང་ཆུབ་སེམས་དཔའི་སྐྲ་དང་ཨག་ཚོམ་གང་ཡིན་པ་དེ་དག་ཀྱང་གྲོང་པའི་བུ་མོ་ལེགས་སྐྱེས་མས་བཀྲ་ཤིས་པ་ཡིན་ནོ་སྙམ་ནས། མཆོད་རྟེན་དུ་བྱ་བ་དང ། མཆོད་པར་བྱ་བའི་ཕྱིར་ཁྱེར་ར་རོ། ། བྱང་ཆུབ་སེམས་དཔའ་ཀླུང་ནསབྱུང་ནས་འདུག་པར་འདོད་དེ་གླིང་ལ་ལ་ལྟའོ། ། དེ་ནས་ཀླུང་རྣཻ་རན་ཛ་ནའི་ཀླུའི་བུ་མོ་གང་ཡིན་པ་དེ་སའི་འོག་ནས་བྱུང་སྟེ། ཡིད་ལས་བྱུང་བའི་སེང་གེའི་ཁྲི་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས། བྱང་ཆུབ་སེམས་དཔའ་དེ་ལ་འདུག་སྟེ། གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་སྙིང་བརྩེ་བ་ཉེ་བར་བཟུང་ནས། ཇི་ཙམ་དགོས་པར་འོ་ཐུག་སྤྲང་རྩི་ཅན་དེ་འཐུང་ས་ས་སོ། ། འཐུང་ས་ནས་ཀྱང་གསེར་གྱི་སྣོད་ཆེན་པོ་དེ་ལ་མ་ཆགས་པར་ཆུར་བོར་རོ། །བོར་མ་ཐག་ཏུ་ཀླུའི་རྒྱལ་པོ་རྒྱ་མཚོས་མཆོད་པའི་འོས་ཡིན་ནོ་ཞེས་ད་པ་དང་གུས་པ་བསྐྱེད་དེ་བླང་ས་ནས་རང་གི་གནས་སུ་སོང་ངོ ། །དེ་ནས་མིག་སྟོང་པ་གྲོང་ཁྱེར་འཇིག་པ་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ནས་ཁ་རྡོ་རྗེའི་མཆུར་བསྒྱུར་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལས་གསེར་གྱི་སྣོད་ཆེན་པོ་དེ་དབྲོག་ཏུ་བརྒལ་ན་མ་ནུས་ནས་ར་ང་གི་གཟུགས་ཀྱིས་གུས་པར་བྱས་ཏེ། བསླང་ས་ནས་མཆོད་རྟེན་དུ་བྱ་བ་དང ། མཆོད་པར་བྱ་བའི་གྱིར་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་རོ། །ཁྱེར་ནས་ཀྱང་སྣོད་ཆེན་པོའི་དགེ་འདུན་གྱི་དུས་སྟོན་བྱས་ཏེ། དེང་སང་དུའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལོ་གཅིག་བཞིན་དུ་སྣོད་ཆེན་པོའི་དུས་སྟོན་བྲེད་དོ། །
46-322
སེང་གེའི་ཁྲི་དེ་ཡང་ཀླུའི་བུམོ་དེ་ཉརིད་ཀྱིས་མཆོད་རྟེན་དུ་བྱ་བ་དང ། མཆོད་པར་བྱ་བའི་གྱིར་ཁྱེར་རོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་ཟས་རགས་པ་ཟོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་དང ། ཤེས་རབ་ཀྱི་སྟོབས་ཀྱིས་སྐད་ཅིག་དེ་ཉིད་ལ་ལུས་ལ་སྔ་མའི་ཁ་དོག་བཟང་པོ་རྒྱས་པ་དང ། སྐྱེས་བུ་ཆེན་པོའི་མཚན་སུམ་རྩུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། འོད་འདོམ་གང་བ་ཡང་བྱུང་བར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལོ་དྲུ་ག་བར་དུ་བརྟུལ་ཞུགས་ཉམས་འོག་ཆུད་བྱས་བཅོམ་ལྡན་བློ་གྲོས་འདི་སྙམ་སེམས། །གལ་ཏེ་བདག་ནི་འདི་ལྟར་རིད་བཞིན་བསམ་གཏན་མངོན་ཤེས་ཡེ་ཤེས་སྟོབས་ལྡན་པ། །ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མཁྱེན་ཉིད་འཚང་རྒྱར་བྱ་ན་ནི། །དེ་དག་ན་ཡང་བདག་གིས་ཕྱི་མའི་སྐྱེ་བོ་དག་ལ་སྙིང་བརྩེ་མ་བྱས་འགྱུར། །བསོད་ནམས་ངན་ངོན་ཙམ་དང་ལྡན་པའི་ལྷ་མི་འདི་དག་ངན་པས་ཡེ་ཤེས་ཚོལ ། །དེ་དག་ལུས་ནི་ཉམ་ཆུང་གྱུར་ན་བདུད་རྩི་འཚང་རྒྱ་བྲེད་པར་མི་ནུས་པས། །ཁ་ཟས་རགས་པ་དམ་པ་ཟོས་ཏེ་ལུས་ཀྱི་མཐུ་སྟོབས་བསྐྱེད་པ་བྱས་ན་ནི། །ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མེན་ཉིད་འཆང་རྒྱར་བྱ་བར་བསམས། །གྲོང་པའི་བུ་མོ་སྔན་ཆད་སྤྱོད་པ་སྤྱད་པ་ལེགས་སྐྱེས་མ་ཞེས་བྱ་བ་དེ། །འབེན་པ་བརྟུལ་ཞུགས་གྲུབ་པར་ཤོག་ཅེས་དེ་ལྟའི་ཡིད་ཀྱིས་རྟག་ཏུ་མཆོད་སྤྱིན་བྲེད ། །དེ་ནི་ལྷ་ཡིས་བསྐུལ་བ་ཐོས་ནས་དེ་ཚེ་འོ་ཐུག་སྤྲང་རྩི་ཅན་བླང་ས་ཏེ། །ཀླུང་གི་འགྲམ་དུ་སོང་ནས་དགའ་བའི་ཡིད་ཀྱིས་ནཻ་རན་ཛ་ནའི་ངོགས་ན་འདུག་།བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་ཅིང་དབང་པོ་ཞི་ལ་རབ་ཏུ་ཞི་བ་དེ། །ལྷ་དང་ཀླུ་ཡི་ཚོགས་དང་དྲང་སྲོང་དག་གིས་བསྐོར་ཏེ་ནཻ་རན་ཛ་ནར་འོང་ས། །ཕ་རོལ་བརྒལ་ནས་སེམས་ཅན་སྒྲོལ་བ་བློ་
46-323
གྲོས་ལྡན་པ་ཁྲུས་བྱར་བསམས་ནས་ནི། །ཐུབ་པ་དག་པ་དྲི་མེད་འཇིག་རྟེན་སྙིང་བཅེ་གྱིར་ནི་ཀླུང་དུ་ཞུགས་ཏེ་འུ། །བྱེ་བ་ཕྲག་སྟོང་ལྷ་དག་དགའ་བའི་ཡིད་ཀྱིས་སྤོས་རྣམས་དང་ནི་ཕྱེ་མ་དག་།ཀླུང་དུ་འཐོར་ཞིང་སེམས་ཅན་དམ་པ་བཀྲུ་བའི་དོན་དུཆུ་ལ་གང་བར་བྲེད ། །བྱང་ཆུབ་སེམས་དཔའ་དྲི་མེད་ངེས་པ་བཀྲུས་ཏེ་ངོགས་ན་འདུག་པར་ཤེས་གྱུར་ནས། །ལྷ་སྟོང་རབ་ཏུ་དགའ་སྟེ་སེམས་ཅན་དག་པ་བཀྲུས་པའི་ཆུ་དེ་མཆོད་ཕྱིར་ཁྱེར། །ངུར་སྨྲིག་བཟང་པོ་དྲི་མ་མེད་པའི་གོས་དག་ལྷ་ཡི་བུ་ཡིས་དེ་ལ་བྱིན། །རུང་བ་དག་དང་ཤམ་ཐབས་བགོས་ནས་བཅོམ་ལྡན་འདས་ནི་ཆུ་ཀླུང་ངོགས་ན་འདུག་།ཀླུ་ཡི་བུ་མོ་དགའ་ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་སེང་གེའི་ཁྲི་ཡང་བཤམས། །དེ་ལ་འཇིག་རྟེན་དག་གི་མིག་བྱེད་ཡིད་ཀྱང་རབ་ཏུ་ཞི་བ་དེ་འདུག་ནས། །བློ་གྲོས་ལྡན་པ་ལེགས་སྐྱེས་མ་དེས་གསིར་གྱི་སྣོད་དུ་ཁ་ཟས་བླུགས་ཏེ་བྱིན། །རྐང་པར་ཕྱག་འཚལ་ནས་ནི་དེ་དག་ཁ་ལོ་སྒྱུར་བ་བདག་གིས་གསོལ་ཞེས་བྱས། །བློ་གྲོས་ལྡན་པས་ཇི་ཙམ་དགོས་པར་ཟས་ཀྱང་ཟས་ནས་སྣོད་ནི་ཆུར་བོར་ཏེ། །དེ་ནི་གྲོང་ཁྱེར་འཇིག་པ་ལྷ་ཡི་བླ་མས་བདག་གིས་མཆོད་པར་བྱ་ཞེས་ཁྱེར། །གང་ཚེ་རྒྱལ་བས་ཁ་ཟས་རགས་པ་དམ་པ་ཟས་པ་དེ་ཡི་སྐད་ཅིག་ལ། །དེ་ཡི་ལུས་ཀྱི་སྟོབས་དང་གཟི་བརྗིད་དག་དང་དཔལ་ཡང་སྔ་མཁོ་བཞིན་དུ་གནས། །ལེགས་སྐྱེས་མ་དང་ལྷ་རྣམས་དག་ལ་ཆོས་གཏམ་བྱས་ནས་དོན་ཀྱང་མང་དུ་བྱས། །སེང་གེ་ང་ང་པའི་སྟབས་དང་གླང་པོའི་དབང་པོའི་འགྲོས་ཀྱིས་བྱང་ཆུབ་ཤིང་དྲུང་ཆས། ། ནཻུརན་ཛ་ནའི་ལེའུ་ཞེས་བྱ་བ་སྟེ། བ་ཅ་བརྒྱད་པའོ།། །། ད་གེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཀླུང་ནཻ་རན་ཛ་ནར་ཁྲུས་བྱས་
46-234
ཏེ། ཟས་ཟོས་ནས་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། བདུད་ལས་རྣམ་པར་རྒྱལ་བར་བྱ་བའི་གྱིར་རྣམ་པ་བཅུ་དྲུག་དང་ལྡན་པའི་ས་བྱོགས་ཤིང་གི་རྒྱལ་པོ་བྱང་ཆུབ་ཆེན་པོའི་དྲུང་ག་ལ་བ་དེར་སྐྱེས་བུ་ཆེན་པོའིསྟབས་གང་ཡིན་པའི་སྟབས་དེས་སོང་སྟེ། མི་བསྐྱོད་པའི་སྟབས་དང ། དབང་པོའི་མཆོད་སྣོང་ལྟ་བུའི་སྟབས་དང ། རིའི་རྒྱལ་པོ་ལྷུན་པོ་ལྟར་ཤིན་ཏུ་བརྟན་པའི་སྟབས་དང ། མི་དངོམ་པ་མ་ཡིན་པའི་སྟབས་དང ། ཡ་ཡོ་མེད་པའི་སྟབས་དང ། འཚེ་བ་མེད་པའི་སྟབས་དང ། རིང་ས་པ་མ་ཡིན་པའི་སྟབས་དང ། སྣོད་པ་མེད་པའི་སྟབས་དང ། འཁྲུགས་པ་མེད་པའི་སྟབས་དང ། འཁྱོར་པ་མེད་པའི་སྟབས་དང ། འདྲུད་པ་མེད་པའི་སྟབས་དང ། ཞུམ་པ་མེད་པའི་སྟབས་དང ། ཧ་ཅང་མི་སྡོད་པའི་སྟབས་དང ། མི་གཡོས་པའི་སྟབས་དང ། རྟབ་རྟབ་པོ་མེད་པའི་སྟབས་དང ། ཚུལ་དུ་ཤིས་པའི་སྟབས་དང ། དྲི་མ་མེད་པའི་སྟབས་དང ། དགེ་བའི་སྟབས་དང ། ཞེ་ལྡང་མེད་པའི་སྟབས་དང ། གཏི་མྱུག་མེད་པའི་སྟབས་དང ། ཆགས་པ་མེད་པའི་སྟབས་དང ། སེང་གེའི་སྟབས་དང ། ང་ང་པའི་རྒྱལ་པོའི་སྟབས་དང ། ཀླུའི་རྒྱལ་པོའི་སྟབས་དང ། སྲེད་མེད་ཀྱི་བུའི་སྟབས་དང ། ས་ལ་མི་རེག་པའི་སྟབས་དང ། སྩིབས་སྟོང་དང་ལྡན་པའི་འཁོར་ལོའི་རི་མོ་ས་ལ་སྣང་བའི་སྟབས་དང ། སོར་མོ་དྲ་བས་འབྲེལ་ཅིང་སིན་མོ་ཟང་ས་ལྟ་བུའི་སྟབས་དང ། སོ་སྒྲ་འབྱིན་པའི་སྟབས་དང ། རི་རྡོབ་པའི་སྟབས་དང ། མཐོན་དམན་མཉམ་པར་བྲེད་པའི་རྐང་མཐིལ་གྱི་སྟབས་དང ། དྲ་བའི་བར་ནསའོད་དང་འོད་ཟིར་ཕྱུང་ནས་སེམས་ཅན་ལ་རེག་ན་བདེ་འགྲོར་འགྲོ་བའི་སྟབས་དང ། པད་མ་དྲི་མ་མེད་པ་ལ་གོམ་པ་འདོར་བའི་སྟབས་དང ། སྔོན་དགི་བ་ལེགས་པར་སྤྱད་པའི་འགྲོས་ཀྱི་སྟབས་དང ། སྔོན་གྱི་སངས་རྒྱས་
46-325
སིང་གེའི་ཁྲི་ལ་བཞུད་པའི་སྟབས་དང ། རྡོ་རྗེ་ལྟར་བསམ་པ་བརྟན་ཞིང་མི་བྲེད་པའི་སྟབས་དང ། ངན་སོང་ངན་འགྲོ་ཐམས་ཅད་གཅོད་པའི་སྟབས་དང ། བདེ་བ་ཐམས་ཅད་སྐྱེད་པའི་སྟབས་དང ། ཐར་པའི་ལམ་སྟོན་པའི་སྟབས་དང ། བདུད་ཀྱི་སྟོབས་སྟོབས་མེད་པར་བྲེད་པའི་སྟབས་དང ། ངན་པའི་ཚོགས་ཅན་གྱི་ཚོགས་ཕས་ཀྱི་གོལ་བ་ཆོས་དང་འཐུན་པས་ཚར་ག་ཅད་པའི་སྟབས་དང ། མྱུན་པའི་ཡིང་ཐོག་དང ། ཉོན་མོང་ས་པ་སེལ་བའི་སྟབས་དང ། འཁོར་བའི་བྱོགས་བྱོགས་མེད་པར་བྱེད་པའི་སྟབས་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། དབང་ཕྱུག་ཆེན་པོ་དང ། འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པའི་སྟབས་དང ། སྟོང་གསུམ་གྱི་སྟོང་ཆེན་པོ་ན་དཔའ་བོ་གཅིག་པུའི་སྟབས་དང ། རང་བྱུང་ཟིལ་གྱིས་མནོན་པའི་སྟབས་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྲེད་པའི་སྟབས་དང ། དྲ་ན་པ་དང་བློ་གྲོས་ཀྱི་སྟབས་དང ། བདེ་འགྲོར་འགྲོ་བའི་སྟབས་དང ། རྒ་བ་དང་འཆི་བ་རབ་ཏུ་ཞི་བར་བྲེད་པའི་སྟབས་དང ། ཞི་བ་རྡུལ་མེད་པ། བདུད་ཀྱི་འཇིགས་པ་མེད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་སྟབས་ཏེ། དེ་འདྲ་བའི་སྟབས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་ཆས ། །དགེ་སློང་དག་དེ་ལྟར་ཀླུང་རྣཻ་རན་ཛ་ན་དང ། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་རླུང་གི་སྤྲིན་གྱི་ལྷའི་བུ་རྣམས་ཀྱིས་ལམ་ཕྱག་དྲ་བྱས་པར་གྱུར་ཏོ། །ཆར་སྤྲིན་རྣམས་ཀྱིས་སྤོས་ཆུས་ཆག་ཆག་བཏབ་བ་བོ། །མེ་ཏོག་ཀྱང་ཆལ་མར་བཀྲམ་མ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤིང་བྱང་ཆུབ་ག་ལ་བ་དེ་ལོགས་སུ་རྩེ་མོ་འདུད་པར་གྱུར་ཏོ། ། གང་དག་དེའི་ཉིན་པར་བཙས་པའི་བྱིས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལོགས་
46-326
སུ་མགོ་བསྟན་ཏེ་ཉལ་ལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རི་རབ་ལ་སོགས་པ་རི་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེ་ལོགས་སུ་འདུད་པར་གྱུར་ཏོ། །ཀླུང་ནཻ་རན་ཛ་ན་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ཁ་ཚོན་རྒྱང་གྲགས་ཙམ་ཚུན་ཆད་ཀྱི་ལམ་མངོན་པར་བཀོད་པར་གྱུར་ཏོ། ། ལམ་དེའི་འགྲམ་གཡས་གལོས་སུ་འང་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་འཕང་དུ་ཤིང་ཏ་ལ་བདུན་ཙམ་དུ་མཐོ་བ། སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། ལྷའི་གདུགས་དང ། རྒྱལ་མཚན་དང ། བ་དན་གྱིས་ལེགས་པར་བརྒྱན་པར་སྤྲུལ་ཏོ། །མད་འ་རྒྱང་གང་ཙམ། མདའ་རྒྱང་གང་ཙམ་གྱི་ཞིང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་སྟེགས་བུ་དེ་བས་མཐོ་བ་མངོན་པར་སྤྲུལ་ཏེ། ཤིང་ཏ་ལ་ཐམས་ཅད་རིན་པོ་ཆེ་བརྒྱུས་པས་ཕན་ཚུན་འབྲེལ་བར་འདུག་ག་གོ། །ཤིང་ཏ་ལ་ག་ཇི་ས་གཉརིས་ཀྱི་བར་དུ་རྫིང་སྤོས་ཆུས་ཡོངས་སུ་གང་བ་གསེར་གྱི་བྲེ་མ་བད་ལ་བ། མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མྱུ་དང ། པད་མ་དཀར་པོ་ལ་སོགས་པས་གང་བ། རིན་པོ་ཆེའི་སྟེགས་བུས་བསྐོར་བ། ནོར་བུ་རིན་པོ་ཆེ་བཻ་བྱུཀྱས་ཐེམ་སྐས་བརྒྱན་པ། ཆུ་སྲེག་དང ། བྱ་གར་དང ། ང་ང་པ་དང ། ངུར་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་སྒྲ་འབྱིན་པའི་རྫིང་དག་བྱས ། །ལམ་དེ་ན་ལྷའི་བུ་མོ་བརྒྱད་ཁྲི་ནི་སྤོས་ཆུས་ཆག་ཆག་འདེབས་སོ། །ལྷའི་བུ་མོ་པརྒྱད་ཁྲི་ནི་མེ་ཏོག་སིལ་མ་ལྷའི་དྲི་བསུང་དང་ལྡན་པ་འཐོར་རོ། །ཤིང་ཏ་ལ་ཐམས་ཅད་ཀྱི་མདུན་ལོགས་སུ་རིན་པོ་ཆེའི་མཁའ་རྟེན་བཞག་གོ། །རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ཙན་དན་དང ། ་ག་རུའི་ཕྱེ་མའི་ཕུར་མ་ཐོགས་པ་དང ། དུས་ཀྱི་རྗེས་སུ་འབྲང་བའི་བདུག་པའི་པོག་ཕོར་ཐོགས་པ་བརྒྱད་ཁྲི་
46-327
འཁོད་པར་གྱུར་ཏོ། །རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ལྷའི་གླུ་དབྱང་ས་ལེན་པ་ལྔ་ཁྲི་འཁོད་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཞིང་རྣམས་ནི་རབ་ཏུ་སྐྱོད ། འོད་ཟིར་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་འབྱིན། སིལ་སྙན་བརྒྱ་སྟོང་ནི་སྒྲོགས ། མེ་ཏོག་མང་པོའི་ཆར་ཆེན་པོ་ནི་འབེབས། གོས་བརྒྱ་སྟོང་གི་གཡབ་མོ་ནི་འདོར། རྔ་བོ་ཆེ་བརྒྱ་སྟོང་ནི་རྡུང ། རྟ་དང་གླང་པོ་ཆེ་དང ། གླང་ཁྱུ་བ་རྣམས་ནི་སྒྲ་འབྱིན། བྱ་ནེ་ཙོ་དང ། རི་སྐེགས་དང ། ཁུ་བྱུག་དང ། ཀ་ལ་པིང་ཀ་དང ། ཤང་ཤང་ཏེའུ་དང ། ང་ང་པ་དང ། ངུར་པ་དང ། ཁྲུང་གྲུང་དང ། རྨ་བྱ་བརྒྱ་སྟོང་ནི་བསྐོར་བ་བྲེད ། བཀྲ་ཤིས་བརྒྱ་སྟོང་ནི་འབུལ་ཞིང་ལམ་གྱི་བཀོད་པ་རྣམ་པ་དེ་ལྟ་བུ་དེས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་སོང་ངོ ། །གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པར་གྱུར་པ་དེ་ཉིད་ཀྱི་ནུབ་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་དབང་སྐྱུར་ཞེས་བྱ་བ་དེས་ཚང་ས་པའི་འཁོར་ཆེན་པོ་དེ་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་ཤེས་པར་གྱིས་ཤིག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་མན་བས་པ། དམ་བཅས་པ་ཆེན་པོ་མ་བོར་བ། གོ་ཆསྲ་བ་མནབས་པ། ཐུགས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཚར་ན་པ། ཕ་རོལ་ཏུ་གྱི་ན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་མངའ་དབང་བརྙེས་པ། བྱང་ཆུབ་སེམས་དཔའི་བསམ་པ་ཐམས་ཅད་ཀྱི་བྱ་བ་ཤིན་ཏུ་མཁྱེན་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྗེས་སུ་ཞུགུས་པ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལ་ཤིན་ཏུ་ཞུགས་པ་བདུད་ཀྱི་ལས་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་
46-328
པ། དགེ་བའི་རྩ་བ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་རབ་ཏུ་ཐར་པའི་ལམ་སྟོན་པ། དེད་དཔོན་ཆེན་པོར་གྱུར་པ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་མཛད་པ། སྟོང་གསུམ་ན་དཔའ་བོ་གཅིག་པུར་གྱུར་པ། ཆོས་ཀྱི་སྨན་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ་རྣམ་པར་གྲོལ་བའི་ཐབས་ཐོབ་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་འོད་ཆེན་པོ་གཏོང་བ། ཏོག་ཆེན་པོའི་རྒྱལ་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པས་པད་མ་ཆེན་པོ་ལྟ་བུ། ཆོས་ཐམས་ཅད་ཀྱི་གཟུང་ས་མ་བསྙེལ་བ། རྒྱ་མཚོ་ཆེན་པོ་དང་འདྲ་བ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། མི་གཡོ་བ། མི་བསྐྱོད་པ། རི་རབ་ཆེན་པོ་ལྟ་བུ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དཀར་བའི་བློ་དང་ལྡན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ། སེམས་ལས་སུ་རུང་བ། ཚང་ས་པ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདུད་ཀྱི་སྡེ་རབ་ཏུ་འདུལ་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བཞེད་པ་དང ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་ཅཱ་བརྒྱད་ཡོངས་སུ་རྫོགས་པར་མཛད་པ་དང ། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང ། སིང་གེའི་སྒྲ་ཆེན་པོ་བསྒྲག་པ་དང ། ཆོས་ཀྱི་སྤྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་དང ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་སྦྱང་བ་དང ། ཕས་ཀྱི་གོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་ག་ཅད་པ་དང ། སྔོན་དམ་བ་ཅས་པ་ཡོངས་སུ་རྫོགས་པ་ཀུན་ཏུ་བསྟན་པ་དང ། ཆོས་ཐམས་ཅད་ལ་དབང་ཕྱུག་གི་
46-329
མངའ་དབང་བརྙེས་པར་མཛད་པའི་གྱིར་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་གྲོགས་པོ་དག་ཁྱེད་བྱང་ཆུབ་སེམས་དཔའ་ལ་མཚོད་པ་དང ། རིམ་གྲོ་བྱ་བའི་ལས་ཐམས་ཅད་ལ་སྤྲོ་བར་གྱིས་ཤིག་།དེ་ནས་ཚང་ས་པ་ཆེན་པོ་དབང་སྒྱུར་གྱིས་དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །གང་གི་བསོད་ནམས་དག་དང་གཟི་བརྗིད་དཔལ་གྱིས་བྱམས་དང་སྙིང་རྗེ་དགའ་བ་དང ། །བཏང་སྟོམས་དང་ནི་བསམ་གཏན་དག་དང་དེ་བཞིན་མངོན་ཤེས་ཚང་ས་པའི་ལམ་སྣང་བ། །བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་པ་དེ་ནི་བྱང་ཆུབ་ཤིང་དྲུང་ཆས་པར་གྱུར། །ཐུབ་པ་དེ་ལ་བསམ་པའི་བརྟུལ་ཞུགས་སྒྲུབ་པར་བྱེད་པའི་མཚོད་པ་ལེགས་པར་བྱ། །དེ་ལ་སྐྱབས་སུ་སོང་ནང་ན་འགྲོའི་འཇིགས་དང་མི་ཕྲད་མི་ཁོམ་མི་འགྱུར་ཏེ། །ལྷ་ཡི་ནང་དུ་འདོད་པའི་བདེ་བ་རྙེད་ནས་ཚང་ས་པའི་གནས་ཡང་ས་འགྲོ་བར་འགྱུར། ། ལོ་དྲུག་བར་དུ་དཀའ་བ་སྤྱད་པ་སྤྱད་ནས་འདི་ནི་བྱང་ཆུབ་ཤིང་དྲུང་བཞུད ། ། ཀུན་ཀྱང་དགའ་ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་དེ་ལ་མཆོད་པ་ལེགས་པར་གྱིས།། དེ་ནི་སྟོང་གསུམ་རྒྱལ་པོ་དབང་ཕྱུག་དམ་པ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་སྟེ། །བརྒྱ་བྱིན་ཚང་ས་པ་ཉི་ཟླའི་གྲོང་ཁྱེར་དག་ན་དེ་དང་མཉམ་པ་གང་ཡང་མེད། །གང་བསྟས་ཚེ་ན་ཞིང་རྣམས་བྲེ་བ་ཁྲག་ཁྲིག་རྣམ་པ་དྲུག་ཏུ་གལོས་གྱུར་པ། །དེ་ནི་དེ་རིང་བདུད་ཀྱི་དཔུང་ལས་རྒྱལ་བར་མཛད་གྱིར་ཤིང་ཆེན་མཆོག་དྲུ་ང་བཞུད། ། གང་གི་སྤྱི་གརྩུག་ཚང་ས་པའི་གནས་འདིར་གནས་ཀྱང་བལྟ་བར་ནུས་པ་མ་ཡིན་ཞིང ། །གང་གི་སྐུ་ལ་མཚན་རབ་དམ་པ་ལྡན་ཞིང་སུམ་ཅུ་རྩ་གཉིས་ལེགས་བརྒྱན་ལ། །གང་གི་གསུང་འདིར་ཡིད་དུ་འོང་ཞིང་སྙན་ལ་རྣར་འཐད་ཚང་ས་དབྱང་ས་སྒྲ་སྙན་ཅིང ། །གང་གི་ཐུགས་ནི་རབ་ཞི་ཁྲོ་དང་བྲལ་བ་དེ་ལ་མཆོད་པ་བྲེད་དུ་འདོང ། །གང་དག་བློ་གྲོས་བརྒྱ་བྱིན་ཚང་ས་པའི་གནས་སུ་བསམ་གཏན་བདེ་
46-330
བས་འདའ་བྱ་དང ། །ཉོན་མོང་ས་འཆིང་བའི་འཁྲི་ཤིང་ཀུན་དང་དྲ་བ་དེ་དག་གཅོད་པར་བྲེད་འདོད་དང ། །གཞན་ལས་མ་ཐོས་པར་ནི་རང་རྒྱལ་བྱང་ཆུབ་ཞི་བ་འཆི་མེད་འཐོབ་འདོད་དང ། །གལ་ཏེ་ས་གསུམ་དག་ན་སངས་རྒྱས་ཉིད་འདོད་དེ་དག་འདྲེན་པ་མཆོད་པར་གྱིས། །གང་གིས་རྒྱ་མཚོར་བ་ཅས་པའི་ས་དང་དེ་བཞིན་རིན་པོ་ཆེ་རྣམས་མཐའ་ཡས་དང ། །ཁང་བཟང་ས་སྐར་ཁུང་བསིལ་ཁང་མང་ལྡན་པ་དང་ཟུང་དུ་སྤྲེལ་དང་བཞོན་པ་དང ། །མེ་ཏོག་ཕྲེང་བ་ཤིན་ཏུ་མཇེས་པས་བརྒྱན་པ་སྐྱེད་མོས་ཚལ་གྱིས་རབ་བརྒྱན་དང ། །རྐང་ལག་མགོ་དང་མིག་རྣམས་ཡོངས་སུ་བཏང་བ་དེ་ནི་བྱང་ཆུབ་སྙིང་པོར་ཞུགས། ། དགེ་སློང་དག་དེ་ལྟར་སྟོང་གསུམ་གྱི་ཚང་ས་པ་ཆེན་པོ་དེ་སྐད་ཅིག་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གྱིན་ཏེ། ལག་མཐིལ་ལྟར་མཉམ་པར་གྱུར་པ། རྒྱོ་མོ་དང་རྡོ་མེད་པ་དང ། ནོར་བུ་དང ། མྱུ་ཏིག་དང ། བཻ་ཀླུ་རྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དང ། དངུལ་མང་བ། ཙོ་སྔོ་ཞིང་འཇམ་ལ་གཡས་སུ་འཁྱིལ་ཅིང་གཡུང་དྲུང་འཁྱིལ་པ་ཀ་ཙ་ཡིནདི་ཀའི་གོས་ལྟར་རེག་ན་བདེ་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པ་འདིར་ཕྱིན་ཏོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ཐམས་ཅད་ས་ལྟ་བུར་གྱུར་ཀྱང་ཆུ་ན་རྒྱུ་བའི་སེམས་ཅན་རྣམས་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ལྟར་བརྒྱན་པ་འདི་བྱོགས་བཅུའི་བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ལེགས་པར་བརྒྱན་ཏོ། །བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ལྷའི་དང་མིའི་ལས་ཤིན་ཏུ་འདས་པའི་མཆོད་པ་
46-331
བཀོད་པ་རྣམས་ཀྱིས་ཁྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་བརྒྱན་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་བཀོད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་སངས་རྒྱས་ཀྱི་ཞིང་གཅིག་ལྟ་བུར་སྣང་བར་གྱུར་ཏོ། ། འཇིག་རྟེན་གྱི་བར་དག་དང ། རི་ནག་པོ་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་དག་ཀྱང་མི་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འོད་ཀྱིས་གསལ་བར་སྣང་ངོ ། །བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་ཡོད་དེ། །འདི་ལྟ་སྟེ། ལྷའི་བུ་ཨུད་ཀ་ལཱི་ཞེས་བྱ་བ་དང ། ལྷའི་བུ་མྱུད་ཀ་ཡི་ཞེས་བྱ་བ་དང ། སྐྱེ་དགུའི་བདག་པོ་དང ། དཔའ་སྟོབས་དང ། དཔུང་རྒྱན་སྟོབས་དང ། རབ་བརྟན་དང ། ས་འཛིན་དང ། སྣང་བྲེད་དང ། དྲི་མ་མེད་དང ། ཆོས་ཀྱི་དབང་ཕྱུག་དང ། ཆོས་ཀྱི་ཏོག་དང ། འགྲོ་གྲུབ་དང ། མིག་ཐོགས་པ་མེད་དང ། བཀོད་པ་ཆེན་པོ་དང ། ཚུལ་ཁྲིམས་རྣམ་དག་དྲི་ལྡན་དང ། པད་མའི་འོད་དེ། ལྷའི་བུ་བཅུ་དྲུག་པོ་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་སྟེ། ཐམས་ཅད་ཀྱང་གྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ། །དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཚོད་པ་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་བརྒྱན་ཏེ། དཔག་ཚད་བརྒྱད་ཅུ་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་རིམ་པ་བདུན་གྱིས་ནི་བསྐོར། ཤིང་ཏ་ལའི་ཕྲེང་བ་རིམ་བདུན་དང ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་དང ། རིན་པོ་ཆེ་བརྒྱུས་པ་རིམ་པ་བདུན་གྱིས་ནི་བསྐར། འཛམ་བུའི་ཆུ་བོའི་གསེར་གྱི་གླེགས་བམ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དག་དང ། གསེར་གྱི་ཙོང་ཙོང་དག་དང ། འཛམ་བུའི་ཆུ་བོའི་གསེར་གྱི་པད་མ་དག་གིས་ནི་ཁེབས་པར་བྱས། སྙིང་པོ་མཆོག་གི་
46-332
སྤོས་ཀྱིས་ནི་བདུགས། རིན་པོ་ཆེའི་དྲ་བ་ནི་བྲེས་ས་སོ། །ཁྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་ད་པ་དག་ན་ཤིང་སྣ་ཚོགས་མངོན་པར་འཕགས་པ།[་\[]་བཟང་བ་མངོན་དུ་མཆོད་པ། ལྷ་ཡུལ་བ་དང ། མི་ཡུལ་བ་གང་དག་ན་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །བྱོགས་བཅུ་དག་ན་ཆུ་ནས་སྐྱེ་བ་དང ། ཐང་ལས་སྐྱེ་བའི་མེ་ཏོག་རྣམ་པ་སྣ་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། ། བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་ད་པ་དག་ན། བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་དང ། ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་བཀོད་པ་དག་གིས་བྱང་ཆུབ་ཀྱི་སྙིང་པོ་བརྒྱན་པར་བྱེད་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །དེ་ལྟར་ལྷའི་བུ་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་བཀོད་པ་དེ་འདྲ་བ་དག་སྤྲུལ་པར་གྱུར་ཏེ། དེ་དག་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དག་གིས་མཐོང་ནས་རང་རང་གི་གནས་ལ་དུར་ཁྲོད་ཙམ་གྱི་འདུ་ཤེས་སྐྱེད་པར་གྱུར་ཏོ། ། བཀོད་པ་དེ་དག་མཐོང་ནས་ཤིན་ཏུ་ངོ་མཚར་ཆེར་འཛིན་ཏེ། ཨེ་མའོ་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པ་བསམ་གྱིས་མི་ཁྱབ་པ་ལེགས་སོ་ཞེས་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་དོ། །བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞིཡོད་དེ་འདི་ལྟ་སྟེ། འོད་མ་དང ། སྙན་ལྡན་དང ། ཡིད་བཟང་ས་དང ། མད་ངས་ལྡན་མ་སྟེ། བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞི་པོ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་གྱིར་བྱང་ཆུབ་ཀྱི་ཤིང་རྩ་བ་ཕུན་སུམ་ཚོགས་པ། སྣོང་པོ་ཕུན་སུམ་ཚོགས་པ། ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་སྣ་ཚོགས་ཕུན་སུམ་ཚོགས་པ། ཁྲུན་དང་སྤམས་ཕུན་སུམ་ཚོགས་པ་མཇེས་
46-333
པ། བལྟ་ན་སྡུག་པ། ཤིན་ཏུ་འགེལ་བ། འཕང་དུ་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མཐོ་བ། དེ་དང་འཚམ་པར་འགེལ་བ། བཀྲ་བ། བལྟ་ན་སྡུག་པ། ཡིད་དུ་འོང་བ། རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་རིམ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུ་ན་དང ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་པ་བདུན་དང ། རིན་པོ་ཆེ་བརྒྱུས་པའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཅིང་གྱི་རིམ་བསྐོར་བ། ཤིང་ཡོང་ས་འདུ་ས་བརྟོལ་དང་འདྲ་བ། མིག་གིས་བལྟ་བས་མི་ངོམས་པ་བསྐྱེད་དོ། །གང་དུ་བྱང་ཆུབ་སེམས་དཔའ་འདུག་ནས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་ས་བྱོགས་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་དཀྱིལ་ཏེ། སྲ་བ། སྙིང་པོ་ཡོད་པ། མི་ཕྱེད་པ། རྡོ་རྗེའི་རང་བཞིན་དུ་གནས་པར་གྱུར་པའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་ལུས་ལས་རྣམ་པ་འདི་ལྟ་བུའི་འོད་འགྱིད་དེ། འོད་དེས་ངན་སོང་ཐམས་ཅད་ཞི་བར་གྱུར་ཏོ། །མི་ཁོམ་པ་ཐམས་ཅད་བ་ཅད་པར་གྱུར་ཏོ།། ངན་འགྲོའི་ཚོར་བ་ཐམས་ཅད་བསྐམས་པར་གྱུར་ཏོ། །སེམས་ཅན་གང་དག་དབང་པོ་མ་ཚང་བ་དེ་དག་ནི་དབང་པོ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཏོ། ། ནད་ཀྱིས་བཏབ་པ་རྣམས་ནི་ནད་སོས་པར་གྱུར་ཏོ། །མི་བདེ་བ་ཐམས་ཅད་ནི་བདེ་བ་ཐོབ་པར་གྱུར་ཏོ། །འཇིགས་པས་ཉེན་པ་རྣམས་ནི་དབུགས་ན་པ་ཐོབ་པར་གྱུར་ཏོ། །བཅིང་བས་བཅིང་ས་པ་རྣམས་ནི་བཅིངས་པ་ལས་གྲོལ་བར་གྱུར་ཏོ། །སེམས་ཅན་དབུལ་པོ་རྣམས་ནི་ལོང་ས་སྤྱོད་དང་ལྡན་པར་གྱུར་ཏོ། །ཉོན་མོང་ས་པས་གདུངས་པ་རྣམས་ནི་ཡོངས་སུ་གདུང་བ་མེད་པར་གྱུར་ཏོ། །བཀྲེས་པ་རྣམས་ནི་ལྟོ་འགྲང་ས་པར་གྱུར་ཏོ། །སྐོམ་པ་རྣམས་ནི་སྐོམ་པ་མེད་པར་གྱུར་
46-334
ཏོ། །སྤྲུམ་མ་རྣམས་ནི་བདེ་བར་བསྟས་པར་གྱུར་ཏོ། །ཞུམ་པ་ཉམ་ཆུང་བ་རྣམས་ནི་སྟོབས་ཕུན་སུམ་ཚོགས་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་གང་ལ་ཡང་འདོད་ཆགས་དང་ཞེ་ལྡང་དང ། གཏི་མྱུག་དང ། ཁྲོ་བ་དང ། ཆགས་པ་དང ། ཐ་བ་དང ། གནོད་སེམས་དང ། ཕྲག་དོག་གི་གནོད་པ་མེད་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་གང་ཡང་འཆི་བ་མེད ། འཕོ་བ་མེད ། སྐྱེ་བ་མེད་དོ། །དེའི་ཚེ་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང ། ཕན་པའི་སེམས་དང་ལྡན་ཞིང་གཅིག་ལ་གཅིག་ཕ་མར་འདུ་ཤེས་བསྐྱེད་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། མནར་མེད་པ་ལ་ཐུག་པའི་བར། །དམྱལ་བ་མི་བཟད་སྣང་བ་ཡི། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི ། །བདེ་བའི་ཚོར་བ་ཐོབ་པར་འགྱུར ། །དུད་འགྲོའི་སྐྱེ་གནས་སེམས་ཅན་རྣམས། །ཕན་ཚུན་གནོད་བྱི་ད་ཇི་སྙེད་པ། །ཐུབ་ཆེན་འོད་ཀྱིས་རེག་པས་ན། །དེ་དག་བྱམས་པའི་སེམས་ཀྱང་སྐྱེས། །ཡི་དགས་འཇིག་རྟེན་ཡི་དགས་རྣམས། །བཀྲེས་སྐོམ་ཉེན་པ་ཇི་སྙེད་པ། །བྱང་ཆུབ་སེམས་དཔའི་གཟི་བཇིད་ཀྱིས། །དེ་དག་ཟས་སྐོམ་རྙེད་པར་གྱུར། །མི་ཁོམ་ཐམས་ཅད་ཆད་གྱུར་ཅིང ། །ངན་འགྲོ་རྣམས་ཀྱང་སྐམས་པར་གྱུར། །སེམས་ཅན་ཐམས་ཅད་བདེར་གྱུར་ཏེ། །ལྷ་ཡི་བདེ་བས་རབ་ཏུ་ཚིམ། །མིག་དང་རྣ་བ་མེད་པ་དང ། །གཞན་ཡང་གང་དག་དབང་པོ་ཉམས། ། དེ་དག་དབང་པོ་ཀུན་རྫོགས་ཤིང ། །ཡན་ལག་ཐམས་ཅད་མཇེས་པར་གྱུར། ། འདོད་ཆགས་ཞེ་སྡང་ལ་སོགས་པའི། །ཉོན་མོང་ས་རྣམས་ཀྱིས་སེམས་ཅན་གང་།། གནོད་གྱུར་དེ་ཚེ་ཉོན་མོང་ས་ཀུན། །ཞི་བར་གྱུར་ཏེ་བདེ་དང་ལྡན། །སྨྱོས་པ་དག་ནི་དྲ་ན་ལྡན་ཞིང ། །དབུལ་པོ་དག་ཀྱང་ནོར་དང་ལྡན། །ནད་ཀྱིས་བཏབ་པ་ནད་སོས་ཤིང ། །བཅིང་བས་བཅིང་ས་པ་གྲོལ་བར་གྱུར། །སེར་སྣ་མེད་ཅིང་
46-335
དགྲ་མེད་དེ། །གནོད་སེམས་དང་ནི་རྩོད་པ་དག་།ཕན་ཚུན་བྲེད་པ་མེད་གྱུར་ཏེ། །དེ་ཚེ་བྱམས་པའི་སེམས་སུ་གནས། །ཕ་དང་མ་དག་བུ་གཅིག་ལ། །ཇི་ལྟར་ཕངས་པར་སེམས་པ་ལྟར ། །དེ་བཞིན་སེམས་ཅན་ཕན་ཚུན་དུ། །དེ་ཚེ་བུ་ཕང་ས་བཞིན་དུ་སེམས། །བྱང་ཆུབ་སེམས་དཔའི་འོད་དྲ་ཡིས། །བྱོགས་བཅུའི་ཁྱོགས་ནི་ཀུན་ཏུ་ཡང ། །གང་གཱའི་བྱེ་མའི་གྲང་ས་སྙེད་ཀྱི། །ཞིང་རྣམས་བསམ་གྱིས་མི་ཁྱབ་གསལ། །རི་བོ་ནག་པོ་རྣམས་དང་ནི། །ཁོར་ཡུག་དག་ཀྱང་མི་སྣང་གྱུར། །རྒྱ་ཆེན་ཞིང་རྣམས་དེ་དག་ཀུན། །གཅིག་པོ་ཇི་བཞིན་དེ་ལྟར་སྣང ། །ལག་མཐིལ་ལྟ་བུར་གྱུར་པ་སྟེ། །བྱང་ཆུབ་སེམས་དཔའ་མཆོད་པའི་གྱིར། །ཞིང་རྣམས་ཐམས་ཅད་ལེགས་བརྒྱན་པས། །ཐམས་ཅད་རིན་ཆེན་ཉིད་དུ་སྣང ། །བྱང་ཆུབ་སྙིང་པོའི་རིམ་གྲོ་པ། །ལྷ་ནི་དེ་ལྟར་བརྩུ་དྲུག་ཡོད ། ། དཔག་ཚད་བརྒྱད་ཅུའི་ས་ཁྱནོ་ནང ། །བྱང་ཆུབ་སྙིང་པོ་བརྒྱན་པར་གྱུར། ། ཞིང་རྣམས་བྲེ་བ་མཐའ་ཡས་ན། །བཀོད་པ་ཆེན་པོ་གང་ཡོད་པ། །བྱང་ཆུབ་སེམས་དཔའི་གཟི་བཇིད་ཀྱིས། །དེ་དག་ཐམས་ཅད་དེར་ཡང་སྣང ། །ལྷ་དང་ཀླུ་དང་གནོད་སྤྱིན་དང ། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །རང་རང་གཞལ་མེད་ཁང་རྣམས་ལ། །དུར་ཁྲོད་ཙམ་དུ་ཤེས་པར་གྱུར། །འདིར་ནི་བཀོད་པ་དེ་མཐོང་ནས། །ལྷ་དང་མི་རྣམས་ངོ་མཚར་གྱུར ། །བསོད་ནམས་གང་གི་རྒྱུ་འཐུན་འདིར ། །ཕུན་སུམ་འདི་འདྲ་འདི་ལེགས་འཚར། །ལུས་དང་ང་ག་དང་ཡིད་རྣམས་ཀྱིས། །བརྩོནཔར་བྲེད་པ་མེད་པར་ཡང ། །དེ་ཡི་ཡིད་ལ་འདོད་པ་དང ། །བསམ་པ་ཐམས་ཅད་རབ་ཏུ་འགྲུབ། །ཇི་ལྟར་བསམ་པ་གཞན་དག་ཀྱང ། །སྔོན་སྤྱོད་ཚེ་ན་རྫོགས་གྱུར་པ། །ལས་དེའི་རྣམ་པར་སྨིན་པ་ཡིས། །འདི་འདྲའི་ཕུན་སུམ་ཚོགས་འདི་བྱུང ། །བྱང་ཆུབ་ཤིང་གི་ལྷ་མོ་
46-336
བཞིས། །ལྷ་ཡི་ཤིང་ནི་ཡོང་ས་འདུ་བ། །དེ་བས་ཁྱད་པར་འཕགས་པ་ཡིས། ། བྱང་ཆུབ་སྙིང་པོར་བརྒྱན་པར་བྱས། །བྱང་ཆུབ་སྙིང་པོའི་བཀོད་པ་གང ། ། ལྷ་ཡིས་མངོན་པར་འདུས་བྱས་པ། །ཡོན་ཏན་དེ་དག་ཚིག་གིས་ནི། །ཐམས་ཅད་བརྗོད་པར་ལོང་མི་ནུས། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ལས་འོད་ཕྱུང་བ་རྣམ་པར་དག་པ། དྲི་མ་མེད་པ། ལུས་དང་སེམས་ཚིམ་པར་བྲེད་ཅིང་དགའ་བ་སྐྱེད་པ། ཉོན་མོང་ས་པ་ཐམས་ཅད་སེལ་བ། སེམས་ཅན་ལ་དགའ་བ་དང ། བདེ་བ་དང ། ད་པ་དང ། མཆོག་ཏུ་དགའ་བ་ཐམས་ཅད་སྐྱེད་པ་དེས་ཀླུའི་རྒྱལ་པོ་ནག་པོའི་གནས་སྣང་བར་བྱས་པར་མཐོང་ནས། དེའི་ཚེ་ཀླུའི་རྒྱལ་པོ་ནག་པོ་རང་གི་འཁོར་གྱི་མདུན་དུ་འདུག་སྟེ་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །གང་གྱིར་བདག་གི་གནས་འདི་གསིར་གྱི་འོད་ཀྱིས་བརྒྱན་པར་ལྷ་དེར་གྱུར་པ་ལས། །ཇི་ལྟར་འཁོར་བ་འཇིག་གི་འོད་མཇེས་མཐོང་ཞིང་གསེར་ཞེས་བྱ་བ་མཐོང་བ་དང ། །ཇི་ལྟར་འོད་སྲུང་ཆོས་ཀྱི་རྒྱལ་པོ་སྐྱོན་མེད་པ་ཡི་དྲི་མེད་འོད་མཐོང་ལྟར ། །མཚན་མཆོག་ལྡན་ཞིང་ཕན་མཛད་ཡེ་ཤེས་འོད་ལྡན་པ་ཞིག་འབྱུང་དུ་ཇེ་ཚོམ་མ་མེད ། །སྔོན་ཆད་ཉརེས་པར་བྱས་པའི་ལས་ཀྱིས་བདག་གི་ཁྱིམ་ནི་ཤིན་ཏུ་མྱུན་པས་གང ། ཁྱིམ་འདི་ན་ནི་ཉི་མ་ཟླ་བ་དག་གིས་རྒྱ་ཆེར་འོད་ཀྱང་ཡོང་མི་སྣང ། །མེ་དང་ནོར་བུ་དག་དང་དྲི་མེད་གློག་དང་སྐར་མ་རྣམས་ཀྱི་འོད་མི་སྣང ། །བརྒྱ་བྱིན་འོད་དང་ཚང་ས་པའི་འོད་དང་ལྷ་མིན་རྣམས་ཀྱི་འོད་ཀྱང་མི་སྣང་ན། །དེ་རིང་ཁྱིམ་འདིའི་ནང་དུ་ཉི་མའི་འོད་འདྲ་བ་ཡི་དགེབས་མ་ཛིས་གྱུར་ལ། །སེམས་ཀྱང་དགའ་བ་སྐྱེད་ཅིང་ལུས་ཀྱང་བདེ་བར་གྱུར་ལ་ལུས་ནི་བསིལ་གྱུར་ཏེ། །ལུས་ཀྱི་སྟེང་དུ་བྲེ་ཚན་འབབ་པ་དེ་ཡང་བདག་ལ་བསིལ་བར་གྱུར་པ་ལས། །བསྐལ་པ་བྲེ་བ་མང་པོར་སྤྱད་པ་བྱང་ཆུབ་ཤིང་དྲུང་
46-337
བཞུད་པར་ཤིན་ཏུ་གསལ། །ཀླུ་ཡི་མེ་ཏོག་མཇེས་དང་བཟང་ལ་དྲི་ཞིམ་གོས་དང་མྱུ་ཏིག་དོ་ཤལ་དང ། །རྒྱན་དང་གདུ་བུ་དག་དང་བྲེ་མ་རྣམས་དང་བདུག་པ་མཆོག་རྣམས་མྱུར་ཐོགས་ལ། །གླུ་དབྱངས་དག་དང་རོལ་མོའི་དབྱང་ས་སྒྲ་སྣ་ཚོགས་གྱིས་ཤིག་རྔ་དང་རྗ་རྔ་བཟང ། །བརྡུང་ཞིང་འགྲོ་བླ་ཀུན་གྱིས་མཆོད་འོས་ཕན་པ་མཛད་ལ་མཚོད་པ་བྲེད་དུ་འདེང ། །དེ་ནི་ལང་ས་ཏེ་ཀླུ་ཡི་བུ་མོ་རྣམས་དང་ལྷན་ཅིག་བྱོགས་བཞིར་བལྟས་པ་དང ། །དེ་ནས་རི་བོ་ལྷུན་པོ་ལྟ་བུར་གཟི་བརྗིད་རྣམས་ཀྱིས་ལེགས་པར་བརྒྱན་པ་ཞིག་།ལྷ་དང་ལྷ་མིན་བྲེ་བ་དག་དང་ཚང་ས་པའི་དབང་དང་གནོད་སྤྱིན་རྣམས་ཀྱིས་བསྐོར། །དགའ་བའི་ཡིད་ཀྱིས་དེ་ལ་མཆོད་བྲེད་ཤུལ་ནི་འདི་ཞེས་སྟོན་ཅིང་འདོང་བ་མཐོང ། །ཀླུ་ཡི་རྒྱལ་དེ་རབ་ཏུ་དགའ་ཞིང་མགུ་ནས་འཇིག་རྟེན་མཆོག་ལ་མཚོད་བྱས་ཏེ། །གུས་དང་བ་ཅས་པས་དེ་ཡི་རྐང་པ་གཉིས་ལ་ཕྱག་འཚལ་ཐུབ་པའི་མདུན་དུ་འདུ་འདུག་།ཀླུ་ཡི་བུ་མོ་རྣམས་ཀྱང་དགའ་ཞིང་མགུ་བའི་ཡིད་ཀྱིས་ཐུབ་ལ་མཆོད་པ་བྱེད ། །མེ་ཏོག་རྣམས་དང་སྤོས་དང་བྱུག་པ་དག་ཀྱང་འཐོར་ཞིང་སིལ་སྙན་རྣམས་ཀྱང་བྲེད ། ། ཀླུ་ཡི་རྒྱལ་པོ་རབ་ཏུ་དགའ་ནས་ཐལ་སྦྱར་ཡང་དག་ཡོན་ཏན་རྣམས་ཀྱིས་བསྟོད།། འབེན་པ་འཇིག་རྟེན་དམ་པ་དགུང་ཟླ་ཉ་བའི་ཞལ་འདྲ་མཐོང་བར་གྱུར་པ་ལེགས། །བདག་གིས་སྔོན་ཆད་དྲང་སྲོང་རྣམས་ཀྱི་མཚན་མ་མཐོང་བ་ཁྱོད་ཀྱང་དེ་འདྲ་སྟེ། །དེ་རིང་ཁྱོད་ཀྱིས་བདུད་ཀྱི་དཔུང་རྣམས་བཅོམ་སྟེ་བཞེད་པའི་གོ་འཕང་བརྙེས་པར་འགྱུར། །གང་གི་དོན་དུ་སྔན་ཆད་དུལ་དང་སྤྱིན་དང་བལྡམས་ཤིང་བདོག་པ་ཀུན་བཏང་ལ། །གང་གི་དོན་དུ་དུལ་དང་ཚུལ་ཁྲིམས་བྱམས་དང་སྙིང་རྗེ་བ་དང་བཟོད་པ་བསྒོམས། །གང་གི་དོན་དུ་བརྩོན་འགྲུས་བརྟན་དང་བསམ་གཏན་དགྱིས་དང་ཤེས་རབ་འབར་མཛད་པ། །ཁྱོད་ཀྱི་སྨོན་
46-338
ལམ་དེ་དག་ཐམས་ཅད་རབ་ཏུ་རྫོགས་ནས་དེ་རིང་རྒྱལ་བར་འགྱུར། །ཇི་ལྟར་ལྗོན་ཤིང་ལོ་མ་མེ་ཏོག་འབྲས་བུར་བ་ཅས་པ་བྱང་ཆུབ་ཤིང་ལ་འདུད ། །ཇི་ལྟར་བུམ་པ་ཆབ་ཀྱིས་གང་བ་སྟོང་དག་ཁྱད་ལ་བསྐོར་བ་རབ་བགྱིད་ཅི་ང ། །ཇི་ལྟར་ཙ་ཤའི་ཚོགས་རྣམས་རབ་ཏུ་དགའ་སྟེ་སྙན་པའི་སྒྲ་སྐད་འབྱིན་པ་དང ། །ཇི་ལྟར་ང་ང་པ་ཁྲུང་ཁྲུང་ཚོགས་ཀྱང་མཁའ་ལ་མཆི་ཞིང་ཚུལ་དུ་ཤིས་ལྡན་པ་ར། །དང་བའི་ཡིད་ཀྱིས་དྲང་སྲོང་ལ་ནི་བསྐོར་བ་བགྱིད་ལས་དེ་རིང་དགྲ་བཅོམ་འགྱུར། ། ཇི་ལྟར་གསེར་གྱི་ཁ་དོག་ལྟ་བུར་མཇེས་པའི་འོད་རྣམས་ཞིང་ནི་བརྒྱར་མཆིས་ཏེ། ། ཇི་ལྟར་ངན་སོང་མཐའ་དག་ཞི་བར་བགྱིད་ཅིང་སྐྱེ་དགུའི་སྡུག་བསྔལ་ཐར་བགྱིད་དང ། །ཇི་ལྟར་ཉི་མ་ཟླ་བའི་གནས་ཀྱི་རྒྱུན་ཚད་བསེར་མའང་དལ་བུས་ལྡང་བ་ལས། ། སྲིད་པ་གསུམ་དུ་སྐྱེ་དང་རྒ་བ་ཐར་མཛད་པ་ཡི་དེད་དཔོན་དེ་རིང་འགྱུར། །ཇི་ལྟར་ལྷ་རྣམས་འདོད་པའི་དགའ་བ་སྤང་ས་ཏེ་ཁྱོད་ལ་མཆོད་དུ་ལྷགས་པ་དང ། །ཚང་ས་དང་ཚང་ས་པའི་མདུན་ན་འདོན་དང་ལྷ་རྣམས་བསམ་གཏན་བདེ་བ་སྤང་ས་པ་དང ། །གང་ཡང་སྲིད་པ་གསུམ་ན་དབང་ཕྱུག་དམ་པ་མཆིས་པ་ཐམས་ཅད་འདིར་ལྷགས་ལས། ། སྲིད་པ་གསུམ་དུ་སྐྱེ་རྒ་ཐར་བ་མཛད་པའི་སྨན་པའི་རྒྱལ་པོ་དེ་རིང་བྱོན། །ཇི་ལྟར་ལྷ་རྣམས་དག་གིས་ཕྱག་དྲ་བགྱིས་པའི་ཤུལ་དེ་ནས་ནི་ཁྱོད་གཤིགས་ལ། །བཅོམ་ལྡན་འཁོར་བ་འཇིག་དང་གསེར་ཞེས་བགྱི་དང་འོད་སྲུང་དག་ཀྱང་དེ་ནས་གཤེགས། །ཇི་ལྟར་པད་མ་བཟང་པོ་དྲི་མ་མ་མཆིས་རྣམ་དག་དོག་ས་བརྟོལ་བྱུང་སྟེ། །དེ་ལ་སྟོབས་ཆེན་ལྡན་པ་ཞབས་ཀྱི་གོམ་པ་འདོར་ལས་དེ་རིང་དགྲ་བཅོམ་འགྱུར། བྲེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མའི་གང་གཱ་ཀླུང་གི་བྲེ་མ་སྙིད་ཀྱི་བདུད ། །དེ་དག་རྣམས་ཀྱིས་བྱང་ཆུབ་ཤིང་དྲུང་ནས་ནི་ཁྱོད་ལ་བསྐྱོད་པའམ་གཡོས་མ་ནུས། །མཆོད་སྤྱིན་ཁྲག་ཁྲིག་
46-339
ཕྲག་སྟོང་རྣམ་པ་དུ་མགང་གཱ་ཀླུང་གི་བྲེ་མ་སྙེད ། །ཁྱོད་ཀྱིས་མཛད་ཅིང་འགྲོ་ལ་ཕན་གྱིར་སྤྱད་པ་དེས་ན་འདིར་ནི་རྣམ་པར་མཇེས། །རྒྱུ་སྐར་ཟླ་བར་བ་ཅས་ཤིང་སྐར་མ་ཉི་མར་བ་ཅས་པ་མཁའ་ལས་སར་ལྟུང་གད་འ། །རི་མཆོག་ཆེན་པོ་རང་གི་གནས་ནས་གཡོ་ཞིང་རྒྱ་མཚོ་སྐམས་པར་འགྱུར་ཡང་གད་འ། །སྐྱེས་བུ་མཁས་པ་ལ་ལས་ཁམས་བཞི་པོ་དག་རེ་རེ་ནས་ནི་སྟོན་ནུས་གདའ། །ཁྱོད་ནི་ཤིང་གི་རྒྱལ་པོའི་དྲུང་དུ་གཤེགས་ནས་བྱང་ཆུབ་མ་ཐོབ་བཞེང་ས་མི་གད་འ། །གང་གི་སླད་དུ་ཁ་ལོ་སྒྱུར་བ་མཐོང་ཞིང་མཆོད་བགྱིས་ཡོན་ཏན་བརྗོད་པ་དང ། །བྱང་ཆུབ་ཏུ་ཡང་སྤྲོ་བས་བདག་གིས་རྙེད་པ་འཕེལ་བ་རྒྱ་ཚེན་རྙེད་པར་གྱུར། །བུར་བ་ཅས་བདག་དང་ཀླུ་ཡི་བུ་མོ་ཐམས་ཅད་སྐྱེ་གནས་འདི་ལས་ཐར་གྱུར་ཅིང ། ། གླང་པོ་བེགས་པའི་སྟབས་སུ་བཞུད་པ་ཁྱོད་ཀྱི་སྟབས་དེས་བདག་ཅག་མཆི་བར་བགྱི། །དགེ་སློང་དག་དེ་ལྟར་ཀླུའི་རྒྱལ་པོ་ནག་པོའི་ཆུང་མ་དམ་པ་གསིར་འོད་ཅེས་བྱ་བ་ཀླུའི་བུ་མོ་རིན་པོ་ཆེའི་གདུགས་སྣ་ཚོགས་ཐོགས་པ་དང ། སིལ་སྙན་སྣ་ཚོགས་ཐོགས་པ་དང ། མུ་ཏིག་གི་དོ་ཤལ་སྣ་ཚོགས་ཐོགས་པ་དང ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ་དང ། ལྷའི་དང་མིའི་ཕྲེང་བ་བརྒྱུས་པ་སྣ་ཚོགས་ཐོགས་པ་དང ། པོག་ཕོར་སྣ་ཚོགས་ཐོགས་པ་དང ། སིལ་སྙན་དང་གླུ་དབྱང་ས་སྣ་ཚོགས་ལེན་པ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་སེམས་དཔའི་གན་དུ་འདོང་ཞིང་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་མངོན་པར་གཏོར་ཏེ་ཚིགས་སུ་བ་ཅད་པ་འདི་དག་གིས་ཀྱང་བསྟོད་དོ། །འཁྲུལ་པ་མི་མངའ་མི་བསྙེང་ས་མི་འཇེམ་བག་མི་ཚ། །མ་ཞུམ་མི་དམན་རབ་ཏུ་དགྱིས་པར་གདུལ་དཀའ་བ། །མ་ཆགས་མི་སྡང་མ་མོང་ས་བརྐམ་པ་མི་མངའ་བ། ། ཆགས་བྲལ་རྣམ་གྲོལ་དྲང་སྲོང་ཁྱོད་ལ་ཕྱག་འཚལ་ལོ། །སྨན་པ་ཟུག་ཇུ་བྲལ་བ་
46-340
གདུལ་བ་འདུལ་མཛད་པ། །འགྲོ་བ་སྡུག་བསྔལ་རྣམས་ལས་ཐར་མཛད་སྨན་པ་མཚོག་།གནས་དང་སྐྱབས་མ་མཆིས་ཤིང་དམན་པ་མཁྱེན་ནས་ནི། །འཇིག་རྟེན་གསུམ་འདིར་གནས་དང་སྐྱབས་སུ་ཁྱོད་བྱུང་ང་ངོ ། །ཇི་ལྟར་ལྷ་ཚོགས་རབ་ཏུ་དཅིང་དགར་གྱུར་ཏེ། །མེ་ཏོག་ཆར་པ་ཆེན་པོ་མཁའ་ལས་འབེབས་པ་དང་།། འདི་དག་ཇི་ལྟར་གོས་ཆེན་འཐོར་བར་བགྱིད་པ་ལས། །དེ་རིང་རྒྱལ་བར་འགྱུར་གྱིས་རབ་ཏུ་དགྱིས་པར་མཛོད ། །ཤིང་དབང་དྲུང་དུ་གཤེགས་ལ་བསྙེངས་པ་མི་མང་ར་བཞུགས། །བདུད་ཀྱི་སྡེ་ལས་རྒྱལ་མཛོད་ཉོན་མོངས་དྲ་བ་དྲོ་ལ། ། སྔོན་གྱི་རྒྱལ་དབང་རྣམས་ཀྱིས་ཇི་ལྟར་སངས་རྒྱས་ལྟར། །བྱང་ཆུབ་ཞི་བ་དམ་པ་མཆོག་ཏུ་འཚང་རྒྱར་མཛོད ། །ཁྱོད་ཀྱིས་གང་གི་དོན་དུ་བསྐལ་པ་བྲེ་མང་དུ་།། འགྲོ་བ་སྒྲོལ་བའི་དོན་དུ་དཀའ་བ་སྤྱད་པ་མཛད ། །ཁྱོད་ཀྱིས་དགོང་ས་པ་རྫོགས་ཏེ་དུས་ལ་ད་བབ་ཀྱིས། །ཤིང་དབང་དྲུང་དུ་གཤེགས་ཏེ་བྱང་ཆུབ་མཆོག་རེག་མཛོད ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ཅི་ཞིག་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སྙམ་མོ། །དེ་ནས་དེས་ཡང་འདི་སྙམ་དུབསམས་ཏེ། རྩུ་བཏིང་ནས་བཞུགས་སོ་སྙམ་མ་མོ། །དེ་ནས་གནས་ག་ཙང་མའི་རིས་ཀྱི་ལྷའི་ཚོགས་བརྒྱ་སྟོང་བར་སྣང་ལ་འཁོད་པ་དག་གིས་བྱང་ཆུབ་སེམས་དཔའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །དེ་དེ་བཞིན་ནོ། །སྐྱེས་བུ་དམ་པ་དེ་དེ་བཞིན་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ཙོ་བཏིང་བ་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་ལམ་གྱི་གཡས་རོལ་ན་ཙོ་
46-341
འཚོང་བཀྲ་ཤིས་པ་ཞེས་བྱ་བ་ཙོ་སྔོ་བ། འཇམ་པ། ཤིན་ཏུ་གཞོན་པ། ཉམས་དགའ་བ། ལྕང་ལོར་འཁྲིལ་བར་འདུག་པ། གཡས་སུ་འཁྱིལ་བ། རྨ་བྱའི་མགྲིན་པ་ལྟ་བུ། ཀ་ཙ་ཡིན་དའི་གོས་ལྟར་རེག་ན་བདེ་བ། དྲི་རབ་ཏུ་ཞིམ་པ། ཁ་དོག་དང་ལྡན་པ། ཡིད་དུ་འོང་བ་དག་བརྔ་ཞིང་འདུག་པ་མཐོང་ང་ངོ ། །མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་ལམ་བོར་ཏེ། ཙོ་འཚོང་བཀྲ་ཤིས་པ་ག་ལ་བ་དེར་སོང་ནས་ན་པ་དང ། ཙོ་འཚོང་བཀྲ་ཤིས་པ་ལ་སྙན་པའི་ཚིག་གིས་སྨྲས་ཏེ། ཚིག་དེ་ནི་ཀུན་ཤེས་པར་བྲེད་པ་དང ། རྣམ་པར་ཤེས་པར་བྲེད་པ་དང ། རྣམ་པར་གསལ་བ་དང ། མི་ཆོད་པ་དང ། ཆགས་པར་བྲེད་པ་དང ། སྙན་ཅིང་འཇེབས་པ་དང ། མཉན་པར་འོས་པ་དང ། སྣུམ་པ་དང ། གོ་བར་བྱེད་པ་དང ། སྐུལ་བ་དང ། ཚིམ་པར་བྲེད་པ་དང ། དགའ་བར་བྱེད་པ་དང ། མི་རྩུབ་པ་དང ། ཤ་ཤབོ་མ་ཡིན་པ་དང ། མི་བརླང་བ་དང ། མི་བརྐམ་པ་དང ། འཇམ་པ་དང ། སྙན་པ་དང ། རྣར་བདེ་བ་དང ། ལུས་དང་སེམས་ཤིན་ཏུ་དགའ་བར་བྲེད་པ་དང ། འདོད་ཆགས་དང་ཞེ་ལྡང་དང་གཏི་མུག་དང་འཐབ་པ་དང ། རྙོག་པ་སེལ་བ་དང ། ཀ་ལ་པིང་ཀའི་སྒྲ་སྐད་ལྟ་པུ་དང ། བྱ་ཀུ་ན་ལ་དང ། ཤང་ཤང་ཏེའུ་ལ་སོགས་པ་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང ། རྔ་བོ་ཆེ་དང ། གླུ་དབྱང་ས་ཀྱི་སྒྲ་སྐད་ཀྱི་ང་རོ་དང་ལྡན་པ་དང ། གནོད་པ་མེད་པ་དང ། བདེན་པ་དང ། གསལ་བ་དང ། ཡང་དག་པ་དང ། ཚང་ས་པའི་སྒྲ་སྐད་བསྒྲགས་པའི་གད་ངས་ལྟ་བུ་དང ། རྒྱ་མཚོའི་སྒྲའི་ཤུགས་ལྟ་བུ་དང ། རི་རྡོབ་པའི་སྒྲ་ལྟ་བུ་དང་ལྡན་པ་དང ། ལྷའི་དབང་པོ་དང ། ལྷ་མ་ཡིན་གྱི་དབང་པོས་མངོན་པར་བསྟོད་པ་དང ། ཟབ་པ་དང ། གཏིང་དཔག་དཀའ་བ་དང ། བདུད་ཀྱི་སྟོབས་སྟོབས་
46-342
མེད་པར་བྲེད་པ་དང ། ཕས་ཀྱི་གོལ་བའི་སྨྲ་བ་འཇོམས་པ་དང ། སིང་གེའི་སྒྲའི་ཤུགས་ལྟ་བུ་དང ། རྟ་དང་གླང་པོ་ཆེའི་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང ། ཀླུ་སྒྲ་སྒྲོག་པ་ལྟ་བུ་དང ། འབྲུག་ཟེར་བའི་སྒྲ་ལྟ་བུ་དང ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེང་ས་པ་དང ། འདུལ་བའི་སེམས་ཅན་ཐམས་ཅད་ཚིམ་པར་བྲེད་པ་དང ། རྟབ་རྟབ་པོར་མ་ཡིན་པ་དང ། འཚེ་བ་མེད་པ་དང ། མི་ཤོལ་པ་དང ། འཚམ་པ་དང ། རིགས་པ་དང ། དུས་སུ་སྨྲ་བ་དང ། དུས་ལས་མི་ཡོལ་བ་དང ། ཆོས་བརྒྱ་སྟོང་ལེགས་པར་བརྒྱུས་པ་དང ། མཉེན་པ་དང ། ཐོགས་པ་མེད་པ་དང ། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་ལྡན་པ་དང ། སྐད་ཅིག་གིས་སྐད་ཐམས་ཅད་སྒྲོགས་པ་དང ། བསམ་པ་ཐམས་ཅད་ཤེས་པར་བྲེད་པ་དང ། བདེ་བ་ཐམས་ཅད་སྐྱེད་པ་དང ། ཐར་པའི་ལམ་ཡང་དག་པར་སྟོན་པ་དང ། ལམ་གྱི་ཚོགས་སྨྲ་བ་དང ། འཁོར་ལས་མི་འདའ་བ་དང ། འཁོར་ཐམས་ཅད་ཚིམ་པར་བྲེད་པ་དང ། སངས་རྒྱས་ཐམས་ཅད་ཀྱིས་གསུང་ས་པ་དང་འཐུན་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ཚིག་གིས་ཙོ་འཚོང་བཀྲ་ཤིས་པ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། བཀྲ་ཤིས་ཙོ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་ཙོས་ནི་དོན་ཆེན་འགྱུར། །དཔུང་དང་བ་ཅས་པའི་བདུད་ནི་བཅོམ་ནས་ས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། །སྦྱིན་དང་དུལ་དང་སྟོམ་དང་གཏོང་བྱས་དང ། །ཚུལ་ཁྲིམས་བརྟུལ་ཞུགུས་དཀའ་ཐུབ་རབ་སྤྱད་པ། །དེ་ནི་དེ་རིང་ང་ཡིས་ཐོབ་པར་འགྱུར། །བཟོད་པའི་སྟོབས་དང་དེ་བཞིན་བརྩོན་འགྲུས་སྟོབས། །བསམ་གཏན་སྟོབས་དང་དེ་བཞིན་ཤེས་རབ་སྟོབས། །བསོད་ནམས་དང་ནི་མངོན་ཤེས་རྣམ་ཐར་སྟོབས། །དེ་ནི་དེ་རིང་ང་
46-343
ལ་འགྲུབ་པར་འགྱུར། །ཤེས་རབ་སྟོབས་དང་ཐབས་ཀྱི་སྟོབས་དག་དང ། །རྫུ་འཕྲུལ་དང་ནི་ཆགས་མེད་བྱམས་པའི་སྟོབས། །སོ་སོ་ཡང་དག་རིག་དང་བདེན་པའི་སྟོབས། །དེ་ནི་དེ་རིང་ང་ལ་འགྲུབ་པར་འགྱུར། །དེ་རིང་ང་ལ་ཙོ་སྦྱིན་བྱས་ན་ནི། །ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། །ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར ། །བཀྲ་ཤིས་པས་ནི་འདེན་པའི་ཚིག་སྙན་རབ་ཏུ་མཇེས་ཐོས་ནས། །དགའ་ཞིང་མགུ་ལ་ཡིད་རངས་རབ་ཏུ་དགའ་བའི་ཡིད་ཀྱིས་ནི། ། ཙོ་འཇམ་གཞོན་ཞིང་བཟང་ལ་རེག་པར་ལྡན་པ་སྤར་གང་ཐོགས། །མདུན་དུ་འདུག་ནས་རབ་ཏུ་དགའ་བའི་སེམས་ཀྱིས་འདི་སྐད་སྨྲས། །གལ་ཏེ་ཙོ་ཡིས་བྱང་ཆུབ་གོ་འཕང་དམ་པ་འཆི་མེད་པ། ། མཆོག་གྱུར་ཞི་བ་བལྟ་དཀའ་སྔོན་གྱི་རྒྱལ་བའི་ལམ་འཐོབ་ན། །ཡོན་ཏན་ཆེན་པོའི་རྒྱ་མཚོ་གྲགས་པ་དཔག་མེད་ཁྱོད་བཞེས་ཤིག་།བདག་གིས་གོ་འཕང་དམ་པ་འཆི་མེད་ཐོག་མར་འཆང་རྒྱར་བགྱི། །བྱང་ཆུབ་སེམས་དཔས་སྨྲས་པ། བརྟུལ་ཞུགས་དཀའ་ཐུབ་རྣམ་མང་བྱ་དཀའ་བསྐལ་མང་མ་སྤྱད་པར། །བཀྲ་ཤིས་རྩུ་མཆོག་བཏིང་བས་བྱང་ཆུབ་འདི་ནི་འཐོབ་མི་འགྱུར། །གང་ཚེ་བློ་གྲོས་ལྡན་པ་ཤེས་རབ་བསོད་ནམས་ཐབས་ཀྱིས་འཕགས། །དེ་ནས་རྒྱལ་བ་ཐུབ་པས་རྡུལ་མེད་འགྱུར་ཞེས་ལུང་སྟོན་ཏོ། །བཀྲ་ཤིས་གལ་ཏེ་བྱང་ཆུབ་སྐྱེ་བོ་གཞན་ལ་སྤྱིན་ནུས་ན། ། སྲོག་ཆགས་བསྡུ་བ་བྱས་ཏེ་སྤྱིན་པར་ཡིད་གཉིས་ཁྱོད་མ་ཟ། ། གང་ཚེ་ང་ཡིས་བྱང་ཆུབ་ཐོབ་ཤེས་བདུད་ཚི་རྣམ་པར་དབྲེས། །ཁྱོད་འོང་ས་ཆོས་ཀྱི་དམ་པ་ཉོན་དང་རྡུལ་དང་བྲལ་བར་འགྱུར། །འདྲནོ་པས་ཤིན་ཏུ་མཚོག་ཏུ་འཇམ་པའི་རྩ་ནི་སྤར་གང་བླང་ས། །སེང་གེ་ང་ང་པའི་སྟབས་ཀྱིས་ཆས་ནས་ས་ནི་རབ་ཏུ་གཡོས། །ལྷ་ཀླུ་ཚོགས་རྣམས་ཐལ་མོ་སྦྱར་ཏེ་རབ་ཏུ་དགའ་ཡིད་
46-344
ཀྱིས། །དེང་འདིས་བདུད་དཔུང་བཅོམ་ནས་བདུད་རྩི་རེག་པར་འགྱུར་སྙམ་སེམས། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུ་ང་དུ་འགྲོ་བ་ན་ལྷའི་བུ་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེང་འདིར་འདུག་ནས་བྱང་ཆུབ་ཐོབ་པར་འགྱུར་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་བརྒྱན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་མེ་ཏོག་གི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་བརྒྱ་པ་ཡང་ཡོད ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་སྤོས་ཀྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་སྟོང་པ་ཡང་ཡོད ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་ཙན་དན་གྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་འབུམ་པ་ཡང་ཡོད ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་གོས་ཀྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་ལྔ་འབུམ་པ་ཡང་ཡོད ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་རིན་པོ་ཆེའི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་འབུམ་ཕྲག་བཅུ་པ་ཡང་ཡོད ། བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཅན་ལ་འཕང་དུ་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པ་ཡང་ཡོད་དོ ། །བྱང་ཆུབ་ཀྱི་ཤིང་དེ་དག་ཐམས་ཅད་ཀྱི་དྲུང་ན་ཡང་ཇི་ལྟར་འདུག་པའི་སེང་གེའི་ཁྲ་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ་བཤམས་པར་གྱུར་ཏོ། །བྱང་ཆུབ་ཀྱི་ཤིང་ཁ་ཅིག་གི་དྲུང་དུ་ནི་པད་མའི་ཁྲི་སྟན་བཤམས་པར་གྱུར་ཏོ། །ཁ་ཅིག་གི་དྲུང་དུ་ནི་སྤོས་ཀྱི་ཁྲི་སྟན་ནོ། །ཁ་ཅིག་གི་དྲུང་དུ་ནི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཁྲི་སྟན་ནོ། །བྱང་ཆུབ་སེམས་དཔའ་ནི་རོལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རོལ་པ་བཀོད་པ་འདི་ལ་བྱང་ཆུབ་སེམས་དཔའ་སྟོམས་པར་ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་མཚན་དང་
46-345
དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་ལུས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་གི་སེང་གེའི་ཁྲི་དེ་དག་ཐམས་ཅད་ལ་འདུག་པར་ཀུན་ཏུ་སྣང་སྟེ། བྱང་ཆུབ་སེམས་དཔའ་དང ། ལྷའི་བུ་སོ་སོའི་ཡིད་ལ་ཡང་བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་སེང་གེའི་ཁྲི་ལ་སྟོམས་པར་ཞུགས་ཤིང་འདུག་གི་གཞན་གྱི་ཁྲི་ལ་ནི་མ་ཡིན་པར་ཤེས ། །ཇི་ལྟར་དེ་དག་གིས་ཤེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རོལ་པ་བཀོད་པ་འདི་ཉིད་ཀྱི་མཐུས་སེམས་ཅན་དམྱལ་བ་པ་དང ། དུད་འགྲོའི་སྐྱེ་གནས་པ་དང ། གཤིན་རྗེའི་འཇིག་རྟེན་པ་ཐམས་ཅད་དང ། ལྷ་དང་མི་ཐམས་ཅད་དང ། འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་སིང་གེའི་ཁྲི་ལ་འདུག་པར་མཐོང་ངོ ། །དེ་ལྟ་མོད་ཀྱི་འོན་ཀྱང་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་བློ་གྲོས་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཙོ་སྤར་གང་ཐོགས་ཏེ། བྱང་ཆུབ་ཀྱི་ཤིང་ག་ལ་བ་དེར་སོང་ནས་ན་པ་དང ། བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་བསྐོར་བ་བྱས་ཏེ། བདག་ཉིད་ཀྱིས་རྩུའི་རྩེ་མོ་ནི་ནང་དུ་བསྟན ། རྩ་བ་ནི་གྱིར་བསྟན་ནས། ཙོའི་གདིང་བ་ཀུན་ནས་བཟང་པོ་བཏིང་སྟེ། སེང་གེ་ལྟ་བུ་དང ། དཔའ་བོ་ལྟ་བུ་དང ། སྟོབས་ལྟ་བུ་དང ། བརྟན་པ་ལྟ་བུ་དང ། བརྩོན་འགྲུས་ལྟ་བུ་དང ། མཐུ་ལྟ་བུ་དང ། གླང་པོ་ལྟ་བུ་དང ། དབང་ཕྱུག་ལྟ་བུ་དང ། རང་བྱུང་ལྟ་བུ་དང ། ཡེ་ཤེས་ཅན་ལྟ་བུ་དང ། བླ་ན་མེད་པ་ལྟ་བུ་དང ། ཁྱད་པར་ལྟ་བུ་དང ། མངོན་པར་འཕགས་པ་ལྟ་བུ་དང ། གྲགས་པ་ལྟ་བུ་དང ། བརྗོད་པ་ལྟ་བུ་དང ། སྤྱིན་པ་ལྟ་བུ་དང ། ཚུལ་ཁྲིམས་ལྟ་བུ་དང ། བཟོད་པ་ལྟ་བུ་དང ། བཅོན་འགྲུས་ལྟ་བུ་དང ། བསམ་གཏན་ལྟ་བུ་དང ། ཤེས་རབ་ལྟ་བུ་དང ། ཡེ་ཤེས་ལྟ་བུ་
46-346
དང ། བསོད་ནམས་ལྟ་བུ་དང ། བདུད་གྱིར་གོལ་བ་བཅོམ་པ་ལྟ་བུ་དང ། ཚོགས་ལྟ་བུར་སྐྱིལ་མོ་ཀྲུང་བཅས་ནས་ཙོ་བཏིང་བ་དེ་ལ་ཤར་བྱོགས་སུ་བལྟས་ཏེ་འདུག་ནས། ལུས་དྲང་པོར་བས?ང་སྟེ། དྲ་ན་པ་མངོན་དུ་བཞག་ནས་འདི་འདྲ་བའི་ཡི་དམ་བརྟན་པོ་བྱས ། །སྟན་འདིར་བདག་གི་ལུས་ནི་སྐམས་ཀྱང་རུང ། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང ། །བསྐལ་མང་ནྟེད་དཀའ་བྱང་ཆུབ་མ་ཐོབ་པར ། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་དགུ་པའོ། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། དགེ་སློང་དག་དེ་ལྟར་བྱངཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང ། འདོད་པ་ན་སྤྱོད་པའི་རིས་དྲུག་གི་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྲེད་པ་མི་འབྱུང་གྲང་སྙམ་སྟེ། ཤར་བྱོགས་ལོགས་སུ་གནས་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་དང་ནུབ་དང ། བྱང་བྱོགས་ཀྱང་ལྷ་རྣམས་ཀྱིས་ཡོངས་སུ་བསྲུང་ས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སྐུལ་བ་ཞེས་བྱ་བའི་འོད་བྱུང་ནས་འོད་དེས་བྱོགསཝ་བཅུ་ཀུན་ཏུ་གྲང་ས་མེད་དཔག་ཏུ་མེད་པ། ཆོས་ཀྱི་དབྱིང་ས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཏོ། །དེ་ནས་ཤར་བྱོགས་ན་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བ་བཀོད་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་
46-347
བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་དེའི་ཚེ་རྫུ་འཕྲུལ་གྱི་མངོན་པར་འདུ་བྱ་བ་དེ་ལྟ་བུ་བྱས་ཏེ། རྫུ་འཟུལ་མངོན་པར་འདུ་བྱ་བ་དེ་བྱས་པས་བྱོགས་བཅུར་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་འཁོར་གྱི་ཁྱམས་བཻ་ཁཱུརྱ་སྔོན་པོ་དག་ལས་བྱས་པ་ཞིག་ཏུ་བསྟན་ཏོ། །འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་བསྟན་ཏོ། །སེམས་ཅན་དེ་དག་ཀྱང་ཕན་ཚུན་དུ་སོར་མོ་གཅིག་གིས་བྱང་ཆུབ་སེམས་དཔའ་སྟོན་ཅིང་སེམས་ཅན་ཚུལ་དུ་ཤིས་པའི་གཟུགས་འདི་ལྟ་བུ་དང་ལྡན་པ་འདི་སུ་ཞིག་།འདི་ལྟར་རྣམ་པར་མཇེས་པའི་སེམས་ཅན་འདི་སུ་ཞིག་ཅེས་འཇེར་ཏོ། །སེམས་ཅན་དེ་དག་གི་མདུན་དུ་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲུལ་ཏེ། དེ་ན་བྱང་ཆུབ་སེམས་དཔའི་གཟུགས་དེ་དག་གིས་ཚིགས་སུ་བ་ཅད་པ་འདི་སྨྲས་ས་སོ། །ཅི་ཡང་མེད་པའི་འདོད་ཆགས་ཞེ་ལྡང་རྙོག་པ་གང་ཡིན་བག་ཆགས་བ་ཅས་བཏོན་པ། །གང་གིས་ལུས་ལས་འོད་ཕྱུང་བྱོགས་བཅུའི་འོད་རྣམས་ཐམས་ཅད་འོད་ནི་མེད་པར་བྱས། །གང་གིས་བསོད་ནམས་ཏིང་འཛིན་ཡེ་ཤེས་ཚོགས་ནི་བསྐལ་པ་མང་པོར་ཀུན་སྤེལ་བ། ། ཤཱཀྱ་ཐུབ་པ་ཐུབ་པ་ཆེན་པོ་དམ་པ་འདི་ནི་ཕྱོགས་རྣམས་ཀུན་ཏུ་མཇེས། །དེ་ནས་ལྷ་བྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བཀོད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གདུགས་བརྩེགས་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་
46-348
མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་རིན་པོ་ཆེའི་གདུགས་གཅིག་གིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་དེ་བཀབ་བ་བོ། །དེ་ན་བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་དག་ཕན་ཚུན་འདི་སྐད་འཇེར་ཏེ། གང་གི་ཕྱིར་རིན་པོ་ཆེའི་གདུགས་བཀོད་པ་རྣམ་པ་འདི་ལྟ་བུ་འདི་སྣང་བར་གྱུར་པ་འདི་སུའི་འབྲས་བུ་ཞེས་འཇེར་ཏོ། །དེ་ནས་རིན་པོ་ཆེའི་གདུགས་དེ་ལས་ཚིགས་སུ་བ་ཅད་པ་འདི་བྱུང་ང་ངོ ། གང་གིས་རིན་པོ་ཆེ་དང་སྤོས་གདུགས་སྟོང་ཕྲག་བྲེ་བ་ཁྲག་ཁྲིག་དག་།བྱམས་པའི་ཡིད་ཀྱིས་དོ་ཟླ་མེད་པར་བཞུགུས་དང་མྱ་ངན་འདས་ལ་ཕུལ། །དེ་ཡིས་མཚན་མཆོག་ལྡན་པ་ཕན་མཛད་སྲེད་མེད་བུ་ཡི་མཐུ་ལྡན་པ། །ཡོན་ཏན་མངའ་བ་བྱང་ཆུབ་ཤིང་དྲུང་གཤེགས་པ་དེ་ལ་མཆོད་པ་བྱས། །དེ་ནས་ནུབ་བྱོགས་ན་དེ་བཞིན་གཤེགས་པ་མེ་ཏོག་གི་ཕྲེང་བ་ནགས་ཚལ་གྱི་ཕྲེང་བ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ཏོག་ཙམ་པ་ཀའི་ཁ་དོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོའི་དྲ་བ་ཅན་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་རིན་པོ་ཆེའི་དྲ་བ་གཅིག་གིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཁྱམས་དེ་བཀབ་བོ། །དེ་ན་ཕྱོགས་བཅུའི་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དག་ཕན་ཚུན་དུ་འདི་སྐད་འཇེར་ཏེ། འོད་ཀྱི་བཀོད་པ་རྣམ་པ་འདི་ལྟ་བུ་འདི་སུའི་ཡིན་ཞེས་འཇེར་ཏོ། །དེ་ནས་རིན་པོ་
46-349
ཆེའི་དྲ་བ་དེ་ལས་ཚིགས་སུ་བ་ཅད་པ་འདི་བྱུང་ངོ ། །རིན་ཆེན་འབྱུང་གནས་འཇིག་རྟེན་གསུམ་དགའ་རིན་ཆེན་ཏོག་།རིན་ཆེན་དམ་པ་རིན་ཆེན་གྲགས་པ་དེ་ཆོས་དགྱིས། །དཀོན་མཆོག་གསུམ་པོ་རྒྱུན་མི་འཆད་པའི་བརྩོན་འགྲུས་བརྙེས། ། བྱང་ཆུབ་མཆོག་བརྙེས་འགྱུར་ཏེ་དེ་ཡི་མཚོད་པ་འདི། །དེ་ནས་བྱང་བྱོགས་ན་དེ་བཞིན་གཤེགས་པ་ཉི་ཟླ་ཟིལ་དུ་རླག་པར་བྲེད་པའི་འོད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཉི་མ་འཁོར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་པ་དེ་སྙིད་འཁོར་གྱི་ཁྱམས་དེར་ཀུན་ཏུ་བསྟན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་འཛིར་ཏེ ། བཀོད་པ་རྣམ་པ་འདི་ལྟ་བུ་འདི་སུའི་ཡིན་ཞེས་འཇེར་ཏོ། །དེ་ནས་བཀོད་པ་དེ་དག་ཐམས་ཅད་ལས་ཚིགས་སུ་བ་ཅད་པ་འདི་བྱུང་ང་ངོ ། །གང་གིས་བསོད་ནམས་ཡེ་ཤེས་ཤིན་ཏུ་མང་པོས་ལུས་ནི་རྣམ་སྦྱང་ས་ཤིང ། །གང་གིས་བརྟུལ་ཞུགས་དཀའ་ཐུབ་དག་དང་བདེན་པའི་ཚོས་ཀྱིས་ང་ག་སྦྱང་ས་ལ། །གང་གིས་ཁྲེལ་ཡོད་མོས་པ་བྱམས་དང་དེ་བཞིན་སྙིང་རྗེས་སེམས་སྦྱང་ས་པ། །དེ་ནི་ཤིང་རྒྱལ་དྲུང་གཤེགས་ཤཱཀྱ་བྱུ་མཆོག་དེ་ལ་མཆོད་པ་བྲེད ། ། དེ་ནས་ཤར་ལྷོའི་བྱོགས་མཚམས་ན་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱི་འབྱུང་གནས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་བློ་གྲོས་ཞེས་བྱ་བ་འོད་དེས་
46-350
བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་གྱི་ཁྱམས་དེར་ཡོན་ཏན་གྱི་བཀོད་པ་ཐམས་ཅད་དང་ལྡན་པའི་ཁང་པ་བརྩེགས་པ་མངོན་པར་སྤྲུལ་ཏེ་ཁང་པ་བཅེགས་པ་དེ་ལས་ཚིགས་སུ་བ་ཅད་པ་འདི་བྱུང་ངོ ། །གང་གི་ཡོན་ཏན་དག་གིས་ལྷ་དང་ལྷ་མིན་དང ། ། གནོད་སྤྱིན་ལྟོ་འཕྱེ་ཆེ་དག་རྟག་ཏུ་ཡོན་ཏན་བགོས ། །ཡོན་ཏན་ཅན་དེ་ཡོན་ཏན་ལྡན་པའི་རྒྱལ་རིགས་སྐྱེས། །ཡོན་ཏན་རྒྱ་མཚོ་བྱང་ཆུབ་ཤིང་གི་དྲུང་ན་བཞུགས། །དེ་ནས་ལྷོ་ནུབ་ཀྱི་བྱོགས་མཚམས་ན་དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་འབྱུང་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་འཁོར་གྱི་ཁྱམས་དེར་རིན་པོ་ཆེའི་མཁའ་རྟེན་གྲངས་མེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ཏེ ། རིན་པོ་ཆེའི་མཁའ་རྟེན་དེ་དག་ལས་ཚིགས་སུ་བ་ཅད་པ་འདི་བྱུང་ངོ ། །གང་གིས་རྒྱ་མཚོར་བ་ཅས་པའི་ས་དང་དེ་བཞིན་རིན་ཆེན་རྣམ་དག་དང ། །ཁང་བཟང་ས་སྐར་ཁུང་བསིལ་ཁང་མཆོག་དང་ཟུང་དང་བཞོན་པ་མཁའ་རྟེན་བརྒྱན། །མེ་ཏོག་ཕྲེང་བ་མཇེས་དང་འདུན་ས་དག་དང་སྐྱེད་མོས་ཚལ་རྣམས་དང ། །རྐང་པ་ལག་པ་མགོ་དང་མིག་བཏང་བ་དེ་བྱང་ཆུབ་སྙིང་པོར་འདུག་།དེ་ནས་ནུབ་བྱང་གི་བྱོགས་མཚམས་ན་དེ་བཞིན་གཤེགས་པ་
46-351
འབྲུག་སྒྲ་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤྲིན་དང་ལྡན་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་བརྩེགས་འབྲུག་བསྒྲགས་དབྱང་ས་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་དུས་ཀྱི་ཇེས་སུ་འབྲང་བའི་ཨ་ག་རུའི་སྤྲིན་མངོན་པར་སྤྲུལ་ཏེ་འཁོར་གྱི་ཁྱམས་དེར་ཙན་དན་སྤྲུལ་གྱི་སྙིང་པོའི་གྱི་མའི་ཆར་མངོན་པར་ཕབ་བོ། །དུས་ཀྱི་ཇེས་སུ་འབྲང་བའི་སྤྲིན་གྱི་དཀྱིལ་འཁོར་དེ་ལས་ཀྱང་ཚིགས་སུ་བ་ཅད་པ་འདི་བྱུང་ངོ ། །རིག་དང་རྣམ་པར་གྲོལ་བའི་འོད་ཀྱི་ཆོས་ཀྱི་སྤྲིན་གྱིས་སྲིད་གསུམ་ཐམས་ཅད་ཁྱབ། །དམ་ཆོས་འདོད་ཆགས་བྲལ་བ་བདུད་རྩི་མྱ་ངན་འདས་པ་ཐོབ་བ་བྲེད་ཆར་པ་འཔེབས། །འདོད་ཆགས་ཉོན་མོང་ས་འཆིང་བའི་འཁྲི་ཤིང་ཐམས་ཅད་བག་ཆགས་བ་ཅས་ཏེ་གཅོད་པར་འགྱུར། ། བསམ་གཏན་རྫུ་འཕྲུལ་སྟོབས་དང་དབང་པོའི་མེ་ཏོག་རྒྱས་པ་ད་པར་བྲེད་པ་འབྱིན། །དེ་ནས་བྱང་ཤར་གྱི་ཕྱོགས་མཚམས་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་གསེར་གྱི་དྲ་བས་ཁེབས་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་དྲ་བས་བརྒྱན་པ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་དང ། རིན་པོ་ཆེའི་མཁའ་རྟེན་རྣམས་སུ་བྱང་ཆུབ་སེམས་དཔའི་
46-352
གཟུགས་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་དག་མངོན་པར་སྤྲུལ་ཏེ། བྱང་ཆུབ་སེམས་དཔའི་གཟུགས་དེ་དག་ཐམས་ཅད་ཀྱང་ལྷ་དང་མིའི་མེ་ཏོག་གི་ཕྲེང་བ་ཐོགས་ཤིང་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་བཏུད་ནས་མེ་ཏོག་གི་ཕྲེང་བ་སྤྱང་ས་ཏེ་ཚིགས་སུ་བ་ཅད་པ་འདི་སྨྲས་སོ། །གང་གིས་སངས་རྒྱས་ཁྲག་ཁྲིག་སྔོན་བསྟོད་ཅིང ། །གུས་དང་བ་ཅས་པས་ད་པ་ཆེ་བསྐྱེད་ལ། །ཚང་ས་པའི་སྒྲ་དབྱང་ས་སྙན་པའི་ཚིག་སྨྲས་པ། །བྱང་ཆུབ་སྙིང་པོར་བྱོན་ལ་མགོས་ཕྱག་འཚལ། །དེ་ནས་འོག་གི་བྱོགས་ན་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྣམ་པར་བལྟས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོང་ས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་གྱིན་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་བཻ་ར་ཀྱའི་འཁོར་གྱི་ཁྱམས་དེར་འཛམ་བུའི་གླིང་གི་གསིར་གྱི་པད་མ་རྣམས་མངོན་དུ་བྱུང་བར་བསྟན་ཏོ། །པད་མ་དེ་དག་གི་སྙིང་པོ་ལ་བུད་མེད་ལུས་ཕྱེད་སྣང་བ། ཁ་དོག་དང་གཟུགས་ཕུན་སུམ་ཚོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྟན་ཏེ། ལག་པ་གཡས་གཡོན་ན་མགུལ་གདུབ་དང ། གདུ་བུ་དང ། དཔུང་རྒྱན་དང ། གསིར་སྐུད་དང ། མྱུ་ཏིག་གི་དོ་ཤལ་ལ་སོགས་པ་རྒྱན་རྣམ་པ་མང་པོ་ཐོགས་ཤིང་མེ་ཏོག་དང་དྲ་གྱི་ལྡ་ལྡི་སྤྱང་ས་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་བཏུད་དེ་ཚིགས་སུ་བ་ཅད་པ་འདི་སྨྲས་སོ། གང་ཞིག་རྟག་ཏུ་སངས་རྒྱས་ཉན་ཐོས་དང ། །རང་རྒྱལ་དག་དང་བླ་མ་རྣམས་ལ་འདུད ། །ཁྲིམས་ལྡན་
46-353
རྟག་དྲ་ན་དགའ་ལ་ང་རྒྱལ་མེད ། །ཡོན་ཏན་ལྡན་པ་དེ་ལ་འདུད་པ་བྱོས། །དེ་ནས་སྟེང་གི་བྱོགས་ན་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཚོགས་ཀྱི་དམ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཅེས་བྱ་བ་འོད་དེས་བསྐུལ་བས་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ན་ནས། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར་ནམ་མཁའི་དཀྱིལ་ན་འདུག་བཞིན་དུ་བྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། གྱི་མ་དང ། བདུག་སྤོས་དང ། གོས་དང ། རྒྱན་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྣམ་པར་རྒྱལ་བའི་ཁང་པ་དང ། རིན་པོ་ཆེ་དང ། ནོར་བུ་དང ། གསེར་དང ། དངུལ་དང ། མྱུ་ཏིག་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། དཕུང་བུ་ཆུང་དང ། བཞན་པ་དང ། ཤིང་ལྗོན་པ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། ཁྱེའུ་དང ། བུ་མོ་དང ། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཆང་ས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནམ་མཁའི་དཀྱིལ་ནས་ཆར་ཆེན་པོ་མངོན་པར་ཕབ་སྟེ། ཐམས་ཅད་དགའ་བ་དང ། བདེ་བ་སྐྱེད་ཀྱི་སེམས་ཅན་གང་ལ་ཡང་འཇིགས་པའམ་གནོད་པར་མི་བྲེད་དོ། ། དེ་བཞིན་དུ་སྦྱར་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །བྱོགས་བཅུ་དེ་དག་རྣམས་ནས་
46-354
རྒྱལ་བའི་སྲས་པོ་གང ། །ཕན་པར་བྲེ་ད་པ་མཆོད་པར་བྱང་ཆུབ་ལྷགས་གྱུར་པ། ། འགྲོ་ལ་ཕན་པ་དེ་དག་རྣམས་ཀྱི་བཀོད་རིམ་དང ། །རྩལ་དང་རིམ་པ་མཇེས་པ་དག་གི་དཔེ་ཙམ་ཉོན། །ཁ་ཅིག་དོ་ཤལ་ཁྲག་ཁྲིག་རབ་ཏུ་སྤྱང་ས་བྱས་ཏེ། ། ནམ་མཁའ་ལས་ནི་འབྲུག་ལྟར་ཤིན་ཏུསྒྲོགས་ཤིང་ལྷགས། །ཁ་ཅིག་མཁའ་ལས་མེ་ཏོག་གཞལ་མེད་ཁང་སྟོན་ཅིང ། །ཅོད་པན་རིན་ཆེན་ཐོགས་ལ་གརྩུག་ཕུད་འཕྱང་ཞིང་ལྷགས། །ཁ་ཅིག་སྟོང་པ་མཚན་མེད་སྨོན་མེད་མཆོག་བརྗོད་ཅི་ང་།། ས་ལས་སེང་གེ་ལྟ་བུར་ཤིན་ཏུ་སྒྲོགས་ཤིང་ལྷགས། །ཁ་ཅིག་སྔོན་ཆད་མ་མཐོང་མེ་ཏོག་མཇེས་འཐོར་ཞིང ། །ཁྱུ་མཆོག་ཅི་འདྲ་དེ་འདྲ་ར་ཤིན་ཏུ་སྒྲོགས་ཤིང་ལྷགས། །ཁ་ཅིག་རང་གི་ལུས་ཀྱི་ཁ་དོག་སྟོང་སྟོན་ཅིང ། །རྨ་བྱ་ལྟ་བུར་མཁའ་ལས་ཤིན་ཏུ་སྒྲོགས་ཤིང་ལྷགས། །ཁ་ཅིག་བདེ་གཤེགས་སྲས་ཀྱི་ཡོན་ཏན་ཕྲེང་བརྫོད་ཅི་ང ། །ཟླ་བ་ལྟ་བུར་མཁའ་ལས་ཤིན་ཏུ་རྒྱས་ཤིང་ལྷགས། །ཁ་ཅིག་ཉི་མ་ལྟ་བུར་འོད་ཟེར་རབ་འགྱིད་དེ། །བདུད་ཀྱི་གནས་རྣམས་ཐམས་ཅད་མོག་མོག་བྲེད་ཅིང་ལྷགས། །བསོད་ནམས་ཚོགས་བསགས་ཁ་ཅིག་དབང་པོའི་མཆོད་སྟོང་འདྲ་འི། །དྲི་མེད་ཏོག་ཐོགས་བྱང་ཆུབ་སྙིང་པོ་དེར་ཡང་ལྷགས། །ཁ་ཅིག་མཁའ་ལས་ནོར་བུ་རིན་ཆེན་དྲ་བ་འཐོར། །ཟླ་བ་ཟླ་བཟང་ས་ཐང་སྐྱེས་རྣམ་མཇེས་མན་དཱ་ར། ། པར་ཤ་ཙམ་པ་ཀ་དང་སྣ་མའི་མེ་ཏོག་ཕྲེང ། །བྱང་ཆུབ་སེམས་དཔའ་ཤིང་རྒྱལ་དྲུང་ན་བཞུགས་ལ་འཐོར། །ཁ་ཅིག་རྐང་པ་གཉིས་ཀྱིས་ས་ནི་རབ་བསྐྱོད་ལ། །ས་བསྐྱོད་ནས་ཀྱང་སྐྱེ་བོ་དགའ་བར་བྲེད་ཅིང་ལྷགས། །ཁ་ཅིག་རི་བོ་ལྷུན་པོ་ལག་ན་ཐོགས་བྲེད་ལ། །བར་སྣང་གནས་ཏེ་མེ་ཏོག་སྐོན་བུ་འཐོར་ཞིང་ལྷགས། །ཁ་ཅིག་རྒྱ་མཚོ་བཞི་པོ་མགོ་ལ་ཐོགས་ནས་ནི། ། ས་ལ་སྤོས་ཆུ་འཐོར་ཏེ་ཆག་ཆག་འདེབས་ཤིང་ལྷགས། །ཁ་ཅིག་རིན་ཆེན་མཆོད་
46-355
སྡོང་སྣ་ཚོགས་ཐོགས་ནས་ནི། །རྒྱང་རིང་འདུག་སྟེ་བྱང་ཆུབ་སེམས་དཔའ་སྟོན་ཅིང་ལྷགས། །ཁ་ཅིག་ཚང་ས་པ་ལྟ་བུར་ཞི་བའི་གཟུགས་བསྒྱུར་ཏེ། །ཡིད་ཞི་རབ་ཞི་གནས་ཤིང་བསམ་གཏན་བསམ་གཏན་པ། །དེ་དག་བ་སྦུ་དག་ལས་བྱམས་དང་སྙིང་རྗེ་དང ། །དགའ་དང་བཏང་སྟོམས་ཚད་མེད་ཡིད་འོང་སྒྲ་འབྱིན་ལྷགས། །ཁ་ཅིག་བརྒྱ་བྱིན་ལྷ་ལྟར་སྟོང་ཕྲག་ཁྲག་ཁྲིག་ག་གི། ལྷ་རྣམས་དག་གིས་མདུན་དུ་བད་ར་ནས་ལྷགས་གྱུར་ཅིང ། །དེ་དག་བྱང་ཆུབ་ཤིང་དྲུང་\ུfན་ནས་ཐལ་སྦྱར་ཏེ། །བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་ཆེན་སྣ་ཚོགས་འཐོར།། ཁ་ཅིག་བྱོགས་བཞི་དག་གི་སྐྱོང་བ་ཇི་ལྟ་བར། །དྲི་ཟ་ས?ཕྱིན་པོ་མི་འམ་ཅི་ཡིས་ཡོང་ས་བསྐོར་ཏེ། །གློག་ལྟར་གསལ་བའི་མེ་ཏོག་ཆར་པ་འབེབས་ཤིང་ལྷགས། ། དྲི་ཟ་མི་འམ་ཅི་ཡི་སྐད་ཀྱིས་བརྟན་པ་བསྟོད ། །ཁ་ཅིག་མེ་ཏོག་རྒྱས་པའི་ལྗོན་ཤིང་འབྲས་བུར་བ་ཅས། །མེ་ཏོག་བསྟས་ཤིང་མཆོག་གི་དྲི་ནི་རབ་འབྱིན་ལ། ། ལོ་མར་སངས་རྒྱས་ས?ས་པོ་ལུས་ཕྱེད་གནས་ཐོགས་ལྷགས། །བཏུད་ནས་ས་ཡི་སྙིང་པོར་མེ་ཏོག་རྣམས་ཀྱང་འཐོར། །ཁ་ཅིག་པད་མ་ཨུད་པལ་པད་མ་དཀར་པོ་རྒྱས། །པད་མའི་སྙིང་པོར་སུམ་ཅུ་རྩ་གཉིས་མཚན་ལྡན་གནས། །དེ་འདྲ་ར་མེ་ཏོག་རྒྱས་པའི་རྫིང་བུ་ཐོགས་ཏེ་ལྷགས། །ཆགས་མེད་ཡིད་ལྡན་བྱང་ཆུབ་སེམས་དཔའ་མཁས་ལ་བསྟོད ། །ཁ་ཅིག་ལྷུན་པོ་ལྟ་བུར་ལུས་ཆེན་བསྒྱུར་ཏེ་ལྷགས། ། བར་སྣང་གནས་ནས་རང་གི་ལུས་ཀྱང་རབ་ཏུ་འདོར། །བོར་མ་ཐག་ཏུ་མེ་ཏོག་ཕྲེང་བ་རྣམས་སུ་གྱུར། །སྟོང་གསུམ་དག་གི་རྒྱལ་བའི་ཞིང་རྣམས་ཁེབས་པར་བྱིད ། །ཁ་ཅིག་མིག་གཉིས་སྲེག་པའི་བསྐལ་པ་ལྟ་བུ་དང ། །དེ་བཞིན་ཆགས་པ་དང་ནི་འཇིག་པར་སྟོན་ཅིང་ལྷགས། །དེ་དག་ལུས་ལས་ཆོས་ཀྱི་སྒོ་མོ་མང་གྲག་སྟེ། །དེ་དག་ཐོས་པས་སེམས་ཅན་ཁྲག་ཁྲིག་སྲེད་པ་སྤོང ། །ཁ་ཅིག་མཆུ་
46-356
ནི་བྱིམ་པ་འདྲ་ལ་བཞིན་མཇེས་ཤིང ། །ཁ་བཞིན་རྫོགས་ལ་མི་འམ་ཅི་འདྲའི་སྒྲ་སྒྲོགས་ལྷགས། །དོ་ཤལ་སྣ་ཚོགས་ལེགས་བརྒྱན་བུམོ་ཆས་པ་འདྲ། །དེ་ལ་ལྟ་བས་ལྷ་ཡི་ཚོགས་རྣམས་ངོམས་མི་འགྱུར ། །ཁ་ཅིག་རྡོ་རྗེ་ལྟ་བུར་མི་ཕྱེད་ལུས་ཅན་དེ། །རྐང་པས་འོག་གི་ཆུ་ཡི་ཕུང་པོ་འབོག་ཅིང་ལྷགས། །ཉི་མ་འདྲ་ཞིང་ཟླ་ལྟར་བཞིན་རྒྱས་སྣང་བྲེད་ལ། །འོད་བྱིད་ཉོན་མོང་ས་སྐྱོན་རྣམས་བཅོམ་པ་ཁ་ཅིག་ལྷགས། །ཁ་ཅིག་རིན་པོ་ཆེས་བརྒྱན་ལག་ན་རིན་ཆེན་ཐོགས། །ཞིང་མང་བྱི་བ་སྟོང་དག་ཁེབས་པར་བྲེད་ཅིང་ལྷགས། ། སེམས་ཅན་མང་ལ་ཕན་དང་བདེ་དང་ཚིམ་བྱའི་གྱིར། །རིན་ཆེན་མེ་ཏོག་དམ་པ་དྲི་ཞིམ་ཆར་པ་འབེབས། །ཁ་ཅིག་གཟུང་ས་ཆེན་རིན་པོ་ཆེ་ཡི་མཛོད་གྱུར་ཅིང ། །བ་སྦུ་རྣམས་ནས་མདོ་སྡེ་ཁྲག་ཁྲིག་རབ་བརྗོད་ལ། །སྤོབས་པར་ལྡན་ཞིང་བློ་གྲོས་ལྡན་ལ་བློ་མཆོག་ལྡན་།། རྒྱགས་ཞིང་རབ་དྲཝ[༄\ུf]གས་སྐྱེ་བོ་རྟོགས་པར་བྲེད་ཅིང་ལྷགས། །ཁ་ཅིག་རི་བོ་སྟུན་པོ་རྔ་ལྟར་ཐོགས་ནས་ནི། །རབ་ཏུ་རྡུང་ཞིང་མཁའ་ལས་ཡིད་འོང་སྒྲ་འབྱིན་ལྷགས། །དེ་ཡི་སྒྲ་ནི་བྱོགས་བཅུར་བྲེ་བའི་ཞིང་སོང་སྟེ། །བདུད་སྩི་མ་ཐོབ་སྟོན་པ་དོ་མོད་འཚང་རྒྱར་སྒྲོག་།བྱང་ཆུབ་ཀྱི་སྙིང་པོར་བཀོད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །། ད་གེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་གྱིར། བྱང་ཆུབ་སེམས་དཔའ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་བཀོད་པ་རྣམ་པ་དེ་ལྟ་བུ་དེ་དག་མངོན་པར་བྱས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཀྱང་བྱོགས་བཅུ་དག་གི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བྱང་ཆུབ་ཀྱི་
46-357
སྙིང་པོའི་རྒྱན་བཀོད་པ་ཇི་སྙིད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་དེར་ཀུན་ཏུ་བསྟན་ཏོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་འདི་སྙམ་དུ་སེམས་ཏེ། འདོད་པའི་ཁམས་འདིའི་བདག་པོ་དབང་ཕྱུག་དབང་སྒྱུར་བ་བདུད་སྣིག་ཅན་དེ་ལ་བདག་གིས་མ་སྤྲན་པར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་བདག་གིམི་ཆས ། བདག་གིས་བདུད་སྡིག་ཅན་བསྐུལ་བར་བྱའོ། །དེ་ལས་རྣམ་པར་རྒྱལ་ན་འདོད་པ་ན་སྤྱོད་པའི་ལྷ་ལ་སོགས་པ་ཐམས་ཅད་ཚར་བ་ཅད་པར་འགྱུར་རོ། །འོན་ཏང་བདུད་ཀྱི་འཁོར་ན་བདུད་ཀྱི་རིས་ཀྱི་ལྷའི་བུ་སྔོན་དགེ་བའི་རྩ་བ་བསྐྱེད་པ་འཁོད་པ་དག་གིས་ངའི་སེང་གེ་རྣམ་པར་རོལ་པ་མཐོང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་སྙམ་མོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་བསམས་ནས་དེའི་ཚེ་སྨིན་མཚམཚམས་ཀྱི་བར་གྱི་མཛོད་སྤུ་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྲེད་པ་ཞེས་བྱ་བའི་འོད་ཟེར་གཅིག་ཕྱུང་སྟེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱི་བདུད་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས་མོག་མོག་པོར་བྱས་ཏེ་རབ་ཏུ་གཡོས་པར་བྱས་པར་ཡང་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་ཏོ། ། བདུད་སྡིག་ཅན་གྱིས་འོད་དེ་ལས་རྣམ་པ་འདི་ལྟ་བུའི་སྒྲ་འདི་ཡང་ཐོས ། ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་ག་ཙང་ས?ས་པོས་རྒྱལ་སྲིད་དག་ནི་རབ་སྤང་ས་ཏེ། །ཕན་བྲེད་དེ་ནི་བདུད་སྩི་མངོན་པར་འདོད་པས་བྱུང ། །བྱང་ཆུབ་ཤིང་དྲུང་འོང་ས་ཀྱིས་དེ་རིང་བསྒྲིམ་པར་གྱིས། །དེ་ནི་
46-358
བདག་ཀྱང་རྒལ་ལ་གཞན་ཡང་སྒྲོལ་བར་བྲེད ། །དེ་ནི་བདག་ཉིད་གྲོལ་བས་གཞན་ཡང་གྲོལ་བར་བར་བྲེད། །དེ་ནི་བདག་ཀྱང་དབུགས་གྱིན་གཞན་དག་དབུགས་ཀྱང་འབྱིན། །ཡོངས་སུ་མྱ་ངན་འདས་ནས་གཞན་དག་མྱ་ངན་བློ། །ངན་སོང་གསུམ་པོ་མ་ལུས་སྟོང་ས་པར་བྱེད་པར་འགྱུར། །ལྷ་མི་རྣམས་ཀྱི་གྲོང་ཁྱེར་གང་བར་བྲེད་པར་འགྱུར། །ཕན་པ་བྲེད་པ་དེ་ནི་བདུད་སྩི་ཐོབ་གྱུར་ནས། །བསམ་གཏན་མངོན་ཤེས་བདུད་རྩི་བདེ་མཆོག་སྤྱིན་པར་འགྱུར། །གང་ཚེ་རང་བྱུང་ཉིད་ཀྱིས་ཆོས་ཆར་མངོན་ཕབ་ཚེ། །ནག་པོའི་རྩ་ལག་ཁྱོད་ཀྱི་གྲོང་ཁྱེར་སྟོང་ས་བྲེད་འགྱུར། །སྟོབས་མེད་པས་ཀྱང་སྟོབས་མེད་འགྱུར་ཏེ་དཔུང་ཉམས་འགྱུར། ། བྲོགས་ནི་བྱོགས་མིན་ཅི་བྱ་གར་འགྲོ་ཤེས་མི་འགྱུར། །དགེ་སློང་དག་དེ་ལྟར་བདུད་སྣིག་ཅན་བསྐུལ་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ནས་མི་ལམ་རྣམ་པ་སུམ་རྩུ་རྩ་གཉིས་མིས་སོ། །རྣམ་པ་སུམ་ཅུ་རྩ་གཉིས་གང་ཞེ་ན ། འདི་ལྟ་སྟེ། བདག་གི་གནས་མྱཕྱིན་པས་ཁྱབ་པར་མིས་པ་དང ། རང་གི་གནས་རྡུལ་གྱིས་གང་ཞིང་རྒྱོ་མོ་དང་གསིག་མས་གང་བར་མིས་པ་དང ། བདག་ཉིད་སྔང་ས་སྐྲག་ནས་བྱོགས་བྱོགས་སུ་འབྲོས་པར་མིས་པ་དང ། བདག་ཅོད་པན་དང་བྲལ་ཞིང་རྣ་ཆ་ལྷུང་བར་མིས་པ་དང ། བདག་མཆུ་དང་གྲེ་བ་དང ། རྐན་སྐམས་པར་མིས་པ་དང ། བདག་སྙིང་ཀུན་ཏུ་གདུང་ས་པར་མིས་པ་དང ། སྐྱེད་མོས་ཚལ་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་རྣམས་རྙིས་པར་མིས་པད་ང ། རྫིང་རྣམས་སྐམས་ཏེ་ཆུ་མེད་པར་མིས་པ་དང ། ང་ང་པ་དང ། དྲུང་དྲུང་དང ། རྨ་བྱ་དང ། ཀ་ལ་པིང་ཀ་དང ། ཀུ་ན་ལ་དང ། ཤང་ཤང་ཏེའུ་ལ་སོགས་པ་བྱའི་ཚོགས་རྣམས་འདབ་གཤོག་ཟིགཟིགས་པར་མིས་པ་དང ། རྔ་དང ། དུང་དང ། རྗ་རྔ་དང ། ཁར་རྔ་དང ། རྒྱུད་གཅིག་པ་དང ། པི་བང་
46-359
དང ། རྒྱུད་གསུམ་པ་དང ། ཕེག་དང ། ཁར་བའི་སིལ་ཁྲོལ་ལ་སོགས་པ་རོལ་མོའི་ཆ་བྱད་རྣམས་ཆག་གྲུགས་ཏེ་ས་ལ་ལྷུང་བར་མིས་པ་དང ། འཁོར་སྡུག་པས་ཀྱང་བདུད་སྤང་ས་ཏེ་ངོ་འཇུམ་གནག་ཅིང་བྱོགས་གཅིག་ཏུ་དོང་ནས་སེམས་ཤིང་འཁོད་པར་མིས་པ་དང ། ཆུང་མའི་དམ་པ་ཕྲེང་བ་ཅན་ཡང་མལ་ནས་ས་ལ་ལྷུང་སྟེ་ལག་པ་གཉིས་མགོ་ལ་ཇེབ་པར་མིས་པ་དང ། བདུད་ཀྱི་བུ་གང་དག་ཤིན་ཏུ་བརྩོན་འགྲུས་དང་ལྡན་པ་དང ། ཤིན་ཏུ་སྟོབས་དང་ལྡན་པ་དང ། ཤིན་ཏུ་གཟི་བཇིད་དང་ལྡན་པ་དང ། ཤིན་ཏུ་ཤེས་རབ་དང་ལྡན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པ་ལ་ཕྱག་འཚལ་བར་མིས་པ་དང ། བདག་གི་བུ་མོ་རྣམས་ཀྱང་ཀྱི་ཧུད་ཡབ། ཀྱི་ཧུད་ཡབ་ཅེས་ཆོ་ངེ་འདོན་པར་མིས་པ་དང ། བདག་ལུས་ལ་གོས་དྲི་མ་ཅན་རྒྱོན་པར་རྨིས་པ་དང ། བདག་མགོ་རྡུལ་གྱིས་གང་ལ་སྐྱ་བོ་བསིང་བསེང་པོ་དང ། ཉམ་ཆུང་བ་དང ། མདང་ས་ཉམས་པར་མིས་པ་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། སྐར་ཁུང་དང ། རྟ་བབས་རྣམས་ཀྱང་རྡུལ་གྱིས་གང་ནས་རྡིབ་པར་མིས་པ་དང ། དེའི་སྡ་དཔོན་གནོད་སྤྱིན་དང ། སྲིན་པོ་དང ། གྲུལ་བུམ་དང ། དྲི་ཟའི་བདག་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཨཾ[༄\ུfཅ]མས་ཚུགས་བ་ཅས་ཏེ་ངུ་ཞིང་ཆོ་ངེས་བཏབ་ནས་བྲེར་བར་མིས་པ་དང ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ལྷའི་བདག་པོ་འདི་ལྟ་སྟེ། ཡུལ་འཁོར་སྲུང་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། རྣམ་ཐོས་ཀྱི་བུ་དང ། བརྒྱ་བྱིན་དང ། རབ་འཐབ་བྲལ་དང ། ཡོངས་སུ་དགའ་ལྡན་དང ། རབ་འཇུལ་དང ། དབང་སྐྱུར་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བདུད་ལ་མི་གུས་ཤིང་བྱང་ཆུབ་སེམས་དཔའ་ལ་བྱོགས་པར་མིས་པ་དང ། ཐབ་མོའི་
46-360
ནང་ན་དེའི་རལ་གྲི་ཤུགས་ནས་མ་ན་ཅིང་བདག་མི་ཤིས་པའི་སྒྲ་འབྱིན་པར་མིས་པ་དང ། རང་གི་འཁོར་གྱིས་བདག་པོར་བར་མིས་པ་དང ། བཀྲ་ཤིས་ཀྱི་བུམ་པ་སྒོར་ལྷུང་བར་མིས་པ་དང ། བྲམ་ཟེ་མིས་བྱིན་གྱི་བུ་ཡང་བཀྲ་མི་ཤིས་པའི་སྒྲ་སྒྲོགས་པར་མིས་པ་དང ། སྒོ་བ་ཀུན་ཏུ་དགའ་བྲེད་ཀྱང་ཀུན་ཏུ་མི་དགའ་བའི་སྒྲ་སྒྲོགས་པར་མིས་པ་དང ། ནམ་མཁའི་དཀྱིལ་མྱུ་ན་པས་ཁེབས་པར་མིས་པ་དང ། འདོད་པའི་གནས་ན་གནས་པའི་དཔལ་ཡང་ངུ་བར་མིས་པ་དང ། བདག་གི་དབང་ཡང་དབང་མེད་པར་གྱུར་པར་མིས་པ་དང ། རང་གི་བྱོགས་ཀྱང་བྱོགས་མ་ཡིན་པར་མིས་པ་དང ། ནོར་བུ་དང་མུ་ཏིག་གི་དྲ་བ་རྣམས་ཀྱང་ཆད་ཅིང་རྣམ་པར་ཆད་ནས་འཔུ?ལ་བར་མིས་པ་དང ། བདུད་ཀྱི་གནས་ཐམས་ཅད་ཀྱང་རབ་ཏུ་གཡོས་པར་མིས་པ་དང ། ཤིང་རྣམས་ཀྱང་བ་ཅད་ཅིང་བ་གམ་ཡང་ལྷུང་བར་མིས་པ་དང ། བདུད་ཀྱི་སྣེ་བཀོད་པ་ཐམས་ཅད་ཀྱང་ཁས་སྦུབ་ཏུ་འགྱིལ་བར་མིས་པ་སྟེ། དགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱི་མི་ལམ་དུ་རྣམ་པ་སུམ་རྩུ་རྩ་གཤིས་པོ་འདི་ལྟ་བུ་མིས ། །དེ་སད་པ་དང ། འཇིགས་སྐྲག་སྔངས་ནས་ནང་མི་ཐམས་ཅད་བསོགས་ཏེ། དཔུང་དང་བ་ཅས་པ་དང ། འཁོར་དང་སྡེ་དཔོན་དང ། སྒོ་བ་དང་དེ་དག་འདུས་པར་རིག་ནས་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །བདུད་དེས་མི་ལམ་དེ་དག་མཐོང་ནས་ཉམ་ཐག་སྟེ། །སྡེ་དཔོན་བདུད་པོ་སེང་གེ་ཟ་འགྲམ་ཞེས་བྱ་དང ། །བུ་རྣམས་དག་དང་འཁོར་རྣམས་གང་དག་ཡིན་ལ་སྨྲས། །ནག་པོའི་རྩ་ལག་དེ་དག་ཀུན་ལ་ཡོངས་སུ་དྲིས། །ཤཱཀྱའི་ནང་དུ་སྐྱེས་པ་མཚན་མཆོག་ཡན་ལག་སྤྲས། ། ལོ་དྲུག་བར་དུ་བྱ་དཀའ་བརྟུལ་ཞུགས་དྲ་ག་པོ་སྤྱད ། །བྱང་ཆུབ་ཤིང་དྲུང་འོང་ས་ཀྱིས་རབ་ཏུ་སྒྲིམས་ཤིག་ཅེས། །མད་ང་སུམ་བར་སྣང་ལས་ནི་ཚིགས་བ་ཅད་དེ་
46-361
སྐད་གྲག་།བྱང་ཆུབ་སེམས་དཔའ་དེ་ཉིད་རྣམ་པར་སངས་རྒྱས་ནས། ། སེམས་ཅན་བྲེ་བ་ཁྲག་ཁྲིག་མང་པོ་རྣམས་རྟོགས་བྲེད ། །གང་ཚེ་བདུད་རྩི་ཐོབ་སྟེ་བསིལ་བའི་དངོས་རེག་ཚེ། །དེས་ནི་ང་གནས་མ་ལུས་སྟོང་པར་བྲེད་པར་འགྱུར། །དཕུང་ཆེན་རྣམས་དང་ལྷན་ཅིག་དེར་ནི་རབ་དོང་ལ། །ཤིང་དབང་དྲུང་འདུག་དགེ་སྤྱོང་གཅིག་དེ་གཞོམ་པར་བྱ། །ཡན་ལག་བཞི་པའི་སྡེ་རྣམས་མྱུར་དུ་རབ་ཏུ་སྤྲི་མས། །གལ་ཏེ་ང་ལ་སྡུག་སེམས་གྱི་ཤོལ་མ་བྲེད་ཅིག་།དགྲ་བཅོམ་རང་སངས་རྒྱས་ཀྱིས་འཇིག་རྟེན་གང་གྱུར་ཀྱང ། །མྱ་ངན་འདའ་བས་བདག་དཔུང་ཉམ་ཆུང་ཡོང་མི་འགྱུར། །དེ་ཡང་ག་ཅིག་པུ་རྒྱལ་བ་ཆོས་རྒྱལ་གྱུར་ན་ན་ནི། །བགྲང་ལས་འདས་པའི་རྒྱལ་བའི་རིགས་ནི་གཞལ་མི་འཆད ། །དགི་སློང་དག་དེ་ནས་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བས་བདུད་སྣིག་ཅན་དེ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། ཡབ་ཅིག་ཅི་ནོང་ས་ཞལ་གྱུར་ཅིང་ནི་ཞལ་མདོག་ཉམས། །ཐུགས་ཀྱང་འཕར་ལ་ཁྱོད་ཀྱི་ཡན་ལག་ཉིང་ལག་འད་ར། །ཁྱོད་ཀྱིས་ཅི་གསན་ཅི་གཟིགས་མྱུར་དུ་བཀའ་སྩོལ་ཅིག་།ཡང་དག་བསམས་ནས་དེ་བཞིན་སྦྱར་བ་འཚལ་བར་བགྱི། །ང་རྒྱལ་མེད་བདུད་སྨྲས་པ་བུ་ཅིག་ང་ལ་ཉོན།། ངས་ནི་སྡིག་པའི་མི་ལམ་ཤིན་ཏུ་མི་བཟད་མིས། །དེ་རིང་འཁོར་འདིར་དེ་ཀུན་མ་ལུས་སྨྲས་ན་ན་ནི། །ཁྱེད་རྣམས་བརྒྱལ་ཏེ་ས་ལ་རབ་ཏུ་སྦྱེལ་བར་འགྱུར། ། དེད་དཔོན་གྱིས་སྨྲས་པ། གལ་ཏེ་འཐབ་དུས་བབ་སྟེ་རྒྱལ་ན་ནོང་ས་མ་མཆིས། ། གལ་ཏེ་དེར་ནི་བཅོམ་པར་གྱུར་ན་ནོང་ས་དང་བ་ཅས། །གལ་ཏེ་ཁྱོད་ཀྱི་མི་ལམ་དེ་འདྲའི་ལྟས་ལགས་ན། །བཞག་ན་དགེ་སྟེ་གཡུལ་ངོར་ཡོངས་སུ་བསྟང་ས་མི་འགྱུར། །བདུད་ཀྱིས་སྨྲས་པ། བརྩལ་བ་གྲུབ་པའི་སྐྱེས་བུ་གཡུལ་ངོར་གྲགས་པར་འགྱུར། །གལ་ཏེ་བརྟན་ལ་བརྟེན་ཏེ་ལེགས་བྱས་བདག་ཅག་རྒྱལ། །ཁོ་བོ་
46-362
འཁོར་དང་བ་ཅས་པ་མཐོང་ནས་ལང་ས་ནས་སུ། །ཁོ་བོའི་རྐང་པར་མགོས་ཕྱག་མི་འཚལ་དེས་མི་ནུས། །དེད་དཔོན་གྱིས་སྨྲས་པ། རྒྱ་ཆེན་དཔུང་བདོག་ཀྱང་ནི་ཤིན་ཏུ་མཐུ་ཆུང་སྟེ། །སྟོབས་ལྡན་དཔའ་བོ་གཅིག་པུ་མཆིས་ན་གཡུལ་ལས་རྒྱལ། །གལ་ཏེ་ས?ཕྱིན་བུ་མེ་ཁྱེར་སྟོང་གསུམ་གང་གྱུར་ཀྱང ། །ཉི་མ་གཅིག་པུའི་ཟིལ་དུ་བརླག་སྟེ་འོད་མི་བགྱིད ། །གཞན་ཡང་གང་ལ་ང་རྒྱལ་གཏི་མུག་མཆིས་ལ་དཔོད་མ་མཆིས། །མཁས་དང་མི་འཐུན་བགྱིད་པ་དེ་ནི་གསོ་མི་ནུས། །དགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱིས་དེད་དཔོན་གྱི་ཚིག་མ་མཉན་ན་ནས། ཡན་ལག་བཞི་པའི་དཔུང་ཆེན་པོ་སྟོབས་ཆེ་བ། འཐབ་མོ་ལ་དཔའ་བ། འཇིགས་སུ་རུང་བ། སྤུ་ཟིང་ཞེས་བྱེད་ནུས་པ། ལྷ་དང་མི་རྣམས་ཀྱིས་སྔོན་མ་མཐོང་མ་ཐོས་པ། བཞིན་བསྒྱུར་བ་རྣམ་པ་མང་པོ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བསྐྱུར་བའི་རྣམ་པ་དང་ལྡན་པ། རྐང་ལག་སྤྲུལ་བརྒྱ་སྟོང་གིས་དགྲིས་པ་དང་ལྡན་པ། རལ་གྲི་དང ། མད་འ་གཞུ་དང ། མདུང་ཐུང་དང ། མད་འ་བོ་ཆེ་དང ། སྟ་རེ་དང ། རྩེ་གསུམ་ཁ་གདེང་དང ། བོང་བ་དང ། གཏུན་ཤིང་དང ། བེ་ཅོན་དང ། ཞགས་པ་དང ། དབྱུག་ཏོ་དང ། འཁོར་ལོ་དང ། རྡོ་རྗེ་དང ། རྡོ་རྗེ་རྩེ་གཅིག་པ་ཐོགས་པ་དང ། ལུས་ལ་གོ་ཆ་བཟང་པོ་བགོས་པ། མགོ་དང ། རྐང་ལག་དང ། མིག་ལོག་པར་འདུག་པ། མགོ་དང ། མིག་དང ། གདོང་འབར་བ། པྟོ་དང་རྐང་ལག་དབྱིབས་མི་སྡུག་པ། བཞིན་གཟི་བརྗིད་དྲ་ག་པོ་དང་ལྡན་པ། ཤིན་ཏུ་བཞིན་པསྒྱུར་ཅིང་སོ་གཅིགས་པ། འཇིགས་སུ་རུང་བར་མཆེ་བ་གཅིགས་པ། ལྕེ་སྟུག་ཅིང་ཞེང་ཆེ་བ་མང་པོ་འཕྱང་བ། ལྕེ་འབར་འབུར་ཅན་རེ་ལྡེ་དང་འདྲ་བ། མིག་མེ་དང་སྤྲུལ་ནག་པོ་དུག་གིས་རྒྱས་པའི་མིག་ལྟར་དམར་བ་དག་ཆར་བཅུག་སྟེ། དེ་ལ་ཁ་ཅིག་ནི་སྤྲུལ་གདུག་སྐྱུག་
46-363
པ། ཁ་ཅིག་ནི་ནམ་མཁའ་ལྡིང་གིས་རྒྱ་མཚོ་ནས་ཕྱུང་བ་བཞིན་དུ་ལག་མཐིལ་དུ་སྤྲུལ་གདུག་པ་བཞག་སྟེ་ཟ། ཁ་ཅིག་ནི་མིའི་ཤ་དང ། ཁྲག་དང ། རྐང་ལག་དང ། མགོ་དང ། མཁལ་མ་དང ། ནང་གྲོལ་དང ། ངན་སྐྱུགས་ལ་སོགས་པ་ཟ་ཁ་ཅིག་ནི་གཟུགས་སྔོ་བསངས་དང ། ཁམ་པ་པོ་དང ། སྔོན་པོ་དང ། དམར་པོ་དང ། སེར་པོར་འདུག་སྟེ། འཇིགས་སུ་རུང་བའི་གཟུགས་སྣ་ཚོགས་ཅན། ཁ་ཅིག་ནི་མིག་ཞིགས་པ་དང ། མིག་ཁྲོན་པ་ལྟ་བུ་དང ། མིག་ཕྱུང་བ་ལྟ་བུ་དང ། མིག་འབར་བ་དང ། མིག་བཟུར་བ། མི་སྡུག་པ། ཁ་ཅིག་ནི་མིག་ལོག་པ་དང ། འབར་བ་དང ། མི་སྡུག་པ། ཁ་ཅིག་ནི་རི་འབར་བ་ཐོགས་ཏེ། འགྱིང་ཞིང་རི་གཞན་ལ་ཞོན་ཏེ་འོང ། ཁ་ཅིག་ནི་ཤིང་རྩ་ཐོན་བྱས་ཏེ་བྱང་ཆུབ་སེམས་དཔའི་ལོགས་སུ་རྒྱུག་ཅིང་འོང ། ཁ་ཅིག་གི་རྣ་བ་ནི་ཕག་རྣ་ལྟ་བུ་དང ། ཞིབ་མ་ལྟ་བུ་དང ། གླང་པོའི་རྣ་བ་ལྟ་བུ་དང ། འཕྱང་བ་དང ། ཕག་རྣ་ལྟ་བུར་འདུག་པ། ཁ་ཅིག་ནི་རྣ་བ་མེད་པ། ཁ་ཅིག་ནི་ཀེང་རུས་མང་པོ་སྤྲུལ་ནས་ལུས་རིད་ཅིང་གསུས་པ་ཆེ་ལ་སྣ་ཞོམ་པ། གསུས་པ་བུམ་པ་ལྟ་བུར་འདུག་པ། རྐང་པ་མགོའི་ཐོད་པ་ལྟར་འདུག་པ། པགས་པ་དང ། ཤ་དང་ཁྲག་སྐམས་པ། རྣ་བ་དང ། སྣ་དང ། རྐང་ལག་དང ། མིག་དང ། མགོ་བ་ཅད་པ། ཁ་ཅིག་ནི་ཁྲ་ག་འཐུང་འདོད་པས་གཅིག་ལ་གཅིག་མགོ་གཅོད་པ། ཁ་ཅིག་ནི་སྒྲ་ཤ་ཤ་པོ་དང ། སྒྲ་མི་སྙན་པ་དང ། འཇིགས་སུ་རུང་བ་དང ། སྒྲ་རྩུབ་པ་དང་ལྡན་པ། ཧུ་ཧུ་ཞེས་བྱ་བ་དང ། མཆི་ཞེས་བྱ་བ་དང ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྒྲ་འབྱིན་པ་དང ། སྤྱུགས་པ་ལེན་པ་དང ། དགེ་སྤྱོང་རྒ་ཏ་མ་འདི་ཤིང་དང་ཆོས་ཏེ་འོན་ཅིག་ཅེས་ཟིར་བ་དང ། འོར་ཅིག་ཅེས་ཟིར་བ་དང ། རྒྱོབ་ཅིག་ཅེས་ཟེར་བ་དང ། རབ་ཏུ་
46-364
རྒྱོབ་ཅིག་ཅེས་ཟེར་བ་དང ། ཆིང་ས་ཤིག་ཅེས་ཟེར་བ་དང ། ཟུང་ཤིག་ཅེས་ཟེར་བ་དང ། ཆོད་ཅིག་ཅེས་ཟེར་བ་དང ། གཏུབས་ཤིག་ཅེས་ཟེར་བ་དང ། གཏོགས་ཤིག་ཅེས་ཟིར་བ་དང ། བབ་བབ་ཏུ་འོར་ཅིག་ཅེས་ཟེར་བ་དག་ག་གོ། །ཁ་ཅིག་ནི་ཝ་དང ། ཅེ་སྤྱང་དང ། ཕག་དང ། བོང་བུ་དང ། བ་ལང་དང ། གླང་པོ་ཆེ་དང ། རྟ་དང ། རྔ་མོ་དང ། རྐྱང་དང ། མ་ཧེ་དང ། རི་བོང་དང ། གཡག་དང ། བསེ་དང ། རི་དགས་ལྡང་སྐོ་སྐ་ལ་སོགས་པའི་ཁ་གདོང་སྣ་ཚོགས་འཇིགས་སུ་རུང་བ་སྔང་ས་པར་བྲེད་པ། མི་སྡུག་པ་དང་ལྡན་པ་དག་ག་གོ། །ཁ་ཅིག་ནི་སེང་གེ་དང ། སྟག་དང ། ཕག་གོད་དང ། དྲཝེད་དང ། སྤྲེའུ་དང ། གཟིག་དང ། བྱི་ལ་དང ། ར་དང ། ལུག་དང ། སྤྲུལ་དང ། ནེའུ་ལེ་དང ། ཉ་དང ། ཆུ་སྲིན་དང ། ཆུ་ས?ཕྱིན་བྱིས་པ་གསོད་དང ། རུས་སྤལ་དང ། བྱ་རོག་དང ། བྱ་གོད་དང ། འུག་པ་དང ། ནམ་མཁའ་ལྡིང་ལྟ་བུའི་ལུས་དང་ལྡན་པ་དག་ག་གོ། །ཁ་ཅིག་ནི་གཟུགས་མི་སྡུག་པ་དག་ག་གོ། །ཁ་ཅིག་ནི་མགོ་གཅིག་པ་དང ། མགོ་གཉིས་པ་ནས་མགོ་བརྒྱ་སྟོང་གི་བར་དང་ལྡན་པ་དག་གོ། །ཁ་ཅིག་ནི་མགོ་མེད་པའོ། ། ཁ་ཅིག་ནི་ལག་པ་གཅིག་པ་ནས་ལག་པ་བརྒྱ་སྟོང་གི་བར་དང་ལྡན་པ་དག་ག་གོ། ། ཁ་ཅིག་ནི་ལག་པ་མེད་པ་དག་ག་གོ། །ཁ་ཅིག་ནི་རྐང་པ་གཅིག་པ་ནས་རྐང་པ་བརྒྱ་སྟོང་གི་བར་དང་ལྡན་པ་དག་གོ། །ཁ་ཅིག་ནི་རྐང་པ་མེད་པ་དག་ག་གོ། །ཁ་ཅིག་ནི་རྣ་བ་དང ། ཁ་དང ། སྣ་དང ། མིག་དང ། ལྟེ་བའི་ཁུང་བུ་ནས་སྤྲུལ་གདུག་པ་འབྱིན་ཏོ། ཁ་ཅིག་ནི་རལ་གྲི་དང ། མད་འ་གཞུ་དང ། མདུང་ཐུང་དང ། རྩེ་གསུམ་ཁ་གདེང་དང ། དགྲ་སྟ་དང ། འཁོར་ལོ་དང ། མད་འ་བོ་ཆེ་དང ། རྡོ་རྗེ་རྩེ་གཅིག་པ་དང ། རྡོ་རྗེ་དང ། བོང་བ་དང །
46-365
མཚོན་རྩེ་གཅིག་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གསོར་ཞིང་གར་བྲེད་ལ། བྱང་ཆུབ་སེམས་དཔའ་ལ་སྡིགས་མོ་བྲེད་དོ། །ཁ་ཅིག་ནི་མིའི་སོར་མོ་བ་ཅད་ནས་ཕྲེང་བར་བརྒྱུས་ཏེ་ཐོགས་སོ། །ཁ་ཅིག་ནི་ཀེང་རུས་དང ། ཐོད་པ་དག་ཕྲེང་བ་ལྟ་བུར་བརྒྱུས་ཏེ་ཐོགས་ས་སོ། །ཁ་ཅིག་ནི་ལུས་སྤྲུལ་གདུག་པས་དགྲིས ། །ཁ་ཅིག་ནི་མགོ་ལ་ཞུགས་ལིང་མེ་ཅན་ཐོགས་ཏེ། གླང་པོ་དང ། རྟ་དང ། རྔ་མོ་དང ། བ་ལང་དང ། བོང་བུ་དང ། མ་ཧེ་ལ་ཞོན་ན་ནོ། །ཁ་ཅིག་ནི་སྤྱིའུ་ཚུགས་སུ་འདུག་ལ་ཁབ་ལྟ་བུའི་སྦུ་ཅན་དག་གོ། །ཁ་ཅིག་ནི་བ་ལང་དང ། བོང་བུ་དང ། ཕག་གོད་དང ། ནེའུ་ལེ་དང ། ར་དང ། ལུག་དང ། བྱི་ལ་དང ། སྤྲེའུ་དང ། སྤྱང་ཀི་དང ། ཅེ་སྤྱང་གི་སྦུ་ལྟ་བུ་དང་ལྡན་ལ། སྤྲུལ་གདུག་པ་སྐྱུག་ཅིང་ལྕགས་ཀྱི་ཐུ་ལུམ་མིད་པ་དང ། མེ་འབྱིན་པ་དང ། ལྕགས་དང ། ཟང་ས་འབར་བའི་ཆར་འབེབས་པ་དང ། ལྕེ་འབེབས་པ་དང ། རྡོ་རྗེའི་ལྕེ་འབེབས་པ་དང ། ལྕགས་ཀྱི་བྲེ་མཚན་མོའི་ཆར་འབེབས་པ་དང ། སྤྲིན་ནག་པོ་བསྡུས་ཏེ་རླུང་གི་ཆར་འཔེབས་པ་དང ། མདའི་སྤྲིན་བསྡུས་ཏེ་ཆར་དུ་འབེབས་པ་དང ། མྱུན་གནག་སྟོན་པ་དང ། སྒྲ་འབྱིན་ཅིང་བྱང་ཆུབ་སེམས་དཔའི་ལོགས་སུ་རྒྱུག་པ་དག་གོ། །ཁ་ཅིག་ནི་ཞགས་པ་སྐོར་བ་དང ། རི་ཆེན་པོ་རྙིལ་བར་བྲེད་པ་དང ། རྒྱ་མཚོ་ཆེན་པོ་འཁྲུགས་པར་བྱིད་པ་དང ། རི་ཆེན་པོ་ལས་མཆོང་བ་དང ། རིའི་རྒྱལ་པོ་ལྷུན་པོ་རྒུལ་བ་དང ། རྒྱུག་པ་དང ། འབྲོས་པ་དང ། ཡན་ལག་དང ། ཉིང་ལག་འཐོར་བ་དང ། ལུས་སྐར་བ་དང་གད་མོ་ཆེར་རྒོད་པ་དང ། བྲང་རྡུང་བ་དང ། བྲང་ལ་ཇེབ་པ་དང ། མགོ་གསིག་པ་དང ། མགོ་འབར་ཞིང་སྐྲ་གྱིན་དུ་འགེང་བ་དང ། ཕན་ཚུན་ཤུགས་ཕྱུང་སྟེ་རྒྱུག་ཅིང་ཝའི་མིག་ལྟ་བུས་བྱང་ཆུབ་སེམས་དཔའ་ལ་
46-366
འཇིགས་པར་བྱེད་དོ། །བུད་མེད་རྒན་མོ་དག་ཀྱང་ངུ་ཞིང་བྱང་ཆུ་བ་སེམས་དཔའི་གན་དུ་ལྷགས་ཏེ། འདི་སྐད་དུ་ཀྱི་ཧུད་བུ། ཀྱི་ཧུད་ངའི་བུ། ལོངས་ཤིག་།ལོང་ས་ལ་མྱུར་དུ་བྲོས་ཤིག་ཅེས་འཇེར་ཏོ ། ། སྲིན་མོའི་གཟུགས་དང ། ཤ་ཟ་མོའི་གཟུགས་དང ། ཡི་དགས་ལོང་བ། ཐེང་པོ ། རྐེ་བ། བཀྲེས་པས་རིད་པ། ལག་པ་བསྒྲེང་བ། ཁ་གཅུས་པ་དག་ཀྱང་ངུ་ཞིང་འཇིགས་པ་སྟོན་ཏེ། སྔང་ས་པར་བྲེད་ཅིང་བྱང་ཆུབ་སེམས་དཔའི་མདུན་ན་རྒྱུག་གོ། ། བདུད་ཀྱི་དཔུང་འདུས་པ་རྣམ་པ་དེ་ལྟ་བུ་དེས་དཔག་ཚད་བརྒྱད་ཅུ་ཁོར་ཁོར་ཡུག་ཏུ་གང་བར་གྱུར་ཏོ། །བདུད་གཅིག་གི་ཇི་ལྟ་བ་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བྲེ་བ་ཕྲག་བརྒྱར་གཏོགས་པའི་བདུད་སྡིག་ཅན་རྣམས་ཀྱི་དཔུང་དག་གིས་ཐད་ཀ་དང ། སྟེང་གང་བར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གནོད་སྤྱིན་གྲུལ་བུམ་ལྟོ་འབྲེ་ཆེན་པོའི་གཟུགས། ། སྲིན་པོ་ཡི་དགས་ཤ་ཟའི་གཟུགས་དང་བ་ཅས། །འཇིག་རྟེན་མི་སྡུག་དྲ་ག་གཟུགས་ཇི་སྙེད་པ། །ཐམས་ཅད་སྒྱུ་ཡིས་དེར་ནི་སྤྲུལ་པ་བྱས། །མགོ་གཅིག་མགོ་གཉིས་མགོ་གསུམ་ལྡན་པ་ན་པ་ནས། །མགོ་སྟོང་བར་དུ་ལྡན་བཞིན་གནོད་སྤྱིན་མང ། །ལག་གཅིག་ལག་གཉིས་ལག་གསུམ་ལྡན་པ་ནས། །ལག་སྟོང་བར་དུ་ལྡན་པ་རབ་ཏུ་མང ། །རྐང་གཅིག་རྐང་གཉིས་རྐང་གསུམ་ལྡན་པ་ནས། །རྐང་སྟོང་བར་དུ་ལྡན་པ་གཞན་ཡང་མང ། །ཁ་བཞིན་སྔོ་ལ་ལུས་ནི་སེར་བ་དང ། །ཁ་བཞིན་སེར་ལ་ལུས་ནི་སྔོ་བ་དང ། །ཁ་བཞིན་དཀར་ལ་ལུས་ནི་གནག་པ་དང ། །ཁ་བཞིན་གནག་ལ་ལུས་ནི་དཀར་བ་དང ། །ཁ་བཞིན་གཞན་ལ་ལུས་ཀྱང་གཞན་པ་དང ། །དེ་འདྲའི་ཕྱག་བརྙན་དག་གི་དཔུང་རྣམས་ལྷགས། །སྟག་དང་སྤྲུལ་དང་ཕག་གི་གདོང་ཅན་དང ། །གླང་པོ་རྟ་དང་བོང་བུ་རྔ་མོའི་གདོང ། །སྤྲེའུ་དང་སེང་གེ་
46-367
བེད་ཀྱི་གདོང་ཅན་དང ། །དེ་འདྲའི་ཁ་གདོང་ལྡན་པའི་དཔུང་རྣམས་ལྷགས། ། རལ་པ་བརྫེས་ལ་འཇིགས་པའི་གནོད་སྤྱིན་མང ། །ལུག་མགོ་རུས་པ་འབར་འབུར་ལྔ་བ་ཅན། །ལུས་ནི་མི་ཡི་ཁྲག་གིས་རབ་ཏུ་སྤགས ། གནོད་སྤྱིན་དེ་འདྲ་བ་དག་དེར་ཡང་ལྷགས། །རྐང་པ་དག་ནི་དགོ་བའི་རྐང་པ་འདྲ ། །མིག་གི་འབྲས་བུ་སྤྲེའུའི་མིག་དང་མཚུང་ས། །མཆེ་བ་དག་ནི་གླང་པོའི་མཆེ་བ་འདྲ་།། ཁ་གདོང་དེ་འདྲའི་དཔུང་རྣམས་དེར་ཡང་ལྷགས། །ལུས་ཀྱི་དབྱིབས་ནི་ཆུ་ས?ཕྱིན་འདྲ་བ་སྟེ། །མིག་གི་འབྲས་བུ་གཉིས་ནི་རབ་ཏུ་འབར། །རྣ་བདག་ནི་ར་ཡི་རྣ་བ་འདྲ ། །ཁ་གདོང་དེ་འདྲའི་དཔུང་རྣམས་དེར་ཡང་ལྷགས། །ཁ་ཅིག་དག་ནི་ལག་ན་དབྱིག་པ་ཐོགས། །ཐོ་བ་མདུང་ཐུང་རྩེ་གསུམ་ལག་ན་ཐོགས། །ཁ་ཅིག་རི་བོ་ལྷུན་པོ་ལག་ན་ཐོགས། །འཇིགས་སུ་རུང་བའི་གཟུགས་ཅན་གནོད་སྤྱིན་ལྷགས། །གཤོལ་ཐོགས་འཁོར་ལོ་ཐོགས་ཤིང་མིག་སྒྱུར་དང ། །རི་རྩེ་ཆེན་པོ་ལག་ན་ཐོགས་པ་དང ། །རླུང་དང་རྡོ་དང་གནམ་ལྕགས་རབ་འཔོབས་ཤིང ། ། གནོད་སྤྱིན་འཇིགས་སུ་རུང་བ་དེར་ཡང་ལྷགས། །རླུང་ནི་རབ་ཏུ་གཏོང་ཞིང་ཆར་ཡང་འབེབས། །བརྒྱ་ཕྲག་སྟོང་གི་གློག་ཀྱང་རབ་ཏུ་འབྱིན། ། འབྲུག་གི་སྒྲ་ཡང་སྒྲོག་ཅིང་ཤིང་ལྗོན་སྐྱེལ། །བྱང་ཆུབ་ཤིང་གི་ལོ་མ་ཙམ་མི་གཡོ། །ཆར་པ་རབ་ཏུ་འབེབས་ཤིང་རླུང་ཡང་གཏོང ། །ཆུ་བོ་འབེབས་ཤིང་ཆུ་ཡིས་ས་ཡང་གང ། །དེ་ལྟར་འཇིགས་སུ་རུང་བ་མཚན་མོ་བྱུང ། །དེ་ཡི་ནུབ་མོ་སེམས་མེད་ཤིང་ཡང་སྦྱེལ། །ཐམས་ཅད་དབྱིབས་མི་སྡུག་ཅིང་གཟུགས་མི་སྡུག་།འཇིགས་པའི་གཟུགས་ལྡན་དེ་དག་མཐོང་ནས་ཀྱང ། །ཡོན་ཏན་མཚན་དང་གཟི་བརྗིད་ལྡན་པ་པ་པོ། །ལྷུན་པོ་ལྟ་བུར་སེམས་ནི་གཡོ་བ་མེད། །སྒྱུ་མ་འདྲ་ཞིང་མི་ལམ་མཚུང་ས་པ་དང ། །སྤྲིན་དང་འདྲ་བར་ཆོས་རྣམས་ཀུན་ལ་རྟོག་།དེ་ལྟར་ཆོས་
46-368
ཀྱི་ཚུལ་ལ་རྟོག་པས་ནི ། །ལེགས་གནས་བསམ་གཏན་བྲེད་ཅིང་ཆོས་ལ་གནས། ། གང་ཞིག་ང་དང་ང་ཡི་སྙམ་སེམས་ཤིང ། །དངོས་དང་ལུས་ལ་ཡང་དག་མངོན་ཞེན་པ། །མི་མཁས་འཛིན་པར་གནས་དེས་མཐོང་ནས་ནི། །འཇིགས་པར་གྱུར་ཅིང་བདག་ཀྱང་རབ་ཏུ་མོས། །ཤཱཀྱའི་ས?ས་པོས་ཆོས་རྣམས་རྟེན་བྱུང་བ། ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། །དཔུང་བ་ཅས་གཡོ་སྒྱུ་མཐོང་ཡང་མོས་པ་མེད ། །དགེ་སློང་དག་དེ་ལྟར་བདུད་སྡིག་ཅན་གྱི་བུ་སྟོང་པོ་དེ་དག་གི་ནང་ནས་དེད་དཔོན་ལ་སོགས་པ་བདུད་ཀྱི་བུ་གང་དག་བྱང་ཆུབ་སེམས་དཔའ་ལ་མངོན་པར་ད་པ་དེ་དག་ནི་བདུད་ཀྱི་གཡས་རོལ་ཏུ་འཁོད་པར་གྱུར་ཏོ། །གང་དག་བདུད་ཀྱི་བྱོགས་བྲེད་པ་དེ་དག་ནི་བདུད་སྡིག་ཅན་གྱི་གཡོན་རོལ་ཏུ་འཁོད་པར་གྱུར་ཏོ། ། དེ་ན་བདུད་སྡིག་ཅན་གྱིས་རང་གི་བུ་དེ་དག་ལ་སྨྲས་པ། ཡུ་བུ་ཅག་ཅི་འདྲ་བའི་དཔུང་གིས་བྱང་ཆུབ་སེམས་དཔའ་གདུལ་བར་བྱ། དེ་ན་གཡས་རོལ་ནས་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བས་ཕ་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། ཀླུ་ཡི་དབང་པོ་གཉརིད་ལོག་སློང་འདོད་དང ། །གླང་པོའི་དབང་པོ་གཉིད་ལོག་སློང་འདོད་དང ། །རི་དགས་རྒྱལ་པོ་གཉིད་ལོག་སློང་འདོད་པ། །དེ་ནི་མི་དབང་ལེགས་གནས་སློང་བར་འདོད ། །གཡོན་རོལ་ནས་བདུད་ཀྱི་བུ་བློ་གྲོས་ངན་པ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །བལྟས་པ་ཙམ་གྱིས་སྙིང་ཡང་རབ་ཏུ་འགས་འགྱུར་ལ། ། འཇིག་རྟེན་དག་ན་སྙིང་པོ་ལྡན་པའི་ཤིང་ཆེན་འགས། །བདག་གི་ལྟ་བས་ཕོག་ན་འགྲོ་བ་འཆིས་ཕོག་ལྟར། །འཚོ་བར་འགྱུར་བའི་མཐུ་ནི་དེ་ལ་ག་ལ་མཆིས། ། གཡས་རོལ་ནས་དབྱང་ས་སྙན་ཅེས་བྱ་བས་སྨྲས་པ། བལྟས་པ་ཙམ་གྱིས་ཤིང་ཡང་འགས་ན་མི་རྣམས་ལ། །བདག་བསྒྲིམ་ཅི་དགོས་ཞེས་སྨྲས་སྙིང་པོ་ག་ལ་ཡོད ། །
46-369
གལ་ཏེ་བལྟས་པས་རི་བོ་ལྷུན་པོ་འཇིག་འགྱུར་ཡང ། །དེ་ཡི་མདུན་དུ་ཁྱོད་ནི་མིག་འབྲེད་ལོང་མི་ནུས། །གཞན་ཡང་མི་གང་རྒྱ་མཚོ་ལག་པ་གཉིས་ཀྱིས་རྒལ་འདོད་ཅི་ང ། །དེ་ཡི་ཆུ་ནི་བཇུབས་ཏེ་འཐུང་བར་ནུས་འགྱུར་གྱི། །དེ་ཡི་ཁ་བཞིན་དྲི་མ་མེད་ལ་མངོན་སུམ་དུ། །ལྟ་བ་དེ་ནི་དེ་བས་སྡུག་བསྔལ་ཆེ་ཞེས་སྨྲས།། གཡོན་རོལ་ནས་ལག་བརྒྱ་པ་ཞེས་བྱ་བས་སྨྲས་པ ། བདག་གི་ལུས་འདི་ལག་པ་བརྒྱ་མཆིས་པ། །གཅིག་གིས་ཀྱང་ནི་མད་འ་བརྒྱ་འཕང་བགྱིས་ཏེ། །དགེ་སྤྱོང་དེ་ཡི་ལུས་ནི་དབུག་པར་བགྱི། །ཡབ་ཅིག་བདེར་འགྱུར་མ་ཤོལ་ཁྱོད་གཤེགས་ཤིག་།གཡས་རོལ་ནས་བློ་བཟང་པོ་ཞེས་བྱ་བས་སྨྲས་པ། བ་སྦུ་རྣམས་ཀྱང་ཅི་གྱིར་ལག་པ་མིན། །ལག་པ་བརྒྱ་དང་ཁྱད་པར་ཅི་ཞིག་ཡོད ། །ལག་པ་རེ་རེར་དེ་ལྟར་མདུང་ཡོད་ཀྱང ། །དེ་དག་གིས་ཀྱང་དེ་ལ་ཅི་མི་ནུས།[་\[]་ཅིའི་ཕྱིར་ཞེ་ན། དེས་ནི་འཇིག་རྟེན་འདས་པའི་བྱམས་པ་བསྒོམས། །བྱམས་ལྡན་ཐུབ་པ་དེ་ཡི་སྐུ་ལ་ནི། །དུག་དང་མཚོན་དང་མེ་ཡིས་མི་ཚུགས་ཏེ། །མཚོན་ཆ་འཕང་ས་པ་ཐམས་ཅད་མེ་ཏོག་འགྱུར། །གཞན་ཡང་མཁའ་དང་ས་དང་ཆུ་ལ་སྟོབས་ལྡན་གང ། །མི་འམ་གནོད་སྤྱིན་རལ་གྲི་དགྲ་སྟ་ཐོགས། །མི་དབང་བཟད་པའི་སྟོབས་ལྡན་དེ་དྲུང་ན། །སྟོབས་ཆེན་སྟོབས་ལྡན་དེ་ཀུན་སྟོབས་ཆུང་འགྱུར། ། གལོན་རོལ་ནས་གཟི་བཇིད་དྲ་ག་ཤུལ་ཅན་ཞེས་བྱ་བས་སྨྲས་པ། བདག་ནི་དེ་ཡི་ལུས་བཟང་གི། །ཁོང་དུ་ཞུགས་ཏེ་བསྲེག་པར་བགྱི། །འབྲོག་གི་མེ་ལྟར་ཆུང་ངུ་ཡིས། །རྐང་དང་བཅས་པའི་ཤིང་ཡང་བསྐམ། །གཡས་རོལ་ནས་མི་བཟང་ས་ཀྱིས་སྨྲས་པ། །ཁྱོད་ནི་རི་རབ་ས་ཡི་ནང་ཞུགས་ཏེ། །ཐམས་ཅད་མ་ལུས་བསྲེག་པར་ནུས་གྱུར་ཀྱང ། །ཁྱོད་དང་འདྲ་བ་གང་གཱའི་བྲེ་སྙེད་ཀྱིས། ། རྡོ་རྗེའི་ཐུགས་ལྡན་དེ་ནི་བསྲེག་མི་ནུས། །གཞན་ཡང་རི་བོ་ཐམས་ཅད་འགུལ་
46-370
ཡང་སྲིད ། །རྒྱ་མཚོ་ཆེན་པོ་ཟད་ཀྱང་སྲིད ། །ཉི་ཟླ་ས་ལ་ལྷུང་ཡང་སྲིད ། ། ས་ནི་ཞུ་བར་འགྱུར་ཡང་སྲིད ། །འཇིག་རྟེན་དོན་དུ་རྩོམ་མཛད་པ། །ཐུགས་དམ་ངེས་པར་མཛད་པ་པ་པོ། །བྱང་ཆུབ་དམ་པ་མ་ཐོབ་པར། །ཤིང་ཆེན་དྲུང་ནས་བཞེང་ས་མི་སྲིད ། །གཡོན་རོལ་ནས་ལགརིང་ས་ཀྱིས་བསྦྱིང་ས་ཏེ་སྨྲས་པ། ཁྱོད་ཀྱི་གནས་འདིར་མཆིས་བཞིན་དུ། །བད་གགིས་སུག་པས་ཉི་མ་དང ། ། ཟླ་བ་སྐར་མ་རྣམས་ཀྱི་གནས། །ཐམས་ཅད་རབ་ཏུ་མཉེ་བར་བགྱི། །རྒྱ་མཚོ་ཆེན་པོ་བཞི་པོ་ལས། །ཚུལ་དུ་ཤིས་པར་ཆབ་ཀྱང་བླང ། །ཡབ་ཅིག་དགེ་སྤྱོང་དེ་བཟུང་སྟེ། །རྒྱ་མཚོའི་ཕ་རོལ་དོར་བར་བ་གྱི། །ཡབ་ཅིག་དཔུང་འདི་གཞག་ཏུ་གསོལ། །ཁྱོད་ནི་ཐུགས་ངན་ཆེ་མ་མ་མཛད ། །བྱང་ཆུབ་ཤིང་དེ་དྲུང་ས་ཕྱུང་སྟེ།། སུག་པས་ཕྱོགས་བྱོགས་གཏོར་བར་བགྱིད ། །གཡས་རོལ་ནསད་དཔ་ཐོབ་པས་སྨྲས་པ། གལ་ཏེ་ཁྱོད་ནི་བེགས་བསྦྱིང་ས་ཏེ། །ལྷ་དང་ལྷ་མིན་དྲི་ཟར་བ་ཅས། ། ས་དང་རི་དང་རྒྱ་མཚོར་བ་ཅ། །དེ་དག་ལག་པསཕྱིར་རློག་ཀྱང ། །ཁྱོད་དང་འདྲ་བ་སྟོང་ཕྲག་ནི། ། གང་ཀཱའི་བྲེ་མ་སྙེད་རྣམས་ཀྱིས། །བྱང་ཆུབ་སེམས་དཔའ་ཤེས་རབ་ཅན། །དེ་ཡི་བ་སྤུ་གཡོས་མི་ནུས། །གཡོན་རོལ་ནས་འཇིགས་བྲེད་ཀྱིས་སྨྲས་པ། །དཔུང་གི་ནང་ན་བཞུགས་བཞིན་དུ། །ཡབ་ཁྱོད་ཅི་སླད་རབ་ཏུ་བསྙེང་ས། །དེ་ལ་དཔུང་གྲོགས་ག་ལ་མཆིས། །ཅི་སླད་ཁྱོད་འདི་ར་དེ་ལ་བསྙེང་ས ། །གཡས་རོལ་ནས་བློ་གྲོས་རྩེ་གཅིག་གིས་སྨྲས་པ། འཇིག་རྟེན་དག་ན་ཉི་བླ་དཔུང་མ་མཆིས། །འཁོར་ལོས་སྐྱུར་དང་སེང་གེ་དཔུང་མ་མཆིས། །བྱང་ཆུབ་སེམས་དཔའ་འདི་ནི་དཔུང་མ་མཆིས། །འོན་ཀྱང་གཅིག་པུས་བདུད་ནི་གཞོམ་པར་སྤྱོད ། །གཡོན་རོལ་ནས་གླགས་ལྟས་སྨྲས་པ། མདུང་ཐུང་རྩེ་གསུམད་བྱུག་ཏོ་རལ་གྲི་རྟ། །གླང་པོ་ཤིང་རྟ་རྐང་ཏང་མ་མཆིས་པ།།
46-371
དགེ་སྤྱོང་གཅིག་པུ་མཆིས་པ་དེ་བདག་གིས། །དོ་མོད་དགུམ་གྱིས་ཅུང་ཟད་མ་བསྙེང་ས་ཡབ། །གཡས་རོལ་ནས་བསོད་ནམས་བརྒྱན་གྱིས་སྨྲས་པ། སྲེད་མེད་བུ་ལྟར་མི་བྲེད་མི་ཤིགས་སྐུ་དང་ལྡན། །བཟོད་སྟོབས་གོ་མནབས་བརྩོན་འགྲུས་བརྟན་པའི་རལ་གྲི་མད་འ། །རྣམ་པར་ཐར་གསུམ་བཞོན་པ་ཤེས་རབ་གཞུ་ལགས་ཡབ། །བསོད་ནམས་སྟོབས་ཀྱིས་དེ་ནི་བདུད་ཀྱི་དཔུང་ལས་རྒྱལ། ། གལོན་རོལ་ནས་ཕྱིར་མི་ལྡོག་པས་སྨྲས་པ། འབྲོག་མེ་ཙོ་ལ་ཚིག་པ་གྱིར་མི་ལྡོག། ལོབས་པས་འཕང་ས་པའི་མད་འ་ཡང་ཕྱིར་མི་ལྡོག་།མཁའ་ལས་རྡོ་རྗེ་འབབ་པ་གྱིར་མི་ལྡོག་།ཤཱཀྱའི་བུ་ལས་མ་རྒྱལ་བདག་གནས་མེད ། །གཡས་རོལ་ནས་ཆོས་འདོད་ཀྱིས་སྨྲས་པ། གཤེར་བའི་རྩ་དང་ཕྲད་ན་མེ་ཡང་ལྡོག་།བྲག་གི་རྩེ་མོར་བབ་ན་མད་འ་ཡང་ལྡོག་།རྡོ་རྗེ་སར་བབ་དེ་ནས་གང་དུ་འགྲོ། །ཞི་བ་བདུད་སྩི་མ་ཐོབ་དེ་མི་ལྡོག ། ཅིའི་གྱིར་ཞེ་ན། ཡབ་ཅིག་བར་སྣང་ལ་ནི་རི་མོ་བྱི་བར་ནུས་ཀྱང་གད་འ། །སེམས་ཅན་ཇི་སྙེད་ཀུན་གྱི་སེམས་ནི་གཅིག་བསྡུར་ནུས་ཀྱང་གད་འ། །ཡབ་ཅིག་ཉི་ཟླ་རླུང་ནི་ཞགས་པས་བཅིང་དུ་ནུས་ཀྱང་གད་འ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་སྙིང་པོ་ལས་ནི་བསྐྱོད་མི་ནུས། །གཡོན་རོལ་ནས་ཉ?[༄\ུf]་བར་མ་ཞི་བས་སྨྲས་པ། ལྟ་བའི་གདུག་པ་ཆེན་པོས་ལྷུན་པོ་བསྲེག་པར་བགྱི། །རྒྱ་མཚོ་ཆེན་པོ་རྣམས་ཀྱི་ཆབ་ཀྱང་བསྐམ་པར་བགྱི། །བདག་གིས་དོ་མོད་དེ་གཉིས་ཐལ་བར་བརླག་པར་བགྱི ། །ཡབ་ཅིག་བྱང་ཆུབ་དང་ནི་དགེ་སྤྱོང་གཟིགས་སུ་གསོལ། །གཡས་རོལ་ནས་དོན་གྲུབ་ཀྱིས་སྨྲས་\ུf\ུfབས་པ། གལ་ཏེ་དུག་གིས་འདི་ཀུན་གང་གྱུར་ལ། །སྟོང་གསུམ་དམ་པ་རབ་ཏུ་འབར་གྱུར་ཀྱང ། ། ཡན་ཏན་འབྱུང་གནས་ཀྱིས་ནི་གཟིགས་ཙམ་གྱིས། །དུག་ནི་དུག་མ་ཡིན་པར་རབ་ཏུ་འགྱུར། ། སྲིད་པ་གསུམ་ན་གདུག་པ་དྲ་ག་པོ་ནི། །འདོད་ཆགས་ཞེ་ལྡང་
46-372
དེ་བཞིན་གཏི་མྱུག་སྟེ། །དེ་དག་དེ་ཡི་སྐུ་དང་ཐུགས་ལ་མེད ། །མཁའ་ལ་རྗབ་དང་རྡུལ་ནི་མེད་པ་བཞིན། །སྐུ་དང་གསུང་དང་ཐུགས་ཀྱང་རབ་ཏུ་དག ། སེམས་ཅན་ཀུན་ལ་བྱམས་པའི་ཐུགས་དང་ལྡན། །དེ་ལ་མཚོན་དང་དུག་གིས་ཡོང་མི་ཚུགས། །དེ་བས་ཡབ་ཅིག་ཐམས་ཅད་བབླག་ཏུ་གསོལ། །གཡོན་རོལ་ནས་དགའ་བ་ཆགས་པས་སྨྲས་པ། བདག་གིས་སིལ་སྙན་སྟོང་དག་རབ་བགྱིས་ཏེ། །ལྷ་ཡི་བུ་མོ་བརྒྱན་པ་བྱེ་སྟོང་གིས། །ཆགས་པར་བགྱིས་ཏེ་གྲོང་ཁྱེར་མཆོག་ཏུ་བགྲི། །འདོད་ལ་དགའ་བར་ཁྱོད་ཀྱི་དབང་དུ་བགྱི། །གཡས་རོལ་ནས་ཆོས་དགས་སྨྲས་པ། དེ་འདིར་རྟག་ཏུ་ཚོས་ལ་དགྱིས་པས་དགྱིས ། །བསམ་གཏན་དགྱིས་ཤིང་བདུད་སྩི་དོན་ལ་དགྱིས ། །སེམས་ཅན་ཐར་བར་མཛད་དང་བྱམས་ལ་དགྱིས ། །འདོད་ཆགས་དགའ་ལ་དེ་ནི་དགྱིས་མི་མཛད ། །གཡོན་རོལ་ནས་རླུང་གི་ཤུགས་ཞེས་བྱ་བས་སྨྲས་པ། བདག་གི་ཤུགས་ཀྱིས་ཉི་ཟླ་མིད་བགྱིས་ལ་།། ནམ་མཁའ་ལས་ནི་རླུང་ཡང་རབ་གཏང་ཞིང ། །ཡབ་ཅིག་དོ་མོད་དགེ་སྦྱོང་བཟུང་ནས་ནི། །རླུང་གིས་ཕུབ་མ་བཞིན་དུ་གཏོར་བར་བགྱི། །གཡས་རོལ་ནས་བདུད་ཀྱི་བུ་བློ་གྲོས་མི་གཡོ་བ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཁྱོད་ཀྱི་ཤུགས་མརྒྱོགས་དྲ་ག་པ་ལྟར། །གལ་ཏེ་ལྷ་དང་མི་རྣམས་དེ་འདྲ་ར་གྱུར ། །དེ་དག་ཐམས་ཅད་གཅིག་ཏུ་འདུས་པས་ཀྱང ། །བླ་མེད་གང་ཟག་དེ་ལ་གནོད་མི་ནུས། །གཡོན་རོལ་ནས་ཚང་ས་པའི་བློ་གྲོས་ཀྱིས་སྨྲས་པ། དེ་འདྲའི་དྲག་པོ་ཕལ་ཆེར་གྱུར་ཀྱང་ནི། །ཁྱོད་ཀྱི་ང་རྒྱལ་རྩུ་ང་ཟད་འཇོམས་མི་ནུས། །བགྱི་བ་ཐམས་ཅད་མང་པོས་འགྲུབ་ལགས་ན། གཅིག་པུས་ཁྱོད་ལ་ཅི་བགྱི་སྨོས་ཅི་འཚལ། །གཡས་རོལ་ནས་སིང་གེའི་བློ་གྲོས་ཀྱིས་སྨྲས་པ། །ས་ལ་སེང་གེ་ཁྱུས་འཁོད་སྔོན་མ་བྱུང ། །ལྟ་བའི་གདུག་པ་དག་ཀྱང་ཁྱུས་མི་འཁོད ། །
46-373
གཟི་ལྡན་བདེན་པ་ཕ་རོལ་གནོན་པ་པ་པོ། །སྐྱེས་བུ་བྱུ་མཆོག་རྣམས་ཀྱང་བྱུས་མི་འཁོད ། །གཡོན་རོལ་ནས་ཐམས་ཅད་དུ་གདོལ་པ་ཞེས་བྱ་བས་སྨྲས་པ། ཇི་ལྟར་ཁྱོད་ཀྱི་ས?་ས་པོ་བརྩོན་འགྲུས་དང ། །ཤུགས་དང་སྟོབས་དང་ལྡན་པ་སྒྲ་སྒྲོགས་པ། །ཚིག་འབར་དེ་འདྲ་ཡབ་ཀྱིས་སྔོན་གསན་ཏ་མ། །མྱུར་དུ་དགེ་སྤྱོང་དེ་ནི་གཞོམ་དུ་བཞུད ། །གཡས་རོལ་ནས་སིང་གེ་སྒྲ་སྒྲོགས་ཞེས་བྱ་བས་སྨྲས་པ། ནགས་ཚལ་དག་གི་ཁྲོད་ན་ཝ་མང་པོས། །སེང་གེ་མེད་པ་དེ་ན་སྒྲ་ཡང་སྒྲོགས་།། སེང་གེས་སྒྲ་བསྒྲགས་འཇིགས་པ་ཐོས་པ་དང ། །སྐྲག་ནས་བྱོགས་བྱོགས་དག་ཏུ་རབ་ཏུ་འབྲོས། །དེ་ལྟར་བདུད་བུ་མི་མཁས་འདི་དག་ཀྱང ། །མི་མཚོག་གསུང་ནི་མ་ཐོས་དེ་བར་དུ། །དེ་དག་སྤྱི་བརྟོལ་བྲེད་ཅིང་བྱུང་རྒྱལ་སྨྲ། །མི་ཡི་སེང་གེས་གསུང་བསྒྲགས་འབྲོས་པར་འགྱུར། །གཡོན་རོལ་ནས་ཉེས་པར་བསམ་པ་སེམས་པས་སྨྲས་པ། བདག་གིས་གང་བསམས་མྱུར་དུ་འདིར་འགྲུབ་ན། །དེ་ནི་ཅི་སླད་དཔུང་ཚོགས་འདི་མི་ལྟ། །གང་གྱིར་ལང་ས་ཏེ་མྱུར་དུ་མི་འཕྲོས་པས།། དེ་ནི་བླེན་པ་ཆོ་ག་མ་འཚལ་བ། །གཡས་རོལ་ནས་དོན་ལེགས་པར་བསམ་པ་སེམས་པ་ཞེས་བྱ་བས་སྨྲས་པ། དེ་ནི་མི་གླེན་ཕ་རོལ་གནོན་པ་སྟེ། །ཁྱེད་ཅག་གླེན་ཞིང་ཤིན་ཏུ་མ་བལྡམས་པ། །ཁྱེད་ཀྱིས་དེ་ཡི་མཐུ་རྩལ་ཡོང་མི་ཤེས། །དེ་ཡི་ཤེས་རབ་སྟོབས་ཀྱིས་ཐམས་ཅད་ཕ་མ། །བདུད་ཀྱི་བུ་ནི་གང་གཱའི་བྲེ་མ་སྙིད ། ། ཁྱེད་ཅག་རྣམས་ཀྱིས་དེ་འདྲའི་མཐུ་རྩལ་ཅན། །དེ་ཡི་བ་སྦུ་གཅིག་ཀྱང་གཡོས་མི་ནུས། ། གསད་པར་བསམས་པ་མི་འགྲུབ་སྨོས་ཅི་དགོས། །ཁྱོད་ནི་དེ་ལ་ཡིད་ཀྱིས་གནོད་མ་སིམས། །གུས་དང་བ་ཅས་པར་ད་པའི་སེམས་སུ་གྱིས། ། འདི་ནི་སྲིད་གསུམ་རྒྱལ་པོར་གྱུར་པས་ན། ། འཐབ་མོ་མ་བྱེད་པར་ནི་སླར་ལོག་ཤིག་།དེ་བཞིན་དུ་སྦྱར་ཏེ་དེ་ལྟར་བདུད་ཀྱི་བུ་དཀར་པོའི་བྱོགས་པ་དང་ནག་
46-374
པོའི་བྱོགས་པ་སྟོང་དུ་ཚང་བ་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་བདུད་སྡིག་ཅན་ལ་ཚིགས་སུ་བ་ཅད་དེ་སྨྲས་སོ། །དེ་ནས་བདུད་སྣིག་ཅན་གྱི་སྡེ་དཔོན་སྡེ་བཟང་པོ་ཞེས་བྱ་བ་དེས་བདུད་སྣིག་ཅན་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། །གང་དག་ཁྱོད་ཀྱི་ཇེས་འབྲང་བརྒྱ་བྱིན་དང ། །སྐྱོང་དང་མི་འམ་ཅི་ཡི་ཚོགས་རྣམས་དང ། །ལྷ་མིན་དབང་དང་མཁའ་ལྡིང་དབང་པོ་རྣམས། །ཐལ་མོ་སྦྱར་ཏེ་དེ་ལ་ཕྱག་འཚལ་ན ། །ཁྱོད་ཀྱི་རྗེས་སུ་འབྲང་བ་མ་ལགས་པ། །ཚངས་པ་འོད་གསལ་ལྷ་ཡི་བུ་རྣམས་དང ། །གནས་ག་ཙང་རིས་ཀྱི་ལྷ་རྣམས་དེ་དག་ཀུན། །དེ་ལ་ཕྱག་འཚལ་བ་ནི་སྨོས་ཅི་འཚལ། །ཁྱོད་ཀྱི་སྲས་པོ་ཤེས་རབ་ཅན། །སྟོབས་དང་ལྡན་ཞིང་ཡིད་གཞུང་ས་པ། །དེ་དག་བྱང་ཆུབ་སེམས་དཔའ་ལ། །སྙིང་དང་འཐུན་གྱུར་ཕྱག་འཚལ་ལོ། །དཔག་ཚད་བརྒྱད་རྩུར་ཁྱབ་པ་ཡི། གནོད་སྤྱིན་ལ་སོགས་བདུད་དཔུང་འདི། །ཕལ་ཆེར་རབ་ཏུ་དང་ཡིད་ཀྱིས། །ཀུན་ཀྱང་ཉེས་པ་མེད་ལ་ལྟ ། །འཇིགས་སུ་རུང་ཞིང་དྲ་ག་བསྒྱུར་བ། །དཔུང་ཚོགས་མི་བཟད་འདི་གཟིགས་ནས། །ངོ་མཚར་མ་གྱུར་ཞུམ་མི་མི་མང་འ། །ངེས་པར་དོ་མོད་འདི་རྒྱལ་འགྱུར། །གང་ན་དཔུང་འདི་གནས་པ་དེར ། །ཝ་དང་འུག་པ་སྒྲ་འབྱིན་ལ། །བྱ་རོག་བོང་བུ་སྒྲ་འབྱིན་པས། །མྱུར་དུ་སླར་ནི་ལྡོག་པའི་རིརིགས། ། བྱང་ཆུབ་སྙིང་པོར་གཟིགས་སུ་གསུ་གསོལ། །པ་ཏ་ཀུན་ཏ་ང་ང་པ་དང ། །ཁུ་བྱུག་རྨ་བྱ་མངོན་སྐོར་བས། །ངེས་པར་དོ་མོད་འདི་རྒྱལ་འགྱུར། །གང་ན་དཔུང་འདི་གནས་པ་དེར ། །རྡུལ་དང་སྣག་ཙའི་ཆར་འབབ་ལ། །ས་དཀྱིལ་མེ་ཏོག་ཆར་འབབ་པས། །བདག་གི་ཚིག་བཞིན་ལྡོག་པའི་རིརིགས། །གང་ན་དཔུང་འདི་གནས་པ་དེ། །ཤང་ཤོང་གྱུར་ཅིང་ཚེར་མས་གང ། །ས་དཀྱིལ་དྲི་མེད་གསེར་གྱུར་པས། །ཤེས་རབ་ཅན་དག་ལྡོག་པའི་རིགས། །གལ་ཏེ་མི་འདོད་སྔར་མིས་
46-375
པའི། །མི་ལམ་དེ་དག་མངོན་སུམ་འགྱུར ། །དྲང་སྲོང་རྣམས་ཀྱི་ཡུལ་བརླག་པ།། དེ་བཞིན་དཔུང་འདི་ཐལ་བར་རློག་།རྒྱལ་པོ་འགྲོ་བ་དྲང་སྲོང་མཆོག ། ཚང་ས་པས་བྱིན་གྱིས་ཁྲོས་བྱས་པས། །དན་དཀ་ཡི་ནགས་ཚལ་ཚིག་།ལོ་མང་ཞིག་ཏུ་ཙོ་མ་སྐྱེས། །དྲང་སྲོང་བརྟུལ་ཞུགས་སྤྱོད་པ་པོ། །དཀའ་ཐུབ་ལྡན་པའི་འཇིག་རྟེན་ན། །ཇི་སྙིད་འཁོད་པ་ཀུན་གྱི་མཆོག་།འབྱུང་པོ་ཀུན་ལ་མི་འཚེ་འདི། །གང་གི་ལུས་ལ་མཚན་རབ་འབ་འབར ། །ཁྱིམ་ནས་ཀྱང་ནི་བྱུང་བ་དེར།། ཉོན་མོང་ས་ཕམ་བྱས་འཚང་རྒྱ་ཞེས། །ཁྱོད་ཀྱིས་སྔོན་ཆད་མ་གསན་ནམ། ། རྒྱལ་སྲས་རྣམས་ཀྱིས་མཆོད་དོན་དུ། །འབྱོར་པ་འདི་འདྲ་འདི་དག་སྤྲུལ། །དེ་བས་ངེས་པར་སེམས་ཅན་མཚོག་།སྤྱིན་བ་སྲེག་དམ་པ་ལེན་པར་འགྱུར། ། འདི་ཡི་མཛོད་སྦུ་དྲི་མེད་པ། །བྲེ་བ་ཁྲག་ཁྲིག་ཞིང་དུ་མཇེས། །དེ་ཡིས་བདག་ཅག་མོག་མོག་བགྱིས། །བདུད་དཔུང་ངས་བཅོམ་གདོན་མི་འཚལ། ། སྲིད་པའི་རྩེ་གནས་ལྷ་རྣམས་ཀྱིས། །དེ་ཡི་སྤྱི་གརྩུ་ག་བལྟར་མི་ནུས། །ངེས་པར་གཞན་གྱིས་མ་བསྟན་པ་ར། །ཐམས་ཅད་མཁྱེན་ཉིད་ཐོབ་པར་འགྱུར། །ཇི་ལྟར་ལྷུན་པོ་ཁོར་ཡུག་དང ། ། ཉི་ཟླ་བརྒྱ་བྱིན་ཚང་ས་པ་དང ། །ཤིང་ལྗོན་རྣམས་དང་རི་མཆོག་ཀུན། །ས་དཀྱིལ་ཕྱག་འཚལ་བགྱིད་ལས་ན། །བསོད་ནམས་སྟོབས་ཅན་ཤེས་རབ་སྟོབས། །ཡེ་ཤེས་སྟོབས་ཅན་བཟོད་པའི་སྟོབས། །བརྩོན་འགྲུས་སྟོབས་དང་ལྡན་པ་དེ། །བདུད་བྱོགས་སྟོབས་མེད་མཛད་པར་ངེས། ། གླང་པོས་སོ་མ་བཏང་སྣོད་དང ། །སེང་གེས་ཇི་ལྟར་ཝ་བཅོམ་དང ། །ཉི་མས་ས?ཕྱིན་བུ་མེ་ཁྱེར་ལྟར། །བདེ་བར་གཤེགས་པས་དཔུང་བཅོམ་འགྱུར ། །ཚིག་དེ་སྐད་ཐོས་པ་དང་བདུད་ཀྱི་བུ་གཞན་ཞིག་ཤིན་ཏུ་ཁྲོས་ནས་མིག་དམར་པོར་གྱུར་ཏེ་སྨྲས་པ། ཁྱོད་ནི་གཅིག་པུ་དེ་ཡི་བསྔགས་པ་དག་།ཤིན་ཏུ་དཔག་ཏུ་མེད་པར་
46-376
རྗོད་བྲེ་ད་ན། །གཅིག་པུ་དེས་ནི་ཅི་ཞིག་བྱ་བར་ནུས། །འཇིགས་སུ་རུང་བའི་དཔུང་ཆེན་མ་མཐོང་ང་ང་མ། །དེ་ནས་གཡས་རོལ་ནས་བདུད་ཀྱི་བུ་བདུད་རབ་ཏུ་འཇོམས་པ་ཞེས་བྱ་བས་སྨྲས་པ། འཇིག་རྟེན་ཉི་ཟླ་སེང་གེ་དང ། །འཁོར་ལོས་སྒྱུར་ལ་གྲོགས་བྲེད་མེད ། །བྱང་ཆུབ་བཞུགས་ནས་ངེས་པ་ཡི། །བྱང་ཆུབ་སེམས་དཔའ་གྲོགས་མི་དགོས། །དེ་ནས་བྱང་ཆུབ་སེམས་དཔས་བདུད་མཐུ་ཆུང་བར་བྱ་བའི་ཕྱིར་གང་མཐོང་བས་བདག་གི་དཔུང་བྱང་ཆུབ་སེམས་དཔའི་ཁའི་ནང་དུ་ཞུགས་སོ་སྙམ་དུ་སེམས་ཤིང་བདུད་བྲོས་པར་གྱུར་པ་དང ། བྲོས་ནས་ཀྱང་ཅི་ཡང་མ་ཡིན་ནོ་སྙམ་ནས་ཡང་སླར་ལོག་སྟེ། འཁོར་དང་བ་ཅས་པས་མཚོན་ཆ་རྣམ་པ་སྣ་ཚོགས་བྱང་ཆུབ་སེམས་དཔའི་སྟེང་དུ་འཕེན་ཅིང ། རི་རབ་ཙམ་གྱི་རི་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྟེང་དུ་འཕང་ས་པ་དང ། མེ་ཏོག་གི་བླ་རེ་དང ། གཞལ་མེད་ཁང་དུ་གྱུར་ཏེ་གནས་པ་དང ། གང་དག་མིག་གདུག་པ་དང ། མྱུར་དུ་གདུག་པ་དང ། དབུགས་གདུག་པ་རྣམས་མེ་ལྕེ་གཏོང་བའི་མེའི་དཀྱིལ་འཁོར་དེ་ཡང་བྱང་ཆུབ་སེམས་དཔའ་ལ་འོད་ཀྱི་དཀྱིལ་འཁོར་ལྟ་བུར་གནས་པར་བྱ་བའི་གྱིར་པད་མ་འདབ་མ་བརྒྱ་པ་རྒྱས་པ་ལྟ་བུའི་བཞིན་བསྐྱོད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔས་ལག་པ་གཡས་པས་མགོ་ལ་བྱུགས་པ་དང ། བདུད་ཀྱིས་བྱང་ཆུབ་སེམས་དཔའི་ལག་ན་རལ་གྲི་ཐོགས་པར་མཐོང་ནས་ལྷོ་བྱོགས་སུ་བྲོས་པ་དང་ཅི་ཡང་མ་ཡིན་ནོ་སྙམ་ནས་ཡང་སླར་ལོག་གོ། །སླར་ལོག་ནས་ཀྱང་བྱང་ཆུབ་སེམས་དཔའི་སྟེང་དུ་མཚོན་ཆ་རྣམ་པ་སྣ་ཚོགས་རལ་གྲི་དང ། མདའ་གཞུ་དང ། མདུང་ཐུང་དང ། མད་འ་བོ་ཆེ་དང ། དགྲ་སྟ་དང ། བོང་བ་དང ། གཏུན་ཤིང་དང ། རྡོ་རྗེ་རྩེ་གཅིག་པ་དང ། དབྱུག་ཏོ་དང ། འཁོར་ལོ་དང ། ཐོ་བ་དང ། ཤིང་དྲུང་ས་ཕྱུང་
46-377
དང ། ཕ་བོང་དང ། ཞགས་པ་དང ། ལྕགས་ཀྱི་ཐུ་ལུམ་ཤིན་ཏུ་འཇིགས་པ་དུ་མ་འཕེན་ཏེ། དེ་དག་ཀྱང་འཕངས་མ་ཐག་ཏུ་མེ་ཏོག་གི་ཕྲེང་བ་དང ། མེ་ཏོག་གི་བླ་རེར་གྱུར་ཏེ་གནས་སོ། །མེ་ཏོག་སིལ་མར་ཡང་གྱུར་ནས་ས་ལ་འཐོར་བ་དང ། ཕྲེང་བའི་ཆུན་པོར་ཡང་འཕྱང་བས་བྱང་ཆུབ་ཀྱི་ཤིང་བརྒྱན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་བཀོད་པ་འབྱོར་པ་དེ་དག་མཐོང་ནས་བདུད་སྡིག་ཅན་ཕྲག་དོག་དང་སེར་སྣས་སེམས་ལ་གནོད་དེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་རྒྱལ་བུ་གཞོན་ནུ་བཞེང་ས། བཞེང་ས། རྒྱལ་སྲིད་ལ་སྤྱོད་ཅིག་།ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཁྱོད་ཀྱིས་ཐར་པ་ག་ལ་འཐོབ། ། དེ་ནས་བྱང་ཆུབ་སེམས་དཔས་བརྟན་ལ་ཟབ་ཅིང་རྒྱ་ཆེ་བ་དང ། འཇམ་ཞིང་སྙན་པའི་ཚིག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས ། ། སྣིག་ཅན་ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྤྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ཏུ་ཟད་དོ། །ངས་ནི་མཆོད་སྤྱིན་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གཏན་པ་མེད་པའི་མཆོད་སྤྱིན་བྱས ། །ལག་པ་དང ། རྐང་པ་དང ། མིག་དང ། མགོ་དག་ཀྱང་བ་ཅད་ཅིང་སྤོང་བ་རྣམས་ལ་བྱིན་ནོ། །སེམས་ཅན་རྣམས་ཐར་བར་བྱ་བའི་གྱིར་ཁྱིམ་དང ། ནོར་དང ། འཔུ?་དང ། མལ་ཆ་དང ། གོས་དང ། འཆགས་དང ། སྐྱེད་མོས་ཚལ་རྣམ་པ་དུ་མ་དག་ཀྱང་བློང་བ་རྣམས་ལ་བྱིན་ན་ནོ།། དེ་ནས་བདུད་སྣིག་ཅན་གྱིས་ཚིགས་སུ་བ་ཅད་དེ་བྱང་ཆུབ་སེམས་དཔའ་ལ་སླར་སྨྲས་པ། སྔོན་ཆད་ཁོ་བོས་མཚོད་སྤྱིན་ཁ་ན་མ་ཐོ་མེད ། །གཏན་པ་མེད་པ་བྱས་པ་ཁྱོད་འདིར་དཔང་དུ་ཡོད ། །ཁྱོད་ལ་འདི་ན་དཔང་པོ་གང་ཡང་ཡོད་མིན་པས། །སྨྲས་ཀྱང་ཕན་པ་ཅི་ཡོད་ཁྱོད་ནི་ཕམ་པར་གྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། སྡིག་ཅན་ས་འདི་ནི་ངའི་དཔང་ཡིན་ནོ། །དེ་ནས་བྱང་ཆུབ་
46-378
སེམས་དཔས་བདུད་སྡིག་ཅན་དང་བདུད་ཀྱི་འཁོར་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཁྱབ་པར་བྱས་ནས། སེང་གེ་ལྟར་མི་འཇིགས་མི་སྐྲག་ལ་བག་ཚ་བ་མེད་ཅིང་མི་དམན་ལ་མ་ཞུམ་པ་དང ། མ་འཁྲུགས་པ་དང ། མ་རྙོགས་པ་དང ། འཇིགས་པ་དང ། སྦུ་ཟིང་ཞེས་བྱེད་པ་མེད་པར་ལག་མཐིལ་ན་དུང་དང ། རྒྱལ་མཚན་དང ། ཉ་དང ། བུམ་པ་དང ། བཀྲ་ཤིས་པ་དང ། ལྕགས་ཀྱུ་དང ། འཁོར་ལོའི་མཚན་མ་ཡོད་པ། སོར་མོ་བར་དྲ་བས་འབྲེལ་བ། སིན་མོ་ཤིན་ཏུ་མཇེས་ཤིང་ཟང་ས་ཀྱི་མདོག་ལྟར་འདུག་པས་བརྒྱན་པ། འཇམ་ཞིང་མ་ཉརེན་ལ་ཤིན་ཏུ་གཞོན་པ། བསྐལ་པ་དཔག་ཏུ་མེད་པར་དགེ་བའི་རྩ་བའི་ཚོགས་བསགས་པས་གྲུབ་པའི་ལག་པ་གཡས་པས་ལུས་ཐམས་ཅད་ལ་བྱུགས་ནས་ཚུལ་དུ་ཤིས་པར་ས་ལ་བརྡབས་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྟོམས་ཤིང་ཉེ་འཁོན་མེད ། །འདི་ནི་བདག་གི་དཔང་སྟེ་བདག་བརྫུན་མེད ། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག་།བྱང་ཆུབ་སེམས་དཔས་ས་ཆེན་པོ་འདི་ལ་རེག་མ་ཐག་ཏུ་རྣམ་པ་དྲུ་ག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ས་སོ། ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མ་མོ། །འདི་ལྟ་སྟེ་དཔེར་ན། ཡུལ་མ་ག་དྒྷའི་བརྡབ་ཁར་སྒྲ་འབྱུང་ཞིང་སྒྲ་གྱུན་རིང་བ་དེ་བཞིན་དུ་ས་ཆེན་པོ་འདི་ཡང་བྱང་ཆུབ་སེམས་དཔའི་ལག་པས་བསྣུན་མ་ཐག་ཏུ་སྒྲ་བྱུང་ཞིང་སྒྲ་རྒྱུན་རིང་དུ་བྱུང་ང་ངོ་།། ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་སའི་ལྷ་མོའི་འཁོར་བྱེ་བ་ཕྲག་བརྒྱ་དང་ལྡན་པ་གང་
46-379
ཡིན་པ་དེས་ས་ཆེན་པོ་ཐམས་ཅད་གཡོས་པར་བྱས་ནས། བྱང་ཆུབ་སེམས་དཔའ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ས་བརྟོལ་ཏེ། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱེད་ཕྱུང་ནས་བྱང་ཆུབ་སེམས་དཔའ་ག་ལ་བ་དེ་ལོགས་སུ་ལུས་བཏུད་དེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས ། །དེ་དེ་བཞིན་ནོ། །སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་གསུང་ས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མ་མོ། །དེ་ལྟ་ལགས་མོད་ཀྱི། འོན་གྱིས་ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བ་ཅས་པའི་འཇིག་རྟེན་གྱི་དབང་དུ་གྱུར་པ་དང ། ཚད་མར་གྱུར་པ་དམ་པ་ལགས ། །སའི་ལྷ་མོ་ཆེན་མོ་བརྟན་མས་དེ་སྐད་ཅེས་སྨྲས་ནས། རྣམ་པ་དུ་མར་བདུད་སྣིག་ཅན་གྱི་གླགས་ནི་མེད་པར་བྱས། བྱང་ཆུབ་སེམས་དཔའ་ལ་ནི་བསྟོད་དེ། རང་གི་མཐུ་རྣམ་པ་མང་པོ་བསྟན་ནས་འཁོར་དང་བ་ཅས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གཡོན་ཅན་དཔུང་བ་ཅས་ས་སྒྲ་དེ་ཐོས་ནས། །ནགས་སུ་སེང་གེས་སྒྲ་བསྒྲགས་ཝས་ཐོས་དང ། ། བྱ་རོག་རྡོ་འཕང་ས་མོད་ལ་འབྲེར་བ་བཞིན། །སྔང་ས་སྐྲག་སྙིང་གས་ཐམས་ཅད་རབ་ཏུ་བྲེར། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རང་ས་ལ་སྐྱེངས་བཞིན་དུ་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་མ་སོང་ལ་གྱིར་ཡང་མ་ལོག་ཅིང་བྲོས་ཀྱང་མ་བྲོས་ཏེ་གྱིར་བལྟས་ནས་ཡང་དཔུང་རྣམས་ལ་སྨྲས་པ། ཁྱེད་ལྷན་ཅིག་འདུས་ཏེ་ཅུང་ཟད་ཅིག་སྡོད་ཅིག་།རྣམ་པ་འདི་ལྟ་བུའི་སེམས་ཅན་རིན་པོ་ཆེ་གློ་བུར་དུ་ཆུད་མི་གཟན་པར་ཁོ་བོས་རྗེས་སུ་འཆགས་པས་འདི་བསླང་བར་ནུས་སམ་མི་ནུས་སད་པར་བྱའོ། །དེ་ནས་བདུད་སྡིག་ཅན་གྱིས་རང་གི་བུ་མོ་རྣམས་ལ་སྨྲས་པ། བུ་མོ་ཁྱེད་དེང་སྟེ་བྱང་ཆུབ་ཀྱི་སྙིང་པོར་སོང་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བ་ཅས་པའམ། འོན་ཏེ་འདོད་ཆགས་
46-380
མེད ། ཅི་གཏི་མྱུག་ཅན་ནམ། འོན་ཏེ་ཤེས་རབ་ཅན། ཅི་ལྡོང་ས་པ་ཞིག་གག་མ། འོན་ཏེ་བྱོགས་ཤེས་པ་ཞིག་གམ། འོན་ཏེ་དཔུང་གཉེན་མེད་པ་ཞིག་གག་མ། དམན་པ་ཞིག་གམ་བརྟན་པ་ཞིག་ཡིན་པ་བགོམས་ཤིག་།ཚིག་དེ་ཐོས་ནས་བདུད་ཀྱི་བུ་མོ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དང ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ན་ནས། བྱང་ཆུབ་སེམས་དཔའི་མདུན་དུ་འཁོད་དེ། བུད་མེད་ཀྱི་སྒྱུ་རྣམ་པ་སུམ་ཅུ་རྩ་གཉིས་ཉེ་བར་བསྟན་ཏོ། །རྣམ་པ་སུམ་རྩུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དེའི་ནང་ནས་ཁ་ཅིག་ནི་བཞིན་བྲེད་འགེབས་པ་དང ། ཁ་ཅིག་ནི་ནུ་མ་མཁྲང་ཞིང་འབུར་བ་སྟོན་པ་དང ། ཁ་ཅིག་ནི་ཅུང་ཟད་འཇུམ་པས་སའི་ཕྲེང་བ་སྟོན་པ་དང ། ཁ་ཅིག་ནི་ལག་པ་བརྐྱང་སྟེ་བྱ་མྱངས་བྲེད་ཅིང་མཆན་ཁུང་སྟོན་པ་དང ། ཁ་ཅིག་ནི་ཤིང་ཐོག་བིམ་པ་ལྟར་དམར་བའི་མཆུ་སྟོན་པ་དང ། ཁ་ཅིག་ནི་མིག་གྱིད་བཙུམས་ཏེ་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང ། བལྟས་ནས་མྱུར་བ་མྱུར་བར་འཇུམས་པ་དང ། ཁ་ཅིག་ནིནུ་མ་བྲེད་གཡོགས་ཏེ་སྟོན་པ་དང ། ཁ་ཅིག་ནི་གོས་སྙིལ་བར་བྱས་ཏེ། གསིར་གྱི་ཕག་སྐ་དང་བ་ཅས་པའི་རྐེད་པ་སྟོན་པ་དང ། ཁ་ཅིག་ནི་གོས་དུ་ཀུ་ལ་སྲབ་མོ་རྒྱོན་ཏེ། གསིར་གྱི་ཕག་སྐ་དང་བ་ཅས་པའི་རྐེད་པ་སྟོན་པ་དང ། ཁ་ཅིག་ནི་རྐང་གདུབ་སྒྲ་སིལ་སིལ་འབྱིན་པ་དང ། ཁ་ཅིག་ནི་ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་པ་དང ། ཁ་ཅིག་ནི་བརླ་ཕྱེད་ཙམ་བརྫེས་པ་ཉེ་བར་སྟོན་པ་དང ། ཁ་ཅིག་ནི་མགོ་དང་ཕྲག་པ་དག་ལ་བྱ་འདབ་སྤེད་དང ། ནེ་ཙོ་དང ། རི་སྐེགས་འདུག་པར་ཉེ་བར་སྟོན་པ་དང ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མིག་ཟུར་གྱིས་ལྟ་བ་དང ། ཁ་ཅིག་ནི་གོས་ལེགས་པར་བགོས་ཀྱང་བགོ་མ་ལེགས་པ་ལྟ་བུར་བཅོས་པ་དང ། ཁ་ཅིག་ནི་རྐེད་པ་དང ། གསེར་
46-381
གྱི་ཕག་སྐ་སྐྱོད་པ་དང ། ཁ་ཅིག་ནི་འཁྲུལ་བ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ་དང ། ཁ་ཅིག་ནི་གར་བྲེད་པ་དང ། ཁ་ཅིག་ནི་གླུ་ལེན་པ་དང ། ཁ་ཅིག་ནི་བསྒེགས་ཤིང་ངོ་ཚ་བ་ལྟར་ཡང་འཆོས་པ་དང ། ཁ་ཅིག་ནི་ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྦུལ་བ་དང ། ཁ་ཅིག་ནི་བ་ཛིད་པའི་སྒྲ་འབྱིན་པ་དང ། ཁ་ཅིག་ནི་སེང་རས་བགོས་ཏེ་གསིར་གྱི་ཕག་སྐ་དྲིལ་བུ་ཅན་བཅིངས་ནས་དགོད་ཅིང་འཆག་པ་དང ། ཁ་ཅིག་ནི་གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཚ་བ་ལྟར་སླར་ཡང་ལེན་པ་དང ། ཁ་ཅིག་ནི་གསང་བ་དང ། གསལ་བའི་རྒྱན་ཐམས་ཅད་ཉེ་བར་སྟོན་པ་དང ། ཁ་ཅིག་ནི་ལག་པ་སྤོས་ཀྱིས་བསྐུས་པ་སྟོན་པ་དང ། ཁ་ཅིག་ནི་མཁུར་བ་བསྐུས་ཤིང་རྣ་ཆ་ཡང་སྟོན་པ་དང ། ཁ་ཅིག་ནི་མགོ་ཡང་གལོགས་ཤིང་བཞིན་ཡང་གཡོགས་ལ་སྐད་ཅིག་ཙམ་གྱིས་སྟོན་པ་དང ། ཁ་ཅིག་ནི་སྔོན་གོད་གོད་པ་དང ། དགའ་དགའ་བ་དང ། རྩེ་རྩེ་བ་ཕན་ཚུན་དྲ་ན་པར་བྲེད་ཅིང་ཡང་ངོ་ཚ་བ་ལྟར་འདུག་པ་དང ། ཁ་ཅིག་ནི་གཞོན་ནུའི་གཟུགས་དང ། བུ་མ་བསྟས་པའི་གཟུགས་དང ། ན་ཆུང་ཚད་ལ་བབ་པའི་གཟུགས་སྟོན་པ་དང ། ཁ་ཅིག་ནི་འདོད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ལ་སྦུགས་པ་དང ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མེ་ཏོག་སིལ་མས་འཐོར་བ་དག་སྟེ། བྱང་ཆུབ་སེམས་དཔའི་མདུན་དུ་འདུག་ནས་བྱང་ཆུབ་སེམས་དཔའི་བསམ་པ་ལ་རྟོག་ཅིང་གདོང་དུ་ཡང་བལྟ་སྟེ། འདི་ཅི་ཆགས་པའི་དབང་པོས་བལྟ་འམ་འོན་ཏེ་མིག་རྒྱང་རིང་དུ་བལྟ་འམ། གཡོའམ་མི་གཡོ་ཞེས་བལྟས་ན། བྱང་ཆུབ་སེམས་དཔའི་བཞིན་དག་ཅིང་དྲི་མ་མེད་ལ་སྒྲ་ག་ཅན་ལས་ཐར་བའི་ཟླ་བའི་དཀྱིལ་འཁོར་ལྟ་བུར་འདུག་པ་དང ། ཉི་མ་ཐོག་མ་ཤར་བ་ལྟ་བུ་དང ། གསེར་གྱི་མཆོད་སྣོང་ལྟ་བུ་དང ། པད་མ་འདབ་མ་སྟོང་པ་རྒྱས་
46-382
པ་ལྟ་བུ་དང ། གཏོར་བར་བྱ་བ་གཏོར་བའི་མེ་ལྟ་བུ་དང ། ལྷུན་པོ་ལྟར་མི་གཡོ་བ་དང ། ཁོར་ཡུག་ལྟར་མངོན་པར་འཕགས་པ་དང ། དབང་པོ་ཤིན་ཏུ་བསྲུང་ས་པ་དང ། གླང་པོ་ལྟར་སེམས་ཤིན་ཏུ་དུལ་བར་མཐོང་ང་ངོ ། །དེ་ནས་བདུད་ཀྱི་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཆགས་པར་བྱ་བའི་གྱིར་གླུ་དང་གར་དུ་སྦྱར་བའི་ཚིགས་སུ་བ་ཅད་པ་འདི་དག་སྨྲས་སོ། །དུས་ཀྱི་དམ་པ་སོས་ཀ་བཟང་ལ་བབ། །ཞུགུས་ཤིང་མེ་ཏོག་རྒྱས་ཀྱིས་དགྱིས་པར་རོལ། །ཁྱོད་ཀྱི་གཟུགས་ནི་གཟུགས་བཟང་མཇེས་པ་སྟེ། །མཚན་གྱིས་སྤྲས་པའི་དབང་དུ་བདག་ཅག་འགྱུར། །བདག་ཅག་སྐྱེས་པ་ལེགས་སྐྱེས་དབྱིབས་ལེགས་ཏེ། །ལྷ་མི་བདེ་བའི་རྐྱེན་དུ་བདག་ཅག་བྱུང ། །བྱང་ཆུབ་རྙེད་དཀས་ཐུགས་ནི་སླར་སྒྱུར་ལ།། མྱུར་དུ་བཞེང་ས་ཏེ་དྲ་ལ་བབ་པ་སྤྱོད ། །ཁྱོད་ཀྱི་ཆེད་དུ་ཆས་ནས་རབ་ཏུ་བརྒྱན་ཏེ་ལྷགས་གྱུར་པ། །ལྷ་ཡི་བུ་མོ་ལེགས་པར་བརྒྱན་པ་འདི་དག་རྣམས་ལ་གཟིགས། །གཟུགས་འདི་བལྟས་ནས་ཤིང་རུལ་ལྟ་བུར་སྲོག་ཙམ་ལུས་པ་ཡང ། ། ཆགས་པར་འགྱུར་ན་ཆགས་པས་དགའ་བ་སུ་ཞིག་ཆགས་མི་འགྱུར། །སྐྲ་འཇམ་ཤིན་ཏུ་དྲི་ཞིམ་དྲི་དང་ལྡན ། །ཅོད་པན་རྣ་ཆ་འདབ་རིས་བཞིན་རྒྱས་ལ། ། དཔྲལ་བ་ལེགས་ཤིང་ལེགས་བྱུགས་བཞིན་དང་ལྡན། །པད་མ་རྒྱས་པ་ལྟ་བུར་མིག་ཡང་ས་ལེགས། །ཁ་བཞིན་བླ་བ་ཉ་བ་ལྟ་བུ་སྟེ། །ཤིང་ཏོག་པིམ་པ་སྨིན་འདྲའི་མཆུ་དང་ལྡན། །དུང་དང་ཀུན་དཁ་བ་དཀར་སོ་ལྡན། །སྡུག་པ་དགའ་ལ་ཆགས་པ་རྣམས་ལ་གཟིགས། །ནུ་མ་ཤིན་ཏུ་མཁྲང་ཞིང་རྒྱས་ལ་འབུར། །ལྟོ་བའི་རྐེད་ན་གཉེར་གསུམ་ཤིན་ཏུ་མཇེས། །རྐེད་པ་འཁོར་ས་ལྟ་བུར་ཡང་ས་ཤིང་མཛིས། །ན་ཆུང་ཤིན་ཏུ་མཛིས་ལ་མགོན་པོ་གཟིགས། །གླང་པོའི་སྣ་འདྲ་བ་ཡི་བརླ་ལྡན་ཞིང ། །ལག་པ་གདུ་བུས་ཆལ་པར་གང་བ་ཅན། །རྐེད་པ་
46-383
གསེར་གྱི་ཕག་སྐ་རབ་མཇེས་བརྒྱན། །ཁྱོད་ཀྱི་བྲན་མོ་འདི་ལ་མགོན་པོ་གཟིགས། །ང་ང་པའི་སྟབས་ལྡན་དལ་གྱིས་མཆི་བགྱིད་པ། །འཇམ་ཞིང་ཡིད་འོང་འདོད་ལྡན་མཇེས་སྨྲ་བ། །རྣམ་པ་འདི་ལྟར་ཤིན་ཏུ་ལེགས་བརྒྱན་ལ། །ལྷ་ཡི་དགའ་བ་རྣམས་ལ་ཤིན་ཏུ་མཁས། །གླུ་དང་རོལ་མོའི་དབྱང་ས་སྒྲ་གར་རབ་བསླབས ། །དགའ་བའི་ཆེད་དུ་མཇེས་པའི་གཟུགས་ཅན་སྐྱེས། །འདོད་ལ་རབ་དགའ་གལ་ཏེ་མི་བཞེད་ན། །འཇིག་རྟེན་དག་ན་ཁྱོད་ནི་ཤིན་ཏུ་བསླུས། ། མི་གླེན་ནོར་གྱི་བདེ་བ་མི་ཤེས་འགའ ། །གཏེར་མཐོང་ནས་ནི་འབྲོས་པར་བགྱིད་པ་ལྟར ། །ཁྱོད་ཀྱང་འདོད་ཆགས་མི་མཁྱེན་རང་ལྷགས་པ། །ན་ཆུང་རྣམས་ལ་མི་སྤྱོད་དེ་དང་འདྲ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་མིག་མི་འཇུམས་པར་འཇུམ་དམྱུལ་ཏེ། བཞིན་གྱི་འཇུམ་ཕྱུང་ཞིང ། དབང་པོ་རྣམ་པར་མ་འདྲུགས་པ་དང ། ལུས་མ་བཅོས་པ་དང ། བརྗིད་པ་དང ། མ་ཆགས་པ་དང ། མི་ལྡང་བ་དང ། མ་མོངས་པ་དང ། རིའི་དབང་པོ་ལྟར་མི་གཡོ་བ་དང ། མ་ཞུམ་པ་དང ། མ་གྱུར་པ་དང ། འཇེམ་པ་མེད་པ། བློ་ཤིན་ཏུ་ལེགས་པར་གནས་པ་དང ། ཉོན་མོངས་པ་རྣམས་ཤིན་ཏུ་སྤང་ས་པའི་གྱིར་རང་གི་ཁ་ན་ལས་པའི་ཡེ་ཤེས་ཀྱི་སྒོ་དང ། འཇམ་ཞིང་སྙན་པའི་ཚིག་དང ། ཚང་ས་པ་ལས་ལྷག་པའི་ང་རོ་དང ། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང ། སྙན་པ་དང ། ཡིད་དུ་འོང་བས་བདུད་ཀྱི་བུ་མོ་དེ་དག་ལ་ཚིགས་སུ་བ་ཅད་པས་སླར་སྨྲས་པ། འདོད་པ་སྡུག་བསྔལ་མང་པོསྩོགས་ཤིང་སྡུག་བསྔལ་རྩ་བ་སྟེ། །མི་མཁས་རྣམས་ལ་བསམ་གཏན་རྫུ་འཕྲུལ་དཀའ་ཐུབ་ཉམས་པར་བྲེད ། །བུད་མེད་འདོད་པའི་ཡོན་ཏན་ཚོག་པ་མེད་ཅེས་མཁས་པས་སྨྲས། །ང་ནི་མི་མཁས་རྣམས་ལ་ཤེས་རབ་ཚོག་པར་བྲེད་པར་འགྱུར། །འདོད་པ་བསྟེན་ན་
46-384
སྲིད་པ་གྱིར་ཞིང་རྣམ་པར་འཕེལ་འགྱུར་ཏེ། །དཔེར་ན་མི་འགའ་ལ་ལ་ཚཝ་ཆུ་འཐུང་ས་པར་གྱུར་པ་བཞིན། །དེ་ལ་ཞུགས་པ་བདག་གི་དོན་མིན་གཞན་གྱི་དོན་ཀྱང་མིན། །ང་ནི་བདག་གི་དོན་དང་གཞན་གྱི་དོན་ལ་སྤྲོ་བ་ཡིན། །ཁྱོད་ཀྱི་གཟུགས་ནི་ཆུ་བུར་དག་དང་དབུ་བ་མཚུང་ས་ཤིང་འདྲ ། །སྒྱུ་མའི་ཚོན་ལྟར་རང་གི་བློ་ཡིས་རྣམ་པར་བསྒྲུབས་པ་སྟེ། །མི་ལམ་དག་ན་རྩེ་བ་ལྟ་བུར་མི་བརྟན་མི་རྟག་ཀྱང ། །བྱིས་པ་མི་མཁས་རྣམས་ཀྱི་སེམས་ནི་རྟག་ཏུ་ཆོང་ས་པར་བྲེད ། ། མིག་ནི་ཆུ་ཡི་ཆུ་བུར་མཚུང་ས་ཤིང་འདྲ་སྟེ་པགས་པས་གཡོགས། །ཁྲག་བརླང་མཁྲང་ཞིང་འབུར་བ་དཔེར་ན་ནད་ཀྱི་འབྲས་དང་མཚུང་ས། ། པྟོ་ནི་གཅིན་དང་གྱི་ས་སོགས་ཏེ་ཤིན་ཏུ་མི་ག་ཙང་བ། །སྡུག་བསྔལ་འཁྲུལ་འཁོར་ལས་དང་ཉོན་མོང་ས་པ་ལས་ཡང་དག་བྱུང ། །བྱིས་པའི་བློ་ཅན་དག་ནི་མོང་ས་གྱུར་ན་ཅི་ལོག་པ་ཡིས། །ལུས་གང་ལ་ནི་སྡུག་པར་རྟོག་པ་མཁས་པ་དེ་ལྟ་མིན། །སྡུག་བསྔལ་རྩ་བར་གྱུར་པའི་འཁོར་བར་ཡུན་རིང་འཁོར་བྲེ་ད་ན། །སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མི་བཟད་མང་པོ་མོང ། །རྐེད་པ་ནས་ནི་རབ་ཏུ་ཡིད་མི་འོང་བའི་དྲི་ཅན་འཛག་།བརླ་དང་བྱིན་པ་རྐང་པ་དག་ནི་འཁྲུལ་འཁོར་ལྟ་བུར་ག་ནས། །ང་ཡིས་ཁྱེད་ལ་ཡང་དག་བརྟགས་ན་སྒྱུ་མ་ཇི་བཞིན་ཏེ། །ཕྱིན་ཅི་ལོག་གི་རྒྱུ་དང་རྐྱེན་ལས་བྱུང་བར་གྱུར་པ་ཡིན། །འཕགས་པའི་ཡེ་ཤེས་ལམ་ལས་གོལ་བ་ཕྱིན་ཅི་ལོག་གྱུར་པ། །མེ་དང་དུག་གི་ལོ་མ་འདྲ་ཞིང་སྤྲུལ་ཆེན་ཁྲོས་འདྲ་བ། །འདོད་པའི་ཡོན་ཏན་ཡོན་ཏན་མིན་ཞིང་ཡོན་ཏན་ཉམས་མཐོང་ན། ། དེ་ལ་བྱིས་པ་བདེ་བའི་འདུ་ཤེས་སྐྱེད་ཅིང་བརྒྱལ་བར་གྱུར། །མི་གང་འདོད་པས་བུད་མེད་རྣམས་ཀྱི་ཁོལ་པོར་གྱུར་པ་དང ། །གང་ཞིག་ཆོས་ཀྱི་དགའ་བ་བོར་ཏེ་འདོད་པས་དགའ་བྱེད་ཅི་ང ། །དགའ་ལ་བརྐམ་པ་དེ་ནི་ཚུལ་ཁྲིམས་ལམལས་
46-385
གོལ་གྱུར་ཅིང ། །བསམ་གཏན་ལམ་གོལ་བློ་ཉམས་ཡེ་ཤེས་ལས་ནི་རབ་རིང་ག་ནས། །ང་ནི་འདོད་ཆགས་ཞེ་ལྡང་ལྷན་ཅིག་གནས་པ་མ་ཡིན་ཏེ། །རྟག་དང་སྡུག་དང་བདག་དང་ལྷན་ཅིག་གནས་པར་བྲེད་མ་ཡིན། །མི་དགའ་བ་དང་དགའ་དང་ལྷན་ཅིག་གནས་པ་མ་ཡིན་ལ། །ང་ཡི་སེམས་ནི་རབ་ཏུ་གྲོལ་ཏེ་མཁའ་ལ་རླུང་དང་འདྲ ། །གལ་ཏེ་ཁྱེད་འདྲའི་འགྲོ་བ་ཀུན་གྱིས་འདིར་ནི་གང་གྱུར་ལ། །བསྐལ་པར་དེ་དག་རྣམས་དང་ལྷན་ཅིག་འདྲཝ[༄\ུf]་ཞིང་གནས་ཀྱང་ནི། ། ང་ལ་ཐ་བ་མེད་ཅིང་ཆགས་མེད་གཏི་མྱུག་མི་འགྱུར་ཏེ། །རྒྱལ་བ་རྣམས་ཀྱི་ཐུགས་ནི་ནམ་མཁའ་མཚུངས་ཤིང་འདྲ་ཕྱིར་རོ། །ལྷ་དང་ལྷ་མོ་ཤིན་ཏུ་དྲི་མེད་ལ། །ཁྲག་དང་རུས་པ་མེད་ཅིང་རབ་བཟང་བ། །དེ་དག་ཀུན་ཀྱང་འཇིགས་པ་ཆེར་གནས་ཏེ། །རྟག་དངོས་བྲལ་ཞིང་ཇེར་ཟུག་མེད་ཕྱིར་རོ། །དེ་ནས་བདུད་ཀྱི་བུ་མོ་བུད་མིད་ཀྱི་སྒྱུ་རྣམས་ཤིན་ཏུ་བསླབས་པ་དེ་དག་དེ་བས་ཀྱང་ཆེར་འདོད་ཆགས་དང ། རྒྱགས་པ་དང ། བེགས་པ་བསྐྱེད་དེ། སྟེག་པ་བསྟན་ནས་ལུས་རྣམས་བརྒྱན་ཏེ། བུད་མེད་ཀྱི་གཡོ་ཉེ་བར་བསྟན་ནས་བྱང་ཆུབ་སེམས་དཔའ་ལ་རྔོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བུ་མོའི་ནང་ན་གཅེས་མཆོག་སྲེད་དང་དགའ་དང་དགའ་ཅན་ལྷན་ཅིག་ཏུ། །བདུད་ཀྱིས་བཏང་བ་ཤིན་ཏུ་ཚུལ་དུ་ཤིས་པར་རིང་ས་པར་ལྷགས་གྱུར་ཏེ། །ཤིང་གི་ལྟུག་མ་གཞོན་ནུ་ལོ་མར་བ་ཅས་པ་རླུང་གིས་བསྐྱོད་པ་བཞིན ། །གར་བྲེད་ཅིང་ནི་རྒྱལ་པོའི་སྲས་པོ་ཤིང་དྲུང་འདུག་ལ་རྔོད་པར་བྲེད ། །དུས་ཀྱི་ནང་ན་དམ་པ་མཆོག་ཏུ་བགྱི་བ་སོས་ཀའི་དུས་འདི་སྟེ། །སྐྱེས་པ་དག་དང་བུད་མེད་དགའ་བར་བགྱིད་ཅིང་མུན་པ་རྡུལ་ཡང་བཅོམ། །ཁུ་བྱུག་དང་ནི་ང་ང་པ་རྨ་བྱ་སྒྲ་འབྱིན་བྱ་ཚོགས་རྣམས་ཀྱིས་གང ། །འདོད་པའི་ཡོན་ཏན་དགའ་བ་མོང་བར་བགྱི་བའི་དུས་ལ་དབབ་བོ། །
46-386
བསྐལ་པ་སྟོང་དུ་ཚུལ་ཁྲིམས་དགའ་ཞིང་བརྟུལ་ཞུགས་དཀའ་ཐུབ་སྤྱད་གྱུར་པ། ། རི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་ཉི་མ་ཤར་མ་ཐག་པའི་གཟུགས། ། འབྲུག་བསྒྲགས་ལྟ་བུར་སྒྲ་སྙན་རི་དགས་དབང་པོ་སྒྲ་བསྒྲགས་འདྲ་བ་པོ། །འགྲོ་ལ་ཕན་པ་བྲེད་པ་དེ་ཡིས་དོན་དང་ལྡན་པའི་ཚིག་སྨྲས་པ། །འདོད་པ་རྩོད་དང་དགྲ་དང་འཐབ་དང་ཉོན་མོང་ས་བ་ཅས་དང་འཇིགས་བྲེད་པ། །བྱིས་པའི་སྐྱེ་བོས་ཉེ་བར་བསྟེན་གྱི་མཁས་པའི་སྐྱེ་བོས་རྟག་སྤང་ས་པ། །གང་དུ་བདེ་གཤེགས་རྣམས་ཀྱིས་བདུད་སྩི་བརྙེས་པའི་དུས་ལ་བབ་གྱུར་གྱིས ། །དོ་མོད་བདུད་ལས་རྒྱལ་ཏེ་སྟོབས་བཅུ་རྣམས་དང་ལྡན་པ་དགྲ་བཅོམ་འགྱུར། །སྒྱུ་རྣམས་བསྟན་ནས་སྨྲས་པ་ཞལ་ར་ས་པད་མ་འདྲ་བ་གསན་དུ་གསོལ། །ཁྱོད་ནི་རྒྱལ་པོ་དབང་ཕྱུག་དམ་པ་ས་བདག་སྟོབས་དང་ལྡན་པར་འགྱུར། ། ཁུད་མེད་དམ་པའི་ཚོགས་ཀྱིས་སིལ་སྙན་སྟོང་དག་ར་བ་ཏུ་བགྱིད་འགྱུར་ན། །ཐུབ་པའི་ཆ་བྱད་ཀྱིས་ནི་ཅི་བགྱིས་སྤོང་ས་ལ་དགའ་བ་བསྟེན་དུ་གསོལ། །བྱང་ཆུབ་སེམས་དཔས་སྨྲས་པ། ང་ནི་སྲིད་པ་གསུམ་ན་དབང་ཕྱུག་ལྷ་དང་མི་རྣམས་ཀྱིས་མཆོད་ལ། །ཆོས་ཀྱི་འཁོར་ལོས་འགྲོ་ཞིང་སྟོབས་བཅུའི་སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར། །སློབ་དང་མི་སློབ་བུ་རྣམས་ཁྲག་ཁྲིག་རྟག་ཏུ་འདུད་པ་མངོན་དུ་བྲེད ། །ཆོས་ཀྱི་དགའ་བས་དགའ་ཡི་ཡུལ་ལ་ང་ཡི་ཡིད་ནི་དགའ་མ་ཡིན། །དེ་དག་གིས་སྨྲས་པ། རེ་ཤིག་དྲ་ལ་བབ་པ་མ་ཡོལ་དང་པོ་ཐོར་བུར་གྱུར་པ་དང ། །ཁྱོད་ནི་རེ་ཤིག་སྐུན་གྱིས་མ་བཏབ་མི་ཤིས་བགེས་པར་མ་གྱུར་དང ། ། ཇི་སྲིད་དྲ་ལ་བབ་ཅིང་བདག་ཅག་གྲོགས་ཀྱང་དྲ་ལ་བབ་གྱུར་པ། ། དེ་སྲིད་བར་དུ་འཇུམ་པའི་ཞལ་གྱིས་འདོད་པའི་དགའ་བ་སྤྱད་དུ་གསོལ། །བྱང་ཆུབ་སེམས་དཔས་སྨྲས་པ། ཇི་སྲིད་དོ་མོད་དལ་བ་དམ་པ་འཆི་མེད་དཀོན་པ་རྙེད་པ་དང ། ། ཇི་སྲིད་ལྷ་དང་ལྷ་མིན་རྒོང་ཁྱེར་མི་
46-387
ཁོམ་སྡུག་བསྔལ་སྤང་ས་པ་དང ། །ཇི་སྲིད་རྒ་དང་ན་དང་འཆི་བའི་དགྲ་ཡིས་དཀྲུགས་པར་མ་གྱུར་པ། ། དེ་སྲིད་ང་ནི་འཇིགས་མེད་གྲོང་ཁྱེར་འགྲོ་བའི་ལམ་མཆོག་བསྒོམ་པར་བྱ། །དེ་དག་གིས་སྨྲས་པ། ལྷ་ཡི་གནས་ན་སུམ་རྩུ་རྩ་གསུམ་བདག་པོ་ལྷ་མོས་བསྐོར་བ་དང ། །འཐབ་བྲལ་འཐབ་བྲལ་རབ་དང་དགའ་ལྡན་རབ་དང་བདུད་ཀྱི་གྲོང་ཁྱེར་ན། །ལྷ་མཆོག་བསྟོད་པ་བཞིན་དུ་བུད་མེད་དབང་དུ་གྱུར་ནས་འདོད་དགའ་ལ། །རོལ་ཅིང་སྤྱོད་ལ་བདག་ཅག་རྣམས་དང་ལྷན་ཅིག་དགྱིས་པ་རྒྱ་ཚེན་མཛོད ། །བྱང་ཆུབ་སེམས་དཔས་སྨྲས་པ། འདོད་པ་ཙོ་རྩེའི་ཟིལ་ཐིགས་བཞིན་དུ་མྱུར་ལ་སྟོན་ཀའི་སྤྲིན་དང་མཚུང་ས། །ཀླུ་ཡི་བུ་མོ་ཁྲོ་བ་ལྟ་བུར་ཤིན་ཏུ་འཇིགས་པར་བྲེད་པ་ཡིན། །བརྒྱ་བྱིན་འཐབ་བྲལ་རབ་ལྷ་དགའ་ལྡན་པ་དག་བདུད་ཀྱི་དབང་དུ་སོང ། །འཕགས་མིན་རྣམས་ཀྱིས་འདོད་པ་སྡུག་བསྔལ་ལྡན་པ་འདི་ལ་སུ་ཞིག་དགའ། །དེ་དག་གིས་སྨྲས་པ། ཤིང་མཆོག་འདི་དག་ལོ་མ་གཞོན་དང་ལྡན་ཞིང་མེ་ཏོག་རྒྱས་གྱུར་ལ། །ཤང་ཤང་ཏེའུ་དང་ཁུ་བྱུག་སྒྲ་འབྱིན་བུང་བ་སྒྲ་འབྱིན་ལྡན་པ་གཟིགས། །ས་ལས་ཙོ་འཁྲུང་ས་རབ་སྔོ་འཇམ་ཞིང་སྣུམ་ལ་ལྕང་ལོ་ཅན་མཆིས་པ། །ནགས་མཆོག་མི་ཅི་ཚོགས་ཀྱིས་བསྟེན་པར་ན་ཆུང་རྣམས་དང་དགྱིས་པར་མཛོད། །བྱང་ཆུབ་སེམས་དཔས་སྨྲས་པ། ལོ་མར་བ་ཅས་པའི་ཤིང་རྣམས་འདི་དག་དུས་ཀྱི་དབང་གིས་མེ་ཏོག་རྒྱས། །བུང་བ་དག་ཀྱང་བཀྲིས་དང་སྐོམ་པས་ཉེན་ནས་མེ་ཏོག་རྣམས་སུ་ལྷགས། །གང་ཞིག་དུས་ནས་ལས་སྐྱེས་པ་རྣམས་ཀྱང་ཉི་མས་སྐམས་པར་འགྱུར། །ང་འདིར་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སྤྱད་པ་བདུད་སྩི་ངེས་པར་སྤྱད ། །བདུད་ཀྱི་བུ་མོ་རྣམས་ཀྱིས་སྨྲས་པ། ཟླ་འདྲའི་ཞལ་མངའ་གཟིགས་ཤིག་པད་མ་སར་པ་འདྲ་བའི་ཁ་བཞིན་ཅན། །སྙན་ཅིང་ཡིད་དུ་འོང་བའི་ཚིག་ལྡན་
46-388
སོ་ནི་དངུལ་དང་ཁ་བ་འདྲ ། །འདི་འདྲ་ལྷ་ཡི་གནས་ན་དཀོན་ན་མི་ཡི་གནས་ན་ག་ལ་མཆིས། གང་དག་ལྷ་མཆོག་རྣམས་ཀྱིས་རྟག་ཏུ་འདོད་པར་བགྱི་བ་ཁྱོད་ཀྱིས་བརྙེས། །བྱང་ཆུབ་སེམས་དཔས་སྨྲས་པ། ལུས་ནི་ངན་སྐྱུགས་མི་ག་ཙང་སྲིན་བུའི་རིགས་ཀྱིས་གང་བ་ཤིག་ཤིག་པོ། །མྱུར་དུ་འགྱིས་ཤིང་འཇིག་པ་བདེ་བ་མ་ཡིན་རྣམས་དང་ལྡན་པར་མཐོང ། །རྒྱུ་བར་བ་ཅས་དང་མི་རྒྱུ་བ་ཡི་འགྲོ་ལ་བདེ་བ་མཆོག་བྱེད་པ། །གོ་འཕང་འཆི་འཕོ་མེད་པ་སྐྱེ་བོ་མཁས་པས་མཆོད་པ་དེ་ཐོབ་བ་བྱ། །དེ་དག་འདོད་པའི་སྐྱུ་རྩལ་དྲུག་ཅུ་རྩ་བཞི་མོང་བར་གྱུར་པ་སྟེ། ། རྐང་གདུབ་གསེར་གྱི་ཕག་སྐ་འཁྲོལ་ཞིང་གོས་ཀྱང་ཤིག་ཤིག་བྱས་ནས་ནི། ། འདོད་པའི་མད་འ་ཡིས་ཕོག་པ་རྒྱགས་པ་འཇུམ་ཞིང་འདི་སྐད་སྨྲས། །ཇོ་ཇོ་ཁྱོད་ལ་ནོང་ས་པ་ཅི་ཞིག་བགྱིས་ན་འདི་དག་བསྟེན་མི་བགྱི། ། སྲིད་པ་ཀུན་གྱིས་ཉེས་པ་རིག་ནས་རྡུལ་དང་བྲལ་བས་འདི་སྐད་སྨྲས། །འདོད་པ་རལ་གྲི་མདུང་ཐུང་རྩེ་གསུམ་སྤྲང་རྩི་ཅན་གྱི་སྤུ་གྲི་འདྲ ། །སྤྲུལ་གྱི་མགོ་དང་མེ་མུར་འདྲ་བར་ངས་འདིར་རབ་ཏུ་རིག་པས་ན། །བུད་མེད་ཡོན་ཏན་འཕྲོག་པས་དེ་གྱིར་ང་ཡིས་བུད་མེད་ཚོགས་རྣམས་སྤང་ས། །བུད་མེད་ཡོན་ཏན་རྣམ་པ་མང་པོ་ཁྲག་ཁྲིགབྲེ་བ་དེ་དག་གིས། །གང་གི་ཚེ་ན་གླང་པོའི་ཇུ་གུའི་སྟབས་ཅན་དེ་བརྗོད་མ་ནུས་ཚེ་།ངོ་ཚ་སྐྱེང་ས་ནས་ཐུབ་པའི་རྐང་པ་གཉིས་ལ་རབ་ཏུ་ཕྱག་འཚལ་ཏེ། ། དགའ་ཞིང་མགུ་བ་བསྐྱེད་ནས་ཕན་པ་བྲེད་པ་དེ་ལ་བསྟོད་པ་བྱས། །པད་མ་དྲི་མ་མེད་པའི་སྙིང་པོ་འདྲ་ཞིང་སྟོན་ཟླ་ལྟ་བུའི་ཞལ། །མར་གྱིས་སྤྱིན་བ་སྲེག་བགྱིས་པའི་འོད་འཕྲོ་མེ་འདྲ་གསིར་གྱི་རི་འདྲ་བ། ། སྲིད་པ་བརྒྱ་ནས་སྤྱད་ཅིང་དགོང་ས་དང་སྨོན་ལམ་བཏབ་པ་གྲུབ་གྱུར་ཅིག་།བདག་ཉིད་རྒལ་ནས་སྡུག་བསྔལ་དག་དང་ལྡན་པའི་འགྲོ་བ་བསྒྲལ་དུ་གསོལ། །དེ་དག་རྣམས་ཀྱིས་དོང་
46-389
ཀའི་ཤིང་དང་ཙམ་པ་ཀ་འདྲ་རྣམ་མང་བསྟོད ། །མཆོག་ཏུ་གྱུར་པའི་རི་ལྟར་མི་གཡོ་བ་ལ་བསྐོར་བ་བྱས་ནས་ནི། །སོང་སྟེ་ཕ་ཡི་རྐང་ལ་མགོ་བོས་ཕྱག་འཚལ་འདི་སྐད་ཚིག་ཀྱང་སྨྲས། །ཡབ་ཅིག་ལྷ་དང་མི་ཡི་བླ་མ་དེ་ལ་ཁོང་ཁྲོ་སྤང་ས་ན་ལེགས། །བཞིན་ནི་འཇུམ་པར་གྱུར་ནས་པད་མའི་འདབ་མ་འདྲ་བའི་མིག་གིས་ལྟ། །དེ་ནི་ཆགས་པས་སྐྱེ་བོ་མི་ལྟ་དེ་ལ་ཁྲོ་གཉརེར་མཆིས་མ་ལགས། །ལྷུན་པོ་གཡོ་ཞིང་རྒྱ་མཚོ་སྐམས་ལ་ཉི་ཟླ་ལྟུང་བར་འགྱུར་ཡང་གད་འ། ། སྲིད་པ་གསུམ་གྱི་ཉེས་མཐོང་དེ་ནི་བུད་མེད་རྣམས་ཀྱི་དབང་མི་འགྱུར། །དེ་ནས་བདུད་སྡིག་ཅན་གྱིས་ཚིག་དེ་སྐད་ཐོས་ནས་དེ་བས་ཀྱང་ཆེར་སྡུག་བསྔལ་ཞིང་ཡིད་མི་བདེ་ལ། ཡི་མ་རང་ས་ཤིང་ཚིག་པ་ཟ་བའི་ཡིད་ཀྱིས་རང་གི་བུ་མོ་དེ་དག་ལ་སྨྲས་པ། ཀྱེ་མི་ཤེས་ཤིང་གླེན་ཏེ། ཁྱེད་ཀྱི་གཟུགས་དང་དྲོད་མ་མཐོང་ངང་མ། ཇི་ལྟར་གྱུར་ན་དེ་བྱང་ཆུབ་ཀྱི་སྙིང་པོ་ལས་བསླང་བར་མ་ནུས། དེ་ནས་བདུད་ཀྱི་བུ་མོ་དེ་དག་གིས་རང་གི་ཕ་ལ་ཚིགས་སུ་བ་ཅད་པས་སླར་སྨྲས་པ། སྙན་ཅིང་འཇམ་པོར་སྨྲ་ཡང་ཆགས་པ་མ་མཆིས་ཏེ། །གསང་བ་ཆེན་པོ་ལྟ་ཡང་ལྡང་བ་མཆིས་མ་ལགས། །སྤྱོད་ལམ་དག་དང་སྤྱོད་པ་ལྟ་ཡང་མོང་ས་མ་མཆིས། །ལུས་རྣམས་ཐམས་ཅད་རྟོགས་ཀྱང་བསམ་པ་ཤིན་ཏུ་ཟབ། །བུད་མེད་ནོང་ས་པ་རྒྱ་ཆེན་ཐེ་ཚོམ་མ་མཆིས་རྟོགས། །འདོད་ལས་དབེན་པའི་ཡིད་ལྡན་འདོད་ཆགས་ཆགས་མ་མ་མཆིས། །གང་ཞིག་དེ་ཡི་སེམས་དང་སྤྱོད་པ་ཡོངས་འཚལ་བ། །ལྷ་ཡུལ་མི་ཡུལ་འདི་ན་ལྷ་མི་དེ་མ་མ་མཆིས། །དེ་ལ་བུད་མེད་སྒྱུ་རྣམས་གང་ལགས་བསྟན་ན་ཡབ།། ཆགས་བ་ཅས་གང་ལགས་དེ་ཡི་སྙིང་ཞུ་འགྱུར་རིགས་ན། །དེ་དག་མཐོང་ཡང་དེ་ཡི་སེམས་ནི་གཅིག་མ་གཡོས། །རི་དབང་རྒྱལ་པོ་བཞིན་དུ་དེ་ནི་མི་ག་ལོགཡོ་མ་མཆིས། །བསོད་ནམས་གཟི་བརྗིད་བརྒྱས་བལྟམ་ཡོན་ཏན་གཟི་བ་ཇིད་རྫོགས། །
46-390
བསྐལ་པ་བྲེ་བ་མང་པོར་ཚུལ་ཁྲིམས་བརྟུལ་ཞུགས་སྤྱད ། །ལྷ་དང་ཚང་ས་པ་སེམས་ཅན་གཟི་བརྗིད་རྣམ་དག་དག་དགེ། །དེ་དག་དེ་ཡི་རྐང་པར་མགོས་གཏུགས་ཕྱག་ཀྱང་འཚལ། །ཇེ་དང་བ་ཅས་པའི་བདུད་རྣམས་བཅོམ་ནས་སྔོན་ཆད་ཀྱི། ། རྒྱལ་བས་བཞེད་པ་བྱང་ཆུབ་དམ་པ་འཐོབ་འགྱུར་ངེས། །ཡབ་ཅིག་བདག་ཅག་གཡུལ་ངོར་འཐབ་པ་མི་འཚལ་ཏེ། །སྟོབས་ལྡན་དག་དང་འཐབ་པར་སྤྱོར་འདི་ཚེགས་རབ་ཆེ། །ཡབ་ཅིག་མཁའ་ལ་ནོར་བུ་རིན་ཆེན་གཙུག་ཕུད་ཅན། ། རྫོགས་པའི་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་གུས་པར་གནས། །རིན་ཆེན་འབྱུང་གནས་ཡན་ལག་མེ་ཏོག་ཕྲེང་བས་བརྒྱན། །སྟོབས་བརྩུ་མངའ་བས་མཆོད་གྱིར་འདིར་བཏང་རྣམས་ལ་གཟིགས། །གང་དག་སེམས་\ུfམས་པ་མ་མཆིས་གང་དག་སེམས་མ་མཆིས། །ཤིང་རི་ལྷ་དབང་གནོད་སྤྱིན་མཁའ་ལྡིང་དབང་པོ་དག་།ཡོན་ཏན་རི་བོར་མངོན་པར་འདུད་ཅིང་བྱོགས་པ་ལས། །ཡབ་ཅིག་དོ་མོད་སླར་ལོག་ན་ནི་ལེགས་པ་འདྲ ། །གཞན་ཡང་གང་གི་ཕ་མཐར་མི་ན་དེར་ནི་རྐྱལ་མི་བགྱི། ། གང་ཞིག་རྩ་ནས་མི་ཕྱིན་དེ་ནི་བཀོ་མི་བགྱི། །གང་ལ་བཟོད་པ་ཡང་གསོལ་དེ་ནི་དཀྲུག་མི་བགྱི། །གང་གིས་ཡིད་མི་བདེ་བར་འགྱུར་བ་དེ་མི་བགྱི། །དགེ་སློང་དག་དེ་ནས་དེའི་ཚེ་ཤིང་གི་ལྷ་མོ་བརྒྱད་ལ་འདི་ལྟ་སྟེ། དཔལ་ལྡན་དང ། འཕེལ་མོ་དང ། དཀའ་ཐུབ་དང ། དགེ་མ་དང ། མཁས་མ་དང ། མད་ངས་སྟོབས་དང ། བདེན་སྨྲ་དང ། ལྡན་མ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་མཆོད་ནས་དཔལ་རྣམ་པ་བཅུ་དྲུ་གུ་གིས་བྱང་ཆུབ་སེམས་དཔའ་འཕེལ་བར་བྲེད ། མངོན་དུ་སྟོད་པར་བྲེད་དེ། སེམས་ཅན་དམ་པ་ཁྱོད་ནི་དགུང་ཟླ་ཡར་གྱི་ངོ་ལྟར་མཇེས་པའོ། །བློ་རྣམ་པར་དམ་པ་ཁྱོད་ནི་གདུགས་དང་པོ་ཤར་བ་ལྟར་ལྷང་ངེ་བའོ། །སེམས་ཅན་དམ་པ་ཁྱོད་ནི་ཆབ་ཀྱི་
46-391
ནང་ན་པད་མ་ལྟར་རབ་ཏུ་རྒྱས་པའོ། །སེམས་ཅན་དམ་པ་ཁྱོད་ནི་ནགས་དང་ནགས་འདབ་ན་རྒྱུ་བའི་སེང་གེ་ལྟར་སྒྲོགས་པའོ། །སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོའི་དབུས་ན་རིའི་རྒྱལ་པོ་ལྟར་མཇེས་པའོ། །སེམས་ཅན་དམ་པ་ཁྱོད་ནི་ཁོར་ཡུག་གི་རི་ལྟར་མངོན་པར་འཕགས་པའོ། །སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོ་ལྟར་རིན་པོ་ཆེས་བལྟམས་ཤིང་གཏིང་དཔག་དཀའ་བའོ། །འཇིག་རྟེན་གྱི་མགོན་པོ་ཁྱོད་ནི་ནམ་མཁའ་ལྟར་ཐུག་པ་མ་མཆིས་ཤིང་ཐུགས་ཀྱི་རྒྱ་ཆེ་བའོ། ། སེམས་ཅན་རྣམ་པར་དག་པ་ཁྱོད་ནི་དོག་ས་ལྟར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་ཅིང་ཐུགས་ཤིན་ཏུ་བརྟན་པའོ། །སེམས་ཅན་དམ་པ་ཁྱོད་ནི་མཚོ་མ་དྲོས་པ་ལྟར་རྟག་ཏུ་དང་ཞིང་ཐུགས་རྙོག་པ་མི་མངའ་བའོ། །སེམས་ཅན་དམ་པ་ཁྱོད་ནི་རླུང་མར་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་མི་ཆགས་ཤིང་ཐུགས་གནས་མ་མཆིས་པའོ། །སེམས་ཅན་དམ་པ་ཁྱོད་ནི་གཟི་བཛིད་ཀྱི་རྒྱལ་པོ་ལྟར་རློམ་སེམས་ཅན་ཐམས་ཅད་སྤང་ས་ཤིང་བསྙེན་པར་དཀའ་བའོ། །སེམས་ཅན་དམ་པ་ཁྱོད་ནི་སྲེད་མེད་ཀྱི་བུ་ལྟར་ཐུལ་བར་དཀའ་ཞིང་སྟོབས་དང་ལྡན་པའོ། །འཇིག་རྟེན་གྱི་མགོན་པོ་ཁྱོད་ནི་བྱང་ཆུབ་ཀྱི་སྙིང་པོ་ལས་མི་བཞེང་ས་པས་དམ་བ་ཅས་པ་བརྟན་པའོ། །སེམས་ཅན་དམ་པ་ཁྱོད་ནི་དབང་པོའི་ལག་གིས་འཕང་ས་པའི་རྡོ་རྗེ་ལྟར་སླར་མི་ལྡོག་པའོ། ། སེམས་ཅན་དམ་པ་ཁྱོད་ནི་རིང་པོར་མི་ཐོགས་པར་སྟོབས་བཅུ་དང་ལྡན་པར་བྱོན་པས་བརྙེས་པ་ལེགས་པར་བརྙེས་པའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་རྣམས་ཀྱིས་དཔ་ལ་རྣམ་པ་བརྩུ་དྲུ་ག་གིས་བྱང་ཆུབ་སེམས་དཔའ་འཕེལ་བར་བྲེད་དོ། །དགེ་སློང་དག་དེ་ན་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་ཉམས་དམས་པར་བྲེད་དེ། རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡིག་
46-392
ཅན་ཁྱོད་ནི་ཁྲུང་ཁྲུང་རྒན་པོ་ལྟར་སིམསཁོང་དུ་ཆུད་ཅིང་དམས་པའོ། ། སྣིག་ཅན་ཁྱོད་ནི་གླང་པོ་རྒན་པོ་འད་མ་དུ་བྱིང་བ་ལྟར་ཉམ་ཆུང་བའོ། །སྡིག་ཅན་ཁྱོད་ནི་དཔའ་བོར་ཁས་འཆེས་པ་ཕམ་པ་ལྟར་གཅིག་པུར་གྱུར་པའོ། ། སྣིག་ཅན་ཁྱོད་ནི་ནད་ཀྱིས་ཉརེན་པ་འབྲོག་ཏུ་བོར་བ་ལྟར་གཉིས་སུ་མེད་པའོ། །སྡིག་ཅན་ཁྱོད་ནི་གླང་བུ་ཁལ་གྱིས་ཉོན་མོང་ས་པ་ལྟར་སྟོབས་མེད་པའོ། ། སྣིག་ཅན་ཁྱོད་ནི་ཤིང་རླུང་གིས་བཏབ་པ་ལྟར་སྐྱེལ་བའོ། །སྡིག་ཅན་ཁྱོད་ནི་འདོན་པ་ལམ་སྟོར་བ་ལྟར་ལམ་ངན་པར་གནས་པའོ ། །སྡིག་ཅན་ཁྱོད་ནི་མི་དབུལ་པོ་བུ་ལོན་ཅན་ལྟར་དམན་པ་བས་ཀྱང་དམན་པའོ། །སྡིག་ཅན་ཁྱོད་ནི་བྱ་རོག་བྱུང་རྒྱལ་བ་ལྟར་མྱུ་ཅོར་སྨྲ་བའོ། །སྡིག་ཅན་ཁྱོད་ནི་མ་དུལབ་བྱས་པ་མི་གཟོ་བ་ལྟར་ང་རྒྱལ་གྱིས་ཟིལ་གྱིས་ནོན་པའོ། ། སྣིག་ཅན་ཁྱོད་ནི་སེང་གེའི་སྒྲས་ཝ་འབྲོས་པ་ལྟར་དེང་འབྲོས་པར་འགྱུར་བའོ། །སྡིག་ཅན་ཁྱོད་ནི་རྣམ་པར་འཐོར་རླུང་གིསགཏོར་བའི་བྱ་བཞིན་དུ་དེང་འད་ར་བར་འགྱུར་བའོ། །སྡིག་ཅན་ཁྱོད་ནི་སྤྲང་པོ་བསོད་ནམས་ཟད་པ་ལྟར་དུས་མི་ཤེས་པའོ། །སྡིག་ཅན་ཁྱོད་ནི་སྣོད་ཆག་པ་རྡུལ་གྱིས་གང་བ་ལྟར་དེང་རྣམ་པར་སྤང་བར་འགྱུར་བའོ། །སྡིག་ཅན་ཁྱོད་ནི་སྔགས་ལ་དཔའ་བ་སྤྲུལ་ལ་བབ་པ་ལྟར་དེང་ཚར་ཆོད་པར་འགྱུར་བའོ། །སྡིག་ཅན་ཁྱོད་ནི་མི་རྐང་ལག་བ་ཅད་པ་ལྟར་སྟོབས་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བའོ ། ། དགེ་སློང་དག་དེ་ལྟར་གནས་ག་ཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་ཉམ་སྨད་པ་བྱས ། །དགེ་སློང་དག་དེ་ལ་བྱང་ཆུབ་ཀྱི་བསྙིན་བཀུར་བའི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྣིག་ཅན་བློག་པར་བྲེད་དེ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྣིག་ཅན་ཁྱོད་ནི་དཔའ་བོས་ཕ་རོལ་གྱི་སྡེ་བཅོམ་པ་ལྟར་བྱང་ཆུབ་སེམས་དཔས་དོ་མོད་ཕམ་པར་བྱས་པར་
46-393
འགྱུར་རོ། །སྡིག་ཅན་ཁྱོད་ནི་གྱད་སྟོབས་ཆུང་ངུ་ལ་གྱ་ད་སྟོབས་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཚར་བ་ཅད་པར་འགྱུར་རོ། ། སྣིག་ཅན་ཁྱོད་ནི་ས?ཕྱིན་བུ་མེ་ཁྱེར་ལ་ཉི་མའི་དཀྱིལ་འཁོར་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཟིལ་གྱིས་ནོན་པར་འགྱུར་རོ། །སྔིག་ཅན་ཁྱོད་ནི་ཕུབ་མ་སྤར་བ་གང་ལ་རླུང་མར་བཏབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་གཏོར་བར་འགྱུར་རོ། ། སྡིག་ཅན་ཁྱོད་ནི་ཝ་ལ་སིང་གེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྔང་ས་པར་བྱས་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་ཤིང་སཱ་ལ་ཆེན་པོ་རྩུ་བ་ནས་བ་ཅད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྦྱེལ་བར་འགྱུར་རོ། །སྡིག་ཅན་ཁྱོད་ནི་མི་མཛའ་བའི་གྲོང་ཁྱེར་ལ་རྒྱལ་པོ་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརླག་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་བ་རྗེས་ཀྱི་ཆུ་ལ་ཉི་ཚན་ཆེན་པོ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཡོངས་སུ་ཟད་པར་བྱས་པར་འགྱུར་རོ། ། སྣིག་ཅན་ཁྱོད་ནི་མི་གཡོན་ཅན་གསད་པར་བྱ་བ་ཤོར་བ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་འབྲོས་པར་བྲེད་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་མེའི་ཚ་བས་བུང་བའི་ཁྱུ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མགོ་འཁོར་བར་བྲེད་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་མྱ་ངན་བྲེད་དུ་བཅུག་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་དྲུང་ཁྲུང་རྒན་པོ་འདབ་མ་བྲེགས་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སེམས་ཁོང་དུ་བཅུག་པར་འགྱུར་རོ། ། སྣིག་ཅན་ཁྱོད་ནི་འབྲོག་དགོན་པར་ལམ་རྒྱགས་ཆད་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ལོང་ས་པར་བྱས་པར་འགྱུར་རོ།། སྣིག་ཅན་ཁྱོད་ནི་རྒྱ་མཚོ་ཆེན་པོར་གྲུ་ཞིག་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་དུ་བཅུག་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་སྲེག་པའི་བསྐལ་
46-394
པས་ཙོ་དང་ནགས་ཚལ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་རྙིས་པར་བྱས་པར་འགྱུར་རོ། །སྡིག་ཅན་ཁྱོད་ནི་རིའི་རྩེ་མོ་ལ་རྡོ་རྗེ་བབ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་བརྙིལ་བར་འགྱུར་རོ་ཞེས་བྱ་བའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷའི་བུ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་ཟློག་པར་བྲེད་ཀྱང་བདུད་སྡིག་ཅན་གྱིར་མ་ལོག་ག་གོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཚོགས་ཀྱིས་ཡང་དག་བསྐུལ་བ་ཐོས་ཀྱང་བདུད་ནི་གྱིར་ལོག་མ་གྱུར་ཏེ།། སློང་ས་ཤིག་རྒྱོབ་ཤིག་འདི་ནི་བརླག་པར་གྱིས་ཤིག་སྲོག་ཀྱང་སྤྱིན་པར་མ་བྱེད་ཅིག་།འདི་ནི་རང་ཉིད་རྒྱལ་ནས་ང་ཡི་ཡུལ་ནས་གཞན་ཡང་སྒྲོལ་བར་བྲེད་པར་འགྱུར། །ལང་ས་ཏེ་བྲོས་པ་མ་གཏོགས་དགེ་སྤྱོང་འདི་ལ་ཐར་གཞན་ཅུང་ཟད་མེད་ཅེས་སྨྲས། །བྱང་ཆུབ་སེམས་དཔས་སྨྲས་པ། རི་ཡི་རྒྱལ་པོ་ལྷུན་པོ་གནས་ནས་གཡོ་སྲིད་འགྲོ་བ་ཐམས་ཙད་མེད་འགྱུར་སྲིད ། །སྐར་མའི་ཚོགས་རྣམས་ཐམས་ཅད་བླ་བ་བ་ཅས་པར་མཁའ་ལས་ས་ལ་ལྟུང་ཡང་སྲིད ། །སེམས་ཅན་ཀུན་གྱི་བསམ་པ་གཅིག་བྲེད་འགྱུར་སྲིད་རྒྱ་མཚོ་ཆེན་པོ་སྐམ་སྲིད་ཀྱི། །ང་འདྲ་ཤིང་གི་རྒྱལ་པོའི་དྲུང་ན་འདུག་པ་ལ་ནི་གཡོ་བ་ཡོང་མི་སྲི་ད ། །བདུད་ཀྱིས་སྨྲས་པ། ཁོ་བོ་འདོད་པའི་དབང་ཕྱུག་འཇིག་རྟེན་འདི་ཀུན་དབང ། །ལྷ་དང་ལྷ་མིན་ཚོགས་བ་ཅས་མི་དང་དུད་འགྲོ་རྣམས། །ཁོ་བོས་ཁྱབ་སྟེ་ཐམས་ཅད་ཁོ་བོའི་དབང་དུ་འགྱུར། །ཁོ་བོའི་ཡུལ་ན་འདུག་པ་ལོང་ས་ལ་ཚིག་བཞིན་གྱིས ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་འདོད་དབང་ཁྱོད་ཡིན་གསལ་བར་ཁྱོད་དབང་མིན། །ཡང་དག་ང་པྟོས་ང་ཡང་ཆོས་ཀྱི་དབང་ཕྱུག་ཡིན། །གལ་ཏེ་ངན་འགྲོར་མི་འགྲོ་ཁྱོད་ནི་འདོད་དབང་ཕྱུག་།དབང་མེད་ཁྱོད་ནི་ལྟ་བཞིན་བྱང་ཆུབ་ངས་ཐོབ་འགྱུར ། །བདུད་ཀྱིས་སྨྲས་པ། དགེ་སྤྱོང་བདག་ཉིད་གཅིག་པུ་
46-395
དགོན་པར་ཅི་ཞིག་བྲེད ། །ཁྱོད་ཀྱིས་གང་བ་ཙལ་དེ་དང་ཕྲད་པར་སླ་མ་ཡིན། ། རབ་འགྲོ་ཤེས་ལྡན་ལ་སོགས་དཀའ་ཐུབ་རབ་བསྒྲིམས་ཀྱང ། །གོ་འཕང་མཆོག་དེ་མ་ཐོབ་མིར་གྱུར་ཁྱོད་ཅི་སྨོས། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྲོ་བའི་ཟིལ་ནོན་བློ་དང་ལྷ་ཡུལ་འདོད་པ་དང ། །བདག་ལ་རྟག་དང་མི་རྟག་སྙམ་དུ་གནས་པ་དང ། །ཡུལ་དུ་འགྲོ་བས་གནས་པ་ཐར་སྙམ་གནས་པ་ཡི། །དྲང་སྲོང་མི་ཤེས་སྔོན་དུ་འགྲོ་བས་དཀའ་ཐུབ་སྤྱད ། །དེ་དག་ཡང་དག་དོན་དང་བྲལ་ཞིང་སྐྱེས་བུ་སྨྲ ། །ཁྱབ་དང་བྱོགས་གཅིག་ཆེས་དང་ཁ་ཅིག་རྟག་ཅེས་སྨྲ ། ། ལུས་ཅན་ལུས་མིན་ཡོན་ཏན་མིན་དང་ཡོན་ཏན་ཅན། །བྲེད་པ་པོ་དང་བྲེད་པོ་མིན་ཞེས་གཞན་དག་འཇེར། །སྟན་འདིར་འདུག་སྟེ་ང་རྒྱལ་བཅོམ་པས་སྡེ་དཔུང་བ་ཅས། །ཁྱོད་ཕམ་བྱས་ཏེ་བྱང་ཆུབ་རྡུལ་མེད་དེང་ཐོབ་ནས། །འགྲོ་བ་འདི་ལ་འབྱུང་དང་བྱུང་དང་མྱ་ངན་འདས། །སྡུག་བསྔལ་ཞི་བ་བསིལ་བའི་དངོས་པོ་བསྟན་པར་བྱ། །བདུད་ནི་ཁྲོས་ཤིང་འཁྲུགས་ཏེ་ཚིག་པ་ཟོས་ནས་མདུན་དུ་རྩུབ་པའི་ཚིག་ཏུ་སྨྲས་པ་དགེ་སྤྱོང་འདིཟུང་ཤིག་།གཅིག་བུ་དགོན་པར་བོར་བར་གྱུར་པ་འདི་ནི་ང་ཡི་མདུན་ནས་ཟུང་ལ་སོང་སྟེ་མྱུར་དུ་དབང་དུ་གྱིས། །ང་ཡི་ཁྱིམ་དུ་མྱུར་དུ་སོང་ལ་ཤིང་སྒྲོག་དང་ནི་ལྕགས་སྒྲོག་ཇུགས་སུ་ཆུག་སྟེ་སྒོ་བ་བ་བྲེད་དུ་ཆུག་།སྡུག་བསྔལ་ཉེན་ནས་ཀུ་ཅོ་རྣམ་པ་མང་པོ་འདོན་ཅིང་ལྷ་ཡི་ཁོལ་པོ་ཡིན་པར་བདག་གིས་བདག་མཐོང་བྱོས། །བྱང་ཆུབ་སེམས་དཔས་སྨྲས་པ། ནམ་མཁའ་ལ་ནི་རི་མོ་རྣམ་པ་སྣ་ཚོགསཆ་ཆ་རིས་རིས་ཕྱེ་སྟེ་སོ་སོར་བྱི་བརནུས་ཀྱང་སྲིད ། །བྱོགས་དང་བྱོགས་མཚམས་འགྲོ་བའི་ཤུགས་ཅན་རླུང་ནི་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཞགས་པས་བཅིང་དུ་ནུས་ཀྱང་སྲིད ། །ཉི་མ་ཟླ་བ་མྱུན་པ་རབ་རིབ་མེད་བྲེད་མཁའ་ལས་ས་ལ་ལྟུང་བར་བྲེད་པ་ནུས་སྲིད་ཀྱི། །
46-396
ཁྱོད་དང་འདྲ་བ་རབ་ཏུ་མང་པོ་བགྲང་ལས་འདས་པ་དག་གིས་ཤིང་དྲུང་ནས་ནི་ང་བསྐྱོད་ནུས་མི་འགྱུར། །བདུད་དཔུང་སྟོབས་དང་ལྡན་པ་ལང་ས་ཏེ་ཧ་ཞེས་ཟིར། །དུང་དང་རྔ་དང་རྗ་རྔ་མཚོག་གི་སྒྲ་འབྱིན་ལང་ས། །བདུད་དཔུང་ཤིན་ཏུ་འཇིགས་པ་འདི་དག་མཐོང་ནས་ནི། །ཀྱི་ཧུད་བུ་སྡུག་ཁྱོད་ཅིས་མ་རུང་གྱུར་ཅེས་ཟིར ། །འཛམ་ཀླུང་གསེར་དང་ཙམ་པའི་སྙིང་པོ་འདྲ་བར་སིར། །ཤིན་ཏུ་གཞོན་ནུ་ལྷ་མིས་བསྟོད་ཅིང་མཆོད་པའི་འོས། །ཁྱོད་དེང་གཡུལ་ངོ་ཆེན་པོར་རབ་ཏུ་བརླག་འགྱུར་ཏེ ། །དབང་པོས་ལྷ་མིན་ལྟ་བུར་བདུད་ཀྱི་དབང་དུ་འགྱུར ། །ཚང་ས་པའི་དབྱང་ས་དང་ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། །བདེ་བར་གཤེགས་པས་གནོད་སྦྱིན་སྲིན་ཚོགས་དེ་ལ་སྨྲས། །མི་མཁས་གང་ཞིག་ནམ་མཁའ་སྐྲག་པར་བྲེད་འདོད་པ། །དེ་ནི་ཤིང་མཆོག་དྲུང་ནས་ང་འདྲ་སློང་བར་འདོད ། །གང་ཞིག་སྟོང་གསུམ་ཆེན་པོ་བཤིག་ནས་རྡུལ་འགྲང་དང ། །གང་ཞིག་བ་སྦུ་ཡིས་ནི་རྒྱ་མཚོ་ཆུ་འབྱིན་དང ། །སྐད་ཅིག་གིས་ནི་རྡོ་རྗེའི་ར་ང་བཞིན་རི་འཐོར་བ། །དེས་ཀྱང་ཤིང་དྲུང་འདུག་པ་ང་ལ་འཚེ་མི་ནུས། །བདུད་ཁྲོས་སེམས་ཀྱིས་གཉའ་ཤིང་གང་གིས་བར་ཙམ་འདུག་།ཤུབས་ནས་ཕྱུང་བའི་ར་ལ་གྲི་རྣོན་པོ་ལག་ན་ཐོགས། །དགེ་སྤྱོང་མྱུར་ལོང་ས་ང་ཡིས་བསམ་པ་བཞིན་དུ་སོང ། །འོད་མའི་མྱུ་གུ་སྔོ་ལྟར་དོ་མོད་བ་ཅད་དྲེ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་སྟོང་གསུམ་ས་རྣམས་འདི་དག་ཐམས་ཅད་བདུད་ཀྱིས་རབ་ཏུ་གང་གྱུར་ལ། །ཀུན་གྱི་ལག་ན་རི་བོ་ལྷུན་པོ་མཆོག་འདྲ་བ་ཡི་ར་ལ་གྲི་ཐོགས་གྱུར་ཀྱང ། །དེ་དག་ང་ཡི་བ་སྦུ་བསྐྱོད་པར་མི་ནུས་ང་ལ་གནོད་བྲེད་སྨོས་ཅི་དགོས། །སུན་འབྱིན་མ་རིང་ས་ཤིག་དངདེའུ་རེ་བཏགས་ཏེ་ང་ཡིས་བརྟན་པོར་དྲ་ན་པར་བྱ། །རྔ་མོ་བ་ལང་གླང་ཆེན་མགོ་དང་འཇིགས་མིག་དང ། ། མྱུར་
46-397
གདུག་སྤྲུལ་དང་མིག་གདུག་མི་བཟད་འདྲ་བ་དག་།མེ་འབར་ཁ་དོག་རྩེ་མོར་བ་ཅས་པའི་རི་འཕེན་ཅིང ། །རྩུ་བར་བ་ཅས་པའི་ཤིང་དང་ཟང་ས་དང་ལྕགས་རྣམས་འཕེན ། །སྤྲིན་ལྟར་ལང་ས་ཏེ་བྱོགས་བཞི་དག་ཏུ་སྒྲ་སྒྲོག་ཅིང ། །རྡོ་རྗེའི་ལྕེ་དང་ལྕགས་ཀྱི་ཐུ་ལུམ་ཆར་པ་འབེབས། །རལ་གྲི་མདུང་ཐུང་རྣ་དང་དགྲ་སྟ་དུག་ཅན་འབེབས། །ས་ནི་རྟོལ་བར་བྲེད་ཅིང་ཤིང་དག་རབ་ཏུ་འཇོམས། ། ཁ་ཅིག་ལག་པ་བརྒྱ་དག་གིས་ནི་མད་འ་བརྒྱ་འཕེན། །ཁ་ནས་མྱུར་དུ་གདུག་པའི་སྤྲུལ་དང་མེ་ཡང་འཐོར། །ཆུ་སྐྱེས་ཆུ་སྲིན་ལ་སོགས་པ་དག་མཚོ་ནས་ལེན། ། ཁ་ཅིག་ནམ་མཁའ་ལྡིང་དུ་བསྒྱུར་ནས་ཀླུ་ཡང་འཕེན། །ཁ་ཅིག་ཁྲོས་ནས་ལྕགས་ཀྱི་ཐུ་ལུ་མ་རི་རབ་ཙམ། །མེ་འབར་ཁ་དོག་རྩེ་མོར་བ་ཅས་པ་རྣམས་ཀྱང་འཕེན། ། ས་ལ་ལྷགས་ནས་ས་ནི་རབ་ཏུ་འཁྲུགས་པར་བྲེད ། །འོག་གི་ཆུ་ཡི་ཕུང་པོའི་ཆུ་ཡང་རྣམ་པར་འཁྲུག་།ཁ་ཅིག་དེ་ཡི་མདུན་དང་དེ་བཞིན་རྒྱབ་ཏུ་མཆོང ། །ཀྱེ་མ་བུ་ཞེས་གཡས་དང་དེ་བཞིན་གཡོན་དུ་མཆོང ། །རྐང་པ་ལག་པ་ལོག་པར་འདུག་ཅིང་མགོ་འབར་ལ། །གློག་ལྟར་རབ་ཏུ་འབར་བར་མིག་ནས་མངོན་དུ་འབྱིན། །བདུད་ཀྱི་དཔུང་ནི་བསྒྱུར་བ་མི་སྡུག་བྱས་མཐོང་ནས། །སེམས་ཅན་དག་པ་སྒྱུ་མ་བྱས་པ་ཇི་བཞིན་རྟག་།འདི་ལ་བདུད་མེད་སྟོབས་མེད་འགྲོ་མེད་བདག་ཀྱང་མེད ། །ཆུ་ཟླའི་ཚུལ་འདྲ་བ་ཡི་འཇིག་རྟེན་གསུམ་པོ་འཁོར། །མིག་དང་སྐྱེས་པ་བུད་མེད་མེད་ཅིང་བདག་གི་མེད ། །རྣ་བ་སྣ་དང་དེ་བཞིན་ལྕེ་དང་དེ་བཞིན་ལུས། །ཆོས་འདི་བྱེད་པ་པོ་དང་ཚོར་བ་པོ་དང་བྲལ། །བརྟེན་ནས་སྐྱེས་ཏེ་ནང་ཡང་སྟོང་ཞིང་གྱི་ཡང་སྟོང ། །བདེན་ཚིག་གང་གིས་འདིར་ཆོས་ཤིན་ཏུ་སྟོང་ཞེ་ན། ། འདུལ་འཐུན་གནོད་སྤྱིན་དེས་པ་གང་ཡིན་དེ་དག་གིས། །ལག་པའི་མཚོན་ཆ་མེ་ཏོག་ཕྲེང་བར་མཐོང་གྱུར་ཅེས། །རྟག་ཏུ་བདེན་སྨྲས་དེ་ཡིས་
46-398
བདེན་པའི་ཚིག་བྱས་ཏེ། །དེ་ཡིས་ལག་མཐིལ་གཡོན་པ་དྲ་བ་མཚོག་སྤྲས་པ།། སིན་མོ་ཟངས་མདོག་རབ་མཇེས་སྩིབས་སྟོང་འཁོར་ལོ་ཅན། །འཛམ་ཀླུང་གསེར་འབར་དང་འདྲ་བསོད་ནམས་དགེས་བསྟེན་པས། །ཚུལ་དུ་ཤིས་པར་མགོ་ནས་རྐང་པའི་བར་དུ་བྱུགས། །མཁའ་ལས་གློག་འདྲ་བར་ནི་ལག་པ་བརྐྱང་བྱས་ནས། །ཚིག་ཏུ་སྨྲས་པ་ས་འདི་ང་ཡི་དབང་ཡིན་ཏེ ། །ངས་ནི་སྔོན་ཆད་མཆོད་སྤྱིན་ཁྲག་ཁྲིག་སྣ་ཚོགས་བྱས། །སློང་ལ་མི་སྤྱིན་སྙམ་སྟེ་དོན་མེད་གཞར་མ་བྱིན ། །ཆུ་དང་མེ་དང་རླུང་ནི་ང་ཡི་དབང་ཡིན་ཏེ། །ཚང་ས་པ་སྐྱེ་དགུ་བདག་དང་སྐར་བ་ཅས་ཉི་ཟླ་དང ། །གང་དག་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང ། །བདག་ཁྲིམས་བརྟུལ་ཞུགས་བྱང་ཆུབ་ཡན་ལག་འཕགས་པ་དཔང ། །སྤྱིན་དང་ཆུལ་ཁྲིམས་དེ་བཞིན་བཟོད་པ་ང་ཡི་དཔང ། །བརྩོན་འགྲུས་དེ་བཞིན་བསམ་གཏན་དེ་ལྟར་ཤེས་རབ་དང ། །ཚད་མེད་བཞི་དང་དེ་བཞིན་མངོན་ཤེས་ང་ཡི་དཔང ། །རིམ་གྱིས་བྱང་ཆུབ་སྤྱོད་པ་ཐམས་ཅད་ང་ཡི་དཔང ། །བྱོགས་བཅུའི་འཇིག་རྟེན་སེམས་ཅན་མཐའ་དག་ཇི་སྙེད་པ། །དེ་དག་རྣམས་ཀྱི་བསོད་ནམས་ཚུལ་ཁྲིམས་ཡེ་ཤེས་དང ། །གཏན་པ་མེད་པའི་མཆོད་སྤྱིན་བྱས་པ་བསྡོམས་ཀྱང་ནི། །དེ་དག་ང་ཡི་བ་སྦུའི་བརྒྱ་ཡི་ཆར་མི་ཕོད ། །དེ་ཡིས་ཚུལ་དུ་ཤིས་པར་ལག་པ་ས་ལ་བརྡབས། །ཁར་བའི་སྣོད་ལྟར་ས་འདི་སྒྲ་ཡང་བྱུང་བར་གྱུར། །བདུད་ཀྱི་སྒྲ་ཐོས་ནས་ནི་ས་ལ་སྐྱེལ་གྱུར་ཏེ། ། ནག་པོའི་རྩ་ལག་རྒྱོབཤིག་ཟུང་ཤིག་སྒྲ་ཡང་ཐོས། །ལུས་ལས་ཇུལ་བྱུང་གཟི་བཆིད་ཉམས་ཤིང་བཞིན་མདོག་གྱུར། །རྒ་བས་བཅོམ་པར་བདུད་དེ་ཉིད་ཀྱིས་མཐོང་བར་གྱུར། །བྲང་རྡུང་ཆོ་ངེ་འདོན་ཅིང་འཇིགས་ཉེན་མགོན་ཡང་མེད ། ། བདུད་ཀྱི་ཡིད་འཁྲུལ་གྱུར་ཅིང་སེམས་ནི་མོས་པར་གྱུར། །གླང་པོ་རྟ་དང་
46-399
བཞོན་པ་ཤིང་རྟ་ས་ལ་ལྷུང ། ། སྲིན་པོ་གྲུལ་བུམ་དག་དང་ཤ་ཟ་སྔང་ས་ཤིང་རྒྱུག་།མགོ་མོངས་ལམ་མི་རྙེད་ཅིང་གནས་མེད་སྐྱབས་ཀྱང་མེད ། །རླུང་བཏབ་ནགས་མེས་བྱས་ལྟར་བལྟས་ནས་སོང་བར་གྱུར། །ཕ་མ་བུ་དང་སྲིང་མོ་དེ་བཞིན་ཕུ་ནུ་དག་།གང་ན་མཐོང་ཞིང་གང་དུ་དོང་ཞེས་འདྲི་བར་བྲེད ། །དེ་ཡི་རྐྱེན་གྱིས་དེ་དག་ཕན་ཚུན་འཐབ་ཅིང་རྩོད ། །བདག་ནི་སྡུག་བསྔལ་གྱུར་ཏེ་འཚོ་བའི་སྐབས་ཀྱང་མེད ། །བདུད་དཔུང་རྒྱ་ཆེ་མང་བ་མི་འཁྲུགས་སྙེད་པོ་དེ།། ཐམས་ཅད་རྣམ་པར་འཐོར་ཅིང་ཐ་དགུར་གྱིས་གྱུར་ཏེ། །ཞག་བདུན་འདས་ཀྱི་བར་དུ་ཕན་ཚུན་ཕྲད་མ་གྱུར ། །མཐོང་ནས་སྨྲས་པ་གལ་ཏེ་གསོན་ན་དགའ་ཞེས་འཇེར། །ཤིང་གི་ལྷ་མོས་དེ་ཚེ་དེ་ལ་སྙིང་རྗེ་བྱས། །ཆུ་ཡི་བུམ་པ་ཐོགས་ཏེ་ནག་པོའི་རྩ་ལག་ག་གཏོར། །མྱུར་དུ་ལོང་ས་ལ་ཕྱི་ཤོལ་མ་བྲེད་སྐྱེན་དུ་སོང ། །བླ་མའི་ཚིག་མ་མཉན་པས་དེ་ལྟར་གྱུར་པ་ཡིན། །བདུད་ཀྱིས་སྨྲས་པ། བདག་གི་བུ་ཡི་སྙན་ཚིག་ཕན་པ་མ་མཉན་ཏེ། །སེམས་ཅན་ཤིན་ཏུ་དག་ལ་ཉེས་པ་བྱས་པས་པས་ན། །སྡུག་བསྔལ་འཇིགས་ཕོང་ས་མྱ་ངན་བརླག་དང་བརྙས་པ་དང ། ། ཅིར་མི་རུང་བའི་སྒྲ་དང་དམན་ཉིད་བདག་གིས་ཐོབ། །ལྷ་མོས་སྨྲས་པ། མི་མཁས་གད་ཞིག་ཉེས་པ་མེད་ལ་ཉེས་བྲེད་པ། །དེ་ནི་ཉེས་དང་སྡུག་བསྔལ་བ་དང་ཕོང་ས་པ་དང ། །ཅིར་མི་རུང་ཞེས་བྱ་བའི་སྒྲ་དང་དམན་ཉིད་དང ། །གསད་དང་བཅིང་དང་ཉརེས་པ་དུ་མ་རྙེད་པར་འགྱུར། །ལྷ་དང་ལྷ་མིན་མཁའ་ལྡིང་མི་ཅི་སྤིན་པོའི་དབང ། །ཚང་ས་པ་བརྒྱ་བྱིན་གཞན་འཕྲུལ་འོག་མིན་བ་ཅས་པ་དག། འདི་ལྟར་ཁྱོད་ཀྱིས་འདི་འདྲའི་བདུད་ཀྱི་དཔུང་བཅོམ་པས། །འཇིག་རྟེན་དཔའ་བོ་རྒྱལ་ཞེས་དེ་ཡིས་རྒྱལ་བ་བརྫོད། །རྒྱན་ཕྲེང་ཆུན་པོ་ཟླ་བ་གདུགས་དང་རྒྱལ་མཚན་བ་དན་འབུལ། །མེ་ཏོག་ཨ་ག་རུ་དང་རྒྱ་སྤོས་ཙན་དན་ཕྱེ་ཆར་འབེབས། །
46-400
སིལ་སྙན་དག་ཀྱང་རབ་ཏུ་དཀྲོལ་བ་བྲེད་ཅིང་ཚིག་བརྗོད་པ། །དཔའ་བོ་དགྲ་ཚོགས་རྒྱལ་རྣམས་ཁྱོད་ལ་དགབ་པ་མཛད་པར་འགྱུར ། །སྟན་མཆོག་འདིར་ནི་བྱམས་པས་གཡོན་ཅན་བདུད་ཀྱི་བྱོགས། །རྒྱ་ཆེན་ཕམ་མཛད་དཔའ་བོ་དོ་མོད་བྱང་ཆུབ་བརྙེས ། །སྟོབས་བཅུ་མ་འབེས་སོ་སོ་ཡང་དག་རིག་པ་དང ། ། སངས་རྒྱས་ཡུལ་རྣམས་ཐམས་ཅད་དོ་མོད་བརྙེས་པར་འགྱུར ། །བདུད་གདུལ་ཆེད་དུ་འདིར་ནི་གཡུལ་ངོར་རབ་ཏུ་ཞུགས། །རྫོགས་པའི་བྱང་ཆུབ་སེམས་དཔའི་སྟོབས་རྩལ་སུས་མཐོང་བ། །བྲེ་བ་སུམ་ཅུ་དྲུ་ག་དང་ཁྲག་ཁྲིག་ཉི་ཤུ་བཞི། །དེ་དག་སངས་རྒྱས་བྱང་ཆུབ་མཆོག་ཏུ་ཡིད་ཀྱིས་སྨོན། །བདུད་བཏུལ་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩུ་གཅིག་པའོ།། །། ད་གེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བདུད་གྱིར་གོལ་བ་བཅོམ་པ། དགྲ་བཏུལ་བ། གཡུལ་ངོར་གཡུལ་ལས་རྣམ་པར་རྒྱལ་བ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བས་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བ་ཅས་པ། དཔོད་པ་དང་བ་ཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས ། །དེ་རྟོག་པ་དང་དཔོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྟོམས་ལ་གནས་ཤིང ། དྲ་ན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲ་ན་པ་དང་ལྡན་པ་
46-401
བདེ་བ་ལ་གནས་པ་བཏང་སྟོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བདེ་བ་ཡང་སྤང་ས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤང་ས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྟོམས་དང་དྲ་ན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྟོམས་པར་ཞུགུས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོང་ས་པ་མེད་པ། ཉརེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྟོད་ལ་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་གྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་མིག་ཡོངས་སུ་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང ། སྐྱེ་བ་དང ། ཁ་དོག་བཟང་པོ་དང ། ཁ་དོག་ངན་པ་དང ། བཟང་པོ་དང ། ངན་པ་རྣམས་མཐོང་ང་ངོ ། །ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་སེམས་ཅན་རྣམས་ཀྱང་རབ་ཏུ་ཤེས་ཏེ། རྒྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ང་ག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླང་ས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་ག་གོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། ང་ག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་
46-402
དག་སྟེ། དེ་དག་ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླང་ས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དེ་ལྟར་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང ། སྐྱེ་བ་དང ། ཁ་དོག་བཟང་པོ་དང ། ཁ་དོག་ངན་པ་དང ། བདེ་འགྲོར་སོང་བ་དང ། ངན་འགྲོར་སོང་བ་དང ། ངན་པ་དང ། བཟང་པོ་དག་དང ། ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་མཐོང་ང་ངོ ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་གྱི་ཆ་སྟོད་ལ་རིག་པ་མངོན་སུམ་དུ་བྲེད་དོ། །མུན་པ་སིལ་ཏོ། ། སྣང་བ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྟོམས་པར་ཞུགས་པའི་སམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོང་ས་པ་མེད་པ། ཉརེ་བའི་ཉོན་མོང་ས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་གུང་ཐུན་ལ་སྔོན་གྱི་གནས་རྗེས་སུ་དྲ་ན་པའི་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། །དེ་བདག་དང་སེམས་ཅན་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲ་ན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང ། གཉརིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། སྐྱེ་བ་ལྔ་བཅུ་དང ། སྐྱེ་བ་བརྒྱ་དང ། སྐྱེ་བ་སྟོང་དང ། སྐྱེ་བ་བརྒྱ་སྟོང་དང ། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང ། སྐྱེ་བ་བྱེ་བ་དང ། སྐྱེ་བ་བྲེ་བ་ཕྲག་བརྒྱ་དང ། སྐྱེ་བ་བྲེ་བ་ཕྲག་སྟོང་དང ། སྐྱེ་བ་བྲེ་བ་བརྒྱ་སྟོང་དང ། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང ། སྐྱེ་བ་བྱེ་བ་བརྒྱ་ཕྲག་དུ་མ་དང ། སྐྱེ་བ་བྲེ་བ་སྟོང་ཕྲག་དུ་མ་དང ། སྐྱེ་བ་བྲེ་བ་བརྒྱ་སྟོང་ཕྲག་དུ་མ་
46-403
དང ། སྐྱེ་བ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས། འཇིག་པའི་བསྐལ་པ་དང ། འཆགས་པའི་བསྐལ་པ་དང ། འཇིག་པ་དང་འཆགས་པའི་བསྐལ་པ་དང ། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དག་ཀྱང་རྗེས་སུ་དྲ་ན་ན་ནོ། ། བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། མིང་འདི་ཞེས་བྱ་བར་གྱུར་ཏོ། ། རུས་ནི་འདི་ཞེས་བྱའོ། །རིགས་ནི་འདི་ཞེས་བྱའོ། །ཁ་དོག་ནི་འདི་ལྟ་བུའོ། ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ་ཟའོ། །ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ་བ་བོ། །ཡུན་ནི་འདི་སྲིད་ཅིག་གནས་གནས་སོ། །བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མོང་ངོ ། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་ས་སོ། །དེ་ནས་ཤི་འཕོས་ནས་ཀྱང་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བ་ཅས། ཡུལ་བྱོགས་དང་བ་ཅས་པར་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲ་ན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྟོམས་པར་ཞུགུས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོང་ས་པ་མེད་པ། ཉེ་བའི་ཉོན་མོང་ས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྨད་སྐྱ་རེང་ས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྡུག་བསྔལ་དང ། ཀུན་འབྱུང་བ་ནུབ་པར་བྱ་བ་དང ། ཟག་པ་ཟད་པ་ཤེས་པ་མཐོང་བའི་རིག་པ་མངོན་དུ་བྱ་བའི་གྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དེ། དེ་འདི་སྙམ་དུ་སེམས་ཏེ། རྒྱེ་མ་འཇིག་རྟེན་འདི་ནི་འདི་ལྟ་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང་འཆི་བ་དང ། འཆི་འཕོ་བ་དང ། སྐྱེ་བས་སྡུག་བསྔལ་བར་གྱུར་པ་ཡིན་ན། འོན་ཀྱང་རྒ་བ་དང ། ན་བ་དང ། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་
46-404
ཞིག་འདི་ལས་འབྱུང་བར་བྱ་བ་མི་ཤིས་ཏེ། ཨེ་མའོ་རྒ་བ་དང ། ན་བ་དང ། འཆི་བ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ཐམས་ཅད་ཟད་པར་བྱ་བར་ཤེས་ན་ཅི་མ་རུང་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྒ་བ་དང་འཆི་བ་བྱུང ། རྒ་བ་དང་འཆི་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། སྐྱེ་བ་ཡོད་པས་རྒ་ཤི་བྱུང་སྟེ། རྒ་ཤིའི་རྐྱེན་ནི་སྐྱེ་བ་ཡིན་ནོ་སྙམ་མ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་བ་བྱུང ། སྐྱེ་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། སྲིད་པ་ཡོད་པས་སྐྱེ་བ་བྱུང་སྟེ། སྐྱེ་བའི་རྐྱེན་ནི་སྲིད་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲིད་པ་བྱུང ། སྲིད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། ལེན་པ་ཡོད་པས་སྲིད་པ་བྱུང་སྟེ། སྲིད་པའི་རྐྱེན་ནི་ལེན་པ་ཡིན་ནོ་སྙམ་མ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ལེན་པ་བྱུང ། ལེན་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། སྲེད་པ་ཡོད་པས་ལེན་པ་བྱུང་སྟེ། ལེན་པའི་རྐྱེན་ནི་སྲེད་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲེད་པ་བྱུང ། སྲེད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། ཚོར་བ་ཡོད་པས་སྲེད་པ་བྱུང་སྟེ། སྲེད་པའི་རྐྱེན་ནི་ཚོར་བ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ཚོར་བ་བྱུང ། ཚོར་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། རེག་པ་ཡོད་པས་ཚོར་བ་བྱུང་སྟེ། ཚོར་བའི་རྐྱེན་ནི་རེག་པ་ཡིན་ནོ་སྙམ་མོ། །དེ་ནས་
46-405
ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རེག་པ་བྱུང ། རེག་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། སྐྱེ་མཆེད་དྲུག་ཡོད་པས་རེག་པ་བྱུང་སྟེ། རེག་པའི་རྐྱེན་ནི་སྐྱེ་མཚེད་དྲུག་ཡིན་ནོ་སྙམ་མ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་མཆེད་དྲུག་བྱུང ། སྐྱེ་མཆེད་དྲུག་གི་རྐྱེན་ནི་གང་ཡིན་སྙམ་ན ། དེས་འདི་སྙམ་དུ་སེམས་ཏེ། མིང་དང་གཟུགས་ཡོད་པས་སྐྱེ་མཆེད་དྲུ་ག་བྱུང་སྟེ། སྐྱེ་མཆེད་དྲུག་གི་རྐྱེན་ནི་མིང་དང་གཟུགས་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་མིང་དང་གཟུགས་བྱུང ། མིང་དང་གཟུགས་ཀྱི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུབསམས་ཏེ། རྣམ་པར་ཤེས་པ་ཡོད་པས་མིང་དང་གཟུགས་བྱུང་སྟེ། མིང་དང་གཟུགས་ཀྱི་རྐྱེན་ནི་རྣམ་པར་ཤེས་པ་ཡིན་ནོ་སྙམ་མ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྣམ་པར་ཤེས་པ་བྱུང ། རྣམ་པར་ཤེས་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུབསམས་ཏེ། འདུ་བྲེད་ཡོད་པས་རྣམ་པར་ཤེས་པ་བྱུང་སྟེ། རྣམ་པར་ཤེས་པའི་རྐྱེན་ནི་འདུ་བྲེད་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་འདུ་བྲེད་བྱུང ། འདུ་བྱེད་ཀྱི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ ། མ་རིག་པ་ཡོད་པས་འདུ་བྲེད་བྱུང་སྟེ། འདུ་བྲེད་ཀྱི་རྐྱེན་ནི་མ་རིག་པ་ཡིན་ནོ་སྙམ་མོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྲེད་རྣམ ། འདུ་བྲེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་
46-406
གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེ་ད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འདྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་རོ་སྙམ་མ་མོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཀུན་འབྱུང་ཀུན་འབྱུང་ཞེས་ཚུལ་བཞིན་ཡིད་ལ་བྲེད་ཅིང་མང་དུ་བྲེད་པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུང་ས་པ་སྐྱེས ། ཤེས་རབ་སྐྱེས ། ། སྣང་བ་བྱུང་ངོ ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་རྒ་ཤི་མེད་པར་འགྱུར། གང་འགགས་པས་རྒ་ཤི་འགག་སྙམ་ནས། དེས་འདི་སྙམ་དུབསམས་ཏེ། སྐྱེ་བ་མེད་ན་རྒ་ཤི་མེད་པར་འགྱུར་ཏེ། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་མ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་སྐྱེ་བ་མེད་པར་འགྱུར། གང་འགགས་པས་སྐྱེ་བ་འགག་སྙམ་ན ། དེས་འདི་སྙམ་དུ་བསམས་ཏེ ། སྲིད་པ་མེད་ན་སྐྱེ་བ་མེད་པར་འགྱུར་ཏེ། སྲིད་པ་འགགས་པས་སྐྱེ་བ་འགག་གོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདུ་བྱེད་མེད་པར་འགྱུར། གང་འགགས་པས་འདུ་བྲེད་འགག་སྙམ་པའི་བར་དུའོ། །དེས་འདི་སྙམ་དུབསམས་ཏེ། མ་རིག་པ་མེད་པས་འདུ་བྲེད་མེད་པར་འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག་གོ། །འདུ་བྱིད་འགགས་པས་རྣམ་པར་ཤེས་པ་འགག་གོ་ཞེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་
46-407
བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འགག་པར་འགྱུར་རོ་སྙམ་པའི་བར་དུའོ། །དགེ་སློང་དག་དེ་ལྟར་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྲེད་ཅིང་མང་དུ་བྲེད་པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུང་ས་པ་སྐྱེས། ཤེས་རབ་སྐྱེས་ས་སོ། །སྣང་བ་བྱུང་ངོ ། །དགེ་སློང་དག་ངས་དེའི་ཚེ་འདི་ནི་ཟག་པ་སྡུག་བསྔལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་ཟག་པའི་ཀུན་འབྱུང་བའོ། །འདི་ནི་ཟག་པ་འགོག་པའོ། །འདི་ནི་ཟག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་འདོད་པའི་ཟག་པའོ། །འདི་ནི་སྲེད་པའི་ཟག་པའོ། །འདི་ནི་མ་རིག་པའི་ཟག་པའོ།། འདི་ནི་ལྟ་བའི་ཟག་པའོ། །འདིར་ཟག་པ་མ་ལུས་པར་འགག་གོ། །འདིར་ཟག་པ་མ་ལུས་པར་མི་སྣང་བར་འགྱུར་ཞིང་ནུབ་པར་འགྱུར་རོ། །འདི་ནི་མ་རིག་པའོ། །འདི་ནི་མ་རིག་པའི་ཀུན་འབྱུང་བའོ། །འདི་ནི་མ་རིག་པ་འགོག་པའོ། ། འདི་ནི་མ་རིག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདིར་མ་རིག་པ་མ་ལུས་པར་མི་སྣང་བར་འགྱུར་ཏེ་ནུབ་པར་འགྱུར་རོ་ཞེས་བྱ་བར་དེ་བཞིན་དུ་སྦྱར་རོ། །འདི་དག་ནི་འདུ་བྱིད་རྣམས་སོ། །འདི་ནི་འདུ་བྲེད་ཀྱི་ཀྱུན་འབྱུང་བའོ། །འདི་ནི་འདུ་བྱེད་འགོག་པའོ། །འདི་ནི་འདུ་བྱེད་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་།། འདི་ནི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། ། འདི་ནི་རྣམ་པར་ཤེས་པ་འགོག་པའོ། །འདི་ནི་རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ས་སོ། །འདི་ནི་མིང་དང་
46-408
གཟུགས་སོ། །འདི་ནི་མིང་དང་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་མིང་དང་གཟུགས་འགོག་པའོ། །འདི་ནི་མིང་དང་གཟུགས་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ། ། འདི་ནི་སྐྱེ་མཆེད་དྲུག་གི་ཀུན་འབྱུང་བའོ། །འདི་ནི་སྐྱེ་མཆེད་དྲུ་ག་འགོག་པའོ། ། འདི་ནི་སྐྱེ་མཆེད་དྲུག་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་རེག་པའོ། །འདི་ནི་རེག་པའི་ཀུན་འབྱུང་བའོ། ། འདི་ནི་རེག་པ་འགོག་པའོ། །འདི་ནི་རེག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་ཚོར་བའོ། །འདི་ནི་ཚོར་བའི་ཀུན་འབྱུང་བའོ། །འདི་ནི་ཚོར་བ་འགོག་པའོ། །འདི་ནི་ཚོར་བ་འགོག་པར་འགྲོ་བའི་ལམ་མ་མོ། །འདི་ནི་སྲེད་པའོ། །འདི་ནི་སྲེད་པའི་ཀུན་འབྱུང་བའོ། ། འདི་ནི་སྲེད་པ་འགོག་པའོ། །འདི་ནི་སྲེད་པ་འགོག་པར་འགྲོ་བའི་ལམ་མོ། ། འདི་ནི་ལེན་པའོ། །འདི་ནི་ལེན་པའི་ཀུན་འབྱུང་བའོ། །འདི་ནི་ལེན་པ་འགོག་\ུfཅག་པའོ། །འདི་ནི་ལེན་པ་འགོག་པར་འགྲོ་བའི་ལམ་མ་མོ། །འདི་ནི་སྲིད་པའོ། ། འདི་ནི་སྲིད་པའི་ཀུན་འབྱུང་བའོ། །འདི་ནི་སྲིད་པ་འགོག་པའོ། །འདི་ནི་སྲིད་པ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་སྐྱེ་བའོ། །འདི་ནི་སྐྱེ་བའི་ཀུན་འབྱུང་བའོ། །འདི་ནི་སྐྱེ་བ་འགོག་པའོ། །འདི་ནི་སྐྱེ་བ་འགོག་པར་འགྲོ་བའི་ལམ་མོ།། འདི་ནི་རྒ་བའོ། །འདི་ནི་རྒ་བའི་ཀུན་འབྱུང་བའོ། །འདི་ནི་རྒ་བ་འགོག་པའོ།། འདི་ནི་རྒ་བ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་འཆི་བ་འོ། །འདི་ནི་འཆི་བའི་ཀུན་འབྱུང་བའོ། །འདི་ནི་འཆི་བ་འགོག་པའོ། །འདི་ནི་འཆི་བ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ས་སོ། །འདི་དག་ནི་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་
46-409
བ་དང ། འཁྲུག་པ་རྣམས་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་བ་ནས། འགོག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ས་སོ། །འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས ། ། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ནམ་གྱི་ཆ་སྨད་སྐྱ་རེང་ས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྐྱེས་བུ་དང ། སྐྱེས་བུ་དམ་པ་དང ། སྐྱེས་བུ་མཆོག་དང ། སྐྱེས་བུ་ཆེན་པོ་དང ། སྐྱེས་བུ་བྱུ་མཆོག་དང ། སྐྱེས་བུ་གླང་པོ་དང ། སྐྱེས་བུ་སེང་གེ་དང ། སྐྱེས་བུ་སྐྱེས་མཆོག་དང ། ལྐེས་བུ་དཔའ་བོ་དང ། སྐྱེས་བུ་རྟུལ་ཕོད་དང ། སྐྱེས་བུ་ཅང་ཤེས་དང ། སྐྱེས་བུ་པད་མ་དང ། སྐྱེས་བུ་པད་མ་དཀར་པོ་དང ། སྐྱེས་བུ་ལྗིད་ཁྱེར་བ་དང ། སྐྱེས་བུ་ཁ་ལོ་སྒྱུར་བ་བླ་ན་མེད་པས་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང ། ཁོང་དུ་ཆུད་པར་བྱ་བ་དང ། ཐོབ་པར་བྱ་བ་དང ། བལྟ་བར་བྱ་བ་དང ། མངོན་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིག་པ་གསུམ་ཐོབ་བ་བོ། །དགེ་སློང་དག་དེ་ནས་ལྷའི་བུ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཀྱིས་མ་ཏོག་གཏོར་ཅིག་ཅེས་བྱས་སོ།།དེ་ནས་ལྷའི་བུ་གང་དག་སྔོན་གྱི་སངས་རྒྱས་མཐོང་བ་དེ་དག་འདུས་ནས་དེ་དག་གིས་དེ་དག་ལ་སྨྲས་པ། གྲོགས་པོ་དག་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྡ་མཛད་ཅིང་པ་རྡ་མངོན་པར་སྤྲུལ་པ་མཛད་ཀྱིས། བཅོམ་ལྡན་འདས་ཀྱིས་
46-410
བརྡ་མ་མཛད་ཀྱི་བར་དུ་མེ་ཏོག་མ་གཏོར་ཅིག་།དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ལྷའི་བུ་དེ་དག་ཡིད་གཉིས་སུ་གྱུར་པར་མེན་ནས། ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། དེར་བཞུགུས་ནས་ལམ་གྱི་རྒྱུན་ནི་ཆད་དོ། །རྡུལ་ནི་ཉེ་བར་ཞིའོ། །ཟག་པ་ནི་སྐམས་ཏེ་ཡང་མི་ཟག་གོ། །ལམ་ནི་ཆད་དེ་ཡང་མི་འཇུག་གོ། །འདི་ནི་སྡུག་བསྔལ་གྱི་མཐའ་ཞེས་བྱའོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་གིས་གཏོར་ཏེ། དེ་ནས་ལྷའི་མེ་ཏོག་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མྱུན་པ་མྱཕྱིན་ནག་དང་ནི་བྲལ། སྲེད་པ་ནི་རྣམ་པར་སྦྱང་ས། ལྟ་བ་ནི་བ་བློག་།ཉོན་མོང་ས་པ་རྣམས་ནི་རྣམ་པར་དཀྲུགས། ཟུག་ཇུ་ནི་ཕྱུང ། མདུད་པ་ནི་བཀྲོལ། ང་རྒྱལ་གྱི་རྒྱལ་མཚན་ནི་བསྙལ། ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང ། བག་ལ་ཉལ་རྣམས་ནི་བཏོན། ཆོས་ཀྱི་དེ་བཞིན་ཉིད་ནི་མཁྱེན། ཡང་དག་པའི་མཐའ་ནི་ཐུགས་སུ་ཆུད ། ཆོས་ཀྱི་དབྱིངས་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ཁམས་ནི་རྣམ་པར་བཀོད། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་བསྔགས ། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་སྨད ། མ་ངེས་པའི་ཕུང་པོ་ནི་ཡོངས་སུ་བཟུང ། སེམས་ཅན་གྱི་དབང་པོ་རྣམས་ལ་ནི་རྣམ་པར་གཟིགས། སེམས་ཅན་གྱི་སྤྱོད་པ་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ནད་གསོ་བ་ནི་ཐུགས་སུ་ཆུད ། བདུད་རྩིའི་སྨན་སྦྱར་བ་ནི་གྲུབ། སྨན་པའི་རྒྱལ་པོར་ནི་བྱུང ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པ་པོར་ནི་གྱུར། མྱ་ངན་ལས་འདས་པའི་བདེ་བ་ལ་འརྗོག་པ་པོར་ནི་གྱུར། དེ་བཞིན་གཤེགས་པའི་སྙིང་པོ། དེ་བཞིན་གཤེགས་པའི་ཚོས་ཀྱི་རྒྱལ་པོའི་ཁྲི་ཆེན་པོ་ལ་ནི་
46-411
བཞུགས། རྣམ་པར་གྲོལ་བའི་ཐབས་ནི་བརྙེས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ནི་ཞུགས། སངས་རྒྱས་ཐམས་ཅད་དང་ཡང་དག་པར་ནི་འདྲེས། ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ལས་དབྲེར་མེད་པར་ནི་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ངས་འདིར་ཐོག་མ་མེད་པའི་སྐྱེ་བ་དང ། རྒ་བ་དང ། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་ཞག་བདུན་པ་དང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་ན་བཞུགས་ས་སོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ། བམ་པོ་བ་རྗ་ལྔ་པ། དགེ་སློང་དག་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པ་ཉིད་ཐོབ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་སྐད་ཅིག་དེ་དང ། ཐང་ཅིག་དེ་ད\ུf་དང ། ཡུད་ཙམ་དེ་ལ་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་སྣང་བར་བྱས་ནས། འཇིག་རྟེན་གྱི་བར་སྡིག་པ་སྣིག་པས་ཁྱབ་པ་མུན་ནག་ཅེས་བྱ་བ་སྔ་མ་བཞིན་ནོ། །བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུ་ག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ས་སོ།། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་ག་གོ། ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་ས་སོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མ་མོ། ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ག་ཤཝེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཆོས་ཀྱི་དགབ་པ་དག་ཀྱང་སྐུར་རོ། །ཚོས་ཀྱི་དགབ་པ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་
46-412
རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་ཏེ། རིན་པོ་ཆེའི་གདུགས་དེ་ལས་ཀྱང་རྣམ་པ་འདི་ལྟ་བུའི་འོད་ཟེར་གྱི་དྲ་བ་བྱུང་སྟེ། དེ་དག་གིས་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲང་ས་མེད་དཔག་ཏུ་མེད་པ་དག་སྣང་བར་བྱས་ནས་བྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང ། ལྷའི་བུ་རྣམས་ཀྱང་ཀུན་དགའ་བའི་སྒྲ་རྗོད་པར་གྱུར་ཏེ། སེམས་ཅན་མཁས་པའི་པད་མ་ཡེ་ཤེས་ཀྱི་མཚོ་ལས་བྱུང་བ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པ་བྱུང་ངོ ། ། ཐུགས་རྗེ་ཆེན་པོའི་སྤྲིན་ཡང་དག་པར་འཕགས་ཏེ། ཆོས་ཀྱི་དབྱིང་ས་ཀྱི་གནས་ཁྱབ་པར་མཛད་ནས། འདུལ་བའི་སྐྱེ་བོའི་སྨན་གྱི་ཆོས་ཀྱི་ཆར། དགེ་བའི་རྩ་བའི་ས་བོན་ཐམས་ཅད་ཀྱི་མྱུ་གུ་སྐྱེད་པ། ད་པའི་མྱུ་གུ་རྣམས་རྣམ་པར་འཕེལ་བར་བྱེད་པ། རྣམ་པར་གྲོལ་བའི་འབྲས་བུ་རྣམས་འབྱིན་པར་བྲེད་པའི་ཆར་འབེབས་པར་འགྱུར་རོ་ཞེས་འཇེར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་བུ་སེང་གེ་དེ་ཡིས་དཔུང་བ་ཅས་བདུད་བཏུལ་ཏེ། །སྟོན་པས་བསམ་གཏན་བདེ་བ་མངོན་དུ་མཛད་ནས་ནི། །གང་ཚེ་སྟོབས་བཅུས་རིག་པ་གསུམ་པོ་མཉརེས་གྱུར་ཚེ་།བྱོགས་བཅུའི་སངས་རྒྱས་ཞིང་མང་བྲེ་བ་གཡོས་པར་གྱུར། །ཆོས་འདོད་བྱང་ཆུབ་སེམས་དཔའ་གང་དག་ཡོང་ས་ལྷགས་པ། །ཞབས་ལ་གཏུགས་ཏེ་འདི་སྐད་ཚིག་སྨྲས་མ་མཉརེལ་ཏམ ། །བདག་ཅག་མངོན་སུམ་ཅི་འདྲ་ཤིན་ཏུ་འཇིགས་དཔུང་དེ། །ཤེས་རབ་བསོད་ནམས་སྟོབས་དང་བརྩོན་འགྲུས་སྟོབས་ཀྱིས་བཅོམ། །ཁྲག་ཁྲིག་ཞིང་ནས་སངས་རྒྱས་རྣམས་ཀྱིས་གདུགས་རྣམས་བསྐུར ། །དེས་པ་སྐྱེས་བུ་ཆེན་པོ་བདུད་ཀྱི་སྡེ་རྣམས་བཏུལ། །ཁྱེད་ཀྱིས་གནས་མཆོག་འཆི་མེད་མྱ་ངན་མེད་པ་བརྙེས། ། སྲིད་པ་གསུམ་དུ་དམ་ཆོས་ཆར་པ་མྱུར་དུ་ཕོབ། །བྱོགས་བཅུའི་སེམས་ཅན་སྙིང་པོ་རྣམས་ཀྱིས་ཕྱགབརྐྱང་
46-413
སྟེ ། །ཀ་ལ་པིང་ཀའི་སྒྲ་ཡི་གསུང་དུ་བརྗོད་པ་ནི། །བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱིསྙིང་ཁུ་མཚུང་ས་འདྲ་བཞིན། །དགེ་སློང་དག་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་དག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་མངོན་པར་ཤེས་པ་བརྙེས་པ་དང ། བརྣག་པ་ཡོངས་སུ་རྫོགས་པ་དང ། གཡུལ་ལས་རྣམ་པར་རྒྱལ་བ་དང ། བདུད་གྱིར་གོལ་བ་ཕམ་པར་མཛད་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ་དང ། དཔའ་བ་དང ། རྒྱལ་བ་འཕགས་པ་དང ། སྐྱེས་བུ་དང ། སྐྱེས་བུ་ཆེན་པོ་དང ། སྨན་པའི་མཆོག་དང ། ཟུག་ཇུ་འབྱིན་པ་ཆེན་པོ་དང ། སེང་གེ་ལྟར་མི་བསྙེང་ས་ཤིང་སྤུ་ཟིང་ཞེས་བྲེད་པ་མི་མངའ་བ་དང ། གླར་པོ་ལྟར་ཐུགས་ཤིན་ཏུ་དུལ་བ་དང ། དྲི་མ་གསུམ་སྤངས་པས་དྲི་མ་མི་མངའ་བ་དང ། རིག་པ་གསུམ་བརྙེས་པས་མཁྱེན་པ་པོ་དང ། ཆུ་བོ་བཞི་ལས་བརྒལ་བས་ཕ་རོལ་ཏུ་བྱོན་པ་དང ། རིན་པོ་ཆེའི་གདུགས་གཅིག་འཛིན་པས་རྒྱལ་རིགས་སུ་གྱུར་པ་དང ། སྡིག་པའི་ཆོས་སྤངས་པས་འཇིག་རྟེན་གསུམ་གྱི་བྲམ་ཟིར་གྱུར་པ་དང ། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པས་དགེ་སློང་དུ་གྱུར་པ་དང ། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པས་དགེ་སྤྱོང་དུ་གྱུར་པ་དང ། ཉོན་མོང་ས་པ་བསལ་བས་ག་ཙང་སྤྲ་ཅན་དུ་གྱུར་པ་དང ། རྒྱལ་མཚན་མ་བསྙལ་བས་དཔའ་བ་དང ། སྟོབས་བཅུ་མངའ་བའི་ཤིན་ཏུ་སྟོབས་དང་ལྡན་པ་དང ། རིན་པོ་ཆེའི་འབྱུང་གནས་ལྟར་ཆོས་རིན་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་རིག་ནས་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་ཕྱོགས་ཏེ་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འདི་ནི་ཤིང་གི་རྒྱལ་དྲུང་དུ། ། བདུད་སྡེ་མངོན་དུ་ཕམ་མཛད་ནས། །རི་རབ་ལྟ་བུར་མི་ག་ལོ་བཞུགས། །
46-414
བསྙེང་ས་པ་མི་མངའ་འབྲོས་མི་མི་མཛད ། །འདིས་ནི་བསྐལ་པ་བྲེ་མང་དུ། །སྦྱིན་དང་དུལ་དང་སྣོམ་པ་ཡིས། །བྱང་ཆུབ་དམ་པ་ཡང་དག་བསྒྲུབས། །དེས་ན་འདིར་ནི་དོ་མོད་མཇེས། །བྱང་ཆུབ་དམ་པ་ཚོལ་བ་ན། །འདི་ཡིས་བསྐལ་པ་བྲེ་མང་དུ། །ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས། །བརྒྱ་བྱིན་ཚང་ས་པ་ཟིལ་དུ་བརླག་།འདི་ཡིས་བསྐལ་པ་བྲེ་མང་དུ། །བཟོད་པའི་སྟོབས་ཀྱི་གོ་མནབས་ཏེ། །སྡུག་བསྔལ་རྣམས་ནི་དང་དུ་བླང་ས། །དེས་ན་གསེར་མདོག་འོད་དང་ལྡན། །འདི་ཡིས་བསྐལ་པ་བྲེ་མང་དུ། །བརྩོན་འགྲུས་སྟོབས་དང་རྩལ་གྱིས་ནི། །གཞན་དག་གྱིར་བསྙིལ་མཛད་མཛད་དེ། །དེས་ན་བདུད་ཀྱི་སྡེ་ལས་རྒྱལ། །འདི་ཡིས་བསྐལ་པ་བྲེ་མང་དུ། །བསམ་གཏན་མངོན་ཤེས་ཡེ་ཤེས་ཀྱིས། །ཐུབ་པའི་དབང་པོ་ཡང་དག་མཆོད ། །དེས་ན་དོ་མོད་འདི་ལ་མཆོད ། ། འདི་ཡིས་བསྐལ་པ་བྲེ་མང་དུ། །ཤེས་རབ་དང་ནི་གསན་པ་བསགས། །སེམས་ཅན་བྲེ་བ་ཕན་ཡང་བཏགས། །དེས་ན་བྱང་ཆུབ་མྱུར་དུ་བརྙེས། །འདི་ནི་ཕུང་པོའི་བདུད་ལས་རྒྱལ། །འཆི་བདག་ཉོན་མོངས་བདུད་ལས་རྒྱལ། །འདི་ནི་ལྷ་ཡི་བདུད་ལས་རྒྱལ། །དེས་འདི་མྱ་ངན་མི་འད་འོ། །འདི་ནི་ཤིན་ཏུ་ལྷ་ཡི་ལྷ། །ལྷ་རྣམས་ཀྱིས་ཀྱང་མཆོད་པའི་ཆ། །འཇིག་རྟེན་གསུམ་ན་མཆོད་པའི་འོས། །བསོད་ནམས་དོན་དུ་གཉརེར་བའི་ཞིང ། །འཆི་མེད་འབྲས་བུ་སྤྱིན་མཛད་པ། །འདི་ནི་སྤྱིན་གནས་དམ་པ་སྟེ། །འདི་ལ་སྤྱིན་པ་བཏང་ན་དེ། ། བྱང་ཆུབ་དམ་པ་ཐོབ་བར་དུ། །བར་མ་དོར་ནི་ཆུད་མི་ཟ། །འདི་ཡིམཛོད་སྦུ་མཇེས་པ་ཡིས། །ཞིང་མང་བྲེ་བ་གསལ་བར་བགྱིད ། །ཉི་ཟླ་དག་ཀྱང་ཟིལ་དུ་རླག ། སེམས་ཅན་རྣམས་ལ་སྣང་བར་གྱུར། །འདི་ཡི་གཟུགས་ནི་གཟུགས་མཇེས་ཏེ། །གཟུགས་ཀྱི་དམ་པ་ལེགས་པའི་གཟུགས། །མཚན་མཆོག་མངའ་
46-415
ཞིང་ཕན་པ་བཞེད ། །འཇིག་རྟེན་གསུམ་ན་མཆོད་པའི་འོས། །འདི་སྤྱན་ཤིན་ཏུ་རྣམ་དག་སྟེ། །ཞིང་རྣམས་དང་ནི་སེམས་ཅན་ཚོགས། ། སེམས་དང་ལྡན་དང་སེམས་མེད་པ། །མང་པོ་དག་ལ་རང་བྱུང་གཟིགས། །འདི་སྙན་ཤིན་ཏུ་རྣམ་དག་སྟེ། །ལྷ་ཡི་དག་དང་མི་ཡི་དང ། །རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དང ། ། མཐའ་ཡས་པ་ཡི་སྒྲ་རྣམས་གསན། །འདི་ཡི་ལྔགས་ནི་ཡང་ས་པ་སྟེ། །ཀ་ལ་པིང་ཀ་འཇམ་པའི་དབྱང་ས། །འཆི་མེད་རབ་ཏུ་ཞིར་འགྲོ་བའི། །ཆོས་ནི་འདི་ལས་བདག་ཅག་མཉན། །བདུད་ཀྱི་སྡེ་རྣམས་གཟིགས་གྱུར་ཀྱང ། །དེ་ཡི་ཐུགས་ནི་འཁྲུགས་མི་མི་མང་འ། །ལྷ་ཡི་ཚོགས་རྣམས་གཟིགས་གྱུར་ཀྱང ། །ཤིན་ཏུ་ཐུགས་གཞུང་ས་དགྱིས་མི་མང་འ། །འདི་ཡིས་མཚོན་དང་མདའ་རྣམས་ཀྱིས། །བདུད་ཀྱི་སྡེ་ལས་རྒྱལ་མ་ལགས། །བདེན་པ་བརྟུལ་ཞུགས་དཀའ་ཐུབ་ཀྱིས། །ལྡང་བའི་གྱད་ལས་འདི་རྒྱལ་ལོ། །གད་ན་ལས་མ་བསྐྱོད་བཞིན་དུ་ནི། ། དེ་ཡི་སྐུ་ལ་གནོད་མ་བྱུང ། །དེ་ཡི་སྐབས་སུ་བྱམས་མི་མི་མང་འ། །ཞེ་ལྡང་གྱུར་པའང་མ་ལགས་སོ། །གང་དག་ཁྱོད་ལས་ཆོས་ཐོས་ནས། །སྒྲུབ་པ་བགྱིད་པར་འཚལ་བ་ཡི། །ལྷ་དང་མི་རྣམས་དེ་དག་ནི། །རྙེད་པ་ལེགས་པར་རྙེད་པ་ལགས ། །རྒྱལ་བ་བསོད་ནམས་གཟི་མངའ་བ། །ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས། །མི་ཡི་ཟླ་བ་ཁྱོད་འདྲ་བར། །ཀུན་ཀྱང་མྱུར་དུ་འགྱུར་བར་ཤོག ། སྐྱེས་བུ་བྱུ་མཆོག་འབེན་པས་བྱང་ཆུབ་སངས་རྒྱས་ནས། །ཁྲག་ཁྲིག་ཞིང་རྣམས་བསྐྱོད་ཅིང་བདུད་ཀྱང་ཕམ་མཛད་དེ། །ཚང་ས་པའི་དབྱངས་དང་ཀལཔིང་ཀའི་སྒྲ་སྐད་ཀྱིས། །འདྲེན་པས་ཐོག་མར་ཚིགས་སུ་བ་ཅད་པ་འདི་གསུང་ས་སོ། ། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་
46-416
མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ ། ། དེ་བས་བསོད་ནམས་བྱ་བས་ཆོག་པར་སུ་ཞིག་འཛིན། །བདུད་སྩི་ཆོས་མཉན་པས་ཀྱང་ཆོག་པར་སུ་ཞིག་འཛིན། །སྐྱེ་བོ་མེད་པའི་ནགས་གནས་ཆོག་པར་སུ་ཞིག་འཛིན། ། སེམས་ཅན་དོན་བྱ་བས་ཀྱང་ཚོག་པར་སུ་ཞིག་འཛིན། །བྱང་ཆུབ་སེམས་དཔས་ལག་པབརྐྱང་སྟེ་ཚིག་བརྗོད་པ། །མཆོད་པ་བྱས་ཀྱིས་རང་རང་དག་གི་ཞིང་དུ་དེང ། །ཀུན་གྱིས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ནས། །སྣ་ཚོགས་བཀོད་པས་ར་ང་རང་དག་གི་ཞིང་དུ་དོང ། །དཔུང་རྣམས་ཕན་ཚུན་ཆེན་པོ་བྱུང་བ་དེ་གཟིགས་ནས། །བདེ་བར་གཤེགས་པ་ཚུལ་དུ་ཤིས་པར་རྣམ་པར་ར་རོ་ལ། །དཔུང་བ་ཅས་བདུད་ལས་རྒྱལ་ཏེ་བདུད་སྩི་རེག་ཤོག་ཅེས། ། སེམས་ཅན་རྣམས་ཀྱིས་མཚུང་ས་མེད་སེམས་ཀྱིས་བྱང་ཆུབ་སྨོན། ། དགེ་སློང་དག་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་སིང་གེའི་གད་ན་ལ་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐད་ཅིག་དེ་ལ་སངས་རྒྱས་ཀྱི་རྣམ་པར་རོལ་པ་དཔག་ཏུ་མེད་པ་མཛད་དེ། དེ་དག་ནི་བསྐལ་པར་ཡང་བསྟན་པར་སླ་བ་མ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ནི་ལག་མཐིལ་ལྟ་བུར་མཉམ་པར་གནས་པར་གྱུར། །འདབ་མ་བརྒྱ་པ་རྒྱས་པ་འོད་ངཱ་ང་ལྡན་པ་བྱུང ། །ལྷ་རྣམས་བརྒྱ་སྟོང་བྱང་ཆུབ་སྙིང་པོར་རབ་ཏུ་འདུད ། །སེང་གེ་སྒྲ་ཡི་མཚན་མ་དང་པོ་འདི་འདིར་མཐོང ། །སྟོང་གསུམ་ཤིང་བརྒྱ་དག་དང་རི་རྣམས་དུ་མ་དང ། རི་ཡི་རྒྱལ་པོ་ལྷུན་པོ་བྱང་ཆུབ་སྙིང་པོར་འདུད ། །སྟོབས་བརྩུའི་གན་དུ་སོང་སྟེ་བརྒྱ་བྱིན་ཚང་ས་པ་འདུད ། །འདི་ཡང་མི་ཡི་སེང་གེ་བྱང་ཆུབ་སྙིང་པོར་ར་རོ་ལ། །སྐུ་ལས་འོད་ཟེར་བརྒྱ་སྟོང་དག་ནི་རབ་བཀྱེ་སྟེ། །རྒྱལ་བའི་ཞིང་མཆོག་ཁྱབ་ནས་ངན་སོང་གསུམ་པོ་ཞི། །དེ་ནས་སྐད་ཅིག་ཡུད་ཙམ་མི་ཁོམ་
46-417
སྐམས་པར་གྱུར ། ། སེམས་ཅན་གང་ལའང་ཐ་བ་རྒྱགས་ལྡང་གནོད་པ་མེད ། ། འདི་ཡང་མི་ཡི་སེང་གེ་གད་ན་ལ་བཞུགས་པའི་རོལ། །ཉི་ཟླ་ནོར་བུ་མེ་དང་གློག་དང་ལྷ་ཡི་འོད ། །འོད་དང་ལྡན་པའི་རླབས་ཀྱིས་ཟིལ་མནན་ལམ་མེ་མིན། ། འགྲོ་བ་གང་གིས་ཀྱང་ནི་སྟོན་པའི་གརྩུག་མི་མཐོང ། །འདི་ཡང་མི་ཡི་སེང་གེ་གད་ན་ལ་བཞུགས་པའི་རོལ། །ཕྱག་གི་མཐིལ་གྱིས་རེག་ནས་ས་ཡང་རྣམ་དྲུ་ག་ག་གཡོས། །དེ་ཡི་བདུད་ཀྱི་སྡེ་རྣམས་ཤིང་བལ་བཞིན་དུ་དཀྲུགས། །བདུད་ནི་མདའ་ཐོགས་ས་ལ་རི་མོ་གང་འདྲི་བ ། །འདི་ཡང་མི་ཡི་སེང་གེ་གད་ན་ལ་རོལ་པ་ལགས། །མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ཏེ། ལྷའི་ཙན་དན་གྱི་བྲེ་མའི་ཆར་མངོན་པར་ཕབ་ནས། ཚུལ་དང་འཐུན་པའི་ཚིགས་སུ་བ་ཅད་པ་འདི་དག་གིས་བསྟོད་དོ། །འཇིག་རྟེན་གསལ་བར་མཛད་པ་བྱུང ། །འཇིག་རྟེན་མགོན་པོ་འོད་མཛད་པ། །འཇིག་རྟེན་ལྡོངས་པར་གྱུར་པ་ལ། །ཉོན་མོང་ས་སྤང་ས་པ་མིག་སྤྱིན་པ། །ཁྱོད་ནི་གཡུལ་ལས་རྣམ་པར་ར་རྒྱལ། །བསོད་ནམས་དག་གིས་དགོང་ས་པ་རྫོགས། །དཀར་པོའི་ཆོས་རྣམས་ཀུན་དུ་རྫོགས། །ཁྱོད་ནི་འགྲོ་བ་ཚིམ་མཛད་འགྱུར། །སྡིག་པ་མི་མངའ་འད་མ་ལས་རྒལ། ། རྒཽཾ་ཏ་མ་ནི་ཐང་ལ་བཞུགུས། །སེམས་ཅན་གཞན་དག་རླུང་ཆེན་གྱིས། །ཁྱེར་བ་རྣམས་ཀྱང་སྒྲོལ་བར་འགྱུར ། །ཤེས་རབ་ཆེན་པོ་ཁྱོད་འཕགས་ཏེ། །འཇིག་རྟེན་དག་ན་ཟླ་མ་མ་མཆིས། །འཇིག་རྟེན་ཆོས་ཀྱིས་ཁྱོད་མི་གོས ། །ཆབ་ན་མཆིས་པའི་
46-418
པད་མ་བཞིན། །འཇིག་རྟེན་རིང་ནས་གཉིད་ལོག་འདི། །མུན་པའི་ཕུང་པོས་གཏིབས་པ་ལ། །ཁྱོད་ནི་ཤེས་རབ་སྒྲོན་མེ་ཡིས། །རབ་ཏུ་སད་པར་མཛད་པ་སྤྱོད ། །འཚོ་བའི་འཇིག་རྟེན་རིང་ནས་ནི། །ཉོན་མོང་ས་ནད་ཀྱིས་གཟིར་བ་ལ།། ནད་རྣམས་ཀུན་ལས་ཐར་མཛད་པ། །སྨན་པའི་རྒྱལ་པོ་ཡང་དག་བྱུང ། ། འཇིག་རྟེན་མགོན་པོ་ཁྱོད་བྱུང་བས། །མི་ཁོམ་རྣམས་ནི་སྟོང་ས་པར་འགྱུར། ། ལྷ་རྣམས་དང་ནི་མི་དག་ཀྱང ། །བདེ་བ་རྣམས་དང་ལྡན་པར་འགྱུར། །སྐྱེས་བུ་བྱུ་མཚོག་དེས་པ་ཁྱོད ། །ལྟ་བར་གང་དག་འདོང་བགྱིད་པ། །དེ་དག་བསྐལ་པ་སྟོང་རྣམས་ས་སུ། །ནམ་ཡང་ངན་འགྲོར་མཆི་མི་འགྱུར། །གང་དག་ཆོས་ཉན་འགྱུར་བ་རྣམས། །དེ་དག་མཁས་ཤིང་ནད་མེད་དང ། །ཟག་དང་ཕུང་པོ་ཟད་པ་དང ། །འཇིགས་པ་མེད་པ་རྣམས་སུ་འགྱུར། །ཉོན་མོང་ས་བཅིང་ས་པ་བ་ཅད་ནས་ནི། །ཀུན་ཀྱང་ལེན་པ་མ་མཆིས་པ་ར། །མྱུར་དུ་རབ་ཏུ་གྲོལ་འགྱུར་ཏེ། །དགེ་བ་མཚོག་གི་འབྲས་བུ་འཐོབ། །དེ་དག་འཇིག་རྟེན་སྤྱིན་གནས་ཏེ། །སྤྱིན་པ་རྣམས་ནི་བླང་བའི་འོས། །དེ་དག་ཡོན་ཕུལ་མི་ཆུང་སྟེ། ། ཀུན་ཀྱང་མྱ་ངན་འདས་རྒྱུ་ལགས། །དགེ་སློང་དག་དེ་ལྟར་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་འོད་གསལ་གྱི་ལྷའི་པུ་རྣམས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམ་པ་སྣ་ཚོགས་རྣམས་ཀྱིས་ཚོ་ག་བཞིན་དུ་མཆོད་ནས་ལན་གསུམ་བསྐོར་བ་བྱས་ཏེ། ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཐུབ་པ་ཐུགས་ཟབ་གསུང་ནི་
46-419
ཤིན་ཏུ་སྙན། །ཐུབ་མཆོག་ཚང་ས་དབྱང་ས་གླུ་ལྟར་གསུང་སྙན་མཆོག་།བྱང་ཆུབ་རབ་མཆོག་ཤིན་ཏུ་དམ་པ་བརྙེས། །དབྱང་ས་ཀུན་མཐར་གྱིན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་སྐྱབས་ཁྱོད་རླིང་ཁྱོད་ནི་དཔུང་གཉེན་ཏེ། །ཁྱོད་ནི་འཇིག་རྟེན་མགོན་པོ་བྱམས་ཐུགས་མཛད་།ཁྱོད་ནི་སྨན་པའི་དམ་པ་ཟུག་ཇུ་འབྱིན། ། གསོ་བ་ཕན་མཛད་ཁྱོད་ནི་དམ་པ་མཆོག་།མར་མེ་མཛད་པ་གཟིགས་མ་ཐག་ཏུ་ཁྱོད ། །བྱམས་དང་ཐུགས་རྗེའི་སྤྲིན་གྱི་དྲ་བ་བསྒྲུབས ། །མགོན་པོ་བདུད་སྩིའི་རྒྱུན་གྱི་ཆར་ཕོབ་ལ། །ལྷ་མི་རྣམས་ཀྱི་གདུང་བ་ཞི་བར་མཛོད ། །ཁྱོད་ནི་སྲིད་གསུམ་མི་གོས་པད་མ་འདྲ ། །ཁྱོད་ནི་མི་གཡོ་མི་བསྐྱོད་ལྷུན་པོ་འདྲ ། །ཁྱོད་ནི་ཐུགས་དམ་མི་གཡོ་རྡོ་རྗེ་བཞིན། །ཡོན་ཏན་མཆོག་ཀུན་མངའ་སྟེ་ཟླ་བ་འདྲ ། ། དགེ་སློང་དག་དེ་ལྟར་འོད་གསལ་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་བུ་རབ་ཚང་ས་པ་ལ་སོགས་པ་ཚང་ས་རིས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགུས་པ་ལ་ནོར་བུ་རིན་པོ་ཆེ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་སྤྲས་པའི་རིན་པོ་ཆེའི་དྲ་བས་བཀབ་སྟེ་ལན་གསུམ་བསྐོར་བ་བྱས་ནས་ཚུལ་དང་འཐུན་པའི་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །དགེ་བ་དྲི་མེད་ཤེས་རབ་འོད་དང་གཟི་བཇིད་ལྡན། །མཚན་གྱི་དམ་པ་སུམ་ཅུ་རྩ་གཉིས་མཆོག་མངའ་བ། །དྲ་ན་དང་ལྡན་ཞིང་བློ་གྲོས་ལྡན་པ་ཡེ་ཤེས་མང་འ། །མཉེལ་བ་མི་མངའ་ཁྱོད་ལ་མགོ་བོས་ཕྱག་འཚལ་ལ་ལོ། །དྲི་གསུམ་དྲི་མི་མངའ་བ་དྲི་མེད་དྲི་མ་བྲལ། །འཇིག་རྟེན་གསུམ་དུ་གྲགས་ཤིང་རིག་པ་གསུམ་བརྙེས་པ། །རྣམ་པར་ཐར་པ་དམ་པ་གསུམ་གྱི་མིག་སྦྱིན་པ། །སྤྱན་གསུམ་དྲི་མ་མི་མངའ་ཁྱོད་ལ་ཕྱག་འཚལ་ལ་ལོ། །དུས་ངན་
46-420
རྙོག་པ་བསལ་ཞིང་རབ་ཏུ་ཞི་ཐུགས་ལྡན། །ཐུགས་བརྩེ་ཐུགས་རྗེས་འཕགས་པ་འགྲོ་བའི་དོན་མཛད་པ། །ཐུབ་པ་དགྱིས་པས་འཕགས་པ་ཐུགས་ནི་རབ་ཞི་བ། ། ཁྱོད་ནི་ཡིད་གཉིས་གྲོལ་བར་མཛད་པ་བཏང་སྟོམས་དགྱིས། །བརྟུལ་ཞུགས་དཀའ་ཐུབ་འཕགས་པ་འགྲོ་བའི་དོན་མཛད་པ། །རང་སྤྱོད་རྣམ་པར་དག་ཅིང་སྤྱོད་པའི་ཕ་རོལ་བྱོན། །བདེན་པ་བཞི་པོ་སྟོན་པ་རྣམ་ཐར་དགྱིས་པ་པོ། །གྲོལ་བར་གྱུར་ནས་འགྲོ་བ་གཞན་ཡང་གྲོལ་མཛད་པ། །སྟོབས་དང་བཅོན་འགྲུས་ལྡན་པའི་བདུད་པོ་འདིར་ལྷགས་པ། །ཤེས་རབ་བརྩོན་འགྲུས་དེ་བཞིན་བྱམས་པས་ཕམ་མཛད་ནས། །ཁྱོད་ཀྱིས་གོ་འཕང་དམ་པ་འཆི་བ་མེད་པ་བརྙེས། །གཡོན་ཅན་དཔུང་རྣམས་བཅོམ་པ་ཁྱོད་ལ་ཕྱག་འཚལ་ལ་ལོ། །དགེ་སློང་དག་དེ་ལྟར་ལྷའི་བུ་རབ་ཚང་ས་པ་ལ་སོགས་པ་ཚང་ས་རིས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བདུད་ཀྱི་བུ་དཀར་པོའི་བྱོགས་པ་དེ་དག་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ན་པ་དང ། རིན་པོ་ཆེའི་གདུགས་དང ། བླ་རེ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མངོན་པར་བཀབ་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཚུལ་དང་འཐུན་པའི་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། ཁྱོད་སྟོབས་ཤིན་ཏུ་རྒྱ་ཆེ་བ་དང་བདུད་དཔུང་དྲ་ག་པོ་བདག་ཅག་མངོན་སུམ་སྟེ། ། བདུད་དཔུང་རབ་འཇིགས་ཆེན་པོ་དེ་ཡང་ཁྱོད་ཀྱིས་སྐད་ཅིག་གཅིག་ལ་ཕམ་པར་མཛད ། །ཁྱོད་ནི་བཞེང་ས་པར་མ་གྱུར་སྐུ་ཡང་མི་གཡོ་གསུང་ཡང་བརྗོད་པ་མ་མཛད་དེ། །ཐུབ་པ་དོན་ཀུན་འགྲུབ་པ་འཇིག་རྟེན་གསུམ་གྱིས་མཆོད་པ་ཁྱོད་ལ་བདག་ཕྱག་འཚལ། །བདུད་ཀྱི་བུ་མོ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་བྲེ་
46-421
མ་སྙེད ། །དེ་དག་རྣམས་ཀྱིས་བྱང་ཆུབ་ཤིང་མཆོག་དྲུང་ནས་ཁྱོད་ནི་བསྐྱོད་ཅིང་གཡོ་མ་ནུས། །མཆོད་སྤྱིན་བྲེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་བྱེ་མ་སྙེད་མཛད་དེ། །བྱང་ཆུབ་ཤིང་དྲུང་བཞུགས་པ་དེས་ན་དེ་རིང་ཁྱོད་ནི་རྣམ་པར་མཇེས་པ་ལགས། །བྱང་ཆུབ་སྤྱད་པ་དམ་པ་སྤྱོད་མཛད་ཚེ་ན་ཤིན་ཏུ་སྡུག་པའི་བརྩུན་མོ་དང ། །ཕང་ས་པའི་ས?ས་དང་བྲན་ཕོ་བྲན་མོ་དེ་བཞིན་སྐྱེད་མོས་ཆལ་དང་གྲོང་ཁྱེར་དང ། །ཡུལ་འཁོར་གྲོང་རྡལ་དག་དང་རྒྱལ་སྲིད་རྣམས་དང་བཚྱཕྱིན་མོའི་འཁོར་དང་གླང་པོ་དང ། །དབུ་དང་སྤྱན་དང་ལྔགས་དང་དེ་བཞིན་ཞབས་བཏང་དེས་ན་དེ་རིང་རྣམ་པར་མཇེས། །ང་ནི་སངས་རྒྱས་འགྱུར་ཏེ་བསམ་གཏན་རྫུ་འཕྲུལ་བློ་ཡི་གོ་བགོས་ནས། །སེམས་ཅན་བྲེ་བ་ཁྲག་ཁྲིག་མང་པོ་སྡུག་བསྔལ་རྒྱ་མཚོས་ཁྱེར་བར་གྱུར་པ་རྣམས། །དམ་ཆོས་གྲུ་ཡིས་ཉིད་ཀྱིས་བསྒྲལ་བར་བྱ་ཞེས་ཁྱོད་ཀྱིས་ལན་མང་གསུང་བརྗོད་པ། །ཁྱོད་ཀྱིས་སྨོན་ལམ་དེ་ནི་གྲུབ་ལགས་སྲོག་ཆགས་རྣམས་ཀྱང་སྒྲོལ་བར་མཛད་པར་འགྱུར། །སྨྲ་བའི་བྱུ་མཆོག་འཇིག་རྟེན་མིག་སྤྱིན་མཛད་པ་ཁྱོད་ལ་བསྟོད་པའི་བསོད་ནམས་དེ། ། བདག་ཅག་ཐམས་ཅད་དགའ་མགུ་ཡིད་གྱུར་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་འདེབས། །སངས་རྒྱས་རྣམས་ཀྱིས་རབ་བསྔགས་བྱང་ཆུབ་དམ་པ་མཚུང་ས་མེད་ཡང་དག་བསྒྲུབས་ནས་ནི། །དེ་ལྟར་བདུད་སྡེ་འཁོར་དེ་བཅོམ་ནས་ཐམས་ཅད་མཁྱེན་ཉིད་འཚང་རྒྱར་འགྱུར་བར་ཤོག་།དགེ་སློང་དག་དེ་ལྟར་བདུད་ཀྱི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་བུ་གཞན་འཕྲུལ་དབང་བྲེད་ཀྱི་ལྷའི་བུ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་དུ་བད་ར་ནས་དེ་བཞིན་གཤེགས་པ་ལ་འཛམ་བུ་ཀླུང་གི་གསིར་གྱི་པད་མ་
46-422
དག་གིས་མངོན་པར་གཏོར་ཏེ། སྤྱན་སྔ་ནས་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གསུང་ནི་དབྱས་མ་མཆིས་ཤིང་མ་འཁྲུལ་རྣམ་པར་མ་འཁྲུགས་པ། ། མྱུན་རྡུལ་བྲལ་ཞིང་འཆི་མེད་རྟོགས་པར་ཐུགས་སུ་ཆུད་པར་གྱུར། །ལྷ་ཡུལ་མི་ཡུལ་པ་ཡི་དཔལ་དང་བགྱི་བ་གཞལ་མེད་འོས། །རབ་ཏུ་འབར་བའི་བློ་གྲོས་ལྡན་ལ་མགོ་བོས་ཕྱག་འཚལ་ལ་ལོ། །དཀའ་བ་མཛད་པ་ཉོན་མོང་ས་སྤོང་བ་རྡུལ་དང་དྲི་མ་སེལ། །ཤིན་ཏུ་དགའ་བའི་གསུང་གིས་ལྷ་དང་མི་རྣམས་དགའ་བར་མཛོད ། །སྐུ་མཆོག་འོད་ཟིར་རྒྱས་པ་དྲི་མ་ཤིན་ཏུ་མི་མངའ་བས། །ལྷ་དང་མི་ཡི་བདག་པོ་བཞིན་དུ་འགྲོ་བ་འདི་ལས་རྒྱལ། །ཕ་རོལ་ཚོགས་རྣམས་རབ་ཏུ་འཇོམས་པ་གཞན་གྱི་སྤྱོད་མཁས་པ། །ལྷ་དང་མི་ཡི་སྲིད་པར་དགའ་བ་གཞན་གྱི་བློ་སེལ་བ། །ཤིན་ཏུ་མཁས་པ་བློ་ལྡན་གཞན་གྱི་སྤྱོད་པ་རྣམ་པར་བྲེ། །སྟོབས་བཅུ་མངའ་བ་གཤེགས་པའི་ལམ་འདིར་རྣམ་པར་རྒྱུ་བ་མཛོད་།། སྲིད་པ་འཛིན་དང་སྡུག་བསྔལ་ལོག་འཛིན་རྒྱ་ཆེན་འདོར་སེལ་ཏེ། །ལྷ་མི་བློ་གྲོས་འདུལ་བ་ཇི་ལྟ་བཞིན་དུ་འདུལ་བ་མཛོད ། །ཟླ་བ་བཞིན་དུ་མཁའ་ལས་བྱོགས་བཞི་དག་ཏུ་རྣམ་རྒྱུ་བ། ། སྲིད་པ་གསུམ་འདིར་རྨད་བྱུང་མིག་དང་དཔུང་གཉེན་གྱུར་པར་ཤོག་།ལྷ་དང་མི་ཡི་སྤིད་པ་དགའ་ཡང་ཡུལ་ལ་འཁྲུལ་མི་མང་འ། ། འདོད་པའི་དགའ་དང་བྲལ་ཞིང་དགེ་བའི་དགའ་ལ་དགྱིས་པ་པོ། །འཁོར་ལ་སྒྲོགས་པ་འཇིག་རྟེན་གསུམ་ན་ཁྱོད་དང་མཚུང་ས་མ་མཆིས། །ཁྱོད་འདིར་འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་ལགས། །དགེ་སློང་དག་དེ་ལྟར་ལྷའི་བུ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྲེད་ཀྱི་ལྷའི་བུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་བུ་རབ་
46-423
འཕྲུལ་རབ་འཇུལ་གྱི་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་ར་ཏེ། དེ་བཞིན་གཤེགས་པ་ལ་དར་གྱི་ལྡ་ལྡིས་གཡོགས་ནས་སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །དྲི་མ་རྣམ་གསུམ་སྤང་ས་པས་ཁྱོད་ནི་ཆོས་ཀྱི་སྣང་བ་ཡང་དག་འཕགས། །གཏི་མྱུག་དང་ནི་ལྟ་དང་མ་རིག་འཇོམས་པ་མཛིས་དང་དཔལ་གྱིས་རྒྱས། །ལོག་པའི་ལམ་ལ་དགའ་བའི་སྐྱེ་བོ་འདི་དག་འཆི་མེད་འགོད་མཛད་པ། །འཇིག་རྟེན་འདིར་བྱུང་མཆོད་རྟེན་ལྷ་ཡུལ་བ་དང་མི་ཡུལ་བས་མཆོད་པ། །ཁྱོད་ནི་གསོ་བའི་སྨན་པ་མཁས་པ་བདུད་རྩི་བདེ་བ་སྤྱིན་པ་པོ། །ལྟ་དང་ཉོན་མོང་ས་པ་དང་མ་རིག་བསགས་པ་སྔོན་གྱི་བག་ལ་ཉལ། ། ལུས་ཙན་རྣམས་ཀྱི་ནད་ཀུན་སྔོན་གྱི་རྒྱལ་བའི་ལམ་གྱིས་སེལ་བ་སྟེ། །དེ་བས་སྨན་པ་དམ་པ་འདྲེན་པ་ཁྱོད་ནི་ས་ལ་རྣམ་པར་རྒྱུ། །ཉི་ཟླའི་འོད་དང་སྐར་མ་རྣམས་དང་མེ་དང་དེ་བཞིན་ནོར་བུ་དང ། །བརྒྱ་བྱིན་ཚང་ས་པའི་འོད་རྣམས་དཔལ་སྟུག་སྤྱན་སྔར་ལམ་མེ་མ་ལགས་ཏེ། །ཤེས་རབ་སྣང་བ་མཛད་དང་འོད་མཛད་འོད་དང་དཔལ་གྱིས་རབ་ཏུ་རྒྱས། །ཁྱོད་ཀྱི་ཡེ་ཤེས་རྨད་བྱུང་མངོན་སུམ་གྱུར་པས་མགོ་བོས་ཕྱག་འཚལ་ལ་ལོ། །རྣམ་པར་འདེན་པ་སྙན་པའི་གསུང་ལྡན་བདེན་དང་བདེན་མིན་གསུང་བ་དང ། །དུལ་བ་ཐུགས་ཞི་དབང་པོ་ཐུལ་བ་རབ་ཏུ་ཞི་བའི་ཐུགས་ལྡན་པ། །སྟོན་པ་ལྷ་དང་མི་ཡི་འཁོར་ལ་བསྟན་པར་བགྱི་བ་སྟོན་མཛད་པ། །ཤཱཀྱ་ཐུབ་པ་མི་ཡི་ཁྱུ་མཆོག་ལྷ་མིས་མཚོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མངའ་བ་ཡེ་ཤེས་བཀའ་མཆིད་མཚོག་ཅན་སྲིད་གསུམ་གོ་མཛད་པ། །དྲི་མ་གསུམ་བསལ་རིག་པ་གསུམ་དང་རྣམ་པར་ཐར་གསུམ་སྟོན་པ་པ་པོ། །ཐུབ་པ་བློ་གྲོས་ཇི་ལྟར་གདུལ་བ་སྐལ་དང་སྐལ་མེད་རབ་མཁྱེན་པ། །སྟོང་གསུམ་རྨད་དུ་བྱུང་བ་ལྷ་མིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལ་ལོ། །དགེ་སློང་དག་དེ་ལྟར་ལྷའི་བུ་
46-424
རབ་འཕྲུལ་འཁོར་དང་བ་ཅས་པས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འདུག་གོ། །དེ་ནས་ལྷའི་བུ་ཡོངས་སུ་དགའ་ལྡན་དགའ་ལྡན་རིས་ཀྱི་ལྷའི་བུ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ན་ནས། ལྷའི་གོས་ཀྱི་དྲ་བ་ཆེན་པོས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བཀབ་སྟེ། སྤྱན་སྔ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁྱོད་ནི་དགའ་ལྡན་གནས་ན་བཞུགས་ཚེ་དེར་ནི་ཁྱོད་ཀྱིས་རྒྱ་ཆེན་ཆོས་ཀྱང་བཤད ། །ཁྱོད་ཀྱིས་བསྟན་པ་དེ་ནི་དུང་ལྷ་ཡི་བུ་རྣམས་ཆོས་སྤྱོད་རྒྱུན་མི་འཆད ། །ཁྱོད་ལ་བལྟ་བས་ངོམས་པར་མི་འགྱུར་ཚོས་མཉན་པས་ཀྱང་ངོམས་པ་རྙེད་མི་འགྱུར། ། ཡོན་ཏན་རྒྱ་མཚོ་འཇིག་རྟེན་སྒྲོན་མ་ཁྱོད་ལ་མགོ་དང་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱོད་ནི་དགའ་ལྡན་གནས་ནས་འཕོས་ཏེ་དེ་ཚེ་ཁྱོད་ཀྱིས་མི་ཁོམ་ཐམས་ཅད་སྦྱང་ས། །གང་ཚེ་བྱང་ཆུབ་ཤིང་དྲུང་བཞུགས་ཚེ་འགྲོ་བ་ཀུན་གྱི་ཉོན་མོངས་རབ་ཏུ་ཞི། །གང་གི་ཆེད་དུ་རྒྱ་ཆེན་བྱང་ཆུབ་བ་ཙལ་བ་བརྙེས་ཏེ་བདུད་ཀྱང་ཕམ་པར་མཛད། །ཁྱོད་ཀྱི་སྨོན་ལམ་དེ་ནི་རབ་ཏུ་རྫོགས་ཀྱིས་འཁོར་ལོ་རྒྱ་ཆེན་མྱུར་དུ་སྐོར ། །ཆོས་འཚལ་བ་དག་ཆོས་མཉན་བགྱི་ཞེས་ཏེ། ། སྲོག་ཆགས་སྟོང་ཕྲག་མང་པོ་སྡོད་ཅིང་མཆིས། །འཁོར་ལོ་རྒྱ་ཆེན་མྱུར་དུ་བསྐོར་དུ་གསོལ། ། སྲོག་ཆགས་སྟོང་རྣམས་སྲིད་ལས་བསྒྲལ་དུ་གསོལ། །དགེ་སློང་དག་དེ་ལྟར་ལྷའི་བུ་ཡོངས་སུ་དགའ་ལྡན་འཁོར་དང་བ་ཅས་པས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འདུག་གོ། །དེ་ནས་ལྷའི་བུ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་གྱི་ལྷ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ན་ནས།
46-425
མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུགས་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མཆོད་དེ། སྤྱན་སྔ་ནས་ཚུལ་དང་འཐུན་པའི་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་ཀྱིས། །ཁྱོད་དང་མཚུང་ས་པ་མ་མཆིས་ག་ལ་ལྷག་།མོས་དང་རྣམ་པར་གྲོལ་ལ་མཁས་པ་པ་པོ། །དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། །བྱང་ཆུབ་སྙིང་པོར་ལྷ་ཡིས་གང་བགྱིས་པ། ། བཀོད་པ་མཇེས་པ་དེ་དག་མཐོང་ལགས་ཏེ། །ཇི་ལྟར་ཁྱོད་ལ་ལྷ་དང་མིས་མཆོད་པ། །དེ་ནི་གཞན་གང་ལ་ཡང་འོས་མ་ལགས། །ཁྱོད་བྱུང་དོན་མ་མཆིས་པ་མ་ལགས་ཏེ། །གང་གི་དོན་དུ་དཀའ་བ་མང་པོ་སྤྱད ། །ཤིན་ཏུ་གལོན་ཅན་སྡེ་དང་བ་ཅས་ལས་རྒྱལ། །ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས། །བྱོགས་བཅུ་དག་ཏུ་སྣང་བ་མཛད་པར་གྱུར། །ཤེས་རབ་སྒྲོན་མས་འཇིག་རྟེན་གསུམ་པོ་གསལ། །ཁྱོད་ནི་རབ་རིབ་སིལ་བར་འགྱུར་བ་སྟེ། །འགྲོ་ལ་བླ་ན་མེད་པའི་མིག་སྤྱིན་པ། །ཁྱོད་ལ་བསྟོད་པ་བསྐལ་པར་བརྗོད་ཀྱང་ནི། །ཁྱོད་ཀྱི་བ་སྤུའི་ཁུང་བུ་མཐའ་མ་མ་མཆིས། །ཡོན་ཏན་རྒྱ་མཚོ་འཇིག་རྟེན་རྣམ་པར་གྲགས། །དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། །དེ་ལྟར་ལྷའི་བུ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་གྱི་ལྷའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་རྩུ་རྩ་གསུམ་རིས་ཀྱི་ལྷ་རྣམས་དང་ལྷན་ཅིག་ཏུ་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་བཀོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཚོད་ནས་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་
46-426
བསྟོད་དོ། །ཐུབ་པ་མ་འཁྲུལ་ཁ་ན་མ་ཐོ་མི་མངའ་རྟག་ཏུ་ལེགས་བཞུགས་ལྷུན་པོ་འདྲ ། །བྱོགས་བརྩུ་དག་ཏུ་ཡེ་ཤེས་འོད་གྲགས་བསོད་ན་མས་དག་དང་གཟི་བརྗིད་ལྡན་པ་པོ། །ཐུབ་པ་ཁྱོད་ཀྱིས་སྔོན་ཆད་སངས་རྒྱས་བརྒྱ་ཕྲག་མཐའ་ཡས་ཡང་དག་མཆོད་པ་མཛད ། །དེ་ཡི་ཡུལ་དེ་ཡིས་ནི་བྱང་ཆུབ་ཤིང་དྲུང་བདུད་ཀྱི་སྡེ་ལས་རྒྱལ་བར་གྱུར། །ཚུལ་ཁྲིམས་དང་ནི་ཐོས་དང་ཏིང་འཛིན་ཤེས་རབ་འབྱུང་གནས་ཡེ་ཤེས་རྒྱལ་མཚན་ཏོག་།རྒ་ཤི་འཇོམས་པར་མཛད་པ་སྨན་པ་དམ་པ་འཇིག་རྟེན་དག་ལ་མིག་སྤྱིན་པ། །ཐུབ་པ་དྲི་མ་གསུམ་དང་ཐ་བ་སྤང་ས་ཤིང་དབང་པོ་ཞི་ལ་ཐུགས་ཞི་བ། །ཤཱཀྱ་བྱུ་མཚོག་འགྲོ་བ་དག་གི་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི། །ཁྱོད་ཀྱིས་བརྩོན་འགྲུས་མཐུ་ཡིས་འཕགས་པའི་བྱང་ཆུབ་སྤྱོད་པ་མཐའ་ཡས་གྱུར་ལགས་ཏེ། །ཤེས་རབ་སྟོབས་དང་ཐབས་དང་བྱམས་པའི་སྟོབས་དང་བསོད་ནམས་སྟོབས་རྣམས་དང ། །སྟོབས་རྣམས་དེ་དག་བཅོམ་ལྡན་འདས་ཁྱོད་བྱང་ཆུབ་བཞུགུས་པའི་ཚེ་ན་མཐའ་ཡས་ཏེ། །སྟོབས་དང་ལྡན་པ་དེ་རིང་བྱང་ཆུབ་སྙིང་པོར་བཞུགས་ནས་སྟོབས་བཅུ་མངའ་བར་གྱུར ། །དཔུང་ཚོགས་མཐའ་ཡས་མཐོང་ནས་དགེ་སྤྱོང་རྒྱལ་པོ་བྱང་ཆུབ་སྙིང་པོར་བཞུགས་པ་དེ། ། ཉམས་པར་མི་འགྱུར་གྲང་ཞེས་ལྷ་རྣམས་ཐམས་ཅད་རབ་ཏུ་སྔང་ས་ཤིང་སྐྲག་པར་གྱུར། །ཁྱོད་ནི་འབྱུང་པོ་རྣམས་ཀྱིས་བསྙེང་ས་པར་མ་གྱུར་སྐུ་ཡང་གཡོ་བ་མི་མངའ་སྟེ། །ཁུར་ལྕི་ཕྱག་གིས་བརྡབས་ནས་ཀུན་ཏུ་གལོས་ཏེ་བདུད་ཀྱི་སྣེ་ལས་རྒྱལ་བར་གྱུར ། །ཇི་ལྟར་སྔ་མ་རྣམས་ཀྱིས་སིང་གེའི་ཁྲི་ལ་བྱང་ཆུབ་དམ་པ་བརྙེས་གྱུར་པ། །དེ་ལྟར་ཁྱོད་ཀྱིས་རྗེས་སུ་སངས་རྒྱས་མཚུང་ས་ཤིང་མཉམ་སྟེ་གཞན་དུ་གྱུར་མ་ལགས། །ཡིད་ཀྱང་མཉམ་ཞིང་སེམས་ཀྱང་མཉམ་སྟེ་ཁྱོད་བདག་ཉིད་ཀྱིས་ཐམས་ཅད་མཁྱེན་ཉིད་བརྙེས། །དེས་ན་ཁྱོད་ནི་འཇིག་རྟེན་དམ་པ་
46-427
རང་བྱུང་འགྲོ་བ་རྣམས་ཀྱི་བསོད་ནམས་ཞིང ། །དགེ་སློང་དག་དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་གྱིན་ནས། མེ་ཏོག་ཨ་ཏི་མྱུག་ཏ་ཀ་དང ། ཙམ་པ་ཀ་དང ། སྣ་མའི་མེ་ཏོག་དང ། བར་ཤི་ཀ་དང ། དྷ་ནུས་ཀ་རིའི་ཕྲེང་བ་དང ། ཆུན་པོ་ཐོགས་ཏེ། ལྷའི་བུ་མོ་བརྒྱ་སྟོང་གིས་བསྐོར་ནས་ལྷའི་གླུ་དབྱང་ས་ལེན་པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ཚུལ་དང་འཐུན་པའི་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཤིན་ཏུ་གསུང་སྙན་དབྱངས་ནི་ཡིད་དུ་མཆི ། །ཟླ་ལྟར་རབ་ཏུ་ཞི་མཛད་ཐུགས་དང་བ། །འཇུམ་པའི་ཞལ་ལྡན་ལྗགས་ནི་རབ་ཡང་ས་པ། ། ཐུབ་མཚོག་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མི་རྣམས་ཀྱི་སྙན་ཅིང་དགར་འགྱུར་བ། །སྒྲ་སྐད་གང་དག་འཇིག་རྟེན་མཆིས་པ་ཀུན། །ཁྱོད་ཀྱི་འཇམ་པའི་གསུང་ནི་ཕྱུང་བས་ན། །མི་ཡི་སྒྲ་སྐད་ཐམས་ཅད་ཟིལ་གྱིས་ནོན། །འདོད་ཆགས་ཞེ་སྣང་གཏི་མུག་ཉོན་མོང་ས་ཞི། ། མི་མིན་དགའ་བ་རྣམ་པར་དག་པ་སྐྱེད ། །རྙོག་པ་མ་མཆིས་སྙིང་གིས་ཆོས་ཐོས་ནས། །དེ་ཀུན་འཕགས་པའི་རྣམ་པར་གྲོལ་བ་ཐོབ། །ཁྱོད་ནི་མི་མཁས་རྣམས་ལ་བརྙས་མི་མི་མཛད ། །མཁས་པའི་རྒྱགས་པས་ནམས་ཀྱང་རྒྱགས་མ་གྱུར། ། ཁྱོད་ནི་འགྱིང་བ་མི་མངའ་ཞུམ་མི་མི་མང་འ། །རྒྱ་མཚོའི་དབུས་ནས་རི་མཆོག་འཕགས་པ་བཞིན། །དེ་འདྲའི་སེམས་ཅན་འཇིག་རྟེན་བྱུང་བས་ན། །མི་རྣམས་འདིར་ནི་རྙེད་པ་ལེགས་པར་རྙེད ། །པད་མ་དཔལ་ལྟར་ནོར་རྣམས་སྤྱིནཔ་པོ་།།
46-428
དེ་ལྟར་འཇིག་རྟེན་ཀུན་ལ་མཆོད་སྦྱིན་མཛད ། །དེ་ལྟར་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བར་སྣང་གི་ལྷ་རྣམས་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མཆོད་པའི་ལས་ཀྱི་གྱིར་བར་སྣང་ཐམས་ཅད་རིན་པོ་ཆེའི་དྲ་བ་དང ། དྲིལ་བུ་གཡེར་ཀའི་དྲ་བ་དང ། རིན་པོ་ཆེའི་གདུགས་རྣམས་དང ། རིན་པོ་ཆེའི་བ་དན་རྣམས་དང ། རིན་པོ་ཆེ་དང་དར་གྱི་ལྡ་ལྡི་དང ། རིན་པོ་ཆེའི་མེ་ཏོག་རྣ་རྒྱན་དང ། མྱུ་ཏིག་གི་ཆུན་ཁོར་དང ། མེ་ཏོག་གི་ལྡ་ལྡི་སྣ་ཚོགས་རྣམས་ལུས་བྲེད་ཕྱུང་བའི་ལྷ་རྣམས་ཀྱིས་བཟུང་བ་དང ། བླ་གམ་རྣམས་ཀྱིས་ལེགས་པར་བརྒྱན་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །ཕུལ་ནས་ཀྱང་སྤྱན་སྔ་ནས་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཐུབ་པ་མཁས་ལ་བདག་ཅག་མཆིས་ནས་ནི། །འགྲོ་བའི་སྤྱོད་ཀུན་ཇི་བཞིན་གསལ་བལྟས་ཤིང ། ། སེམས་ཅན་དག་པ་ཁྱོད་ཀྱི་སྤྱོད་བལྟས་ན། །དེ་ལྟར་ཁྱོད་ཀྱི་ཐུགས་གཅིག་འཁྲུལ་མ་མཐོང ། །མཆོད་ཕྱིར་བྱང་ཆུབ་སེམས་དཔའ་གང་ལྷགས་པ། །མི་ཡི་འདྲེན་པ་དེ་དག་ནམ་མཁའ་ཁྱབ། །འདི་ལྟར་དེ་དག་ནམ་མཁའི་ལུས་ལགས་པས། ། གཞལ་མེད་ཁང་རྣམས་ལ་ཡང་གནོད་མ་མ་མཆིས། །བར་སྣང་ནས་ནི་མེ་ཏོག་ཆར་བབ་པ། །སྟོང་ཆེན་བྱུར་བུར་རབ་ཏུ་གང་གྱུར་པ། །དེ་དག་མ་ལུས་ཁྱོད་ཀྱི་སྐུར་བབ་ཀྱང ། །འབབ་ཆུ་རྒྱ་མཚོར་བབ་པ་བཞིན་དུ་གྱུར། །གདུགས་དང་མེ་ཏོག་རྣ་རྒྱན་མེ་ཏོག་ཕྲེང ། །མེ་ཏོག་ཙམ་པ་ཀ་ཡི་ལྡ་ལྡི་དང ། །རྒྱན་ཕྲེང་ཟླ་བ་བླ་གམ་རྣམས་ཀྱང་འཐོར། །ལྷ་ཡིས་གཏོར་ཀྱང་འབེས་པར་གྱུར་མ་མཆིས། །
46-429
བར་སྣང་ཐམས་ཅད་ལྷ་ཡིས་གང་གྱུར་ཏེ། །འདི་ལ་སྐྲ་ཙམ་གཞག་པའི་གནས་མ་མ་མཆིས། །རྐང་གཉིས་མཆོག་ལ་མཆོད་པ་བགྱིད་ཀྱང་ནི། །ཁྱོད་ལ་རྒྱགས་པའམ་ངོ་མཚར་འགྱུར་མི་མི་མང་འ། །དེ་ལྟར་བར་སྣང་གི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་བྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ས་བླའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་གྱིར་ས་གཞི་ཐམས་ཅད་ལེགས་པར་ཕྱགས་ཏེ་བྱུགས་ནས་སྤོས་ཆུས་ཆག་ཆག་བཏབ་སྟེ། མེ་ཏོག་གིས་ཆལ་བར་བཀང་ནས་རས་བཅོས་བུ་སྣ་ཚོགས་ཀྱི་བླརེ་བྲེས་ཏེ་དེ་བཞིན་གཤེགས་པ་ལ་ཕུལ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སྟོང་གསུམ་རྡོ་རྗེ་ལྟ་བུར་མི་ཤིགས་གནས་པར་གྱུར། །ང་འདིར་པགས་པ་ཤ་དང་རུས་པ་རྐང་སྐམས་ཀྱང ། །བྱང་ཆུབ་མ་རེག་ང་ནི་འདི་ནས་མི་ལྡང་ཞེས། །རྡོ་རྗེའི་གནས་ཀྱིས་དེ་ནི་བྱང་ཆུབ་སྙིང་པོར་བཞུགས། །གལ་ཏེ་མི་ཡིསེང་གེ་ཁྱོད་ཀྱིས་སྟོང་གསུམ་ཀུན། །བྱིན་གྱིས་མ་བརླབས་ན་ནི་གང་དག་རྐང་མཐིལ་གྱིས། །བྱི་བའི་ཞིང་རྣམས་བསྐྱོད་པ་དེ་ལྟར་ཤུགས་ཆེ་བ། །བྱང་ཆུབ་སེམས་དཔའ་ལྷགས་ཚེ་མ་ལུས་ཞིག་པར་འགྱུར ། །ས་ཕྲོགས་གང་དུ་སེམས་ཅན་དམ་པ་འཆག་པ་ནི། །ས་ཡི་ལྷ་ཡིས་རྙེད་པ་རྒྱ་ཆེན་ལེགས་པར་རྙེད ། ། འཇིག་རྟེན་རྡུལ་རྣམས་ཇི་སྙེད་ཁྱོད་ཀྱིས་སྣང་བར་མཛད། །སྟོང་གསུམ་མཆོད་རྟེན་གྱུར་ན་ཁྱོད་སྐུ་སྨོས་ཅི་འཚལ། །འོག་གི་ཆུ་ཡི་ཕུང་པོ་བརྒྱ་སྟོང་ཇི་སྙེད་དང་།། ས་ཡི་སྟེང་ན་འགྲོ་བའི་འཚོབ་ཇི་སྙེད་པ། །སྟོང་གསུམ་ས་རྣམས་ཐམས་ཅད་བདག་ཅག་གཟུང་བར་བ་གྱི། །ཁྱོད་ལ་ཀུན་འབུལ་ཇི་ལྟར་བཞེད་བཞིན་སྤྱད་དུ་གསལ། །གང་དུ་ཁྱད་ནི་བཞུགུས་སམ་འཆག་གམ་མནལ་བ་དང ། ། གཽ་ཏམ་
46-430
བདེ་བར་གཤེགས་པའི་སྲས་པོ་ཉན་ཐོས་གང ། །ཆོས་གཏམ་སྨྲ་དང་གང་ཡང་དེ་དག་མཉན་པ་དང ། །དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་གྱིར་བསྔོ་འོ། །དེ་ལྟར་ས་བླའི་ལྷ་རྣམས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །མངོན་པར་བསྟོད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། ད་གེ་སློང་དག་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལྷ་རྣམས་ཀྱིས་བསྟོད་ཅིང་སྐྱིལ་མོ་ཀྲུང་མ་བཤིག་།སྤྱན་མི་འཇུམས་པར་ཤིང་གི་རྒྱལ་པོ་ལ་གཟིགས་ཤིང་བསམ་གཏན་དང་དགའ་བའི་ཟས་ཀྱི་བདེ་བ་མོང་བར་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞག་བདུན་འདས་པར་གྱུར་ཏོ། །དེ་ནས་ཞག་བདུན་འདས་པ་དང ། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་སྤོས་ཆུའི་བུམ་པ་ཁྲི་ཐོགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་ལྷགས ། །གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་སྤོས་ཆུའི་བུམ་པ་ཁྲི་ཐོགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་ཀྱི་ཤིང་དང ། དེ་བཞིན་གཤེགས་པ་ལ་སྤོས་ཆུས་བཀྲུས་ས་སོ། །ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་དེ་བཞིན་གཤེགས་པའི་སྐུ་ལ་ཕོག་པའི་སྤོས་ཆུ་དེས་རང་རང་གི་ལུས་ལ་བསྐུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དོ། །ལྷའི་བུ་ལ་སོགས་པ་དེ་དག་རང་རང་གི་གནས་སུ་གྱིན་ཀྱང་སྤོས་ཆུ་དེ་དང་མ་བྲལ་བར་གྱུར་ཏེ། སྤོས་གཞན་ལ་
46-431
འདོད་པ་མི་སྐྱེད་དོ། །དེ་དག་དེ་བཞིན་གཤེགས་པ་ལ་གུས་པར་ཡིད་ལ་བྱ་བ་ལས་སྐྱེས་པའི་དགའ་བ་དང ། མཚོག་ཏུ་དགའ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དགེ་སློང་དག་དེ་ནས་ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དེས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གང་དང་ལྡན་པས་དེ་བཞིན་གཤེགས་པ་ལ་དགུང་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགས་པའི་ཏིང་ངེ་འཛིན་དེའི་མིང་ཅི་ཞེས་བགྱི། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང ། དེ་བཞིན་གཤེགས་པ་དེས་ལྷའི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་ཏིང་ངེ་འཛིན་འདིའི་མིང་ནི་དགའ་བའི་ཟས་བཀོད་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་འདི་དང་ལྡན་པས་དེ་བཞིན་གཤེགས་པ་ཞག་བདུན་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགུས་སོ། །དགི་སློང་དག་དེ་ནས་ལྷའི་བུ་ཀུན་ནས་མེ་ཏོག་གིས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བ་ཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཞབས་ནི་འཁོར་ལོས་ཁྱབ་པ་པ་པོ། །པད་འདབ་རྡུལ་མེད་སྟོང་གཟི་ལྡན། །ལྷ་ཡི་ཅོད་པན་ཞབས་གཏུགས་པ། །དཔལ་སྟུག་ཞབས་ལ་ཕྱག་འཚལ་ལ་ལོ། །བདེ་གཤེགས་ཞབས་ལ་ཕྱག་འཚལ་ནས། །དེ་ཚེ་ལྷ་བུ་དེ་སེམས་དགའ། །ལྷ་མིན་རབ་ཏུ་ཞི་བྱེད་པ། །ཡིད་གཉིས་སིལ་བའི་ཚིག་འདི་སྨྲས། ། ཤཱཀྱའི་རིགས་ལ་དརྒྱེས་སྐྱེད་པ། །ཆགས་སྡང་གཏི་མྱུག་མཐར་འབྱིན་པ། །ཞུས་པ་རྣམས་ཀྱང་མཐར་འབྱིན་པ། །ལྷ་མིའི་དོགས་པ་བསལ་དུ་གསོལ། །དཔག་མེད་ཐམས་ཅད་མཁྱེན་པ་ཉིད ། །སངས་རྒྱས་སྟོབས་བཅུ་ཅི་སླད་དུ། །རྒྱལ་བ་དོག་སའི་སྙིང་པོར་ནི། །དགུང་བདུན་སྐྱིལ་མོ་ཀྲུང་མ་བཤིག་།འདབ་བརྒྱ་རྒྱས་
46-432
པའི་སྤྱན་མངའ་བ། །ཅི་ཞིག་གཟིགས་ན་དགུང་བདུན་དུ། །མི་ཡི་སེང་གེ་རྣམ་དག་སྤྱན། །སྤྱན་མི་འཇུམས་པར་གཟིགས་པ་མཛད ། །གང་གིས་ཤིང་རྒྱལ་དྲུང་དུ་ནི། །སྐྱིལ་ཀྲུང་མ་བཤིག་དགུང་བདུན་བཞུགས། །སྨོན་ལམ་འདི་ནི་ཁྱོད་ཀྱི་འམ། །སྨྲ་བའི་སིང་གེ་ཀུན་གྱི་ལགྱི་ལགས། །ཚེམས་ནི་མཉམ་ཞིང་རྣམ་དག་པ། །སྟོབས་བརྩུའི་ཞལ་ནི་དྲི་རབ་གད་འ། །མ་ནོར་ལེགས་པར་བཀའ་སྩོལ་ཏེ ། །ལྷ་དང་མི་རྣམས་དགའ་བར་མཛོད ། །ཟླ་འདྲའི་ཞལ་གྱིས་བཀའ་སྩལ་པ། །ངས་བཤད་ལྷ་ཡི་བུ་ཉོན་ཅིག་།ངས་ནི་དྲིས་པ་དེ་ཡི་ལན། །ཅུང་ཟད་ཙམ་ཞིག་བཤད་པར་བྱ། །དཔེར་ན་རྒྱལ་པོ་བྱོགས་གང་དུ། ། གཉརེན་གྱི་ཚོགས་ཀྱིས་དབང་བསྐུར་བ། །ཞག་བདུན་བར་དུ་ས་བྱོགས་དེ། །མི་འདོར་རྒྱལ་པོའི་ཆོས་ཉིད་དོ། །དེ་བཞིན་སྟོབས་བཅུ་མངའ་བ་ཡང ། །གང་ཚེ་སྨོན་རྫོགས་དབང་བསྐུར་བ། །ས་ཡི་སྙིང་པོར་ཞག་བདུན་དུ། །རྒྱལ་བ་སྐྱིལ་མོ་ཀྲུང་མི་འཇིག་།དཔེར་ན་དཔའ་བོ་དགྲ་ཚོགས་རྣམས། །མ་ལུས་ཕམ་བྱས་ལྟ་བ་ལྟར། །བྱང་ཆུབ་སྙིང་པོར་སངས་རྒྱས་ཀྱང ། །ཉོན་མོང་ས་བཅོམ་ནས་གཟིགས་པ་མཛད ། །གཏི་མྱུག་བྱུང་བའི་འདོད་དང་ཁྲོ། །དེ་དག་འགྲོ་བའི་དགྲ་འདྲ་སྟེ། །ཆོམ་པོ་ཆས་ནི་བཟང་འདྲ་བ། །དེ་དག་མ་ལུས་ངས་འདིར་བཤིག་།ངས་འདིར་ང་རྒྱལ་རྣམ་དགུ་དང ། །གནས་མེད་རློམ་སེམས་རབ་ཏུ་བཅོམ། །ཟག་པ་ཐམས་ཅད་རབ་ཏུ་སྤང་ས། །ང་ཡི་ཡེ་ཤེས་དམ་པ་སྐྱེས། ། ངས་འདིར་སྲེད་པའི་སྲིད་རྒྱུ་དང ། །མ་རིག་བྱ་མིན་བྲེད་པ་དེ། །བག་ཉལ་བ་ཅས་རྩ་དྲ་བ་རྣམས། །ཡེ་ཤེས་གསལ་བའི་མེ་ཡིས་བསྲེགས། །ངས་འདིར་ང་དང་ང་ཡི་དང ། ། ཉརེས་ཞགས་རིང་འགྲོ་རྩ་ཟུག་པ། །སྒྲིབ་པའི་མདུད་པ་དམ་པོ་དེ། །ཡེ་ཤེས་མཚོན་གྱིས་བ་ཅད་པར་གྱུར ། །ངས་འདིར་རིང་ནས་ངའི་
46-433
ལྡན་པ། །སླུ་བ་ཐ་མ་རྣམ་འཇིག་པ། །ལེན་པར་བ་ཅས་པའི་ཕུང་པོ་དེ། ། ཡེ་ཤེས་ཀྱིས་ནི་ཡོངས་སུ་ཤེས། ། གཉིས་སུ་ཆོང་ས་པ་ལོག་འཛིན་པ། །ཐ་མར་དམྱལ་འགྱུར་དེ་དག་རྣམས། །ངས་འདིར་མ་ལུས་བསལ་བྱས་ཏེ ། །ཕྱིན་ཆད་ནམ་ཡང་སྐྱེར་མི་འགྱུར ། །ངས་འདིར་དགེ་བའི་རྩ་བ་ཡི། །མེ་ཡིས་སྒྲིབ་པའི་ནགས་ཚལ་བསྲེགས། །ཕྱིན་ཅི་ལོག་ནི་རྣམ་བཞི་ཡང ། །ང་ཡིས་མ་ལུས་ངེས་པར་བསྲེགས། །འདུ་ཤེས་སྐུད་པས་བརྒྱུས་པ་ཡི། །རྣམ་རྟོག་ཕྲེང་བ་གནོད་བྲེད་པ། །ངས་འདིར་བྱང་ཆུབ་ཡན་ལག་གི ། །ཕྲེང་བ་སྣ་ཚོགས་རྣམས་ཀྱིས་བབློག་།བགྲོད་དཀའ་དྲུག་ཅུ་རྩ་ལྔ་དང ། །གཏི་མྱུག་སུམརྩུ་དྲི་མ་ཅན།། སྡིག་པ་དག་ནི་བཞི་བཞི་བཅུ་ངས། །ས་ཡི་སྙིང་པོ་འདིར་བསལ་ཏེ ། །ས་ཡི་སྙིང་པོར་འདུ་གུ་ནས་ང་ས། །སྣོམ་པ་མ་ཡིན་བཅུ་དྲུག་དང ། །ཁམས་ནི་རྣམ་པ་བ་ཅཱ་བརྒྱད་དང ། ཁྱབ་པ་ཉི་ཤུ་རྩ་ལྔ་བསལ། །ཉོན་མོང་ས་ཆུ་བོ་ཉི་ཤུ་དང ། ། འགྲོ་བ་འཇིགས་པ་ཉི་ཤུ་བརྒྱད ། །བརྩོན་འགྲུས་མཐུ་དང་བརྟུལ་བ་ཡིས། །ང་འདིར་དེ་དག་ཤིན་ཏུ་འདས། །དེ་བཞིན་སངས་རྒྱས་བསྦྱིང་ས་སྒྲོག་པ། །ལྔ་བརྒྱ་ངས་འདིར་ཡང་དག་རྟོགས། །བརྒྱ་ཕྲག་སྟོང་དུ་ཚང་བ་ཡི། །ཆོས་རྣམས་ང་ཡིས་ཡང་དག་རྟོགས། །ངས་འདིར་བག་ཉལ་མ་ལུས་པ། །དགུ་བཅུ་རྩ་བརྒྱད་རྩར་བ་ཅས་མཐའ། །ཀུན་ནས་ལྡང་བའི་ལོ་མ་རྣམས། །ཡེ་ཤེས་མེ་ཡིས་ངེས་པར་བསྲེགས། །དོགས་དང་ཡིད་གཉིས་ཀུན་འབྱུང་བ། །ལྟ་བའི་ཆུ་ཡིས་གང་གྱུར་པ། །མི་དགེ་ངོགས་ཅན་སྲེད་པའི་ཀླུང ། །ཤུགས་དྲ་ག་ཡེ་ཤེས་ཉི་མས་བསྐམས། །ཚུལ་འཆོས་པ་དང་ཁ་གསག་སྤང་ས། །སྒྱུ་དང་སེར་སྣ་ཕྲག་དོག་ལྡང ། །ཉོན་མོང་ས་དགོན་པ་དིང་འདིར་བ་ཅད ། །འདུལ་བའི་མེ་ཡིས་རབ་ཏུ་བསྲེགས། །འདིར་ནི་རྩོད་པའི་རྩུ་བ་དེ། །ངན་འགྲོ་ཉམ་ང་ར་འདེན་བྲེད་པ།།
46-434
འཕགས་ལ་སྐུར་པ་འདེབས་པའི་ཚིག་།ཡེ་ཤེས་མཆོག་གི་སྨན་གྱིས་བསྐྱུགས་།། ངས་འདིར་ཡེ་ཤེས་ཡོན་ཏན་དང ། །ཏིང་འཛིན་ཐོབ་ནས་ངུ་བ་དང ། །ཆོ་ངེ་འདོན་དང་མྱ་ངན་དང ། །སྨྲེ་བ་མ་ལུས་མཐའ་མར་ན། །ངས་འདིར་བདེན་ཚུལ་ཏིང་ངེ་འཛིན། །ཐོབ་ནས་ཆུ་བོ་སྤྱོར་བ་དང ། །མདུད་པ་མྱ་ངན་ཟུག་རྔུ་དང ། །རྒྱགས་དང་བག་མེད་ཀུན་ལས་རྒྱལ། །ངས་འདིར་ཉོན་མོངས་གཟིང་ས་པ་ཡི ། ། སྲིད་པའི་ལྗོན་ཤིང་རྟོག་རྩ་བརྟན། །དྲན་པའི་སྟ་རེས་མ་ལུས་པ་ར། ། བ་ཅད་ནས་ཡེ་ཤེས་མེ་ཡིས་བསྲེགས། །ངས་འདིར་ང་སྙམ་ང་རྒྱལ་ཏེ། །ཁམས་གསུམ་དབང་བྲེད་སྟོབས་ཆེ་བ། །གཡོན་ཅན་ཡེ་ཤེས་རལ་གྲིས་བཅོམ། །ལྷ་མིན་དབང་ལ་དབང་པོ་བཞིན། །དྲ་བ་མ་ལུས་སུམ་རྩུ་དྲུག་།འཇུག་པ་ས་ཡི་སྙིང་པོ་འདིར། །ཤེས་རབ་རལ་གྲི་སྟོབས་ལྡན་པས། །བ་ཅད་ནས་ཡེ་ཤེས་མེ་ཡིས་བསྲེགས། །ཉོན་མོང་ས་རྩ་བ་བག་ཉལ་བ་ཅས། །སྡུག་བསྔལ་མྱ་ངན་འབྱུང་དེ་དག་།ངས་འདིར་ཤེས་རབ་དམ་པ་ཡི། །ཐོང་ལྕགས་ཀྱིས་ནི་མ་ལུས་བཏོན།། རང་བཞིན་གྱིས་དག་སེམས་ཅན་གྱི། །ཤེས་རབ་མིག་འདིར་ང་ཡིས་སྦྱང་ས། ། ཡེ་ཤེས་མིག་སྨན་ཆན་པོ་ཡིས། །གཏི་མྱུག་ཡིང་ཏོག་རྒྱ་ཆེན་བསལ ། །འབྱུང་ཁམས་བཞི་པོ་རྒྱགས་པ་ཡི། ། ཆུ་སྲིན་གྱིས་དཀྲུགས་སྲེད་ཡང་ས་པ། ། སྲིད་པའི་རྒྱ་མཚོ་དྲན་པ་དང ། །ཞི་གནས་ཉི་མའི་འོད་ཀྱིས་བསྐམས། །ངས་འདིར་ཡུལ་གྱི་ཤིང་གི་ཚོགས། །རྣམ་རྟོག་དུད་འཐུལ་ཆགས་ཆེན་མེ། །རབ་ཏུ་འབར་བ་རྣམ་ཐར་ཆུ། །བསིལ་བའི་ཁུ་བས་བསད་པར་གྱུར། །ངས་འདིར་བག་ལ་ཉལ་བའི་སྤྲིན། །རོ་མྱང་གློག་འདྲ་རྣམ་རྟོག་འབྲུ་ག ། བཅོན་འགྲུས་སྟོབས་ཀྱི་རླུང་ཤུགས་ཀྱིས ། ། འདས་ཏེ་ཀུན་དུ་གཏོར་བར་གྱུར། །ངས་འདིར་དྲ་ན་པ་དྲི་མེད་པའི། །ཏིང་འཛིན་ཐོབ་ནས་སེམས་སྤྱོད་དགྲ། ། སྲིད་པའི་ཁོན་རྒྱུད་མ་
46-435
ལུས་པར། །ཤེས་རབ་རལ་གྲིའི་སྟོབས་ཀྱིས་བཅད ། །ངས་འདིར་རྒྱལ་མཚན་མཆོག་འཆང་བ། །ཤིང་རྟ་གླང་པོ་རྟས་མཐོ་བ། །གཟུགས་བསྒྱུར་བདུད་དཔུང་བརྩོན་པའི་སྡེ། །བྱམས་པ་ཐོབ་ནས་རྣམ་པར་བཅོམ། །མི་སྡུག་ཏིང་ངེ་འཛིན་ཐོབ་ནས། །ངས་འདིར་དབང་པོ་དྲུག་གི་རྟ། །འདོད་པའི་ཡོན་ཏན་ལྔས་རྟས་པ། །རྟག་ཏུ་རྒྱགས་ཡན་མ་ལུས་བཏགས། །སྨོན་མེད་ཏིང་ངེ་འཛིན་ཐོབ་ནས། །ངས་འདིར་རྗེས་སུ་ཆགས་པ་དང ། །ཁོང་ཁྲོ་བ་དང་འཐབ་པ་དང ། །རྩོད་སྤང་མ་ལུས་མཐའ་མར་གྱིན། །སྟོང་པའི་ཏིང་ངེ་འཛིན་ཐོབ་ནས། །ངས་འདིར་ཕྱི་དང་ནང་དག་གི ། །རློམ་སེམས་ཀུན་དང་རྟོག་པ་དང་།། རྣམ་པར་རྟོག་པ་ཡོངས་སུ་ཟད ། །མཚན་མེད་ཏིང་ངེ་འཛིན་ཐོབ་ནས། །ལྷ་མི་སྲིད་པའི་རྩེར་ཐུག་པའི། །བདེ་བ་ཐམས་ཅད་མ་ལུས་པ་ར། །ང་ཡིས་འདིར་ནི་ཡོངས་སུ་བཏང ། །ངས་འདིར་རྣམ་ཐར་གསུམ་ཐོབ་ནས། །ངས་འདིར་ཤེས་རབ་སྟོབས་ཀྱིས་ནི། ། སྲིད་པ་དག་གི་འཆིང་བ་ཀུན། །མ་ལུས་ཀུན་ལས་གྲོལ་བར་གྱུར། །ངས་འདིར་རྒྱུ་མཐོང་གྱུར་ནས་ནི། །རྟག་དང་མི་རྟག་འདུ་ཤེས་དང ། །བདག་དང་བདག་མེད་བདེ་སྡུག་བསྔལ། །རྒྱུ་ཡི་འདུ་ཤེས་གསུམ་ལས་རྒྱལ། །ངས་འདིར་ལས་ཀྱི་རྣམ་པ་དང ། །སྐྱེ་མཆེད་དྲུག་རྩ་ཀུན་འབྱུང་ལས། །བྱུང་བ་ཐམས་ཅད་ཤིང་དབང་དྲུང ། །མི་རྟག་པ་ཡིས་བསྣུན་ཏེ་བཅད ། །ངས་འདིར་ཡེ་ཤེས་ཉི་མ་ཡི། །གཏི་མྱུ་ག་མུན་པའི་རྙོག་པ་དང ། ། ལྟ་གྱུར་རྒྱགས་དང་ཁྲོས་གང་བ། །ཡུན་རིང་མྱཕྱིན་པ་བསལ་སྣང་བྱས། །ངས་འདིར་བརྩོན་འགྲུས་སྟོབས་ཀྱི་གྲུས། །འདོད་དང་ཆགས་པའི་ཆུ་སྲིན་ཅན། ། ང་ར་འཛིན་ལྟ་ངན་སྲེད་རླབས་ཆུ། །འཁོར་བའི་རྒྱ་མཚོ་ཆེ་ལས་རྒལ། །གང་རྟོགས་ཆགས་དང་གཏི་མྱུག་དང ། །སེམས་ཀྱི་རྣམ་པར་རྟོག་བསྲེགས་ཏེ། ། ཕྱེ་
46-436
ལེབ་ནགས་མེར་ལྷུང་འདྲ་བ། །ངས་འདིར་དེ་ནི་རྗེས་སུ་རྟོགས། །ང་འདིར་རིང་ནས་སོང་བ་ཡི། །བསྐལ་པ་དཔག་མེད་བྲེ་ཁྲག་ཁྲིག་།འཁོར་བའི་ལམ་གྱིས་ཉོན་མོང་ས་པ། །གདུང་བ་མེད་ནས་ང་ལ་ཡང་སོས། །འཇིག་རྟེན་ཕན་གྱིར་རྒ་ཤི་དང ། །མྱ་ངན་སྡུག་བསྔལ་མཐར་གྱིན་པ། ། ཕས་གོལ་ཀུན་གྱིས་མ་ཐོབ་པ། །བདུད་སྩ[༄\ུf]་དེ་ནི་ངས་འདིར་རྟོགས། ། སྲེད་ལས་བྱུང་བའི་སྐྱེ་མཆེད་ཀྱིས། །སྡུག་བསྔལ་ཕུང་པོས་སྡུག་བསྔལ་བ། །གྱིས་མི་འབྱུང་བ་འཇིགས་མེད་ཀྱི། །གྲོང་ཁྱེར་འདིར་ནི་ངས་ན་ཏོ། །ངས་འདིར་ནང་གི་དགྲ་ཆེན་པོ། ། ཁྱབ་པ་དེ་དག་རྗེས་སུ་རྟོགས། །རྟོགས་ནས་རབ་ཏུ་བསྲེགས་ཏེ་ངས། །དེ་དག་ཡང་བྱུང་གནས་མེད་བྱས། །བདུད་སྩིའི་དོན་དུ་བསྐལ་པ་ནི། །བྲེ་བ་ཁྲག་ཁྲིག་རང་གི་ཤ་།མིག་དང་རིན་ཆེན་མང་བཏང་བ། །དེ་འདིར་ང་ཡིས་རྗེས་སུ་རྟོགས། །སྔོན་གྱི་རྒྱལ་བ་དཔག་མེད་པས། །གང་སངས་རྒྱས་དེ་ངས་འདིར་རྟོགས། །གང་གི་སྙན་པ་ཉམས་དགའ་བ། །སྒྲ་ནི་འཇིག་རྟེན་རྣམས་སུ་གྲགས། །རྟེན་ནས་བྱུང་བའི་འགྲོ་བ་སྟོང ། །སེམས་ཀྱི་སྐད་ཅིག་གཅིག་ལ་འཇིག་།སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་འདྲ ། །དེ་འདིར་ང་ཡིས་རྗེས་སུ་རྟོགས། ། གང་གིས་ལག་པའི་མཐིལ་དུ་ནི། །ཤིང་ཏོག་བཞག་བཞིན་འཇིག་རྟེན་ཁམས།། ཐམས་ཅད་མཐོང་བའི་མིག་མཆོག་དེ། །ང་ཡིས་འདིར་ནི་དག་པར་བྱས། ། སྔོན་གྱི་གནས་ནི་ངས་འདིར་དྲ་ན། །རིག་པ་གསུམ་ཡང་ཐོབ་པར་གྱུར ། ། བསྐལ་པ་ཁྲག་ཁྲིག་དཔག་མེད་པ། །གཉིད་ཀྱིས་ལོག་ལས་སད་བཞིན་དྲ་ན། ། ལྷ་མི་ནོར་ཞིང་འདུ་ཤེས་ལོག་།ཕྱིན་ཅི་ལོག་གྱུར་གང་འབར་བ། །དེ་ཡང་དེ་བཞིན་མ་ནོར་བར། །ངས་འདིར་བདུད་རྩིའིསྙིང་ཁུ་འཐུང་ས། །གང་གི་དོན་དུ་སྟོབས་བཅུ་པོ། ། སེམས་ཅན་ཀུན་ལ་བྱམས་པ་བསྒོམས། །བྱམས་པའི་
46-437
སྟོབས་ཀྱིས་རྒྱལ་གྱུར་ནས། །ངས་འདིར་བདུད་སྩིའི་སྙིང་ཁུ་འཐུང་ས། །གང་གི་དོན་དུ་སྟོབས་བཅུ་པོ། །སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམས། །སྙིང་རྗེའི་སྟོབས་ཀྱིས་རྒྱལ་གྱུར་ནས། །ངས་འདིར་བདུད་སྩིའི་སྙིང་ཁུ་འཐུང་ས། །གང་གི་དོན་དུ་སྟོབས་བཅུ་པོ། ། སེམས་ཅན་ཀུན་ལ་དགའ་བ་བསྒོམས ། །དགའ་བའི་སྟོབས་ཀྱིས་རྒྱལ་གྱུར་ནས། །ངས་འདིར་བདུད་ཚིའི་སྙིང་ཁུ་འཐུང་ས། ། གང་གི་དོན་དུ་སྟོབས་བཅུ་པོ། །བསྐལ་པ་ཁྲག་ཁྲིག་བཏང་སྟོམས་བསྒོམས། ། བཏང་སྟོམསའདི་ཡི་སྟོབས་ཀྱིས་རྒྱལ། །ངས་འདིར་བདུད་ཚིའི་སྙིང་ཁུ་འཐུང་ས། །སྟོབས་བཅུ་གང་གང་གཱའི་བྲེ་མ་བས། །རབ་ཏུ་མང་བས་གང་གསོལ་པ།། སྔོན་རྒྱལ་སེང་གེས་སྔོན་གསོལ་པ། །བདུད་སྩིའི་སྙིང་ཁུ་ངས་འདིར་འཐུང་ས། ། རྒ་ཤི་མཐའ་མར་མ་གྱིན་པར། །སྐྱིལ་མོ་ཀྲུང་ནི་མི་གཞིག་ཅེས། །སྡེར་བ་ཅས་པ་ཡི་བདུད་མདུན་འདིར། །ང་ཡིས་ཚིག་ནི་གང་སྨྲས་པ། །ཡེ་ཤེས་རྡོ་རྗེ་བརྟན་འབར་བས། །ང་ཡིས་མ་རིག་པ་ཡང་བཅོམ། །སྟོབས་བཅུ་ཉིད་ནི་ཐོབ་པར་གྱུར། །དེ་ལྟ་བས་ན་སྐྱིལ་ཀྲུང་ག་ཞིག་།ང་ཡིས་དགྲ་བཅོམ་ཉིད་ཐོབ་སྟེ། །ང་ཡི་ཟག་པ་མ་ལུས་ཟད ། །བདུད་ཀྱི་སྡེ་ཡང་བཅོམ་པར་གྱུར། །དེ་ལྟ་བས་ན་སྐྱིལ་ཀྲུང་ག་ཞིག་།སྒྲིབ་པ་ལྔ་ཡི་སྒོ་གླེགས་རྣམས། །ང་ཡིས་འདིར་ནི་ཐམས་ཅད་བ་ཅག ། སྲིད་པའི་ཁྲི་ཤིང་རྣམས་ཀྱང་བ་ཅད ། །ང་འདིར་སྐྱིལ་མོ་ཀྲུང་གཞིག་གོ། །དེ་ནས་མི་ཡི་ཟླ་བ་དེ། །དལ་གྱིས་གད་ན་ལས་བཞེང་ས་ནས་ས་སུ།། ད་བང་བསྐུར་ཆེན་པོ་བཞེས་ནས་ནི། །སིང་གེའི་གད་ན་ལ་བཞུགས་པར་གྱུར། ། ལྷ་ཚོགས་རྣམས་ཀྱིས་རིན་ཆེན་སྣོད ། །སྟེང་ནས་སྤོས་ཆུ་སྣ་ཚོགས་ཀྱིས། ། སྟོབས་བརྩུ་ཡོན་ཏན་མཐར་ན་པ། །འཇིག་རྟེན་རྩ་ལག་སྐུ་ཡང་བསིལ། །བྲེ་བ་ཁྲག་ཁྲིག་ལྷ་རྣམས་དག་།ལྷ་མོ་ཁྲག་ཁྲིག་ལྷན་ཅིག་ཏུ། །ཀུན་ནས་རོལ་མོ་
46-438
སྟོང་དག་གིས། །མཆོད་པ་གཞལ་དུ་མེད་པ་བྲེད ། །དེ་ལྟར་ལྷ་ཡི་བུ་དག་ནི། ། ས་ཡི་སྙིང་པོ་ཞག་བདུན་དུ། །རྒྱལ་བའི་སྐྱིལ་ཀྲུང་མ་བཤིག་པ། །རྒྱུར་བཅས་རྐྱེན་བ་ཅས་གཞི་དང་བ་ཅ ། །དགེ་སློང་དག་དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ངས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ངས་འདིར་ཐོག་མ་མེད་པའི་སྐྱེ་བ་དང ། རྒ་བ་དང ། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་ཞག་བདུན་པ་དང་པོ་ལ་གད་ན་དེ་ཉིད་ལ་བཞུགས་ས་སོ། །ཞག་བདུན་པ་གཉིས་པའི་ཚེ་ནི་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རྒྱང་རིང་དུའཆགས་པས་འཆག་གོ། །ཞག་བདུན་པ་གསུམ་པའི་ཚེ་ནི་དེ་བཞིན་གཤེགས་པ་ངས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐོག་མ་མེད་པའི་སྐྱེ་བ་དང ། རྒ་བ་དང ། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མིའཇུམས་པར་གཟིགས ། །ཞག་བདུན་པ་བཞི་པའི་ཚེ་ནི་དེ་བཞིན་གཤེགས་པ་ཤར་གྱི་རྒྱ་མཚོ་ནས་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བའི་འཆགས་པས་འཆག་གོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། དེ་ནས་བདུད་སྡིག་ཅན་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་གྱིན་ནས། དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་ལགས་ཀྱིས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་གསོལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་གསོལ། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང ། དེ་
46-439
བཞིན་གཤེགས་པས་བདུད་སྣིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ངའི་དགེ་སློང་གནས་བརྟན་གནས་བརྟན། དུལ་བ། གསལ་བ། བྱང་བ། བག་ཚ་བ་མེད་པ། མང་དུ་ཐོས་པ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ཞུགས་པ། བདག་ཉིད་སླབ་དཔོན་དུ་སྒྲོགས་པ་དང ། ཕས་ཀྱི་གོལ་བ་བྱུང་བ་རྣམས་ཆོས་དང་འཐུན་པས་ཚར་བ་ཅད་དེ་ད་པར་བྱས་ནས་ཆོ་འཕྲུལ་དང་བ་ཅས་པའི་ཆོས་སྟོན་པར་ནུས་པ་དག་མ་བྱུང་གི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། །སྡིག་ཅན་ངས་འཇིག་རྟེན་དུ་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་སྒྲ་བཞག་པར་མ་གྱུར་པ་དང ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་གྱི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འད་འོ། ། སྡིག་ཅན་ངའི་འཁོར་བཞི་པོ་དུལ་བ། གསལ་བ། བྱང་བ། བག་ཚ་བ་མེད་པ་ནས་ཚོ་འཇུལ་དང་བ་ཅས་པའི་ཆོས་སྟོན་པའི་བར་དུ་ནུས་པ་དག་བྱུང་བ་མ་གྱུར་གྱི་བར་དེ་སྲིད་དུ་ང་ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ནས་བདུད་སྡིག་ཅན་གྱིས་ཚིག་དེ་སྐད་ཐོས་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། བྱོགས་གཅིག་ཏུ་སོང་ནས་འདུག་སྟེ་མགོ་སྨད་ནས་མདས་ས་ལ་རི་མོ་འདྲི་ཞིང་བདག་གི་ཡུལ་ལས་འདས་སོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བདུད་ཀྱི་བུ་མོ་དགའ་མ་དང ། མི་དགའ་མ་དང ། སྲེད་མ་གསུམ་གྱིས་བདུད་སྔིག་ཅན་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་ཇི་ལྟར་ཐུགས་མི་དགྱིས། །མིགང་ལགས་པ་བཀའ་སྩོལ་དང ། །འདོད་ཆགས་ཞགས་པས་དེ་བཅིངས་ནས། །གླང་པོ་བཞིན་དུ་དགུག་པར་བ་གྱི། །བཀུག་ནས་དེ་ནི་མྱུར་དུ་ཡང ། །ཁྱོད་ཀྱི་དབང་དུ་འགྱུར་བར་བ་གྱི། ། དེ་ལ་ཐུགས་ངན་འོ་བརྒྱལ་འོར། །དགྱིས་པ་རྒྱ་ཆེན་བརྙེས་པར་
46-440
འགྱུར། །བདུད་ཀྱིས་སྨྲས་པ། འཇིག་རྟེན་དགྲ་བཅོམ་བདེ་བར་གཤེགས། ། འདོད་ཆགས་དབང་དུ་དེ་མི་འགྲོ། །ང་ཡི་ཡུལ་ལས་ཤིན་ཏུ་འདས། །དེ་བས་ང་ནི་མྱ་ངན་ཆེ། །དེ་ནས་དེ་དག་གིས་དེ་བཞིན་གཤེགས་པའི་མཐུ་བྱང་ཆུབ་སེམས་དཔའི་མཛད་པ་སྔ་ནས་ཀྱང་ཤེས་མོད་ཀྱི། བུད་མེད་ཀྱིས་མི་བརྟན་པས་ཕའི་ཚིག་མ་མཉན་ཏེ། བུ་ཅིག་བསྟས་ཙམ་གྱི་ན་ཚོད་ཀྱིས་དྲ་ལ་བབ་པར་སྒྱུར་ནས། མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་གྱིར། དེ་བཞིན་གཤེགས་པའི་གན་དུ་དོང་བ་དང ། དེ་བཞིན་གཤེགས་པས་དེ་དག་ཡིད་ལ་མ་མཛད་པར་དེ་དག་རྒ་བས་འཁོགས་པར་བྱིན་གྱིས་བརླབས་ས་སོ། །དེ་ནས་དེ་དག་ཕའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །དེ་ནི་ཆགས་པས་མི་བགྲི་སྟེ། །ང་ཡི་ཡུལ་ལས་ཤིན་ཏུ་འདས། །དེ་བས་མྱ་ང་ནང་ཆེ་ཞེས། །ཡབ་ཀྱིས་བདག་ཅག་གསུངས་པ་མ་ད། ། རྒ་ཏ་མ་ནི་བརླག་པའི་ཕྱིར། །བདག་ཅག་རྣམས་ཀྱིས་གང་སྤྲུལ་པ། །གཟུགས་ལ་གལ་ཏེ་དེ་ལྟ་ན ། །དེ་ཡི་དེ་སྙིང་འགས་པར་འགྱུར། །ཡབ་བདག་ཅག་གི་ལུས་རྒ་བས་འཁོགས་པ་འདི་མ་མཆིས་པར་མཛད་དུ་གསོལ། །བདུད་ཀྱིས་སྨྲས་པ། གང་ཞིག་སངས་རྒྱས་བྱིན་གྱིས་བརླབས་ནི་གཞན་དུ་སྒྱུར་བར་བར་བྲེད་ནུས་པ། །རྒྱུ་དང་མི་རྒྱུ་དག་གི་འཇིག་རྟེན་དག་ན་མི་དེ་ངས་མ་མཐོང ། །མྱུར་དུ་སོང་སྟེ་ཐུབ་པ་དེ་ལས་རང་བྱསཉེས་པ་ཤོགས་ཤིག་དང ། །དེ་ནི་ཁྱོད་ཀྱིས་བསམ་པ་བཞིན་དུ་སྔོན་གྱི་ལུས་སུ་སྐྱུར་བར་འགྱུར། །དེ་ནས་དེ་དག་དོང་སྟེ་བདག་ཅག་གིས་བཅོམ་ལྡན་འདས་ལ་སྐུ་བརྙས་བགྱི་བར་བསམས་པས། བཅོམ་ལྡན་འདས་ཇི་ལྟར་བྱིས་པ་རྣམས་དང ། ཇི་ལྟར་གླེན་པ་རྣམས་དང ། ཇི་ལྟར་མི་གསལ་བ་མི་མཁས་ཤིང་མ་འཚལ་བ་རྣམས་ལྟར་བདག་ཅག་ནོང་ས་པ་ཅན་དུ་གཟུང་དུ་གསོལ། བདེ་བར་གཤེགས་
46-441
པ་བདག་ཅག་ནོང་ས་པ་ཅན་དུ་གཟུང་དུ་གསོལ། ཞེས་དེ་བཞིན་གཤེགས་པ་ལ་བཟོད་པར་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པས་དེ་དག་ལ་ཚིགས་སུ་བ་ཅད་པས་བཀའ་སྩལ་པ། །སེན་མོས་རི་ལ་པུ?་བ་དང ། །སོ་ཡིས་ལྕགས་ནི་བ་ཅའ་བ་དང ། །མགོ་ཡིས་རི་ནི་དབུག་པ་དང ། གཏིང་མི་དཔོགས་ལ་དཔོག་པར་འདོད ། །དེ་ལྟ་བས་ན་བུ་མོ་ཁྱེད ། །ཉེས་པ་ཅན་དུ་ངས་གཟུང་ངོ ། །དེ་ཅིའི་གྱིར་ཞེ་ན ། གང་ཉེས་པ་ལ་ཉེས་པར་མཐོང་ནས་འཆགས་ཤིང་གྱིན་ཆད་ཀྱང་སྣོམ་པར་བྲེད་པ་དེ་ནི་འཕགས་པའི་ཚོས་འདུལ་བ་ལ་འཕེལ་བར་འགྱུར་རོ། །དགེ་སློང་དག་ཞག་བདུན་པ་ལྔ་པ་ལ་ཞག་བདུན་ཡུལ་ངན་ཆེན་པོ་བྱུང་བའི་ཚེ་ན། དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ན་བཞུགས་སོ། །དེ་ནས་ཀླུའི་རྒྱལ་པོ་བཏང་བཟུང་བཅོམ་ལྡན་འདས་ཀྱི་སྐུ་ལ་གྲང་བ་དང་རླུང་གིས་ཕོག་ཏུ་འོང་ཞེས་རང་གི་གནས་ནས་བྱུང་སྟེ། ལུས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་ལན་བདུན་དུ་དགྲིས་ནས་མགོའི་གདེང་ས་ཀ་རྣམས་ཀྱིས་བཀབ་བོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་གྲང་བ་དང་རླུང་གིས་ཕོག་ཏུ་འོང་ངོ་ཞེས་ཤར་ཕྱོགས་ནས་ཀྱང་ཀླུའི་རྒྱལ་པོ་གཞན་མང་དུ་ལྷགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་ལུས་རྣམས་ཀྱིས་ལན་བདུན་དུ་དགྲིས་ནས་མགོའི་གདེང་ས་ཀ་རྣམས་ཀྱིས་བཀབ་བོ། །ཤར་བྱོགས་ནས་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་ལ་གྲང་བ་དང་རླུང་གིས་ཕོག་ཏུ་འོང་ངོ་ཞེས་ལྷོ་དང་ནུབ་དང་བྱང་བྱོགས་ནས་ཀྱང་ཀླུའི་རྒྱལ་པོ་རྣམས་ལྷགས་ནས་དེ་བཞིན་གཤེགས་པའི་སྐུ་ལ་ལུས་རྣམས་ཀྱིས་ལན་བདུན་དུ་དགྲིས་ཏེ་མགོའི་གདེངས་ཀ་རྣམས་ཀྱིས་བཀབ་བོ། །ཀླུའི་རྒྱལ་པོའི་ཕུང་པོ་དེ་ནི་རིའི་དབང་པོ་ལྷུན་པོ་ལྟར་མཐོན་པོར་གནས་པར་གྱུར་ཏོ། ། ཀླུའི་རྒྱལ་པོ་དེ་དག་གིས་ཀྱང་ཇི་ལྟར་ཉིན་བདུན་མཚན་བདུན་དུ་དེ་བཞིན་
46-442
གཤེགས་པའི་སྐུ་དེ་ལ་རེག་པར་གྱུར་པ་དེ་ལྟ་བུའི་བདེ་བ་དེ་དག་གིས་སྔོན་ནམ་ཡང་མ་རྙེད་དོ། །དེ་ནས་ཞག་བདུན་འདས་ནས་ཀླུའི་རྒྱལ་པོ་དེ་དག་གིས་ཡུལ་ངན་མེད་པར་ཤེས་ཏེ། དེ་བཞིན་གཤེགས་པའི་སྐུ་ལས་ལུས་བཀྲོལ་ནས། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། རང་རང་གི་གནས་སུ་དོང་ང་ངོ ། །ཀླུའི་རྒྱལ་པོ་བཏང་བཟུང་ཡང་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་རང་གི་གནས་སུ་ཞུགས་སོ། །ཞག་བདུན་པ་དྲུག་པའི་ཚེ་ནི་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ནས་ཤིང་ཀྱ་གྲོ་དྷ་ར་སྐྱོང་གི་དྲུང་དུ་བཞུད་དོ། །ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་དང་ཤིང་ཀྱ་གྲོ་དྷྭ་ར་སྐྱོང་གི་བར་དུ་རླུང་རྣཻརན་ཛ་ནའི་ངོགས་སུ་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དང ། ཉན་ཐོས་རྒན་པོ་དང ། རྒཽཾ་ཏ་མ་དང ། གཅེར་བུ་པ་དང ། ཀུན་དུ་འཚོ་བ་པ་ལ་སོགས་པས་དེ་བཞིན་གཤེགས་པ་མཐོང་ནས། བཅོམ་ལྡན་འདས་རྒ་ཏ་མས་ཞག་བདུན་པ་ཡུལ་ངན་ཆེན་པོའི་དུས་འདི་བདེ་བས་བདེ་བར་འདས་པར་བྱས་སམ་ཞེས་འཇེར་ཏོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་དེའི་ཚེ་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །ཆོས་ཐོས་པ་དང་མཐོང་བ་དང ། ། དཔོན་པར་དགའ་བ་བདེ་བ་ཡིན། ། སྲོག་ཆགས་འབྱུང་པོ་རྣམས་ལ་བལྡམས། ། གནོད་པ་མི་བྱེད་འཇིག་རྟེན་བདེ། །སྡིག་པ་རྣམས་ལས་རབ་འདས་པ། ། འདོད་ཆགས་བྲལ་བ་འཇིག་རྟེན་བདེ། །ང་སྙམ་ང་རྒྱལ་གང་འདུལ་བ། །དེ་ནི་མཆོག་ཏུ་བདེ་བ་ཡིན། །དགེ་སློང་དག་དེ་བཞིན་གཤེགས་པས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ཀྱི་[--་]སྒྱུ་
46-443
འཇིག་རྟེན་ཀུན་དུ་འབར་ཞིང་རབ་ཏུ་འབར་བར་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆེད་དུ་རྗོད་པ་འདི་ཆེད་དུ་བརྗོད་དོ། །སྒྲ་རེག་རོ་དང་གཟུགས་དང་དྲི་རྣམས་ཀྱིས། །འཇིག་རྟེན་འདི་ནི་ཀུན་དུ་གདུང་ས་པར་གྱུར། ། སྲིད་པས་འཇིགས་ཀྱང་སྲིད་པའི་སྲེད་པ་ཡིས། །ཕྱིར་ཞིང་སྲེད་པ་ཚོལ་བར་བྲེད་པ་ཡིན། །ཞག་བདུན་པ་བདུན་པའི་ཚེ་ནི་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས ། །དེའི་ཚེ་བྱང་བྱོགས་པའི་ཚོང་པ་ག་གོན་དང་བཟང་པོ་ཞེས་བྱ་བ་མཁས་པ་གསལ་བ་སྦུན་གཉིས་རྙེད་པ་ཆེན་པོ་རྙེད་ནས། ཟོང་རྣམ་པ་མང་པོ་ཐོགས་ཏེ། འགྲོན་པ་ཕལ་པོ་ཆེ་དང ། ཤིང་རྟ་ཤིན་ཏུ་གང་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ལྷོ་བྱོགས་ནས་བྱང་ཁྱོགས་སུདོང་ངོ ། །དེ་གཉིས་ལ་གླང་བུ་ཅང་ཤེས་ལེགས་སྐྱེས་དང་གྲགས་པ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་ལ་ཐོགས་པའི་འཇིགས་པ་མེད་དེ་གང་དུ་གླང་བུ་གཞན་མི་ཐར་བ་དེར་དེ་གཉིས་གཏོང་ངོ ། །གང་དུ་མདུན་རོལ་ན་འཇིགས་པ་ཡོད་པ་དེར་དེ་གཉིས་ཕུར་པ་ལ་བཏགས་པ་བཞིན་དུ་འདུག་གོ། །དེ་གཉིས་ལ་ལྕག་གིས་མི་འཇུའི་མེ་ཏོག་ཨུད་པ་ལ་སྤར་གང་ང་མ། སྣ་མའི་མེ་ཏོག་གི་ཕྲེང་བས་དེ་གཉིས་དེད་དོ། །ཤིང་སྒྲོལ་རྒྱུ་དང་ཉརེ་བ་ཞིག་ཏུ་ཤིང་འོ་མ་ཅན་གྱི་ནགས་ན་གནས་པའི་ལྷ་མོས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པས། དེ་དག་གི་ཤིང་རྟ་དེ་དག་ཐམས་ཅད་མི་འགྲོ་སྟེ། འབྲེང་པ་ལ་སོགས་པ་ཤིང་རྟའི་ཆ་རྐྱེན་ཐམས་ཅད་ཀྱང་ཆད་གྲུགས་སོ། །ཤིང་རྟའི་འཕང་ལོ་རྣམས་ཀྱང་ལྟེ་བ་ལ་ཐུག་པར་སའི་ནང་དུ་ནུབ་སྟེ། ཐམས་ཅད་ཀྱིས་རབ་ཏུ་བསྒྲིམས་ཀྱང་ཤིང་རྟ་དེ་དག་འགྲོ་བར་མ་གྱུར་ནས། ཁ་ཅིག་ངོ་མཚར་དང་སྐྲག་པར་གྱུར་ཏེ། ཤིང་རྟ་འདི་དག་ཐང་ལ་ཡང་ཐོགས་པར་གྱུར་པ་འདི་ལ་རྒྱུ་ནི་ཅི་ཞིག་ཡོད ། འདིའི་འགྱུར་བ་ནི་ཅི་ཞིག་ཡིན་སྙམ་ནས།
46-444
དེ་དག་གིས་གླང་བུ་ལེགས་སྐྱེས་དང་གྲགས་པ་དེ་གཉིས་འདྲེན་དུ་བཅུག་སྟེ། མེ་ཏོག་ཨུད་པ་ལ་སྤར་གང་དང ། སྣ་མའི་མེ་ཏོག་གི་ཕྲེང་བས་བད་ས་ཀྱང་འགྲོ་བར་མ་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་གྱ[༄\ུf]ར་འདི་གཉིས་ཀྱང་མི་འགྲོ་བ་ལས་མདུན་ན་འཇིགས་པ་འགའ་ཞིག་འབྱུང་དུ་གདོན་མི་ཟའོ་སྙམ་ནས། དེ་དག་གིས་ས་འདྲུ་བ་རྟ་པ་དག་སྔར་བཏང་ངོ ། །ས་འཁྲུ་བ་རྟ་པ་རྣམས་སླར་ལོག་ནས་འཇིགས་པ་ཅི་ཡང་མེད་ཅེས་སྨྲས ། །ལྷ་མོ་དེས་ཀྱང་རང་གི་གཟུགས་བསྟན་ནས་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ང་ངོ ། །གླང་བུ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཤིང་རྟ་དྲང་ས་པ་དང ། དེ་དག་གིས་དེ་བཞིན་གཤེགས་པ་མེ་ལྟར་རབ་ཏུ་འབར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཇིས་ཀྱི་མཚན་གྱིས་ལེགས་པར་བརྒྱན་པ། ཉི་མ་ཤར་ནས་རིང་པོར་མ་ལོན་པ་ལྟ་བུ་དཔལ་གྱིས་འབར་བ་མཐོང་ང་ངོ ། །མཐོང་ནས་ཀྱང་དེ་དག་ངོ་མཚར་དུ་གྱུར་ཏེ། འདི་ནི་ཅི་ཞིག་ཚང་ས་པ་འདིར་གྱི་ན་ཏམ ། འོན་ཏེ་ལྷའི་དབང་པོ་བརྒྱ་བྱིན་ནམ། འོན་ཏེ་རྣམ་ཐོས་ཀྱི་བུའམ། འོན་ཏེ་ཉི་མ་དང་ཟླ་བའམ། འོན་ཏེ་རིའི་ལྷ་འགའ་ཞིག་གམ། རླུང་གི་ལྷ་འགའ་ཞིག་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པས་ན་བཟའ་ངུར་སྨྲིག་རྣམས་བསྟན་ཏོ། །དེ་ནས་དེ་དག་གིས་ངུར་སྨྲིག་བགོས་པ་འདི་ནི་རབ་ཏུ་བྱུང་བ་ཡིན་གྱིས་བདག་ཅག་འཇིགས་པ་མེད་དོ་ཞེས་སྨྲས་ཏེ། དེ་དག་ད་པ་ཐོབ་ནས་ཡང་ཕན་ཚུན་དུ་སྨྲས་པ། རབ་ཏུ་བྱུང་བ་འདི་ནི་དུས་སུ་ཟ་བ་ཡིན་ན། ཅུང་ཟད་ཅི་ཡོད ། སྨྲས་པ། སྤྲང་རྩི་དང ། སྐྱོ་མ་དང ། བུ་རམ་ཤིང་བཤུས་པ་ཡོད་དོ། །དེ་དག་གིས་སྤྲང་རྩི་དང ། སྐྱོ་མ་དང ། བུ་རམ་ཤིང་བཤུས་པ་ཁྱེར་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ན་པ་དང ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
46-445
ལན་གསུམ་བསྐོར་བ་བྱས་ནས་བྱོགས་གཅིག་ཏུ་འཁོད་དོ། །བྱོགས་གཅིག་ཏུ་འཁོད་ནས་ཀྱང་དེ་དག་གིས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོང་ས་ཏེ་སྤྱན་གཟིགས་འདི་བཞེས་སུ་གསོལ།དགེ་བློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། བདག་གིས་ལག་པས་འདི་བླངས་ན་ནི་མ་ལེགས་ན་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྣོད་ཇི་ལྟ་བུས་བཞེས་སྙམ་ནས་མཁྱེནཔ་འཇུག་པར་གྱུར་ཏོ། །དགེ་བློང་དག་དེ་ལྟར་དེ་བཞིན་གཤེགས་པའི་སྐབས་ཀྱི་དུས་ལ་བབ་པར་རིག་ནས་སྐད་ཅིག་དེ་ཉིད་ལ་བྱོགས་བཞི་ནས་རྒྱལ་པོ་ཆེན་པོ་བཞི་གསེར་གྱི་ལྷུང་བཟེད་བཞི་ཐོགས་ཏེ། ལྷགས་ནས་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོང་ས་ཏེ། གསེར་གྱི་ལྷུང་བཟེད་བཞི་པོ་འདི་དག་བཞེས་སུ་གསོལ་ཞེས་ཕུལ་ལོ། །དེ་དག་དགེ་སྤྱོང་གི་ཆ་མ་ཡིན་པར་དགོངས་ནས། དེ་བཞིན་གཤེགས་པས་མ་བཞེས་ས་སོ། །དེ་བཞིན་དུ་དངུལ་གྱི་བཞི་དང ། ཟཻ་ཁཱུརྱའི་དང ། ཤེལ་དང ། སྤུག་དང ། རྡོའི་སྙིང་པོ་ལས་བྱས་པ་བཞི་བཞི་དང ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ལྷུང་བཟེད་བཞི་ཐོགས་ཏེ། དེ་བཞིན་གཤེགས་པ་ལ་ཕུལ་ན་ཡང་དགེ་སྤྱོང་གི་ཆ་མ་ཡིན་པར་དགོང་ས་ཏེ། དེ་བཞིན་གཤེགས་པས་མ་བཞེས ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོང་ས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལྷུང་བཟེད་རྣམ་པ་ཅི་འདྲ་བ་དག་གིས་བཞེས་སྙམ་དགོང་ས་ན། རྡོའི་སྟུང་བཟིད་རྣམས་ཀྱིས་བཞེས་པར་མཁྱེན་ནས། དེ་བཞིན་གཤེགས་པས་དེ་ལྟ་བུའི་ཐུགས་བསྐྱེད་པ་དང ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོ་ཆེན་པོ་གཞན་གསུམ་ལ་སྨྲས་\ུf\ུfབས་པ། གྲོགས་པོ་དག་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་
46-446
བདག་ལ་རྡོའི་ལྷུང་བཟིད་བཞི་བྱིན་པ་དང ། དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ ། འདི་སྤྱད་པར་བྱའོ་སྙམ་པ་དང ། དེ་ནས་སྔོན་པོའི་རིས་ཀྱི་ལྷའི་བུ་རྣམ་པར་སྣང་བྲེད་ཅེས་བྱ་བ་དེས་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྣོད་འདི་དག་སྤྱད་པར་མ་བྱ་བར། །འདི་དག་ཚོང་ས་ཤིག་མཚོད་རྟེན་གྲགས་པར་འགྱུར། །ཤཱཀྱ་ཐུབ་ཅེས་བྱ་བའི་རྒྱལ་བ་འབྱུང ། །དེ་ལ་ལྷུང་བཟེད་འདི་དག་དབུལ་བ་གྱིས། །གྲོགས་པོ་དག་གིས་ཤཱཀྱ་ཐུབ་པ་ལ། །སྣོད་དབུལ་བ་ཡི་དུས་དང་ཚོད་ལ་བབ། །གླུ་དབྱང་ས་དག་དང་སིལ་སྙན་སྒྲ་ཕྱུང་སྟེ། །མཆོད་པ་བྱས་ནས་ལྷུང་བཟེད་དབུལ་བར་བྱ། །སྣོད་དེ་ཆོས་ཀྱི་རང་བཞིན་མི་ཤིགས་པ། ། སྣོད་འདི་རྡོ་བའི་རང་བཞིན་བཞེས་སུ་རུང ། །གཞན་གྱིས་བླང་བར་བཟོད་པ་མ་ཡིན་གྱིས ། །དནི་བདག་ཅག་དེ་དག་ལེན་དུ་འདོང ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་རང་གི་གཉེན་དང་འཁོར་དུ་བ་ཅས་ཏེ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། སིལ་སྙན་དང ། ཕེག་རྡོབ་པ་དང ། གླུ་དབྱང་ས་ལེན་ཅིང་རང་རང་གི་ལག་ཏུ་ལྷུང་བཟེད་དེ་དག་ཐོགས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་གྱིན་ནས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ། ལྷུང་བཟིད་དེ་དག་ལྷའི་མེ་ཏོག་གིས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། རྒྱལ་པོ་ཆེན་པོ་ད་པ་དང་ལྡན་པ་བཞི་པོ་འདི་དག་གིས་བདག་ལ་རྡོའི་ལྷུང་བཟིད་བཞི་ཕུལ་ན། བདག་ལ་ནི་བཞིར་མི་རུང་ལ། ཇི་སྟེ་གཅིག་གི་བླང་ས་ན་ནི་གསུམ་ཡང་མི་དགའ་བར་འགྱུར་ན། བདག་གིས་ལྷུང་བཟེད་བཞི་པོ་འདི་དག་བླང་ས་ཏེ་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབ་བོ་སྙམ་མོ།། ད་གེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཕྱག་གཡས་པ་བརྐྱང་སྟེ། རྒྱལ་པོ་
46-447
ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཚིགས་སུ་བ་ཅད་པས་བཀའ་སྩལ་པ།བདེ་བར་གཤེགས་ལ་ལྟུང་བཟིད་ཕུལ་ཅིག་དང ། །ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར། །ང་འདྲ་དག་ལ་ལྟུང་བཟིད་ཕུལ་བ་ནི། །དྲ་ན་དང་བློ་གྲོསནམས་ཀྱང་ཉམས་མི་འགྱུར། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོང་ས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལས་ལྷུང་བཟིད་བཞེས་སོ། །བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་དེ་བཞིན་གཤེགས་ལ་ལྷུང་བཟིད་ཕུལ ། །ནམས་ཀྱང་དྲ་ན་དང་ཤེས་རབ་ཉམས་མི་འགྱུར ། །བསིལ་དངོས་གོ་འཕང་སངས་རྒྱས་ཐོབ་བར་དུ། །བདེ་བས་བདེ་བར་དུས་རྣམས་ཟད་པར་བྲེད ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོང་ས་ཏེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལས་ལྷུང་བཟེད་བཞེས་སོ། །བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་ཚིགས་སུ་བ་ཅད་པས་བཀའ་སྩལ་པ། རྣམ་པར་དག་སེམས་དེ་བཞིན་གཤེགས་པ་ལ། །ཁྱོད་ཀྱིས་ཡོང་ས་དག་ལྷུང་བཟིད་ཕུལ་ཅིག་དང ། །ཁྱོད་ཀྱི་སེམས་ནི་མྱུར་དུ་དག་པར་འགྱུར། །ལྷ་མི་འཇིག་རྟེན་དག་ན་བསྔགས་པར་འོས ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོང་ས་ཏེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལས་ལྷུང་བཟེད་བཞེས ། །བཞེས་ནས་ཀྱང་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་ཚིགས་སུ་བ་ཅད་པས་བཀའ་སྩལ་པ། །སྐྱོན་མེད་སེམས་དང་ད་པས་སྐྱོན་མེད་སྣོད ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་སྐྱོན་མེད་ཅི་ང་།། ཚུལ་སྐྱོན་མེད་ལ་རབ་ཏུ་ཕུལ་ཅིག་དང ། །ཁྱོད་ཀྱི་སྤྱི་ན་པ་བསོད་ནམས་སྐྱོན་མེད་འགྱུར། །དགེ་སློང་དག་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོང་ས་ཏེ། །རྒྱལ་པོ་ཆེན་པོ་མིག་མི་བཟང་ལས་ལྷུང་བཟེད་བཞེས་སོ། །བཞེས་ནས་
46-448
ཀྱང་མོས་པའི་སྟོབས་ཀྱི་ལྟུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ང་ཡིས་སྔོན་གྱི་སྲིད་པར་སྣོད་ཀྱི་རྣམས། །བཟང་བྱས་འབྲས་བུས་རབ་ཏུ་བཀང་སྟེ་བྱིན། །དེ་ནས་ལྷུང་བཟིད་དབྱིབས་ལེགས་བཞི་པོ་འདི། ། རྫུ་འཇུལ་ཆེན་པོའི་ལྷ་བཞི་རྣམས་ཀྱིས་བྱིན། །དེ་ལ་འདི་སྐད་ཅེས་བྱ་སྟེ། །བརྟན་པ་དམ་པའི་དོན་དེ་དགོང་ས་པ་དེ།། ཞག་བདུན་བྱང་ཆུབ་ཤིང་མཆོག་གཟིགས་ནས་ནི། །སེང་གེའི་སྟབས་འདྲ་མི་ཡི་སེང་གེ་དེ། །ས་ནི་རྣམ་པ་དྲུག་ཏུ་བསྐྱོད་ནས་བཞེང་ས། །གླང་པོའི་དབང་ལྟར་ཀུན་ཏུ་དལ་གྱིས་གཤེགས། །རིམ་གྱིས་སྒྲོལ་རྒྱུའི་ཤིང་གི་དྲུང་བྱོན་ན་ནས། །ལྷུན་པོ་ལྟ་བུར་གཡོ་བ་མི་མངའ་བཞུག ། །ཐུབ་པ་བསམ་གཏན་ཏིང་ངེ་འཛིན་རྣམས་དགོང་ས། །དེ་ཡི་ཚེ་ན་ག་གོན་བཟང་པོ་སྦུན ། །གཉིས་དང་ཚོང་པའི་ཚོགས་དང་ཤིང་རྟ་ནི། །ནོར་གྱིས་གང་བ་དག་དང་ལྷན་ཅིག་ཏུ། །སཱ་ལའི་མེ་ཏོག་ནགས་ཚལ་རྒྱས་པར་ཞུགས། །དྲང་སྲོང་ཆེན་པོའི་གཟི་ཡིས་སྐད་ཅིག་ཏུ།། སྲོག་ཤིང་ཐུག་པར་འཕང་ལོ་ས་ནང་ནུབ། །དེ་དག་དེ་འདྲ་བ་ཡི་གནས་མཐོང་ནས། །ཚོང་པའི་ཚོགས་ནི་འཇིགས་པ་ཆེན་པོ་སྐྱེས། །དེ་དག་རལ་གྲི་མད་འ་དང་མདུང་ཐུང་ཐོགས། །ནགས་ན་རི་དགས་བཞིན་དུ་སུ་ཞེས་ཚོལ། ། སྤྲིན་མེད་འོད་ཟེར་སྟོང་ལྡན་འདྲ་བའི་རྒྱལ། །ཞལ་རས་སྟོན་གྱི་ཟླ་བ་འདྲ་བ་མཐོང ། །ཁྲོ་བ་སྤང་ས་ཤིང་རྒྱགས་པ་བསལ་ནས་སུ། །མགོ་བོས་ཕྱག་འཚལ་འདི་ནི་སུ་ཞེས་དཔོད ། །མཁའ་ལས་ལྷ་ཡིས་འདི་སྐད་ཚིག་སྨྲས་ཏེ། །འདི་ནི་སངས་རྒྱས་འཇིག་རྟེན་ཕན་དོན་མཛད ། །ཉིན་བདུན་མཚན་བདུན་བཟའ་དང་བཏུང་བ་དག་།ཐུགས་རྗེའི་བདག་ཉིད་འདི་ནི་མ་གསོལ་ཏོ། །གལ་ཏེ་བདག་གི་ཉོན་མོངས་ཞི་འདོད་ན། །སྐུ་དང་ཐུགས་བསྒོམས་འདི་ལ་བཤོས་གས་གསོལ་
46-449
ཅིག་།དེ་དག་གིས་ནི་སྒྲ་སྙན་དེ་ཐོས་ནས། །རྒྱལ་ལ་ཕྱག་འཚལ་བསྐོར་བ་བྱས་ནས་ནི། །དགའ་ནས་དེ་དག་གྲོགས་དང་ལྷན་ཅིག་ཏུ། །རྒྱལ་བ་བཤོས་གསོལ་བར་ནི་གྲོས་བ་ཅད་དོ། །དགེ་སློང་དག་དེའི་ཚེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱི་བའི་བྱུ་མཐའ་འཁོབ་ཀྱི་འོར་ཞིག་ན་གནས་སོ། །དེ་ནས་དེའི་ཚེ་བ་དེ་དག་བཞོས་ནས་མར་གྱི་སྙིང་ཁུ་བྱུང་བར་གྱུར་ཏོ། །དེ་ནས་བ་ལང་རྫི་དེ་དག་གིས་མར་གྱི་སྙིང་ཁུ་དེ་ཁྱེར་ནས། ཚོང་པ་ག་གོན་དང་བཟང་པོ་ག་ལ་བ་དེར་སོང་སྟེ་ན་ནས། དེ་དག་གིས་ཚུལ་སྨོས་ཏེ། བཙུན་པ་དག་མཁྱེན་པར་མཛད་དུ་གསོལ། ཁྱེད་ཀྱི་བ་ཐམས་ཅད་ནི་བཞོས་ན། མར་གྱི་སྙིང་ཁུ་བྱུང་ན་འདི་ཅི་དགེ་བ་ཞིག་ལགས་སམ། འོན་ཏེ་མ་ལགས། དེ་ན་བྲམ་ཟེ་ཟས་ལ་བརྐམ་པའི་རང་བཞིན་ཅན་དག་འདི་སྐད་ཅེས་འདི་ནི་དགེ་བ་མ་ཡིན་ཏེ། བྲམ་ཟེ་རྣམས་ལ་མཆོད་སྤྱིན་ཆེན་པོ་བྱ་དགོས་སོ་ཞེས་འཇེར་ཏོ། །དགེ་སློང་དག་དེའི་ཚེ་ཚོང་པ་ག་གོན་དང་བཟང་པོ་དག་གི་ཚེ་རབས་སྔ་མའི་སྣག་གི་གཉེན་མཚམས་བྲམ་ཟེ་རྨ་བྱ་ཞེས་བྱ་བ་ཚང་ས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དེས་བྲམ་ཟེའི་གཟུགས་སུ་སྤྲུལ་ནས། ཚོང་པ་དེ་དག་ལ་ཚིགས་སུ་བ་ཅད་དེ་སྨྲས་པ། ཁྱོད་ཀྱིས་སྔོན་ནི་སྨོན་བཏབ་པ། །བྱང་ཆུབ་བརྙེས་ནས་དེ་བཞིན་གཤིགས། །བདག་ཅག་རྣམས་ཀྱི་བཤོས་གསོལ་ཏེ། །ཚོས་ཀྱི་འཁོར་ལོ་བསྐོར་བར་ཤོག་།སྨོན་ལམ་དེ་ནི་རྫོགས་ཟིན་གྱིས ། །བྱང་ཆུབ་བརྙེས་པ་དེ་བཞིན་གཤེགས། །དེ་ལ་ཞལ་ཟས་ཕུལ་ཅིག་དང ། །གསོལ་ནས་འཁོར་ལོ་བསྐོར་བར་འགྱུར། །ཁྱེད་ཀྱི་བ་མར་སྙིང་ཁུ་བྱུང ། །ཤིན་ཏུ་བཀྲ་ཤིས་སྐར་མ་བཟང ། །དྲང་སྲོང་ཆེན་པོ་དེ་ཡི་ནི། །བསད་ནམས་ལས་ཀྱི་མཐུ་འདིའོ། །དེ་ལྟར་ཚོང་པ་བསྐུལ་ནས་ནི། ། རྨ་བྱ་རང་གི་གནས་སུ་སུ་སོང ། ག་གོན་ཞེས་ནི་བྱ་ལ་སོགས། །ཐམས་ཅད་ཡིད་
46-450
ནི་མགུ་བར་གྱུར། །བ་སྟོང་འོ་མ་ཇི་སྙེད་ཡོད་པ་དག་།དེ་ཀུན་མ་ལུས་པར་ནི་བསྡུས་ནས་ས་སུ། །དེ་ཡི་སྟེང་ནས་བྲིས་མ་བཞམ་བྱས་ཏེ། །དེ་དག་རབ་ཏུ་གུས་པར་ཞལ་ཟས་སྤྱོར། །རིན་ཆེན་གཞོང་པ་ཚིམ་བྲེད་ཅེས་བྱ་བ། ། ས?ང་གཅིག་ལ་ཡང་འབུམ་ཕྲག་གཅིག་རི་བ ། །ག་ཙང་མར་རབ་བཀྲུས་དྲི་མ་མེད་བྱས་ནས།། ཞལ་ཟས་ཀྱིས་ནི་ཁ་དཆད་དུ་བཀང ། །སྤྲང་རྩི་དང་ནི་རིན་ཆེན་གཞོང་ཐོགས་ཏེ། །སྒྲོལ་རྒྱུའི་ཤིང་གི་དྲུང་སོང་སྟོན་པ་ལ། ། བཚྱིན་པ་བཞེས་ཏེ་བདག་ཅག་སྨན་ཡང་ཐོགས། །ཞལ་ཟས་གྱ་ནོམ་པ་འདི་མནབས་སུ་གསོལ། །སྤུན་གཉིས་པོ་ལ་ཐུགས་བརྩེ་མཛད་པ་དང ། །བྱང་ཆུབ་ཞུགུས་པའི་སྔོན་གྱི་བསམ་མཁྱེན་ནེ་ནས། །སྟོན་པ་བཞེས་པ་མཛད་དེ་ཞལ་ཟས་གས་གསོལ། །གསོལ་ནས་གཞོང་པ་ནམ་མཁའི་དཀྱིལ་དུ་བོར ། །ལྷ་ཡི་བུ་ཕོ་རབ་ཚང་ས་ཞེས་བྱ་བ། །དེ་ཡིས་རིན་ཆེན་གཞོང་པ་མཆོག་དེ་བླང་ས། །དེས་དེ་དུང་ཚང་ས་པའི་འཇིག་རྟེན་ན། ། ལྷ་གཞན་གྲོགས་དང་ལྷན་ཅིག་མཆོད་པ་བྲེད།།དེ་ནས་དེའི་ཚེ་དེ་བཞིན་གཤེགས་པས་ཚོང་པ་ག་གོན་དང་བཟང་པོ་དེ་དག་ལ་འདི་དག་གིས་རབ་ཏུ་དགའ་བར་མཛད་དོ། །ལྷ་ཡི་བཀྲ་ཤིས་དོན་སྒྲུབ་ཅིང ། །བྱོགས་རྣམས་བཀྲ་ཤིས་བྲེད་པ་དེས། །ཁྱེད་ཀྱི་དོན་རྣམས་གྲུབ་གྱུར་ཅིག་།ཐམས་ཅད་མྱུར་དུ་འཐུན་པར་ཤོག་།ཕྲེང་བ་མགོ་ལ་འདུག་པ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག ། གཡོན་ནའང་དཔལ་ནི་གནས་གྱུར་ཅིག་།ཡན་ལག་ཀུན་ནའང་དཔལ་ཡོད་ཤོག། ཚོང་པ་དག་ནི་ནོར་ཚོལ་ཞིང ། །བྱོགས་བཅུ་དག་ཏུ་འགྲོ་བ་རྣམས། །རྙེད་པ་ཆེན་པོ་རྙེད་གྱུར་ཅིང ། །དེ་དག་བདེ་བ་སྐྱིད་པར་ཤོག་།དགོས་པ་ལ་ལ་གང་གི་གྱིར། །ཤར་བྱོགས་སུ་ནི་འགྲོ་བ་ན། །གང་དག་བྱོགས་དེར་གནས་པ་ཡི ། ། གྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག་།སྨིན་དྲུག་དང་ནི་སྣར་མ་དང ། །མགོ་དང་ལག་
46-451
དང་ནབ་སོ་དང ། །རྒྱལ་དང་སྐག་ཅེས་བྱ་བ་སྟེ། །དེ་དག་རྣམས་ནི་ཤར་ཕྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། ། ཤར་བྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུང་ས། །དེ་དག་བདག་པོ་རྒྱལ་པོ་ནི། །ཡུལ་འཁོར་སྲུང་ཞེས་གྲགས་པ་སྟེ། །དེ་ནི་དྲི་ཟ་ཀུན་གྱི་བདག་།ཉི་མ་ལྷན་ཅིག་སྲུང་བར་ཤོག་།དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང ། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།ཤར་བྱོགས་ལོགས་ཀྱི་བྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྒྱལ་དང་རྣམ་པར་རྒྱལ་མ་དང ། །དོན་གྲུབ་མ་དང་མི་འཕམ་དང ། །དགའ་མཆོག་མ་དང་དགའ་སྡེ་དང ། །དགའ་ཅན་མ་དང་དགའ་འཕེལ་མ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་བར་ཤོག་།ཤར་བྱོགས་ལོགས་ཀྱི་བྱོགས་ཆ་ན ། །གཞི་འཛིན་ཞེས་བྱའི་མཆོད་རྟེན་ཡོད ། །རྒྱལ་བ་སྐྱོབ་པ་དགྲ་བཅོམ་པ། །དེ་རྣམས་ཀྱིས་ནི་བཞུགས་ཤིང་མཁྱེན། །དེ་ཡང་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག། བྱོགས་ན་ཁྱེད་ཅག་བདེ་བར་ཤོག་ཁྱེད་ཅག་སྡིག་པར་མ་གྱུར་ཅིག་།ལྷ་རྣམས་ཀུན་གྱིས་རབ་བསྲུང་ས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག་།དགོས་པ་ལ་ལ་གང་གི་གྱིར། །ལྷོ་བྱོགས་སུ་ནི་འགྲོ་བ་ན། །གང་དག་བྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག་།མཆུ་དང་གེ་དང་དབོ་དང་ནི། །མེ་བཞི་ནག་པ་ལྔ་པ་ཡིན། །ས་རི་དང་ནི་ས་ག་སྟེ། །དེ་དག་རྣམས་ནི་ལྷོ་བྱོགས་པ། །གྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ལྷོ་བྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུང་ས། །དེ་དག་
46-452
བདག་པོ་རྒྱལ་པོ་ནི། །འཕགས་སྐྱེས་པོ་ཞེས་བྱ་བར་བརྗོད ། །དེ་ནི་གྲུལ་བུམ་ཀུན་གྱི་བདག་།གཤིན་རྗེ་ལྷན་ཅིག་སྲུང་བར་ཤོག་།དེ་ལ་བུ་ནི་མང་ཡོད་ལ། ། མཁས་ཤིང་མིང་ཡང་འཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང ། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་རྣམས་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།ལྷོ་བྱོགས་ལོགས་ཀྱི་བྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །དཔལ་ལྡན་མ་དང་གྲགས་ལྡན་མ། །གྲགས་པ་འཐོབ་དང་གྲགས་འཛིན་དང ། །ལེགས་པར་ལང་ས་དང་རབ་སྔ་དང ། །ལེགས་པར་སད་དང་བདེ་སྒྲུབ་མ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་བར་ཤག་།ལྷོ་ཕྱོགས་ལོགས་ཀྱི་བྱོགས་ཆ་ན། །པད་མ་ཞེས་བྱའི་མཆོད་རྟེན་ཡོད ། །རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར ། །རྟག་ཏུ་ཐམས་ཅད་གསལ་བྲེད་པ། །དེ་ཡང་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།བྱོགས་ན་ཁྱེད་ཅག་བདེ་བར་ཤོག་།ཁྱེད་ཅག་སྡིག་པར་མ་གྱུར་ཅིག ། ལྷ་རྣམས་ཀུན་གྱིས་རབ་བསྲུང་ས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག ། དགོས་པ་ལ་ལ་གང་གི་གྱིར། །ནུབ་བྱོགས་སུ་ནི་འགྲོ་བ་ན། །གང་དག་བྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག་།ལྷ་མཚམས་དང་ནི་དྲོན་དང་ཡང ། །བརྩོན་འགྲུས་བརྟན་ལྡན་སྣར[༄\ུf]མས་དང་ནི། །ཆུ་སྟོད་ཆུ་སྨད་བྱི་བཞིན་དང ། །གྲོབཞིན་དེ་ནི་བདུན་པ་ཡིན། །དེ་དག་རྣམས་ནི་ནུབ་བྱོགས་པ། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ།། ནུབ་བྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུང་ས། །དེ་དག་བདག་པོ་རྒྱལ་པོ་ནི། །མིག་མི་བཟང་ཞེས་བྱ་བར་ཤེས། །དེ་ནི་ཀླུ་རྣམས་ཀུན་གྱི་བདག་།ཆུ་ལྷ་ལྷན་ཅིག་སྲུང་བར་ཤོག་།དེ་ལ་བུ་ནི་མང་ཡོད་ལ། །
46-453
མཁས་ཤིང་མིང་ཡང་འཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང ། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱང་གྱུར་ཅིག་།ནུབ་བྱོགས་ལོགས་ཀྱི་བྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རྣ་ཆ་སྐྲ་འདྲེས་མ་དང་ནི། །པད་མ་དཀར་དང་སྐྱ་རེང་དང ། །ཆ་མེད་གཅིག་དང་དགུ་པ་དང ། །རོལ་དང་གནག་དང་སྟབས་མྱུར་སྲིད ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་བར་ཤོག་།ནུབ་བྱོགས་ལོགས་ཀྱི་བྱོགས་ཆ་ན། །ནུབ་ཅེས་བྱ་བའི་རི་བོ་ཡོད ། ། ཤི་མ་ཟླ་བ་རྣམས་ཀྱང་གནས ། །ནུབ་པའང་ཁྱེད་ལ་ནོར་སྤྱིན་གྱུར། །དེ་ཡང་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།བྱོགས་ན་ཁྱེད་ཅག་བདེ་བར་ཤོག་།ཁྱེད་ཅག་སྡིག་པར་མ་གྱུར་ཅིག་།ལྷ་རྣམས་ཀུན་གྱིས་རབ་བསྲུང་ས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག་།དགོས་པ་ལ་ལ་གང་གི་གྱིར། །བྱང་བྱོགས་སུ་ནི་འགྲོ་བ་ན། གང་དག་བྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག་།མོན་གྲུ་དང་ནི་མོན་གེ་དང ། །ཁྲུམས་སྟོད་དང་ཡང་ཁྲུམས་སྨད་དང ། །ནམ་གྲུ་དང་ནི་ཐ་སྐར་དང ། །བྲ་ཉེ་སྟེ་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། ། བྱང་བྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་ཏུ་སྲུང་ས། །དེ་དག་བདག་པོ་རྒྱལ་པོ་ནི། །མི་ལ་ཞོན་པ་ལུས་ངན་པོ། །གནོད་སྤྱིན་ཀུན་གྱི་བདག་པོ་སྟེ། །ནོར་བཟང་ས་ལྷན་ཅིག་སྲུང་བར་ཤོག་།དེ་ལ་བུ་ནི་མང་ཡོད་ལ།། མཁས་ཤིང་མིང་ཡང་འཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང ། ། དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།བྱང་བྱོགས་ལོགས་ཀྱི་བྱོགས་ཆ་ན། །ལྷ་མོ་གཞོན་ནུ་
46-454
བརྒྱད་ཡོད་དེ། །རབ་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པད་མ་ཅན།། རྒྱལ་པོ་ཆེ་ལ་ཉརེར་གནས་དང ། །རེ་དང་ཁྲི་ལ་ཡོད་དཔལ་ལྡན་མ། །དེ་དག་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་བར་ཤོག་།བྱང་བྱོགས་ལོགས་ཀྱི་བྱོགས་ཆ་ན ། །སྤོས་ང་དལྡང་བའི་རི་བོ་ཡོད ། །གནོད་སྤྱིན་འབྱུང་པོ་རྣམས་ཀྱི་གནས། །རྩེ་མོ་སྣ་ཚོགས་བལྟ་ན་སྡུག་།དེ་ཡང་ཁྱེད་ལ་ནད་མེད་ཅི་ང ། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག་།ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག། ཁྱེད་ཅག་སྣིག་པར་མ་གྱུར་ཅིག་།ལྷ་རྣམས་ཀུན་གྱིས་རབ་བསྲུང་ས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག་།རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །བྱོགས་བཞི་དག་ན་བདུན་བདུན་གནས། །ལྷ་ཡི་བུ་མོ་སུམ་ཅུ་གཉིས། །བྱོགས་བཞི་དག་ན་བརྒྱད་བརྒྱད་གནས ། །དགེ་སྤྱོང་བརྒྱད་དང་བྲམ་ཟེ་བརྒྱད ། །ཡུལ་རྣམས་ན་ནི་གྲོང་རྡལ་བརྒྱད ། །དབང་པོར་བ་ཅས་པའི་ལྷ་བརྒྱད་རྣམས། །དེ་དག་ཁྱེད་ལ་ཀུན་ཏུ་སྲུང་ས། །ཁྱེད་ཅག་འགྲོ་ནའང་བཀྲ་ཤིས་གྱུར། །ལྡོག་པ་ན་ཡང་བཀྲ་ཤིས་ཤིས་ཤོག་།གཉེན་ལ་ལྟ་བ་བཀྲ་ཤིས་གྱུར། །གཉེན་གྱིས་བལྟ་བའང་བཀྲ་ཤིས་ཤིས་ཤོག། དབང་བ་ཅས་གནོད་སྤྱིན་རྒྱ་ཆེན་དང ། །དགྲ་བཅོམ་པ་དག་སྙིང་བཅེ་བས། ། ཐམས་ཅད་དུ་ནི་བཀྲ་ཤིས་དང ། །བདུད་རྩི་ཤིས་པ་ཐོབ་པར་ཤོག་།ཚང་ས་པ་དང་ནི་དེ་བཞིན་ནོར་རྒྱས་དང ། །ཟག་པ་མེད་པ་རྣམ་པར་གྲོལ་རྣམས་དང ། ། ཀླུ་དང་གནོད་སྤྱིན་རྟག་ཏུ་སྙིང་བརྩེས་བསྲུང ། །སྟོན་བརྒྱར་མཚུང་ས་པར་ཚེ་ནི་སྐྱོང་བར་ཤོག་།རྣམ་འདྲེན་ཟླ་མེད་འཇིག་རྟེན་མགོན་པོ་ཡིས། །དེ་དག་འཐུན་པར་སྤྱིན་པའི་བསྔགས་པ་གསུང་ས། །ཁྱེད་རྣམས་ཀྱི་ནི་དགེ་བའི་ལས་འདི་ཡིས། །སྤྲང་རྩི་འབྱུང་ཞེས་བྱ་བའི་རྒྱལ་བར་འགྱུར། །འཇིག་རྟེན་རྣམ་པར་འབེན་པ་རྒྱལ་བ་ཡིས། །ལུང་བསྟན་ཆགས་མེད་འདི་ནི་དང་པོ་ཡིན། ། གྱིན་
46-455
ཆད་བྱང་ཆུབ་སེམས་དཔའ་མཐའ་ཡས་མང ། །གང་དག་ལུང་བསྟན་དེ་དག་ཕྱིར་མི་ལྡོག་།རྒྱལ་བས་ལུང་བསྟན་པ་ནི་འདི་ཐོས་ན ། །སེམས་ནི་མགྱུ་ཞིང་མཆོག་ཏུ་དགའ་གྱུར་ཏེ། །དེ་དག་སྦུན་དང་གྲོགས་དང་ལྷན་ཅིག་ཏུ། །དེ་དག་སངས་རྒྱས་ཆོས་ལ་སྐྱབས་སུ་དོང ། །ག་གོན་དང་བཟང་པོའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པའོ། །། དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་ན་བཞུགས་པ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས་འཇིག་རྟེན་དང་འཐུན་པར་མཛད་པའི་གྱ[༄\ུf]ར་འདི་སྙམ་དུ་དགོང་ས་ཏེ། རྒྱེ་མ་ངས་ཐོབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདི་ནི་ཟབ་པ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ། གྱ་ནོམ་པ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ་རྟོག་གེའི་སྤྱོད་པ་མ་ཡིན་པ།འཕགས་པ་མཁས་པ་དང་མཛང་ས་པས་རིག་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་བོར་བ་ཀུན་ཏུ་རིག་པ། དེས་པར་རིག་པ། ཚོར་བ་ཐམས་ཅད་འགོག་པ། དོན་དམ་པ། ཀུན་གཞི་མེད་པ། བསིལ་བའི་དངོས་པོ། ལེན་པ་མེད་པ། ཉེ་བར་ལཱེན་པ་མེད་པ། རྣམ་པར་རིག་པ་མ་ཡིན་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ། འདུས་མ་བྱས་པ་ཡུལ་དྲུག་ལས་ཤིན་ཏུ་འདས་པ། མི་རྟོག་པ་རྣམ་པར་མི་རྟོག་པ། བརྗོད་དུ་མེད་པ་སྒྲ་མེད་པ། སྒྲས་བརྗོད་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། དམིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཞི་གནས་ཀྱི་ལམ་གྱིསཆོད་པ ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་
46-456
པ་མྱ་ངན་ལས་འདས་པ་སྟེ། གལ་ཏེ་བདག་གིས་ཆོས་འདི་གཞན་དག་ལ་བསྟན་ལ། གལ་ཏེ་དེ་དག་གིས་མ་ཤེས་ན། དེ་ནི་བདག་ང་ལ་བ་དང ། ལོག་པར་བརྩལ་བ་དང ། ཆོས་བསྟན་པ་དོན་མེད་པར་འགྱུར་གྱི ། བདག་སྙིང་ལས་ཆུང་ངུར་ཁ་རོག་པར་གནས་པར་བྱ་སྙམ་མོ། །དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་གསུང་ས་ས་སོ། །ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲར་ནགས་འད་བས་གནས་པར་བྱ་བ་སྙམ། །ཚིག་བྲལ་ང་ག་གི་ལམ་གྱིས་མི་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ ། །སེམས་དང་ཡིད་ཀྱིས་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། ། དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་མཛང་ས་པས་རིག་པ་ཡིན ། །སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། །འདི་ན་ཆོས་ནི་གང་ཡང་ཡོད་མིན་ཏེ། །ཡོད་མེད་གང་ཡིན་དེ་ནི་ཡོད་མ་ཡིན ། །གང་གིས་རྒྱུ་དང་བྱ་བ་བརྒྱུད་ཤེས་པ། །དེ་ལ་ཡོད་པའམ་མེད་པ་ཡོད་མ་ཡིན། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ནི། །སྔོན་གྱི་རྒྱལ་བའི་གན་ནས་བདག་གིས་སྤྱད ། །འོན་ཀྱང་གང་ན་བདག་དང་སེམས་ཅན་དང ། ། སྲོག་མེད་བཟོད་པ་དེ་ནི་བདག་མ་ཐོབ། །གང་ཚེའདི་ན་སྐྱེ་འཆི་གང་མེད་པ། །ཆོས་འདི་ཐམས་ཅད་རང་བཞིན་བདག་མེད་པའི། །བཟོད་འདི་བདག་གིས་ཐོབ་པ་དེ་ཡི་ཚེ། །སངས་རྒྱས་མར་མེ་མཛད་ཀྱིས་བདག་ལུང་བསྟན།། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་ང ། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྣོད ། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །གལ་ཏེ་ཚང་ས་པས་ང་ཡི་རྐང་པར་གཏུགས། །རྣམ་པ་
46-457
བཟང་པོ་འཚལ་འགྱུར་སེམས་ཅན་མཆིས། །རྡུལ་བྲལ་གྱ་ནོམ་ཆོས་ཤོད་གསོལ་བཏབ་ན། །དེ་ལྟས་ང་ཡི་ཆོས་འདི་གཟུང་འོས་འགྱུར། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་དེའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བའི་འོད་ཕྱུང་ངོ ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚང་ས་པ་ཆེན་པོ་གརྩུག་ཕུད་ཅན་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་ཟུགས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ཏེ། བཅོམ་ལྡན་འདས་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་ཅིང་ཆོས་མི་སྟོན་པར་ཤེས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་སོང་ལ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་སྙམ་མ་མོ། །དེ་ནས་ཚང་ས་པ་གཙུག་ཕུད་ཅན་གྱིས་དེའི་ཚེ། དེ་མ་ཡིན་པ་ཚང་ས་རིས་ཀྱི་ལྷའི་བུ་གཞན་དག་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང ། འདི་ལྟར་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས། ཀྱེ་མ་འཇིག་རྟེན་འདི་ནི་མ་རུང་ང་ངོ ། །གྲོགས་པོ་དག་རྐྱེ་མ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་ང་ངོ ། །བདག་ཅག་དོང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་གོ། །དགེ་སློང་དག་དེ་ནས་ཚང་ས་པ་ཆེན་པོ་གཙུག་ཕུད་ཅན་ཚང་ས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཏེ། མདུན་དུ་བད་ར་ནས་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་གྱིན་པ་དང ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་
46-458
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས་རྒྱེ་མའོ་བཅོམ་ལྡན་འདས་འཇིག་རྟེན་འདི་ནི་མ་རུང་ངོ ། །རྒྱེ་མའོ་བཅོམ་ལྡན་འདས་འཇིག་རྟེན་འདི་ནི་རབ་ཏུ་མ་རུང་ངོ ། །སེམས་ཅན་རྣམ་པ་བཟང་པོ་གོ་སླ་བ། བཅོམ་ལྡན་འདས་ཀྱིས་གསུང་ས་པའི་དོན་འཚལ་བར་རྡོ་ཐོགས་པ། སྐལ་བ་དང་ལྡན་པ། ནུས་པ་དང་ལྡན་པ་དག་མཆིས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་ཆོས་ལེགས་པར་བསྟན་དུ་གསོལ། བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ། དེའི་ཚེ་ཚིགས་སུ་བ་ཅད་པ་འདི་དག་ཀྱང་སྨྲས་ས་སོ། །ཡེ་ཤེས་ཆེན་པོ་མཚོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །བྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འརྒྱེད་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པད་མ་ཁ་འབྲེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྟོམས་བཞུགས། །འཕགས་པའི་ནོར་ལ་སེམས་ཅན་དག་ནི་འགྲོན་གཉེར་ཏེ། ། སྲོག་ཆགས་བྲེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །གང་སླད་མི་གསུང་འགྲོ་ལ་བཏང་སྟོམས་མཛད་པ་འདི། །འཇིག་རྟེན་རྩུ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། །ཆོས་ཀྱི་དམ་པའི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་མྱུར་དུ་བུད་དུ་གསོལ། །ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་བར་མཛད་དུ་གསོལ། །ཆོས་ཀྱི་མར་མེ་ཆེན་པོ་འབར་བར་མཛད་དུ་གསོལ། ། ཆོས་ཆུ་མཚོག་གི་ཆར་པ་རབ་ཏུ་དབབ་ཏུ་གསོལ། ། སྲིད་པའི་རྒྱ་མཚོར་གནས་པ་འདི་དག་བསྒྲལ་དུ་གསོལ། ། ནད་ཚེན་ཉོན་མོང་ས་འདི་དག་ཐར་བར་མཛད་དུ་གསོལ། །ཉོན་མོང་ས་མེས་གདུང་ས་རབ་ཏུ་ཞི་བར་མཛད་དུ་གསོལ། །བདེ་བ་ཤིས་པ་རིམས་མེད་མྱ་ངན་མེད་གྱུར་པ། །ཞི་བའི་ལམ་ནི་ཁྱོད་ཀྱིས་ངེས་པར་བསྟན་དུ་གསོལ། །མྱ་ངན་འདས་པའི་ལམ་དུ་མི་འགྲོ་མགོན་མེད་པ། །ལོག་
46-459
པའི་ལམ་དུ་གནས་ལ་མགོན་པོ་ཐུགས་རྗེ་མཛོད། །རྣམ་པར་ཐར་པའི་སྒོ་ནམས་རབ་ཏུ་དབྲེ་བར་གསོལ། །ཆོས་ཚུལ་འཁྲུག་པ་མ་མཆིས་དེ་ནི་གཟུང་དུ་གསོལ། ། སྐྱེ་བོ་དམྱུ་ས་ལོང་དུ་ནི་གྱུར་པ་དེ་དག་ལ། །མགོན་པོ་ཁྱོད་ཀྱིས་ཆོས་མིག་དམ་པ་སྦྱང་དུ་གསོལ། །མི་ཡི་ཟླ་བ་མགོན་པོ་ཁྱོད་ནི་མ་གཏོགས་པ་ར། །འཇིག་རྟེན་དག་གི་སྐྱེ་དང་རྒ་བ་སེལ་བགྱིད་པ། །ཚང་ས་པའི་འཇིག་རྟེན་དང་ནི་ལྷ་ཡི་འཇིག་རྟེན་དང ། །གནོད་སྤྱིན་དྲི་ཟ་མི་ཡི་འཇིག་རྟེན་ན་མ་མཆིས། །ལྷ་རྣམས་ཐམས་ཅད་ལྟག་པར་སྤྱད་པར་བགྱིས་ནས་ནི། །བདག་ནི་ཚོས་རྒྱལ་ཁྱོད་ལ་གསོལ་བ་འདེབས་པ་ལགས། །བསོད་ནམས་འདི་ཡིས་བདག་ཀྱང་རབ་ཏུ་མྱུར་བར་ནི། ། ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་སྐོར་གྱུར་ཅིག་།དགེ་སློང་དག་དེ་བཞིན་གཤེགས་པས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྗེས་སུ་གཟུང་བའི་གྱིར། ཐུགས་བརྩེ་བར་དགོང་ས་ཏེ། ཚང་ས་པ་ཆེན་པོ་གརྩུག་པུད་ཅན་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་ཚང་ས་པ་ཆེན་པོ་གརྩུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་ཅང་མི་གསུང་བས་གནང་བར་རིག་ན ། ལྷའི་ཙན་དན་གྱི་ཕྱེ་མ་དང ། ་ག་རུའི་ཕྱེ་མས་དེ་བཞིན་གཤེགས་པ་ལམངོན་པར་གཏོར་ནས་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། དེ་ཉརིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཆོས་ལ་འཇིག་རྟེན་གུས་པ་བསྐྱེད་པ་དང ། ཚང་ས་པ་ཆེན་པོ་གཙུག་པུད་ཅན་ཡང་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་བསྐུལ་བས་དགེ་བའི་རྩ་བ་རྣམ་པར་སྤེལ་བ་དང ། ཚོས་ཀྱང་ཤིན་ཏུ་ཟབ་པའི་ཕྱིར་ཡང་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས། ཐུགས་ལ་འདི་ལྟ་བུར་རྣམ་པར་རྟོག་པར་གྱུར་ཏེ། བདག་གིས་ཆོས་ཟབ་པ། ཕྲ་བ། གསལ་བ། ཁོང་དུ་ཆུད་པར་དཀའ་བ།
46-460
བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། མཁས་པ་དང་མཛང་ས་པས་རིག་པ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། མཐོང་བར་དཀའ་བ། ཕུང་པོ་ཐམས་ཅད་བོར་བ། འདུ་བྲེད་ཐམས་ཅད་ཉརེ་བར་ཞི་བ། ཞི་གནས་ཀྱི་ལམ་གྱིས་ཆད་པ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བདག་གིས་ཆོས་འདི་བསྟན་ལ ། གཞན་གྱིས་འདི་ཁོང་དུ་མ་ཆུད་ན་དེ་ནི་བདག་ལ་ཤིན་ཏུཐོ་བ་ཙམས་པར་འགྱུར་གྱིས་བདག་སྙིང་ལས་ཆུང་ངུར་གནས་པས་གནས་པར་བྱགོར་མ་ཆག་སྙམ་མ་མོ། ། དགེ་སློང་དག་དེ་ནས་སངས་རྒྱས་ཀྱི་མཐུས། ཚང་ས་པ་ཆེན་པོ་གརྩུག་ཕུད་ཅན་གྱིས་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ན་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས ། ། རྐ་ཤི་ཀ་ཤེས་པར་གྱིས་ཤིག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས། རྐ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་མ་རུང་བར་འགྱུར་རོ། ། རྐཽཾ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་བར་འགྱུར་རོ། ། གྱེ་མའོ་འཇིག་རྟེན་འདི་ནི་མ་རིག་པའི་མྱཕྱིན་པ་ཆེན་པོར་བཅུག་པར་འགྱུར་ན། བདག་ཅག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་དུ་ཅིའི་གྱིར་མི་འདོང ། དེ་ཅིའི་གྱིར་ཞེ་ན། མ་བསྐུལ་བར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་མི་
46-461
སྐོར་བའི་གྱིར་རོ། །གྲོགས་པོ་ལེགས་སོ་ཞེས་ཏེ། བརྒྱ་བྱིན་དང ། ཚང་ས་པ་དང ། ས་བླའི་ལྷ་རྣམས་དང ། བར་སྣང་བ་རྣམས་དང ། རྒྱལ་ཆེན་བཞིའི་རིས་དང ། སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྲེད་དང ། ཚང་ས་རིས་དང ། འོད་གསལ་དང ། འབྲས་བུ་ཆེ་དང ། དགེ་རྒྱས་དང ། གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་རབ་ཏུ་མང་པོ་ཁ་དོག་མངོན་པར་འཕགས་པ་དག་ནམ་སྲོས་པ་དང ། ལྷའི་ཁ་དོག་དང ། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཉེ་ཚེ་སྣང་བར་བྱས་ནས། དེ་བཞིན་གཤིགས་པ་ག་ལ་བ་དེར་དོང་སྟེ་ན་པ་དང ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བསྐོར་བ་བྱས་ནས་བྱོགས་གཅིག་ཏུ་འཁོད་དོ། ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བ་ཅད་པས་མངོན་པར་བསྟོད་དོ། །ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། ། ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེང་ས་སུ་གསུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །དེ་སྐད་ཅེས་གསོལ་པ་དང ། དེ་བཞིན་གཤེགས་པ་ཅང་མི་གསུང་བར་བཞུགས་།། དེ་ནས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། ། རྐ་ཤི་ཀ་ཇི་ལྟར་ཁྱོད་ཀྱིས་བསྐུལ་བ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་མི་གད་བ་བོ། །དེ་ནས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་
46-462
གཤེགས་པ་ལ་ཚིགས་སུ་བ་ཅད་པས་གསོལ་བ། གཡུལ་ལས་རྣམ་པར་རྒྱལ་བ་བཞེང་ས་སུ་གསུ་གསོལ། །འཇིག་རྟེན་མྱུ་ན་པར་ཤིས་རབ་འོད་དབྱུང་གསོལ། །ཀུན་ཏུ་འཚལ་བར་འགྱུར་བ་མཆིས་ལགས་ཀྱིས། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང ། དེ་བཞིན་གཤེགས་པས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚང་ས་པ་ངས་ཆོས་ཟབ་པ་ཕྲ་བ། གསལ་བ་འདི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནས། དེ་ནི་བདག་ལ་ཤིན་ཏུཐོ་བཙམས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྦྱར་རོ་ཚངས་པ་ཚིགས་སུ་བ་ཅད་པ་འདི་དག་ང་ལ་རྒྱུན་དུ་སྣང་མོད་ཀྱི། ངའི་ལམ་རྒྱུན་ལས་བཟློག་པར་འགྲོ་བ་ཟབ་པ། མཐོང་བར་དཀའ་བ་དེ་ནི་འདོད་ཆགས་ཀྱིས་ལྡོངས་པ་དག་གིས་མི་མཐོང་སྟེ། དེ་ལྟ་བས་ན་བསྟན་ཀྱང་མི་ཕན་ན་ནོ། །སྐྱེ་དགུ་འདོད་པ་རྣམས་ལ་བཅིང་ས། །རྒྱུན་གྱིས་རབ་ཏུ་བད་ས་པ་ཡིན། །ངས་འདི་ཚེགས་ནི་ཆེན་པོས་རྙེད ། །དེ་ལྟ་བས་ན་བསྟན་མི་ཕན། ། དགེ་སློང་དག་དེ་ནས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་དང ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པར་རིག་ནས། ལྷའི་བུ་དེ་དག་དང་ལྷན་ཅིག་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དོ། །དགེ་སློང་དག་དེའི་ཚེཡུལ་མ་ག་དྨའི་མི་རྣམས་ལ་སྡིག་པ་མི་དགེ་བའི་ལྟ་བར་གྱུར་པ་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། ཁ་ཅིག་ནི་འདི་སྐད་དུ་རླུང་ལྡང་བར་མི་འགྱུར་རོ་ཞེས་འཛིར་རོ། །ཁ་ཅིག་ནི་འདི་སྐད་དུ་མེ་འབར་བར་མི་འགྱུར་རོ་ཞེས་འཇེར་རོ། །ཁ་ཅིག་ནི་འདི་སྐད་དུ་ཆར་འབབ་པར་མི་འགྱུར་རོ་ཞེས་འཇེར་རོ། །ཁ་ཅིག་ནི་ཆུ་འབབ་པར་མི་
46-463
འགྱུར་རོ་ཞེས་འཇར་རོ། །ཁ་ཅིག་ནི་ལོ་ཏོག་སྐྱེ་བར་མི་འགྱུར་རོ་ཞེས་འཇེར་རོ། །ཁ་ཅིག་ནི་བྱ་རྣམས་ནམ་མཁའ་ལ་འཕུར་བར་མི་འགྱུར་རོ་ཞེས་འཇེར་རོ།། ཁ་ཅིག་ནི་སྤྲུམ་མ་རྣམས་ནད་མེད་པར་བ་ཙའ་བར་མི་འགྱུར་རོ་ཞེས་འཇར་རོ། ། དགེ་སློང་དག་དེ་ནས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་ཡང་ཤེས། ཡུལ་མ་ག་དྷཱའི་མི་རྣམས་ཀྱི་ལྟ་བར་གྱུར་པ་དེ་དག་ཀྱང་རིག་ནས། ནམ་སྲོས་པ་དང ། ཁ་དོག་མངོན་པར་འཕགས་པ་དང ། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཐམས་ཅད་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་གྱིན་པ་དང ། དེ་བཞིན་གཤིགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་ལ་ཚིགས་སུ་བ་ཅད་པ་གསོལ་པ། མ་ག་དྒྷར་ནི་སྔོན་ཆོས་མ་དག་པ། །དྲི་མར་བ་ཅས་པར་སེམས་པའི་སྨྲ་བ་བྱུང ། །དེ་སླད་ཐུབ་པ་བདུད་སྩིའི་སྒོ་དབྲེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། །ཁྱོད་ནི་རང་གི་དགོསམཛད་རང་དབང་གྱུར། །སྡུག་བསྔལ་མངོན་པར་འདུ་བྲེད་དྲི་མ་སྤང་ས། །ཁྱོད་ཀྱི་དགེ་བ་འཕེལ་དང་འགྲིབ་མ་མ་མཆིས། །ཁྱོད་འདིར་ཆོས་མཚོག་ཕ་རོལ་ན་པར་གྱུར། །ཐུབ་པ་ཁྱོད་འདྲ་འཇིག་རྟེན་འདིར་མ་མ་མཆིས། །དྲང་སྲོང་ཆེ་ཁྱོད་ལྷག་པ་ག་ལ་མཆིས།། སྲིད་གསུམ་འདི་ན་རྣམ་པར་ལྷང་ངེ་སྟེ། །ལྷ་མིན་གནས་ན་མཆིས་པའི་རི་བོ་འདྲ ། །སྡུག་བསྔལ་སྐྱེ་བོ་ཐུགས་རྗེ་ཆེ་བསྐྱེད་གསོལ། །ཁྱོད་འདྲ་ནམ་ཡང་བཏང་སྟོམས་མཛད་མི་རིགས། །ཁྱོད་ནི་མི་འཇིགས་སྟོབས་དང་ཡང་དག་ལྡན།། ཁྱོད་ནི་སྐྱེ་བོ་རབ་ཏུ་སྒྲོལ་བར་སྤྱོད ། །ལྷ་དང་དགེ་སྤྱོང་བྲམ་ཟེར་བ་ཅས་པ་ཀུན།།
46-464
སྐྱེ་དགུ་འདི་དག་རིང་ནས་ཟུག་ཇུར་བ་ཅས། །ནད་རིམས་མ་མཆིས་ནད་མ་མཆིས་གྱུར་ཅིག་།འདི་ན་དེ་དག་སྐྱབས་ནི་གཞན་མ་མཆིས ། །ཆོས་དེ་རྒྱལ་བས་ཐུགས་སུ་ཆུད་གྱུར་ཏེ། །ཇི་ལྟ་བཞིན་དུ་མི་ཉུང་སྟོན་འགྱུར་ཞེས། །དགེ་བའི་སེམས་ཀྱིས་བདུད་སྩི་དོན་གཉེར་ཞིང ། །ལྷ་དང་མི་རྣམས་ཁྱོད་གྱིར་རིང་ནས་འབྲང ། །དེ་སླད་མཐུ་རྩལ་བཟང་པོ་ཁྱོད་ལ་གསོལ། །རིང་ནས་ལམ་ལས་ཉམས་པའི་སེམས་ཅན་ཐུལ། །མ་ཐོས་དོན་རྣམས་རབ་ཏུ་ཐོས་པར་འཚལ། ། ཤིན་ཏུ་ཉམ་ཆུང་རྟས་པར་འཚལ་དང་འདྲ ། །རབ་ཏུ་སྐམ་པའི་ས་ལ་སྤྲིན་ལྟ་བུར ། །འདེན་པ་ཆོས་ཀྱི་ཆར་པས་ཚིམ་པར་མཛོད ། །རིང་ནས་ཉམས་པའི་མི་རྣམས་སྲིད་པ་ན། །ལྟ་ངན་ཐིབས་པོ་ཚེར་མར་བ་ཅས་པར་རྒྱུ། །གང་བསྒོམས་ན་ནི་བདུད་རྩི་ཐོབ་འགྱུར་བ། །ཚེར་མ་མ་མཆིས་དྲང་ལམ་དེ་བསྟན་གསོལ། ། ལོང་བ་གཡང་ལྷུང་འབེན་པ་མ་མཆིས་པ། །འདི་ན་དེ་དག་གཞན་གྱིས་དྲང་མི་ནུས། །བློ་ལྡན་བྱུ་མཆོག་ཁྱོད་ནི་མོས་བསྐྱེད་དེ། །གཡང་ས་ཆེན་པོར་ལྷུང་བ་གདོན་དུ་གསོལ། །ཐུབ་པ་ཁྱོད་དང་རིང་ནས་རྟག་མི་མཇལ ། །ུ་དུམ་ཁཱ་རའི་མེ་ཏོག་བརྒྱ་ལམ་ལྟར། ། འདྲཝེན་པ་རྒྱལ་བ་དག་ནི་ས་ལ་འབྱུང ། །མགོན་པོ་དལ་རྙེད་སེམས་ཅན་དགྲོལ་དུ་གསོལ། །རང་རྒལ་ནས་ནི་བསྒྲལ་བར་བྱའོ་ཞེས། །སྔོན་སྲིད་ཁྱོད་ཀྱི་དགོང་ས་པ་འདི་འབྱུང་ངོ ། ། ད་ལྟར་ཁྱོད་ནི་ཕ་རོལ་བྱོན་པར་ངེས། །བདེན་པའི་མཐུ་རྩལ་ཐུགས་དམ་མད་པར་མཛོད། །ཐུབ་པ་ཆོས་ཀྱི་སྒྲོན་མས་མྱུན་པ་སོལ། །དེ་བཞིན་གཤེགས་པའི་རྒྱལ་མཚན་ཁྱོད་ཀྱིས་སྒྲེང ། །སྙན་པའི་གསུང་བརྗོད་པ་ཡི་དུས་ལ་བབ། །རྔ་སྒྲ་རི་དགས་དབང་ལྟར་བསྒྲག་ཏུ་གསོལ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་གཟིགས་ན། སེམས་ཅན་
46-465
དམན་པ་དང ། འབྱིང་དང ། གྱ་ནོམ་དང ། མཐོ་བ་དང ། དམའ་བ་དང ། བར་མ་དང ། རྣམ་པ་བཟང་པོ་དང ། རྣམ་པར་སྦྱང་སླ་བ་དང ། རྣམ་པ་ངན་པ་དང ། །རྣམ་པར་སྦྱང་དཀའ་བ་དང ། ཟུར་ཙམ་གྱིས་གོ་བ་དང ། ཚིག་ལྷུར་ལེན་པ་དང ། སེམས་ཅན་གྱི་ཕུང་པོ་གསུམ་སྟེ། གཅིག་ནི་ལོག་པ་ཉིད་དུ་ངེས་པ་དང ། གཅིག་ནི་ཡང་དག་པ་ཉིད་དུ་ངེས་པ་དང ། གཅིག་ནི་མ་ངེས་པ་གཟིགས་སོ ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་ཞིག་རྫིང་གི་འགྲམ་ན་འདུག་པས་པད་མ་ཁ་ཅིག་ནི་ཆུའི་ནང་ནས་འཐོན། ཁ་ཅིག་ནི་ཆུ་དང་མ་ཉམ། ཁ་ཅིག་ནི་ཆུ་ལས་འཕགས་པ་དག་མཐོང་ང་ངོ ། །དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ན་སེམས་ཅན་ཕུང་པོ་གསུམ་དུ་རྣམ་པར་གནས་པ་དག་གཟིགས ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། ངས་ཆོས་བསྟན་ཀྱང་རུང ། མ་བསྟན་ཀྱང་རུང་སྟེ། གང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་མི་འགྱུར་རོ། ། ངས་ཚོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། གང་ཡང་དག་པ་ཇིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་འགྱུར་རོ། །མ་ངེས་པའི་ཕུང་པོ་གང་ཡིན་པ་འདི་ནིགལ་ཏེ་ཆོས་བསྟན་ན་ནི་ཤེས་པར་འགྱུར། ཇི་སྟེ་ཆོས་མ་བསྟན་ན་ནི་ཤེས་པར་མི་འགྱུར་རོ་སྙམ་མ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་མ་ངེས་པའི་ཕུང་པོར་རྣམ་པར་གནས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་ཐུགས་རྗེ་ཆེན་པོ་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པས་བདག་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་འདིའི་དབང་དུ་མཛད་དེ། ཚང་ས་པ་ཆེན་པོ་གརྩུག་ཕུད་ཅན་གྱིས་བསྐུལ་བ་ཡང་མཁྱེན་ནེ་ནས། ཚང་ས་པ་ཆེན་པོ་གཙུག་པུད་ཅན་ལ་ཚིགས་སུ་བ་ཅད་པས་
46-466
བཀའ་སྩལ་པ། །ཚང་ས་པ་མ་གདྒྷ་ཡི་སེམས་ཅན་གང ། །རྣ་བ་ལྡན་ཞིང་དདང་ལྡན་གྱུར་ལ། །མི་འཚེ་འདུ་ཤེས་རྟག་ཏུ་ཚོས་ཉན་པས། །དེ་དག་ལ་ནི་བདུད་རྩིའི་སྒོ་ཕྱེའོ། །དེ་ནས་ཚང་ས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རང་ས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་དེའི་ཚེ་ས་བླའི་ལྷ་རྣམས་ཀྱིས་བར་སྣང་གི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་པ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཚོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཚེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བར་འགྱུར་རོ། ། རྒྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ལོང་ས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ནི་ཡོངས་སུ་རྫོགས་པར་འགྱུར་རོ། ། འཇིག་རྟེན་ན་སེམས་ཅན་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་ལྟར་བར་སྣང་གི་ལྷ་རྣམས་ཀྱིས་ས་བླའི་ལྷ་རྣམས་ལས་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲརབརྗོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཇུལ་དབང་བྲེད་རྣམས་ལའོ། །དེ་དག་གིས་ཀྱང་ཚང་ས་རིས་ཀྱི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་ཏེ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་
46-467
མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བ་དང ། སྐྱ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། ། རྒྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ནི་ཡོངས་སུ་འཕེལ་བར་འགྱུར་རོ། །འཇིག་རྟེན་ན་སེམས་ཅན་མང་པོ་ཡོང་ས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགེ་སྨོང་དག་དེ་ལྟར་སྐད་ཅིག་དེ་དང ། ཐང་ཅིག་དེ་ད\ུf་དང ། ཡུད་ཙམ་དེ་ལས་བླའི་ལྷ་རྣམས་ནས་བཟུང་སྟེ། ཚང་ས་རིས་ཀྱི་ལྷའི་བར་མན་ཆད་དུ་རྒོགས་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོ་མོད་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྒྲ་སྐད་གཅིག་མངོན་དུ་བྱུང་བར་གྱུར་ཏོ།། ད་གེ་སློང་དག་དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་ཆོས་སྲེད་ཅེས་བྱ་བ་དང ། ཆོས་འདོད་དང ། ཆོས་ཀྱི་བླ་གྲོས་དང ། ཚོས་སྤྱོད་དང ། བྱང་ཆུབ་ཀྱི་ཤིང་གི་ལྷ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པའི་ཞབས་གཤིས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད ། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང ། དེ་བཞིན་གཤེགས་པས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོང་ཁྱེརཁཱ་རཱ་ཟ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུའོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་གྲོང་ཁྱེརཔཱ་རཱ་ཟ་སཱི་ནི་སྐྱེ་བོའི་ཚོགས་ཆུང་བ་ལགས། རི་དགས་ཀྱི་ནགས་ནི་ཞུགུས་ཤིང་གི་གྲིབ་མ་ཆུང་བ་ལགས་ཏེ། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དརྒྱེས་པ། མི་དང་སྐྱེ་བོ་མང་པོས་གང་བ། སྐྱེད་མོས་ཚལ་དང ། ནགས་དང་ནགས་འད་བས་ཀྱིས་བརྒྱན་པ། གཞན་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ཅིག་ཏུ་ཚོས་ཀྱི་འཁོར་ལོ་
46-468
བསྐོར་བར་གསོལ། དེ་བཞིན་གཤེགས་པས་བཀའ་སྩལ་པ། བཞིན་བཟང་ས་དག་དེ་སྐད་མ་ཟེར་ཅིག་།དེ་ཅིའི་གྱིར་ཞེ་ན། དེར་ནི་ང་ཡིས་མཆོད་སྤྱིན་སྟོང་ཕྲག་བྲེ་བ་ཁྲག་ཁྲིག་དྲུག་ཅུ་བྱས། །དེར་ནི་སངས་རྒྱས་སྟོང་ཕྲག་བྲེ་བ་ཁྲག་ཁྲིག་དྲུག་རྩུ་དེ་དག་མཆོད ། །པཱ་རཱ་ཟ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་མངོན་པར་གཞོལ།། ངས་ནི་སྔོན་ཆད་སངས་རྒྱས་བྲེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲ་ན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞི་ཞིང་ཉ?[༄\ུf]ར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་རི་དགས་རྣམས་ཀྱིས་བསྟེན། །དེ་གྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །བསྐུལ་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་ལྔ་པའོ།། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་བྱ་བ་མཛད་པ། བྲེད་པ་མཛད་པ། བཅིང་ས་པ་ཐམས་ཅད་ཡང་དག་པར་ཆད་པ། ཉོན་མོང་ས་པ་ཐམས་ཅད་བསལ་བ། དྲི་མ་དང་ཉོན་མོངས་པ་སྦྱང་ས་པ། བདུད་གྱིར་གོལ་བ་བཅོམ་པ།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚུལ་གྱི་རྗེས་སུ་ཞུགས་པ། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞི་བརྙེས་པ། སངས་རྒྱས་ཀྱི་ཚོས་མ་འདེས་པ་བ་ཅ་བརྒྱད་རབ་ཏུ་རྫོགས་པ། སྤྱན་ལྔ་དང་ལྡན་པ། སངས་རྒྱས་ཀྱི་སྤྱན་སྤྲིབ་པ་མི་མངའ་བས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་འདི་སྙམ་དུ་དགོང་ས་ཏེ། ངས་ཐམས་ཅད་ཀྱི་ཐོག་མར་གང་ལ་ཡང་ཆོས་བསྟན་པར་བྱ། སེམས་ཅན་དག་པ། རྣམ་པ་
46-469
བཟང་བ། གདུལ་སླ་བ། གོ་སླ་བ། སྦྱང་སླ་བ། འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ། གང་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བ། གང་དག་ལ་བདག་གིས་ཐོག་མར་ཆོས་བསྟན་པར་བྱ། གང་ལ་ཚོས་འདི་བསྟན་ནས་ཀྱང་ཤེས་པར་འགྱུར་ཞིང་ཐོ་འཚམ་པར་མི་འགྱུར་བ་ནི་གང་ཡིན་སྙམ་མོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། རང་ས་བྲེད་ཀྱི་བུ་ལྷག་སྤྱོད་ནི་དག་པ། རྣམ་པ་བཟང་བ། གདུལ་སླ་བ་གོ་སླ་བ། སྦྱང་སླ་བ། འདོད་ཆགས་དང་ཞེ་ལྡང་དང་གཏི་མུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་སྟེ། དེ་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བའོ། །དེ་ནི་ཉན་ཐོས་རྣམས་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བརྟུལ་ཞུགས་དང་འཐུན་པར་ཆོས་སྟོན་པ་ཡིན་ན། དེ་ད་ལྟར་ག་ལ་འདུག་སྙམ་དགོང་ས་པ་དང ། དེ་འཆི་བའི་དུས་བྱས་ནས་དེང་དུ་ཞག་བདུན་ལོན་པར་མཁྱེན་ཏོ། །ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་ས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། རངས་བྲེད་ཀྱི་བུ་ལྷག་སྤྱོད་གུམ་ནས་དེང་དུ་དགུང་བདུན་ལགས་སོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ ། ེ་མ་རང་ས་བྲེད་ཀྱི་བུ་ལྷག་སྤྱོད་དེ་ཆོས་ཤིན་ཏུ་བཟང་པོ་འདི་ལྟ་བུ་འདི་མ་ཐོས་པར་ཤི་བའི་དུས་བྱས་པ་ནི་ཆེར་ཉམས་སོ། །གལ་ཏེ་དེས་ཆོས་འདི་ཐོས་ན་ཤེས་པར་འགྱུར་ཏེ། དེ་ལ་བདག་གིས་ཐོག་མར་ཆོས་བསྟན་པར་བྱ་ཞིང་དེ་ཡང་བདག་ལཐོ་འཚམས་པར་མི་འགྱུར་རོ་སྙམ་མོ། །དགེ་སློང་དག་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོང་ས་ཏེ། སེམས་ཅན་དག་པ་གདུལ་སླ་བ་ཞེས་བྱ་བ་ནས། ངའི་ཆོས་བསྟན་པཐོ་འཚམ་པར་མི་འགྱུར་བ་
46-470
ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་གཞན་སུ་ཡོད་སྙམ་མ་མོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། སྐྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ནི་དག་པ་ཞེས་བྱ་བ་ནས ། ངའི་ཆོས་བསྟན་པ་ཐོ་འཚམ་པར་མི་འགྱུར་ཞེས་བྱ་བའི་བར་དུ་སྟེ། དེ་ད་ལྟར་ག་ལ་འདུག་སྙམ་དགོང་ས་ན། དེ་ཡང་འཆི་བའི་དུས་བྱས་ནས་དེང་དུ་ཞག་གསུམ་ལོན་པར་མེན་ཏོ། །གནས་ག་ཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་དོན་དེ་དེ་བཞིན་གཤེགས་པ་ལ་གསོལ་ཏེ ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གུམནས་དེང་དུ་དགུང་གསུམ་ལགས ། །དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ཨེ་མ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དེ་ཚོས་ཤིན་ཏུ་བཟང་པོ་འདི་ལྟ་བུ་འདི་མ་ཐོས་པར་ཤི་བ་ནི་ཆེར་ཉམས་སོ་སྙམ་མོ། །དགེ་སློང་དག་དེ་བཞིན་གཤེགས་པས་ཡང་འདི་སྙམ་དུ་དགོང་ས་ཏེ། སེམས་ཅན་དག་པ་རྣམ་པ་བཟང་བ་ཞེས་བྱ་བ་ནས་ངའི་ཆོས་བསྟན་པ་ཐོ་འཚམ་པར་མི་འགྱུར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་གཞན་སུ་ཡོད་སྙམ་མ་མོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་འདི་སྙམ་དུ་དགོང་ས་ཏེ། ལྔ་སྡེ་བཟང་པོ་རྣམས་ནི་དག་པ། རྣམ་པ་བཟང་བ། གདུལ་སླ་བ། གོ་སླ་བ། རྣམ་པར་སྦྱང་སླ་བ། འདོད་ཆགས་དང་ཞེ་སྡང་དང ། གཏི་མྱུག་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་སྟེ། དེ་དག་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བའོ། །ང་དཀའ་བ་སྤྱད་པ་སྤྱོད་པ་ན་ཡང་དེ་དག་གིས་བསྙེན་བཀུར་བྱས་པར་གྱུར་ཏེ། དེ་དག་ངས་ཆོས་བསྟན་ན་ཤེས་པར་འགྱུར་ཞིང ། ང་ལ་ཐོ་འཚམ་པར་མི་འགྱུར་རོ་སྙམ་མོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། བདག་གིས་ལྔ་སྡེ་བཟང་པོ་རྣམས་ལ་ཐོག་མར་ཆོས་
46-471
བསྟན་པར་བྱ་གོར་མ་ཆག་སྙམ་མོ། །དགེ་སློང་དག་དེ་ནས་ཡང་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོང་ས་ཏེ། ལྔ་སྡེ་བཟང་པོ་དག་ད་ལྟར་གང་ན་འཁོད་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ན་ལྔ་སྡེ་བཟང་པོ་དག་གྲོང་ཁྱེར་བཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་འཁོད་པར་གཟིགས་སོ། ། གཟིགས་ནས་ཀྱང་དེ་བཞིན་གཤེགས་པས་འདི་སྙམ་དུ་དགོང་ས་ཏེ། བདག་གིས་ལྔ་སྡེ་བཟང་པོ་རྣམས་ལ་ཐམས་ཅད་ཀྱི་ཐོག་མར་ཆོས་བསྟན་པར་བྱ་གོར་མ་ཆག་གོ། །དེ་དག་གིས་ངས་ཐམས་ཅད་ཀྱི་ཐོག་མར་ཆོས་བསྟན་པ་ཀུན་ཤེས་པར་འགྱུར་རོ་སྙམ་མོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སྤྱད་པ་དང་ལྡན་པ་ཆོས་དཀར་པོ་རྣམས་ཤིན་ཏུ་ཡོངས་སུ་བསྡུས་པ། ཐར་པའི་ལམ་ལ་མངོན་དུ་བྱོགས་པ། བགེགས་དང་བྲལ་བ་དག་ག་གོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་དེ་སྙམ་དུ་དགོང་ས་ནས་བྱང་ཆུབ་ཀྱི་སྙིང་པོ་ལས་བཞེང་ས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་ནས། མཐར་གྱིས་ཡུལ་མ་ག་དྨར་རྒྱུ་ཞིང་ཡུལ་གསལ་ལྡན་དུ་གཤེགས་སོ། །དེ་ནས་རིག་ཡུ་དང ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཀུན་དུ་འཚོ་བ་པ་གཞན་ཞིག་གིས་དེ་བཞིན་གཤིགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ ། །མཐོང་ནས་ཀྱང་དེ་བཞིན་གཤེགས་པ་ག་ལ་བ་དེར་སང་སྟེ། ཕྱིན་ནས་ཕྱོགས་གཅིག་ཏུ་འདུག་གོ། །དགེ་སླང་དག་ཕྱོགས་གཅིག་ཏུ་འདུག་ནས་ཀྱང་ཀུན་ཏུ་འཚོ་བ་པ་དེ་དེ་བཞིན་གཤིགས་པ་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་འདི་སྐད་ཅེས་གསལ་ཏོ། །ཚེ་དང་ལྡན་པ་གོ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་གསལ་ལ་ལོ། །ཁྱོད་ཀྱི་པགས་པའི་མདོག་ནི་སེར་པོར་གདའ་ཞིང་
46-472
ཡོངས་སུ་དག་ལ་ཡོངས་སུ་བྱང་བ་སྟེ། འདི་ལྟ་སྟེ་དཔེར་ན། སྟོན་ཀ་རྒྱ་ཤུག་ཁ་དོག་རྩ་སེར་ཞིང་འོད་གསལ་ཏེ། སེར་པོར་གདའ་བ་དེ་བཞིན་དུ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ཡོངས་སུ་དག་ཅིང ། ཞལ་གྱི་དཀྱིལ་འཁོར་ཡང་ཡོངས་སུ་དག་ལ་ཡོངས་སུ་བྱང་བའོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་འབྲས་བུ་སྨིན་པ་རྩ་བ་ནས་ཆད་མ་ཐག་པའི་རྩ་བ་ལོགས་སིར་པོར་གདའ་བ་ལགས་ཏེ། ལོང་ས་སུ་དག་ཅིང་ཡོངས་སུ་བྱང་བ་དེ་བཞིན་དུ་རྒ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཡོངས་སུ་དག་ལ། ཞལ་གྱི་དཀྱིལ་འཁོར་ནི་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བའོ། །འདི་ལྟ་སྟེ་དཔེར་ན། འཛམ་བུའི་ཆུ་བོའི་གསིར་གྱི་མགུལ་རྒྱན་ཐབ་ནས་ཕྱུང་སྟེ། མགར་བའི་བུ་མཁས་པས་ལེགས་པར་ཡོངས་སུསྦྱང་བ་བགྱིས་པ། ལ་བ་དུར་ཀའི་ནང་དུ་སྩལ་ན། ཁ་དོག་དང་ལྡན་པར་འགྱུར་ཏེ། ཡོངས་སུ་དག་ཅིང་ཡོངས་སུ་བྱང་ལ། སེར་པོར་གདའ་ཞིང་འོད་གསལ་བར་འགྱུར་རོ། ། དེ་བཞིན་དུ་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་གསལ། པགས་པའི་མདོག་ནི་ཡོངས་སུ་དག་ཞལ་གྱི་དཀྱིལ་འཁོར་ནི་ཡོངས་སུ་བྱང་བ་ལགས་ས་སོ། །ཚེ་དང་ལྡན་པ་གཽ[༄\ུfེ]་ཏ་མ་སུ་ལས་ཚང་ས་པར་སྤྱད་པ་སྤྱོད ། དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང ། དེ་བཞིན་གཤེགས་པས་ཀུན་ཏུ་འཚོ་བ་པ་དེ་ལ་ཚིགས་སུ་བ་ཅད་པས་སླར་བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུ་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་མེད་པ་ཡིན། །དེས་སྨྲས་པ། རྒཽཾ་ཏ་མ་བདག་ཉིད་དགྲ་བཅོམ་པར་ཞལ་གྱིས་འཆེའམ། དེ་བཞིན་གཤིགས་པས་བཀའ་སྩལ་པ། ང་ཉིད་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད ། །ལྷ་དང་ལྷ་མིན་དྲི་ཟར་བ་ཅས། །ང་ཡི་དོ་ཟླ་གང་ཟག་མེད། །དེས་སྨྲས་པ། གོ་ཏ་མ་བདག་ཉིད་རྒྱལ་བ་ལགས་པར་ཞལ་གྱིས་
46-473
འཆེའམ། དེ་བཞིན་གཤེགས་པས་བཀའ་སྩལ་པ། གང་དག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །ང་ནི་སྣིག་པའི་ཆོས་ལས་རྒྱལ། །དེ་བས་ཉེ་འགྲོ་ང་རྒྱལ་ཡིན། །དེས་སྨྲས་པ། ཚེ་དང་ལྡན་པ་གོ་ཏ་མ་དགར་བཞུད ། དེ་བཞིན་གཤེགས་པས་བཀའ་སྩལ་པ། ང་ནིཁཱ་རཱ་ཟ་སཱིར་འགྲོ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུང་ས་པ་མེད་པའི་འོད་བྱའོ། །ང་ནིབཱ་རཱ་ཟ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །འོན་པ་ལྟ་བུའི་འཇིག་རྟེན་ལ། །བདུད་སྩིའི་རྔ་ཆེན་བརྡུང་བར་བྱ། ། ང་ནིཔཱ་རཱ་ཎ་སཱིར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ནི། །འཇིག་རྟེན་དུ་ནི་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །ཀུན་དུ་འཚོ་བ་པ་དེས་རྒ་ཏ་མ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་འགྱུར་རོ་ཞེས་སྨྲས་ཏེ། ལྷོ་བྲོགས་ལོགས་སུ་སོང་ངོ ། །དེ་བཞིན་གཤེགས་པ་ནི་བྱང་བྱོགས་ལོགས་སུ་བཞུད་དོ། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པ་རིག་ཡའི་ཀླུའི་རྒྱལ་པོ་ཤིན་ཏུ་བལྟ་མཇེས་ཀྱིས་བཞུགུས་སུ་གསོལ་བ་དང ། བཤོས་གསོལ་བར་སྤྱན་དྲང་ས་ས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཉེ་གནས་སུ་གཤེགས་ས་སོ། །དེ་ནས་ཀྱང་ལྟེང་རྒྱས་ལྟར་གཤེགས་ས་སོ། །དེ་ནས་ཀྱང་ཙན་ད་ལྟར་གཤེགས་སོ། །དེ་ནས་གྲོང་ཁྱེར་ཁ་ལོ་སྒྱུར་དུ་གཤེགས་ས་སོ། །དགེ་སློང་དག་དེ་དག་ཏུ་ཡང་ཁྱིམ་བདག་རྣམས་ཀྱིས་དེ་བཞིན་གཤེགས་པ་བཞུགས་སུ་གསོལ་བ་དང ། བཤོས་གསོལ་བར་སྤྱན་དྲང་ས་ཏེ། མཐར་གྱིས་ཀླུང་ཆེན་པོགང་གཱའི་འགྲམ་དུ་གཤེགས་སོ། །དགེ་སློང་དག་དེའི་ཚེ་ཀླུང་ཆེན་པོ་གང་གཱ་ཤིན་ཏུ་པ?[༄\ུf]ག་སྟེ། མྱུ་དང་མཉམ་པར་འབབ་བོ། ། དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་ཕ་རོལ་ཏུ་གཤེགས་པའི་ཕྱིར། མཉན་པའི་གན་དུ་གཤེགས་པ་དང ། དེས་གསོལ་པ། གཽཾ་ཏ་མ་གྲུ་བསྟས་
46-474
སྩལ་དུ་གསོལ། གྲོགས་པོ་ང་ལ་གྲུ་བསྟས་མེད་དོ་ཞེས་བཀའ་སྩལ་ནས། དེ་བཞིན་གཤེགས་པ་ནམ་མཁའ་ལས་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་གཤེགས་སོ། །དེ་ནས་མཉན་པ་དེས་ད་མཐོང་ནས་སྤྱིན་གནས་རྣམ་པ་འདི་ལྟ་བུ་འདི་བདག་གིས་མ་བསྒྲལ་ཏོ་ཞེས་ཤིན་ཏུ་འརྒྱོད་དེ། ཀྱི་ཧུད་མཚར་བྱས་སོ་ཞེས་སྨྲས་ནས་བརྒྱལ་ཏེ་ས་ལ་འརྒྱེལ་ཏོ། །དེ་ནས་མཉན་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཇོ་བོ་དགེ་སྤྱོང་རྒ་ཏ་མ་ལ་གྲུ་བཙས་སྩལ་བར་གསོལ་ན། གྲུ་བསྟས་མེད་དོ་ཞེས་གསུངས་ཏེ། ནམ་མཁའ་ལས་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་གཤེགས་སོ་ཞེས་དེའི་ལོ་གྱུས་བསྙད་དོ། །དེ་སྐད་ཐོས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་གྱིན་ཆད་རབ་ཏུ་བྱུང་བ་ཐམས་ཅད་ལ་གྲུ་བསྟས་མི་དབབ་པར་བྱས་སོ། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པ་མཐར་གྱིས་ཡུལ་རྒྱུ་བ་རྒྱུ་ཞིང་གྲོང་ཁྱེར་ཆེན་པོཔཱ་རཱ་ཟ་སཱིགལ་བ་དེར་གཤེགས་སོ། ། གཤེགས་ནས་ནང་བར་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། གྲོང་ཁྱེར་ཆེན་པོབཱ་རཱ་ཎ་སཱིར་བསོད་སྟོམས་ཀྱི་གྱིར་གཤེགས་ཏེ། དེར་བསོད་སྟོམས་ཀྱི་ཕྱིར་གཤེགས་ནས། བསོད་སྟོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་ཏེ། ཟས་ཀྱི་བྱ་བ་བྱས་ནས་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ག་ལ་བ་དང ། ལྔ་སྡེ་བཟང་པོ་ག་ལ་བ་དེར་གཤེགས་པ་དང ། ལྔ་སྡེ་བཟང་པོ་དག་གིས་དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ང་ངོ ། །མཐོང་ནས་ཀྱང་འདི་སྐད་དུ་ཚེ་དང་ལྡན་པ་དག་དགེ་སྤྱོང་གོ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདིའོངས་ཏེ། འདིས་སྔོན་གྱི་དཀའ་བ་སྤྱད་པ་དེས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པའི་ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་ཀྱང་མངོན་སུམ་དུ་བྲེད་མ་ནུས་ནས། ད་ལྟར་ཁ་ཟས་རགས་པ་
46-475
ཟ་ཞིང་བསོད་སྟོམས་ལ་སྦྱོར་བ་དང་ལྡན་པར་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷོད་པ་མང་དུ་ཟ་བ། འདི་ལ་སྐལ་བ་མེད་ཀྱིས་གང་གིས་ཀྱང་འདི་བསུ་བར་མི་བྱའོ། །ལྡང་བར་མི་བྱའོ། །ཆོས་གོས་དང་ལྷུང་བཟིད་བླང་བར་མི་བྱའོ། ། སྟན་དང་ཡོངས་སུ་སྤྱད་པར་འོས་པའི་བཏུང་བ་དང ། རྐང་པ་གཞག་པ་ཡང་སྤྱིན་པར་མི་བྱའོ། །སྟན་ལྷག་པ་གཞན་ནི་མ་གཏོགས་ཏེ། ཚེ་དང་ལྡན་པ་རྒ་ཏ་མ་སྟན་ལྷག་པ་གཞན་འདི་དག་ཡོད་ཀྱིས་ཇི་སྟེ་འདོད་ན་འདུག་ཤིག་པར་བརྗོད་དོ་ཞེས་འོག་ཁྲིམས་བ་ཅས་ས་སོ། །ཚེ་དང་ལྡན་པ་ཀུན་ཤེས་རྐཎྜཱི་ཀྱས་སེམསཀྱིས་ནི་ཁས་མ་བླང་ས་ཏེ་ཚིག་གིས་ནི་མི་རུང་ཞེས་མ་བྱས ། །དགེ་སློང་དག་དེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་ག་ལ་བ་དེར་གཤེགས་པ་དེ་ལྟ་དེ་ལྟར་དེ་དག་རང་རང་གི་སྟན་ལ་མི་དགའ་ཞིང་ལྡང་འདོད་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་སྐོན་པར་བཅུག་པར་གྱུར་ལ། སྐོན་པ་དེའི་འོག་ནས་མེས་བདུགས་ན། དེ་མེས་གདུང་ས་པས་མྱུར་བ་མྱུར་བར་འཕར་བར་འདོད་ཅིང་འཕུར་འདོད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་དག་གི་གན་དུ་གཤེགས་པ་དེ་ལྟ་དེ་ལྟར་ལྔ་སྡེ་བཟང་པོ་དག་རང་རང་གི་སྟན་ལ་མི་དགའ་ཞིང་ལྡང་འདོད་པར་གྱུར་ཏོ། །དེ་ཅིའི་གྱིར་ཞེ་ན། གང་དག་དེ་བཞིན་གཤེགས་པ་མཐོང་ནས་སྟན་ལས་མི་ལྡང་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་གང་ཡང་མེད་དོ། །དེ་བཞིན་གཤེགས་པ་ཇི་ལྟ་ཇི་ལྟར་ལྔ་སྡེ་བཟང་པོ་དག་གི་གན་དུ་གཤེགས་པ་དེ་ལྟ་དེ་ལྟར་ལྔ་སྡེ་བཟང་པོ་དག་གིས་དེ་བཞིན་གཤེགས་པའི་དཔལ་དང་གཟི་བརྗིད་མ་བཟོད་ནས་སྟན་གྱི་སྟེང་ན་འད་ར་ཞིང་ཀུན་གྱི་ས་འོག་ཁྲིམསཞིག་སྟེ། སྟན་ལས་ལང་ས་ནས་ལ་ལ་ནི་རིམ་གྲོ་བྲེད ། ལ་ལས་ནི་བསུ་སྟེ་ན་བཟའ་ཆོས་གོས་དང་ལྟུང་བཟེད་བླང་ས། ལ་
46-476
ལས་ནི་གད་ན་བཏིང ། ལ་ལས་ནི་ཞབས་གཞག་པ་བཤམས། ལ་ལས་ནི་ཞབས་བཀྲུ་བའི་ཆུ་བཤམས་ཏེ། འདི་སྐད་ཅེས་ཀྱང་གསོལ་ཏོ། །ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་ལེགས་པར་བྱོན་ཏོ། །གད་ན་བཏིང་བ་འདི་ལ་བཞུགས་སུ་གསུ་གསོལ། དགེ་སློང་དག་དེ་བཞིན་གཤེགས་པ་གད་ན་བཏིང་བ་ལ་བཞུགས་ནས། ལྔ་སྡེ་བཟང་པོ་དག་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་བྱ་བ་དང་ཡང་དག་པར་ཆགས་པར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་བྱོགས་གཅིག་ཏུ་འཁོད་དོ། །བྱོགས་གཅིག་ཏུ་འཁོད་ནས་ཀྱང་དེ་བཞིན་གཤེགས་པ་ལ་ལྔ་སྡེ་བཟང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །ཚེ་དང་ལྡན་པ་རྒ་ཏ་མའི་དབང་པོ་རྣམས་ནི་རབ་ཏུ་གསལ་ལ་ལོ། །པགས་པའི་མདོག་ནི་ཡོངས་སུ་དག་གོ། །ཞེས་བྱ་བ་ཐམས་ཅད་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་རྒ་ཏ་མ་ཁྱོད་ལ་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པའི་ཡེ་ཤེས་མཐོང་བའི་ཁྱད་པར་ཆུང་ཟད་མངོན་སུམ་དུ་མཛད་པ་ལྟ་མངའ་འམ། དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང ། དེ་བཞིན་གཤེགས་པས་ལྔ་སྡེ་བཟང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་རྗོད་ཅིག་།ཁྱེད་ལ་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང ། མི་བདེ་བར་གྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་དང་འཆི་བ་མེད་པར་འགྲོ་བའི་ལམ་མངོན་དུ་བྱས་ས་སོ། །དགེ་སློང་དག་ང་ནི་སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པའོ། །བསིལ་བར་གྱུར་པའོ། །ཟག་པ་ཟད་པའོ།། ཆོས་ཐམས་ཅད་ལ་དབང་བའོ། །དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱིས་ཚུར་ཤོག་།ཉོན་ཅིག་།ནན་ཏན་གྱིས་ཤིག་།རྣ་བ་ལྷོགས་ཤིག་དང ། ངས་གད་མས་ཤིང་རྗེས་སུ་བསྟན་ཏོ། །ངས་ཇི་ནས་ཡང་དག་པར་བཤད་ཅིང་ཡང་
46-477
དག་པར་རྗེས་སུ་བསྟན་ན། ཁྱེད་ཀྱང་ཟག་པ་རྣམས་ཟད་ནས་ཟག་པ་ཟད་པའི་སེམས་རྣམ་པར་གྲོལ་བ་དང ། ཤེས་རབ་རྣམ་པར་གྲོལ་བ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ཏེ་ཉེ་བར་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་དོ། །ཚང་ས་པར་སྤྱོད་པ་བསྙེན་ཏོ། །བྱ་བ་བྱས ། །འདི་ལས་སྲིད་པ་གཞན་མི་ཤེས ། །ཞེས་ཤེས་པར་འགྱུར་རོ། །དགེ་སློང་དག་ཁྱེད་ཚེ་དང་ལྡན་པ་དག་དགེ་སྤྱོང་གཽ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་འདི་འོང་ས་ཏེ་ཞེས་བྱ་བ་ནས་ཇི་སྟེ་འདོད་ན་འདུག་ཤིག་ཅེས་བྱ་བའི་བར་ཐམས་ཅད་སྔ་མ་བཞིན་ཏེ། དེ་སྙམ་དུ་མབསམས་སམ ། དགེ་སློང་དག་དེ་སྐད་ཅེས་མ་ཟེར་ཅིག་ཅེས་བཀའ་སྩལ་པ་དང ། དེ་དག་མྱུ་སྟེགས་ཅན་གྱི་རྟགས་དང ། མུ་སྟེགས་ཅན་གྱི་རྒྱལ་མཚན་གང་ཅི་ཡོད་པ་དེ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ། ཆོས་གོས་གསུམ་དང་ལྷུང་བཟེད་དང་ལྡན་པར་གྱུར་ཅིང ། སྐྲ་ཡང་བྲེགས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། དགེ་སློང་བསྙིན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་དང་འདྲ་བར་གྱུར་ཏོ། །དེ་ཉིད་ཀྱིས་དེ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་གྱུར་ཏོ། ། དགེ་སློང་དག་དེ་ནས་དེའི་ཚེ་དགེ་སློང་ལྔ་པོས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཏེ། ཉེས་པ་བཤགས་ནས་དེ་བཞིན་གཤིགས་པ་ལ་སྟོན་པའི་འདུ་ཤེས་དང ། ཕངས་པར་བསམས་པ་དང ། ད་པ་དང ། གུས་པསྐྱེད་དེ། གུས་པ་བསྐྱེད་ནས་ཀྱང་རྫིང་ལེབས་པར་དེ་བཞིན་གཤེགས་པའི་སྐུ་བསིལ་ཞིང་ཡངས་སུ་སྦྱང་བའི་ལས་བྲེད་དོ། །དགེ་སློང་དག་དེ་བཞིན་གཤེགས་པ་སྐུ་བསིལ་ཏེ་བྱུང་ནས་འདི་སྙམ་དུ་དགོང་ས་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར། སྙམ་པ་དང ། ད་གེ་
46-478
སློང་དག་ས་བྱོགས་གང་དུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་པའི་ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་གུས་པར་མཛད་པའི་ཕྱིར། ཁྲི་གསུམ་ལ་བསྐོར་བ་མཛད་ནས་སེང་གེ་ལྟར་བག་ཚ་བ་མི་མངའ་བར་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བ་ཅས་ཏེ་བཞུགས་སོ། །དགེ་སློང་ལྔ་པོས་ཀྱང་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་འཁོད་དོ། །དགེ་སློང་དག་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པས་སྐུ་ལས་རྣམ་པ་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས། སྣང་བ་དེས་འཇིག་རྟེན་གྱི་ཁམས་ཀྱི་བར་སྡིག་པ་སྡིག་པས་ཁྱབ་པ་མྱུན་པ་མྱཕྱིན་ནག་ཏུ་གྱུར་པ། གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ་འདི་གཉིས་ཀྱི་འོད་ཀྱིས་འོད་དང་ཁ་དོག་གིས་ཁ་དོག་དང ། གཟི་བརྗིད་ཀྱིས་གཟི་བརྗིད་ལམ་མེར་མ་གྱུར་པ། ལྷང་ངེར་མ་གྱུར་པ་གང་ཡིན་པ་དེ་ན་སེམས་ཅན་གང་དག་སྐྱེས་པ་རང་ར་ང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེར་ཡང་དེའི་ཚེ་སྣང་བ་ཆེན་པོ་རྒྱ་ཆེར་བྱུང་བར་གྱུར་ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་སྣང་བ་དེས་གསལ་བར་གྱུར་མ་ཐག་ཏུ་གཅིག་གིས་གཅིག་མཐོང་ཞིང་གཅིག་གིས་གཅིག་ཤེས་ཏེ། འདི་སྐད་ཅེས་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས ། །གྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་འཇེར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་གཡོས། ། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་ཏུ་
46-479
རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་ག་གོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་ས་སོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མ་མོ། །མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། །དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། །ཤར་ཕྱོགས་དམའ་ན་ནུབ་བྱོགས་མཐོ་བར་གྱུར་ཏོ།། ནུབ་ཕྱོགས་དམའ་ན་ཤར་བྱོགས་མཐོ་བར་གྱུར་ཏོ། །བྱང་བྱོགས་དམའ་ན་ལྷོ་བྱོགས་མཐོ་བར་གྱུར་ཏོ། །ལྷོ་བྱོགས་དམའ་ན་བྱང་བྱོགས་མཐོ་བར་གྱུར་ཏོ། ། དེའི་ཚེ་དགའ་བར་འགྱུར་བ་དང ། ཚིམ་པར་འགྱུར་བ་དང ། མགུ་བར་འགྱུར་བ་དང ། དང་བར་འགྱུར་བ་དང ། བརྟག་པར་བྱ་བ་དང ། རབ་ཏུ་སིམ་པར་འགྱུར་བ་དང ། བསྔགས་པར་བྱ་བ་དང ། བསྔགས་པ་ཟླ་མེད་པ་དང ། ངོམས་པར་མི་འགྱུར་བ་དང ། མི་འཐུན་པ་མེད་པ་དང ། སྐྲག་པར་མི་འགྱུར་བའི་སྒྲ་དག་ཀྱང་གྲག་སྟེ ། སྐད་ཅིག་དེ་ལ་སེམས་ཅན་གང་ལ་ཡང་རྣམ་པར་འཚེ་བའམ། འཇིགས་པའམ་ལྡང་བའམ་བག་ཚ་བ་མེད་པར་གྱུར་ཏོ།། སྐད་ཅིག་དེ་ལ་ཉི་མ་དང ། ཟླ་བ་དང ། བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཀྱང་མི་སྣང་ང་ངོ ། །སེམས་ཅན་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་སྡུག་བསྔལ་རྣམས་དང་བྲལ་ཞིང་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །སེམས་ཙན་གང་ལ་ཡང་འདོད་ཆགས་དང ། ཞེ་ལྡང་དང ། གཏི་མྱུག་དང ། ཕྲག་དོག་དང ། སེར་སྣ་དང ། ང་རྒྱལ་དང ། འཆབ་པ་དང ། རྒྱགས་པ་དང ། ཁྲོ་བ་དང ། གནོད་སེམས་དང ། ཡོང་ས་སུ་གདུང་བའི་གནོད་པ་མེད་དེ་སྐད་ཅིག་དེ་ལ་སེམས་ཅན་ཐམས་ཅད་གཅིག་ལ་
46-480
གཅིག་བྱམས་པའི་སེམས་དང ། ཕན་པའི་སེམས་དང ། ཕ་མ་ཙམ་དུ་འདུ་ཤེས་པར་གྱུར་ཏོ། །འོད་བཀོད་པ་དེ་ལས་ཚིགས་སུ་བ་ཅད་པ་འདི་དག་ཀྱང་བྱུང་ང་ངོ ། །དགའ་ལྡན་རིས་ནས་ཤི་འཕོས་གང ། །ཡུམ་གྱི་ལྷུམས་སུ་ཞུགས་པར་གྱུར ། །ལུམ་བི་ནི་ཡི་ཚལ་བལྟམ་ནས། །བདེ་བ་སོགས་པའི་ཁྱོ་ཡིས་བླང་ས། ། གང་ཞིག་སེང་གེའི་རྩལ་སྟབས་ཀྱིས། །མ་མོང་ས་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་ག་ཙོ་བོ་ཞེས། །ཚང་ས་པའི་དབྱང་ས་ཀྱིས་གསུང་ཕྱུང་ངོ ། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། བླིང་བཞི་བཏང་སྟེ་རབ་ཏུ་བྱུང ། ། དཀའ་ཐུབ་དཀའ་བ་སྤྱད་ནས་ནི། །ས་ཡི་སྙིང་པོ་ག་ལར་གཤེགས། །དཔུང་དང་བ་ཅས་པའི་བདུད་བཅོམ་ནས། །འཇིག་རྟེན་ཕན་གྱིར་བྱང་ཆུབ་བརྙེས། ། པཱ་རཱ་ཎ་སཱིར་གཤེགས་ནས་ནི། །ཚོས་ཀྱི་འཁོར་ལོ་བསྐོར་བར་མཛད ། །དེ་ལ་ཚང་ས་པ་ལྷར་བ་ཅས་པས། །མཉམ་པའི་འཁོར་ལོ་བསྐོར་ཞེས་བསྐུལ། ། འཇིག་རྟེན་ཐུགས་རྗེས་བསྐྱེད་ནས་ས་སུ། །ཐུབ་པ་ཡིས་ནི་སྣང་བ་མཛད། །དེ་ནི་ཐུགས་དམ་བརྟན་པ་སྟེ། །པཱ་རཱ་ཟ་སཱིར་རི་དགས་ནགས། གཤེགས་ཏེ་འཁོར་ལོ་བླ་མེད་པ། །ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། །རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། །ཆོས་དེ་ཉན་པར་གང་འདོད་པ། །དེ་ནི་རིང་ས་པར་ལ་གོར་དུ། །ཆོས་མཉན་པ་ཡི་གྱི་ར་ཤོག་ཤིག ། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དདཔའང་ཤིན་ཏུ་རྙེད་པར་དཀའ། །མི་ཁོམ་བརྒྱད་སྤང་ས་རྙེད་པར་དཀའ། །ཆོས་ཉན་པ་ནི་ག་ཙོ་བོ་ཡིན། །སངས་རྒྱས་འབྱུང་དང་དལ་བ་དང ། ད་དང་ཆོས་མཉན་དམ་པ་དང ། །དེ་དག་ཐམས་ཅད་དརྙེད་ཀྱིས། ། བག་མེད་མ་ལུས་རྣམ་པར་སྤོང་ས། །གལ་ཏེ་བསྐལ་པ་ཁྲག་ཁྲིག་ཏུ། །ཆོས་ཐོས་མི་འགྱུར་སྲིད་པ་དེ། །ཁྱོད་ཀྱིས་དེ་རིང་རྙེད་ཟིན་གྱིས། །བག་མེད་མ་ལུས་
46-481
རྣམ་པར་སྤོང་ས། །འདྲེན་པ་བདུད་སྩིའི་འཁོར་ལོ་ནི། །སྐོར་བ་མཛད་ཀྱིས་ཀུན་མྱུར་ཤོག་།ས་བླའི་ལྷ་ཚོགས་ཚང་ས་པའི་བར། །དེ་དག་ནམས་ལ་དེ་སྐད་བསྐུལ ། །སྒྲ་ཆེན་གྱིས་ནི་ལྷ་བསྐུལ་ནས། །སྐད་ཅིག་དེ་ལ་ཐམས་ཅད་ཀྱིས། ། ལྷ་ཡི་འབྱོར་པ་བོར་ནས་ནི། །དེ་དག་སངས་རྒྱས་གན་དུ་ལྷགས། །དགེ་སློང་དག་དེ་ལྟར་ས་བླའི་ལྷ་རྣམས་ཀྱིས་གྲོང་ཁྱེརཁཱ་རཱ་ཟ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གྱིར་དེ་བཞིན་གཤེགས་པའི་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ། བལྟ་ན་སྡུག་པ། ཡང་ས་པ་རྒྱ་ཆེ་བ། ཆུ་ཞེང་དུ་དཔག་ཚད་བདུན་བརྒྱ་ཡད་པ་སྤྲུལ་ཏེ། ལྷ་རྣམས་ཀྱིས་སྟེང་གི་ནམ་མཁའི་དཀྱིལ་དུ་གདུགས་དང ། རྒྱལ་མཚན་དང ། བ་དན་དང ། བླ་རེས་ལེགས་པར་བརྒྱན་པར་གྱུར་ཏོ། །འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་སེང་གེའིཁྲི་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། བདག་ཅག་ལ་ཐུགས་བརྩེ་བར་དགོང་ས་ཤིང་འདི་ལ་བཞུགས་ནས་དོ་མོད་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་དེའི་ཚེ་ཤར་དང ། ལྷོ་དང ། ནུབ་དང ། བྱང་དང ། སྟེང་དང ། འོག་དང ། བྱོགས་བཅུ་ཀུན་ནས་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་དང་ལྡན་པ་བྱེ་བ་ཕྲག་མང་པོ་ལྷགས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གང་དག་ཡོད་པའི་བརྒྱ་བྱིན་དང ། ཚང་ས་པ་དང ། འཇིག་རྟེན་སྐྱོང་བ་དང ། དེ་དག་མ་ཡིན་པ་གཞན་དབང་ཆེ་བ། དབང་ཆེ་བར་གྲགས་པའི་ལྷའི་བུ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤིགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་ལ་སྐྱེ་བོ་མང་པོ་ལ་སྨན་པ་དང །
46-482
སྐྱེ་བོ་མང་པོ་ལ་བདེ་བ་དང་།འཇིག་རྟེན་ལ་ཐུགས་བརྩེ་བ་དང་།སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། སྨན་པ་དང ། བདེ་བའི་སླད་དུ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།བདེ་བར་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།བཅོམ་ལྡན་འདས་ཆོས་ཀྱི་མཆོད་སྤྱིན་མཛད་དུ་གསོལ།ཚོས་ཀྱི་ཆར་ཆེན་པོ་དབབ་ཏུ་གསོལ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྤྲེང་དུ་གསོལ། ཆོས་ཀྱི་དུང་ཆེན་པོ་འཔུད་དུ་གསོལ། ཆོས་ཀྱི་རྔ་ཆེན་པོ་བརྡུང་དུ་གསོལ།ཞེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།སྟོང་གསུམ་འདི་ནས་ཚང་ས་པ་ལྷ་དབང་སྐྱོང་བ་མང་པོ་དག།དོང་ནས་རྒྱལ་བའི་ཞབས་ལ་གཏུགས་ཏེ་ཚིག་ཏུ་སྨྲས་པ་ནི། །ང་ནི་ག་ཙོ་བོ་དམ་པ་སྐྱེ་དགུའི་སྡུག་བསྔལ་ཟད་བྱ་ཞེས། །ཐུབ་ཆེན་ཁྱོད་ཀྱིས་གསུང་བརྗོད་སྔོན་གྱི་ཐུགས་དམ་དགོང་ས་པར་མཛོད ། །ཐུབ་ཁྱོད་ཤིང་དབང་དྲུང་དུ་བཞུགས་ནས་སྡེར་བ་ཅས་བདུད་བཏུལ་ཏེ།།བྱང་ཆུབ་དམ་པ་ཞི་བ་སངས་རྒྱས་ཉོན་མོང་ས་སྣོང་པོ་བསྐྱེལ།།བསྐལ་པ་བརྒྱ་ནས་དགོང་ས་པའི་དགོང་ས་པ་མ་ལུས་རྫོགས་ལགས་ཀྱིས།།མགོན་མ་མཆིས་པའི་སྐྱེ་བོ་གཟིགས་ཏེ་འཁོར་ལོ་མཆོག་བསྐོར་གསྐོར་གསོལ། །བདེ་བར་གཤེགས་པའི་འོད་ཀྱིས་ཞིང་སྟོང་ཕྲག་བརྒྱ་སྣང་བར་བགྱིས། །སངས་རྒྱས་སྲས་པོ་བརྒྱ་ཕྲག་མང་པོ་རྫུ་འཇུལ་སྟོབས་ཀྱིས་མཆིས། །བདེ་བར་གཤེགས་ལ་མཆོད་པ་ཆེན་པོ་རྣམ་པ་མང་བགྱིས་ནས། །ཡང་དག་ཡོན་ཏན་དེ་བཞིན་གཤེགས་བསྟོད་ཐུགས་རྗེ་ཅན་ལ་བསྐུལ། །ཐུགས་རྗེ་སྤྲིན་དང་ཤེས་རབ་གློག་དང་ལྷག་མཐོང་རླུང་དང་འདྲ ། ། བསྐལ་པ་སྟོང་དུ་འགྲོ་བ་ཐམས་ཅད་འགྲོན་གཉེར་འབྲུག་བསྒྲགས་ཏེ། །ཡན་ལག་བརྒྱད་ལམ་ཆར་གྱི་རྒྱུན་གྱིས་སྐོམ་པ་ཞི་བར་མཛོད ། །དབང་པོ་སྟོབས་དང་བསམ་གཏན་རྣམ་ཐར་ལོ་ཏོག་ནགས་འཕེལ་མཛོད། །བསྐལ་པ་སྟོང་མང་
46-483
སྟོང་པ་ལེགས་བསླབས་དེ་བཞིན་ཉིད་ལ་བཞུགས། །ཆོས་ལས་བྱུང་བའི་སྨན་བསྒྲུབས་སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན། །ཉོན་མོང་ས་ཚོགས་ཀྱི་ནད་བརྒྱས་གཅེས་པའི་སྐྱེ་བོ་འདི་དག་ལ། །རྒྱལ་བ་སྨན་པ་འཁོར་ལོ་དམ་པ་བསྐོར་ཏེ་ཐར་མཛད་ག་སོལ། །ཁྱོད་ཀྱིས་རིང་ནས་ཕ་རོལ་གྱིན་པ་དྲུག་གི་མཛོད་འཕེལ་མཛད་།། མཚུང་ས་མེད་མི་གཡོ་གྱ་ནོམ་ཆོས་ཀྱི་ནོར་ནི་ལེགས་པར་བ་ས་གས། །སྐྱེ་དགུ་མགོན་མེད་དབུལ་པོ་འདྲེན་མེད་འདི་དག་ཀུན་གཟིགས་ནས། །ནོར་བདུན་བགོ་བཤའ་མཛོད་ཅིག་འདྲེན་པ་འཁོར་ལོ་བསྐོར་བར་གསོལ།།རྒྱལ་བ་བྱང་ཆུབ་བ་ཙལ་གྱིར་ནོར་འཔུ?་དབྱིག་དང་གསེར་རྣམས་དང ། །གོས་བཟང་མེ་ཏོག་བདུག་པ་བྱུག་པ་ཕྱེ་མ་དམ་པ་དང ། །ཕོ་བྲང་མཚོག་དང་བཚྱཕྱིན་མོའི་འཁོར་དང་རྒྱལ་སྲིད་ཕངས་པའི་ས?ས། །དགྱིས་བཞིན་བཏང་བས་དེ་སངས་རྒྱས་ཀྱི་ས་འཁོར་ལོ་མཆོག་བསྐོར་གསོལ། །དེ་བཞིན་ཚུལ་ཁྲིམས་མ་ཉམས་མ་འབེས་བསྐལ་པ་བརྒྱར་ཡང་བསྲུང་ས། །རྟག་ཏུ་བཟོད་པ་ལེགས་བསྒོམས་ཁྱོད་ནི་བརྩོན་འགྲུས་མ་ཞུམ་གྱུར། ། ཐུབ་པ་བསམ་གཏན་མཆོག་དང་མངོན་ཤེས་ཤེས་རབ་ལྷག་མཐོང་ལྡན།།དགོང་ས་པ་ལོང་ས་རྫོགས་རིམས་ནད་མ་མཆིས་འཁོར་ལོ་མཚོག་བསྐོར་གསོལ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་དེའི་ཚེ་ཆོས་ཀྱི་འཁོར་ལོ་ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ།རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་མཇེས་པརབྱས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཀོད་པ་སྩ[༄\ུf]བས་སྟོང་དང་ལྡན་པ། འོད་ཟེར་སྟོང་ཕྲག་དང་ལྡན་པ།ལྟེ་བ་དང་བ་ཅས་པ། མྱུ་བྱུད་དང་བ་ཅས་པ། མེ་ཏོག་གི་ལྡ་ལྡི་དང་བ་ཅས་པ། གསེར་གྱི་དྲ་བ་དང་བ་ཅས་པ། དྲིལ་བུ་གཡེར་ཀ་དང་བཅས་པ། སྤོས་ཀྱི་ལག་རིས་དང་བ་ཅས་པ།
46-484
བུམ་པ་གང་བ་དང་བ་ཅས་པ། གཡུང་དྲུང་འཁྱིལ་བ་དང་བ་ཅས་པ། བཀྲ་ཤིས་ཀྱི་བརྒྱན་པ་དང་བཅས་པ། ལྷའི་གོས་ཚོན་སྣ་ཚོགས་སུ་བཅོས་པས་མཇེས་པར་བྱས་པ། ལྷའི་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པས་བྱུགས་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། སྔོན་གྱི་སྨོན་ལམ་གྱིས་བསྒྲུབས་པ། བྱང་ཆུབ་སེམས་དཔའི་བསམ་པས་རྣམ་པར་སྦྱང་ས་པ། དེ་བཞིན་གཤེགས་པ་ལ་མཆོད་པའི་འོས་སུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོང་ས་པ། སངས་རྒྱས་ཐམས་ཅད་ཀྱི་བྱིནགྱི་རླབས་ཀྱིས་མ་འཁྲུགས་པ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཞེས་ཤིང་སྔོན་ཡང་བསྐོར་བ་ཆོས་ཀྱི་འཁོར་ལོ་བསྐར་བའི་གྱིར་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །ཕུལ་ནས་ཀྱང་ཐལ་མོ་སྦྱར་ཏེ་ཚིགས་སུ་བ་ཅད་པ་འདི་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་དོ། ། མི་ཡི་སེང་གེ་སེང་ག་ཁྱོད་ནི་སངས་རྒྱས་འགྱུར་རོ་ཞེས། །གང་ཚེ་མར་མེ་མཛད་ཀྱིས་སེམས་ཅན་དག་པ་ལུང་བསྟན་པ། །དེ་ཚེ་བདག་གིས་སྨོན་ལམ་རྣམ་པ་འདི་འདྲ་འདི་བཏབ་སྟེ། །རྫོགས་པའི་བྱང་ཆུབ་བརྙེས་ནས་བདག་གིས་ཆོས་བཤད་བསྐུལ་ཞེས་བགྱིས། །བྱོགས་བཅུ་དག་ནས་སེམས་ཅན་དམ་པ་གང་དག་འདིར་ལྷགས་པ། །དེ་དག་ཐམས་ཅད་འཇུག་པས་བགྲང་བར་ནུས་པ་མ་ལགས་ཏེ། ། བཏུད་ཅིང་ཐལ་མོ་སྦྱར་ནས་ཞབས་གཉིས་ལ་ནི་གཏུགས་ནས་ས་སུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱིར་ཤཱཀྱའི་རིགས་ལ་དགྱིས་པ་བསྐུལ། །བྱང་ཆུབ་སྙིང་པོར་ལྷ་རྣམས་ཀྱིས་ནི་བརྐོད་པ་གང་བགྱིས་དང ། །རྒྱལ་བའི་ས?ས་པོ་ཀུན་གྱིས་བཀོད་པ་གང་དག་བགྱིས་པ་རྣམས། །འབྱོར་པ་དེ་ཀུན་ཆོས་ཀྱི་འཁོར་ལོ་བསྐོར་གྱིར་འདི་ར་བཤམས་ཏེ ། །བསྐལ་པ་ཡོངས་སུ་རྫོགས་པར་བརྗོད་ཀྱང་བས་པར་
46-485
འགྱུར་མ་ལགས། །སྟོང་གསུམ་འཇིག་རྟེན་དག་གི་ནམ་མཁའ་ལྷ་ཡི་ཚོགས་ཀྱིས་བལྟམས ། །དོག་སའི་སྟེང་ཡང་ལྷ་མིན་མི་འམ་ཅི་དང་མི་ཡིས་བལྟམས ། ། ཡུད་ཙམ་དེ་ལ་ལུད་པའི་སྒྲ་ཡང་གྲགས་པར་མ་གྱུར་ཏེ། །ཐམས་ཅད་རབ་ཏུ་དང་བའི་ཡིད་ཀྱིས་རྒྱལ་ལ་མངོན་དུ་བལྟ ། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པ་ནམ་གྱི་ཆ་སྟོད་ཀྱི་ཐུན་ལ་ནི་ཅང་མི་གསུང་བས་ཟད་པར་མཛད་དོ། ། ནམ་གྱི་གུང་ཐུན་ལ་ནི་ཡང་དག་པར་ཆགས་པར་འགྱུར་བའི་གཏམ་གསུང་ངོ ། ། ནམ་གྱི་ཆ་སྨད་ཀྱི་ཐུན་ལ་ནི་ལྔ་སྡེ་བཟང་པོ་རྣམས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།།དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བའི་འཇུག་པར་བྱ་བ་མ་ཡིན་པ་སྟེ།གང་འདོད་པ་རྣམས་ལ་བསོད་ཉམས་སུ་སྤྱོར་བ།དམན་པ། གྲོང་བའི་ཆ ། སོ་སོའི་སྐྱེ་བོ་པ། འཕགས་པ་ལ་མི་མཁོ་བ། གནོད་པ་དང་ལྡན་པ།གྱི་མ་ལ་ཚངས་པར་སྤྱོད་པར་མི་འགྱུར་བ།ཡིད་འབྱུང་བར་མི་འགྱུར་བ། འདོད་ཆགས་དང་བྲལ་བར་མི་འགྱུར་བ། །འགོག་པར་མི་འགྱུར་བ། མངོན་པར་ཤེས་པར་མི་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་བ། མྱ་ངན་ལས་འདའ་བར་མི་འགྱུར་བ་དང ། གང་ཡང་དབུ་མའི་ལམ་མ་ཡིན་པ། ལུས་ང་ལ་བར་སྤྱོར་བ། སྡུག་བསྔལ་བ། གནོད་པ་དང་ལྡན་པ། ཚེ་འདི་ལ་ཡང་སྡུག་བསྔལ་ལ། ཕྱི་མ་ལ་ཡང་སྡུག་བསྔལ་རྣམ་པར་སྨིན་པ་སྟེ། དགེ་སློང་དག་མཐའ་གཉིས་པོ་འདི་དག་སྤང་ས་ནས་དབུ་མའི་ལམ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཚོས་སྟོན་ཏེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ང་ག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲ་ན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དགེ་སློང་དག་བཞི་པོ་འདི་དག་ནི་
46-486
འཕགས་པའི་བདེན་པ་དག་སྟེ། བཞི་གང་ཞེ་ན། སྡུག་བསྔལ་བ་དང ། སྡུག་བསྔལ་ཀུན་འབྱུང་བ་དང ། སྡུག་བསྔལ་འགོག་པ་དང ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མ་མོ། །དེ་ལ་སྡུག་བསྔལ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མི་སྡུག་པ་དང་ཕྲད་པ་དང ། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང ། གང་ཡང་འདོད་པ་བ་ཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཏེ། འདི་ནི་སྡུག་བསྔལ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ཀུན་འབྱུང་བ་གང་ཞེ་ན། གང་འདི་ཡང་འབྱུང་བའི་སྲེད་པ་དང ། དགའ་བའི་འདོད་ཆགས་དང་ལྡན་པ་དང་།དེ་དང་དེར་མངོན་པར་དགའ་བ་སྟེ།འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱའོ།།དེ་ལ་སྡུག་བསྔལ་འགོག་པ་གང་ཞེ་ན།གང་ཡང་འབྱུང་བ་དེའི་སྲེད་པ་དང ། དགའ་བའི་འདོད་ཆགས་དང་ལྡན་པ་དང ། དེ་དང་དེར་མངོན་པར་དགའ་བ་དང ། སྐྱེད་པ་དང ། སྒྲུབ་པ་འདི་ཉིད་ལ་འདོད་ཆགས་མ་ལུས་པ་དང་བྲལ་བ་དང ། འགོག་པ་འདི་ནི་སྡུག་བསྔལ་འགོག་པའོ། །དེ་ལ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གང་ཞེ་ན།འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཉིད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། །དགེ་སློང་དག་བ་ཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་ཅེས་བྱའོ།།དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུང་ས་པ་སྐྱེས། ཤེས་རབ་སྐྱེས་ས་སོ། །སྣང་བ་བྱུང་ངོ ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་
46-487
ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུང་ས་པ་སྐྱེས། ཤེས་རབ་སྐྱེས ། །སྣང་བ་བྱུང་ངོ ། །དགི་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་འགོག་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ ། ། སྣང་བ་བྱུང་ངོ ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཚོས་རྣམས་ལ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་ནས་སྣང་བ་བྱུང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ར་རོ། །དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནས་སྣང་བ་བྱུང་ངོ ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར ། །དགེ་བློང་དག་ངས་སྔོན་མ་ཐོས་པའི་ཚོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འདི་སྤང་བར་བྱའོ་ཞེས་བྱ་བ་ནས་སྣང་བའི་བར་དུ་ཐམས་ཅད་སྔ་མ་བཞིན་ནོ། །དགེ་སློང་དག་སྡུག་བསྔལ་འགོག་པ་འདི་མངོན་དུ་བྱའོ་ཞེས་བྱ་བ་ནས་སྣང་བའི་བར་དུ་སྔ་མ་བཞིན་ནོ། །དགི་སློང་དག་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འདི་བསྒོམ་པར་བྱའོ་ཞེས་བྱ་བ་ནས་སྣང་བ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འདི་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འདི་སྤང་ས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འདི་མངོན་དུ་བྱས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། ། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པར་འགྲོ་
46-488
བའི་ལམ་འདི་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས། ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས ། །སྣང་བ་བྱུང་ངོ ། །དགེ་སློང་དག་དེ་ལྟར་ངས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་འདི་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་ཇི་སྲིད་དུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཡེ་ཤེས་མཐོང་བ་མ་སྐྱེས་པ་དེ་སྲིད་དུ་དགེ་སློང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཁས་མ་འཆེས་ཏེ་ང་ལ་ཡེ་ཤེས་མཐོང་བ་མ་སྐྱེས ། །དགེ་སློང་དག་གང་ཚུན་ཆད་ངས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཡེ་ཤེས་མཐོང་བ་སྐྱེས་ནས་ངས་སེམས་རྣམ་པར་གྲོལ་བ་དང ། ཤེས་རབ་རྣམ་པར་གྲོལ་བ་མི་འཁྲུགས་པ་མངོན་དུ་བྱས་པ་དེ་ཚུན་ཆད་དགེ་སློང་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཁས་འཆེས་ཏེ། ངའི་ཡེ་ཤེས་མཐོང་བ་ཡང་སྐྱེས་ས་སོ། །ངའི་སྐྱེ་བ་ཟད་དོ། །ཚང་ས་པར་སྤྱད་པ་བསྙེན་ཏོ། །བྱ་བ་བྱས་སོ། ། འདི་ལ་སྲིད་པ་གཞན་མི་ཤེས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་ཚང་ས་དབྱང་ས་མི་འམ་ཅི་ཡི་སྐད་ཀྱིས་གསུང ། །ཡན་ལག་ཁྲག་ཁྲིག་སྟོང་འཕགས་བསྐལ་པ་བྲེ་མང་དུ། །རྟག་ཏུ་བདེན་པ་ཤིན་ཏུ་བསྒོམས་པས་རང་བྱུང་བ། ། ཤཱཀྱ་ཐུབ་པས་རྐཎྜཱི་ཀྱ་ལ་བཀའ་སྩལ་པ། །མིག་དང་རྣ་བ་སྣ་ནི་མི་རྟག་མི་བརྟན་ཏེ། །ལྕེ་དང་ལུས་དང་ཡིད་ཀྱང་སྡུག་བསྔལ་བདག་མེད་སྟོང ། །བེམས་པོ་རང་བཞིན་ཙོ་དང་སྩ[༄\ུf]ག་པ་ལྟར་མི་གལོ། །འདི་ལ་བདག་མེད་མིང་དང་སྲོག་ཀྱང་ཡོད་མ་ཡིན། །ཆོས་འདི་ཐམས་ཅད་རྒྱུ་ལ་བརྟེན་ནས་བྱུང་བ་སྟེ། ། མཐའ་
46-489
དང་མཐའ་མེད་ལྟ་དང་བྲལ་ཞིང་ན་མ་མཁའ་འདྲ ། །བྲེད་པ་པོ་མེད་དེ་བཞིན་ཚོར་བ་པོ་ཡང་མེད ། །དགེ་དང་མི་དགེ་བྱས་པའི་ལས་ནི་ཆུད་མི་ཟ། །ཕུང་པོ་རྣམས་ལ་བརྟེན་ནས་འདི་ལྟར་སྡུག་བསྔལ་འབྱུང ། ། ས?[༄\ུf༄]ད་པ་ཆུ་ཡིས་རྣམ་པར་འཕེལ་ནས་འབྱུང་བར་འགྱུར། །ལམ་གྱིས་ཆོས་རྣམས་མཉམ་པ་ཉིད་དུ་རྣམ་མཐོང་ན། །ཤིན་ཏུ་ཟད་ཅིང་བྱང་བའི་ཆོས་ཉིད་ཀྱིས་ནི་འགགས། །ཀུན་རྟོག་རྟོག་པས་བསྐྱེད་པའི་ཚུལ་བཞིན་མ་ཡིན་པས། །མ་རིག་བྱུང་སྟེ་འདི་ལ་འབྱུང་བྱིད་གང་ཡང་མེད ། །འདུ་བྲེད་རྒྱུ་ཡང་འབྱིན་ཏེ་འཕོ་བ་ཡོད་མ་ཡིན། ། འཕོ་བར་འགྱུར་ལ་བརྟེན་ཏེ་རྣམ་པར་ཤེས་པ་འབྱུང ། །རྣམ་པར་ཤེས་ལས་དེ་ལྟར་མིང་དང་གཟུགས་ཀྱང་འབྱུང ། །མིང་དང་གཟུགས་ལས་དབང་པོ་དྲུག་ནི་ཡང་དག་འབྱུང ། །དབང་པོ་དེ་དག་འདུས་པ་ལ་ནི་རེག་ཅེས་བརྗོད ། །རེག་པ་ལས་ནི་ཚོར་བ་རྣམ་གསུམ་འབྱུང་བར་འགྱུར། །ཆུང་ཟད་ཚོར་བ་གང་ཡིན་དེ་ཀུན་སྲེད་པར་བཤད ། ། སྲེད་པས་ལས་ནི་སྡུག་བསྔལ་ཕུང་པོ་ཐམས་ཅད་འབྱུང ། །ཉེ་བར་ལེན་པ་ལས་ནི་སྲིད་པ་ཐམས་ཅད་འབྱུང ། ། སྲིད་པའི་རྐྱེན་གྱིས་དེ་ཡི་སྐྱེ་བ་འབྱུང་བར་འགྱུར། །སྐྱེ་བའི་གཞི་ལས་རྒ་དང་ན་དང་སྡུག་བསྔལ་འགྱུར། ། སྲིད་པའི་དྲ་བ་འདི་ནི་སྐྱེ་བའི་རྣམ་པ་མང ། །དེ་ལྟར་འགྲོ་བ་འདི་རྣམས་ཐམས་ཅད་རྐྱེན་བྱུང་ཉིད ། །བདག་གམ་གང་ཟག་འཕོ་བ་པོ་ནི་གང་ཡང་མེད ། །གང་ན་རྟོག་དང་རྣམ་རྟོག་མེད་དེ་ཚུལ་བཞིན་བརྗོད ། །ཚུལ་བཞིན་གང་ན་ཡོད་དེར་མ་རིག་གང་ཡང་མེད ། གང་ན་མ་རིག་པ་ནི་འགགས་པར་གྱུར་དེ་ན། ། སྲིད་པའི་ཡན་ལག་ཀུན་ཟད་བྱུང་ཞིང་ཟད་ནས་འགགས། དེ་ལྟར་རྐྱེན་འདི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད ། །དེས་ན་རང་བྱུང་བདག་ཉིད་བདག་ལ་ལུང་སྟོན་ཏོ། །རྒྱུ་རྣམས་རྟོགས་པ་སངས་རྒྱས་ཡིན་པ་མ་
46-490
གཏོགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སངས་རྒྱས་ཡིན་མི་སྨྲ། །འདི་ལ་ཕ་རོལ་མྱུ་སྟེགས་ཅན་རྟེན་གནས་མེད་དེ། །ཆོས་སྤྱོར་འདི་འདྲ་འདི་ལ་རབ་ཏུ་རྩོད་པ་སྟོང ། །ཡང་དག་མངོན་སངས་རྒྱས་ལས་སྤྱད་ཅིང་རབ་དག་པ། ། སེམས་ཅན་དེ་དག་ཆོས་འདི་ཤེས་པའི་སྐལ་བ་ཡོད ། །དེ་ལྟར་རྣམ་པ་བཅུ་གཉིས་ཀྱིས ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ། རྐཇི་ཀྱས་ནི་ཀུན་ཤེས་ཏེ།། དཀོན་མཆོག་གསུམ་ནི་མངོན་དུ་གྲུབ། །སངས་རྒྱས་ཆོས་དང་དགེ་འདུན་ན་ནི། ། དེ་དག་དཀོན་མཆོག་གསུམ་ཡིན་ཏེ། །ཚང་ས་པའི་གྲོང་ཁྱེར་གནས་ཀྱི་བར། ། གཅིག་ནས་གཅིག་ཏུ་སྒྲ་སོང་བ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །རྡུལ་མེད་འཁོར་ལོ་རབ་ཏུ་བསྐོར། །གང་དག་འཇིག་རྟེན་རབ་དཀོན་པ། །དཀོན་མཆོག་གསུམ་ནི་བྱུང་བར་གྱུར། ། རྐཎྜཱི་ཀྱ་ལ་སོགས་པ་དག་།དགེ་སློང་དག་ནི་ལྔ་པོ་དང ། །ལྷ་ནི་བྲེ་བ་དྲུག་ཅུ་རྣམས། །ཆོས་ཀྱི་མིག་ནི་རྣམ་པར་སྦྱང་ས། ། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟུགས་ཀྱི་ཁམས་ན་འཁོད་པའི་ལྷ། །གཞན་ཡང་བྲེ་བ་བརྒྱད་ཅུ་པོ། །དེ་དག་མིག་ནི་རྣམ་པར་སྦྱང་ས། །བརྒྱད་ཁྲི་བཞི་སྟོང་མི་ཡི་རྣམས། །གང་དག་ལྷགས་པ་དེ་དག་ཀྱང ། །མིག་ནི་རྣམ་པར་སྦྱང་ས་གྱུར་ཏེ། །ཐམས་ཅད་ངན་པར་འགྲོ་ལས་གྲོལ། །སྐད་ཅིག་དེ་ལ་བྱོགས་བཅུ་མཐའ་ཡས་པར་ནི་སངས་རྒྱས་གསུང་སོང་སྟེ། །སྟོབས་བཅུ་ཤཱཀྱའི་བྱུ་མཚོག་འདི་ནི་དྲང་སྲོང་ལྷུང་བར་གཤེགས་ནས་ས་སུ། །པཱ་རཱ་ཟ་སཱིར་ཆོས་ཀྱི་འཁར་ལོ་དམ་པ་གཞན་མིན་བསྐོར་ཏོ་ཞེས། །གསུང་སྙན་ཡིད་དུ་འོང་ཞིང་དགེ་བ་བར་སྣང་ཀུན་ཏུ་གྲགས་པར་གྱུར། །ཕྱོགས་བཅུ་དག་ན་སངས་རྒྱས་གང་དག་ཇི་སྙེད་ཐམས་ཅད་མི་གསུང་གྱུར། །ཐུབ་པ་དེ་དག་རྣམས་ཀྱི་རིམ་གྲོ་བ་དག་ཀུན་གྱིས་རྒྱལ་བ་ལ། །སྒྲ་གསན་ནས་ནི་ཅི་སླད་སྟོབས་བཅུས་ཆོས་ཀྱི་བཀའ་མཆིད་རྒྱུན་
46-491
ཀྱང་བཀུམ ། །ཅི་ཡི་སླད་དུ་མི་གསུང་བཞུགས་པར་གྱུར་པ་མྱུར་དུ་ལེགས་པར་གསུང་ས། །སྔན་གྱི་སྲིད་པ་བརྒྱར་ནི་བརྩོན་འགྲུས་སྟོབས་ཀྱིས་བྱང་ཆུབ་བསྒྲུབས་ནས་སུ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་རྣམས་ཀྱང་གྱིར་ནི་བསྙིལ་བ་མཛད ། །དེས་ན་ཕན་པ་མཛད་པས་ཤིན་ཏུ་སྦྱང་ས་པས་བྱང་ཆུབ་ཤིས་པ་བརྙེས ། །འཁོར་ལོ་གསུམ་དུབསྐོར་བ་རབ་ཏུ་བསྐོར་བས་དེས་ནི་མི་གསུང་གྱུར། །ཐུབ་པ་དེ་དག་རྣམས་ཀྱི་གསུང་འདི་ཐོས་ནས་སེམས་ཅན་བྲེ་བ་བརྒྱ། ། བྱམས་པའི་སྟོབས་བསྐྱེད་ནས་ནི་བྱང་ཆུབ་དམ་པ་ཤིས་པར་ཡང་དག་ཞུགས། ། བདག་ཅག་རྣམས་ཀྱང་ཐུབ་པ་དེ་ལས་བརྩོན་འགྲུས་མཐུས་འཕགས་རྗེསབསླབས་ཏེ། །འཇིག་རྟེན་ལ་ནི་འཇིག་རྟེན་མཆོག་གི་ཆོས་མིག་སྤྱིན་པར་མྱུར་གྱུར་ཅིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་འཇུལ་བའི་བྱོགས་ཉན་པར་འཚལ་བ་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤིགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་ཇི་ལྟ་བུ་ཞིག་བསྐོར་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཚོས་ཀྱི་འཁོར་ལོ་དེ་ནི་གཏིང་མི་དམིགས་པའི་གྱིར་ཟབ་པའོ། །འཁོར་ལོ་དེ་ནི་གཉིས་དང་བྲལ་བའི་ཕྱིར་མཐོང་བར་དཀའ་བ་འོ། །འཁོར་ལོ་དེ་ནི་ཡིད་ལ་བྲེད་པས་ཡིད་ལ་བྱ་བ་མ་ཡིན་པའི་གྱིར། ཁོང་དུ་ཆུད་པར་དཀའ་པའོ། །འཁོར་ལོ་དེ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་མཉམ་པ་ཉིད་དུ་རྟོགས་པའི་གྱིར། རྣམ་པར་ཤིས་པར་དཀའ་བའོ།།
46-492
འཁོར་ལོ་དེ་ནི་སྤྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པའི་གྱིར། རྙོག་པ་མེད་པའོ། །འཁོར་ལོ་དེ་ནི་དཔེ་གཞག་པ་དང་བྲལ་བའི་གྱིར་ཕྲ་བའོ། །འཁོར་ལོ་དེ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ཐོབ་པའི་གྱིར་སྙིང་པོའོ། །འཁོར་ལོ་དེ་ནི་སྔོན་གྱི་མཐར་མ་བྱུང་བའི་གྱིར་མི་བྲེད་པའོ། །འཁོར་ལོ་དེ་ནི་སྤྲོས་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་སྤྲོས་པ་མེད་པའོ། །འཁོར་ལོ་དེ་ནི་ཤིན་ཏུ་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའོ། །འཁོར་ལོ་དེ་ནི་ནམ་མཁའ་དང་མཚུང་ས་པའི་གྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །བྱམས་པ་ཚོས་ཀྱི་འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཀུན་ཏུ་བསྟན་པ་འཇིག་པའི་འཁོར་ལོའོ། །སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། འབྱུང་བ་མེད་པའི་འཁོར་ལོའོ། །ཀུན་གཞི་མེད་པའི་འཁོར་ལོའོ། །རྟོག་པ་མེད་པ་དང ། རྣམ་པར་རྟག་པ་མེད་པའི་ཆོས་ཀྱི་ཚུལ་ལ་རྟོགས་པའི་འཁོར་ལོའོ། །སྟོང་པ་ཉིད་ཀྱི་འཁོར་ལོའོ། །མཚན་མ་མེད་པའི་འཁོར་ལོའོ། །སྨོན་པ་མེད་པའི་འཁོར་ལོའོ། །མངོན་པར་འདུ་བྱ་བ་མེད་པའི་འཁོར་ལོའོ། །དབེན་པའི་འཁོར་ལོའོ། །འདོད་ཆགས་དང་བྲལ་བའི་འཁོར་ལོའོ། །འགོག་པའི་འཁོར་ལོའོ། །དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་འཁོར་ལོའོ། །ཆོས་ཀྱི་དབྱིང་ས་འབེས་པ་མེད་པའི་འཁོར་ལོའོ། ། ཡང་དག་པའི་མཐའ་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། །ཆགས་པ་མེད་ཅིང་སྒྲིབས་པ་མེད་པའི་འཁོར་ལོའོ། །རྟེན་པ་ལ་འཇུག་ཅིང་གཉིས་སུ་ལྟ་བ་ལས་ཡང་དག་པར་འདའ་བའི་འཁོར་ལོའོ། །ཚོས་ཀྱི་དབྱིང་ས་མཐའ་དང་དབུས་མེད་པར་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མི་གཅོད་པའི་འཁོར་ལོའོ། །འཇུག་པ་མེད་ཅིང་མངོན་པར་གྲུབ་པ་མེད་པའི་འཁོར་ལོའོ། །ཤིན་ཏུ་དམིགས་སུ་མེད་པའི་འཁོར་ལོའོ། །བླང་བ་
46-493
མེད་པ་དང་དོར་བ་མེད་པའི་འཁོར་ལོའོ། །བརྗོད་དུ་མེད་པའི་འཁོར་ལོའོ། ། རང་བཞིན་གྱིས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། །ཡུལ་གཅིག་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་འཁོར་ལོའོ། །སེམས་ཅན་འདུལ་བའི་གྱིརཕྱད་པར་བྱིན་གྱིས་རློབ་ཅིང་ལྡོག་པ་མེད་པའི་འཁོར་ལོའོ། །གཉིས་སུ་མེད་ཅིང་སྒྲོ་བཏགས་པ་མེད་པ་དོན་དམ་པའི་ཚུལ་ལ་འཇུག་པའི་འཁོར་ལོའོ། །ཚོས་ཀྱི་དབྱིང་ས་སུ་ཡང་དག་པར་འདུ་བའི་འཁོར་ལོའོ། །འཁོར་ལོ་དེ་ནི་ཚད་ཐམས་ཅད་ལས་ཤིན་ཏུ་འདས་པས་དཔག་ཏུ་མེད་པའོ། །འཁོར་ལོ་དེ་ནི་གྲང་ས་ཐམས་ཅད་དང་བྲལ་བས་གྲང་ས་མེད་པའོ། །འཁོར་ལོ་དེ་ནི་སེམས་ཀྱི་ལམ་ལས་ཡང་དག་པར་འདས་པས་བསམ་གྱིས་མི་ཁྱབ་པའོ། །འཁོར་ལོ་དེ་ནི་གཞལ་བ་དང་བྲལ་བས་མཚུང་ས་པ་མེད་པའོ། །འཁོར་ལོ་དེ་ནི་སྒྲ་སྐད་ཀྱི་ཚིག་གི་ལམ་ཐམས་ཅད་དང་བྲལ་བས་བརྗོད་དུ་མེད་པ་སྟེ། ཚད་མེད་པ། དཔེ་མེད་པ། དཔེ་དང་བྲལ་བ། ནམ་མཁའ་དང་མཚུང་ས་ཤིང་འདྲ་བ། ཆད་པ་མེད་པ། རྟག་པ་མེད་པ། རྟེན་པ་ལ་འཇུག་པ་དང་མི་འགལ་བ། ཞི་བ། ཤིན་ཏུ་ཉེ་བར་ཞི་བ། དེ་ཁོ་ན། དེ་བཞིན་ཉིད ། མ་ནོར་བ་དེ་བཞིན་ཉིད ། གཞན་མ་ཡིན་པ། གཞན་དུ་མི་འགྱུར་བ། སེམས་ཅན་ཐམས་ཅད་ཀྱིསྒྲར་བརྗོད་པ། བདུད་རྣམས་ཚར་གཅོད་པ། མྱུ་སྟེགས་ཅན་རྣམས་ཕམ་པར་བྲེད་པ། འཁོར་བའི་ཡུལ་ལས་འདའ་བ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ། འཕགས་པའི་གང་ཟག་རྣམས་ཀྱིས་ཡོངས་སུ་ཤེས་པ། རང་སངས་རྒྱས་རྣམས་ཀྱིས་རྟོགས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྲེར་མེད་པའོ། །། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅོ་
46-494
བརྒྱད་པ་སྟེ་ཐ་མ ། བྱམས་པ་དེ་བཞིན་གཤིགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་འདི་ལྟ་བུ་བསྐོར་ཏེ། དེ་བསྐོར་བས་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའོ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །རང་བྱུང་ཞེས་བྱའོ། །ཚོས་ཀྱི་རྗེ་ཞེས་བྱའོ། །འདྲེན་པ་ཞེས་བྱའོ། །རྣམ་པར་འདྲེན་པ་ཞེས་བྱའོ། །ཡོངས་སུ་འདེན་པ་ཞེས་བྱའོ། །དེད་དཔོན་ཞེས་བྱའོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱའོ། །ཚོས་ཀྱི་དབང་ཕྱུག་ཅེས་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །ཆོས་ཀྱི་སྤྱིན་བདག་ཅེས་བྱའོ། །མཆོད་སྤྱིན་རྗེ་ཞེས་བྱའོ། །མཆོད་སྤྱིན་ལེགས་པར་མཛད་པ་ཞེས་བྱའོ། །བརྟུལ་ཞུགས་གྲུབ་པ་ཞེས་བྱའོ། །དགོང་ས་པ་རྫོགས་པ་ཞེས་བྱའོ། །འཆད་པ་པོ་ཞེས་བྱའོ། ། དབུགས་འབྱིན་པ་ཞེས་བྱའོ། །བདེ་བ་མཛད་པ་ཞེས་བྱའོ། །དཔའ་བོ་ཞེས་བྱའོ། །ཉོན་མོང་ས་པ་སྤོང་བ་ཞེས་བྱའོ། །གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱའོ། །གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ་ཞེས་བྱའོ། །སྣང་བ་མཛད་པ་ཞེས་བྱའོ། །འོད་མཛད་པ་ཞེས་བྱའོ། ། མྱུན་པ་སེལ་བ་ཞེས་བྱའོ། ། སྒྲོན་མ་འཛིན་པ་ཞེས་བྱའོ། །སྨན་པའི་རྒྱལ་པོ་ཆེན་པོ་ཞེས་བྱའོ། །ཡང་དག་པའི་གསོ་བ་མཛད་པ་ཞེས་བྱའོ། །ཟུག་ཇུ་འབྱིན་པ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་གཟིགས་པ་རབ་རིབ་མི་མངའ་བ་ཞེས་བྱའོ། །ཀུན་ཏུ་གཟིགས་པ་ཞེས་བྱའོ། ། ཀུན་ཏུ་རྣམ་པར་གཟིགས་པ་ཞེས་བྱའོ། །ཀུན་ནས་སྤྱན་ཅེས་བྱའོ། །ཀུན་ནས་འོད་ཅེས་བྱའོ། །ཀུན་ཏུ་སྣང་བ་ཞེས་བྱའོ། །ཀུན་ནས་སྒོ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་བྱའོ། །ཀུན་ཏུ་མཇེས་པ་ཞེས་བྱའོ། །གནས་པ་མེད་ལ་བླང་བ་མེད་ཅིང་དོར་བ་མེད་པ་ཞེས་བྱའོ། །མཐོ་བར་སེམས་པ་དང ། དམའ་བར་སེམས་པ་མེད་པའི་གྱིར་ས་དང་མཚུང་ས་པ་ཞེས་བྱའོ། །རབ་ཏུ་མི་གཡོས་པའི་
46-495
གྱིར་རིའི་དབང་པོ་དང་འདྲ་བ་ཞེས་བྱའོ། །ཡོན་ཏན་ཐམས་ཅད་དང་ལྡན་པའི་གྱིར། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཕྱིར། སྤྱི་ག་རྩུག་བལྟར་མི་མཐོང་བ་ཞེས་བྱའོ། ། ཟབ་ཅིང་གཏིང་དཔག་དཀའ་བའི་ཕྱིར་རྒྱ་མཚོ་དང་མཚུང་ས་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་རྫོགས་པའི་གྱིར་ཆོས་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །གནས་པ་མེད་པའི་གྱིར་རླུང་དང་མཚུང་ས་པ་ཞེས་བྱའོ། །ཆགས་པ་མེད་ཅིང་བཅིང་ས་པ་མེད་ལ་གྲོལ་བ་མེད་པའི་སེམས་དང་ལྡན་པའི་གྱིར་བློ་ཆགས་པ་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ངེས་པར་རྟོགས་པའི་གྱིར་གྱིར་མི་ལྡོག་པའི་ཆོས་ཞེས་བྱའོ། །བསྙེན་པར་དཀའ་ཞིང་རློམ་སེམས་ཐམས་ཅད་སྤང་ས་ཏེ་ཉོན་མོང་ས་པ་ཐམས་ཅད་ས?[༄\ུf༄]ག་པར་གནས་པའི་གྱིར་མེ་དང་མཚུང་ས་པ་ཞེས་བྱའོ། །ཀུན་ཏུ་རྟོག་པ་རྙོག་པ་མེད་ཅིང་སྐུ་དང་ཐུགས་དྲི་མ་མེད་ལ་སྡིག་པ་བསལ་བའི་གྱིར་ཆུ་དང་མཚུང་ས་པ་ཞེས་བྱའོ། །ཡེ་ཤེས་ཡུལ་ལ་ཆགས་པ་མེད་པ་དང ། ཆོས་ཀྱི་དབྱིང་ས་མཐའ་དང་དབུང་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་དང ། མངོན་པར་ཤིས་པ་བརྙེས་པའི་ཕྱིར་ནམ་མཁའ་དང་མཚུང་ས་པ་ཞེས་བྱའོ། །སྒྲིབ་པའི་ཆོས་ཐམས་ཅད་ཤིན་ཏུ་སྤང་ས་པའི་ཕྱིར་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་ལ་གནས་པ་ཞེས་བྱའོ། །ནམ་མཁའ་དང་མཆུང་ས་པར་མིག་གི་ལམ་ལས་ཡང་དག་པར་འདས་པའི་གྱིར་ཆོས་ཀྱི་དབྱིང་ས་ཐམས་ཅད་དུ་སོང་བའི་སྐུ་དང་ལྡན་པ་ཞེས་བྱའོ། །འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱིས་ཉོན་མོང་ས་པ་མེད་པའི་གྱིར་སེམས་ཅན་གྱི་མཆོག་ཅེས་བྱའོ། །སེམས་ཅན་ཆགས་པ་མེད་པ་ཞེས་བྱའོ། །བློ་ཚད་མེད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་ཞེས་བྱའོ། །འཇིག་རྟེན་གྱི་སློབ་དཔོན་ཞེས་བྱའོ། །
46-496
འཇིག་རྟེན་གྱི་མཆོད་རྟེན་ཞེས་བྱའོ། །འཇིག་རྟེན་ན་མངོན་པར་འཕགས་པ་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པ་ཞེས་བྱའོ། །འཇིག་རྟེན་གྱི་མགོན་པོ་ཞེས་བྱའོ། །འཇིག་རྟེན་གྱི་ག་ཙོབོ་ཞེས་བྱའོ། །འཇིག་རྟེན་གྱི་ཕུལ་ཞེས་བྱའོ། །འཇིག་རྟེན་གྱི་དབང་ཕྱུག་ཅེས་བྱའོ། །འཇིག་རྟེན་གྱི་མཚོད་པ་ཞེས་བྱའོ། །འཇིག་རྟེན་གྱི་དཔུང་གཉེན་ཞེས་བྱའོ། །འཇིག་རྟེན་གྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །འཇིག་རྟེན་གྱི་སྒྲོན་མ་ཞེས་བྱའོ། །འཇིག་རྟེན་ལས་འདས་པ་ཞེས་བྱའོ། །འཇིག་རྟེན་གྱི་བླ་མ་ཞེས་བྱའོ། །འཇིག་རྟེན་གྱི་དོན་མཛད་པ་ཞེས་བྱའོ། །འཇིག་རྟེན་དང་འཐུན་པར་མཛད་པ་ཞེས་བྱའོ། །འཇིག་རྟེན་མཁྱེན་པ་ཞེས་བྱའོ། །འཇིག་རྟེན་གྱི་བདག་པོ་བནྟེས་པ་ཞེས་བྱའོ། །སྦྱིན་གནས་ཆེན་པོ་ཞེས་བྱའོ། །མཆོད་པའི་འོས་ཞེས་བྱའོ། །བསོད་ནམས་ཀྱི་ཞིང་ཆེན་པོ་ཞེས་བྱའོ། །སེམས་ཅན་ཆེན་པོ་ཞེས་བྱའོ། །སེམས་ཅན་དམ་པ་ཞེས་བྱའོ། །སེམས་ཅན་མཆོག་ཅེས་བྱའོ། ། སེམས་ཅན་རབ་མཆོག་ཅེས་བྱའོ། ། སེམས་ཅན་བླ་མ་ཞེས་བྱའོ། །སེམས་ཅན་གོང་ན་མེད་པ་ཞེས་བྱའོ། །སེམས་ཅན་མཉམ་པ་མེད་པ་ཞེས་བྱའོ། །སེམས་ཅན་འདྲ་བ་མེད་པ་ཞེས་བྱའོ། །རྟག་ཏུ་མཉམ་པར་བཞག་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་ཞེས་བྱའོ། །ལམ་བརྙེས་པ་ཞེས་བྱའོ། །ལམ་སྟོན་པ་ཞེས་བྱའོ། །ལམ་མཚོན་པ་ཞེས་བྱའོ། །ལམ་ལ་ཤིན་ཏུ་གནས་པ་ཞེས་བྱའོ། །བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱའོ། །བདུད་ཀྱི་དཀྱིལའཁོར་འཇོམས་པར་མཛད་པ་ཞེས་བྱའོ། །རྒ་ཤིམི་མངའ་བས་བསིལ་བའི་དངོས་པོ་བརྙེས་པ་ཞེས་བྱའོ། ། མྱུན་པ་མུན་ནག་དང་བྲལ་བ་ཞེས་བྱའོ། ། ཇེ་ཙོམ་དང་བྲལ་བ་ཞེས་བྱའོ། །དོགས་པ་དང་བྲལ་བ་ཞེས་བྱའོ། །ཉོན་མོང་ས་པ་དང་བྲལ་བ་ཞེས་བྱའོ།།
46-497
སོམ་ཉི་བཏུལ་བ་ཞེས་བྱའོ། །ཡིད་གཉིས་ཡང་དག་པར་བཅོམ་པ་ཞེས་བྱའོ། ། ཆགས་པ་དང་བྲལ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཞེས་བྱའོ། །རྣམ་པར་དག་པ་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱའོ། །ཞེ་ལྡང་དང་བྲལ་བ་ཞེས་བྱའོ། །གཏི་མུག་དང་བྲལ་བ་ཞེས་བྱའོ། །ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོང་ས་པ་མི་མངའ་བ་ཞེས་བྱའོ། །དབང་དང་ལྡན་པར་གྱུར་པ་ཞེས་བྱའོ། ། ཐུགས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། ། ཅང་མཁྱེན་པ་ཞེས་བྱའོ། །གླང་པོ་ཆེན་པོ་ཞེས་བྱའོ། །བྱ་བ་མཛད་པ་ཞེས་བྱའོ། །བྲེད་པ་མཛད་པ་ཞེས་བྱའོ། །ཁུར་བོར་བ་ཞེས་བྱའོ། ། རང་གི་དོན་རྗེས་སུ་བརྙེས་པ་ཞེས་བྱའོ། ། སྲིད་པར་ཀུན་དུ་སྤྱོར་བ་ཡོངས་སུ་ཟད་པ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། ། སེམས་ཀྱི་དབང་དམ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །སྤྱིན་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱིས་མངོན་པར་འཕགས་པ་ཞེས་བྱའོ།། བཟད་པའི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །བརྩོན་འགྲུས་ཀྱིས་མངོན་པར་འཕགས་པ་ཞེས་བྱའོ། །བསམ་གཏན་དང་མངོན་པར་ཤེས་པ་བརྙེས་པ་ཞེས་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །སྨོན་ལམ་གྲུབ་པ་ཞེས་བྱའོ། །བྱམས་པ་ཆེན་པོ་ལགནས་པ་ཞེས་བྱའོ། །སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། དགའ་བ་ཆེན་པོ་ལ་གནས་པ་ཞེས་བྱའོ། ། བཏང་སྟོམས་ཆེན་པོ་ལ་གནས་པ་ཞེས་བྱའོ། ། སེམས་ཅན་བསྡུ་བ་ལ་བརྩོན་པ་ཞེས་བྱའོ། །སྒྲིབ་པ་མེད་པའི་སོ་སོ་ཡང་དག་པར་རིག་པ་བརྙེས་པ་ཞེས་བྱའོ། །རྟོན་པར་གྱུར་པ་ཞེས་བྱའོ། ། བསོད་ནམས་ཆེན་པོ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དྲ་ན་པ་དང་བློ་གྲོས་དང་རྟགས་པ་དང་བློ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དྲ་ན་པ་ཉེ་
46-498
བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། ཞི་གནས་དང ། ལྷག་མཐོང་གིས་སྣང་བ་བརྙེས་པ་ཞེས་བྱའོ། །འཁོར་བའི་རྒྱ་མཚོ་ལས་རྒལ་བ་ཞེས་བྱའོ། །ཕ་རོལ་ཏུ་བྱོན་པ་ཞེས་བྱའོ། །ཐང་ལ་བྱོན་པ་ཞེས་བྱའོ། །བདེ་བ་བརྙེས་པ་ཞེས་བྱའོ། །མི་བསྙེང་ས་པ་བཇིས་པ་ཞེས་བྱའོ། ། ཉརོན་མོང་ས་པའི་ཚེར་མ་དཀྲུགས་པ་ཞེས་བྱའོ། །སྐྱེས་བུ་ཞེས་བྱའོ། ། སྐྱེས་བུ་ཆེན་པོ་ཞེས་བྱའོ། །སྐྱེས་བུ་སིང་གེ་ཞེས་བྱའོ། །འཇིགས་པ་དང་སྤུ་ཟིང་ཞེས་བྲེད་པ་མི་མངའ་བ་ཞེས་བྱའོ། །གླང་པོ་ཞེས་བྱའོ། །དྲི་མ་མེད་པ་ཞེས་བྱའོ། ། དྲི་མ་གསུམ་སྤང་ས་པ་ཞེས་བྱའོ། །རིག་པ་པོ་ཞེས་བྱའོ། །རིག་པ་གསུམ་བརྙེས་པ་ཞེས་བྱའོ། །ཆུ་བོ་བཞིལས་རྒལ་བ་ཞེས་བྱའོ། །རིན་པོ་ཆེའི་གདུགས་འཛིན་པ་གཅིག་པུར་གྱུར་པའི་གྱིར་རྒྱལ་རིགས་ཞེས་བྱའོ། །སྡིག་པའི་ཆོས་སྤང་ས་པའི་ཕྱིར་བྲམ་ཟེ་ཞེས་བྱའོ། །མ་རིག་པའི་སྒོ་ངའི་སྦུབས་བཅོམ་པའི་གྱིར་དགེ་སློང་ཞེས་བྱའོ། །ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་གྱིར་དགེ་སྦྱོང་ཞེས་བྱའོ། །ཉོན་མོང་ས་པ་གཟིགས་པའི་ཕྱིར་ག་ཙང་སྤྲ་ཅན་ཞེས་བྱའོ། ། སྟོབས་དང་ལྡན་པ་ཞེས་བྱའོ། །སྟོབས་བརྩུ་མངའ་བ་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱའོ། །སྐུ་བསྒོམས་པ་ཞེས་བྱའོ། །རྒྱལ་པོའི་ཡང་རྒྱལ་པོ་ཞེས་བྱའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། །ཚོས་ཀྱི་འཁོར་ལོ་མཆོག་དམ་པ་བསྐོར་ཞིང་རྗེས་སུ་སྟོན་པ་ཞེས་བྱའོ། །མི་འཁྲུགས་པའི་ཚོས་སྟོན་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བྱའོ། །ཆགས་པ་མེད་པའི་ཡེ་ཤེས་ཆེན་པོ་དྲི་མ་མེད་ཅིང་རྣམ་པར་གྲོལ་བའི་གོ་འཕང་གི་ཐབས་བརྙེས་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ་ཞེས་བྱའོ། ། ཆོས་
46-499
པཀཔ་ཞི་པ་ཞི་ཐཔ་ཐ་པ་ཞི་པ་ད་རིན་པོ་ཆེ་ཐམས་ཅད་ཀྱི་ཁྱད་པར་བརྙེས་པ་ཞེས་བྱའོ། །བློན་པོ་འཕགས་པའི་ཉན་ཐོས་ཐམས་ཅད་ཀྱིས་ཞལ་གྱི་དཀྱིལ་འཁོར་དུ་བལྟས་པ་ཞེས་བྱའོ། ། ས?ས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཅན་ཞེས་བྱའོ། །གདུལ་བ་ཤིན་ཏུ་བཏུལ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལེགས་པར་ལུང་བསྟན་པ་ཞེས་བྱའོ། །རྣམ་ཐོས་ཀྱི་བུ་དང་འདྲ་བ་ཞེས་བྱའོ། །འཕགས་པའི་ནོར་བདུན་གྱི་མཛོད་བྱིན་པ་ཞེས་བྱའོ། །ལྷུག་པར་གཏོང་བ་ཞེས་བྱའོ། །བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །རེ་བ་ཐམས་ཅད་སྤྱིན་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བས་རྗེས་སུ་སྐྱོང་བ་ཞེས་བྱའོ། །དབང་པོ་དང་མཚུང་ས་པ་ཞེས་བྱའོ། །ཡེ་ཤེས་མཆོག་གི་རྡོ་རྗེ་འཆང་བ་ཞེས་བྱའོ། །ཀུན་ནས་སྤྱན་ཞེས་བྱའོ། །ཆོས་ཐམས་ཅད་ལ་སྒྲིབ་པ་མི་མངའ་བར་གཟིགས་པ་ཞེས་བྱའོ། །ཡེ་ཤེས་ཀྱིས་ཀུན་ཏུ་རྣམ་པར་འཇུལ་པ་ཞེས་བྱའོ། །ཆོས་ཀྱི་གར་གྱི་རྒྱུད་རྒྱ་ཆེན་པོ་སྟོན་པ་ལ་ཞུགས་པ་ཞེས་བྱའོ། །ཟླ་བ་དང་མཚུང་ས་པ་ཞེས་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་བལྟ་བས་མི་ངོམས་པ་ཞེས་བྱའོ། །འོད་རྣམ་པར་དག་ཅིང་ཀུན་དུ་ཡང་ས་པ་ཞེས་བྱའོ། །དགའ་བ་དང་མཆོག་ཏུ་དགའ་བར་མཛད་པའི་འོད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་མངོན་དུ་བྱོགས་ཤིང་གཟིགས་པར་སྣང་བ་ཞེས་བྱའོ། །འགྲོ་བ་ཐམས་ཅད་ཀྱི་སེམས་དང་བསམ་པའི་སྣོད་ཇི་ལྟ་བ་བཞིན་དུ་སྣང་བ་བརྙེས་པ་ཞེས་བྱའོ། ། བཀོད་པ་ཚེན་པོ་ཞེས་བྱའོ། །སློབ་པ་དང་མི་སློབ་པའི་སྐར་མའི་ཚོགས་ཀྱི་འཁོར་ཅན་ཞེས་བྱའོ། །ཉི་མའི་དཀྱིལ་འཁོར་དང་མཚུང་ས་པ་ཞེས་བྱའོ། ། མྱུན་པ་མྱཕྱིན་ནག་བསལ་བ་ཞེས་བྱའོ། །ཏོག་ཆེན་པོ་དང་ལྡན་པའི་རྒྱལ་པོ་ཞེས་བྱའོ། ། འོད་ཟེར་ཚད་མེད་ཅིང་མཐའ་ཡས་པ་ཞེས་བྱའོ། །སྣང་བ་ཆེན་པོ་ཀུན་ཏུ་སྟོན་པ་
46-500
ཞེས་བྱའོ། །དྲིས་པ་ཐམས་ཅད་ལུང་བསྟན་པ་སྟོན་པ་ལ་ཟོང་ས་པ་མི་མངའ་བ་ཞེས་བྱའོ། །མ་རིག་པའི་མུན་པ་ཆེན་པོ་འཇོམས་པར་མཛད་པ་ཞེས་བྱའོ། ། ཡེ་ཤེས་ཀྱི་སྣང་བ་ཆེན་པོས་རྣམ་པར་གཟིགས་པའི་བློ་དང་ལྡན་པ་ཞེས་བྱའོ། ། རྣམ་པར་མི་རྟོག་པ་ཞེས་བྱའོ། །བྱམས་པ་དང་སྙིང་བརྩེ་བ་དང ། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་ཞིང་ཡུལ་ཚད་མེད་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ཟབ་ཅིང་རྙེད་པར་དཀའ་ལ་བལྟ་དཀའ་བའི་དཀྱིལ་འཁོར་ཅན་ཞེས་བྱའོ། །ཚངས་པ་དང་མཚུང་ས་པ་ཞེས་བྱའོ། །རབ་ཏུ་ཞི་བའི་སྤྱོད་ལམ་དང་ལྡན་པ་ཞེས་བྱའོ། །སྤྱོད་ལམ་དང་སྤྱོད་པའི་ཁྱད་པར་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །གཟུགས་དམ་པ་མངའ་བ་ཞེས་བྱའོ། ། བལྟ་བས་མི་ངོམས་པ་ཞེས་བྱའོ། །དབང་པོ་ཞི་བ་ཞེས་བྱའོ། །ཡིད་ཞི་བ་ཞེས་བྱའོ། །ཞི་གནས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཞི་གནས་དམ་པ་བརྙེས་པ་ཞེས་བྱའོ། །དུལ་བ་དང་ཞི་གནས་མཆོག་བརྙེས་པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་གི་ཚོགས་ཡོངས་སུ་རྫོགས་པ་ཞེས་བྱའོ། །སྤས་པ་དང ། དབང་པོ་ཐུལ་བ་དང ། གླང་པོ་ལྟར་ཤིན་ཏུ་དུལ་བ་དང ། མཚོལྟར་རྙོག་པ་མེད་ཅིང་དང་བ་ཞེས་བྱའོ། །ཉོན་མོང་ས་པའི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ལེགས་པར་སྤང་ས་པ་ཞེས་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱའོ། །སྐྱེས་བུ་མཆོག་ཅེས་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུའི་འཁོར་སྣ་ཚོགས་ཀྱིས་སྐུ་སྤྲས་པ་ཞེས་བྱའོ། །སྐྱེས་བུ་བྱུ་མཆོག་ཅེས་བྱའོ། །སྟོབས་བཅུ་དང་ལྡན་པ་ཞེས་བྱའོ། །མི་འཇིགས་པ་བཞི་བརྙེས་པ་ཞེས་བྱའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་མ་འབེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པ་ཞེས་བྱའོ།།
46-501
སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཀྱི་མཐའ་མ་སྨད་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་གྱིར་ཤིན་ཏུ་ལོང་ས་སུ་སྦྱང་ས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངའ་བ་ཞེས་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མཉམ་པ་ཉིད་དུ་མངོན་པར་ཐུགས་སུ་ཆུད་པའི་གྱིར་སྟོང་པ་ཇིད་ལ་གནས་པ་ཞེས་བྱའོ། ། དོན་དམ་པའི་བདེན་པའི་ཚུལ་རབ་ཏུ་རྟོགས་པའི་ཕྱིར་མཚན་མ་མེད་པ་ལ་གནས་པ་ཞེས་བྱའོ། །འཇུག་པ་ཐམས་ཅད་ཀྱིས་མི་གོས་པའི་གྱིར་སྨོན་པ་མེད་པ་ལ་གནས་པ་ཞེས་བྱའོ། །འདུ་བྲེད་ཐམས་ཅད་ཀྱི་རྒྱུན་བ་ཅད་པའི་གྱིར། མངོན་པར་འདུ་མཛད་པ་མི་མངའ་བ་ཞེས་བྱའོ། །ཡང་དག་པའི་མཐའི་ཡེ་ཤེས་ཀྱི་ཡུལ་རྣམ་པར་མི་འཁྲུགས་པའི་གྱིར། ཡང་དག་པར་གསུང་བ་ཞེས་བྱའོ། །དེ་བཞིན་ཉིད་དང་ཚོས་ཀྱི་དབྱིངས་དང་ནམ་མཁའི་མཚན་ཉིད་ཤེས་པའི་ཡུལ་ཡིན་པའི་གྱིར་མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པགསུང་བ་ཞེས་བྱའོ། ། ཆོས་ཐམས་ཅད་སྒྱུ་མ་དང ། སྨིག་རྒྱུ་དང ། མི་ལམ་དང ། ཆུ་ཟླ་དང ། བྲག་ཅ་དང ། མིག་ཡོར་དང་མཚུང་ས་པར་གནས་པའི་གྱིར་ཉོན་མོང་ས་པ་མེད་པའི་ཆོས་ཤིན་ཏུ་རྟོགས་པ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པའི་རྒྱུ་སྐྱེད་པའི་གྱིར་མཐོང་བ་དང་ཐོས་པ་དོན་ཡོད་པ་ཞེས་བྱའོ། །སེམས་ཅན་གདུལ་བར་བ་ཏུ་ལ་བའི་རྩལ་དང་ལྡན་པའི་གྱིར་གོམ་པ་འདོར་བ་དོན་ཡོད་པ་ཞེས་བྱའོ། ། མ་རིག་པ་དང་སྲིད་པའི་སྲེད་པ་ཡང་དག་པར་བ་ཅད་པའི་གྱིར་འོབས་ལས་རྒལ་བ་ཞེས་བྱའོ། །ངེས་པར་འབྱིན་པའི་ལམ་ལེགས་པར་བསྟན་པའི་གྱིར་ཟམ་པ་བཏགས་པ་ཞེས་བྱའོ། །བདུད་ཀྱི་ཡུལ་དང་སྤྱོད་པ་ཐམས་ཅད་ཀྱིས་མི་གོས་པའི་གྱིར་བདུད་དང་ཉོན་མོང་ས་པའི་གྱིར་གོལ་བ་ལས་རྒྱལ་བ་ཞེས་བྱའོ། །འདོད་པའི་ཁམས་ལས་ཡང་དག་པར་འདས་པའི་གྱིར་འདོད་པའི་འད་མ་ལས་རྒལ་བ་
46-502
ཞེས་བྱའོ། །གཟུགས་ཀྱི་ཁམས་ལས་ཡང་དག་པར་འདས་པའི་གྱི་ར་ང་རྒྱལ་གྱི་རྒྱལ་མཚན་བསྙལ་བ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདས་པའི་གྱིར་ཤེས་རབ་ཀྱི་རྒྱལ་མཚན་བསྒྲེང་བ་ཞེས་བྱའོ། །ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་ལྡན་པའི་གྱིར་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱའོ། །ཡོན་ཏན་རིན་པོ་ཆེའི་ཡེ་ཤེས་ཀྱི་མེ་ཏོག་མཐའ་ཡས་པ་ཤིན་ཏུ་རྒྱས་ཤིང་རྣམ་པར་གྲོལ་བའི་འབྲས་བུ་ཤིན་ཏུ་ཕུན་སུམ་ཚོགས་པའི་གྱིར་སྡོང་པོ་ཆེན་པོ་ཞེས་བྱའོ། །འབྱུང་བ་དང་མཐོང་བ་རྙེད་པར་དཀའ་བའི་གྱིར་ཨུ་དུམ་ཁཱ་རའི་མེ་ཏོག་དང་མཚུང་ས་པ་ཞེས་བྱའོ། །ཚུལ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བའི་བསམ་པ་ཤིན་ཏུ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དང་མཚུང་ས་པ་ཞེས་བྱའོ། །ཡུན་རིང་པོ་ནས་གཏོང་བ་དང་ཚུལ་ཁྲིམས་དང་དཀའ་ཐུབ་དང་བརྟུལ་ཞུགས་དང ། ཚངས་པར་སྤྱོད་པ་བརྟན་པོར་ཡང་དག་པར་བླང་ས་པས་མི་གཡོ་ཞིང་མི་སྐྱོད་པའི་ཕྱིར། ཞབས་ཤིན་ཏུ་གནས་པ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། བླ་མ་དང ། སྤྱིན་གནས་རྣམས་དང ། ཆོས་དང་ལྡན་པ་ཡོངས་སུ་སྐྱོང་བ་དང ། སྐྱབས་སུ་ལྷགས་པ་རྣམས་ཡོངས་སུ་མི་གཏོང་བའི་གྱིར། ཞབས་ཀྱི་མཐིལ་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་དང ། འཁོར་ལོ་རྩིབས་སྟོང་དང་ལྡན་པ་སྣ་ཚོགས་ཀྱི་མཚན་དང་ལྡན་པ་ཞེས་བྱའོ། །ཡུན་རིང་པོ་ནས་སྲོག་གཅོད་པ་སྤང་ས་པའི་ཕྱིར་ཞབས་ཀྱི་རྟིང་པ་ཡང་ས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་སེམས་ཅན་གཞན་སྲོག་གཅོད་པ་སྤང་བ་ཡང་དག་པར་འཛིན་དུ་འཇུག་པའི་གྱིར་ཕྱག་གི་སོར་མོ་རིང་བ་ཞེས་བྱའོ། །ཡུན་རིང་པོ་ནས་སྲོག་གཅོད་པ་སྤང་བའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་མཛད་པ་དང ། སྐྱེ་བོ་
46-503
མང་པོའི་སྐྱབས་མཛད་པའི་ཕྱིར། སྐུ་ཆེ་ཞིང་དྲང་བ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། བླ་མ་དང ། སྤྱིན་གནས་ལ་བསྙེན་བཀུར་དང་ལོང་ས་སུ་སྤྱད་པ་བྲེད་ཅིང་བཀྲུ་བ་དང ། བྱུག་པ་དང ། མར་དང ། འབྲུ་མར་གྱིས་སྐུད་ཅིང་ལག་དྲ་ཏེ་ལུས་ལ་སྤྱད་པ་བྱིད་པས་ཡོང་ས་སུ་མི་སྐྱོ་བའི་ཕྱིར། ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ཞེས་བྱའོ། །བསྡུ་བའི་དངོས་པོ་བཞི་པོ་སྤྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་བྲེད་པ་དང ། དོན་འཐུན་པའི་དྲ་བས་སེམས་ཅན་བསྡུ་བ་ལ་མཁས་པ་ལེགས་པར་བསླབས་པའི་གྱིར་ཕྱག་དང་ཞབས་དྲ་བས་འབྲེལ་བ་ཞེས་བྱའོ། །ཡུན་རིང་པོ་ནས་གོང་ནས་གོང་དུ་དགེ་བའི་རྩ་བ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ལ་ལྷག་པར་དམིགས་པའི་གྱིར་ཞབས་མཐོ་བ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། བླ་མ་དང ། སྤྱིན་གནས་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྐོར་བ་བྲེད་པ་དང ། ལུས་ཀྱི་ལས་དང ། གུས་པར་ཆོས་ཉན་ཅིང་སྦུ་ཟིང་ཞེས་བྲེད་པ་དང ། སེམས་ཅན་གཞན་ཡང་དག་པར་དགའ་བར་བྲེད་པ་དང ། ཆོས་སྟོན་པ་ལ་སྤྱོར་བའི་གྱིར་ཡན་ལག་གི་སྦུ་གྱིན་དུ་གཡས་སུ་འཁྱིལ་བར་མངོན་པར་གྲུབ་པ་ཞེས་བྱའོ། །ཡུན་རིང་པོ་ནས་བསྟི་སྟང་དུ་བྱས་ཏེ། ཆོས་ཉན་པ་དང ། འཛིན་པ་དང ། ཀློག་པ་དང ། ཤེས་པར་བྲེད་པ་དང ། དོན་དང་ཚིག་རྣམ་པར་ངེས་པར་རྟོག་པ་ལ་མཁས་པས་རྒ་བ་དང ། ན་བ་དང ། འཆི་བ་ལ་མངོན་དུ་བྱོགས་པའི་སེམས་ཅན་ཐམས་ཅད་ལ་སྐྱབས་སུ་འགྲོ་བ་སྤྱིན་པ་དང ། བསྟི་སྟང་དུ་བྱས་ཏེ་ཆོས་སྟོན་ཅིང་མི་བརྙས་པའི་བློ་དང་ལྡན་པའི་གྱིར་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་ཞེས་བྱ་བའོ། །ཡུན་རིང་པོ་ནས་དགེ་སྤྱོང་དང ། བྲམ་ཟེ་རྣམས་དང ། དེ་ལས་གཞན་པ་ཚང་ས་པ་
46-504
མཚུང་ས་པར་སྤྱོད་པ་རྣམས་ལ་ཚང་ས་པར་སྤྱོད་པའི་རྗེས་སུ་གཟུང་བའི་ཡོ་བྱད་ཐམས་ཅད་སྤྱིན་པ་དང ། སྒྲེན་མོ་རྣམས་ལ་གོས་སྤྱིན་པ་དང ། གཞན་གྱི་ཆུང་མ་ལ་མི་འབྱོ་བ་དང ། ཚང་ས་པར་སྤྱོད་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་ཇོས་སུ་བསྲུང་བ་བརྟན་པོར་ཡང་དག་པར་བླངས་པའི་གྱིར་མདོམས་ཀྱི་སྤ་བ་སྦུབས་སུ་ནུབ་པ་ཞེས་བྱའོ། །ཡུན་རིང་པོ་ནས་ལག་པ་དང་རྐང་པ་སྤོམ་པ་དང ། སེམས་ཅན་ལ་མི་འཚེ་བར་སྤྱོར་བ་དང ། ལུས་ཀྱི་ལས་དང ། ང་ག་གི་ལས་དང ། ཡིད་ཀྱི་ལས་བྱམས་པ་དང་ལྡཱན་པའི་གྱིར་ཕྱག་རིང་བ་ཞེས་བྱའོ། །ཡུན་རིང་པོ་ནས་ཟས་ཀྱི་ཚོད་ཤེས་པ་དང་ཉུང་ངུ་ཟ་བ་དང ། ལྟོ་སྡོམ་པ་དང ། ནད་པ་ལ་སྨན་སྤྱིན་པ་དང ། སྐྱེ་བོ་དམན་པ་ལ་མི་བརྙས་པ་དང ། མགོན་མེད་པ་ཁྱད་དུ་མི་གསོད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་འཆོས་པ་དང ། མཆོད་རྟེན་སྩ[༄\ུf]ག་པ་དང ། འཇིགས་པས་ཉེན་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པའི་གྱིར་ཤིང་ཀྱ་གྲོ་བྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། བྲམ་ཟེ་དང ། དགེ་སྤྱོང་དང ། བླ་མ་དང ། སྤྱིན་གནས་རྣམས་ལ་བཀྲུ་བ་དང ། བསྐུ་བ་དང ། མར་དང ། འབུ?་མར་གྱིས་སྐུད་པ་དང ། གྲང་བའི་དུས་ན་ནི་ཆུ་དྲོན་པོ་དང་ཚ་བའི་དུས་ན་ནི་ཆུ་གྲང་བ་དང ། བསིལ་གྲིབ་དང་དུས་ཀྱི་བདེ་བའི་ལོང་ས་སྤྱོད་སྤྱིན་པ་དང ། ཤིང་བལ་འཇམ་པོ་ལྟར་རེག་ན་བདེ་ཞིང་འཇམ་པའི་རས་ལེགས་པར་བཏིང་བའི་མལ་ཆ་སྤྱིན་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱི་འབུ?་མར་འཐོར་བ་དང ། དྲ་ཕྲ་མོའི་རྒྱལ་མཚན་དང ། བ་དན་དང ། ས?ད་བུ་འབུལ་བའི་གྱིར་སྐུའི་པགས་པ་འཇམ་ཞིང་མཉེན་ལ་སྲབ་པ་ཞེས་བྱའོ། །ཡུན་རིང་པོ་ནས་སེམས་ཅན་ལ་ཁོང་ཁྲོ་བ་
46-505
མེད་པ་དང ། བྱམས་པ་བསྒོམས་པ་ལ་སྤྱོར་བ་དང ། བཟོད་པ་དང་དེས་པ་ལ་སེམས་ཅན་གཞན་དག་འཇུད་པ་དང ། ཁོ་ན་དུ་འཛིན་པ་མེད་ཅིང་གནོད་སེམས་མེད་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་དང ། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ལ་གསེར་གྱི་རྒྱན་དང ། གསེར་གྱི་མེ་ཏོག་དང ། གསེར་གྱི་ཕྱེ་མ་འཐོར་བ་དང ། གསེར་གྱི་ཁ་དོག་ལྟ་བུའི་དྲ་གྱི་བ་དན་དང ། རྒྱལ་མཚན་དང ། རྒྱན་དང ། གསེར་གྱི་སྣོད་དང ། གསེར་གྱི་ཁ་དོག་ལྟ་བུའི་གོས་འབུལ་བའི་གྱིར། པགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུ་ཞེས་བྱའོ། །ཡུན་རིང་པོ་ནས་མཁས་པའི་གན་དུ་འགྲོ་ཞིང་དགེ་བ་དང་མི་དགེ་བ་གང་ཡིན་ཞེས་འདྲི་བ་དང ། ཁ་ན་མ་ཐོ་བ་དང་བ་ཅས་པ་དང ། ཁ་ན་མ་ཐོ་བ་མེད་པ་དང ། བསྟེན་པར་བྱ་བ་དང ། བསྟེན་པར་བྱ་བ་མ་ཡིན་པ་དང ། ངན་པ་དང ། འབྲིང་དང ། གྱ་ནོམ་པའི་ཆོས་ཡོངས་སུ་འདྲི་བ་དང ། དེའི་དོན་དབྱད་པ་དང ། ཡོངས་སུ་འཇལ་བ་ལ་ཟློང་ས་པ་མེད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ས?ཕྱིན་བུ་ཀི་ཏ་དང ། ལུ་ཏའི་ཚད་དང ། བ་རྒྱ་དང ། མེ་ཏོག་རྙིང་པ་དང ། ཙོ་སྣ་ཚོགས་དང ། ཕྱག་དྲ་ཡོད་པ་སེལ་བར་སྤྱོར་བའི་གྱིར་སྤུ་རེ་རེ་ནས་སྐྱེས་པ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། ག་ཙོ་བོ་དང ། དམ་པ་དང ། མཆོད་པའི་འོས་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། ཕོང་ས་པ་དང ། སློང་བ་ལ་སྩོགས་པ་འོང་ས་པ་དག་ལ་བསྟི་སྟང་དུ་བྱས་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཟས་དང ། སྐོམ་དང ། མལ་ཆ་དང ། སྨན་དང ། གོས་དང ། གནས་དང ། མར་མེ་དང ། འཚོ་བའི་ཡོ་བྱད་རུང་བ་སྤྱོར་བ་དང ། ཁྲོན་པ་དང ། རྫིང་ཆུ་བསིལ་བས་གང་བ་དག་།སྐྱེ་བོ་མང་པོའི་ལོང་ས་སྤྱོད་དུ་སྤྱིན་པའི་ཕྱིར་བདུན་མཐོ་བ་ཞེས་བྱའོ། །
46-506
ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟེ་དང ། བླ་མ་དང ། སྤྱིན་གནས་ལ་འདུད་པ་དང ། རབ་ཏུ་འདུད་པ་དང ། གསོང་པོར་སྨྲ་བ་དང ། མི་འཇིགས་པ་སྤྱིན་པ་དང ། ཉམ་ཆུང་བ་ལ་མི་བརྙས་པ་དང ། སྐྱབས་སུ་སོང་བ་ཡོངས་སུ་མི་གཏོང་བ་བརྟན་པོར་ཡང་དག་པར་བླང་ས་པ་ཡོངས་སུ་མི་གཏོང་བའི་གྱིར། རོ་སྟོད་སེང་གེ་འདྲ་བ་ཞེས་བྱའོ། །ཡུན་རིང་པོ་ནས་རང་གི་ཉེས་པ་ལ་ལོང་ས་སུ་འཇལ་བ་དང ། གཞན་གྱི་འཁྲུལ་པ་དང ། གཞན་གྱི་སྐྱོན་ལ་ཉེས་པར་མི་ལྟ་བ་དང ། རྩོད་པའི་རྩ་བ་དང ། གཞན་འབྱེད་པར་བྲེད་པའི་བརྗོད་པ་ཡོངས་སུ་སྤོང་བ་དང ། གསང་ཚིག་ལེགས་པར་འདོར་བ་དང ། ང་ག་གི་ལས་ཀྱི་མཐའ་ལེགས་པར་བསྲུང་ས་པའི་གྱིར། ཐལ་གོང་རྒྱས་པ་ཞེས་བྱའོ། ། ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟི་དང ། བླ་མ་དང ། སྤྱིན་གནས་རྣམས་ལ་ལྡང་བ་དང ། བསུ་བ་དང ། གསོང་པོར་སྨྲ་བ་དང ། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པས་རྩོད་པར་འདོད་པའི་སེམས་ཅན་ཚར་གཅོད་པ་དང ། རང་གི་ཚོས་འདུལ་བ་དང་འཐུན་པར་ཡང་དག་པར་འཇུག་པ་དང ། རྒྱལ་པོ་དང་བློན་པོ་ལ་སོགས་པ་དགེ་བའི་ལས་ཀྱི་ལམ་ལ་འགོད་པ་དང ། སྒོམ་དུ་འཇུག་པ་དང ། དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་འཛིན་པ་དང ། ཀུན་ཏུ་འཛིན་པ་དང ། དགེ་བའི་སྤྱོད་པ་ཐམས་ཅད་ཡང་དག་པར་འཛིན་དུ་འཇུག་པའི་སྔོན་དུ་འགྲོ་བའི་ཕྱིར། དཔུང་མགོ་ཤིན་ཏུ་ཀླུམ་པ་ཞེས་བྱའོ། །ཡུན་རིང་པོ་ནས་སློང་བའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང ། སྙན་པར་སྨྲ་བ་དང ། ལྷགས་པ་རྣམས་ལ་ཡང་མི་བརྙས་ཤིང་སྤ་གོང་བར་མི་བྲེད་པ་དང ། མི་སྐྱོ་བ་དང ། ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱ་བའི་གྱིར ། སྤྱིན་པ་
46-507
ཡོངས་སུ་གཏོང་བ། བརྟན་པོར་ཡང་དག་པར་བླང་ས་པ་མི་འདོར་བའི་གྱིར། འགྲམ་པ་སེང་གེའི་འདྲ་བ་ཞེས་བྱའོ། །ཡུན་རིང་པོ་ནས་ཕྲ་མའི་ཚིག་ལོང་ས་སུ་སྤོང་བ་དང ། དན་གྱི་གསང་ཚིག་མི་འཛིན་པ་དང ། འདུམ་པར་བསྡུམས་བྲེད་འདོད་པ་དང ། འདུམ་པ་རྣམས་དབྲེ་བར་མི་སེམས་པ་དང ། ཕྲ་མའི་ཚིག་ལ་སྨོད་པ་དང ། འདུམ་པ་བསྡུམས་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པར་སྤྱོར་བའི་ཕྱིར། ཚེམས་བཞི་བཅུ་མཉམ་པ་ཞེས་བྱའོ། །ཡུན་རིང་པོ་ནས་ནག་པོའི་ཕྱོགས་ཡོངས་སུ་སྤོང་བ་དང ། དཀར་པོའི་བྱོགས་དགེ་བའི་རྩ་བ་སོགས་པ་དང ། ལས་གནག་ཅིང་རྣམ་པར་སྨིན་པ་ཡང་གནག་པ་ཡོངས་སུ་སྤོང་བ་དང ། ལས་དཀར་ཞིང་རྣམ་པར་སྨིན་པ་ཡང་དཀར་བ་བསྔགས་པ་དང ། འོ་མ་དང་སྦྱར་བའི་ཟས་དང ། གོས་དཀར་པོ་སྤྱིན་པ་དང ། དེ་བཞིན་གཤེགས་པའི་རྟེན་རྣམས་ལ་རྡོ་ཐལ་འོ་མ་དང་བས?[༄\ུf]ས་པ་པིར་གྱིས་སྐུད་པ་དང ། མེ་ཏོག་སུ་མ་ན་དང ། ཁཱར་ཤི་ཀ་དང ། དྷྭ་ནུ་སྐ་རིའི་ཕྲེང་བ་བརྒྱུས་པའི་མེ་ཏོག་གི་ཆུན་པོ་དང ། མེ་ཏོག་ཁ་དོག་དཀར་པོ་སྤྱིན་པའི་གྱིར། ཚེམས་ཤིན་ཏུ་དཀར་བ་ཞེས་བྱའོ། །ཡུན་རིང་པོ་ནས་འཕྱ་བ་དང ། འཐིང་བ་རྣམ་པར་སྤོང་བ་དང ། ཀུན་དགའ་བར་བྲེད་པ་དང ། ཚིག་སྲུང་བ་དང ། ཀུན་དགའ་བར་བྲེད་པའི་ཚིག་བརྗོད་པ་དང ། གཞན་གྱི་འཁྲུལ་པ་དང ། གཞན་གྱི་སྐྱོན་མི་ཚོལ་བ་དང་སེམས་ཅན་ཐམས་ཅད་ལ་སེམས་འཐུན་པར་ཡང་དག་པར་འཛིན་དུ་འཇུག་པ་དང ། མཉམ་པར་སྤྱོར་བ་དང ། མཉམ་པར་ཆོས་སྟོན་པ་བརྟན་པོར་ཡང་དག་པར་བླང་ས་པ་ཡོངས་སུ་མི་འདོར་བའི་གྱིར། ཚེམས་ཐགས་བཟང་བ་ཞེས་བྱའོ། །ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བ་དང ། རྣམ་པར་ཐོ་མི་འཚམ་པ་དང ། ནད་སྣ་ཚོགས་
46-508
ཀྱིས་ཐེབས་པ་ལ་རིམ་གྲོ་བྱེད་པ་དང ། ནད་པ་ལ་སྨན་བྱིན་པ་དང ། འདྲོན་པ་རྣམས་ལ་རོ་བྲོ་བ་ཐམས་ཅད་སྤྱིན་པས་ཡོངས་སུ་མི་སྐྱ་བའི་གྱིར། རོ་བྲོ་བ་མཆོག་དང་ལྡན་པ་ཞེས་བྱའོ། །ཡུན་རིང་པོ་ནས་བརྫུན་དང ། ཚིག་རྩུབ་པོ་དང ། བརླང་པོ་དང ། གཡོ་དང ། གཞན་ལ་གནོད་པ་དང ། གཞན་འདྲུག་པར་བྲེད་པ་དང ། མི་སྙན་པ་དང ། གཞན་གྱི་མཚང་འདྲུ་བའི་ཚིག་ཡོངས་སུ་སྤོང་བ་དང ། བྱམས་པ་དང་སྙིང་རྗེ་ལ་སྤྱོར་བ་དང ། དགའ་བ་དང ། མཆོག་ཏུ་དགའ་བར་བྱེད་པ་དང ། འཇམ་པ་དང ། སྙན་པ་དང ། མཉེན་པ་དང ། སྙིང་དུ་འཐད་པ་དང ། སེམས་ཅན་གྱི་དབང་པོ་ཚིམ་པར་བྲེད་པ་དང ། ཡང་དག་པའི་ང་ག་ལ་ཡང་དག་པར་སྤྱོར་བའི་གྱིར། ཚང་ས་པའི་དབྱང་ས་ལྟ་བུ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་ལ་བྱ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་མིག་ཏུ་སྤྱོར་བ་དང ། བུ་གཅིག་པ་ལ་བྱ་བ་བཞིན་དུ་སློང་བ་ལ་བྱམས་པ་དང ། སྙིང་རྗེ་སྔོན་དུ་འགྲོ་བས་ལྟ་བ་དང ། སྤ་གོང་བར་མི་བྲེད་པ་དང ། ད་པའི་དབང་པོས་དེ་བཞིན་གཤིགས་པའི་མཆོད་རྟེན་ལ་མིག་མི་འཇུམས་པར་ལྟ་བ་དང ། སེམས་ཅན་གཞན་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་བརྟན་པོར་ཡང་དག་པར་བླང་ས་པའི་གྱིར་སྤྱན་མཐོན་ཏིང་དུ་འདུག་པ་ཞེས་བྱའོ། །ཡུན་རིང་པོ་ནས་བློ་གྲོས་དམན་པ་དང ། སེམས་པ་དམན་པ་རྣམ་པར་སྤོང་བ་དང ། རྒྱ་ཆེན་པོ་དང ། རླབས་པོ་ཆེ་ལ་མོས་པ་ཡོངས་སུ་རྫོགས་པར་བྲེད་པ་དང ། བླ་ན་མེད་པའི་ཆོས་ལ་མོས་པའི་སེམས་ཅན་ཡང་དག་པར་འཛུད་པ་དང ། ཁྲོ་གཉེར་གྱི་བཞིན་རྣམ་པར་སྤོང་བ་དང ། འཇུམ་པའི་བཞིན་དང་ལྡན་པ་དང ། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་གན་དུ་འརྒོ་ཞིང་མངོན་དུ་བྱོགས་པའི་སྔོན་
46-509
དུ་འགྲོ་བས་དགེ་བའི་རྩ་བ་ཐམས་ཅད་སོགས་པ་ལས་ཕྱིར་མི་ལྡོག་པའི་ཕྱིར་སྤྱན་གྱི་རྫི་མ་བའི་འདྲ་བ་ཞེས་བྱའོ ། །ཡུན་རིང་པོ་ནས་ཚིག་གི་སྐྱོན་ཐམས་ཅད་རྣམ་པར་སྤོང་བ་དང ། ཉན་ཐོས་དང ། རང་སངས་རྒྱས་དང ། ཆོས་སྨྲ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པར་བརྗོད་པ་དང ། དེ་བཞིན་གཤེགས་པའི་མདོ་སྡེ་ཡི་གེར་འདྲི་བ་དང ། ཀློག་པ་དང ། འདོན་པ་དང ། རྣམ་པར་ཤེས་པར་བྲེད་པ་དང ། ཚོས་དེ་དག་གི་དོན་དང ། ཚིག་རབ་ཏུ་དབྲེ་བ་སེམས་ཅན་གཞན་ལ་གོ་བར་བྲེད་པ་ལ་མཁས་པའི་གྱིར། ལྔགས་ཡང་ས་པ་ཞེས་བྱའོ། །ཡུན་རིང་པོ་ནས་ཕ་མ་དང ། དགེ་སྤྱོང་དང ། བྲམ་ཟི་དང ། བླ་མ་དང ། སྤྱིན་གནས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང ། རབ་ཏུ་བྱུང་བ་ལ་ཕྱག་འཚལ་བ་དང ། གསོང་པོར་སྨྲ་བ་དང ། དབུ་སྐྲ་སྤེད་པ་དང ། སྟེང་དུ་སྤོས་ཀྱི་འཔུ?་མར་འཐོར་བ་དང ། སློང་བ་ཐམས་ཅད་ལ་གྱི་མ་དང ། ཕྲེང་བ་བརྒྱུས་པ་དང ། མགོ་རྒྱན་སྤྱིན་པའི་གྱིར། དབུ་གཙུག་ཏོར་དང་ལྡན་ཞིང་སྤྱི་གརྩུགབལྟར་མི་མཐོང་བ་ཞེས་བྱའོ། །ཡུན་རིང་པོ་ནས་གཏན་པ་མེད་པའི་མཆོད་སྤྱིན་ཐམས་ཅད་བྲེད་པ་དང ། སེམས་ཅན་ཐམས་ཅད་དགེ་བ་ཡང་དག་པར་ལེན་དུ་འཇུད་པ་དང ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་དང་འགལ་བར་མི་བྲེད་པ་དང ། ཆོས་སྨྲ་བ་རྣམས་ཀྱིས་མང་གས་ཏེ་ཕྱོགས་རྣམས་སུ་འགྲོ་བ་དང་འོང་ས་པས་ཡོངས་སུ་མི་སྐྱོ་བ་དང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། འཕགས་པ་ཉན་ཐོས་དང ། ཕ་མ་དང ། བླ་མ་དང ། སྤྱིན་གནས་ཐམས་ཅད་ལ་རིམ་གྲོ་བྱ་བར་སྤོས་སྣ་ཚོགས་ཀྱི་འཔུ?་མར་དང ། མར་དང ། སྒྲོན་མ་དང ། མར་མེ་རྣམས་ཀྱིས་མྱུན་པ་མུན་ནག་སེལ་བ་དང ། དེ་བཞིན་གཤིགས་པའི་སྐུ་གཟུགས་རྣམ་
46-510
པའི་མཆོག་ཐམས་ཅད་དང་ལྡན་པ་མཇེས་པར་བྲེད་དུ་འཇུག་པ་དང ། འོ་མ་ལྟ་བུའི་མཛོད་སྤུས་བརྒྱན་པ་བྲེད་པ་དང ། སེམས་ཅན་གཞན་བྱང་ཆུབ་ཀྱི་སེམས་མངོན་དུབྲེད་དུ་འཇུག་པས། དགེ་བའི་ཚོགས་ཁྱད་པར་དུ་གྱུར་པའི་གྱིར། སྨིན་མཚམས་ཀྱི་མཛོད་སྤུ་མཇེས་པར་སྐྱེས་ཤིང ། གཡས་སུ་འཁྱིལ་ལ་འབར་ཞིང ། ཁ་དོག་རྣམ་པར་དག་པ་སྣང་བ་དང་ལྡན་པ་ཞེས་བྱའོ། ། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་དང་ལྡན་པའི་གྱིར། མཐུ་ཚེན་པོ་བརྙེས་པ་ཞེས་བྱའོ། ། བདུད་བྲེ་བ་ཕྲག་བརྒྱ་ཐུལ་བའི་སྟོབས་དང་ལྡན་པའི་གྱིར། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་དང་ལྡན་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པའི་གྱིར། ཕས་ཀྱི་གོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། །གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་མཁས་པ་དང ། དམན་པ་ཉི་ཚེ་བའི་ཇེག་པ་རྣམ་པར་སྤོང་བ་དང ། ཐེག་པ་ཆེན་པོའི་ཡོན་ཏན་ཡང་དག་པར་སྒྲུབ་པའི་སྟོབས་དང་ལྡན་པས། སྟོབས་དེ་ལ་སྤྱོར་བ་ཆོག་མི་ཤེས་པའི་གྱིར། དེ་བཞིན་གཤེགས་པའི་སྟོབས་བརྩུ་དང་ལྡན་པ་ཞེས་བྱའོ། །འདས་པ་དང ། མ་འོང་ས་པ་དང ། ད་ལྟར་བྱུང་བའི་ལས་ཡང་དག་པར་བླང་ས་པའི་རྒྱུ་དང ། རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་མཁས་པ་དང ། དམན་པ་ཉི་ཚེ་བའི་ཐེག་པ་རྣམ་པར་སྤོང་བ་དང ། ཐེག་པ་ཆེན་པོའི་ཡོན་ཏན་ཡང་དག་པར་སྒྲུབ་པའི་སྟོབས་དང་ལྡན་པས་སྟོབས་ལ་སྤྱོར་བས་ཆོག་མི་ཤེས་པ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང ། བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། འདས་པ་དང ། མ་འོང་ས་པ་དང ། ད་ལྟར་བྱུང་བའི་ལས་ཡང་དག་པར་བླང་ས་པའི་རྒྱུ་དང ། རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །ཁམས་དུ་མ་དང །
46-511
ཁམས་སྣ་ཚོགས་པའི་འཇིག་རྟེན་ལ་འཇུག་པ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །མོས་པ་དུ་མ་དང ། མོས་པ་སྣ་ཚོགས་དང ། མོས་པ་མ་ལུས་པ་དང ། རྣམ་པར་གྲོལ་བ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། ཁམས་དུ་མ་དང ། ཁམས་སྣ་ཚོགས་པའི་འཇིག་རྟེན་ལ་འཇུགཔ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། མོས་པ་དུ་མ་དང ། མོས་པ་སྣ་ཚོགས་དང ། མོས་པ་མ་ལུས་པ་ཐམས་ཅད་དང ། རྣམ་པར་གྲོལ་བ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྟོམས་པར་འཇུག་པའི་ཀུན་ནས་ཏོན་མོང་ས་པ་དང ། རྣམ་པར་བྱང་བ་དང ། རྣམ་པར་གཞག་པ་ཐམས་ཅད་མེན་པའི་སྟོབས་དང་ལྡན་པའི་ཕྱིར། ཐམས་ཅད་དུ་འགྲོ་བའི་ལམ་མེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། སྔོན་གྱི་གནས་རྣམ་པ་དུ་མ་མཁྱེན་པ་ཆགས་པ་མི་མངའ་བའི་སྟོབས་དང་ལྡན་པའི་ཕྱིར། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྟོམས་པར་འཇུག་པའི་ཀུན་ནས་ཉོན་མོང་ས་པ་དང ། རྣམ་པར་བྱང་བ་དང ། རྣམ་པར་གཞག་པ་ཐམས་ཅད་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། གཟུགས་མ་ལུས་པ་ཐམས་ཅད་སྒྲིབ་པ་མེད་པར་གཟིགས་པའི་ལྷའི་སྤྱན་གྱི་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། སྔོན་གྱི་གནས་རྣམ་པ་དུ་མ་དྲ་ན་པ་མཁྱེན་པ་ཆགས་པ་མི་མངའ་བའི་སྟོབས་དང་ལྡན་པ་ཞེས་བྱའོ། །བག་ཆགས་ཀྱི་མཚམས་སྤྱོར་བར་གྱུར་པ་ཐམས་ཅད་དང ། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ་མཁྱེན་པའི་སྟོབས་དང་ལྡན་པའི་གྱིར། གཟུགས་མ་ལུས་པ་ཐམས་ཅད་སྒྲིབ་པ་
46-512
མེད་པར་གཟིགས་པའི་ལྷའི་སྤྱན་གྱིས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། ། ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བ་ཅས་པ་ལ་ལྷ་དང་བ་ཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་མི་ནོན་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པའི་གྱིར། བག་ཆགས་ཀྱི་མཚམས་སྤྱོར་བར་གྱུར་པ་ཐམས་ཅད་དང ། ཟག་པ་ཐམས་ཅད་མ་ལུས་པར་ཟད་པ་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་ཆོས་སུ་བསྟན་ཏེ། དེར་དམ་བ་ཅས་པ་ལ། ལྷ་དང་བ་ཅས་པའི་འཇིག་རྟེན་གྱིས་མི་ཤིགས་པའི་དམ་བ་ཅས་པ་མི་འཇིགས་པ་བརྙེས་པའི་གྱིར། ཆོས་ཐམས་ཅད་མ་ལུས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བ་ཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་མི་ནོན་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། །ངེས་པར་འབྱུང་བའི་ལམ་བསྒྲུབས་ན་མྱ་ངན་ལས་འདས་པ་རྙེད་པར་འགྱུར་རོ་ཞེས་དམ་བ་ཅས་པ་ལ་ལྷ་དང་བ་ཅས་པའི་འཇིག་རྟེན་གྱིས་བརྒལ་དུ་མེད་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པའི་གྱིར། ཀུན་ནས་ཉོན་མོང་ས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བར་དུ་གཅོད་པའི་ཆོས་སུ་བསྟན་ཏེ། དེར་དམ་བ་ཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཤིགས་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ།། ཟག་པ་ཐམས་ཅད་སྤངས་པར་མཁྱེན་པར་དམ་བ་ཅས་པ་ལ་ལྷ་དང་བ་ཅས་པའི་འཇིག་རྟེན་གྱིས་མི་ཟློགས་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པའི་ཕྱིར། ངེས་པར་འབྱུང་བའི་ལམ་བསྒྲུབས་ན། མྱ་ངན་ལས་འདས་པ་བརྙེས་པར་འགྱུར་རོ་ཞེས་དམ་བ་ཅས་པ་ལ་ལྷ་དང་བ་ཅས་པའི་འཇིག་རྟེན་གྱིས་བརྒལ་དུ་མེད་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། །ཚིག་མ་འཁྲུལ་བས་
46-513
ཆོས་སྟོན་པའི་གྱིར། ཟག་པ་ཐམས་ཅད་སྤང་ས་པ་མཁྱེན་པར་དམ་བཅས་པ་ལ་ལྷ་དང་བ་ཅས་པའི་འཇིག་རྟེན་གྱིས་མི་ཟློགས་པའི་དམ་བ་ཅས་པའི་མི་འཇིགས་པ་བརྙེས་པ་ཞེས་བྱའོ། །སྒྲ་མེད་པ་དང ། བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་གྱིར། ཚིག་མ་འཁྲུལ་བའི་ཚོས་སྟོན་པ་ཞེས་བྱའོ། ། བྲལ་བ་མེད་པའི་གྱིར་སྒྲ་མེ་དཔ་དང ། བརྗོད་དུ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་ཚད་མེད་པ་སངས་རྒྱས་ཀྱི་སྒྲ་སྐད་དུ་བྱིན་གྱིས་རློབ་ནུས་པའི་གྱིར། བྲལ་བ་མེད་པ་ཞེས་བྱའོ། ། བསྙེལ་བ་མི་མངའ་བའི་གྱིར། སེམས་ཅན་ཐམས་ཅད་ཀྱི་སྒྲ་ཚད་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་སྐད་དུ་བྱིན་གྱིས་རློབ་ནུས་པ་ཞེས་བྱའོ། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་གྱིར་བསྙེལ་བ་མི་མངའ་བ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པར་བཞག་པ་བས་ཤིན་ཏུ་མཉམ་པར་བཞག་པའི་གྱིར། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བ་ཞེས་བྱའོ། །སོ་སོར་མ་བརྟགས་པའི་བཏང་སྟོམས་ཅན་གྱི་གྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པར་བཞག་པ་བས། ཤིན་ཏུ་མཉམ་པར་བཞག་པ་ཞེས་བྱའོ། །མོས་པའི་འདུ་བྲེད་ཀྱི་ཏིང་ངེ་འཛིན་ལས་ཡོངས་སུ་མ་ཉམས་པའི་གྱིར། སོ་སོར་མ་བརྟགས་པའི་བཏང་སྟོམས་ཅན་ཞེས་བྱ་འོ། ། བཅོན་འགྲུས་ཀྱི་འདུ་བྲེད་ཀྱི་ཏིང་ངེ་འཛིན་གྱིས་རྒྱུན་མི་འཆད་ཅིང་བརྩོན་འགྲུས་ལས་ལོང་ས་སུ་མ་ཉམས་པའི་ཕྱིར། མོས་པའི་འདུ་བྲེད་ཀྱི་ཏིང་ངེ་འཛིན་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། །དྲ་ན་པ་ལས་ཡོངས་སུ་མ་ཉམས་པའི་གྱིར། བརྩོན་འགྲུས་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། །ཤེས་རབ་ལས་ཡོངས་སུ་མ་ཉམས་པའི་ཕྱིར། དྲ་ན་པ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། རྣམ་པར་གྲོལབ་ལས་ཡོངས་སུ་མ་ཉམས་པའི་གྱིར། ཤེས་རབ་ལས་ཡོངས་སུ་མ་
46-514
ཉམས་པ་ཞེས་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་ཡོངས་སུ་མ་ཉམས་པའི་གྱིར། རྣམ་པར་གྲོལ་བ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། ། ལུས་ཀྱི་ལས་དང་ང་ག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་གྱིར། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་ཡོངས་སུ་མ་ཉམས་པ་ཞེས་བྱའོ། །འདས་པ་དང ། མ་འོང་ས་པ་དང ། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ལྡན་པའི་གྱིར ། ལུས་ཀྱི་ལས་དང་ང་ག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་ཡེ་ཤེས་འགྲོ་ཞིང ། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་ཞེས་བྱའོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་པའི་གྱིར། དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་དང་ལྡན་པ་ཞེས་བྱའོ། ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་ལ་མཁས་པ་རྒྱུན་མི་འཆད་པའི་གྱིར། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་པ་ཞེས་བྱའོ། །སོ་སོར་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པའི་གྱིར། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་ལ་མཁས་པ་རྒྱུན་མི་འཆད་པ་ཞེས་བྱའོ། །དབྱང་ས་ཀྱི་ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དམ་པ་ཕ་རོལ་ཏུ་ན་པའི་གྱིར། སོ་སོར་ཅི་རིགས་པར་ཆོས་སྟོན་པ་ལ་མཁས་པ་ཞེས་བྱའོ། །སྒྲ་ཐམས་ཅད་ཀྱི་བྲག་ཅ་འབྱིན་པ་ལ་མཁས་པ་བརྙེས་པའི་ཕྱིར། དབྱང་ས་ཀྱི་ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། པྟོ་འཕྱེ་ཆེན་པོའི་སྐད་དང་ལྡན་པ་ཞེས་བྱའོ། །ཚང་ས་པའི་སྒྲ་དབྱང་ས་བསྒྲགས་པའི་དབྱང་ས་ལྟ་བུ་ཞེས་བྱའོ། །ཀ་ལ་པིང་ཀའི་སྒྲ་སྐད་ལྟ་བུ་
46-515
ཞེས་བྱའོ། །རྔ་བོ་ཆེ་དང ། གླུ་དབྱང་ས་ཀྱི་སྒྲ་སྐད་ལྟ་བུ་ཞེས་བྱའོ། །སའི་སྒྲའི་ང་རོའི་སྒྲ་ལྟ་བུ་ཞེས་བྱའོ། །ཀླུའི་རྒྱལ་པོ་རྒྱ་མཚོས་འབྲུག་སྒྲ་བསྒྲགས་པའི་སྒྲ་སྐད་ལྟ་བུ་ཞེས་བྱའོ། །སིང་གེ་དང ། ལུ་མཚོག་ཏུ་གྱུར་པ་བསྦྱིང་ས་པའི་སྒྲ་སྐད་ལྟ་བུ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་བསྒྲགས་པ་དང་འཐུན་པར་སྒྲོགས་པས་ཚིམ་པར་བྲེད་པའི་སྒྲ་དང་ལྡན་པ་ཞེས་བྱའོ། །ཆགས་པ་མེད་ཅིང་སྒྲིབ་པ་མེད་པར་འཁོར་གྱི་དཀྱིལ་འཁོར་དགའ་བར་བྲེད་པའི་སྒྲ་དང་ལྡན་པ་ཞེས་བྱའོ། །སྐད་ཅིག་ལས་སྐད་ཐམས་ཅད་གོ་བར་བྲེད་པའི་སྒྲ་དང་ལྡན་པ་ཞེས་བྱའོ། །ཚང་ས་པའི་དབང་པོ་ས་མཚོད་པ་ཞེས་བྱའོ། །ལྷའི་དབང་པོསབསྟི་སྟང་དུ་བྱས་པ་ཞེས་བྱའོ། །ཀླུའི་དབང་པོས་ཕྱག་བྱས་པ་ཞེས་བྱའོ། །གནོད་སྦྱིན་གྱི་དབང་པོས་ཞལ་དུ་བལྟས་པ་ཞེས་བྱའོ། །དྲི་ཟའི་དབང་པོས་ཉརེ་བར་གླུ་བླང་ས་པ་ཞེས་བྱའོ། ། སྲིན་པོའི་དབང་པོས་དབང་པོ་དང་བས་མིག་མི་འཇུམས་པར་བལྟས་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་དབང་པོས་མངོན་པར་བཏུད་པ་ཞེས་བྱའོ། །ནམ་མཁའ་ལྡིང་གི་དབང་པོས་རྣམ་པར་མ་གཅེས་པར་བལྟས་པ་ཞེས་བྱའོ། །མི་འམ་ཅིའི་དབང་པོས་མངོན་པར་བསྟོད་པ་ཞེས་བྱའོ། ། ལྟོ་འབྲེ་ཆེན་པོའི་དབང་པོས་བལྟ་འདོད་པ་ཞེས་བྱའོ། །མིའི་དབང་པོས་མངོན་དུ་ཡང་དག་པར་མཆོད་པ་ཞེས་བྱའོ། །དགྲ་བཅོམ་པའི་ཚོགས་མང་པོས་བསྟེན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འཛིན་དུ་འཇུག་པ་དང ། ཡང་དག་པར་གཟེངས་སྟོད་པ་དང ། ཡང་དག་པར་དགའ་བར་མཛད་པ་ཞེས་བྱའོ། །ཟང་ཟིང་མེད་པར་ཚོས་སྟོན་པ་ཞེས་བྱའོ། །ཚིག་དང ། ཚིག་འབ?[༄\ུf]་ཉམས་པ་མེད་པར་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཞེས་བྱའོ། །དུས་ལས་མི་ཡོལ་བར་ཆོས་སྟོན་པ་ཞེས་བྱའོ། །བྱམས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་
46-516
འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པའི་བྱོགས་ལ་འཇུག་པ་ཅུང་ཟད་ཙམ་ཞིག་མདོར་བསྟན་དུ་ཟད་དེ། བྱམས་པ་རྒྱས་པར་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བསྟན་པ་འདིའི་མཐར་མི་ན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བ་ཅད་པ་འདི་དག་བཀའ་སྩལ་ཏོ། །ཟབ་ཅིང་བལྟ་དཀའ་ཕྲ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེ་ལ་ཕ་རོལ་མྱུ་སྟེགས་ཙན། །ཀུན་དང་བདུད་ཀྱིས་མི་ཆུད་དོ། །ཀུན་གཞི་མེད་ཅིང་སྤྲོས་མེད་པ། །སྐྱེ་བ་མེད་ཅིང་འབྱུང་མེད་ལ། །དབེན་ཞིང་རང་བཞིན་སྟོང་པ་ཡི། །ཆོས་ཀྱི་འཁོར་ལོརབ་བསྐོར་ཏོ། །བླང་བ་མེད་ཅིང་དོར་མེད་ལ། །མཚན་མ་མེད་ཅིང་མཚན་ཉིད་མེད ། །མཉམ་པཉིད་ཀྱི་ཆོས་བསྟན་པའི། །འཁོར་ལོ་སངས་རྒྱས་ཀྱིས་བསྐོར་ཏོ། །ཇི་ལྟར་སྒྱུ་མ་སྨིག་རྒྱུ་དང ། །རྨི་ལམ་བྲག་ཅ་ཆུ་བླ་དང ། །དེ་དག་འདྲ་བའི་འཁོར་ལོ་ནི། །འཇིག་རྟེན་མགོན་པོས་རབ་བསྐོར་ཏོ། །རྟེན་པའི་ཆོས་ལ་འཇུག་བྲེད་པ། །ཆད་མིན་རྟག་པ་མ་ཡིན་པ། །ལྟ་བ་ཐམས་ཅད་ཆད་པ་ནི། །ཆོས་ཀྱི་འཁོར་ལོ་ཡིན་ཞེས་བརྗོད ། ། རྟག་ཏུ་ནམ་མཁའ་མཚུངས་འདྲ་ཞིང ། །རྣམ་པར་མི་རྟོག་འོད་གསལ་བ། ། མཐའ་དང་དབུང་མེད་བསྟན་པ་ནི། །ཚོས་ཀྱི་འཁོར་ལོར་འདིར་བརྗོད་དོ། ། ཡོད་དང་མེད་ལས་རྣམ་གྲོལ་ཞིང ། །བདག་དང་བདག་མེད་རྣམ་སྤང་ས་ལ། ། རང་བཞིན་མ་སྐྱེས་བསྟན་པ་ནི། །ཆོས་ཀྱི་འཁོར་ལོར་འདིར་བརྗོད་དོ། །ཡང་དག་མཐའ་ནི་མཐའ་མིན་པ། །དེ་བཞིན་ཉིད་ལ་དེ་བཞིན་ཤིད ། །གཉིས་སུ་མེད་པའི་ཆོས་བསྟན་པ། །ཆོས་ཀྱི་འཁོར་ལོར་བརྗོད་པ་ཡིན། །མིག་ནི་ངོ་བོ་ཉིད་ཀྱིས་སྟོང ། །དེ་བཞིན་སྣ་དང་རྣ་བ་དང ། །ལྕེ་དང་ལུས་དང་སེམས་ཀྱང་ནི། །སྟོང་པའི་བདག་ཉིད་གཡོ་བ་མེད ། །འདི་ལྟ་བུ་ཡི་འཁོར་ལོ་འདི། ། ཆོས་
46-517
ཀྱི་འཁོར་ལོ་ཞེས་བརྗོད་དེ ། །སེམས་ཅན་མི་མཁས་རྟོགས་བྲེད་པས། །དེས་ན་སངས་རྒྱས་ཞེས་བརྗོད་དོ། །ཆོས་ཀྱི་མཚན་ཉིད་རང་བཞིན་འདི། །གཞན་གྱིས་བསྟན་པ་མེད་པར་ནི། །ང་བདག་ཉརིད་ཀྱིས་སངས་རྒྱས་ཏེ། །དེས་ན་ར་ང་བྱུང་མིག་དང་ལྡན། །ཆོས་རྣམས་ཀུན་ལ་དབང་བནྟེ་ས་པས། །ཆོས་ཀྱི་རྗེ་ཞེས་བརྗོད་པ་ཡིན། །ཆོས་ལ་ཚུལ་དང་ཚུལ་མིན་མཁྱེན། །དེས་ན་འདྲེན་པར་བརྗོད་པ་ཡིན། །ཇི་ལྟར་འདུལ་བར་འགྱུར་བ་ལ། །སྐྱེ་བོ་དཔག་ཏུ་མེད་བཏུལ་ཏེ། །འདུལ་བའི་ཕ་རོལ་ན་པར་གྱུར། །དེས་ན་རྣམ་པར་འབེན་ཅེས་བརྗོད་།། སེམས་ཅན་གང་དག་ལམ་ལས་ཉམས། །དེ་དག་རྣམས་ལ་ལམ་མཆོག་བསྟན། ། ཕ་རོལ་གྱི་ནི་འགྲམ་དུ་བགྲི། །དེ་གྱིར་ང་ནི་རྣམ་པར་འདྲེན། །བསྡུ་བའི་དངོས་པོ་ཤེས་པ་ཡིས། །སྐྱེ་བོ་དག་ནི་ངས་བསྡུས་ཏེ། །འཁོར་བའི་འབྲོག་ལས་རྒལ་བས་ན། །དེས་ནང་ནི་དེད་དཔོན་ཡིན། །ཚོས་རྣམས་ཀུན་ལ་དབང་སྒྱུར་ཏེ། ། དེས་ན་རྒྱལ་བ་ཆོས་ལ་མང་འ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བས། །ཆོས་ཀྱི་རྒྱལ་པོར་བརྗོད་པ་ཡིན། །ཆོས་ཀྱི་སྤྱིན་བདག་སྟོན་པ་ཡིན། །ཆོས་ཀྱི་བདག་པོ་བླ་ན་མེད། །མཆོད་སྦྱིན་ལེགས་མཛད་དོན་གྲུབ་པ། །དགོང་ས་པ་རྫོགས་པ་བཀྲ་ཤིས་གྲུབ། །དབུགས་འབྱིན་མཛད་པ་དེ་གཟིགས་པ། །དཔའ་བོ་ཉོན་མོང་ས་ཆེན་པོ་སྤོང ། །གཡུལ་རྣམས་ཀུན་ལས་རྒྱལ་གྱུར་པ། །གྲོལ་བའི་སྐྱེས་བུ་ཐར་མཛད་པ། །འཇིག་རྟེན་གྱི་ནི་སྣང་གྱུར་པ། །ཤེས་རབ་ཡེ་ཤེས་འོད་མཛད་པ། །མི་ཤེས་མྱཕྱིན་པ་འཇོམས་པ་པོ། །སྒྲོན་མ་འཛིན་པ་འོད་ཆེན་ལྡན། ། ཡེ་ཤེས་ཆེ་ལྡན་སྨན་པ་ཆེ། །ཉོན་མོང་ས་པ་ལས་གསོ་མཛད་པ། །སེམས་ཅན་ཉོན་མོང་ས་ཟུགས་རྣམས་ལ། །ཟུག་ཇུ་འབྱིན་པ་བླ་ན་མེད ། །མཚན་རྣམས་ཐམས་ཅད་ཕུན་སུམ་ཚོགས། །དཔེ་བྱད་བཟང་པོ་ཀུན་གྱིས་མཇེས། །སྐུ་ཡིས་
46-518
ཀུན་ཏུ་བཟང་བ་སྟེ། །དམན་པ་རྣམས་དང་འཐུན་པར་མཛད ། །སྟོབས་བཅུའི་སྟོབས་དང་ཤིན་ཏུ་ལྡན། །བསྙེང་ས་པ་མི་མངའ་མི་བསྙེང་ས་པ། །མ་འདྲེས་རྣམ་པ་བ་ཙ་བརྒྱད་ཀྱིས། །ཐུབ་པ་ཆེན་པོ་ཇེག་པ་མཆོག་།ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །འདི་ནི་མདོ་ཙམ་བཤད་པ་ཡིན ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས། །འདི་ནི་ཅུང་ཟད་བརྗོད་པར་ཟད ། །སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ། །ནམ་མཁའ་རྒྱ་ཆེ་མཉམ་པ་བཞིན། །བསྐལ་པ་ཟད་པར་བརྫོད་ཀྱང་ནི། །སངས་རྒྱས་ལོ་ན་ཏན་མི་ཟད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་ལྷའི་བུ་གང་དག་གིས་དེ་བཞིན་གཤེགས་པ་ལ་ཚོས་ཀྱི་རྣམ་གྲང་ས་འདི་རབ་ཏུ་བཤད་པར་གསོལ་བ་བཏབ་པར་གྱུར་པ་དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། དགའ་བོ་དང ། རབ་དགའ་དང ། ཙན་དན་དང ། མཆོད་པ་དང ། ཞི་བ་དང ། །རབ་ཏུ་ཞི་བ་དང ། དུལ་བའི་དབང་ཕྱུག་ལ་སོགས་པ་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་ཁྲི་བརྒྱད་སྟོང་དང ། གང་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། འདུས་པར་གྱུར་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་རྒྱ་ཆེར་རོལ་པ་ཞེས་བྱ་བའི་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་རྩེན་པ། སངས་རྒྱས་ཀྱི་ཡུལ་ལ་རོལ་པ་ལ་འཇུག་པ་འདི་ནི་བདག་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པས་གསུང་ས་པ་སྟེ། དེ་ཁྱེད་ཀྱིསལོང་ཤིག་།ཟུང་ཤིག་།ལྷོགས་ཤིག ། འཁོར་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་།དེ་ལྟར་ན་ངའི་ཆོས་ཀྱི་ཚུལ་འདི་རྒྱས་
46-519
པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཇེག་པ་པའི་གང་ཟག་དག་ག་གིས། ཚོས་ཀྱི་རྣམ་གྲངས་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུསཤིན་ཏུ་བརྟན་པ་རྩོམ་པར་འགྱུར་རོ། །རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ནི་ཆོས་ཆེན་པོའི་ཆར་པའི་ཤུགས་སྐྱེད་པར་འགྱུར་རོ། །བདུད་ཀྱི་བྱོགས་ཀྱང་ཚར་གཅོད་པར་འགྱུར་རོ། །ཕས་ཀྱི་གོལ་བ་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་རོ། །ཁྱེད་ཀྱིས་ཆོས་བཤད་པར་བསྐུལ་བའི་དགེ་བའི་རྩ་བ་ཡང་དོན་ཆེན་པོ་དང ། འབྲས་བུ་ཆེན་པོ་དང ། ཕན་ཡོན་ཆེན་པོར་འགྱུར་རོ། །གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཚོས་ཀྱི་རྣམ་གྲང་ས་འདི་ལ་ཐལ་མོ་སྤྱོར་བར་འགྱུར་བ་དེ་མཚོག་གི་ཚོས་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཟུགས་མཆོག་ཐོབ་པར་འགྱུར་བ་དང ། སྟོབས་མཆོག་ཐོབ་པར་འགྱུར་བ་དང ། གཡོག་འཁོར་མཆོག་ཐོབ་པར་འགྱུར་བ་དང ། སྤོབས་པ་མཆོག་ཐོབ་པར་འགྱུར་བ་དང ། འབྱུང་བ་མཆོག་ཐོབ་པར་འགྱུར་བ་དང ། སེམས་ཡོངས་སུ་དག་པ་མཆོག་ཐོབ་པར་འགྱུར་བ་དང ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་མཚོག་ཐོབ་པར་འགྱུར་བ་དང ། ཤེས་རབ་ཀྱི་སྣང་བ་མཆོག་ཐོབ་པར་འགྱུར་བ་སྟེ། མཆོག་གི་ཆོས་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། །གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་སྟོན་པར་འདོད་པའི་ཆོས་སྨྲ་བ་ལ་ཆོས་ཀྱི་སྟན་འདིང་ན། སྟན་བཏིང་མ་ཐག་ཏུ་དེ་སྟན་བརྒྱད་འཐོབ་པར་ཤེས་པར་བྱ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚོང་དཔོན་གྱི་སྟནའཐོབ་པ་དང ། ཁྱིམ་བདག་གི་སྟན་འཐོབ་པ་དང ། འཁོར་ལོས་སྒྱུར་བའི་སྟན་འཐོབ་པ་དང ། བརྒྱ་བྱིན་གྱི་སྟན་འཐོབ་པ་དང ། དབང་སྒྱུར་གྱི་སྟན་འཐོབ་པ་དང ། ཚང་ས་པའི་སྟན་འཐོབ་
46-520
པ་དང ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་བའི་བྱང་ཆུབ་སེམས་དཔར་གྱུར་པ་གྱིར་མི་ལྡོག་པ། བདུད་གྱིར་གོལ་བ་བཅོམ་པའི་སིང་གེའི་ཁྲི་འཐོབ་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲི་སྟན་འཐོབ་པར་ཤེས་པར་བྱ་སྟེ། སྟན་བརྒྱད་པོ་དེ་དག་འཐོབ་པར་ཤེས་པར་བྱའོ། །རྒོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་འཆད་པའི་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་སྤྱིན་པ་དེ་དག་གི་ལས་ཡོངས་སུ་དག་པ་བརྒྱད་འཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བདེན་པའི་རྗེས་སུ་འབྲང་བའི་ངག་གི་ལས་ཡོངས་སུ་དག་པས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྲེད་པ་དང ། འཁོར་ཟིལ་གྱིས་གནོན་པས་གཟུང་བར་འོས་པའི་ཚིག་དང་འགལ་བར་མི་བྲེད་པས། བླང་བར་འོས་པའི་ཚིག་དང ། མི་བརླང་བས་སྙན་ཅིང་འཇམ་པའི་ཚིག་དང ། ལུས་དང་སེམས་ཚིམ་པར་བྱེད་པས་ཀ་ལ་པིང་ཀའི་སྒྲ་སྐད་ལྟ་བུ་དང ། སེམས་ཅན་སྡུད་པས་ཚིག་སྙན་པ་དང ། སྒྲ་ཐམས་ཅད་ཟིལ་གྱིས་ནོན་པས་ཚང་ས་པའི་སྒྲ་ལྟ་བུ་དང ། ཕས་ཀྱི་གོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་སེང་གེ་བསྦྱིང་ས་པའི་སྒྲ་ལྟ་བུ་དང ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྲེད་པས་སངས་རྒྱས་ཀྱི་གསུང་སྟེ། ང་ག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ། །གྲོགས་པོ་དག་གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་བླེགས་བམ་དུ་བྱིས་ཏེ་འཆང་ང་མ ། ཀློག་གམ། བསྟི་སྟང་དུ་བྱེད་ད་མ། བཙུན་པར་བྲེད་དམ། རིམ་གྲོ་བྲེད་དམ། མཆོད་པ་བྲེད་ད་མ། སེར་སྣ་མེད་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲང་ས་འདིའི་བསྔགས་པ་བྱོགས་བཞིར་རྗོད་པ་དང ། ཚུར་ཤོག་ཆོས་ཀྱི་
46-521
རྣམ་གྲང་ས་འདི་ཡི་གེར་བྱིས་ཤིག་།ཆོང་ས་ཤིག་།ལྷོགས་ཤིག་།སོམས་ཤིག ། ཁ་ཏོན་གྱིས་ཤིག་ཅེས་རྗོད་པར་བྲེད་པ་དེ་གཏེར་ཆེན་པོ་བརྒྱད་འཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ་བརྗེད་པ་མེད་པས་དྲ་ན་པའི་གཏེར་དང ། བློས་རབ་ཏུ་འབྲེད་པས་བློ་གྲོས་ཀྱི་གཏེར་དང ། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང ། ཐོས་པ་ཐམས་ཅད་ཀུན་ཏུའཛིན་པས་གཟུང་ས་ཀྱི་གཏེར་དང་།གས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྲེད་པས་སྤོབས་པའི་གཏེར་དང ། དམ་པའི་ཆོས་ལོང་ས་སུ་སྲུང་བས་ཆོས་ཀྱི་གཏེར་དང ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་ཀྱི་སེམས་ཀྱི་གཏེར་དང་།མི་སྐྱེ་བའི་ཚོས་ལ་བཟད་པ་འཐོབ་པས་སྒྲུབ་པའི་གཏེར་ཏེ། གཏེར་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ།། གྲོགས་པོ་དག་གང་ལ་ལ་ཞིག་གིས་རྒྱ་ཆེར་རོལ་པའི་ཚོས་ཀྱི་རྣམ་གྲང་ས་འདི་ལེགས་པར་བསྟན་ཏེ།འཆད་པ་དེ་ཚོགས་བརྒྱད་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སེར་སྣའི་སེམས་མེད་པས་སྤྱིན་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང ། དགེ་བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྲེད་པ ། ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང ། ཆགས་པ་མེད་པའི་ཤེས་རབ་ཡང་དག་པར་སྒྲུབ་པའི་ཕྱིར། ཐོས་པའི་ཚོགས་ལོང་ས་སུ་རྫོགས་པར་འགྱུར་བ་དང ། ཏིང་ངེ་འཛིན་དང་སྟོམས་པར་འཇུག་པ་ཐམས་ཅད་མངོན་དུ་བྱ་བའི་ཕྱིར། ཞི་གནས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང ། རིག་པ་གསུམ་གྱིས་རིག་པ་རབ་ཏུ་རྫོགས་པར་བྱ་བའི་གྱིར། ལྷག་མཐོང་གི་ཚོགས་ལོང་ས་སུ་རྫོགས་པར་འགྱུར་བ་དང ། མཚན་དང ། དཔེ་བྱད་བཟང་པོ་དང ། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་སྦྱང་བའི་ཕྱིར། བསོད་ནམས་ཀྱི་
46-522
ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང ། སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་ཚིམ་པར་བྱ་བའི་གྱིར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བར་བྱ་བའི་གྱིར། སྙིང་རྗེ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། ཚོགས་བརྒྱད་པོ་དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །གྲོགས་པོ་དག་གང་ལ་ལ་ཞིག་འདི་ལྟ་བུའི་སེམས་དང་ལྡན་ཏེ། འདི་ལྟ་སྟེ། ཇི་ལྟར་སེམས་ཅན་འདི་དག་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོབ་པར་འགྱུར་སྙམ་ནས། རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པར་བྲེད་ན། དེ་དགེ་བའི་རྩ་བ་འདིས་བསོད་ནམས་ཆེན་པོ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྐྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་དང་པོའོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བདག་པོ་བྲེད་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་གཉིས་པའོ། །ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་གསུམ་པའོ། །ལྷའི་བུ་རབ་འཐབ་བྲལ་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བཞི་པའོ། ། ཡོངས་སུ་དགའ་ལྡན་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་ལྔ་པའོ། །རབ་འཕྲུལ་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་དྲུག་པའོ། །ལྷའི་རྒྱལ་པོ་དབང་སྒྱུར་དུ་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བདུན་པའོ། །ཚང་ས་པ་ཆེན་པོའི་ཚང་ས་པར་འགྱུར་བ་འདི་ནི་བསོད་ནམས་ཆེན་པོ་བརྒྱད་པའོ། །ཐ་མར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དགེ་བའི་ཆོས་ཐམས་ཅད་སྤང་ས་ནས། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་ཡང་འགྱུར་ཏེ། བསོད་ནམས་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། །གྲོགས་པོ་དག་
46-523
གང་ལ་ལ་ཞིག་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་འཆད་པ་ན་རྣབ་བླགས་ཏེ། ཉན་པར་འགྱུར་བ་དེ་སེམས་དྲི་མ་མེད་པ་བརྒྱད་འཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན ། འདི་ལྟ་སྟེ། ཞེ་ལྡང་ཐམས་ཅད་གཞོམ་པའི་གྱིར། བྱམས་པ་ཐོབ་པར་འགྱུར་བ་དང ། རྣམ་པར་འཚེ་བ་ཐམས་ཙད་དོར་བའི་གྱིར། སྙིང་རྗེ་ཐོབ་པར་འགྱུར་བ་དང ། མི་དགའ་བ་ཐམས་ཅད་བསལ་བའི་ཕྱིར། དགའ་བ་ཐོབ་པར་འགྱུར་བ་དང ། རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་དོར་བའི་གྱིར། བཏང་སྟོམས་ཐོབ་པར་འགྱུར་བ་དང ། འདོད་པའི་ཁམས་ཐམས་ཅད་ལ་དབང་བསྒྱུར་བར་བྱ་བའི་གྱིར། བསམ་གཏན་བཞི་ཐོབ་པར་འགྱུར་བ་དང ། སེམས་ལ་དབང་བསྐྱུར་བར་བྱ་བའི་གྱིར། གཟུགས་མེད་པའི་སྟོམས་པར་འཇུག་པ་བཞི་ཐོབ་པར་འགྱུར་བ་དང ། སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བ་དང་འོང་བར་བྱ་བའི་གྱིར། མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་བ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་གྱིར། བག་ཆགས་ཀྱི་མཚམས་སྤྱོར་བ་ཐམས་ཙད་ཡང་དག་པར་གཞོམ་པ་ཐོབ་པར་འགྱུར་བ་སྟེ། སེམས་དྲི་མ་མེད་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར་རོ། །གྲོགས་པོ་དག་གྲོང་ང་མ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོང་ས་སམ། ལྗོང་ས་ཀྱི་བྱོགས་སས་མ། འཆག་ས་འམ། གརྩུག་ལག་ཁང་གང་དུ་རྒྱ་ཆེར་རོལ་པའི་ཆོས་ཀྱི་རྣམ་གྲང་ས་འདི་སྤྱོད་པར་འགྱུར་བ་དེར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་འཇིགས་པ་བརྒྱད་འ་བྱུང་བར་མི་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། ཆོམ་རྐུན་གྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། སྤྲུལ་གྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། མྱུ་གེའི་དགོན་པས་
46-524
དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། ཕན་ཚུན་འཐབ་པ་དང ། རྩོད་པ་དང ། འགྱིད་པ་དང ། མཚང་འདྲུ་བས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། ལྷས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། ཀླུས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། གནོད་སྤྱིན་ལ་སོགས་པ་ས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང ། གཅེ་བ་ཐམས་ཅད་ཀྱིས་དཀྲུགས་པའི་འཇིགས་པ་འབྱུང་བར་མི་འགྱུར་བ་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གྲོགས་པོ་དག་འཇིགས་པ་བརྒྱད་པོ་དེ་དག་འབྱུང་བར་མི་འགྱུར་རོ། །གྲོགས་པོ་དག་མདོར་ན་གལ་ཏེ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྐལ་པར་བཞུགས་ལ་ཉིན་མཚན་དུ་རྒྱུན་མི་འཆད་པར་ཆོས་ཀྱི་རྣམ་གྲང་ས་འདིའི་བསྔགས་པ་བརྗོད་ཀྱང་ཆོས་ཀྱི་རྣམ་གྲང་ས་འདིའི་བསྔགས་པ་མཐར་ཐུག་པར་ཡང་མི་འགྱུར་ལ། དེ་བཞིན་གཤེགས་པའི་སྤོབས་པ་ཡང་ཟད་པར་མི་འགྱུར་རོ། །གྲོགས་པོ་དག་ཇི་ལྟར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མེད་ཅིང་ཐུག་པ་མེད་པ་དེ་བཞིན་དུ་གྲོགས་པོ་དག་གང་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་འདི་སེམས་ཅན་འདི་དག་གིས་ཇི་ལྟར་ཐོབ་པར་འགྱུར་སྙམ་པའི་སེམས་འདི་ས་ཆོས་ཀྱི་རྣམ་གྲང་ས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཡི་གེར་འདྲི་བ་འམ། ཡི་གེར་འདྲིར་འཇུག་པ་དང ། ཀུན་ཆུབ་པར་བྲེད་པ་དང ། འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་སྟོན་པར་འགྱུར་བ་དེ་དག་གིས་བསོད་ནམས་ཀྱང་ཐུག་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་
46-525
དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། གྲོགས་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངས་བསྐལ་པ་གྲངས་མེད་པ་བྲེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པ་འདི་ཁྱེད་ཀྱི་ལག་ཏུ་གཏད་དེ། ཡོངས་སུ་གཏད་པའི་མཆོག་གིས་གཏད་དོ། །ཁྱེད་བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲང་ས་འདི་ཟུང་ཤིག་།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག། དེ་སྐད་ཅེས་བཀའ་སྩལ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲང་ས་འདི་རྒྱ་ཆེར་ཡོངས་སུ་གཏད་པའི་གྱིར། དེའི་ཚེ་ཆིགས་སུ་བ་ཅད་པ་འདི་དག་ཀྱང་བཀའ་སྩལ་ཏོ། །སངས་རྒྱས་གཟིགས་པས་སེམས་ཅན་གང་དག་ངས་མཐོང་བ། །དེ་དག་ཤཱ་རིའི་བུ་འདྲ་ར་དགྲ་བཅོམ་པར་གྱུར་ལ། །གལ་ཏེ་ལ་ལས་གང་གཱའི་ཀླུང་གི་བྲེ་སྙེད་ཀྱི། །བསྐལ་པ་བྲེ་བར་དེ་དག་རྣམས་ལའང་མཆོད་བྲེད་ལ། །གང་ཞིག་ཉིན་ཞག་གཅིག་ཏུ་རབ་ཏུ་དགའ་བ་ཡིས། །རང་སངས་རྒྱས་རྣམས་ལ་ནི་ཕྲེང་བ་དེ་བཞིན་དུ། །གཞན་ཡང་རྣམ་པ་མཆོག་རྣམས་ཀྱིས་ནི་མཆོད་བྲེ་ད་ན། །དེ་བས་བསོད་ནམས་བྱས་པ་འདི་ནི་ཁྱད་པར་འཕགས།། གལ་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་འདིར་ནི་བག་ཡོད་པར། །བསྐལ་པ་དུ་མར་ཟས་དང་སྐོམ་དང་བགོ་བ་དང ། །མེ་ཏོག་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་བྲེད་ལ། །གང་ཞིག་གིས་ནི་དེ་བཞིན་གཤེགས་པ་གཅིག་ཅིག་ལ། །ལན་ཅིག་ཕྱག་འཚལ་བྲེད་ཅིངད་ང་བའི་སེམས་ཀྱིས་ནི། །དགྲ་བཅོམ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་བརྗོད་ན། །དེ་བས་བསོད་ནམས་འདི་ནི་ཤིན་ཏུ་ཆསམཆོག་གོ། །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་སྔར་བཞིན་མཆོད་བྲེད་ཅིང ། །ལྷ་ཡི་མེ་ཏོག་རྣམས་དང་མི་ཡི་མཚོག་རྣམས་དང ། །རྣམ་པ་མང་པོས་
46-526
བསྐལ་པ་དུ་མར་མཆོད་བྲེད་ལ། །གང་ཞིག་དམ་པའི་ཆོས་ནི་རྣམ་པར་འཇིག་པའི་ཚེ། །རང་གི་ལུས་དང་དེ་བཞིན་སྲོག་ཀྱང་བཏང་ནས་ནི། །ཞག་གཅིག་བར་དུ་མདོ་སྡེ་འདི་ནི་འཛིན་བྲེད་ན། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས་པར་འགྱུར། །གང་ཞིག་རྣམ་པར་འདེན་པ་ནམས་དང་རང་རྒྱལ་དང་།། དེ་བཞིན་ཉན་ཐོས་རྣམས་ལ་མཆོད་པ་བྱིད་འདོད་པ། །དེ་ཡིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་བྱས་ཏེ། །མདོ་སྡེ་འདི་ནི་རྟག་པར་རབ་ཏུ་གཟུང་བར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་མངོན་བྱུང་གང་ཡིན་པ། །འདི་ནི་ལེགས་པར་བཤད་པ་ཀུན་གྱི་རྒྱལ་པོ་ཡིན།།མདོ་སྡེ་དཀོན་མཆོག་འདི་ནི་གང་ན་གནས་འགྱུར་བ། །དེ་ཡི་ཁྱིམ་དུ་དེ་བཞིན་གཤེགས་པ་རྟག་ཏུ་གནས། གང་གིས་མདོ་འདི་ཕ་རོལ་དག་ལ་བྱིན་པ་དང ། །ཚིག་གཅིག་བརྗོད་པ་དེ་ཡང་བསྐལ་པ་བྱི་བར་ནི། ། ཚིག་འཔུ?་རྣམས་ལས་མི་ཉམས་དོན་ལས་ཉམས་མི་འགྱུར།།སྤོབས་པ་དགེ་བ་མཐའ་ཡས་པ་དག་འཐོབ་པར་འགྱུར། །གང་ཞིག་ཆོས་འདི་ཐོས་ནས་རབ་ཏུ་སྒྲུབ་བྲེད་པ། །དེ་ནི་མི་ཡི་འབེན་པ་མ་གཏོགས་འོག་ཏུ་ནི། །དེ་འདྲ་བ་ཡི་སེམས་ཅན་གང་ཡང་ཡོད་མ་ཡིན། །དེ་ནི་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པར་འགྱུར། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་ག་ཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང ། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་།འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཐམས་ཅད་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བ་ཅས་པའི་འཇིག་རྟེན་ཡི་རང་ས་ཏེ ། བཅོམ་ལྡན་འདས་ཀྱིས་གསུང་ས་པ་ལ་མངོན་པར་བསྟོད་དོ། །མཇུག་སྡུད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བདུན་པའོ། །།
46-527
འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཇེག་པ་ཆེན་པོའི་མདོ་རྫོགས་སྟོ་།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤི་ལ་དང ། མྱུནི་བར་མ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྐྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།