rKTs


D233

(e-text produced by ADARSHA)

see text in transliteration
64-1-215a
༄##། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ་སཱུ་ཏྲཱ་ད་ད་ཤ་དིག་བོ་དྷི་ས་ཏྭ་ས་མུ་དྲ་སན་ནི་བ་ཏི་མ་ཧོཏྶ་བ་པི་ཀྲཱི་ཌི་ཏ་ནཱ་མ་པ་རི་བརྟ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྩེ་བ་ཞེས་བྱ་བའི་ལེའུ།སངས་ རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་ས་ཡ་ཕྲག་བརྒྱད་དང ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་ སོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་དང ། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང ། བརྒྱད་འབུམ་དང ། སེང་གེ་ལ་སོགས་པ་ལིད་ཙ་བཱི་གཞོན་ནུ་ས་ཡ་ཕྲག་ལྔ་དང ། བརྒྱད་འབུམ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་སོགས་པ་རྒྱལ་ཆེན་བཞི་པའི་ལྷའི་བུ་འབུམ་ཕྲག་ཚད་མེད། གྲངས་མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དེ་དག་ཐམས་ཅད་ ཀྱང་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པ་དང ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ། །ཡང་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་འབུམ་ཕྲག་ཚད་མེད་གྲངས་ མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པ་དང ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ ། ཡང་དེའི་ཚེ་འཕྲུལ་དགའི་ལྷའི་རིས་ནས་ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ་ལྷའི་བུ་འབུམ་ཕྲག་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
64-1-215b
ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པ་དང ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ། ་།ཡང་དེའི་ཚེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་ནས་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་ པ་ལྷའི་བུ་འབུམ་ཕྲག་ཚད་མེད་གྲངས་མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པ་དང ། ཐེག་པ་ཆེན་པོ་ལ་ཡང་དག་པར་ ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ། །ཡང་དེའི་ཚེ་ན་ཀླུའི་རྒྱལ་པོ་པད་མ་ཅན་ལ་སོགས་པ་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་ལ་ཀླུའི་རྒྱལ་པོ་རེ་རེ་ལ་ཡང་འཁོར་ཀླུ་འབུམ་ཕྲག་གྲངས་མེད་པ་དག་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་ཐོབ་པ་ཤ་སྟག་གོ། །ཡང་དེའི་ཚེ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ ས་ཡ་ཕྲག་གསུམ་དང་དྲུག་འབུམ་ལ་གནོད་སྦྱིན་གྱི་རྒྱལ་པོ་རེ་རེ་ཡང་འཁོར་གནོད་སྦྱིན་འབུམ་ཕྲག་གྲངས་མེད་པ་དག་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གནོད་སྦྱིན་གྱི་རྒྱལ་པོ་དེ་དག་ ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་དྲི་ཟའི་རྒྱལ་པོ་དགའ་བ་ལ་སོགས་པ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་ལ་དྲི་ཟའི་རྒྱལ་པོ་རེ་རེ་ཡང་འཁོར་དྲི་ཟ་འབུམ་ཕྲག་གྲངས་མེད་པ་ དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དྲི་ཟའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་
64-1-216a
སྟག་གོ། །ཡང་དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དང ། བརྒྱད་འབུམ་ལ་ལྷ་མ་ཡིན་གྱི་རྒྱལ་པོ་རེ་རེ་ཡང་འཁོར་ལྷ་མ་ཡིན་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷ་མ་ཡིན་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་དྲི་ཟའི་ གླང་པོ་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ་ལ་ནམ་མཁའ་ལྡིང་གི་རྒྱལ་པོ་རེ་རེ་ལ་ཡང་འཁོར་ནམ་མཁའ་ལྡིང་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་མི་འམ་ཅིའི་རྒྱལ་པོ་ལེགས་མཐོང་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་ འབུམ་ལ་མི་འམ་ཅིའི་རྒྱལ་པོ་རེ་རེ་ཡང་འཁོར་མི་འམ་ཅི་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །མི་འམ་ཅིའི་རྒྱལ་པོ་དེ་དག་ཐམས་ཅད་ ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་ཡོན་ཏན་ཟླ་བ་ལ་སོགས་པ་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་འབུམ་ཕྲག་མང་པོ་ལ་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་རེ་རེ་ཡང་འཁོར་ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་གྲངས་ མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་
64-1-216b
རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་སྲིན་པོའི་རྒྱལ་པོ་འབྲོག་གནས་ལ་སོགས་པ་སྲིན་པོའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དང་བརྒྱད་འབུམ་ལ་སྲིན་པོའི་རྒྱལ་པོ་རེ་རེ་ཡང་འཁོར་སྲིན་པོ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་པོའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་གྲུལ་བུམ་གྱི་རྒྱལ་པོ་དྲོད་ལྡན་ལ་སོགས་པ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་ བརྒྱད་འབུམ་ལ་གྲུལ་བུམ་གྱི་རྒྱལ་པོ་རེ་རེ་ཡང་འཁོར་གྲུལ་བུམ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གྲུལ་བུམ་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་གློག་ལེགས་བཙུན་ལ་སོགས་པ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་ལ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་རེ་རེ་ཡང་འཁོར་གཅོད་བྱེད་ཀྱི་བུ་འབུམ་ཕྲག་གྲངས་ མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གཅོད་བྱེད་ཀྱི་བུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་ པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་རིག་སྔགས་འཆང་གི་རྒྱལ་པོ་རིན་ཆེན་འཛིན་ལ་སོགས་པ་རིག་སྔགས་འཆང་གི་རྒྱལ་པོ་ས་ཡ་ཕྲག་དྲུག་ལ་རིག་སྔགས་འཆང་གི་རྒྱལ་པོ་རེ་རེ་ཡང་འཁོར་རིག་སྔགས་འཆང་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་འབྱུང་པོའི་རྒྱལ་པོ་གླང་པོའི་སྙིང་པོ་ལ་སོགས་པ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག་གསུམ་དང ། བརྒྱད་འབུམ་ལ་འབྱུང་པོའི་རྒྱལ་པོ་རེ་རེ་ཡང་འཁོར་འབྱུང་པོ་འབུམ་ཕྲག་
64-1-217a
གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་དྲང་སྲོང་མེས་སྦྱིན་ལ་སོགས་པ་དྲང་སྲོང་ས་ཡ་ཕྲག་དགུ་ལ་དྲང་སྲོང་དེ་དག་ཐམས་ཅད་ཀྱང་མངོན་ པར་ཤེས་པ་ལྔ་དང་ལྡན་པ་ཤ་སྟག་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འཁོར་འབུམ་ཕྲག་དུ་མ་ དང་དཔུང་གི་ཚོགས་ཡན་ལག་བཞི་པ་དག་དང་།བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། དེ་བཞིན་གཤེགས་པ་ལ་རྒྱལ་མཚན་དང་བ་དན་རྣམས་དངར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཡུལ་ཙམ་ པ་ནས་ཁྱིམ་བདག་ལེགས་སྦྱིན་ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་ དང ། རྒྱལ་པོའི་ཕོ་བྲང་ཐམས་ཅད་ནས་ཡུལ་བཅུ་དྲུག་གི་མི་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤ་སྟག་གོ། །ཡང་དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བཙུན་མོ་མ་ལི་ཀ་ལ་སོགས་པ་བཙུན་མོ་ཁྲི་དྲུག་སྟོང་དང ། དགེ་བསྙེན་མ་ས་ག་ལ་སོགས་པ་དགེ་བསྙེན་མ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མ་ལྷའི་བུ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཚངས་
64-1-217b
པ་རིན་ཆེན་སྐྱོང་ལ་སོགས་པ་ཚངས་པ་འབུམ་ཕྲག་དུ་མ་ཡང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་མོ་ཆུ་ཤིང་ལྟ་བུ་ལ་སོགས་པ་ལྷའི་བུ་མོ་འབུམ་ཕྲག་དུ་མ་ཡང་འཁོར་ དེ་ཉིད་ཀྱི་ནང་དུ་འདུས་ཏེ། གར་བྱེད་ཅིང་གླུ་ལེན་ལ་ལྷའི་བུ་མོ་རེ་རེས་ཀྱང་དེ་བཞིན་གཤེགས་པ་ལ་གདུགས་དང ། རྒྱལ་མཚན་དང་།བ་དན་དཔེ་མེད་པ་དངར་ཅིང་མངོན་པར་དངར་ཏོ། །དངར་ཅིང་མངོན་པར་དངར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ གཅིག་ཏུ་འཁོད་དོ། །ལྷའི་བུ་མོ་དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་སྐྱོན་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ། །ལྷའི་རིས་རེ་རེ་ནས་ཀྱང་ལྷའི་བུ་མོ་འབུམ་ཕྲག་དུ་མ་གར་བྱེད་ཅིང་གླུ་ལེན་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། དེ་བཞིན་ གཤེགས་པ་ལ་ལྷའི་གདུགས་ཀྱི་སྤྲིན་དང ། རྒྱལ་མཚན་གྱི་སྤྲིན་དང ། བ་དན་གྱི་སྤྲིན་དག་དངར་ཅིང་མངོན་པར་དངར་ཏེ་མངོན་པར་རབ་ཏུ་དང་ར་ཏོ། །དངར་ཅིང་མངོན་པར་དངར་ཏེ་མངོན་པར་རབ་ཏུ་དངར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ལྷའི་བུ་མོ་དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་སྐྱོན་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གོ། །ཡང་དེའི་ཚེ་ཕྱོགས་དང་ཕྱོགས་མཚམས་དག་ན་དགེ་སློང་གནས་པ་དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། ཚོགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་རླུང་གི་རྒྱལ་པོ་ཆེན་པོ་བཞི་ལ་འདི་ལྟ་སྟེ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཞེས་བྱ་བ་དང ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཆེན་པོ་ཞེས་བྱ་བ་དང ། རླུང་གི་རྒྱལ་པོ་ཆེན་པོ་ཤུགས་དྲི་མ་མེད་པ་ཞེས་བྱ་བ་ དང ། རླུང་གི་རྒྱལ་པོ་ཆེན་པོ་རྗེས་སུ་ཆེར་ཆགས་ཞེས་བྱ་བ་མེ་ཏོག་དང ། སྤོས་ཐམས་ཅད་དང་ལྷན་ཅིག་ལྡང་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲའི་ཆོས་སྣང་བའི་སྒོ་ཞུ་བར་བྱེད་དོ། །སྤྲིན་གྱི་རྒྱལ་པོ་ཆེན་པོ་འབུམ་ཕྲག་དུ་མ་ཡང་
64-1-218a
གླུ་དང་རོལ་མོའི་སྒྲ་སྣ་ཚོགས་སྒྲོགས་ཤིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་ཏེ། སེང་གེའི་སྒྲའི་ཆོས་ཀྱི་སྣང་བའི་སྒོ་ཞུ་བར་བྱེད་དོ། །ཡང་དེའི་ཚེ་སེང་གེ་དཔའ་བོ་ལ་སོགས་པ་ངང་པའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ དག་ལ་ངང་པའི་རྒྱལ་པོ་རེ་རེ་ཡང་འཁོར་ངང་པ་འབུམ་ཕྲག་དུ་མ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ངང་པའི་སྐད་དཔེ་མེད་པ་དག་གིས་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ངང་པའི་ རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་རྨ་བྱའི་རྒྱལ་པོ་ལེགས་མཐོང་ལ་སོགས་པ་རྨ་བྱའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་རྨ་བྱའི་རྒྱལ་པོ་རེ་རེ་ཡང་འཁོར་རྨ་བྱ་འབུམ་ཕྲག་གྲངས་ མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྨ་བྱའི་སྒྲ་སྐད་སྙན་པས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རྨ་བྱའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་ཁུ་བྱུག་གི་རྒྱལ་པོ་སྡེ་ལ་སོགས་པ་ཁུ་བྱུག་གི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་ཁུ་བྱུག་གི་རྒྱལ་པོ་རེ་རེ་ཡང་འཁོར་ཁུ་བྱུག་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ སྟེ་ལྷགས་ནས་ཁུ་བྱུག་གི་སྐད་སྙན་པས་བཅོམ་ལྡན་འདས་ལ་བསྟོད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཁུ་བྱུག་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་ཀ་ལ་པིང་ཀའི་རྒྱལ་པོ་པད་ མའི་འདབ་མ་འདྲ་བའི་མིག་ལ་སོགས་པ་ཀ་ལ་པིང་ཀའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་ཀ་ལ་པིང་ཀའི་རྒྱལ་པོ་རེ་རེ་ཡང་འཁོར་ཀ་ལ་པིང་ཀ་འབུམ་ཕྲག་གྲངས་མེད་པ་དག་ཀ་ལ་པིང་ཀའི་སྒྲ་སྐད་སྙན་པ་འབྱིན་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སངས་རྒྱས་ཀྱི་བསྟོད་པ་
64-1-218b
ཡང་དག་པ་དག་གིས་བཅོམ་ལྡན་འདས་ལ་བསྟོད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཀ་ལ་པིང་ཀའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་ཤང་ཤང་ཏེའུ་ཡི་རྒྱལ་པོ་རྒྱལ་བ་ལ་ སོགས་པ་ཤང་ཤང་ཏེའུ་ཡི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་ཤང་ཤང་ཏེའུ་ཡི་རྒྱལ་པོ་རེ་རེ་ཡང་འཁོར་ཤང་ཤང་ཏེའུ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ལྷའི་སྒྲ་སྐད་སྙན་པས་བསྟོད་དེ། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཤང་ཤང་ཏེའུ་ཡི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་བྱའི་རིགས་འདྲེས་པ་ལ་སོགས་པ་ཐ་དད་པ་ གྲངས་མེད་པ་ལས་བྱའི་རིགས་འདྲེས་པ་རེ་རེ་ལ་བྱའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ཡོད་དེ། བྱའི་རྒྱལ་པོ་རེ་རེ་ཡང་འཁོར་བྱ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སོ་སོའི་བྱ་སྐད་ཀྱི་རོལ་མོའི་སྒྲ་དཔེ་མེད་པའི་གདངས་ཀྱིས་སངས་ རྒྱས་ཀྱི་ཡོན་ཏན་ཡང་དག་པའི་བསྟོད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བྱའི་རིགས་འདྲེས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་ པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་སེང་གེའི་རྒྱལ་པོ་རིན་པོ་ཆེ་པད་མ་ལ་སོགས་པ་སེང་གེའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་སེང་གེའི་རྒྱལ་པོ་རེ་རེ་ཡང་འཁོར་སེང་གེ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སེང་གེའི་སྒྲ་ སྐད་ཀྱི་རོལ་མོའི་སྒྲ་སྙན་པས་བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་བསྟོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སེང་གེའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་
64-1-219a
ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་རི་ཀའི་ན་བུན་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྤོས་ཀྱི་གླང་པོའི་རྒྱལ་པོ་འབུམ་ཕྲག་གྲངས་མེད་པ་ལ་སྤོས་ཀྱི་གླང་པོའི་རྒྱལ་པོ་རེ་རེ་ཡང་འཁོར་སྤོས་ཀྱི་གླང་པོ་འབུམ་ཕྲག་གྲངས་མེད་པ་དག་དང ། བཅོམ་ ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་བསྟོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྤོས་ཀྱི་གླང་པོ་དེ་དག་ཐམས་ཅད་ཀྱང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་སྦྲུལ་དང ། སྟག་དང ། རི་དགས་རིགས་ཐ་དད་པ་འདྲེས་པ་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ ཕྱོགས་གཅིག་ཏུ་འཁོད་དོ། །སྦྲུལ་དང ། སྟག་དང ། རི་དགས་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པ་དང ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། ། ཡང་དེའི་ཚེ་ཤ་སྦྲང་དང ། སྦྲང་བུ་མཆུ་རིངས་དང ། སྦྲང་མ་དང ། བི་ཤུ་ཀ་དང ། ཉ་དང ། རུ་སྦལ་དང ། ཆུ་སྲིན་བྱིས་པ་གསོད་དང ། སེ་ས་ར་དང ། འུག་པ་དང ། སྡིག་པ་དང ། སྲིན་གྱི་རིགས་གྲངས་མེད་པའི་ཡང་གྲངས་མེད་པ་དག་དང ། སྡིག་སྦྲུལ་ཐ་དད་པ་འདྲེས་པ་གནས་པ་ ཐམས་ཅད་དང ། ཕག་དང ། ཁྱི་དང ། ཝ་དང ། གཞན་ཡང་སྲོག་ཆགས་ཕྲ་མོ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་སྦྲུལ་དང ། མྱུར་དུ་གདུག་པ་དང ། སྦྲུལ་གཟི་གུ་དང ། སྦྲུལ་མི་བཟད་པའི་གདུག་པའི་རིགས་འབུམ་ཕྲག་གྲངས་མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་སངས་རྒྱས་བཅོམ་ལྡན་
64-1-219b
འདས་ལ་བསྟོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷུན་པོ་དང་ལྷུན་པོ་ཆེན་པོ་དང ། བཏང་བཟུང་དང ། བཏང་བཟུང་ཆེན་པོ་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་དག་དང ། རི་གཞན་དག་གི་ལྷ་རྣམས་རང་ རང་གི་ཁང་པར་ཞུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་མངོན་པར་བསྟོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ལྷ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་སྨན་དང་ནགས་ཀྱི་ལྷ་ཐམས་ཅད་རང་རང་གི་ཁང་པར་ཞུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དག་གིས་ བསྟོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་ཐ་དད་པ་དག་ལ་རྣམ་པར་རྩེ་བ་ཤ་སྟག་གོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་འཁོར་རྣམས་དང ། བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་སྐད་ཅིག་གཅིག་ལ་བསྐལ་པ་རྒྱ་མཚོ་དཔག་ཏུ་མེད་པ། གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། ཚད་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་ པར་མཛད་པ་དེ་ནི་ཇི་ལྟར་ཤེས་པར་རུང ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་བསྐལ་པ་བྱེ་བ་ཕྲག་ནི་ཇི་སྙེད། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ནི་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་མཚམས་སྦྱོར་བའི་འཇིག་རྟེན་གྱི་ སྤྱོད་པ་རྣམས་དང ། ཡེ་ཤེས་དང ། གཟིགས་པ་དང ། ཁམས་དང ། རྒྱུ་དང ། དམིགས་པ་དང ། ངེས་པའི་ཚིག་དང ། གདགས་པ་དང ། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་དག་གིས་སེམས་ཅན་རྒྱ་མཚོ་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
64-1-220a
བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་ཅིག་གུ་སྙམ་མོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སངས་རྒྱས་ཀྱིས་གནང་སྟེ། མི་འཇིགས་པ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེམས་ཀྱི་ ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་ལྡན་གྱི་གནས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་ བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་ལྡན་གྱི་གནས་ན་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་ གཤེགས་པ་རྣམས་ཀྱི་དགའ་ལྡན་གྱི་གནས་ནས་འཆི་འཕོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་ སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་ཆ་ཕྲ་བར་སྣང་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་ པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་སྐུ་བལྟམས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལུམ་བི་ནིའི་སྐྱེད་མོས་ཚལ་ན་བཞུགས་པ་ རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་ཕྱོགས་སུ་གཟིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་
64-1-220b
སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་གསུང་བརྗོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ ཀྱི་ལུམ་བི་ནིའི་སྐྱེད་མོས་ཚལ་ནས་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་གཤེགས་པའི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་ཕྱུག་ཆེན་པོ་རིམ་གྲོ་བྱེད་དུ་འོང་བ་ རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་ཀྱིས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིས་པའི་རྩེ་མོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡི་གེ་སློབ་པའི་གྲཝ་གང་དུ་གཤེགས་པ་རྣམ་པར་གཞག་པའི་བྱིན་ གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡི་གེ་དང ། བསྟན་བཅོས་དང ། ལག་རྩིས་དང ། བརྩི་བ་དང ། ཤོད་དགོད་པ་བསླབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་ བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཤཱཀྱའི་བུ་མོ་ས་འཚོ་མ་དམ་བཅས་པ་ཐོབ་པར་བྱ་བའི་བསླབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བཙུན་མོའི་འཁོར་ན་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེད་མོས་ཚལ་གྱི་སར་གཤེགས་
64-1-221a
པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒན་པོ་དང ། ནད་པ་དང ། ཤི་བ་དང ། རབ་ཏུ་བྱུང་བ་ལ་གཟིགས་པ་རྣམ་པར་གཞག་པའི་བྱིན་ གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རབ་ཏུ་འབྱུང་བའི་ཕྱིར་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ནས་མངོན་པར་འབྱུང་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་ སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ན་བཟའ་ངུར་སྨྲིག་བ་ཞེས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ དཀའ་བ་སྤྱོད་ཅིང་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དཀའ་བ་སྤྱོད་པ་ལས་བཞེངས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་ བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྲུས་མཛད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ ཞལ་ཟས་ལ་ལོངས་སྤྱོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་ བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་
64-1-221b
པ་རྣམས་ཀྱི་བདུད་འགུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་འདུལ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་ བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་རྣམ་པར་ གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མེའི་འོད་དང ། གློག་གི་འོད་དང ། ཟླ་བ་དང ། ཉི་མའི་འོད་དང ། ནོར་བུའི་འོད་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་ སྐྱོང་གི་འོད་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱལ་པོའི་བཀའ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་ སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་བཞི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལོང་བ་དང ། འཕྱེ་བོ་དང ། ལྐུགས་པ་དང ། འོན་ པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་
64-1-222a
གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མི་ཁོམ་པ་རྣམ་པ་སྣ་ཚོགས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། ། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་ པོ་རྣམ་པ་སྣ་ཚོགས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པ་དང ། ཀུན་ཏུ་རྒྱུ་བ་དང ། གཅེར་བུ་པ་ལ་སོགས་པ་མུ་སྟེགས་བྱེད་པ་རྣམ་པར་གཞག་པའི་ བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དུག་བརྒྱད་ཅུ་རྩ་བཞི་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འཕྲོག་མ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སོར་མོའི་ཕྲེང་བའི་ནད་ ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་གནོད་སྦྱིན་འབྲོག་གནས་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་ བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཀླུའི་རྒྱལ་པོ་སོག་མ་མེད་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་
64-1-222b
གཤེགས་པ་རྣམས་ཀྱི་མུ་གེ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོམ་རྐུན་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མི་ངས་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་ པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཀླུའི་གནས་དག་ཏུ་བྱེ་མ་རབ་ཏུ་འབར་བ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཀླུའི་ གནས་དག་ཏུ་ནམ་མཁའ་ལྡིང་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་འདུན་གྱི་དབྱེན་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་ རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྲག་འཕེན་པ་དང་འཇོག་པ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་གླང་པོ་ཆེ་ནོར་གྱིས་འཇུག་པ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྲམ་ཟེའི་ བུ་མོ་སླུ་བྱེད་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་ཏུ་རྒྱུ་མ་མཛེས་མས་སྒྲོ་བཏགས་ནས་ཀུན་ཏུ་རྒྱུ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་
64-1-223a
གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཤཱཀྱ་གསོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཉན་ཐོས་རྣམས་ཀྱི་ལས་སུ་བྱ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་གི་ལུས་ལ་ལས་སུ་བྱ་བ་རྣམ་པར་ གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐེག་པ་གསུམ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་ པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྟ་བར་གྱུར་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲོ་བཏགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ ཀྱི་ལས་སུ་བསྒོ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བླང་བ་དང་དོར་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་ དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འདེགས་པ་དང་འཇོག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འདུས་བྱས་རྣམ་
64-1-223b
པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་པོ་བཞི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་པོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་ སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་གཉིས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་ བཞིན་གཤེགས་པ་རྣམས་ཀྱི་མཚན་ཉིད་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་ བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མཐའ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་ གཤེགས་པ་རྣམས་ཀྱི་ལུས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་ བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བརྗོད་དུ་མེད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་
64-1-224a
ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་ བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རློམ་སེམས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ ཡོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མིང་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་ཏུ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུ་དང་རྐྱེན་གྱི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འདྲེས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་ རྣམས་ཀྱི་ཡི་གེ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ང་རྒྱལ་མེད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། ། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་ཡོད་དོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྣང་བའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་
64-1-224b
སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་འོད་ཟེར་ཆགས་པ་མེད་པའི་འཇིགས་པ་མེད་པའི་རིགས་ཞེས་བྱ་བ་འོད་ཟེར་གྱི་འཁོར་གྲངས་མེད་པ་དག་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བ་ཆེན་ པོས་ཁྱབ་པར་བྱས་ཏེ། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས་སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་བསྟན་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ནས་ཕྱིར་ལོག་སྟེ་དེ་བཞིན་གཤེགས་པ་ ལ་ལན་གྲངས་མེད་པར་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ལ་ཕོག་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་ གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་ གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་ན་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་འཆི་འཕོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
64-1-225a
བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་ཆ་ཕྲ་བར་སྣང་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་སྐུ་བལྟམས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ།བཅོམ་ལྡན་འདས་ཀྱིས་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་གོམ་པ་འདོར་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་ དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་ཕྱོགས་སུ་གཟིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལུམ་བི་ནིའི་སྐྱེད་མོས་ཚལ་དུ་གསུང་བརྗོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལུམ་བི་ནིའི་སྐྱེད་མོས་ཚལ་ནས་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་སུ་གཤེགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་ གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་རིམ་གྲོ་བགྱིད་དུ་མཆི་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་
64-1-225b
གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་སྟོབས་ཀྱི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བྱིས་པའི་རྩེད་མོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་ བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཡི་གེ་སློབ་པའི་གྲཝ་གང་དུ་གཤེགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་ འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཡི་གེ་དང ། བསྟན་བཅོས་དང ། ལག་རྩིས་དང ། བརྩི་བ་དང ། ཤོད་དགོད་པ་བསླབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་མོ་ས་འཚོ་མ་དམ་བཅས་པ་ཐོབ་པར་བགྱི་བའི་བསླབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཙུན་མོའི་འཁོར་ན་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ནས་སྐྱེད་མོས་ཚལ་གྱི་སར་གཤེགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་
64-1-226a
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་རྒན་པོ་དང ། ནད་པ་དང ། ཤི་བ་དང ། རབ་ཏུ་བྱུང་བ་གཟིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བར་མངོན་པར་ཕྱོགས་ཏེ། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ནས་མངོན་པར་འབྱུང་བ་རྣམ་ པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ན་བཟའ་ངུར་སྨྲིག་བཞེས་པ་རྣམ་པར་གཞག་པའི་ བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དཀའ་ཐུབ་སྤྱོད་ཅིང་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་ རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དཀའ་ཐུབ་སྤྱོད་པ་ལ་བཞེངས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་ སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཁྲུས་མཛད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་ སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཞལ་ཟས་ལ་ལོངས་སྤྱོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་
64-1-226b
གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་ གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བདུད་འགུགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བདུད་འདུལ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་ པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་ དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་
64-1-227a
རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཞུགས་ཀྱི་འོད་དང་གློག་གི་འོད་དང ། ཟླ་བ་དང་ཉི་མའི་འོད་དང ། ནོར་བུའི་འོད་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་ འོད་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཀའ་རྣམ་པར་གཞག་པའི་བྱིན་ གྱི་རླབས་ཀྱི་སྟོབས་ལསྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པདེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་རིགས་བཞི་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་ བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ལོང་བ་དང ། འཕྱེ་བོ་དང ། ལྐུགས་པ་དང ། འོན་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་ སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་ འཇིག་རྟེན་དུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་མི་ཁོམ་པ་རྣམ་པ་སྣ་ཚོགས་སུ་སྐྱེ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་
64-1-227b
བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བསོད་ནམས་བགྱི་བའི་དངོས་པོ་རྣམ་པ་སྣ་ཚོགས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་ བར་གསོལ། བཅོམ་ལྡན་འདས་ཀྱིས་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་དང ། གཅེར་བུ་པ་ལ་སོགས་པ་མུ་སྟེགས་ཅན་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་ འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དུག་བརྒྱད་ཅུ་རྩ་བཞི་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་ འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་འཕྲོག་མ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་ འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་སོར་མོའི་ཕྲེང་བ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་ བར་གསོལ། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་འབྲོག་གནས་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་
64-1-228a
བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་སོག་མ་མེད་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་མུ་གེ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་ གསོལ། བཅོམ་ལྡན་འདས་ཀྱིས་ཆོམ་རྐུན་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་མི་ངས་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་གི་ཀླུའི་གནས་དག་ཏུ་བྱེ་མ་རབ་ཏུ་འབར་བ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་ དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཀླུའི་གནས་དག་ཏུ་ནམ་མཁའ་ལྡིང་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་དབྱེན་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་
64-1-228b
པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བྲག་འཕེན་པ་དང་འཇོག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་ བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་གླང་པོ་ཆེ་ནོར་གྱིས་འཇུག་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་ དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་བུ་མོ་སླུ་བྱེད་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་མ་མཛེས་མས་སྒྲོ་བཏགས་ནས་ཀུན་ཏུ་རྒྱུ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཤཱཀྱ་གསོད་པ་ཀུན་ཏུ་འཁྲུག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་ལས་སུ་བྱ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཀྱིས་རང་གི་ལུས་ལ་ལས་སུ་བྱ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་
64-1-229a
པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་བགྲོད་པ་ནི་གཅིག་པུར་བས་ཏེ། གཉིས་སམ་གསུམ་མ་མཆིས་ལ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཡང་བགྲོད་པ་གཅིག་པུར་བས་ཏེ། གཉིས་ དང་གསུམ་དུ་མ་མཆིས་པ་འདི་ནི་ཆོས་ཉིད་ལགས་ན་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐེག་པ་གསུམ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་འཇིག་པ་མ་མཆིས་པ་ལགས་ཏེ། འཇིག་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇིག་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་ དུ་སྟེ། འཇིག་པའི་རང་བཞིན་ལས་འཇིག་པ་མ་མཆིས་པ་གཞན་མ་ལགས་ཏེ། འཇིག་པའི་རང་བཞིན་ཉིད་འཇིག་པ་མ་མཆིས་པ་ལགས་ཏེ། འཇིག་པའི་རང་བཞིན་གྱིས་འཇིག་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་འཇིག་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ ཀྱིས་འཇིག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ལྟ་བར་གྱུར་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལྟ་བར་གྱུར་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ།ལྟ་བར་གྱུར་པའི་རང་བཞིན་ལས་སྟོང་པ་ཉིད་གཞན་མ་ལགས་ཀྱི་ལྟ་བར་གྱུར་པའི་རང་བཞིན་ཉིད་སྟོང་པ་ཉིད་ལགས་ཏེ། ལྟ་བར་གྱུར་པའི་རང་ བཞིན་གྱིས་སྟོང་པ་ཉིད་ཤེས་པ་དེས་ཆོས་ཐམས་ཅད་སྟོང་པ་ལགས་ན་བཅོམ་ལྡན་འདས་ཀྱིས་ལྟ་བར་གྱུར་པ། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་
64-1-229b
འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྒྲོ་བཏགས་པ་མ་མཆིས་པ་སྟེ། སྒྲོ་བཏགས་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྒྲོ་བཏགས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། སྒྲོ་བཏགས་པའི་ རང་བཞིན་ལས་སྒྲོ་བཏགས་པ་མ་མཆིས་པ་གཞན་མ་ལགས་ཀྱི། སྒྲོ་བཏགས་པའི་རང་བཞིན་ཉིད་སྒྲོ་བཏགས་པ་མ་མཆིས་པ་ལགས་ཏེ། སྒྲོ་བཏགས་པའི་རང་བཞིན་གྱིས་སྒྲོ་བཏགས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་སྒྲོ་བཏགས་པ་མ་མཆིས་པ་ལགས་ན་ བཅོམ་ལྡན་འདས་ཀྱིས་སྒྲོ་བཏགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་ འདས་ཆོས་ཐམས་ཅད་ནི་ལས་སུ་བསྐོ་བ་མ་མཆིས་པ་སྟེ། ལས་སུ་བསྐོ་བ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལས་སུ་བསྐོ་བའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ལས་སུ་བསྐོ་བའི་རང་བཞིན་ལས་ལས་སུ་བསྐོ་བ་མ་མཆིས་པ་གཞན་ མ་ལགས་ཀྱི། ལས་སུ་བསྐོ་བའི་རང་བཞིན་ཉིད་ལས་སུ་བསྐོ་བ་མ་མཆིས་པ་ལགས་ཏེ། ལས་སུ་བསྐོ་བའི་རང་བཞིན་གྱིས་ལས་སུ་བསྐོ་བ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ལས་སུ་བསྐོ་བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ལས་སུ་བསྐོ་བ་རྣམ་པར་གཞག་ པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མ་མཆིས་པ་སྟེ། བླང་བ་ དང་དོར་བ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བླང་བ་དང་དོར་བའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། བླང་བ་དང་དོར་བའི་རང་བཞིན་ལས་བླང་བ་དང་དོར་བ་མ་མཆིས་པ་གཞན་མ་ལགས་ཀྱི་བླང་བ་དང་དོར་བའི་རང་བཞིན་ཉིད་བླང་བ་དང་དོར་བ་
64-1-230a
མ་མཆིས་པ་ལགས་ཏེ། བླང་བ་དང་དོར་བའི་རང་བཞིན་གྱིས་བླང་བ་དང་དོར་བ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་བླང་བ་དང་དོར་བ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་བླང་བ་དང་དོར་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་ བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་འདེག་པ་དང་འཇོག་པ་མ་མཆིས་པ་སྟེ། འདེག་པ་དང་འཇོག་པ་རྣམ་པར་དག་ པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདེག་པ་དང་འཇོག་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། འདེག་པ་དང་འཇོག་པའི་རང་བཞིན་ལས་འདེག་པ་དང་འཇོག་པ་མ་མཆིས་པ་གཞན་མ་ལགས་ཀྱི། འདེག་པ་དང་འཇོག་པའི་རང་བཞིན་ཉིད་འདེག་པ་ དང་འཇོག་པ་མ་མཆིས་པ་ལགས་ཏེ། འདེག་པ་དང་འཇོག་པའི་རང་བཞིན་གྱིས་འདེག་པ་དང་འཇོག་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་འདེག་པ་དང་འཇོག་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་འདེག་པ་དང་འཇོག་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ།བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། འདུས་བྱས་རྣམ་པར་དག་པ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདུས་བྱས་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། འདུས་བྱས་ཀྱི་རང་བཞིན་ལས་འདུས་མ་བྱས་གཞན་མ་ལགས་ཀྱི། འདུས་བྱས་ཀྱི་རང་བཞིན་ཉིད་འདུས་མ་བྱས་ལགས་ཏེ། འདུས་བྱས་ཀྱི་རང་བཞིན་གྱིས་འདུས་མ་བྱས་ཤེས་པ་དེས་ ཆོས་ཐམས་ཅད་འདུས་མ་བྱས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་འདུས་བྱས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་
64-1-230b
གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་དངོས་གཞི་མ་མཆིས་པ་ལགས་ཏེ། དངོས་གཞི་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དངོས་གཞིའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། དངོས་གཞིའི་རང་བཞིན་ལས་དངོས་གཞི་མ་མཆིས་པ་ གཞན་མ་ལགས་ཀྱི། དངོས་གཞིའི་རང་བཞིན་ཉིད་དངོས་གཞི་མ་མཆིས་པ་ལགས་ཏེ། དངོས་གཞིའི་རང་བཞིན་གྱིས་དངོས་གཞི་མ་མཆིས་པར་ཤེས་པ་དེས་ཆོས་ཐམས་ཅད་དངོས་གཞི་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་དངོས་གཞི་རྣམ་པར་གཞག་པའི་བྱིན་གྱི་རླབས་ ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གནས་མ་མཆིས་པ་སྟེ། གནས་རྣམ་པར་དག་པ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། གནས་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། གནས་ཀྱི་རང་བཞིན་ལས་གནས་མ་མཆིས་པ་གཞན་མ་ལགས་ཀྱི། གནས་ཀྱི་རང་བཞིན་ཉིད་གནས་མ་མཆིས་པ་ལགས་ཏེ། གནས་ཀྱི་རང་བཞིན་གྱིས་གནས་མ་མཆིས་པ་ཤེས་པ་དེས་ ཆོས་ཐམས་ཅད་གནས་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་གནས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་ གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པ་ལགས་ཏེ། དངོས་པོ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དངོས་པོའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། དངོས་པོའི་རང་བཞིན་ལས་དངོས་པོ་མ་མཆིས་པ་གཞན་མ་ལགས་ ཀྱི། དངོས་པོའི་རང་བཞིན་ཉིད་དངོས་པོ་མ་མཆིས་པ་ལགས་ཏེ། དངོས་པོའི་རང་བཞིན་གྱིས་དངོས་པོ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་
64-1-231a
སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པ་ལགས་ཏེ། གཉིས་རྣམ་པར་དག་པ་ལགས་སོ། །དེ་ ཅིའི་སླད་དུ་ཞེ་ན། གཉིས་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མ་མཆིས་པ་གཞན་མ་ལགས་ཀྱི། གཉིས་ཀྱི་རང་བཞིན་ཉིད་གཉིས་སུ་མ་མཆིས་པ་ལགས་ཏེ། གཉིས་ཀྱི་རང་བཞིན་གྱིས་གཉིས་སུ་མ་མཆིས་པ་ཤེས་ པ་དེས་ཆོས་ཐམས་ཅད་གཉིས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་གཉིས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་ འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཚན་ཉིད་མ་མཆིས་པ་ལགས་ཏེ། མཚན་ཉིད་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མཚན་ཉིད་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། མཚན་ཉིད་ཀྱི་རང་བཞིན་ལས་མཚན་ ཉིད་མ་མཆིས་པ་གཞན་མ་ལགས་ཀྱི། མཚན་ཉིད་ཀྱི་རང་བཞིན་ཉིད་མཚན་ཉིད་མ་མཆིས་པ་ལགས་ཏེ། མཚན་ཉིད་ཀྱི་རང་བཞིན་གྱིས་མཚན་ཉིད་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་མཚན་ཉིད་རྣམ་པར་གཞག་པའི་ བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་དམིགས་པ་མ་མཆིས་པ་ལགས་ཏེ། དམིགས་པ་རྣམ་ པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། དམིགས་པའི་རང་བཞིན་ལས་དམིགས་པ་མ་མཆིས་པ་གཞན་མ་ལགས་ཀྱི། དམིགས་པའི་རང་བཞིན་ཉིད་དམིགས་པ་མ་མཆིས་པ་ལགས་ཏེ། དམིགས་པའི་རང་
64-1-231b
བཞིན་གྱིས། དམིགས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་དམིགས་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་དམིགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་དབུ་མའི་ལམ་ལགས་ཏེ། མཐའ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མཐའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། མཐའི་རང་ བཞིན་ལས་དབུ་མའི་ལམ་གཞན་མ་ལགས་ཀྱི། མཐའི་རང་བཞིན་ཉིད་དབུ་མའི་ལམ་ལགས་ཏེ། མཐའི་རང་བཞིན་གྱིས་དབུ་མའི་ལམ་ཤེས་པ་དེས་ཆོས་ཐམས་ཅད་དབུ་མའི་ལམ་ལགས་ན་བཅོམ་ལྡན་འདས་ཀྱིས་མཐའ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་ བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ལུས་མ་མཆིས་པ་ལགས་ཏེ། ལུས་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལུས་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ལུས་ཀྱི་རང་བཞིན་ལས་ལུས་མ་མཆིས་པ་ཉིད་གཞན་མ་ལགས་ཀྱི། ལུས་ཀྱི་རང་བཞིན་ཉིད་ལུས་མ་མཆིས་པ་ཉིད་ལགས་ཏེ། ལུས་ཀྱི་རང་བཞིན་གྱིས་ལུས་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ལུས་མ་མཆིས་པ་ ལགས་ན་བཅོམ་ལྡན་འདས་ཀྱིས་ལུས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ།བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ འཁོར་བ་མ་མཆིས་པ་ལགས་ཏེ། འཁོར་བ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཁོར་བའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། འཁོར་བའི་རང་བཞིན་ལས་འཁོར་བ་མ་མཆིས་པ་གཞན་མ་ལགས་ཀྱི། འཁོར་བའི་རང་བཞིན་ཉིད་འཁོར་བ་མ་མཆིས་
64-1-232a
པ་ལགས་ཏེ། འཁོར་བའི་རང་བཞིན་གྱིས་འཁོར་བ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་འཁོར་བ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་འཁོར་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ་མ་མཆིས་པ་ལགས་ཏེ། བརྗོད་དུ་མེད་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བརྗོད་དུ་མེད་པའི་རང་བཞིན་ ལས་གཞན་མ་ལགས་པའི་སླད་དུ་སྟེ། བརྗོད་དུ་མེད་པའི་རང་བཞིན་ལས་བརྗོད་དུ་མེད་པ་མ་མཆིས་པ་གཞན་མ་ལགས་ཀྱི། ་བརྗོད་དུ་མེད་པའི་རང་བཞིན་ཉིད་བརྗོད་དུ་མེད་པ་མ་མཆིས་པ་ལགས་ཏེ། བརྗོད་དུ་མེད་པའི་རང་བཞིན་གྱིས་བརྗོད་དུ་མེད་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ ཅད་བརྗོད་དུ་མེད་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་བརྗོད་དུ་མེད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་ གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ལགས་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཀུན་ནས་ཉོན་མོངས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ཀུན་ནས་ཉོན་མོངས་ པའི་རང་བཞིན་ལས་ཀུན་ནས་ཉོན་མོངས་པ་མ་མཆིས་པ་གཞན་མ་ལགས་ཀྱི། ཀུན་ནས་ཉོན་མོངས་པའི་རང་བཞིན་ཉིད་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ལགས་ཏེ། ཀུན་ནས་ཉོན་མོངས་པའི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཀུན་ནས་ ཉོན་མོངས་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་ཀུན་ནས་ཉོན་མོངས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ།
64-1-232b
བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཆགས་པ་མ་མཆིས་པ་ལགས་ཏེ། ཆགས་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆགས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ཆགས་པའི་རང་བཞིན་ལས་ཆགས་པ་མ་མཆིས་པ་གཞན་མ་ལགས་ཀྱི། ཆགས་པའི་རང་བཞིན་ཉིད་ཆགས་པ་མ་མཆིས་པ་ལགས་ཏེ། ཆགས་པའི་རང་བཞིན་གྱིས་ཆགས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཆགས་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་ཆགས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་ སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རློམ་སེམས་མ་མཆིས་པ་ལགས་ཏེ། རློམ་སེམས་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་ དུ་ཞེ་ན། རློམ་སེམས་ཀྱི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ།རློམ་སེམས་ཀྱི་རང་བཞིན་ལས་རློམ་སེམས་མ་མཆིས་པ་གཞན་མ་ལགས་ཀྱི། རློམ་སེམས་ཀྱི་རང་བཞིན་ཉིད་རློམ་སེམས་མ་མཆིས་པ་ལགས་ཏེ། རློམ་སེམས་ཀྱི་རང་བཞིན་གྱིས་རློམ་སེམས་མ་ མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་རློམ་སེམས་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་རློམ་སེམས་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡོད་པ་མ་མཆིས་པ་ལགས་ཏེ། ཡོད་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡོད་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ཡོད་པའི་རང་བཞིན་ལས་ཡོད་པ་མ་མཆིས་པ་ གཞན་མ་ལགས་ཀྱི། ཡོད་པའི་རང་བཞིན་ཉིད་ཡོད་པ་མ་མཆིས་པ་ལགས་ཏེ། ཡོད་པའི་རང་བཞིན་གྱིས་ཡོད་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཡོད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཡོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་
64-1-233a
བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མིང་མ་མཆིས་པ་ལགས་ཏེ། མིང་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་ དུ་ཞེ་ན། མིང་གི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། མིང་གི་རང་བཞིན་ལས་མིང་མ་མཆིས་པ་གཞན་མ་ལགས་ཀྱི་མིང་གི་རང་བཞིན་ཉིད་མིང་མ་མཆིས་པ་ལགས་ཏེ། མིང་གི་རང་བཞིན་གྱིས་མིང་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་མིང་མ་མཆིས་པ་ལགས་ན་བཅོམ་ལྡན་ འདས་ཀྱིས་མིང་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་ ལགས་ཏེ། བདག་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་གི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། བདག་གི་རང་བཞིན་ལས་བདག་མ་མཆིས་པའི་རང་བཞིན་གཞན་མ་ལགས་ཀྱི། བདག་གི་རང་བཞིན་ཉིད་བདག་མ་མཆིས་པ་ལགས་ཏེ། བདག་ གི་རང་བཞིན་གྱིས་བདག་མ་མཆིས་པ་ཤེས་པ་དེས། ཆོས་ཐམས་ཅད་བདག་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་ བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ལགས་ཏེ། རྒྱུ་དང་རྐྱེན་གྱི་བྱ་བ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ལས་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་གཞན་མ་ལགས་ཀྱི། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ཉིད་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ལགས་ཏེ། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་གྱིས་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱི་བྱ་
64-1-233b
བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་རྒྱུ་དང་རྐྱེན་གྱི་བྱ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་འདྲེས་པ་མ་མཆིས་པ་ལགས་ཏེ། འདྲེས་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདྲེས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། འདྲེས་པའི་རང་བཞིན་ལས་འདྲེས་པ་མ་མཆིས་པ་གཞན་མ་ལགས་ཀྱི། འདྲེས་པའི་ རང་བཞིན་ཉིད་འདྲེས་པ་མ་མཆིས་པ་ལགས་ཏེ། འདྲེས་པའི་རང་བཞིན་གྱིས་འདྲེས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་འདྲེས་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་འདྲེས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡི་གེ་མ་མཆིས་པ་ལགས་ཏེ། ཡི་གེ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡི་གེའི་རང་བཞིན་ ལས་གཞན་མ་ལགས་པའི་སླད་དུ་སྟེ། ཡི་གེའི་རང་བཞིན་ལས་ཡི་གེ་མ་མཆིས་པ་གཞན་མ་ལགས་ཀྱི། ཡི་གེའི་རང་བཞིན་ཉིད་ཡི་གེ་མ་མཆིས་པ་ལགས་ཏེ། ཡི་གེའི་རང་བཞིན་གྱིས་ཡི་གེ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཡི་གེ་མ་མཆིས་པ་ལགས་ན་བཅོམ་ ལྡན་འདས་ཀྱིས་ཡི་གེ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ང་རྒྱལ་ མེད་པ་མ་མཆིས་པ་ལགས་ཏེ། ང་རྒྱལ་མེད་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན།ང་རྒྱལ་མེད་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ང་རྒྱལ་མེད་པའི་རང་བཞིན་ལས་ང་རྒྱལ་མེད་པ་མ་མཆིས་པ་གཞན་མ་ལགས་ཀྱི། ང་རྒྱལ་མེད་པའི་རང་
64-1-234a
བཞིན་ཉིད་ང་རྒྱལ་མ་མཆིས་པ་ལགས་ཏེ། ང་རྒྱལ་མེད་པའི་རང་བཞིན་གྱིས་ང་རྒྱལ་མེད་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ང་རྒྱལ་མེད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ང་རྒྱལ་མེད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་ སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡུལ་བསམ་གྱིས་མི་ཁྱབ་པ་ལགས་ཏེ། ཡུལ་བསམ་གྱིས་མི་ཁྱབ་པ་རྣམ་ པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་གཞན་མ་ལགས་ཀྱི། ཡུལ་བསམ་གྱིས་མི་ཁྱབ་ པའི་རང་བཞིན་ཉིད་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ལགས་ཏེ། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཡུལ་བསམ་གྱིས་མི་ཁྱབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། དེ་བཞིན་དུ་སྟོང་པ་ཉིད་ཀྱི་སྒོར་འཇུག་པ་གྲངས་མེད་པ་དག་ལ་ཕན་ཚུན་གཉེན་པོར་གྱུར་པ་འདྲེས་པའི་ཚུལ་དག་གིས་འཇུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་ མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང ། ཡེ་ཤེས་དང ། གཟིགས་པ་དང ། ཁམས་དང ། རྒྱུ་དང ། དམིགས་པ་དང ། ངེས་པའི་ཚིག་དང ། གདགས་པ་དང ། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་སེམས་ཅན་རྒྱ་མཚོ་ཇི་སྙེད་བླ་ན་མེད་པ་
64-1-234b
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པའི་བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། ཕྱོགས་ བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བར་འདོད་པ་མཁྱེན་ནས་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་བསྡུ་བར་བྱ་བའི་ཕྱིར་ཞབས་གཉིས་ཀྱི་མཐིལ་ནས་འོད་ཟེར་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་ རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཕྱུང་ངོ ། །དེ་བཞིན་དུ་ཞབས་གཉིས་ཀྱི་སོར་མོའི་ཚིགས་རེ་རེ་དང ། དེ་བཞིན་དུ་རྗེ་ངར་གཉིས་དང ། དེ་བཞིན་དུ་པུས་མོའི་ལྷ་ང་གཉིས་དང ། དེ་བཞིན་དུ་བརླ་གཉིས་དང ། དེ་བཞིན་དུ་སྟ་ཟུར་གཉིས་དང ། དེ་བཞིན་དུ་་ རྩིབ་ལོགས་གཉིས་དང ། དེ་བཞིན་དུ་ལྟེ་བ་ཁུང་དང ། དེ་བཞིན་དུ་ཕྲག་པ་གཉིས་དང ། དེ་བཞིན་དུ་དཔུང་མགོ་གཉིས་དང ། དེ་བཞིན་དུ་དཔུང་པ་གཉིས་དང ། དེ་བཞིན་དུ་ལག་མཐིལ་གཉིས་དང ། དེ་བཞིན་དུ་ཕྱག་སོར་གྱི་ཚིགས་རེ་རེ་དང ། དེ་བཞིན་དུ་གཙུག་ཏོར་དང ། དེ་བཞིན་ དུ་མཛོད་སྤུ་དང ། དེ་བཞིན་དུ་དབུའི་སྐྲ་ཉག་མ་རེ་རེ་དང ། དེ་བཞིན་དུ་མཚན་རེ་རེ་དང ། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང ། དེ་བཞིན་དུ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཕྱུང་སྟེ། ཤར་ཕྱོགས་སུ་འཕྲོས་སོ། །དེ་ལས་འོད་ཟེར་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྣང་བ་ཆེན་ པོས་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་འོད་ཟེར་གཅིག་གིས་ཁྱབ་པ་དེ་གཉིས་ཀྱིས་ཁྱབ་པར་མི་བྱེད་དོ། །ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། དེ་བཞིན་དུ་བྱང་ཤར་གྱི་མཚམས་དང ། དེ་བཞིན་དུ་ཤར་ལྷོའི་མཚམས་དང ། དེ་
64-1-235a
བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང ། དེ་བཞིན་དུ་ནུབ་བྱང་གི་མཚམས་དང ། དེ་བཞིན་དུ་སྟེང་དང་འོག་གི་ཕྱོགས་སུ་ཡང་འོད་ཟེར་རྒྱ་མཚོ་དེ་དག་ཐམས་ཅད་འཕྲོས་སོ། །དེ་ལས་འོད་ཟེར་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། གང་གཅིག་གིས་ཁྱབ་པ་དེ་གཉིས་ཀྱིས་ཁྱབ་པར་མི་བྱེད་དོ། །ཡང་དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འོད་ཟེར་དེ་དག་གིས་སྣང་བར་བྱས་ པ་གང་ཡིན་པ་དེ་དག་ལས་འཇིག་རྟེན་གྱི་ཁམས་རེ་རེ་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་འཁོར་ཀྱང་བྱང་ཆུབ་་ སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་ན། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྟ་ཅི་སྨོས། འཁོར་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་་ ཁྲིག་བརྗོད་དུ་མེད་པ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་ གྱི་ཁམས་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་
64-1-235b
གང་གཱའི་ཀླུང་བརྒྱའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གཅིག་ གི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བཞི་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བརྒྱད་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བཅུ་དྲུག་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་ཆ་ཉི་ཤུ་སྙེད་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བརྒྱ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་གཅིག་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་བརྗོད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་ པའི་ནམ་མཁའ་ཁྱབ་པར་ཕབ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་བརྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་ པ་ལ་གཏོར་ཅིང་མངོན་པར་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ནས་བཅོམ་ལྡན་འདས་ལ་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་གི་ཕྱོགས་སུ་ཡང་དེ་དང་འདྲའོ། །ཤར་ལྷོའི་མཚམས་སུ་ཡང་དེ་དང་ འདྲའོ། །ལྷོ་ནུབ་ཀྱི་མཚམས་སུ་ཡང་དེ་དང་འདྲའོ། །ནུབ་བྱང་གི་མཚམས་སུ་ཡང་དེ་དང་འདྲའོ། །བྱང་ཤར་གྱི་མཚམས་སུ་ཡང་དེ་དང་འདྲའོ། །སྟེང་དུ་ཡང་དེ་དང་འདྲའོ། །འོག་གི་ཕྱོགས་སུ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་འོད་ཟེར་དེ་དག་གིས་སྣང་བར་བྱས་པ་
64-1-236a
དེ་དག་ལས་འཇིག་རྟེན་གྱི་ཁམས་གཅིག་ནས་ཀྱང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེ་ཡང་འཁོར་བྱང་ཆུབ་ སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱིས་བསྐོར་ནས། འཁོར་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་སྙེད་ལྟ་ཅི་སྨོས། འཁོར་ འཇིག་རྟེན་གྱི་ཁམས་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་ སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་བར་དུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བརྒྱ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་གཅིག་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང ། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཕ་རོལ་ཏུ་ཕྱིན་པ་རྒྱ་ མཚོ་གྲངས་མེད་པ་བརྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་ཕབ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ས་རྒྱ་ མཚོ་གྲངས་མེད་པ་བརྗོད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས་ཕྱོགས་
64-1-236b
གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཕྱོགས་བཅུ་ཀུན་གྱི་ཕྱོགས་ཆ་རེ་རེར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལས། འཇིག་རྟེན་གྱི་ཁམས་རེ་རེའི་རྡུལ་ ཕྲ་རབ་ཀྱི་རྡུལ་རེ་རེ་ལ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་གནས་པར་གྱུར་ཏེ། འོན་ཀྱང་སེམས་ཅན་སུ་ལ་ཡང་གནོད་པའམ་སྒྲིབ་པ་མེད་དོ། །འཇིག་རྟེན་་ གྱི་ཁམས་རྣམས་དང ། གླིང་རྣམས་དང ། ལྷུན་པོ་དང ། ལྷུན་པོ་ཆེན་པོ་དང ། བཏང་བཟུང་དང ། བཏང་བཟུང་ཆེན་པོ་དང ། གངས་དང ། གངས་ཆེན་པོ་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་རྣམས་དང ། རྒྱ་མཚོ་དང ། རྒྱ་མཚོ་ཆེན་པོ་རྣམས་དང ། ལྷའི་གནས་རྣམས་དང ། ཀླུ་དང ། མཚོ་བྲན་དང ། མཚེའུ་རྣམས་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་རྣམས་ལ་ཡང་གནོད་པའམ་སྒྲིབ་པ་མེད་དེ། སྔོན་ཇི་ལྟ་བ་དེ་བཞིན་དུ་ཕྱིས་ཀྱང་བྱ་བ་ལ་འཇུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་ཀྱང་བསམ་པ་ཇི་ལྟ་བ་དང ། འདུལ་བ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པར་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་འཁོར་དང ། བྱང་ཆུབ་ སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱི་མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང ། ཡེ་ཤེས་དང ། གཟིགས་པ་དང ། ཁམས་དང ། རྒྱུ་དང ། དམིགས་པ་དང ། ངེས་པའི་ཚིག་དང ། གདགས་པ་དང ། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་དག་གིས་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་དག་ཅི་ཐམས་ཅད་འཁོར་འདིར་
64-1-237a
འདུས་སམ། འོན་ཏེ་གཞན་ཡང་གང་དག་མ་འདུས་པ་དག་ཀྱང་ཡོད་དམ་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། ཀྱེ་རྒྱལ་བའི་སྲས་དཔེར་ན་ཉན་ཐོས་ཆེན་པོ་རྒྱ་མཚོ་རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལ་རྣམ་པར་རྩེ་བ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ ཡོད་པར་གྱུར་ལ། ཉན་ཐོས་ཆེན་པོ་དེ་དག་རེ་རེས་ཀྱང་སེ་གོལ་གཏོགས་པ་རེ་རེ་ལ་སེམས་བསྐྱེད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་བསྐྱེད་དེ། ཉན་ཐོས་ཆེན་པོ་རེ་རེས་ཀྱང་སེམས་ བསྐྱེད་པ་རེ་རེས་གོམ་པ་འདོར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་སོང་ལ། གོམ་པ་རེ་རེ་བོར་བས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་ རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདའ་བར་བྱེད་དེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དུ་ཉན་ཐོས་ཆེན་པོ་གཅིག་འགྲོ་བ་དེར་གཉིས་མི་འགྲོ་བ་དེ་ལྟ་བུའི་ཚུལ་གྱིས་བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་ རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་དུ་འགྲོ་བར་བྱེད་དེ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། དེ་བཞིན་དུ་ཤར་ལྷོའི་མཚམས་དང ། དེ་བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང ། དེ་བཞིན་དུ་ནུབ་བྱང་གི་མཚམས་དང ། དེ་བཞིན་དུ་བྱང་ ཤར་གྱི་མཚམས་ཕྱོགས་སུ་སོང་ཞིང ། ཉན་ཐོས་ཆེན་པོ་གཅིག་གང་དུ་སོང་བ་དེར་གཉིས་མི་འགྲོ་ལ་དེ་ནས་མི་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་བྱས་ལ། སྲིད་པའི་རྩེ་མོར་ཐུག་པར་ར་བས་ཀུན་ནས་བསྐོར་ཏེ། ལག་མཐིལ་བཞིན་དུ་མཉམ་
64-1-237b
པར་གྱུར་ཅིང་རྡོ་དང ། གསེག་མ་དང། གྱོ་མོ་མེད་པར་བྱས་ནས། བྱེ་མས་བཀང་སྟེ། བྱུར་བུར་བྱས་ལ། དེ་ནས་མི་དེས་བྱེ་མའི་གྲོང་ཁྱེར་དེ་ནས་བྱེ་མ་འབྲུ་རེ་རེ་ནས་བླངས་ལ། གྲོང་ཁྱེར་དེའི་ནང་གི་བྱེ་མའི་འབྲུ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆར་གསེས་ཏེ། རྩི་བའི་ཐབས་འདིས་བྱེ་མའི་ འབྲུ་དེ་དག་ཐམས་ཅད་ཆར་གསེས་ལ། དེ་ནས་མི་དེ་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཐམས་ཅད་ཤར་ཕྱོགས་སུ་ཁྱེར་ཏེ། བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདས་ཤིང ། བྱེ་མའི་འབྲུ་ཆར་གསེས་པ་གཅིག་བོར་ཏེ། རྩིས་ པའི་ཐབས་འདིས་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཐམས་ཅད་བོར་ཏེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། དེ་བཞིན་དུ་ནུབ་དང ། དེ་བཞིན་དུ་བྱང་དང ། དེ་བཞིན་དུ་ཤར་ལྷོའི་མཚམས་དང ། དེ་བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང ། དེ་བཞིན་དུ་ནུབ་བྱང་གི་མཚམས་དང ། དེ་བཞིན་དུ་བྱང་ཤར་གྱི་མཚམས་སུ་བོར་ལ། དེ་ནས་མི་དེས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ཏུ་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་བོར་བ་དང ། གང་དག་ཏུ་མ་བོར་བའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་བྱས་ལ། སྲིད་པའི་རྩེ་མོར་ཐུག་པར་ར་བས་ ཀུན་ནས་བསྐོར་ཏེ། ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཅིང ། རྡོ་དང ། གསེག་མ་དང ། གྱོ་མོ་མེད་པར་བྱས་ནས་བྱེ་མས་བཀང་སྟེ་བྱུར་བུར་བྱས་ལ། ངའི་བྱང་ཆུབ་སེམས་དཔའ་འཁོར་འདིར་འདུས་པ་འདི་དག་ནི་བྱེ་མའི་གྲོང་ཁྱེར་དེ་ལས་བྱེ་མའི་འབྲུ་གཅིག་ཙམ་དུ་ཟད་དོ། །ངའི་བྱང་ ཆུབ་སེམས་དཔའ་འདིར་མ་འདུས་པ་ནི་གྲོང་ཁྱེར་དེའི་ནང་གི་བྱེ་མ་ལྷག་མ་ཇི་སྙེད་པ་ཙམ་མོ། །དེའི་ལྷག་མའི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་མིང་འཐུན་ལ་རུས་གཅིག་པ་ཤ་སྟག་ཡིན་ན། མིང་ཐ་དད་པ་དང་རུས་ཐ་དད་པ་ལྟ་ཅི་སྨོས། བྱང་ཆུབ་ སེམས་དཔའ་དེ་དག་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་དང ། སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་གྲུབ་པ་མཐའ་ཡས་པ་ལ་སྒྲུབ་པའི་གཟུངས་ཐོབ་པ་དང ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དུ་མར་སངས་རྒྱས་འབྱུང་བ་སྟོན་པ་དང ། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་
64-1-238a
མོངས་པ་ཅན་ཡོངས་སུ་སྦྱོང་བ་དང ། སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་དང་ལྡན་པ་ཤ་སྟག་གོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བྱང་ཆུབ་སེམས་དཔའ་ དེ་དག་གི་ནང་ནས་ཁ་ཅིག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེའི་ནང་དུ་བསྡུ་བ་དང ། དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་ བསྟན་པའི་ཕྱིར་སེ་གོལ་གྱི་སྒྲ་མཛད་དོ། །དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ནས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེར་འདུས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་གི་འདབ་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་གི་ཆེས་ཕ་རོལ་འཇིག་རྟེན་གྱི་ ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་ རབ་ཏུ་ལྡེག་།ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག་།རབ་ཏུ་འཁྲུག་།ཀུན་ཏུ་རབ་ཏུ་འཁྲུག་།འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་ མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། བྱང་ཤར་མཚམས་ཀྱི་ཕྱོགས་དམའ་ན་ལྷོ་ནུབ་མཚམས་ཀྱི་ཕྱོགས་མཐོ། ལྷོ་ནུབ་མཚམས་ཀྱི་ཕྱོགས་དམའ་ན་བྱང་ཤར་མཚམས་ཀྱི་ཕྱོགས་མཐོ། ཤར་ལྷོ་མཚམས་ཀྱི་ཕྱོགས་དམའ་ན་ནུབ་བྱང་མཚམས་ཀྱི་ཕྱོགས་མཐོ། ནུབ་བྱང་མཚམས་ཀྱི་ཕྱོགས་དམའ་ན་ཤར་ལྷོ་མཚམས་ཀྱི་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་སྟེ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་ཀྱང་དེ་དང་འདྲའོ། །
64-1-238b
ནུབ་ཕྱོགས་ཀྱང་དེ་དང་འདྲའོ། །བྱང་ཕྱོགས་ཀྱང་དེ་དང་འདྲའོ། །ཤར་ལྷོའི་མཚམས་དང ། ལྷོ་ནུབ་ཀྱི་མཚམས་དང ། ནུབ་བྱང་གི་མཚམས་དང ། བྱང་ཤར་གྱི་མཚམས་ཀྱང་དེ་དང་འདྲའོ། །སྟེང་དང་འོག་གི་ཕྱོགས་ཀྱང་དེ་དང་འདྲའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་གང་ དག་ནས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེར་འདུས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་གི་འདབ་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་གི་ཕ་རོལ་གྱི་ཡང་ཆེས་ཕ་རོལ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་།ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག་།རབ་ཏུ་འཁྲུག་། ཀུན་ཏུ་རབ་ཏུ་འཁྲུག་།འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རེ་རེ་ཡང་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ ལྷོ་ཕྱོགས་མཐོ། བྱང་ཤར་མཚམས་ཀྱི་ཕྱོགས་དམའ་ན་ལྷོ་ནུབ་མཚམས་ཀྱི་ཕྱོགས་མཐོ། ལྷོ་ནུབ་མཚམས་ཀྱི་ཕྱོགས་དམའ་ན་བྱང་ཤར་མཚམས་ཀྱི་ཕྱོགས་མཐོ། ཤར་ལྷོ་མཚམས་ཀྱི་ཕྱོགས་དམའ་ནནུབ་བྱང་མཚམས་ཀྱི་ཕྱོགས་མཐོ། ནུབ་བྱང་མཚམས་ཀྱི་ཕྱོགས་དམའ་ན་ཤར་ལྷོ་ མཚམས་ཀྱི་ཕྱོགས་མཐོ།མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། །ཡང་དེའི་ཚེ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་ཀུན་ནས་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་གི་འཇིག་རྟེན་གྱི་ཁམས་རེ་རེ་ན་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གནས་པར་
64-1-239a
གྱུར་ཏེ། འཛམ་བུའི་ཆུ་བོའི་གསེར་གྱི་སྟེགས་བུ་རིན་པོ་ཆེས་སྤྲས་པས་ནི་བསྐོར་རིན་པོ་ཆེའི་ཙོང་ཙོང་གིས་ནི་མཛེས་པར་བྱས། གདུགས་དང ། རྒྱལ་མཚན་དང ། བ་དན་ནི་བསྒྲེང ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་ནི་བྲེས། ཙན་དན་སྦྲུལ་གྱི་སྙིང་པོས་ནི་བྱུགས། ནོར་བུ་རིན་པོ་ ཆེ་དབང་གི་རྒྱལ་པོའི་དྲ་བས་ནི་བཀབ། རིན་པོ་ཆེ་མཐོན་ཁ་ཆེན་པོ་ནི་མིག་མངས་རིས་སུ་བྲིས་ཏེ་ནོར་བུ་རིན་པོ་ཆེའི་དྲ་བའི་ཕྱོགས་རེ་རེ་ནས་ཀྱང་མུ་ཏིག་གི་རྒྱན་ཕྲེང་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ ། །རིན་པོ་ཆེའི་རྒྱན་ ཕྲེང་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ ། །དར་གྱི་ལྡ་ལྡི་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ ། །རས་ཀྱི་ལྡ་ལྡི་ཁ་དོག་སྣ་ཚོགས་པ་ཁ་དོག་་ དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ ། །དར་གྱི་ཆུན་ཀོར་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་དཔག་ཏུ་མེད་པ་དག་འཕྱང་ངོ ། །དྲིལ་བུ་གཡེར་ཀའི་དྲ་བ་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ ། །རིན་པོ་ཆེའི་རྒྱན་ཕྲེང་དང ། མུ་ཏིག་གི་རྒྱན་ཕྲེང་དེ་དག་ལ་རླུང་གིས་ཕོག་ན་ཡང ། ལྷའི་སྒྲ་ཡིད་དུ་འོང་བ་དག་འབྱུང་སྟེ། རིན་པོ་ཆེའི་རྒྱན་ཕྲེང་དང ། མུ་ཏིག་གི་རྒྱན་ཕྲེང་རླུང་གིས་ཕོག་པ་དེ་དག་ལས་ལྷའི་སྒྲ་ཡིད་དུ་འོང་བ་འབྱུང་བ་དེ་ལྟ་བུ་ནི་སིལ་ སྙན་གྱི་ཡན་ལག་དཔེ་མེད་པ་འབུམ་ཕྲག་བྱེ་བ་བརྡུངས་པའི་སློབ་དཔོན་གྱིས་བརྡུངས་པ་ལས་ཀྱང་དེ་ལྟ་བུའི་སྒྲ་སྙན་པ་མི་འབྱུང་ངོ ། །དྲིལ་བུ་གཡེར་ཀའི་ཕྲེང་བ་རླུང་གིས་ཕོག་པ་དེ་དག་ལས་ཀྱང་ལྷ་ཡུལ་པའི་སྒྲ་ཡིད་དུ་འོང་ཞིང་ཟབ་པ། འབྱུང་བ་དེ་ལྟ་བུ་ནི་གསེར་གྱི་སྣོད་འཛམ་བུའི་གླིང་གི་ཚད་ ཙམ་བརྡུངས་པ་ལས་ཀྱང་དེ་ལྟ་བུའི་སྒྲ་ཟབ་ཅིང་ཡིད་དུ་འོང་བ་མི་འབྱུང་ངོ ། །མིག་མངས་རིས་རེ་རེ་ལས་ཀྱང་རིན་པོ་ཆེའི་ཤིང་ལྗོན་པ་རེ་རེ་ཡོད་དེ། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེའི་ཕྲེང་བས་ནི་མཛེས་པར་བྱས། གདུགས་དང ། རྒྱལ་མཚན་དང ། བ་
64-1-239b
དན་ནི་བསྒྲེང ། རིན་པོ་ཆེའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ནི་བརྒྱན། མུ་ཏིག་གི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ཀྱང་བརྒྱན་ཏོ། །རས་ཀྱི་ལྡ་ལྡིའི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། མེ་ཏོག་གི་ལྡ་ལྡིའི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། དྲིལ་བུ་ གཡེར་ཀའི་དྲ་བའི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ཀྱང་བརྒྱན་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་རེ་རེའི་དྲུང་ན་ཡང་རིན་པོ་ཆེའི་སེང་གེའི་ཁྲི་འཕང་དུ་དཔག་ཚད་ལྔ་བརྒྱ་པ་ཡོད་དེ། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེའི་ཕྲེང་བས་ནི་མཛེས་པར་བྱས། གདུགས་དང ། རྒྱལ་མཚན་དང ། བ་དན་ནི་བསྒྲེང ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་ནི་བྲེས། ཙན་དན་སྦྲུལ་གྱི་སྙིང་པོས་ནི་བྱུགས། མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མན་ཛུ་ཤ་ཀ་དང ། མན་ཛུ་ཤ་ཀ་ཆེན་པོ་དང ། མདོག་མཛེས་དང ། མདོག་མཛེས་ཆེན་པོ་ དང ། འཁོར་ལོ་དང ། འཁོར་ལོ་ཆེན་པོ་དང ། སྣ་མ་དང ། བར་ཤི་ཀ་དང ། ཏ་རུ་ནི་དང ། བལ་ལི་དང་།གོ་ཏ་ར་ནི་དང ། རབ་ཏུ་དྲི་ཞིམ་དང ། ད་ནུ་སྐ་རི་དང ། ལྷའི་སྣ་མ་དང ། ུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོ་དང ། མེ་ཏོག་ཆེན་པོ་རྣམས་ནི་བཀྲམ། ནོར་ བུ་རིན་པོ་ཆེ་གློག་གི་སྒྲོན་མའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། ནོར་བུ་རིན་པོ་ཆེ་ཉི་ཟླའི་སྒྲོན་མའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་འདུས་པའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་ པོའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང ། ནོར་བུ་རིན་པོ་ཆེ་ཟེ་བ་ཅན་གྱི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་སེང་གེའི་ཟེ་བ་ཅན་གྱི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པའི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་ཀྱི་འོད་ཀྱི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་ཀྱི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་པད་མ་རལ་གྲི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་ཆུ་འདང་གི་རྒྱན་ཕྲེང་གི་རྒྱན་དང ། ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་རྒྱན་ཕྲེང་གི་རྒྱན་དང། ནོར་བུ་རིན་པོ་ཆེ་ཨན་
64-1-240a
ད་རྙིལ་གྱི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་རྡོའི་སྙིང་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་མཛེས་བཀོད་ཀྱི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། ། མུ་ཏིག་དཀར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་མཐོན་ཀའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་སེར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་དམར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་གསེར་མདོག་གི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་ བརྒྱན་ཏོ། །མུ་ཏིག་ནམ་མཁའ་མདོག་གི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་གི་འབྲུའི་ངོས་རེ་རེ་དང ། རིན་པོ་ཆེའི་འབྲུའི་ངོས་རེ་རེ་ནས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་འོད་ཟེར་རྒྱ་མཚོའི་སྤྲིན་དཔག་ཏུ་མེད་པ་དང ། གྲངས་མེད་པ་དང ། མཚུངས་པ་མེད་པ་དང ། གཞལ་ དུ་མེད་པ་དང ། ཚད་མེད་པ་དག་བྱུང་ངོ ། །དེ་ལ་འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་ བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལ་ནི་ཕ་རོལ་ཏུ་ཕྱིན་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་ རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་གཟུངས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་མངོན་པར་ཤེས་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་སྨོན་ལམ་
64-1-240b
ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བརྩོན་འགྲུས་རྩོམ་པ་ཐ་དད་པའི་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་དབུགས་འབྱིན་པ་འཐོབ་པ་ཐ་དད་པ་ རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་དེ་བཞིན་གཤེགས་པ་ ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་སེམས་ཅན་གྱི་བསམ་པ་དང། སྤྱོད་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་ སྤྲིན་ཁ་ཅིག་ལས་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བསྐལ་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ ། །ཡང་དེའི་ཚེ་ཤར་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་ནི་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་།ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག་།རབ་ཏུ་འཁྲུག་།ཀུན་ཏུ་རབ་ཏུ་འཁྲུག་།འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །དེ་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ལས། འཇིག་རྟེན་གྱི་ཁམས་རེ་རེ་ནས་ཀྱང ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེའི་འཁོར་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་
64-1-241a
རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་གཟུངས་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང ། སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ ཁྱབ་པར་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ལྷའི་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་བྱས་ཏེ། དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས། རང་རང་གི་སྨོན་ལམ་ལས་བྱུང་བའི་སེང་གེའི་ཁྲི་ལ་འཁོད་དོ། ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། ཤར་ལྷོའི་མཚམས་དང ། ལྷོ་ནུབ་ཀྱི་མཚམས་དང ། ནུབ་བྱང་གི་མཚམས་དང ། བྱང་ཤར་གྱི་མཚམས་དང ། སྟེང་དང་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་ཀྱང་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ་རབ་ཏུ་གཡོ། ཀུན་ ཏུ་རབ་ཏུ་གཡོ། ལྡེག་རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་།ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག་།རབ་ཏུ་འཁྲུག་།ཀུན་ཏུ་རབ་ཏུ་འཁྲུག་།འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་འཁོར་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་ སོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་རྣམ་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་
64-1-241b
དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་སེང་གེའི་ཁྲི་ལ་འཁོད་དོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དང ། མཛོད་སྤུ་དང ། མཚན་དང ། དཔེ་བྱད་བཟང་པོ་རེ་རེ་དང ། བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་ མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི་།དེ་བས་ཆེས་མང་བའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དག་བྱུང་སྟེ། དེ་དག་ཐམས་ཅད་ཀྱང་ལུས་འཛམ་བུའི་ཆུ་བོའི་གསེར་གྱི་མདོག་ཅན་ གཟི་བརྗིད་ཉི་མ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་བས་ལྷག་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་རྣམ་པར་རྩེ་བ། སངས་རྒྱས་ཀྱི་སྐུ་མདོག་ཡོངས་སུ་གྲུབ་པ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཐོབ་པ། འཇིག་རྟེན་གྱི་ཁམས་སངས་རྒྱས་མི་བཞུགས་པ་དག་ཏུ་སངས་རྒྱས་འབྱུང་བ་སྟོན་པ་འཇིག་རྟེན་ གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ཡོངས་སུ་སྦྱོང་བ་པད་མའི་སྟན་ལ་འཁོད་པ་ཤ་སྟག་གོ། །པད་མ་རེ་རེ་ཡང་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་སྡོང་བུ་རྣམ་པ་སྣ་ཚོགས་པ་ནོར་བུ་རིན་པོ་ཆེའི་ཟེ་བ་ཅན་གསེར་གྱི་འདབ་མ་བཀོད་པ་ཤིན་ཏུ་རྒྱས་པའི་གཟུགས་ཅན་འཛམ་བུ་ཆུ་བོའི་གསེར་གྱི་སྙིང་པོ་དང་ལྡན་པ། འོད་ཀྱི་ དཀྱིལ་འཁོར་སྣ་ཚོགས་ཀྱིས་ཕྱོགས་ཐམས་ཅད་ཀྱི་སྤྲིན་སྣང་བར་བྱེད་པ། ཀུན་ནས་འོད་ཟེར་བཀོད་པ་སངས་རྒྱས་ཀྱི་ཡུལ་མཐའ་ཡས་པའི་གསུང་བརྗོད་པའི་འོད་ཟེར་ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེའི་ཕྲེང་བ་རབ་ཏུ་འགྱེད་པས་མཛེས་པར་བྱས་ཤིང་གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ་ཤ་སྟག་གོ། །དེ་ ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འོད་ཟེར་རྒྱ་མཚོ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་བཏང་ནས་པད་མ་དེ་དག་ལས་བབས་ཏེ། ལྷའི་གདུགས་ཀྱི་སྤྲིན་དང ། རྒྱལ་མཚན་གྱི་སྤྲིན་དང ། བ་དན་གྱི་སྤྲིན་དང ། མེ་ཏོག་གི་སྤྲིན་དང ། སྤོས་ཀྱི་སྤྲིན་དང ། རིན་པོ་ཆེའི་སྤྲིན་དང ། རོལ་མོའི་སྒྲའི་སྤྲིན་དང ། རྒྱན་གྱི་སྤྲིན་དང་
64-1-242a
སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་སྤྲིན་དང ། ལྷའི་སིལ་སྙན་དང ། ཕེག་རྡོབ་པ་དང ། གླུའི་དབྱངས་ཀྱི་སྒྲའི་སྤྲིན་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་ མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ། རང་རང་གི་པད་མའི་སྟན་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་ རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་དག་ནས་བྱུང་བ་དེ་དག་ཐམས་ཅད་ཀྱང ། བྱང་ཆུབ་སེམས་དཔའ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་ཤ་སྟག་གོ། །དེ་ནས་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་ རྣམས་སངས་རྒྱས་ཀྱི་མཐུས་བདག་ཅག་གིས་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་གཙུག་ཏོར་ནས་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་སྟོན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་ གྲངས་མེད་པ་དག་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་སོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ཐམས་ཅད་ཀྱང་བསྟན་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱས་ནས། ཡང་ཕྱིར་ལོག་ སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལན་གྲངས་མེད་པར་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལ་ཕོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལ་འོད་ཟེར་དེས་ཕོག་མ་ཐག་ཏུ་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་ འདས་ཀྱི་མཛོད་སྤུ་དང ། གཙུག་ཏོར་དང ། མཚན་དང ། དཔེ་བྱད་བཟང་པོ་རེ་རེ་དང ། སྤུའི་ཁུང་བུ་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི་།དེ་བས་ཆེས་མང་བའི་འཇིག་
64-1-242b
རྟེན་གྱི་ཁམས་རྒྱ་མཚོ་དག་ན་མེས་འཇིག་པ་དང ། ཆུས་འཇིག་པ་དང ། རླུང་གིས་འཇིག་པ་དག་མཐོང་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྲིད་པའི་རྩེ་མོར་ཐུག་པར་ར་བས་བསྐོར་ཏེ། རྡོ་ དང ། གསེག་མ་དང ། གྱོ་མོ་མེད་ཅིང ། ལག་མཐིལ་ལྟར་མཉམ་པར་གྱུར་ནས་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གང་བ་ལ་འཇིག་རྟེན་གྱི་ཁམས་གང་དག་ཏུ་མེའི་འཇིག་པ་དང ། ཆུའི་འཇིག་པ་དང ། རླུང་གི་འཇིག་པར་མཐོང་བ་དེ་དག་ནི་ར་བ་དེའི་ནང་གི་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལྟ་བུར་བལྟ་བར་བྱའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ དག་ལས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གནས་པ་ནི་རྡུལ་ཕྲ་རབ་ཀྱི་རྡུལ་ལྷག་མ་ཇི་སྙེད་ཡོད་པ་ཙམ་དུ་བལྟ་བར་བྱའོ། །དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྐར་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཉི་ཟླའི་སྒྲོན་མ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་འདུས་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཟེ་བ་ ཅན་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེང་གེའི་ཟེ་བ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེང་གེའི་རྡོ་རྗེའི་རྩེ་མོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པ་ལས་གྲུབ་པ་ཡིན་ནོ། །འཇིག་ རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་ཀྱི་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་པད་མ་རཱ་ག་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་ རིན་པོ་ཆེ་ཆུ་འདང་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་ལས་གྲུབ་པ་ཡིན་ནོ། །
64-1-243a
འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྡོའི་སྙིང་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མཛེས་བཀོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་དཀར་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་གསེར་མདོག་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་ནམ་མཁའ་མདོག་ལས་ གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ ནི་ནོར་བུ་རིན་པོ་ཆེ་གཟུངས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སོ་སོ་ཡང་ དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྨོན་ལམ་རྒྱ་ མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དབུགས་འབྱིན་ཐོབ་པ་རྒྱ་མཚོ་
64-1-243b
གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དེ་བཞིན་གཤེགས་པ་ལ་ འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེམས་ཅན་གྱི་བསམ་པ་དང ། སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་ པོ་ཆེ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་རེ་རེ་ལ་ཞིང་བསམ་གྱིས་མི་ཁྱབ་པ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དུ་སྣ་ཚོགས་སུ་གནས་པ་དག་སྣང་ངོ ། །ཞིང་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་དག་སྣང་བར་གྱུར་ཏེ། ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཁ་དོག་ཏུ་གནས་པ་དག་སྣང་ངོ ། །སངས་ རྒྱས་བཅོམ་ལྡན་འདས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་སློབ་ཏུ་བཅུག་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་སྣང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་ འདས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཀྱང་སྣང་ངོ ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཕྱི་མའི་མཐར་ཐུག་པའི་བར་དུ་བསྟན་ཀྱང་སངས་རྒྱས་གཅིག་ནས་གཅིག་ ཏུ་བརྒྱུད་པ་དེ་དག་གི་མཐའ་བསྟན་པར་མི་ནུས་སོ། །སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་ཡང་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དཔག་ཏུ་མེད་གྲངས་མེད་པ་དག་སྣང་ངོ ། །བྱང་ཆུབ་སེམས་དཔའ་དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་རྣམ་པ་སྣ་ཚོགས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཐོས་སོ། །
64-1-244a
བྱང་ཆུབ་སེམས་དཔའ་དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྣང་ངོ ། །དེ་དག་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དག་ཀྱང་སྣང་ངོ ། །བྱང་ཆུབ་སེམས་དཔའ་དེ་དག་གི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་རྣམ་པ་སྣ་ཚོགས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཐོས་སོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་དག་ཀྱང་སྣང་ངོ ། །སངས་རྒྱས་བཅོམ་ལྡན་འདས་རེ་རེའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་གྲངས་མེད་པ་དག་ཀྱང་སྣང་ངོ ། །དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་ཀྱང་སྣང་ ཞིང་ཐོས་སོ། །དེ་བཞིན་དུ་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་དུ་བསྟན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་དང་ཡེ་ཤེས་ཆགས་པ་མེད་ པ་བརྙེས་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད་ཅིང་འཆང་བ་དང ། ཀློག་པ་དང ། འདོན་པ་དང ། འདོན་དུ་འཇུག་པ་དང ། མར་མེ་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་ པ་དང ། ཕྱེ་མ་དང ། ཆོས་གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པས་མཆོད་པ་དེ་དག་གི་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། འཇམ་ དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི། དེ་བས་ཆེས་མང་བའི་བྱང་ཆུབ་སེམས་དཔའ་རྒྱ་ མཚོ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་བསྐལ་པ་དཔག་ཏུ་མེད་གྲངས་མེད་པའི་བར་དུ་བསྐྱེད་པ་ཡང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཆང་གཅིག་ཙམ་ཡོངས་སུ་བཏང་བས་བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་
64-1-244b
ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་དེ་ཟིལ་གྱིས་གནོན་པར་འགྱུར་རོ། །འཇམ་དཔལ་དཔེར་ན་ཟླ་བ་ཡར་གྱི་ངོ་ཚེས་བཅཝ་ལྔའི་ནམ་ཕྱེད་ཀྱི་དུས་ན་ཟླ་བའི་དཀྱིལ་འཁོར་གྱིས་འདི་ལྟར་མཐོ་བ་དང ། མཚུངས་པ་མེད་པ་དང ། ཆེ་བས་སྐར་མའི་འཁོར་ཐམས་ཅད་ཟིལ་གྱིས་གནོན་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེར་འདུག་ གོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་འདི་ལྟར་དགེ་བའི་རྩ་བ་མཐོ་བ་དང ། མཚུངས་པ་མེད་པ་དང ། ཆེ་བས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་རྣམས་ཟིལ་གྱིས་གནོན་ ཏེ། ལྷམ་མེ། ལྷན་ནེ། ལྷང་ངེར་འདུག་གོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་དབྱུག་པས་བསྣུན་ཏམ། མཚོན་གྱིས་བཏབ་སྟེ། བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་ བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང ། ཐ་བ་དང་།ཁྲོ་བའི་སེམས་བསྐྱེད་དེ་བརྙས་པའི་སེམས་ཀྱང་བསྐྱེད་ན་འདི་ནི་དེ་བས་ཆེས་སྡིག་པ་མང་པོ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང ། ཐ་བ་དང ། ཁྲོ་བའི་སེམས་བསྐྱེད་པ་དང ། བརྙས་པའི་སེམས་བསྐྱེད་པས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པར་འགྱུར་ཏེ། ཆོས་མ་ཡིན་པ་ཡོངས་སུ་བཟུང་བར་འགྱུར་རོ། །ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ནི་སངས་རྒྱས་ཀྱི་གདུང་གཅོད་པར་བྱེད་པ་ཡིན་ནོ། །སངས་རྒྱས་རྣམས་མ་བྱུང་ན་ རྒྱལ་ཆེན་བཞིའི་ལྷའི་རིས་རྣམས་འབྱུང་བར་མི་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་བ་རྣམས་དང ། དགའ་ལྡན་པ་རྣམས་དང ། འཕྲུལ་དགའ་བ་རྣམས་དང ། གཞན་འཕྲུལ་དབང་བྱེད་པ་རྣམས་དང ། བདུད་ཀྱི་རིས་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །ཟླ་བ་དང་ཉི་མ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །འཁོར་ལོས་སྒྱུར་བ་དང ། སྟོབས་ཀྱིས་འཁོར་ལོས་སྒྱུར་བ་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །མིའི་འཇིག་རྟེན་ཡང་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་རྫོགས་པའི་
64-1-245a
སངས་རྒྱས་དང་ཕྲད་པ་ལས་འབྱུང་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པར་འདོད་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་ན་སངས་རྒྱས་ ཐམས་ཅད་ལ་མཆོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱས་ན་སངས་རྒྱས་ཐམས་ཅད་ལ་བཀུར་སྟི་བྱས་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ལ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་ན་བཟའ་ཕུལ་ཏེ། སྦྱིན་པ་དེ་ལྟ་བུ་བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཀྱི་བར་དུ་ཕུལ་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་བྱང་ཆུབ་སེམས་དཔའ་ལ་དམིགས་པ་གང་ཡང་རུང་བ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདུག་པ་ལས་དམིགས་པ་འམ། མར་ མེ་ལས་དམིགས་པ་འམ། མེ་ཏོག་ལས་དམིགས་པ་འམ། སྤོས་ལས་དམིགས་པ་འམ། གཞན་གང་ཡང་རུང་བ་ཞིག་ལས་དམིགས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ན་འདི་ནི་དེ་བས་ཆེས་གྲངས་མེད་པའི་བསོད་ནམས་འཕེལ་བར་འགྱུར་ན་གཞན་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་ ཆེས་གྲངས་མེད་པ་སྐྱེད་པར་འགྱུར་རོ། །སྔ་མ་དེས་ནི་བསོད་ནམས་མངོན་པར་འདུ་བྱེད་པ་འདིའི་བརྒྱའི་ཆར་ཡང་མི་ཕོད་སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་བྱེ་བའི་ཆར་ཡང་མི་ཕོད། བྱེ་བ་བརྒྱའི་ཆར་ཡང་མི་ཕོད། བྱེ་བ་སྟོང་གི་ཆར་ཡང་མི་ཕོད། བྱེ་བ་འབུམ་གྱི་ཆར་ཡང་མི་ཕོད་དེ། དཔེ་དང་རྒྱུར་ཡང་མི་བཟོད་ དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་ནི་སྟོང་པ་ཉིད་ལ་མོས་པར་གྱུར་ན་འདི་ནི་དེ་བས་ཆེས་གྲངས་མེད་པར་བསོད་ནམས་འཕེལ་བར་འགྱུར་ན་གཞན་མོས་པ་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་པར་འགྱུར་རོ། །བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེ་ནི་བསོད་ནམས་མངོན་པར་འདུ་བྱེད་པ་འདིའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད། བྱེ་བའི་ཆར་ཡང་མི་ཕོད། བྱེ་བ་བརྒྱའི་ཆར་ཡང་མི་ཕོད། བྱེ་བ་
64-1-245b
སྟོང་གི་ཆར་ཡང་མི་ཕོད། བྱེ་བ་འབུམ་གྱི་ཆར་ཡང་མི་ཕོད་དེ། དཔེ་དང་རྒྱུར་ཡང་མི་བཟོད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་བྱང་ཆུབ་སེམས་དཔའི་ཟན་བཅད་དམ། ཁྲོས་ཏེ་ཐ་ན་བྱང་ཆུབ་སེམས་དཔའ་གླང་པོ་ཆེར་སྐྱེས་པ་དེའི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པ་གཅིག་ བཅད་ལ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དང ། དོན་གྱི་རྗེས་སུ་འབྲང་བ་དང ། བརྒྱད་པ་དང ། རྒྱུན་དུ་ཞུགས་པ་དང ། ལན་ཅིག་ཕྱིར་འོང་བ་དང ། ཕྱིར་མི་འོང་བ་དང ། དགྲ་བཅོམ་པ་དང ། རང་སངས་རྒྱས་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱི་རྡུལ་སྙེད་ཀྱི་ཟན་བཅད་དེ། ཁྲོས་ནས་ལྷུང་བཟེད་དང ། ཆོས་གོས་མེད་པར་བྱས་ལ། སེམས་ཅན་ཐམས་ཅད་ལོང་བར་བྱས་ན་མི་དགེ་བའི་ལས་འདི་ནི་སྔ་མའི་མི་དགེ་བ་དེའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་ རྣམས་དང ། ཕྱོགས་ཐ་དད་པ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་གྲངས་མེད། ཚད་མེད་པ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མདོའི་རྒྱལ་པོ་ཆེན་པོ་སྤྲིན་ཆེན་པོའི་ལེའུ་རེ་རེ་ལ། ཆོས་སྣང་བའི་སྒོ་སྟོང་ཕྲག་གང་གཱའི་ཀླུང་གྲངས་མེད་པའི་བྱེ་་ མ་སྙེད་ཡང་དག་པར་འདུ་བྱ་བ་སྣང་བའི་དཀྱིལ་འཁོར་གྱི་དཔལ་གྱི་གློག་གིས་གསལ་བར་བྱས་པའི་ལེའུ་ཆེན་པོའི་ཚོགས་མཐའ་ཡས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་དགའ་ལྡན་ན་གནས་པ་ལ་སོགས་པ་འཇིག་རྟེན་གྲངས་མེད་པ་དང་འཐུན་པར་འཇུག་པའི་སྟོབས་ལ་སྦྱོར་བའི་མཐུ་ལས་བྱུང་བས་དབང་བྱེད་ཅིང ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྩེ་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།