rKTs


D281

(e-text produced by ADARSHA)

see text in transliteration
68-1-55b
༄#། །རྒྱ་གར་སྐད་དུ། སང་གྷ་ཨ་ནུ་སྨྲྀ་ཏི། བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པ།སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ནི་ ལེགས་པར་ཞུགས་པ། རིགས་པར་ཞུགས་པ། འཐུན་པར་ཞུགས་པ། དྲང་པོར་ཞུགས་པ། ཕྱག་འཚལ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཡོན་ཏན་ཡོངས་སུ་བྱང་བ་ཆེན་པོ། ཡོན་ཡོངས་སུ་སྦྱོང་བ། སྦྱིན་པའི་འོས་སུ་གྱུར་པ། ཀུན་གྱི་སྦྱིན་ པའི་འོས་སུ་གྱུར་པའོ། །དགེ་འདུན་རྗེས་སུ་དྲན་པར་རྫོགས་སོ།། ་་་་་་་