rKTs


A863

(e-text produced by OSBL)

see text in transliteration
97-161
༄##། །རྒྱ་གར་སྐད་དདུ། ཨཱརྱཱ་པ་རི་མི་ཏ་གུ་ཎཱ་ནུ་ཤཱནྶ་ནམ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཡོན་ཏ་ན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས།་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ། སཾ་མྱ་ཀྶཾ་བུད་དྷཱ་ཡ།་ཏ་དྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོབྷ་བེ། ཨ་མི་ཏ་སཾ་བྷ་བེ་ཨ་མི་ཏ་བི་ཀཱནྟེ ། ་མི་ཏ་ག་མི་ནི། ག་ག་ན་ཀཱི་རྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡ་ཀ་རི་སཝཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ལན་ཅིག་བརྗོད་པས་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ། །ཉིན་རེ་བཞིན་དུ་དུས་གསུམ་དུ་བཟླས་བརྗོད་བྱས་ན་སྔིག་པ་ཐམས་ཅད་འབྱང་བར་འགྱུར་རོ། ། སངས་རྒྱས་སྟོང་གིས་བསྐྱེད་པའི་དགེ་བའི་རྩ་བ་འཐོབ་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་རྩ་བའི་ལྟུང་བ་བཞི་པོ་འབྱང་བར་འགྱུར་རོ། །
97-162
ལན་འབུམ་བཟླས་བརྗོད་བྱས་ན་འཕགས་པ་བྱམས་པ་མཐོང་བར་འགྱུར་རོ། ། ལ་ན་ཉིས་འབུམ་བཟླས་བརྗོད་བྱས་ན ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །ལན་སུམ་འབུམ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །ཕན་ཡོན་གཞན་ཡང་དཔག་ཏུ་མེད་པ་ཡོད་ན་ཡང་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །འཕགས་པ་ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།