rKTs


D480

(e-text produced by ADARSHA)

see text in transliteration
84-1-142b
༄##། །རྒྱ་གར་སྐད་དུ། བཛྲ་ཤི་ཁར་མ་ཧཱ་གུ་ཏྱ་ཡོ་ག་ཏནྟྲ། བོད་སྐད་དུ། གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ།ོཾ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཆང ། །ཀུན་མཆོག་སྲིད་པའི་དབང་ཕྱུག་གིས། །འཁོར་ལོ་དེ་ནི་བརྟགས་བྱས་ནས། །རྣལ་འབྱོར་ཅན་ནི་མི་གསུང་བཞུགས། །མགོན་པོ་ཆེན་པོ་སངས་རྒྱས་ཀུན། །མ་ལུས་ཐུབ་པའི་སྐྱེས་མཆོག་གིས། །རྡོ་རྗེ་སེམས་དཔའ་རྒྱལ་ པོ་ཆེ། །ཐུབ་པའི་དབང་ཕྱུག་ལ་གསོལ་འདེབས། །རྣལ་འབྱོར་ཚུལ་ཆེན་སྒྲུབ་བྱེད་ཅིང ། །ཆོ་ག་སྣ་ཚོགས་ཡང་དག་འབྱུང ། །རིགས་ཀྱི་དཀྱིལ་འཁོར་སྦྱོར་འབྱུང་བའི། །འཁོར་ལོ་མཆོག་ནི་བཤད་དུ་གསོལ། །མགོན་པོ་ཁྱོད་ནི་སྐལ་ཆེན་ཏེ། །ཁྱོད་ནི་བྱ་བ་དོན་སེམས་བྱེད། ། གསང་བ་མཁྱེན་ཅིང་དགོངས་བཤད་མཁྱེན། །རྣལ་འབྱོར་རིག་པའི་མཆོག་གྱུར་གསུངས། །དེ་ཉིད་རྗེས་ཀྱི་དེ་ཉིད་ལྡན། །རྣལ་འབྱོར་བདག་ཉིད་རྣལ་འབྱོར་ཆེ། །རྡོ་རྗེ་ཆེན་པོ་བྱང་ཆུབ་སེམས། །གསུངས་ཤིག་གསུངས་ཤིག་ཚུལ་ཆེན་པོ། །རིགས་ཀྱི་དཀྱིལ་འཁོར་འཁོར་ ལོ་སྟེ། །རྡོ་རྗེ་རྣལ་འབྱོར་སྣ་ཚོགས་བདག་།གསང་བའི་སྙིང་པོ་དཀྱིལ་འཁོར་ཆེ། །ཆོས་ཀྱི་ཚུལ་ནི་སྒྲུབ་བྱེད་པ། །རྟོག་པ་མེད་པའི་ཆོས་རྣམས་ཀྱི། །ཆོས་ཀྱི་དོན་འདི་ཅི་ཡིན་བརྗོད། །འདིར་ནི་རྟོག་པ་ཇི་ལྟ་བུ། །སྒྲུབ་པའི་དོན་ནི་ཇི་ལྟར་ལགས། །ཅི་ཕྱིར་འདི་ནི་རྒྱུད་ ཕྱི་མ། །རྒྱུད་དོན་ཅི་ཡིན་བརྗོད་པར་བགྱི། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །རྒྱུད་ཀྱི་དོན་ནི་ཇི་ལྟར་བྱུང ། །རྡོ་རྗེ་འཆང་དྲག་འདི་ཅི་ཞིག་།དྲག་པོའི་དོན་ནི་ཇི་ལྟར་བྱུང ། །རྡོ་རྗེ་ཞི་བ་འདི་ཅི་ཞིག་།ཅི་ཡི་ཕྱིར་ན་ཞི་བར་བརྗོད། །ཕྱག་ན་རྡོ་རྗེ་ཅི་ཡི་ཕྱིར། །རྡོ་རྗེ་གཏུམ་པོའང་ཅི་ཞིག་ལགས། ། ཅི་ཡི་ཕྱིར་ན་གཏུམ་པོར་བརྗོད། །ཅི་ཡི་ཕྱིར་ན་ཁྲོ་བོར་བརྗོད། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བགྱིད། །རྡོ་རྗེ་འཆང་ཞེས་གསུངས་འདི་ཅི། །དེ་ཡི་རྡོ་རྗེ་ཇི་ལྟ་བུ། །རྡོ་རྗེ་འཆང་བ་རྣམས་ནི་དུ། །རྡོ་རྗེ་རིགས་ཀུན་གང་གི་ལགས། །ཆེན་པོ་གནས་གང་ཞིག་ན་
84-1-143a
གནས། །རིགས་ནི་རྣམ་པ་དུ་ཡིན་བརྗོད། །ཅི་ཡི་ཕྱིར་ན་རིགས་སུ་བརྗོད། །རིགས་བདག་རང་བཞིན་འདི་ཅི་ཞིག་།ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །རྫོགས་པའི་བྱང་ཆུབ་རྣམ་པ་དུ། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །རྡོ་རྗེ་རྒྱལ་པོ་ཅི་ཡིན་བརྗོད། ། རྡོ་རྗེ་ཆགས་པ་འདི་དོན་ཅི། །རྡོ་རྗེ་ལེགས་པ་ཅི་ཡིན་བརྗོད། །རྡོ་རྗེ་རིན་ཆེན་ཅི་ཡི་ཕྱིར། །རྡོ་རྗེ་གཟི་བརྗིད་ཅི་ཡིན་བརྗོད། །རྡོ་རྗེ་རྒྱལ་མཚན་བཞད་པ་ཆེ། །གསུངས་ཤིག་ཅི་ཡིན་བརྗོད་པ་གསུངས། །ཅི་ཡི་ཕྱིར་ན་རྡོ་རྗེ་ཆོས། །རྡོ་རྗེ་རྣོན་པོ་ཅི་ཡིན་བརྗོད། །རྡོ་རྗེ་རྒྱུ་ནི་འཁོར་ལོ་ ཆེ། །རྡོ་རྗེ་སྨྲ་བ་ཅི་ཡིན་བརྗོད། །རྡོ་རྗེ་ལས་དང་གནོད་སྦྱིན་ཆེ། །རྡོ་རྗེ་གནོད་སྦྱིན་དྲག་པོ་ཆེ། །རྡོ་རྗེ་སྲུང་བ་ཁུ་ཚུར་ཆེ། །གསུངས་ཤིག་ཅི་ཡིན་བརྗོད་པར་གསུངས། །སེམས་དཔའ་འདི་རྣམས་གང་ལས་བྱུང ། །དེ་བཞིན་ཕ་དང་མ་ནི་གང ། །དང་པོ་གང་ཞིག་གླེང་གཞི་གང ། ། དམིགས་པའི་རྐྱེན་ནི་གང་ཞིག་ལགས། །གསང་བ་འདི་ནི་གང་ལས་བྱུང ། །ཁྱབ་བདག་འདི་རྣམས་གང་ནས་བྱུང ། །ཐོག་མ་ཐ་མ་མེད་འདི་ཅི། །གསང་བའི་དབང་ཕྱུག་ཆེན་པོས་གསུངས། །རབ་ཏུ་དགའ་ཉིད་རབ་བཟང་ཉིད། །རྡོ་རྗེ་སྙིང་བདག་ཇི་ལྟ་བུ། །ཅི་ཡི་ཕྱིར་ན་ ཀུན་ཏུ་བཟང། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཆང ། །དང་པོའི་རིགས་ནི་ཇི་ལྟར་བྱུང ། །ཆོས་ཀུན་སྐྱེ་བ་མེད་པ་དང ། །འབྱུང་བ་ཇི་ལྟར་རུང་བར་འགྱུར། །བྱང་ཆུབ་སེམས་དཔའ་ཅི་ཡིན་བརྗོད། །ཅི་ཕྱིར་སངས་རྒྱས་བརྗོད་པར་བྱ། །དེ་བཞིན་གཤེགས་པ་ཅི་ཡིན་བརྗོད། །བཅོམ་ ལྡན་འདས་བཅོམ་ཅི་ཡིན་བརྗོད། །དེ་བཞིན་སྟོན་པའི་སྟོན་པ་ཅི། །ཅི་ཡི་ཕྱིར་ན་ཡེ་ཤེས་བརྗོད། །ཤེས་རབ་ཡེ་ཤེས་ཅི་ཡིན་བརྗོད། །ཅི་ཕྱིར་ཤེས་རབ་བརྗོད་པར་བྱ། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཚུལ་ནི་ཅི་ཞིག་ཏིང་འཛིན་གང ། །བསམ་གཏན་རྣལ་འབྱོར་རྣལ་འབྱོར་ ཅི། །སྲིད་གསུམ་འཇིག་རྟེན་གསུམ་དོན་ཅི། །ཅི་ཡི་ཕྱིར་ཡང་ཁམས་གསུམ་པ། །འཁོར་བའི་དོན་ནི་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཡིན་བརྗོད། །རྟག་དང་འཇིག་དང་དེ་བཞིན་དག་།ཐེག་པ་ཆེན་པོ་ཅི་ཡིན་བརྗོད། །ནམ་མཁའ་ཡང་ནི་ཅི་ཡི་ཕྱིར། །ས་ཉིད་
84-1-143b
ཀྱང་ནི་ཅི་ཡིན་བརྗོད། །འབྱུང་བ་ཆེན་པོ་གང་ལས་འབྱུང ། །འགོག་པ་ཅི་ཞིག་གང་གིས་བྱེད། །ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་རིག་སྔགས་བརྗོད། །དེ་བཞིན་ཁོ་ནར་གཟུངས་སྔགས་རྣམས། །ཕྱག་རྒྱ་ཡི་ནི་མཚན་ཉིད་གསུངས། སྔགས་ཀྱི་མཚན་ཉིད་བརྗོད་པར་བྱ། །རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །དེ་བཞིན་ཁོ་ནར་གཟུངས་སྔགས་རྣམས། །རྩ་བའི་ཕྱག་རྒྱའི་གནས་ནི་གང ། །ཇི་ལྟར་བཅིང་བ་ཐུབ་ཆེན་པོ། །ཕྱག་རྒྱ་དག་ནི་འཆིང་བ་ན། །ཇི་ལྟར་རྡོ་རྗེ་ཅན་ཀུན་མཉེས། །རིག་སྔགས་ཇི་ ལྟར་བཟླས་པར་བགྱི། །ཐུབ་པ་ཆེན་པོ་དེ་གསུངས་ཤིག་།རིག་སྔགས་དག་ནི་ཟློས་པ་ན། །ཇི་ལྟར་ཡིད་ཀྱིས་རྡོ་རྗེ་བཟླས། །དྲི་བའི་ཚོགས་མདོར་བསྟན་པའོ།། །།ོཾ་ནི་ཅི་ཞིག་ཡིན་པར་བཤད། །ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །ཅི་ཡི་ཕྱིར་ན་ཡི་གེ་ཕཊ། །སཝཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། ། མཆོད་པར་ཅི་ཕྱིར་བརྗོད་པར་བྱ། །དེ་བཞིན་དམ་ཚིག་ཤེས་ཉིད་ཀྱང ། །ཅི་ཡི་ཕྱིར་ན་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །དཀྱིལ་འཁོར་དང་པོར་ཞུགས་པ་ཡི། །སྐྱེས་པ་ཡང་ན་བུད་མེད་ཀྱི། །བྱ་བ་གང་ཞིག་བྱ་བ་ནི། །གསུངས་ཤིག་གསང་བའི་དབང་ཕྱུག་ཆེ། ། ཐུབ་པའི་དཀྱིལ་འཁོར་ཞུགས་པ་ལ། །སྡོམ་པ་ཇི་ལྟར་སྦྱིན་པར་བགྱི། །དེ་ཡིས་སྲོག་གི་ཕྱིར་ཡང་ནི། །དོར་བར་མི་བྱ་གང་ཞིག་ལགས། །ཁྲུས་ཀྱི་ལས་ནི་ཇི་ལྟར་བྱ། །དེ་བཞིན་ཁོ་ནར་ཕྱོགས་བཅིང་བ། །བགེགས་རྣམས་བཅིང་བ་དང་བཅས་པའི། །ལོག་འདྲེན་ཇི་ལྟར་བསྐྲད་ པར་བགྱི། །དགའ་བ་ཆེན་པོ་ཇི་ལྟ་བུར། །རབ་ཏུ་གུས་བཅས་ཕྱག་དག་བགྱི། །སྤོས་དང་མེ་ཏོག་དེ་བཞིན་དུ། །མར་མེ་མཆོད་སོགས་ཇི་ལྟར་ལགས། །དཀྱིལ་འཁོར་བརྟག་པ་ཇི་ལྟ་བུར། །གཞུག་པ་ཡང་ནི་ཇི་ལྟར་ལགས། །དམ་ཚིག་ཅི་ཞིག་ཡིན་པར་བཤད། །རྡོ་རྗེ་ སློབ་མའི་ཆོ་ག་གང ། །སྔོན་དུ་བསྙེན་པ་ཇི་ལྟར་བགྱི། །སྒྲུབ་པའི་དོན་ནི་ཇི་ལྟར་ལགས། །གསང་བའི་རྣལ་འབྱོར་ཇི་ལྟ་བུ། །སྙོམས་འཇུག་ཇི་ལྟ་བུ་ཞིག་ལགས། །མདུན་དུ་དགུག་པའི་དོན་ནི་ཇི་ལྟར་ལགས། །འདིར་ནི་རྗེས་སུ་ཆགས་པའང་ཇི་ལྟ་བུ། །བཅིང་བར་བྱ་བའི་ལས་
84-1-144a
ནི་ཇི་ལྟ་བུ། །འདྲེན་པ་རྣམས་ནི་མཉེས་པར་ཇི་ལྟར་འགྱུར། །ཇི་ལྟར་འདིར་ནི་གཤེགས་སུ་གསོལ་བ་ལགས། །དཀྱིལ་འཁོར་མཆོག་ནི་ཇི་ལྟར་གདེག་པར་བགྱི། །འགྲོ་བའི་བྱ་བ་ཡང་ནི་ཇི་ལྟར་བགྱི། །ལས་ཀྱི་ཆོ་གའི་བྱ་བ་ཇི་ལྟར་བགྱི། །དགེ་བ་སྟུག་པོ་གསང་ ཆེན་ཇི་ལྟ་བུ། །ལས་རྣམས་ཐ་དད་བྱ་བ་ཇི་ལྟ་བུ། །ཕྱག་རྒྱ་ཕྱག་རྒྱའི་ལན་ནི་ཇི་ལྟར་བགྱི། །མཆོད་དང་མཆོད་པའི་ལན་ནི་ཇི་ལྟར་བླང ། །དཀྱིལ་འཁོར་གྱི་ནི་འཁོར་ལོ་ཇི་ལྟར་འབྱུང ། །འཁོར་ལོའི་རྣམ་པའི་བྱེ་བྲག་དུ་ཞིག་མཆིས། །དངོས་དང་དངོས་མེད་ཇི་ལྟར་སྤང་བ་ ལགས། །བླ་མ་གསང་བྱུང་འོད་ཟེར་གསང་བ་ཅི། །སྦྱིན་སྲེག་རྣམ་པ་དུ་རུ་བརྗོད། །ཐབ་ཁུང་ཇི་ལྟ་བུ་ཞིག་ལགས། །སྦྱིན་སྲེག་མདོར་བསྡུས་ཇི་ལྟ་བུ། །ལས་རྣམས་ཇི་ལྟར་འབྱུང་བ་ལ། །ལས་རྣམས་རྣམ་པ་དུ་རུ་བརྗོད། །གསང་བ་རྣམས་ནི་རྣམ་པ་དུ། །མཆོག་ཏུ་ གསང་བ་ཇི་ལྟར་བརྗོད། །དེ་ཉིད་ཇི་ལྟ་བུ་ཞིག་ལག་ལགས། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་ཅི། །མཆོད་པའི་ཕྱག་རྒྱ་ཇི་ལྟར་ལགས། །རིགས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས། །ཇི་ལྟར་བསྒྲུབ་བྱ་ཤིན་ཏུ་བསྒྲུབ། །རྡོ་རྗེ་ཕྲ་མོ་ཇི་ལྟར་བརྗོད། །བགེགས་ནི་ཇི་ལྟར་བསལ་བར་བགྱི། །མདོར་ ན་རིག་པ་འཛིན་པ་དང ། །སློབ་དཔོན་ཇི་ལྟ་བུ་ཞིག་ལགས། །དཀྱིལ་འཁོར་འཁོར་ལོ་དང་ལྡན་པའི། །འཁོར་ལོ་རྣམ་པ་དུ་རུ་བརྗོད། །དངོས་གྲུབ་མཚན་ཉིད་སྒྲུབ་བྱེད་པའི། །སྣ་ཚོགས་རྟོག་པ་ཇི་ལྟ་བུ། །ཐིག་རྣམས་རྟག་པ་ཉིད་དང་ནི། །དངོས་གྲུབ་ཇི་ལྟར་ཉེ་བར་བརྗོད། ། དངོས་གྲུབ་ཚོགས་ནི་ཇི་ལྟ་བུ། །གསང་བ་ཀུན་ནས་བཏུས་པ་གསུངས། །བདག་ཉིད་ལ་ནི་དབང་བསྐུར་བར། །བྱ་བའི་ཆོ་ག་ཇི་ལྟ་བུ། །ཡང་ན་གཞན་དག་ཉིད་ལ་ནི། །དབང་བསྐུར་བ་ནི་ཇི་ལྟར་ལགས། །ཇི་ལྟར་སེམས་ནི་བསྐྱེད་པར་བགྱི། །ཏིང་འཛིན་ཇི་ལྟ་བུ་ཞིག་ལགས། ། དེ་ཉིད་རིག་པ་འདི་རྟག་ཏུ། །རྡོ་རྗེ་ཡེ་ཤེས་ཇི་ལྟ་བུ། །གཞན་ཡང་དགོངས་པ་ཇི་ལྟ་བུ། །སྤྱོད་པ་ཇི་ལྟ་བུ་ཞིག་ལགས། །གང་ཡང་རུང་བའི་རྟགས་ལས་བྱུང ། །མིང་དང་མིང་མེད་ཤེས་པའི་མཚན། །ལས་འབྲས་མེད་པར་བྱེད་པོ་དང ། །འབྱིན་པར་བྱེད་པར་གང་ལས་
84-1-144b
བཤད། །ལུས་ནི་ནམ་མཁའ་བཞིན་འབྱུང་བ། །གང་ལས་འབྱུང་བར་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་ཐར་པར་བརྗོད། །རྣལ་འབྱོར་པ་དོན་ཅི་ཡིན་བརྗོད། །རྡོ་རྗེ་དབྱིངས་ནི་སྐྱེད་བྱེད་པའི། །རྡོ་རྗེ་ཕྲ་མོའི་རྣལ་འབྱོར་གང ། །གཞན་ཡང་རང་གི་རིགས་དག་ལས། །རྣལ་འབྱོར་ བརྟུལ་ཞུགས་ཇི་ལྟར་རྩོམ། །མདོར་ན་དབང་དུ་བྱ་བ་དང ། །དེ་ཉིད་གསང་བ་གང་ཞིག་ལགས། །ཐེག་པ་ཆེན་པོ་མངོན་བསྡུས་པའི། །གསང་བ་རྟོག་ཆེན་ལས་གསུངས་པ། །དགོངས་པ་རྣམ་པ་དུ་མ་ཡིས། །གསང་བ་གསུངས་ཤིག་བློ་གྲོས་ཆེ། །རྣལ་འབྱོར་རྣམ་པ་དུ་རུ་བརྗོད། ། རྡོ་རྗེ་རྣལ་འབྱོར་ལས་བྱུང་དུ། །ཇི་ལྟར་རྩ་བའི་རྒྱུད་དུ་བརྗོད། །གསང་བའི་རིགས་བྱུང་ཇི་ལྟ་བུ། །དེ་ནི་རང་བྱུང་ཉིད་ཡིན་ཏེ། །ཁམས་གསུམ་འཇིག་རྟེན་ས་འོག་དང ། །ས་སྟེང་ས་བླ་མྱ་ངན་འདས། །ཇི་སྐད་བཤད་པའི་གསང་བ་གཞན། །རྡོ་རྗེ་ཅན་ཉིད་ཁྱབ་འཇུག་རང་ཉིད་ཡིན། ། ཉི་མ་ཟླ་བ་གཤིན་རྗེ་དྲག་པོ་ཉིད། །རང་ཉིད་སྐྱེ་དགུའི་བདག་སྟེ་ཕ་མ་ཡིན། །འགལ་བའི་ཚིག་ནི་ཇི་ལྟར་རུང་བར་འགྱུར། །དྲི་བའི་ཚོགས་གཉིས་པ་མདོར་བསྟན་པའོ།། །།ཚངས་པ་འཇིག་རྟེན་གསུམ་ལུས་དབང་ཕྱུག་ཆེ། །གདུང་དྲུག་ཚོགས་བཙས་ལྷའི་རིགས་དཀྱིལ་འཁོར་རྣམས། ། གཞན་ཡང་གཟའ་དང་ཚོགས་སོགས་གང་ཡིན་པ། །ད་བདག་ཉིད་ཅེས་ཇི་ལྟར་རུང་བར་འགྱུར། །ང་ནི་འདོད་པ་ཐར་བ་དང ། །ང་ནི་དམྱལ་བའི་དམྱལ་བ་པ། །ང་ནི་ཡི་དགས་དུད་འགྲོ་བདག་།ཚིག་དེ་ཇི་ལྟར་རུང་བར་འགྱུར། །དེ་ནས་གཞན་ཡང་འདོད་ལ་ཆགས་སེམས་ལྡན། ། ལྟ་བཅས་ཚིག་ལྡན་འཛིན་པའི་ལྟ་ལ་ཆགས། མུ་སྟེགས་ཐེག་དམན་མངོན་དགའ་སྐྱེ་དགུའི་རིགས། །ཇི་ལྟར་འདོད་བཞིན་དོན་རྣམས་རྟོགས་བྱེད་ཅིང ། །ཇི་སྐད་བཤད་པའི་སྣ་ཚོགས་རིགས་དཀྱིལ་འཁོར། །དག་པའི་ཆོས་ཀྱི་འབྱུང་གནས་དགོངས་མི་ཤེས། །རང་གི་འདོད་པས་ མུ་ངན་རྟོག་བྱེད་པ། །དེ་ལ་སྐྱེ་དགུའི་བདག་ཆེན་བརྩེ་བས་གསུངས། །མཆོད་འོས་ཆེན་པོ་མཆོག་དང་ལྡན་པའི་གནས། །གསང་བའི་དབང་མཆོག་མངོན་བསྡུས་དབྱེ་བར་གསོལ། །སྐྱེ་དགུའི་བདག་པོའི་དཀྱིལ་འཁོར་གསང་མདུན་དུ། །དམ་ཚིག་མཆོད་པས་ཇི་ལྟར་མཆོད་པར་
84-1-145a
བྱ། །འདོད་ཡོན་ལྔར་བཅས་རོལ་བར་བྱེད་པ་ཡི། །དངོས་གྲུབ་ཚོགས་མཆོག་ཆེན་པོ་ཐོབ་པར་འགྱུར། །དམན་པའི་འདོད་ལས་རིགས་ཀྱི་དངོས་གྲུབ་འབྱུང ། །དགའ་བའི་ཚིག་དག་ཇི་ལྟར་རུང་བར་འགྱུར། །དེ་བཞིན་བྷ་ག་ཇི་ལྟར་རྟགས་ཅི་འདྲ། །དེ་ཡི་འཇུག་པ་ ཡང་ནི་ཇི་ལྟར་འགྱུར། །རྫས་དེ་དག་ནི་ཇི་ལྟར་རབ་ཏུ་བསྒྲུབ། །འཇིག་རྟེན་གསུམ་ན་དམན་པ་ཇི་ལྟར་འགྱུར། །དེ་ནས་འདོད་ཆགས་ཞེན་པས་དངོས་གྲུབ་ཐོབ། །འདོད་ཆགས་དག་ཕྱིར་དེ་ནི་ཇི་ལྟར་རུང ། །ཆགས་བྲལ་སྡིག་པས་ཆགས་དང་བྲལ་བ་ལ། །གསང་བ་བསྟན་པས་ སྡིག་དངོས་ཇི་ལྟར་འགྱུར། །གཏོར་མས་བསོད་ནམས་མཆོག་ཐོབ་ཇི་ལྟ་བུ། །སྐྱེ་དགུ་བསད་པས་བསོད་ནམས་ཇི་ལྟ་བུ། །མ་བྱིན་བླངས་བས་བསོད་ནམས་འགྱུར་ཞེས་པའི། །འགལ་བའི་ཚིག་དག་ཇི་ལྟར་རུང་བར་འགྱུར། །དགའ་བ་ཆེན་པོའི་བུད་མེད་བསྟེན་པ་ཡིས། ། ཚེ་འདི་ལ་ནི་སངས་རྒྱས་མཆོག་འགྲུབ་པ། །མི་གཙང་འདོད་པ་བསྟེན་པས་སངས་རྒྱས་དང ། །རྡོ་རྗེ་སེམས་དཔའ་འབྱུང་བར་ཇི་ལྟར་འགྱུར། །འདིར་ནི་བརྫུན་དང་མཚུངས་པའི་བསོད་ནམས་མེད། །ཇི་ལྟར་བརྫུན་ནི་བསོད་ནམས་ལྡན་པར་བརྗོད། །འདིར་ནི་སེམས་ཅན་ གཞན་བསད་བཟའ་བར་བྱ། །འགལ་བའི་ཚིག་ནི་ཇི་ལྟར་རུང་བར་འགྱུར། །འཁོར་བ་སྤངས་ཀྱང་ཆོས་མིན་འགྱུར་བ་དང ། །མྱ་ངན་འདས་ལ་གཞོལ་བ་ཆོས་མ་ཡིན། །སངས་རྒྱས་རྣལ་འབྱོར་གྱི་ནི་རྗེས་འཇུག་པ། །ཆོས་མིན་འགྱུར་ཞེས་ཇི་ལྟར་རུང་བར་འགྱུར། །དྲེགས་དང་ སེར་སྣ་སྡང་བའི་སེམས་ལྡན་པ། །ཆོས་མིན་སྤྱོད་ཅིང་བརྫུན་པའི་ཚིག་ལ་ཆགས། །སྲིད་གསུམ་མངོན་པར་ཆགས་པས་རྣལ་འབྱོར་སྒྲུབ། །འདོད་པའི་འདོད་ཆགས་བཅས་པས་ལྷག་པར་རྒྱལ། །རིགས་ཀྱི་རྣལ་འབྱོར་ལས་བྱང་ཇི་ལྟར་འགྲུབ། །བླ་མེད་གོ་འཕང་དངོས་གྲུབ་ འདོད་པ་ཡིས། །དག་ཅིང་ངོ་མཚར་རྣལ་འབྱོར་ལྷུར་བླང་བྱ། །སྐྱོར་གཅིན་འཐུང་དང་བཤང་བ་ཟ་བ་ཡིས། །དག་ཅིང་མཆོག་གྱུར་རྣལ་འབྱོར་དངོས་གྲུབ་འདོད། །མི་གཙང་བཤང་གཅི་ཟོས་ཤིང་འཐུངས་པ་ཡིས། །ཡིད་འདོད་དངོས་གྲུབ་ཇི་ལྟར་དངོས་གྲུབ་འདོད། །བུད་མེད་བཅས་
84-1-145b
བར་ལྷན་ཅིག་ཆོས་སྤྱོད་ཅིང ། །གཉིས་ཀ་ལྷན་ཅིག་གྱུར་བས་དག་གཙང་མཆོད། །ཇི་ལྟར་བུད་མེད་ལྷན་ཅིག་དཀྱིལ་འཁོར་མཆོད། །དངོས་གྲུབ་དམ་པ་མཆོག་ཏུ་ཇི་ལྟར་འགྱུར། །གཞན་ཡང་རྡོ་རྗེ་རིགས་འབྱུང་ཀུན་ལྡན་ཞིང ། །མཆོག་ཏུ་མི་བཟད་དྲག་པོའི་ལས་ཅན་ ཏེ། །དག་ཅིང་ཤིན་ཏུ་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བར་འགྱུར། །གཞན་ཡང་བརྡེག་དང་གསད་པ་ལྷུར་ལེན་ཅིང ། །བསྐྲད་དང་དྲག་པའི་ལས་ཅན་དེ་དག་ནི། །དག་ཅིང་ཤིན་ཏུ་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བར་འགྱུར། ། གཞན་ཡང་བཟའ་དང་བཏུང་བ་ལྷུར་ལེན་ཅིང ། །སྙིང་འབྱིན་པ་ཡིས་དག་པར་འདོད་པ་ཉིད། །དེ་ནི་དག་ཅིང་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བ་ཡིན། །གཞན་ཡང་ནོར་བུ་རིན་ཆེན་འཕྲོག་པ་ཡིས། །སྡུག་ཅིང་བསྟན་ལ་དག་ཅིང་མཐོར་འགྲོ་དང ། །གཞན་ཡང་ ང་རྒྱལ་སེར་སྣ་ལྷུར་ལེན་པས། །དག་པར་འགྱུར་བ་ཉིད་ནི་འགལ་བ་ཡིན། །གཞན་ཡང་ལས་ཀྱི་རིག་པ་བྱུང་བ་ཡིས། །མི་དགེ་བ་ཡི་ལས་རྣམས་ཐམས་ཅད་བྱ། །འཁྲིག་སོགས་ལས་ཀྱི་ཟེ་ཚོགས་རྣམ་མང་པོའི། །ལས་བྱེད་པ་ནི་ཇི་ལྟར་སྐྱེན་མི་འགྱུར། །གཞན་ཡང་ བརྫུན་ཚིག་དེ་བཞིན་འཁྲིག་པ་ཡིས། །དག་འདོད་འཕགས་པ་མིན་པས་གསང་བ་ཡི། །རྒྱལ་བའི་དབང་ཆེན་འདོད་པས་བདུད་རྩི་ལྟར། །སྡུག་ཅིང་མཐོར་འགྲོ་ཇི་ལྟར་རུང་བར་འགྱུར། །ཀྱེ་མགོན་ཁྱོད་ནི་དག་པའི་ཆོས་ཀྱི་ཚོགས་ཏེ་ཁྱོད་ནི་རྟག་ཏུ་རྣལ་འབྱོར་འགྱུར། །ཀྱེ་མགོན་ ཁྱོད་ནི་དགྱེས་ཆེན་བདུད་རྩི་འཆད་པ་དམ་ཆོས་གསང་བའི་འབྱུང་གནས་ཏེ། །ཀྱེ་རྒྱལ་ཁྱོད་ནི་དྲི་མེད་ཉི་མ་བཞིན་དུ་མི་ཤེས་ཀུན་དུ་སྦྱོང་མཛད་པ། །ཁྱབ་བྱེད་རྒྱལ་བའི་ངང་ཚུལ་འཇིག་རྟེན་གསུམ་གྱི་འདྲེན་ཆེན་བྱང་སེམས་དགའ་སྟོན་ཀྱེ། །མདོར་བསྡུས་པའོ།། །།ཀུན་མཆོག་ ཐམས་ཅད་རིག་པ་སྟེ། །ཀུན་མཁྱེན་དྲི་མ་གསུམ་སྤངས་པ། །བྱང་སེམས་སངས་རྒྱས་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་དེ་ཉིད་ནི། །ཏིང་ངེ་འཛིན་ལས་བཞེངས་ནས་ཀྱང ། །ཕྱོགས་རྣམས་ཀུན་དུ་གཟིགས་མཛད་དེ། །ཐུབ་པས་མགོན་རྣམས་རབ་བཏུད་ནས། །སངས་
84-1-146a
རྒྱས་ཀུན་ལ་འདི་སྐད་གསུངས། །ཀྱེ་མའོ་རྣམ་དག་ཡེ་ཤེས་བདག་།ཀྱེ་མའོ་སངས་རྒྱས་ཉེར་ཐོབ་པ། །ཀྱེ་མའོ་གར་མཁན་འཁོར་ལོ་འདི། །རང་གི་ཡེ་ཤེས་འདྲི་བར་བྱེད། །རྟོག་པ་ཐམས་ཅད་ཀུན་བསྡུས་པའི། །མཆོག་ཏུ་གསང་བ་བཤད་པར་བྱ། །ཤིན་ ཏུ་རྙེད་དཀའ་དམ་པ་ཡི། །རིན་ཆེན་སྒྲོམ་གྱི་ཁ་དབྱེ་བྱ། །བླ་ན་མེད་པའི་ཡེ་ཤེས་ཀྱི། །རྒྱལ་མཚན་དམ་པ་བསྒྲེང་བར་བྱ། །རིན་ཆེན་སྒྲོམ་གྱི་ཁ་ཕྱེ་ནས། །ཤེས་རབ་ཀྱིས་ནི་སྣང་བར་བྱ། །དེ་ནས་གསང་བ་མཆོག་གྱུར་པ། །དམ་པ་ཡང་དག་བཤད་པར་བྱ། །བྱ་བ་བསྒྲུབ་པའི་ ཐབས་ཆེན་པོ། །རྟོག་པ་ཐམས་ཅད་བསྡུས་པ་དང ། །གསང་བའི་བྱེ་བྲག་འབྱེད་བྱེད་ཅིང ། །རྣལ་འབྱོར་དགོངས་པ་རྣམ་པར་འགྲོལ། །དེ་ཉིད་དམ་པ་ཤེས་བྱེད་པའི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །རྡོ་རྗེ་རྣལ་འབྱོར་ཆོ་ག་དང ། །འཁོར་ལོའི་རྣལ་འབྱོར་ཆོ་ག་སྟེ། ། མཆོག་ཏུ་གསང་བ་ཞེས་བྱ་དེའི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །དུས་གསུམ་ཁྱབ་པའི་བྱ་བར་ལྡན། །གསང་བ་རྣལ་འབྱོར་ཀུན་འབྱུང་ཞིང ། །བྱ་བ་ཀུན་གྱི་ཐབས་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །སངས་རྒྱས་རྣལ་འབྱོར་ཆོ་གར་ལྡན། །རྡོ་རྗེ་ཆོས་ནི་རབ་ འཇུག་པ། །སྐུ་གསུམ་ཞེས་བྱ་གསང་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །རྡོ་རྗེ་རྣལ་འབྱོར་ཆོ་གར་ལྡན། །མ་རུངས་ཐམས་ཅད་འདུལ་བྱེད་པ། །ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །ཆོས་ཀྱི་རྣལ་འབྱོར་ཆོ་གར་ལྡན། །པདྨ་ གར་མཁནསྐྱེད་བྱེད་པ། །འགྲོ་བ་འདུལ་བ་ཞེས་བྱ་བའི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །སྦྱིན་པ་བཞི་དང་ཡང་དག་ལྡན། །རིན་ཆེན་འཁོར་ལོ་སྐྱེད་བྱེད་ཅིང ། །བྱང་ཆུབ་སེམས་དཔའ་ཡིད་ཆེས་བྱེད། །རྟོག་པ་ཐམས་ཅད་བསྡུས་པ་དང ། །སངས་རྒྱས་ཀུན་གྱི་ཐབས་ཆེན་ པོ། །སྣ་ཚོགས་གར་མཁན་སྐྱེད་བྱེད་པ། །ལས་ཀྱི་རྣལ་འབྱོར་ཆོ་ག་ཡི། །རྟོག་པ་ཐམས་ཅད་བསྡུས་པ་དང ། །དེ་ཉིད་ཤེས་ཤིང་དགོངས་པ་ཤེས། །ཚུལ་ཆེན་མཆོག་ནི་ཤེས་བྱེད་ཅིང ། །མཆོག་གི་དང་པོ་སངས་རྒྱས་མཆོག་།རྟོག་པ་ཐམས་ཅད་བསྡུས་པ་སྟེ། །
84-1-146b
གོ་རིམས་བཞིན་དུ་འཇུག་བྱེད་པའི། །གཅིག་པར་སེམས་ཅན་བྱ་བ་བྱེད། །བྱ་བ་ཆེན་པོ་མཆོག་ཞི་བ། །ཆོས་དང་ལོངས་སྤྱོད་མཆོག་གྱུར་པས། །སངས་རྒྱས་གར་མཁན་འཁོར་ལོ་ནི། །མཆོག་ཏུ་ངོ་མཚར་གྱུར་པ་འདི། །སྐལ་བ་ཇི་བཞིན་གསང་ཇི་བཞིན། །ཇི་ལྟར་ སེམས་ཅན་འདུལ་འགྱུར་བཤད། །སྔོན་འགྱུར་འདས་པའི་དུས་སུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང ། །ཐབས་དང་ཤེས་རབ་ལྡན་པ་ཡི། །བྱང་ཆུབ་སེམས་དཔར་གྱུར་པ་ན། །སྤྲོ་བ་ཆེན་པོས་ངོ་མཚར་ཆེའི། །དཀའ་བ་དཔག་ཏུ་མེད་པ་སྤྱད། །གོ་རིམས་བཞིན་དུ་དེ་ ཡིས་ནི། །དབང་བསྐུར་བར་དུ་ལེགས་ཐོབ་འགྱུར། །ཤེས་རབ་ཆེན་པོས་ཕ་མཐར་ཕྱིན། །གོས་ཀྱི་དབང་ནི་ཐོབ་གྱུར་ནས། །འོག་མིན་སྟུག་པོ་ཉམས་དགའ་བར། །བློ་གྲོས་ཆེན་པོ་བཞུགས་པར་གྱུར། །བདག་ནི་སངས་རྒྱས་མཆོག་འགྱུར་ཞེས། །རྣལ་འབྱོར་པ་ཡིས་ བསམས་ནས་ནི། །བྱ་བ་མཐར་ཕྱིན་བདག་གིས་ནི། །སེམས་ཅན་དོན་འབྱུང་ཐོབ་བྱ་ཞེས། །བྱ་བ་དེ་ལ་དགོངས་ནས་ནི། །སྔོན་དང་ཕྱི་མར་བདེ་ཆེན་མེད། །ཆོས་ཀྱི་དགའ་བ་རྨད་ཆེན་པོའི། །དཀའ་བ་སྤྱད་པར་བྱ་སྙམ་སྟེ། །བྱང་ཆུབ་ཤིང་དྲུང་བཞུགས་གྱུར་ནས། །བྱ་དཀའི་བྱ་བ་ ཀུན་ལྡན་དེ། །དབུགས་འབྱུང་རྔུབ་པ་འགོག་པ་དང ། །སེམས་པ་མེད་ཅིང་གཡོ་བ་མེད། །ལུས་ནི་གང་ཡང་མི་འགུལ་ཞིང ། །ཡན་ལག་བསྐྱོད་པར་མི་བྱེད་དེ། །དེ་བས་གཡོ་བ་མེད་ཆོས་མ། །ཡུན་རིང་དུ་ནི་གནས་པར་གྱུར། །ཕྱོགས་བཅུ་ཡི་ནི་ཐུབ་དབང་པོ། །སངས་རྒྱས་ཀུན་ གྱིས་དགོངས་འགྱུར་བ། །འདི་ནི་རྫོགས་པའི་བྱང་ཆུབ་དུས། །སྡུག་བསྔལ་བྱ་བར་རིགས་པ་མིན། །དེ་བས་བདག་ཅག་ཀུན་ལྷན་ཅིག་།བསྐུལ་བར་བྱ་ཕྱིར་འགྲོ་སྙམ་དུ། །དགོངས་ནས་ཐམས་ཅད་རབ་ཆས་ཏེ། །སྡུག་པོ་རུ་ནི་བྱོན་པར་གྱུར། །བྱོན་ནས་ཐུབ་པ་ཐམས་ཅད་ཀྱིས། ། བསྐུལ་བ་མཆོག་ནི་མཛད་པར་འགྱུར། །ོཾ་བཛྲ་ཨུཏ་ཏིཥྛ་ཅེས་པ་ཡི། །རིགས་པས་སེ་གོལ་བརྡབས་ནས་ནི། །བྱང་ཆུབ་སེམས་དཔའ་ཀུན་དུ་བསླང ། །ཕྱོགས་རྣམས་ཀུན་དུ་བལྟས་པ་ན། །སངས་རྒྱས་ཀྱི་ནི་རྒྱ་མཚོ་མཐོང ། །ཐུབ་པས་མགོན་རྣམས་ལ་བཏུད་དེ། །བཀའ་
84-1-147a
སྩོལ་ཞེས་ནི་གསོལ་བ་བཏབ། །མགོན་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །གསུང་གཅིག་གིས་ནི་བཀའ་སྩལ་པ། །སེམས་ཀྱི་སྤྱོད་ཡུལ་ཅི་འདྲ་ཞེས། །རང་གི་སེམས་ནི་སོ་སོར་རྟོག་།སངས་རྒྱས་ཀུན་གྱི་གསུང་ཐོས་ནས། །རང་གི་སེམས་ལ་རྟོག་བཞིན་དུ། །ཡུན་ རིང་དུ་ནི་གནས་པ་ན།སེམས་ཀྱི་རྣམ་པ་མ་མཐོང་སྟེ། །ཡན་ལག་ཀུན་གྱིས་རབ་བཏུད་ནས། །ཞུས་པ་བཅོམ་ལྡན་དེ་བཞིན་གཤེགས། །སེམས་ཀྱི་རྣམ་པ་མ་མཐོང་སྟེ། །སེམས་ཀྱི་མཚན་ཉིད་ཇི་ལྟ་བུ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །སེམས་ཀྱི་སྤྱོད་ཡུལ་ཤེས་པར་ དཀའ། །ཁྱོད་ལ་སྙིང་པོ་རབ་སྦྱིན་གྱིས། །ཕྲ་མོའི་བཟླས་པ་རབ་ཏུ་སྤྱོད། །ོཾ་ཙིཏྟ་པྲཏི་བེདྷཾ་ཀ་རོ་མི། སྙིང་པོ་དག་པ་བླངས་ནས་ནི། །རང་གི་སེམས་ལ་རྟོག་བཞིན་དུ། །ཐང་ཅིག་དེ་ལ་གནས་པ་ན། ཟླ་བའི་དཀྱིལ་འཁོར་བཞིན་དུ་མཐོང ། །དེ་ནས་སེམས་འདི་ཅི་ཞིག་ཡིན། ། ཉོན་མོངས་ས་བོན་ཅན་ནམ་ཅི། །དགེ་བའམ་མི་དགེ་བ་ཡི་སེམས། །ཀུན་གཞི་ས་བོན་ཅན་སེམས་སམ། །ཆོས་ཀྱི་རྒྱུ་མཐུན་རྟོགས་གྱུར་ནས། །ཕ་རོལ་ཕྱིན་པ་དྲུག་བསྟེན་པ། །འདི་ནི་སེམས་ཅན་དག་པ་སྟེ། །ཀུན་ནས་ཉོན་མོངས་གནས་མ་ཡིན། །ཡུན་རིང་དུ་ནི་བསོད་ནམས་ དང ། །ཡེ་ཤེས་ཚོགས་ཆེན་བས་གས་པ་སྟེ། །ཇི་ལྟར་ཟླ་བ་གང་བ་འདི། །དག་ཅིང་གསལ་ལ་རྙོག་མ་མེད། །དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་གང་དང་མཚུངས། །དངོས་པོ་ཡོད་དང་མེད་མིན་པ། །ཇི་ལྟར་ཟླ་བ་མཚུངས་ཉིད་ཡིན། །འོན་ཀྱང་བསོད་ ནམས་ཡེ་ཤེས་ཆེ། །རྫོགས་པ་ཟླ་བ་དང་མཚུངས་བས་བསྟན། །ལེགས་བྱས་ཚོགས་ལྡན་རང་སེམས་ཀྱི། །ཟླ་བའི་དཀྱིལ་འཁོར་མཐོང་ནས་ནི། །དགའ་ཞིང་མགུ་བ་སྐྱེས་ནས་ཀྱང ། །སླར་ཡང་ཚིག་ཏུ་རབ་སྨྲས་པ། །བཅོམ་ལྡན་མགོན་པོ་བདག་གིས་ནི། །ཉོན་མོངས་དྲི་མ་ཀུན་ དག་ཅིང ། །གཟུང་དང་འཛིན་པ་དང་བྲལ་བའི། །རང་སེམས་ཟླ་བའི་དཀྱིལ་འཁོར་མཐོང ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། །ཐོག་མར་བྱུང་བའི་སེམས་འདི་བཟང ། །དང་པོར་བློ་བུར་ཉོན་མོངས་རྣམས། །བྱང་ཆུབ་སེམས་ཀྱིས་དག་པར་བྱེད། །དངོས་པོ་ཐམས་ཅད་རྣམ་
84-1-147b
སྤངས་པའི། །དག་པ་ཡི་ནི་སྙིང་པོ་འདིས། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཀྱི་ནི་སེམས་ལ་རྟོགས། །ོཾ་བོདྷི་ཙིཏྟ་ཨུཏྦཱ་ད་ཡཱ་མི། སྙིང་པོ་དག་པ་བླངས་ནས་ནི། །སེམས་ཀྱི་དབུས་སུ་རྟོག་པ་ན། །ཟླ་བའི་དབུས་སུ་ཡང་ཟླ་བའི། །དཀྱིལ་འཁོར་གཉིས་པ་མཐོང་བ་ནི། ། ཐུབ་པ་རྣམས་ལ་ཚིག་སྨྲས་པ། །དཀྱིལ་འཁོར་གཉིས་པ་དག་མཐོང་ངོ ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་བརྟན། །བརྟན་པར་བྱ་བའི་ཆེད་དུ་ནི། །དེ་ནི་ལེགས་པར་བསྒྲུབ་པར་གྱིས། །ཁྱོད་ལ་སྙིང་པོ་སྦྱིན་བྱ་སྟེ། །ཟློས་ཤིང་དེ་ནི་བརྟན་པར་ དགོངས། །ོཾཏིཥྛ་བཛྲ། དཀྱིལ་འཁོར་གཉིས་པའི་དབུས་གནས་པའི། །རྡོ་རྗེ་ཆེན་པོ་སེམས་བྱེད་ཅིང ། །ཐང་ཅིག་སོ་སོར་བརྟགས་པ་ན། །ཤིན་ཏུ་བརྟན་པ་མཐོང་གྱུར་ནས། །སྨྲས་པ་རྫོགས་པའི་སངས་རྒྱས་རྣམས། །དཀྱིལ་འཁོར་དབུས་སུ་རྡོ་རྗེ་མཐོང ། །ཟླ་བའི་དཀྱིལ་ འཁོར་གཉིས་པ་ཡི། །དབུས་ན་རྡོ་རྗེ་དང་ལྡན་མཐོང ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །ལྷ་རྣམས་ཀུན་གྱི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ནི་སྐྱེད་པ་ཡི། །ཤིན་ཏུ་བརྟན་པ་འདི་སྨྲོས་ཤིག་།ོཾ་བཛྲ་ཨཱཏྨ་ཀོ་\ུ0f85ཧཾ། །སྙིང་པོ་དག་པ་བླངས་ནས་ནི། །རྡོ་རྗེའི་ལུས་ནི་རྣམ་བསྒོམས་ པ། །དེས་ནི་སྲ་བརྟན་ཁོང་སྟོང་མེད། །རྡོ་རྗེའི་སྐུ་ནི་ཐོབ་གྱུར་ནས། །སྨྲས་པ་རྫོགས་པའི་སངས་རྒྱས་རྣམས། །རང་བདག་རྡོ་རྗེའི་སྐུར་མཐོང་ངོ ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་སྟ་ཐཱ་ཨ་ཧཾ། སྙིང་ པོ་དག་པ་བླངས་ནས་ནི། །སངས་རྒྱས་གཟུགས་སུ་རྣམ་བསྒོམས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཀུན་མཁྱེན་ཡེ་ཤེས་ཐོབ་པར་འགྱུར། །སངས་རྒྱས་ཀུན་ལ་རབ་བཏུད་ནས། །སྨྲས་པ་བཅོམ་ལྡན་དེ་བཞིན་གཤེགས། །མགོན་པོ་བདག་ལ་བྱིན་རློབ་ ཅིང ། །བདག་གི་བྱང་ཆུབ་བརྟན་པར་མཛོད། །གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་དབྱིངས་ཀྱི་ཚིག་ཐོས་ནས། །མགོན་རྣམས་ཐུགས་ཀར་ཞུགས་པར་གྱུར། །རྡོ་རྗེ་ཡི་ནི་རྣལ་འབྱོར་གསུངས། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ས་མ་བོདྷི་དྲྀ་ཌྷ་བཛྲ་བ་ན་དྷ། གྲགས་
84-1-148a
ཆེན་སངས་རྒྱས་ཐམས་ཅད་ཀྱིས། །རིག་སྔགས་ཆེན་པོ་བརྗོད་པ་ན། །རྡོ་རྗེ་དབྱིངས་ནི་ཤིན་ཏུ་བརྟན། །དེ་ཉིད་ཡེ་ཤེས་མངོན་སངས་རྒྱས། །དེ་ནས་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་ཐུགས་ཀ་ནས་བྱུང་སྟེ། །ཆོས་ཀྱི་དབང་བསྐུར་བཞི་པོ་ཡིས། །དེ་ཚེ་ཐུབ་པ་ དབང་བསྐུར་གྱུར། །རྡོ་རྗེ་སེམས་དཔའ་བྱས་པ་ཡི། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བ། །འབྲས་བུ་བྱང་ཆུབ་སེམས་ལྡན་གང ། །རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །བསྐལ་པ་གྲངས་མེད་གསུམ་དག་གི་།སྦྱིན་དང་སྦྱིན་པའི་འབྲས་བཟང་དང ། །མཁའ་མཚུངས་ རིན་ཆེན་ཐོབ་བྱེད་པ། །ནོར་བུ་རིན་ཆེན་དབང་བསྐུར་ཡིན། །བསྐལ་པ་གྲངས་མེད་གསུམ་དུ་ནི། །གཞན་གྱིས་དཀའ་བ་སྤྱད་པ་དང ། །བརྩོན་འགྲུབ་ཀྱིས་ནི་འབྲས་བསྒྲུབ་པ། །རྡོ་རྗེ་ལས་ཀྱི་དབང་བསྐུར་ཡིན། །དེ་བཞིན་གཤེགས་པའི་སྙིང་པོ་དག་།ཆོས་ཀྱི་དབྱིངས་ཀྱི་ཚུལ་ ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །བྱང་ཆུབ་སེམས་རྫོགས་རྡོ་རྗེ་རྣལ་འབྱོར་གྱི། །དབང་བསྐུར་བཞི་པོ་དེ་རྣམས་ཆོས་ཀྱི་དབྱིངས། །དེ་ནས་གཞན་ཡང་གསང་བའི་དབང་བསྐུར་བ། །སངས་རྒྱས་རང་བཞིན་ཡོན་ཏན་དམ་པའི་ཚོགས། ། རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་བཞིན་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །མཁའ་མཚུངས་ཆོས་ཉིད་སྙིང་པོ་ཅན། ། རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་སྣང་མཛད་ཆེན་གྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་ པར་བརྟག་།ཆོས་ཀུན་དངོས་པོ་མེད་པ་སྟེ། །མཚན་མ་མེད་ཅིང་གསལ་བྱེད་མེད། །མཚན་ཉིད་མེད་ཅིང་མཁའ་དང་མཚུངས། །དམིགས་པ་རྣམ་པར་སྤངས་པ་སྟེ། །རང་བཞིན་མེད་ཅིང་བརྗོད་དུ་མེད། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །གཞན་ཡང་གསང་བར་བརྟགས་
84-1-148b
པ་སྟེ། །དེ་ཕྱིར་འདིར་ནི་རྟོགས་པར་བརྗོད། །རྟོག་པ་མེད་པའི་ཆོས་རྣམས་ཀྱི། །ཆོས་ཀྱི་དོན་འདི་ཅི་ཡིན་བརྗོད། །བདག་མེད་དངོས་པོ་ཡོད་པ་མིན། །ཆོས་རྣམས་མེད་ཅིང་རྟོག་པ་མེད། །འོན་ཀྱང་ཆོས་ཉིད་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་པར་རྟོགས། ། རྟོགས་པ་ཉམས་སུ་མྱོང་བར་བརྗོད། །འདིར་ནི་ངོ་མཚར་ཉིད་དུ་རྟོགས། །ཆོས་ཀུན་གཟུགས་ཅན་མིན་པ་དང ། །གཟུགས་ཅན་དུ་ཡང་འདི་རུ་བསྟན། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བསྟན་ཏེ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པ་རྟོག་པ་ཡིན་ པར་བརྗོད། །ཅི་ཕྱིར་འདི་ནི་ངོ་མཚར་ཆོས། །དེ་ཉིད་གསང་བ་བསྒྲུབ་པའི་ཕྱིར། །ལས་རྣམས་དྲུག་པོ་ཉིད་དང་ནི། །གཟུགས་ཅན་ཚིག་གི་མཐུ་དག་དང ། །འབྲས་ཕྱིར་སྡོམ་པའི་ངོ་མཚར་ཏེ། །དེ་ཕྱིར་འདི་ནི་ངོ་མཚར་ཆོས། །དེ་ཕྱིར་འདི་ནི་རྟོག་པར་བརྗོད། །དེ་བས་ངོ་མཚར་ ཆོས་འདི་རུ། །རྟོག་པ་འབའ་ཞིག་རྟོག་པ་ཡིན། །ཡང་འདིར་རྟོག་པ་ཇི་ལྟ་བུ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་དག་།སྟེན་པ་རྟོག་པ་ཉིད་ཡིན་ནོ། །སྒྲུབ་པའི་དོན་ནི་ཇི་ལྟ་བུ། །གང་ཟག་ཆོས་ལ་ བདག་མེད་དང ། །གཟུང་དང་འཛིན་པ་སྤངས་པ་ཡི། །རབ་ཏུ་དགའ་བའི་ས་སྒྲུབ་པ། །དེ་ཚེ་སྒྲུབ་པའི་དོན་ཡིན་ནོ། །ཅི་ཕྱིར་འདི་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །རྒྱུད་རྒྱུན་ ཆགས་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱྱུང་བའི། །དེ་ཉིད་གསང་བ་སྦས་ཞེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །ས་མཐར་ཕྱིན་པའི་རྒྱལ་བ་མཆོག་།སྲིད་པའི་བཙོན་ར་ལས་རྒལ་ཡིན། །ཡང་ན་གང་ཞིག་རྒལ་གྱུར་པ། །རྒྱུད་ནི་ཕྱི་མ་ཡིན་པར་ བཤད། །རྒྱུད་ཀྱི་དོན་ནི་ཇི་ལྟར་བྱུང ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཆོས་ལོངས་སྤྱོད། །སངས་རྒྱས་ཐུགས་རྗེས་བསྐུལ་བ་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །སངས་རྒྱས་རྣམས་ཀྱི་ཐུགས་བྱུང་བའི། །ཆོས་དང་ལོངས་སྤྱོད་བྱུང་བ་སྟེ། །
84-1-149a
སངས་རྒྱས་ཀུན་གྱི་གསང་ཆེན་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །རྡོ་རྗེ་འཆང་དྲག་འདི་ཅི་ཞིག་།སངས་རྒྱས་གཟུགས་ཀྱིས་མི་འདུལ་བའི། །སེམས་ཅན་གདུག་ཚོགས་དེ་ཡི་ཕྱིར། །རང་གི་ཡེ་ཤེས་བྱང་ཆུབ་སེམས། །རྡོ་རྗེ་དྲག་པོར་ཡང་དག་འབྱུང ། །དྲག་ པོའི་དོན་ནི་ཇི་ལྟར་འབྱུང ། །དྲག་པོ་དྲག་པོའི་མིག་གིས་ནི། །དྲག་པོའི་ཁྲོ་བོ་ཞེས་སུ་བསྟན། །དྲག་པོའི་ལས་ནི་སྤྱོད་བྱེད་རྣམས། །འཆོས་ཤིང་བཟློག་པར་བྱ་བ་ཡིན། །རྡོ་རྗེ་ཞི་བ་འདི་ཅི་ཞིག་།གདུག་པ་དེ་ཀུན་བཏུལ་ནས་ནི། །སླར་ཡང་ཞི་བར་ཡང་དག་བྱུང ། །དེ་ཉིད་རྒྱལ་པོ་རྡོ་རྗེ་ འཆང ། །སེམས་ཅན་དོན་གྱི་ཐབས་སྟོན་མཛད། །བཅོམ་ལྡན་རྣམ་པར་སྣང་མཛད་ནི། །ཁྲོ་བོའི་དབང་ཕྱུག་དག་ཏུ་བསྟན། །དེ་ཉིད་ཞི་དང་དྲག་པོ་དང ། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །ཅི་ཡི་ཕྱིར་ན་ཞི་བར་བརྗོད། །སྣ་ཚོགས་གཟུགས་ཅན་རྣལ་འབྱོར་ཆེ། །སེམས་ཅན་སྨིན་བྱ་འབའ་ ཞིག་ཕྱིར། །ཉོན་མོངས་གདུག་ལ་བརྩེར་དགོངས་ཤིང ། །ཞི་བའི་དོན་ནི་ཡང་དག་བྱུང ། །ཕྱག་ན་རྡོ་རྗེ་ཅི་ཡི་ཕྱིར། །ཉོན་མོངས་གདུག་པ་ཉེས་གཞོམ་ཕྱིར། །བྱང་ཆུབ་སེམས་ཀྱི་རང་བཞིན་བཟང། །རྡོ་རྗེ་ཕྱག་ན་བསྣམས་མཛད་པ། །དེ་ནི་ཕྱག་ན་རྡོ་རྗེར་བརྗོད། །དུས་གསུམ་ བདུད་རྣམས་དེ་བཞིན་དུ། །མི་མཐུན་ཕྱོགས་ཀྱིས་མི་ཤིགས་པ། །བྱང་སེམས་རང་བཞིན་རྡོ་རྗེ་ནི། །སངས་རྒྱས་ཀུན་གྱི་བསྟན་པའི་ཚོགས། །དེ་ནས་སངས་རྒྱས་ཀུན་དང་ལྡན། །གསང་ཆེན་རྡོ་རྗེ་དེ་ལྟ་བུ། །ཕྱག་ན་རྟག་ཏུ་བསྣམས་པས་ན། །དེ་ནི་ཕྱག་ན་རྡོ་རྗེར་བརྗོད། །རྡོ་རྗེ་ གཏུམ་པའི་དོན་ཅི་ཞིག་།རྡོ་རྗེ་གཏུམ་པོ་གནོད་སྦྱིན་ཆེ། །རྡོ་རྗེ་གནོད་སྦྱིན་ཤིན་ཏུ་བརྟན། །ང་རྒྱལ་ཉོན་མོངས་ཞགས་པ་ཟ། །བྱང་ཆུབ་སེམས་དཔའ་རང་བྱུང་བ། །ཅི་ཡི་ཕྱིར་ན་གཏུམ་པོར་བརྗོད། །གཏུམ་གདུག་དྲག་པོ་ཆེན་པོ་ནི། །རང་བྱུང་ང་ཉིད་ཁོ་ན་སྟེ། །སྲིད་པའི་ ཞགས་པ་གཅོད་བྱེད་ཅིང ། །དྲག་པོའི་དོན་ནི་གཏུམ་པོ་ཡིན། །རྡོ་རྗེ་ཁྲོ་བོ་ཅི་ཡིན་བརྗོད། །གསོད་དང་སྐྲོད་པ་དྲག་པོ་སྟེ། །དེ་ནི་ཁྲོ་བོའི་དོན་དུ་བརྗོད། །ང་ནི་རྡོ་རྗེ་མེ་ལྟར་འབར། །ཉོན་མོངས་ཕྱོགས་རྣམས་སྲེག་བྱེད་ཡིན། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བྱ། །སྲ་
84-1-149b
ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་སྤོང་བྱེད་ཅིང ། །སྡིག་པ་དྲལ་བར་བྱེད་པ་ཡི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། ། རྡོ་རྗེ་འཆང་ཞེས་གསུངས་འདི་ཅི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང ། །བྱང་སེམས་བརྟན་པ་གང་ཡིན་པ། །དེ་ནི་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག་།དེ་ཡི་རྡོ་རྗེ་ཇི་ལྟ་བུ། །རྟོག་པ་ཐམས་ཅད་དང་བྲལ་ཞིང ། །ཆོས་སུ་འཛིན་པ་རྣམས་སྤངས་པ། །ཆོས་ རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །གཟུགས་སོགས་ཆོས་ཀྱི་རང་བཞིན་གང ། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཆོས་ཀྱི་དབྱིངས་ནི་བརྟན་པ་གང ། །དེ་ལྟ་བུ་ནི་འདི་རྡོ་རྗེ། །རྡོ་རྗེ་རིགས་ཀྱི་དོན་འདི་ཅི། །བདེན་ཞིང་དོན་ཡོད་དེ་བཞིན་ཉིད། །འགྱུར་བ་ མེད་ཅིང་སྐྱེ་བ་མེད། །འགག་མེད་དེ་ཁོ་ན་ཉིད་གང ། །དེ་ལྟ་བུ་ནི་རྡོ་རྗེ་ཡིན། །དོན་ཡོད་འགྱུར་བ་མེད་པ་ཡི། །དེ་ལྟ་བུ་ཡི་རིགས་གྱུར་པ། །བྱང་ཆུབ་སེམས་དཔའི་རིགས་སུ་བརྗོད། །དེ་ནི་རྡོ་རྗེའི་རིགས་ཞེས་བྱ། །ཐོག་མ་ཐ་མ་མེད་པའི་ཆོས། །བྱང་ཆུབ་སེམས་དཔའ་ཞེས་སུ་ བརྗོད། །བདེན་ཞིང་སླུ་བ་མེད་པ་ཡི། །བྱང་ཆུབ་སེམས་གང་དེ་རིགས་ཡིན། །རྡོ་རྗེ་འཆང་བ་རྣམས་ནི་དུ། །ཕྱོགས་རྣམས་ཐམས་ཅད་ཀུན་ཁྱབ་པའི། །བྱང་ཆུབ་སེམས་དཔའ་མཁས་པ་ནི། །ཆོས་དབྱིངས་དང་མཉམ་ཐུག་པ་མེད། །རྡོ་རྗེ་འཆང་རྣམས་དེ་སྙེད་དོ། །རྡོ་རྗེའི་ རིགས་ཀུན་གང་གི་ཡིན། །ཆོས་ཀྱི་བདག་པོ་བླ་མེད་པ། །རྣམ་པར་སྣང་མཛད་རྫོགས་སངས་རྒྱས། །མགོན་དེས་ཡོངས་སུ་བཟུང་བ་དེའི། །དེ་ཡི་དཀྱིལ་འཁོར་ཡིན་གསུངས་བ། །སྟོན་པ་གང་ཞིག་འདི་རྣམས་སུའི། །རྗེས་སུ་སྟོན་པར་བྱེད་པ་གང ། །དེ་ཡི་སྤྱོད་ལམ་བྱ་ བ་ཅི། །གསང་བ་ཀུན་དུ་བསྡུས་པས་གསུངས། །འདི་ཡི་སྟོན་པ་བྱང་ཆུབ་སེམས། །རྗེས་སུ་སྟོན་བྱེད་ཤེས་རབ་ཐབས། །ཕྱག་རྒྱ་རྣམས་ནི་སྤྱོད་ལམ་སྟེ། །སྔགས་རྣམས་དེ་ཡི་བྱ་བ་ཡིན། །རྡོ་རྗེ་འཆང་གི་རིགས་གང་ཡིན། །རྡོ་རྗེ་འཆང་བ་དེ་ཀུན་གྱི། །རིགས་ནི་བྱང་ཆུབ་
84-1-150a
སེམས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་བཟང། །སངས་རྒྱས་ཀྱི་ཡང་དེ་ཉིད་ཡུལ། །ཆེན་པོ་གནས་གང་ཞིག་ན་གནས། །ཆོས་རྣམས་ཀུན་ལ་གནས་མེད་དེ། །རྩ་བ་མེད་སེམས་སྤྱོད་ཡུལ་ལོ། །ཆོས་རྣམས་ཐམས་ཅད་གཟུགས་ཅན་མིན། །ཆོས་ ཀྱི་དབྱིངས་ཏེ་སྤྱོད་ཡུལ་མེད། །རིགས་ནི་རྣམ་པ་དུ་ཡིན་བརྗོད། །རྟག་དང་མི་འཁྲུགས་རིན་ཆེན་དབང། །འོད་དཔག་མེད་པ་དངོས་གྲུབ་རྣམས། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང ། །ཆོས་དང་ལས་དང་རྣམ་པ་ལྔ། ། ཅི་ཡི་ཕྱིར་ན་རིགས་སུ་བརྗོད། །མཆོག་དང་དམན་པའི་བྱེ་བྲག་གིས། །རིགས་ཞེས་བྱ་བ་དེ་རྣམས་གཉིས། །སེམས་ཅན་ལམ་ངན་ཞུགས་པ་ཡི། །རིགས་ནི་དམན་པ་ཡིན་པར་བརྗོད། །ལམ་ངན་འགྲོ་བ་སྤངས་ནས་ནི། །བྱང་ཆུབ་སེམས་ལ་འཇུག་པ་ཆོས། །དེ་བས་རྡོ་རྗེ་ རིགས་བརྗོད་པ། །རིགས་དེ་ཡང་ནི་ལྔ་པ་ཡིན། །རིགས་བདག་རང་བཞིན་འདི་ཅི་ཞིག་།བྱང་ཆུབ་སེམས་ནི་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་འཇིགས་པ་མེད། །མགོན་པོ་ཆེན་པོ་རིགས་ཀྱི་བདག་།དེ་ནི་རིགས་ཀྱང་ལྔ་པ་ཡིན། །ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །སེམས་ དཔའ་ཞེས་བྱ་རྣམ་གསུམ་སྟེ། །བྱིས་པ་དེ་བཞིན་མཁས་པ་དང ། །དེ་བཞིན་བྱང་ཆུབ་སེམས་དཔའ་དང ། །རྣམ་གསུམ་སེམས་དཔའ་བརྗོད་པར་བྱ། །ཡང་གསུངས་པ། ཅི་ཡི་ཕྱིར་ན་སེམས་དཔའ་བརྗོད། །སེམས་དཔའ་ཅི་ཡིན་བྱིས་པ་བརྗོད། །སེམས་དཔའ་མཁས་པ་ ཅི་ཡི་ཕྱིར། །བྱང་ཆུབ་སེམས་དཔའ་ཅི་ཡིན་བརྗོད། །གནས་གང་ཞིག་ཏུ་བརྗོད་བྱ་བ། །དེ་ནི་དེ་ཡི་སེམས་དཔར་བརྗོད། །ཆོས་སམ་ཡང་ན་ཆོས་མིན་དང ། །ལེགས་བྱས་ཉེས་པར་བྱས་པ་ལ། །མི་ཤེས་མུན་པས་བསྒྲིབས་གྱུར་ཅིང ། །ཆོས་ལ་ཉོན་མོངས་བདག་ཉིད་འཛིན། ། དམན་ཞིང་གཏི་མུག་རིགས་ཅན་གྱུར། །དེ་ལྟ་བུ་ནི་བྱིས་པར་བརྗོད། །ཉོན་མོངས་ཀུན་ལ་ཆགས་པ་དང ། །དེ་བཞིན་སྲིད་པ་ངན་སོང་གསུམ། །མི་ཤེས་མུན་པ་ལ་ཆགས་པ། །དེ་འདིར་བྱིས་པར་བརྗོད་པར་བྱ། །སེམས་དཔའ་མཁས་པ་གང་ཞིག་ཡིན། །དྲི་མ་ལས་འདས་
84-1-150b
ཉོན་མོངས་སྤོང ། །རྣལ་འབྱོར་ལྡན་ཞིང་བརྟུལ་ཞུགས་ཆེ། །མི་ཤེས་ལིང་ཏོག་འཇོམས་བྱེད་པ། །དེ་ནི་སེམས་དཔའ་མཁས་པར་བརྗོད། །འདིར་ནི་བྱང་ཆུབ་སེམས་དཔའ་གང ། །ཆོས་ཀྱི་དེ་ཉིད་རྟོགས་གྱུར་ཅིང ། །འཁོར་བའི་གནས་ནས་སད་འགྱུར་ཏེ། །སེམས་ ཅན་རྣམས་ནི་སད་བྱེད་པ། །དེ་ནི་བྱང་ཆུབ་སེམས་དཔར་བརྗོད། །རྫོགས་པའི་བྱང་ཆུབ་རྣམ་པ་དུ། །དེ་ལ་བྱང་ཆུབ་རྣམ་གསུམ་སྟེ། །དམན་དང་མཆོག་དང་བར་མའོ། །དམན་པ་ཉན་ཐོས་སེམས་ཡིན་ཏེ། །བར་མ་རང་རྒྱལ་བྱང་ཆུབ་བོ། །མཆོག་ནི་བྱང་ཆུབ་སེམས་ ཡིན་ཏེ། །དེ་ནི་མི་འགྱུར་རྡོ་རྗེ་ཡིན། །སྐུ་གསུང་ཐུགས་རྣམས་གཞག་པ་གང ། །བྱང་ཆུབ་མཆོག་ཏུ་བརྗོད་པར་བྱ། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །བྱང་ཆུབ་མཆོག་གི་ཡེ་ཤེས་གང ། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་ བརྗོད། །རྡོ་རྗེ་འཆང་བ་ཀུན་གྱི་རྒྱལ། །ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །རྡོ་རྗེ་སེམས་དཔའ་མགོན་པོ་ཆེ། །དགའ་ཆེན་དེ་ནི་ཆགས་སམ་ཅི། །སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར། །སེམས་ཅན་རྣམས་ལ་ཆགས་པ་སྟེ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་སེམས་ དཔའ་ཞེས་སུ་བསྒྲགས། །བྱང་ཆུབ་སེམས་ཀྱི་འབྲས་བུ་སྟེ། །སངས་རྒྱས་ཡེ་ཤེས་བླ་མེད་གང ། །དེ་ནི་རྡོ་རྗེ་སེམས་རང་བཞིན། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །རྡོ་རྗེ་རྒྱལ་པོ་ཅི་ཡིན་བརྗོད། །རྡོ་རྗེ་རིགས་ཀུན་རྒྱལ་པོ་སྟེ། །རྡོ་རྗེ་ལྕགས་ཀྱུ་ཞེས་སུ་བརྗོད། ། དགུག་དང་དབབ་པའི་རྡོ་རྗེ་ནི། །དེ་ནི་རྡོ་རྗེ་རྒྱལ་པོར་བརྗོད། །བསྡུ་བ་ཡི་ནི་དངོས་པོ་བཞི། །བཅོམ་ལྡན་འདས་ཀྱིས་གང་སྤྱད་པ། །སེམས་ཅན་དགུག་པའི་ཐབས་ཞེས་པ། །རྡོ་རྗེ་རྒྱལ་པོར་ཡང་དག་བྱུང ། །རྡོ་རྗེ་ཆགས་པ་འདི་དོན་ཅི། །སངས་རྒྱས་ཐམས་ཅད་མཉེས་བྱེད་པ། ། རྗེས་སུ་ཆགས་པ་ཞེས་སུ་བརྗོད། །རྡོ་རྗེ་ཆགས་པ་བདུད་ཆེན་པོ། །དེ་ནི་རྡོ་རྗེ་ཆགས་པར་བརྗོད། །སེམས་ཅན་སྨིན་ཕྱིར་བཅོམ་ལྡན་ཀྱིས། །གང་ཚེ་བྱང་ཆུབ་སྤྱོད་པ་སྤྱད། །བྱང་ཆུབ་སྤྱོད་པ་རྗེས་ཆགས་པ། །རྡོ་རྗེ་ཆགས་པར་ཡང་དག་འབྱུང ། །རྡོ་རྗེ་ལེགས་པ་ཅི་ཡིན་
84-1-151a
བརྗོད། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང ། །ལེགས་སོ་ཞེས་བྱ་རབ་སྟེར་བྱེད། །བྱང་ཆུབ་སེམས་དཔའ་ཀུན་མགུ་བྱེད། །དེ་ནི་རྡོ་རྗེ་ལེགས་པར་བརྗོད། །སེམས་ཅན་དག་པ་མགུ་བྱེད་ཅིང ། །རྡོ་རྗེ་འཆང་རྣམས་སྒྲུབ་པར་བྱེད། །སེམས་ཅན་ མཁས་རྣམས་དགའ་བྱེད་ཅིང ། །གསང་བ་འཛིན་པ་རངས་པར་བྱེད། །ཆོས་དང་ལོངས་སྤྱོད་རྫོགས་སྐུའི་ཕྱིར། །བཅོམ་ལྡན་འདས་འདི་ཆོས་རྣམ་དྲུག་།གང་གི་ཚེ་ནི་སྔོན་བསྒྲུབས་པ། །རྡོ་རྗེ་ལེགས་པར་ཡང་དག་བྱུང ། །རྡོ་རྗེ་རིན་ཆེན་ཅི་ཡི་ཕྱིར། །བྱང་ཆུབ་སེམས་ དཔའི་སྦྱིན་པ་གང ། །མཁའ་མཉམ་རིན་ཆེན་ལྟ་བུ་སྟེ། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །སེམས་དཔའ་ཆེན་པོའི་དབང་བསྐུར་ཏེ། །སེམས་ཅན་ཀུན་གྱི་དབང་བསྐུར་བ། །བྱང་ཆུབ་སྙིང་པོའི་དབང་བསྐུར་གྱིས། །རྒྱལ་བའི་སྲས་རྣམས་འཛིན་པར་བྱེད། ། སངས་རྒྱས་ཀུན་གྱི་སྦྱིན་པ་གང ། །མཁའ་མཚུངས་རྡོ་རྗེ་ཡང་དག་བྱུང ། །དེ་ནི་རིན་ཆེན་དོན་ཡོད་དེ། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །རྡོ་རྗེ་གཟི་བརྗིད་ཅི་ཡིན་བརྗོད། །མ་རིག་ལིང་ཏོག་འཁོར་བ་ཡི། །མི་ཤེས་མུན་པ་འཇོམས་བྱེད་ཅིང ། །ཐར་བའི་སྣང་བ་གཟི་བརྗིད་ཆེ། །དེ་ནི་རྡོ་རྗེ་ གཟི་བརྗིད་བརྗོད། །ཅི་ཕྱིར་རྡོ་རྗེ་རྒྱལ་མཚན་ཡིན། །རྒྱལ་མཚན་སངས་རྒྱས་ཀུན་རང་བཞིན། །ཐར་པའི་ལམ་འགྲོ་རྒྱལ་མཚན་ཏེ། །ཆོས་ཀྱི་རྒྱལ་མཚན་རྒྱལ་མཚན་ཆེ། །དེ་ནི་རྡོ་རྗེ་རྒྱལ་མཚན་བརྗོད། །རྡོ་རྗེ་བཞད་པ་ཅི་ཡིན་བརྗོད། །རྣལ་འབྱོར་ཆེན་པོ་རྡོ་རྗེ་བཞད། །སངས་ རྒྱས་ཐམས་ཅད་བཞད་བྱེད་ཅིང ། །བྱང་ཆུབ་སེམས་དཔའ་ཀུན་དབུགས་འབྱིན། །དེ་ནི་རྡོ་རྗེ་བཞད་པར་བརྗོད། །ཅི་ཡི་ཕྱིར་ན་རྡོ་རྗེ་ཆོས། །རྣལ་འབྱོར་ཆེན་པོ་སངས་རྒྱས་ཆོས། །སངས་རྒྱས་སེམས་ཅན་རྟོགས་བྱེད་པ། །དག་པ་དེ་བཞིན་གཤེགས་སྙིང་པོ། །དེ་ནི་རྡོ་རྗེ་ཆོས་སུ་ བརྗོད། །རྡོ་རྗེ་རྣོན་པོ་ཅི་ཡིན་བརྗོད། །ཤེས་རབ་རྣོན་པོ་ཡེ་ཤེས་ཆེ། །ཤིན་ཏུ་སྡུག་པའི་ཉོན་མོངས་གཅོད། །ཤེས་བྱའི་སྒྲིབ་པའང་གཅོད་པས་ན། །དེ་ནི་རྡོ་རྗེ་རྣོན་པོར་བརྗོད། །རྡོ་རྗེ་རྒྱུ་ཡི་དོན་ཅི་ཞིག་།འཁོར་ལོ་སངས་རྒྱས་གར་བྱེད་པས། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་བརྟེན། །
84-1-151b
དམ་ཆོས་རོ་ཡི་བཅུད་ལས་བྱུང ། །དེ་ནི་རྡོ་རྗེ་རྒྱུ་ཞེས་བྱ། །རྡོ་རྗེ་སྨྲ་བ་ཅི་ཡིན་བརྗོད། །སངས་རྒྱས་ཀུན་གྱི་ཆོས་ཆེན་པོ། །མཁའ་མཚུངས་ཚིག་དང་བྲལ་བ་སྟེ། །ཚིག་མེ་ཚིག་ལས་ཡང་དག་བྱུང ། །དེ་ནི་རྡོ་རྗེ་སྨྲ་བར་བརྗོད། །ཅི་ཡི་ཕྱིར་ན་རྡོ་རྗེ་ལས། །སེམས་ཅན་སྨིན་དང་ གྲོལ་བ་ཡི། །སངས་རྒྱས་ཀུན་གྱི་ལས་གང་དང ། །སངས་རྒྱས་ལས་ནི་བདག་མེད་པ། །དེ་ནི་རྡོ་རྗེ་ལས་ཞེས་བྱ། །རྡོ་རྗེ་སྲུང་བ་ཅི་ཡིན་བརྗོད། །བྱང་ཆུབ་སེམས་དཔའི་སྲུང་བ་སྟེ། །ཐེག་པ་དམན་པ་སྤོང་བྱེད་ཅིང ། །རྩེ་མོ་ནས་ལྟུང་སྲུང་བྱེད་པ། །དེ་ནི་རྡོ་རྗེ་སྲུང་བར་བརྗོད། ། རྡོ་རྗེ་གནོད་སྦྱིན་འདི་དོན་ཅི། །སྡིག་པ་ཐམས་ཅད་ཟད་བྱེད་ཅིང ། །ཉོན་མོངས་ཐམས་ཅད་ངེས་པར་གཅོད། །སྲིད་པ་ཟ་བྱེད་གནོད་སྦྱིན་ཆེ། །དེ་ནི་རྡོ་རྗེ་གནོད་སྦྱིན་བརྗོད། །རྡོ་རྗེ་ཁུ་ཚུར་ཅི་ཡིན་བརྫོད། །བདེན་ཞིང་གཞན་མིན་དེ་བཞིན་ཉིད། །འགྱུར་མེད་དེ་ཁོ་ན་ཉིད་གང ། ། སངས་རྒྱས་དེ་བཞིན་ཉིད་ཡེ་ཤེས། །དེ་ནི་རྡོ་རྗེ་ཁུ་ཚུར་བརྗོད། །སྔོན་དུ་བྱང་ཆུབ་སེམས་འགྱུར་གང ། །རྡོ་རྗེ་སེམས་དཔའ་ཡང་དག་བྱུང ། །བསྡུ་བའི་དངོས་པོ་བཞི་པོ་ནི། །རྡོ་རྗེ་རྒྱལ་པོར་ཡང་དག་བྱུང ། །སེམས་ཅན་སྨིན་བྱེད་ཆགས་པའོ། །བྱང་ཆུབ་སྤྱོད་པ་ལེགས་པ་སྟེ། ། དེ་ཉིད་ཅེས་བྱ་དམ་ཚིག་ཆེ། །བྱང་ཆུབ་སེམས་ལས་ཡང་དག་བྱུང ། །སྔོན་གྱི་སྦྱིན་པའི་སྤྱོད་གྱུར་གང ། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །དེ་ནི་རྡོ་རྗེ་གཟི་བརྗིད་བརྗོད། །འབྱུང་པོ་ཀུན་ལ་བྱམས་པ་ནི། །རྡོ་རྗེ་རྒྱལ་མཚན་ཡང་དག་བྱུང ། ། ཆོས་ཀྱི་སྦྱིན་པ་བཞད་པ་སྟེ། །དབང་བསྐུར་བཞི་པོར་བསྟན་པ་ཡིན། །རྫོགས་སངས་རྒྱས་ཀྱི་ཏིང་འཛིན་གང ། །རྡོ་རྗེ་ཆོས་ནི་དེ་ལས་བྱུང ། །ཉོན་མོངས་གཅོད་བྱེད་རྡོ་རྗེ་ཆེ། །རྡོ་རྗེ་རྣོན་པོར་ཡང་དག་བྱུང ། །མངོན་ཤེས་དང་ནི་མཐུ་ལ་སོགས། །དེ་ནི་རྡོ་རྗེ་རྒྱུ་རུ་བརྗོད། །གསུངས་ལ་ སོགས་པ་གྲུབ་པ་ནི། །རྡོ་རྗེ་སྨྲ་བར་ཡང་དག་བྱུང ། །ཡེ་ཤེས་ཆེན་པོ་ཆོས་ཆེན་པོ། །དམ་ཚིག་ཅེས་བྱའི་དགའ་ཆེན་པོ། །ཡེ་ཤེས་མངོན་པར་རྟོགས་ཏེ་དག་།རྡོ་རྗེ་ཆོས་ལས་ཡང་དག་བྱུང ། །བརྩོན་འགྲུས་ཕ་རོལ་ཕྱིན་རྒྱལ་པོ། །རྡོ་རྗེ་ལས་སུ་ཡང་དག་བྱུང ། །ཐེག་པ་
84-1-152a
དམན་པ་སྤོང་བྱེད་པ། །དེ་ཕྱིར་རྡོ་རྗེ་སྲུང་བར་བརྗོད། །ཉོན་མོངས་སྲིད་པའི་གདོན་ཆེན་པོ། །རྡོ་རྗེ་གནོད་སྦྱིན་ཡང་དག་བྱུང ། །དེ་ཉིད་ཡེ་ཤེས་མངོན་བྱང་ཆུབ། །དེ་ཉིད་རྡོ་རྗེ་ཁུ་ཚུར་བརྗོད། །ལས་ཀྱི་དམ་ཚིག་བཞི་པོ་སྟེ། །ལས་ཀྱི་སེམས་དཔའ་བདག་ཉིད་ཆེ། །ལས་ ཀྱི་འཁོར་ལོ་ལས་བྱུང་བའི། །རྡོ་རྗེ་ལས་ནི་དེ་ལས་བྱུང ། །གཞན་ཡང་བྱང་ཆུབ་སེམས་ནི་བསྐྱེད་པ་ལས། །རྡོ་རྗེ་སེམས་དཔའ་ཡང་དག་བྱུང ། །རྡོ་རྗེ་རང་བཞིན་སེམས་དེ་ཡང ། །རྣམ་པ་བཞི་རུ་བྱུང་བ་སྟེ། །སྒྲོལ་བ་དང་ནི་གྲོལ་བ་དང ། །དབུགས་འབྱིན་མྱ་ངན་འདས་འགོད་ བྱེད། །སེམས་དཔའ་རྒྱལ་པོ་ཆགས་པ་ཆེ། །རྡོ་རྗེ་ལེགས་པར་ཡང་དག་བྱུང ། །བསོད་ནམས་ཡེ་ཤེས་ཚོགས་ཉིད་ལས། །རྡོ་རྗེ་རིན་ཆེན་རབ་ཏུ་བསྒྲགས། །བསོད་ནམས་རང་བཞིན་རིན་ཆེན་དེ། །རྣམ་བཞི་ཇི་སྐད་བཤད་པ་བཞིན། །ཡེ་ཤེས་ཀྱི་ནི་ཚོགས་བརྗོད་པ། །དེ་ནི་རྡོ་རྗེ་ ཆོས་ཞེས་བྱ། །ཡེ་ཤེས་རང་བཞིན་ཆོས་དེ་ཡང ། །རྣམ་པ་བཞིར་ནི་ཡང་དག་བྱུང ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཉིད། །དེ་ནི་རྡོ་རྗེ་ལས་སུ་བརྗོད། །བརྩོན་འགྲུས་རང་བཞིན་ལས་དེ་ཡང ། །རྣམ་པ་བཞིར་ནི་ཡང་དག་བྱུང ། །རྩོམ་དང་སྦྱོར་བ་ཞེས་བྱ་དང ། །སོ་སོར་རྟོག་དང་སྒྲུབ་ པ་སྟེ། །བརྩོན་འགྲུས་དེ་བཞིན་ལས་བཞི་པོ། །དེ་ལས་མཐར་གྱིས་བྱུང་བ་ཡིན། །སེམས་དཔའ་འདི་རྣམས་གང་ལས་བྱུང ། །རྡོ་རྗེ་སེམས་སོགས་དེ་བཞིན་དུ། །བྱང་ཆུབ་སེམས་ལས་ཡང་དག་བྱུང ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལས། །རྡོ་རྗེ་ཅན་རྣམས་བྱུང་བར་འདོད། །དེ་བཞིན་ ཕ་དང་མ་ནི་གང ། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །པདྨ་ལས་ནི་སངས་རྒྱས་སྲས། །རྡོ་རྗེ་ཅན་རྣམས་གང་ལས་བྱུང ། །རྡོ་རྗེ་རྒྱལ་པོ་དེ་བཞིན་ཆགས། །རྡོ་རྗེ་རིན་ཆེན་རྒྱལ་མཚན་དང ། །རྡོ་རྗེ་ཆོས་དང་དེ་བཞིན་རྣོ། །དེ་རྣམས་ཤེས་རབ་གཙོ་བོར་བསྟན། ། རྡོ་རྗེ་སེམས་དཔའ་རྡོ་རྗེ་ལེགས། །གཟི་བརྗིད་དེ་བཞིན་བཞད་པ་ཉིད། །རྒྱུ་དང་སྨྲ་བ་སེམས་དཔའ་ཆེ། །དེ་རྣམས་ཐབས་ལས་བྱུང་བ་ཡིན། །རྡོ་རྗེ་ལས་དང་རྡོ་རྗེ་བསྲུང ། །གནོད་སྦྱིན་དེ་བཞིན་ཁུ་ཚུར་ཉིད། །ཤེས་རབ་ཐབས་སུ་གྲགས་པ་སྟེ། །བརྟན་པ་ཆེན་པོ་ཚོགས་སུ་བཤད། །རྡོ་
84-1-152b
རྗེའི་རིགས་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ལྕགས་ཀྱུ་མ་རུ་བཤད། །རྡོ་རྗེ་རིན་ཆེན་མཆོག་གྱུར་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་ཕ། །ཕ་ནི་རྡོ་རྗེ་རྒྱལ་པོ་རྒྱུ། །མ་ནི་རྡོ་རྗེ་རྣོན་པོ་སྟེ། །པདྨའི་རིགས་ཆེན་བཟང་པོ་ཡི། །པད་འཛིན་གང་ལས་བྱུང་བའོ། །རྡོ་རྗེ་གཟི་བརྗིད་རིན་ཆེན་ པ། །རྒྱལ་མཚན་མ་ནི་ཡིན་པར་བསྟན། །ནོར་བུ་རིན་ཆེན་བཟང་པོ་ཡི། །རིན་ཆེན་གང་ལས་བྱུང་བའོ། །ཕ་ནི་རྒྱལ་པོ་རྡོ་རྗེ་ལས། །མ་ནི་གནོད་སྦྱིན་སྲུང་བ་སྟེ། །ལས་ཀྱི་རིགས་ཅན་བཟང་པོ་ཡི། །ལས་རྣམས་གང་ལས་བྱུང་བའོ། །དང་པོ་གང་ཞིག་ཅི་ཞེ་ན། །དངོས་ཀུན་དང་ པོ་ས་བོན་ཏེ། །རྡོ་རྗེ་ཅན་ཀུན་དང་པོ་སེམས། །འདུན་དང་དྲན་དང་ཏིང་ངེ་འཛིན། །རིགས་རྣམས་ཀུན་གྱི་དང་པོར་བཤད། །ཡང་གླེང་གཞི་ཅི་ཡིན་ཞེ་ན། །རིགས་བཞི་ལས་ནི་ཡང་དག་བྱུང ། །ཚངས་བའི་གནས་ཆེན་དང་ལྡན་པའི། །སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱི། །སྙིང་རྗེ་ ཆེན་པོ་གླེང་གཞི་ཡིན། །དམིགས་པ་གང་ཞིག་ཡིན་ཞེ་ན། །རྟོག་པ་མེད་ཅིང་དམིགས་པ་མེད། །དང་པོར་བྱང་ཆུབ་སེམས་བྱུང་བའི། །ཕ་རོལ་ཕྱིན་པ་མཆོག་དྲུག་ནི། །དེ་ཡི་དམིགས་པ་ཡིན་པར་བཤད། །རྐྱེན་གང་ཞེ་ན། རྟག་ཏུ་སྲིད་གསུམ་མངོན་དགའ་བ། །སེམས་ ཅན་སྡུག་བསྔལ་གྱུར་བལྟས་ནས། །སྙིང་རྗེ་དང་ནི་ལྡན་པ་ཡི། །བྱང་ཆུབ་སེམས་ཀྱིས་བསྐུལ་བའོ། །གསང་བ་འདི་ནི་གང་དུ་བྱུང ། །འོག་མིན་སྟུག་པོ་ཉམས་དགའ་ཞིང ། །སྟུག་པོའི་ཞིང་ཁམས་འཇིགས་མེད་པ། །དེ་ནས་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ ལོངས་སྤྱོད་ཚུལ་འདི་བྱུང ། །ཁྱབ་བདག་འདི་རྣམས་གང་ནས་བྱུང ། །རྡོ་རྗེ་རིན་ཆེན་མཆོག་ཆེན་གྱི། །གཞལ་ཡས་ཁང་པ་ཡིད་འོང་ཞིང ། །སངས་རྒྱས་རྣམས་ཀྱི་ཆོས་ལྡན་པ། །དེ་ནས་ཁྱབ་བདག་འདི་རྣམས་བྱུང ། །ཐོག་མ་ཐ་མ་མེད་འདི་ཅི། །གསང་བའི་དབང་ཕྱུག་ཆེན་པོ་ གསུང ། །སེམས་ཅན་ཀུན་གྱི་ཤེས་པ་དང ། །དེ་བཞིན་གཤེགས་པའི་སྙིང་པོ་དང ། །ཆོས་དབྱིངས་རྡོ་རྗེ་ཆེན་པོ་སྟེ། །ཐོག་མ་ཐ་མ་མེད་པར་བཤད། །རབ་ཏུ་དགའ་བ་ཉིད་འདི་ཅི། །བདེ་ཆེན་རབ་ཏུ་གྲུབ་བྱའི་ཕྱིར། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །
84-1-153a
རབ་ཏུ་དགའ་བ་ཉིད་ཅེས་བཤད། །རབ་བཟང་ཉིད་ནི་ཇི་ལྟ་བུ། །དངོས་པོ་ཀུན་མཆོག་རྡོ་རྗེ་ནི། །བྱང་ཆུབ་ཀྱི་ནི་སེམས་ཞེས་བརྗོད། །སངས་རྒྱས་སྐྱེད་བྱེད་བཟང་པོ་ཡི། །རྡོ་རྗེ་རབ་བཟང་ཉིད་ཅེས་བཤད། །རྡོ་རྗེ་སྙིང་བདག་ཇི་ལྟ་བུ། །གདུལ་བྱ་འཕགས་པའི་སྐྱེས་ མཆོག་ཉིད། །དེ་ནི་རྡོ་རྗེ་སྙིང་པོར་བརྗོད། །དེ་རྣམས་བདག་པོ་རྒྱལ་པོ་ནི། །རྡོ་རྗེ་སྙིང་པོ་བདག་པོར་བཤད། །ཅི་ཡི་ཕྱིར་ན་ཀུན་དུ་བཟང། །བྱང་ཆུབ་སེམས་དཔའི་གནས་ལྡན་པའི། །འགྲོ་བ་སྲིད་པའི་སྐྱེ་གནས་གང ། །དེ་ཀུན་རྟག་ཏུ་བཟང་བས་ན། །ཀུན་དུ་བཟང་པོར་བརྗོད་པར་བྱ། ། རྡོ་རྗེ་རྡོ་རྗེ་འཆང་བ་གང ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་གང་དེ་རྡོ་རྗེ་འཆང ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྡོ་རྗེ་རྡོ་རྗེ་འཆང་བར་བརྗོད། །དང་པོའི་རིགས་ནི་ཇི་ལྟར་བྱུང ། །སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱིས། །གྲགས་ཆེན་རྫོགས་པར་བྱང་ཆུབ་པ། །དེ་ནི་དང་པོའི་རིགས་ བྱུང་སྟེ། །དེ་ཁོ་ན་ཉིད་རིགས་ལས་སོ། །ཡང་ན་རབ་ཏུ་མཁས་པ་རྣམས། །བསྐལ་པ་གྲངས་མེད་འདས་ནས་ནི། །རབ་ཏུ་དགའ་བའི་ས་ཐོབ་གང ། །དེ་ནི་དང་པོའི་རིགས་བྱུང་ཡིན། །ཆོས་ཀུན་སྐྱེ་བ་མེད་པ་དང ། །འབྱུང་བ་ཇི་ལྟར་རུང་བར་འགྱུར། །དེ་ཉིད་རྟོགས་ཤིང་ཤེས་པ་ཡིས། ། ཆོས་རྣམས་ཐམས་ཅད་རྟོག་པ་མེད། །ཆོས་དང་གང་ཟག་བདག་མེད་ལས། །རིགས་དེ་བྱུང་བ་ཉིད་དུ་འདོད། །ཆོས་རྣམས་འགའ་ཡང་སྐྱེ་བ་མེད། །ཆོས་རྣམས་འགག་པར་འགྱུར་བ་མེད། །རྣམ་པར་རྟོག་པ་ཉེར་ཞི་གང ། །དེ་ཉིད་སངས་རྒྱས་རིགས་ཆེན་ཡིན། །བྱང་ཆུབ་སེམས་ དཔའ་ཅི་ཡིན་བརྗོད། །ཆོས་རྣམས་ཐམས་ཅད་རྟོགས་པ་དང ། །འཁོར་བའི་གནས་ལས་སད་གྱུར་ཅིང ། །སེམས་ཅན་རྣམས་ཀྱིས་རྟོགས་བྱེད་པ། །དེ་ནི་བྱང་ཆུབ་སེམས་དཔར་བརྗོད། །ཅི་ཕྱིར་སངས་རྒྱས་བརྗོད་པར་བྱ། །དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་ རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང ། །དེ་ནི་རྟོགས་པས་སངས་རྒྱས་བརྗོད། །དེ་བཞིན་གཤེགས་པ་ཅི་ཡིན་བརྗོད། །ཆོས་ཀྱི་དེ་ཉིད་ཡང་དག་གནས། །སླར་ཡང་གཞན་དུ་མི་འགྱུར་ཞིང ། །དེ་ཉིད་ལམ་ནི་སྟོན་བྱེད་པ། །དེ་ནི་དེ་བཞིན་གཤེགས་ཞེས་བྱ། །བཅོམ་
84-1-153b
ལྡན་འདས་ནི་ཅི་ཡིན་བརྗོད། །ལས་དང་ཉོན་མོངས་དེ་བཞིན་སྐྱེ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང ། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །དེ་ཡི་བཅོམ་པ་ཅི་ཡིན་བརྗོད། །བཅོམ་ལྡན་དེ་བཞིན་བཅོམ་པར་བརྗོད། །འདོད་པའི་ འདོད་ཆགས་གཅོད་བྱེད་ཅིང ། །ཉོན་མོངས་འཇོམས་ཤིང་ཕམ་བྱེད་པ། །དེ་ནི་དེ་ཡི་བཅོམ་པར་བརྗོད། །དེ་བཞིན་སྟོན་པའི་སྟོན་པ་ཅི། །ཉོན་མོངས་བདུད་སོགས་གཅོད་བྱེད་ཅིང ། །སྐྱེ་དགུ་མ་ལུས་ཐབས་ཆེན་གྱིས། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་པ། །སྟོན་པའི་སྟོན་པར་བརྗོད་པ་ ཡིན། །ཅི་ཡི་ཕྱིར་ན་ཡེ་ཤེས་བརྗོད། །དེ་ཉིད་ཤེས་པས་ཡེ་ཤེས་ཏེ། །སླར་ཡང་ཆོས་སུ་རྟོག་པ་མིན། །རྟག་དང་ཆད་པ་སྤོང་བྱེད་ཅིང ། །འཆི་མེད་དེ་བཞིན་ཡེ་ཤེས་ནི། །ཤེས་རབ་ཡེ་ཤེས་ཅི་ཡིན་བརྗོད། །རྣམ་པ་མང་པོ་ཤེས་བྱེད་ཅིང ། །རྟོགས་པས་སྡུག་བསྔལ་ལས་གྲོལ་ བྱེད། །ཀུན་ནས་ཉོན་མོངས་ཆོས་སྤོང་པ། །ཤེས་རབ་ཡེ་ཤེས་ཞེས་སུ་བརྗོད། །ཅི་ཕྱིར་ཤེས་རབ་བརྗོད་པར་བྱ། །རབ་སྦྱོར་སྦྱོར་བ་ཤེས་འགྱུར་ཞིང ། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་རབ་ཤེས་རབ་ཤེས་སུ་བཤད། །ཤེས་རབ་ཕ་རོལ་ཕྱིན་དོན་ ཅི། །ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་གཞོལ་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཚུལ་ཞེས་བྱ་དོན་ཅི་ཡིན་བརྗོད། །ན་ནི་དགག་པའི་དོན་ཆེན་ཏེ། །དངོས་མེད་དངོས་པོ་མེད་མིན་པས། །གང་དུ་དྲི་མ་མེད་གྱུར་པ། །དེ་ནི་ དེ་ཡི་ཚུལ་དུ་བརྗོད། །ཏིང་འཛིན་དོན་འདི་ཅི་ཡིན་བརྗོད། །ཆོས་ཀུན་དངོས་པོ་མེད་ཅེས་པའི། །མཉམ་པ་ཉིད་དུ་རབ་གནས་པའི། །ཤེས་རབ་ཅན་གྱིས་ལྷག་པར་བསྟེན། །སེམས་ལ་དམིགས་པར་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་བསམ་གཏན་བརྗོད། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་ ཅིང ། །ཉོན་མོངས་དྲ་བ་རབ་འཇོམས་པའི། །ཤེས་རབ་བཅས་པར་སེམས་པ་ནི། །སྲིད་པ་འཇོམས་པར་བྱེད་པའི་མཆོག་།རྣལ་འབྱོར་དོན་ནི་ཅི་ཡིན་བརྗོད། །ཆོས་རྒྱ་ཆེན་པོ་དམ་པ་དང ། །ཟབ་མོའི་མཆོག་ཏུ་གྱུར་པ་དེས། །ཀུན་ཤེས་ཀུན་རིག་ལྡན་འབྱོར་པའི། །རྣལ་འབྱོར་དུ་ནི་བརྗོད་
84-1-154a
པར་བྱ། །རྣལ་འབྱོར་པ་ནི་ཅི་ཡིན་བརྗོད། །ཤེས་རབ་ཀྱི་ན་དེས་སེམས་པ། །རྣལ་འབྱོར་རྣལ་འབྱོར་དོན་སེམས་ཤིང ། །སེམས་ཅན་ཀུན་གྱི་དོན་སེམས་གང ། །དེ་ནི་རྣལ་འབྱོར་པ་དོན་བརྗོད། །ང་ནི་ཀུན་གྱི་རྒྱལ་པོ་ཆེ། །ཐམས་ཅད་རིག་ཅིང་ཐམས་ཅད་སྟེར། ། རྡོ་རྗེ་འཆང་ཆེན་དང་པོ་སྟེ། །བདེ་བ་ཡི་ནི་རྒྱུ་འདི་ཡིས། །དེ་བཞིན་ང་ནི་འཇིག་རྟེན་གསུམ། །ཁམས་གསུམ་རྣལ་འབྱོར་རིག་པའི་མཆོག་།དེ་བཞིན་འཁོར་བ་མྱ་ངན་འདས། །བདེ་འགྲོ་དང་ནི་ངན་འགྲོ་དང ། །འདོད་པ་ལྔ་ལ་ལོངས་སྤྱོད་ཡི་ན། །སྲིད་གསུམ་འདི་ཡི་དོན་ཅི་ ཞིག་།སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྲིད་པ་གསུམ་དུ་བརྗོད་པར་བྱ། །འདོད་དང་གཟུགས་དང་གཟུགས་མེད་ལས། །འདི་ལྟར་ཐམས་ཅད་རིག་པ་མཆོག་།བདག་མེད་བྱེད་པ་པོ་ཡང་མེད། །ཆོས་ཀྱང་ཡོད་པ་མ་ཡིན་ཏེ། །དགེ་དང་མི་དགེ་བྱེད་པ་ཡི། །བག་ཆགས་ ཀྱིས་ནི་ཀུན་དུ་བསྒྲིབས། །ཆོས་ནི་ཐོག་མེད་དུས་ཅན་ཏེ། །བྱེད་པ་པོ་ནི་ཡོད་མ་ཡིན། །རྟོག་པས་ཉམས་པའི་སེམས་ལྡན་པས། །རྒྱུ་དང་འབྲས་བུར་མཐོང་བར་འགྱུར། །ཀུན་གཞི་ས་བོན་ཐམས་ཅད་པ། །དེ་ནི་ཆོས་ཀུན་སྐྱེད་པར་བྱེད། །བསྒོས་ཤིང་བག་ཆགས་དང་ལྡན་ པ། །དེ་ནི་སྲིད་པ་གསུམ་ཞེས་བྱ། །འདོད་པའི་ལས་སྐྱེས་ཁམས་གསུམ་གྱི། །རྒྱུར་ནི་ཀུན་གཞི་དེ་ཉིད་སྣང ། །གཟུགས་དང་གཟུགས་མེད་འགྲོ་བ་ཡི། །ཆོས་རྣམས་ཀུན་གྱི་གནས་ཀྱང་ཡིན། །ཆོས་ཀུན་རྣམ་པར་དག་པའི་ཕྱིར། །ཉེས་པ་ཀུན་དང་བྲལ་བ་སྟེ། །ཐོག་མ་ མེད་འབྱུང་ཆོས་སྙིང་པོ། །བློ་བུར་དྲི་མས་ཉོན་མོངས་འགྱུར། །ང་ནི་ཁོ་ན་ཆོས་ཆེན་པོ། །ང་ནི་ཆོས་ཀྱི་སྙིང་པོར་བ་ཤད། །དེ་བས་ང་ནི་རྒྱལ་པོ་ཆེ། །ང་ནི་སྲིད་པ་གསུམ་དུ་བསྒྲགས། །འཇིག་རྟེན་གསུམ་ནི་ཅི་ཡིན་བརྗོད། །འདོད་པ་འཇིག་རྟེན་དེ་བཞིན་གཟུགས། །གཟུགས་མེད་ པ་ཡི་སྐྱེ་དགུ་རྣམས། །འཇིག་རྟེན་གསུམ་པོ་ཞེས་པ་སྟེ། །རང་བྱུང་ང་ཉིད་ཁོ་ན་ཡིན། །འདོད་པ་ཞེས་བྱ་ཆོས་ཆེན་ཏེ། །དག་པ་བཙལ་བར་བྱ་བའི་ཕྱིར། །གཟུང་འཛིན་ཆོས་རྣམས་ཞེས་བྱ་བའི། །དེ་བཞིན་ཉིད་ལས་སོ་སོར་རྟོག་།ཆོས་ཀྱི་དབྱིངས་དང་དབྱེར་མེད་ཕྱིར། །ང་ནི་
84-1-154b
ཆོས་དེ་དག་པར་བྱེད། །དེ་བས་ང་ནི་རྒྱལ་པོ་ཆེ། །འཇིག་རྟེན་གསུམ་གྱི་བདག་པོར་བསྟན། །ཇི་ལྟར་འདོད་པ་དེ་བཞིན་གཟུགས། །དེ་བཞིན་གཟུགས་མེད་རབ་ཏུ་བསྒྲགས། །སྟོང་པ་ཉིད་དང་དབྱེར་མེད་པའི། །ང་ནི་སྙིང་པོའི་བདག་པོར་བཤད། །ཁམས་གསུམ་པ་ཡི་དོན་ཅི་ ཞིག་།འདོད་ཁམས་དེ་བཞིན་གཟུགས་ཁམས་དང ། །གཟུགས་མེད་པ་ནི་ཉིད་དག་དང ། །ཁམས་གསུམ་བཟང་པོ་འདི་དག་ནི། །རང་བྱུང་ང་ཉིད་ཁོ་ན་ཡིན། །འདི་ནི་ཁམས་དང་རྒྱུ་དང་དོན། །ཁམས་གསུམ་གྱི་ནི་རྒྱུ་སེམས་པ། །སྟོང་དང་མཚན་མ་མེད་བཤད་ཅིང ། །སྨོན་ པ་མེད་པ་ང་ཉིད་བསྟན། །འཁོར་བའི་དོན་ནི་ཅི་ཞིག་ཡིན། །བྱིས་པ་རྣམས་ནི་ཀུན་དུ་འབྱུང ། །དེ་བཞིན་ཡང་དང་ཡང་དུ་འཁོར། །འཁོར་བ་དག་པའི་བདག་ཉིད་དེ། །རང་བྱུང་ང་ཉིད་ཁོ་ན་ཡིན། །གང་ལ་འཁོར་བ་ཡོད་པ་ཡི། །ཆོས་ནི་རྡུལ་ཙམ་ཡོད་མ་ཡིན། །ཡང་དག་མ་ ཡིན་ཀུན་བརྟགས་ཕྱིར། །དེ་ནི་ཐོག་མཐའ་མེད་པ་ཡིན། །མེད་གང་དེ་ནི་སྟོང་པ་སྟེ། །སྟོང་པ་ཉིད་གང་ང་ཉིད་དོ། །དེ་བས་འཁོར་བ་དེ་ཉིད་ནི། །རྡོ་རྗེ་འཆང་རྒྱལ་ང་ཉིད་བསྒྲགས། །མྱ་ངན་འདས་པ་ཅི་ཡིན་བརྗོད། །གང་ཞིག་དེ་བཞིན་ཉིད་རྟག་སྟོང ། །བདེན་བཞི་རང་བཞིན་ བཟང་པོ་ཉིད། །མཚན་ཉིད་དང་ནི་དངོས་པོ་གཟུགས། །མཚན་མ་ཉིད་ཀྱང་རྣམ་པར་སྤངས། །ཚིག་དང་སྒྲ་ཡིས་གཟུང་བྱ་མིན། །རྣམ་པར་རྟོག་པ་ཡོད་མ་ཡིན། །དེ་བས་མྱ་ངན་འདས་སྒྲ་རུ། །ང་ཉིད་ཁོ་ན་རབ་ཤེས་བྱ། །དེ་ཡི་རྟག་པའི་དོན་ཅི་ཞིག་།རྟག་ཉིད་རྟག་ལ་ འབྱུང་གནས་ཏེ། །རྣམ་པར་རྟོག་པ་དང་བྲལ་གང ། །རྟག་པ་དེ་ཉིད་ཁོ་ན་ནི། །མྱ་ངན་འདས་པའི་སྒྲ་རུ་བསྒྲགས། །འཇིག་པ་ཡང་ནི་ཅི་ཡིན་བརྗོད། །གང་ཞིག་འཁོར་བར་མི་འཇུག་ཅིང ། །ཐམས་ཅད་མི་རྟག་པ་ཉིད་དང ། །སྡུག་བསྔལ་འབྱུང་བ་འགོག་བྱེད་པའི། །འཇིག་ པ་མྱ་ངན་འདས་སྒྲ་ཡིན། །དག་པ་ཡང་ནི་ཅི་ཡིན་བརྗོད། །ཡོད་པའང་མ་ཡིན་མེད་པའང་མིན། །དངོས་པོའང་མ་ཡིན་དངོས་མེད་མིན། །བརྗོད་བྱ་རྗོད་བྱེད་མ་ཡིན་མིན། །དག་པ་མྱ་ངན་འདས་ཉིད་ཡིན། །ཐེག་པ་ཆེན་པོ་ཅི་ཡིན་བརྗོད། །སངས་རྒྱས་ཐམས་ཅད་གཤེགས་
84-1-155a
གྱུར་ཅིང ། །ཐེག་པ་ཀུན་ལས་ངེས་རྒྱལ་བ། །ཡང་དག་གྱུར་པའི་སེམས་ཅན་ནི། །ཐེག་པ་ཆེན་པོ་ཞེས་སུ་བསྟན། །མཐུ་དང་ལས་རྣམས་འཇུག་པ་དང ། །ཚོགས་རྣམས་རྣལ་འབྱོར་ངོ་མཚར་རྣམས། །རྒྱ་ཆེ་ཞེས་པ་ཐེག་ཆེན་ཏེ། །སངས་རྒྱས་ཀུན་གྱི་ངོ་ མཚར་མཆོག་།ནམ་མཁའི་དོན་ནི་ཅི་ཞིག་ཡིན། །ས་ཉིད་ཀྱང་ནི་ཅི་ཡིན་བརྗོད། །འབྱུང་བ་མེད་ཅིང་རྫས་ཀྱང་མེད། །སྐྱེ་བ་མེད་ཅིང་འཆི་བ་མེད། །དུས་གསུམ་དངོས་པོ་དང་བྲལ་མཆོག་།ནམ་མཁའ་ཞེས་པའི་སྒྲ་རུ་བསྟན། །ཡང་དང་ཡང་དུ་སྐྱེ་བ་དང ། །དེ་བཞིན་ཉོན་མོངས་ཀུན་ བདག་ཉིད། །གྲངས་མེད་དཔག་མེད་དང་བྲལ་བ། །དེ་ནི་ས་ཉིད་བརྗོད་པར་བྱ། །འབྱུང་བ་ཆེན་པོ་གང་ལས་བྱུང ། །འགོག་པ་ཅི་ཡིན་གང་གིས་བྱེད། །མ་རིག་ཉོན་མོངས་ལ་སོགས་ལས། །འབྱུང་བ་ཆེན་པོ་ཡང་དག་འབྱུང ། །ས་བོན་ཀུན་ལྡན་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ ཉིད་འདོད། །གནས་ནི་ཡོངས་སུ་གྱུར་པ་དང ། །ཀུན་གཞི་ས་བོན་མི་འབྱུང་ཞིང ། །རྟོག་པ་ཐམས་ཅད་དང་བྲལ་བ། །འབྱུང་བ་ཆེན་པོ་འགོག་པ་ཡིན། །རྟོག་པ་ཆེན་པོའི་རྒྱལ་པོ་མཆོག་ཏུ་གསང་ཞིང་སྦས་པ་རྣལ་འབྱོར་ཆེན་པོའི་རྒྱུད། རྡོ་རྗེ་རྩེ་མོ་ལས་ཤིན་ཏུ་གསང་བ་སྟུག་ པོའི་ཚོགས་ཀྱི་ལས་ཐམས་ཅད་བསྡུས་པ་སྟེ། དྲུག་པ་ལས་སེམས་དཔའ་བཅུ་དྲུག་གི་བཤད་པ་ཞེས་བྱ་བ་བཤད་པའི་དང་པོ་རྫོགས་སྟོ།། །།ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །གང་གིས་ཕྱག་རྒྱ་བཅིངས་གྱུར་པ། །དེས་ནི་སྲོག་ཆགས་གདུག་ཀུན་དང ། །འགྲོ་བ་སྡིག་ཅན་ཐམས་ ཅད་དང ། །རྟག་ཏུ་རྒྱས་ནི་བཏབ་པར་འགྱུར། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་འབོད་བྱེད་ཅིང ། །གདུག་པ་ཐམས་ཅད་སྐྲོད་པར་བྱེད། །ཉོན་མོངས་སྔགས་རྣམས་འཇོམས་བྱེདཅིང ། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། །ཅི་ཕྱིར་ཞེ་ན་རིག་སྔགས་བརྗོད། ། འདོད་ཆགས་མུན་པ་རྣམས་འདུལ་ཞིང ། །ཉོན་མོངས་རྣམས་ཀྱང་རྣམ་པར་འདུལ། །མ་རིག་པ་ནི་ཟློག་བྱེད་པ། །ང་ནི་རིག་སྔགས་ལེགས་པར་བརྗོད། །གཟུངས་སྔགས་རྣམས་ནི་ཅི་ཡིན་བརྗོད། །ཆོས་རྣམས་ཀྱི་ནི་རྟེན་བྱེད་ཅིང ། །སྲིད་པའི་ཕྱོགས་ནི་རབ་འཇོམས་བྱེད། །
84-1-155b
སངས་རྒྱས་ཆོས་རྣམས་ཐོབ་བྱེད་ཅིང ། །དགེ་བ་ལ་རྟེན་སྦྱིན་པའང་ཡིན། །ཕྱག་རྒྱ་ཡི་ནི་མཚན་ཉིད་བརྗོད། །སངས་རྒྱས་ཀུན་དང་བརྟུལ་ཞུགས་ལྡན། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྡོ་རྗེ་འཆང་བ་ཐམས་ཅད་དག་།སྤྱོད་ལམ་ཕྱག་རྒྱ་མཚོན་པར་བྱེད། །སྔགས་ རྣམས་ཀྱི་ནི་མཚན་ཉིད་ཀྱང ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང ། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །འཁོར་བར་མྱོང་བའི་སྡུག་བསྔལ་དང ། །འདོད་ ཆགས་ལ་སོགས་ཉེས་པའི་ཚོགས། །རིགས་དང་བཅས་པ་ཞི་བྱེད་པའི། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །དེ་བཞིན་ཁོ་ནར་གཟུངས་སྔགས་ཀྱི། །སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང ། །ཆོས་རྣམས་འཛིན་པར་བྱེད་པ་དང ། །དགེ་བ་ཞེས་བྱ་འཛིན་བྱེད་པ། ། གཟུངས་སྔགས་ཀྱི་ནི་མཚན་ཉིད་བརྗོད། །རྩ་བའི་ཕྱག་རྒྱའི་གནས་ནི་གང ། །ཇི་ལྟར་བཅིང་བྱ་ཐུབ་ཆེན་པོ། །ཕྱག་རྒྱ་དག་ནི་འཆིང་བ་ན། །ཇི་ལྟར་རྡོ་རྗེ་ཅན་ཀུན་མཉེས། །དང་པོ་ཁོ་ནར་ཁྲུས་བྱ་ཞིང ། །དེ་བཞིན་ཕྱོགས་དག་བཅིང་བ་དང ། །ལོག་འདྲེན་རྣམས་ཀྱང་བཅིང་བྱ་ སྟེ། །གོས་དག་གཙང་མ་བགོ་བྱ་ཞིང ། །གྲོང་དང་ཡུལ་འཁོར་དག་དང་ནི། །གྲོང་ཁྱེར་དང་ནི་གྲོང་རྡལ་རྣམས། །དེ་ཡི་དབུས་སུ་ཕྱག་རྒྱ་དག་།ནམ་ཡང་བཅིང་བར་མི་བྱ་སྟེ། །ལྷ་ཁང་ཡང་ན་དགོན་པའམ། །རི་བོ་ཡི་ནི་ཕུག་དག་གམ། །རྣམ་པ་སྣ་ཚོགས་ཀྱིས་ དབེན་ཞིང ། །འདུ་འཛི་མེད་པའི་གནས་གཙང་མ། །དེར་ནི་སྐྱིལ་ཀྲུང་བཅའ་བར་བྱ། །བཀྲ་ཤིས་སྐྱིལ་ཀྲུང་ཉིད་བྱ་སྟེ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སྙིང་པོར་བཅིངས་པ་བཞིན། །དེར་ནི་མིག་དག་བཙུམ་བྱ་ཞིང ། །སོ་ལ་སོ་ནི་གཞག་པར་བྱ། །མཆུ་ གཉིས་དག་ཀྱང་མཉམ་བྱ་ཞིང ། །དྲན་པ་རྩེ་གཅིག་བྱས་ནས་ཀྱང ། །སྦྱོར་མེད་སྦྱོར་བའི་སྔགས་བཟླ་ཞིང ། །ཕྱག་རྒྱ་ཆེན་པོ་བཅིང་བར་བྱ། །ཕྱག་རྒྱའི་རྣམ་པ་དེ་ལྟ་བུའི། །བཅིངས་པས་རྡོ་རྗེ་ཅན་ཀུན་མཉེས། །རིག་སྔགས་ཇི་ལྟར་བཟླ་བར་བྱ། །དབང་ཕྱུག་ཆེན་པོ་གསང་བས་
84-1-156a
གསུངས། །རིག་སྔགས་དག་ནི་ཟློས་པ་ན། །ཇི་ལྟར་ཡིད་ཀྱིས་རྡོ་རྗེ་བཟླས། །སྐྱིལ་ཀྲུང་ཇི་ལྟ་བ་བཞིན་བྱ། །དྲན་དང་ཡིད་ནི་མ་གཡེངས་པས། །རིག་སྔགས་དག་ནི་བཟླ་བྱ་ཞིང ། །སྐུ་ཉིད་ཀྱང་ནི་བསམ་པར་བྱ། །མཆུ་ཡིས་མ་ཡིན་གཅིག་ཀྱང་མིན། ། རྐན་གཉིས་ཀྱིས་ཀྱང་མ་ཡིན་ཏེ། །ལྕེ་དང་ལྐོག་མས་ཀྱང་མ་ཡིན། །རྟག་ཏུ་སྙིང་གནས་ཀྱང་མིན། །ཤིན་ཏུ་ཕྲ་བའི་ཡིད་ཀྱིས་ནི། །སེམས་ནི་ཆོ་ས་ཉིད་ནང་ཆུད་བྱ། །དེ་ལྟར་བཟླས་པ་བྱས་ན་ནི། །ཡིད་ཀྱིས་རྡོ་རྗེ་བཟླས་པ་ཡིན། །ོཾ་ནི་ཅི་ཞིག་ཡིན་པར་བ་ཤད། །མཆོག་ དང་ནོར་སྟེར་དཔལ་དང་གཡང ། །སྐལ་བཟང་རྣམ་པ་དང་ལྡན་ཞིང ། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང ། །གདུག་པ་ སྔངས་ཤིང་གསོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང ། །བདེ་བདག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །སཝཱ་ཧཱ་ཞེས་པ་ཅི་ཡིན་ བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང ། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བྱས་པ་འཕྲོག་བྱེད་ཅིང ། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག་།མཆོད་པ་ཅི་ཕྱིར་བརྗོད་པར་བྱ། །མཆོད་པར་བྱེད་པས་མཆོད་པ་སྟེ། །གང་དུ་གསང་བྱ་མི་འཇིགས་ པའི། །དེ་ཡི་མཆོད་པ་རྣམ་མང་འགྱུར། །ཕྱི་རོལ་གྱི་ནི་མཆོད་པ་མིན། །འདི་ནི་སངས་རྒྱས་ཀུན་གྱིས་མཆོད། །དེ་བཞིན་དུ་ནི་ཐར་པའི་མཆོག་།གསང་བའི་མཆོད་པ་དེ་རྣམས་ནི། །འཇིགས་མེད་རྒྱལ་སྲས་རྣམས་ཀྱི་ནི། །སངས་རྒྱས་ཀུན་གྱི་རང་བཞིན་དང ། །ཉིད་ཀྱི་སྲས་ ཀྱིས་མཚུངས་མེད་པའི། །ཆོ་ག་བསྒྲུབ་པའི་གསང་བ་ནི། །རྟག་ཏུ་རིག་པ་འཛིན་པའི་མཆོག་།དེ་བཞིན་དམ་ཚིག་ཤེས་ཉིད་ཀྱང ། །ཞུགས་པ་གང་དང་གང་ཡིན་པ། །དེ་ནི་དམ་ཚིག་ཤེས་པ་ཡིན། །དམ་ཚིག་གོམས་པར་བྱེད་པ་ཡང ། །དམ་ཚིག་ཤེས་པ་ཡིན་པར་
84-1-156b
བརྗོད། །བསྐལ་པ་གྲངས་མེད་འདས་པ་ཡི། །བྱང་ཆུབ་སེམས་དང་མཚུངས་པར་འགྱུར། །གསང་བའི་དམ་ཚིག་ལ་ཞུགས་པ། །དེ་ཡི་དམ་ཚིག་ཤེས་པར་བརྗོད། །ཅི་ཡི་ཕྱིར་ན་དཀྱིལ་འཁོར་ཡིན། །དམ་པའི་ཆོས་ཀྱི་བཅུད་སྙིང་པོ། །འབྱུང་བས་དེ་ནི་དཀྱིལ་ འཁོར་བརྗོད། །དཀྱིལ་འཁོར་ཆེན་པོ་གསང་བ་ཆེ། །ཆོས་ཆེན་ཤིན་ཏུ་བསྟན་པའོ། །དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བའི་ཐར་པ་ཡང་དག་འབྱུང ། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རབ་དགའ་སྒྲུབ་པར་བྱེད་པའི་མཆོག་།དཀྱིལ་འཁོར་ དུ་ནི་ཞུགས་པ་ཡི། །སྐྱེས་པའམ་ཡང་ན་བུད་མེད་ཀྱིས། །བྱ་བ་གང་ཞིག་བྱ་བ་ནི། །གསུངས་ཤིག་གསང་བའི་དབང་ཕྱུག་ཆེ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང ། །བྱང་ཆུབ་སེམས་ཆེན་བསྐྱེད་པ་དང ། །དེ་བཞིན་དུ་ནི་སྒྲུབ་པའི་མཆོག་།ཤིན་ཏུ་བརྟན་ པར་བྱ་བ་ཡིན། །ཐུབ་པའི་དཀྱིལ་འཁོར་ཞུགས་པ་ལ། །སྡོམ་པ་ཇི་ལྟར་སྦྱིན་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་བླང་མི་བྱ། །འདོད་པས་ལོག་པར་གཡེམ་མི་བྱ། །བརྫུན་དུ་ཡང་ནི་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་དག་འཐུང་ བ་སྤང་བར་བྱ། །བྱ་བ་མ་ཡིན་ཐམས་ཅད་དོར། །མཆོག་ཏུ་སེམས་ཅན་གདུལ་བར་བྱ། །དམ་པ་རྣམས་ལ་རིམ་གྲོ་དང ། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། །མཁས་པ་རྣམས་ལ་བསྟེན་པར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་ དང ། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ཀྱང ། །ཅི་ནུས་པར་ནི་བསྲུང་བར་བྱ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཚུངས། །སྔགས་དང་ཕྱག་རྒྱ་རྣམས་ལ་ཡང ། །ནམ་ཡང་བརྙས་པར་མི་བྱའོ། །འཁོར་ལོ་རྡོ་རྗེ་པདྨ་ སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། །འགོམ་པ་ཉིད་དུ་མི་བྱ་ཞིང ། །བཟའ་བར་ཡང་ནི་མི་བྱའོ། །དེ་བཞིན་སྨན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་གཞག་པར་མི་བྱའོ། །ལྷ་ཡི་ཕྱག་མཚན་བཟང་པོ་དང ། །
84-1-157a
ལྷ་ཡི་བཞོན་པའི་མཚན་མ་རྣམས། །འགོམ་ཞིང་བརྙས་པར་མི་བྱ་སྟེ། །སེམས་ཅན་ལ་ནི་གནོད་མི་བྱ། །དེ་ཡིས་སྲོག་གི་ཕྱིར་ཡང་ནི། །འདོར་བར་མི་བྱ་གང་ཞིག་ཡིན། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་ རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །དཀོན་མཆོག་གསུམ་ལ་དད་པ་ཡང ། །རྣམ་པ་ཀུན་ཏུ་གཏང་མི་བྱ། །སྡོམ་པ་གཏང་བར་མི་བྱའོ། །བདག་ཉིད་གདུང་བར་མི་བྱའོ། །ཁྲུས་ཀྱི་ལས་ནི་ཇི་ལྟར་བྱ། །མི་དགེ་བཅུ་ནི་སྤོངས་ནས་སུ། །དགེ་བ་བཅུ་ནི་སྟེན་བྱེད་ཅིང ། །འབྱུང་ པོ་རྣམས་ལ་ཕན་འདོད་པ། །ནང་གི་བདག་ཉིད་ཁྲུས་སུ་འདོད། །བདག་ཉིད་རབ་ཏུ་དག་བྱའི་ཕྱིར། །བདག་ཉིད་ཕྱག་རྒྱས་རྒྱས་གདབ་ཕྱིར། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིངས། །རྣལ་འབྱོར་པ་ཡི་ཁྲུས་སུ་བརྗོད། །གསང་བའི་ཁྲུས་ལྔ་ཁས་ལེན་པའི། །ཆུ་ཡི་ཁྲུས་ ནི་བྱ་བ་སྟེ། །ལས་འདི་རྣམ་པར་རྟོག་པའི་ཁྲུས། །རྡོ་རྗེ་སློབ་དཔོན་དག་གིས་བྱ། །ཡང་ན་ཆོ་གས་ཁྲུས་བྱ་བ། །མཆོག་ཏུ་ངོ་མཚར་བཤད་བྱ་སྟེ། །དང་པོར་བདག་ཉིད་གོ་བགོ་ཞིང ། །བདག་ཉིད་བཀྲུ་བའི་ཕྱིར་དུ་ནི། །ཁྲོ་བོ་ཡང་ནི་དྲན་པར་བྱ། །དོན་ཀུན་རབ་ཏུ་སྒྲུབ་བྱེད་ པའི། །ཡིག་གཉིས་གོ་ཆ་བཟང་པོ་ཡིན། །རྡོ་རྗེ་གནོད་སྦྱིན་དྲག་ཆེན་དང ། །ཁྲོ་བོ་བདུད་རྩི་འཁྱིལ་བ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་བཛྲ་ཧཱུཾ་ཕཊ། ཨོཾ་ཊུཾ་གོ་ཆའོ། །ོཾ་ཧཱུཾ་ཨཱ་རྡོ་རྗེ་གནོད་སྦྱིན་གྱིའོ། །ོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་འཁྱིལ་པའི་འོ། །རྡོ་རྗེའི་གསང་སྔགས་ འདི་དང་ནི། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །རྡོ་རྗེ་འབར་རབ་བཟོད་དཀའ་བས། །བདག་ཉིད་དག་ནི་འབར་བ་བྱ། །ོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛཱ་ལ་ནི་སཝཱ་ཧཱ། ཆུ་ཡི་ནང་དུ་འཇུག་པ་དང ། །སྙིམ་པ་གསུམ་ནི་བླུགས་པ་དང ། །སངས་རྒྱས་ཀུན་གྱི་རིགས་དག་ལ། །རིག་ སྔགས་འདི་ནི་འདོད་པ་ཡིན། །རིག་སྔགས་མངོན་པར་བཟླས་པ་ཡི། །ས་ཡི་ཕུང་པོ་གསུམ་དག་ནི། །བདག་གི་སྟོད་དང་སྨད་དང་དབུས། །རབ་ཏུ་དག་བྱེད་མཆོག་ཡིན་ནོ། །ོཾ་བྷཱུ་ར་ཛ་ལ་ཧཱུཾ། སངས་རྒྱས་ཐམས་ཅད་རྗེས་དྲན་པས། །རིག་སྔགས་ཐམས་ཅད་མངོན་བཟླས་
84-1-157b
པའི། །ཆུ་ནི་ཕྱག་རྒྱ་ཀུན་གྱིས་བླང ། །རིག་སྔགས་འདི་ནི་གསང་བར་འདོད། །ཕྱོགས་ནི་ཇི་ལྟར་བཅིང་བ་ཡིན། །མེ་ལྷ་རྒྱལ་ཆེན་ཤར་ཕྱོགས་སུ། །ལྷོ་ཡི་ཕྱོགས་སུ་གཤིན་རྗེ་དང ། །ནུབ་ཏུ་རླུང་ལྷ་ཉིད་དང་ནི། །བྱང་དུ་ཆུ་ལྷ་གཞོམ་པར་འདོད། །རྣལ་འབྱོར་པ་ཡིས་གཟུགས་ བཞི་ནི། །ཕྱོགས་བཞི་དག་ཏུ་ངེས་པར་བཅིང ། །དེ་ནས་སྟེང་འོག་མཚམས་རྣམས་སུ། །རྡོ་རྗེ་ནག་མོས་ངེས་པར་གཅད། །བགེགས་བཅིང་བ་ནི་ཇི་ལྟར་ལགས། །རྡོ་རྗེ་ཁུ་ཚུར་རབ་འབར་དང ། །རྡོ་རྗེ་ཉི་མ་ལྟར་འབར་དང ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིས། །བགེགས་བཅིང་ བ་ནི་བརྟན་པར་འགྱུར། །དགའ་བ་ཆེན་པོ་ཇི་ལྟ་བུ། །རབ་ཏུ་གུས་བཅས་ཕྱག་དག་བྱ། །ཕྱག་རྒྱ་བཞི་ཡིས་ཕྱོགས་བཞི་རུ། །ལྔ་པ་བརྩེགས་པའི་ཕྱག་རྒྱ་ཡིས། །སྟེང་དང་འོག་དང་མཚམས་རྣམས་སུ། །བསྟོད་དང་བཅས་པས་ཕྱག་བྱའོ། །རྡོ་རྗེ་སློབ་དཔོན་སྐལ་ཆེན་གྱི། ། མཆོག་ཏུ་གསང་བའི་དམ་པ་ཡིས། །བརྩེགས་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ། །དེ་བཞིན་དུ་ནི་བཅིང་བར་བྱ། །མཆོད་པ་ཇི་ལྟར་ཡིན་ཞེ་ན། །རིག་སྔགས་མངོན་པར་བཟླས་མཆོད་དང ། །ཕྱག་རྒྱ་བཅིང་བ་ལྷུར་ལེན་དང ། །རྣལ་འབྱོར་བསྒོམ་པའི་མཆོད་པ་དང ། །སྒྲུབ་པ་དག་གི་ མཆོད་པའོ། །སྦྱིན་སྲེག་ལས་ནི་ཇི་ལྟ་བུ། །ལུས་ཀྱི་ལས་ནི་རྣམ་གསུམ་དང ། །ངག་གི་རྣམ་པ་བཞི་དག་དང ། །ཡིད་ཀྱི་རྣམ་པ་གསུམ་དག་དང ། །བསྲེག་བྱ་སྦྱིན་སྲེག་མཆོག་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བའོ། །དེ་ནས་རྡོ་རྗེ་རིག་འཛིན་གྱི། །སྙིང་པོ་གསང་བ་ཀུན་ བསྡུས་པའི། །ཤིན་ཏུ་སྦས་པ་དམ་པའི་མཆོག་།དེ་ཁོ་ན་ཉིད་བཤད་པར་བྱ། །རྡོ་རྗེ་སློབ་དཔོན་སྤྱོད་ཆེན་ལྡན། །དཀྱིལ་འཁོར་གསང་བར་རབ་ཏུ་ཞུགས། །སློབ་དཔོན་ལས་ནི་དབང་བསྐུར་ཐོབ། །གསང་དང་དགོངས་པ་ཀུན་ཤེས་ཤིང ། །དཔའ་ཞིང་བརྟན་ལ་བརྩོན་འགྲུས་ཆེ། ། ཡིད་གཞུངས་འཛིན་ཅིང་གསལ་བར་ལྡན། །དུལ་དྲང་བཤེས་གཉེན་ཅན་དག་གིས། །རྡོ་རྗེ་སློབ་དཔོན་ཉིད་བྱའོ། །དང་པོར་ཇི་སྲིད་ཚོགས་བར་དུ། །ཟླ་བའམ་ཡང་ན་ཟླ་བ་ཕྱེད། །ཡང་ན་ལོ་ཡི་བར་དུ་ནི། །རིག་པའི་བརྟུལ་ཞུགས་སྤྱད་པར་བྱ། །གལ་ཏེ་དེ་ནི་སངས་རྒྱས་ཀྱི། །རིག་
84-1-158a
འཛིན་སྒྲུབ་པ་རྣམ་གསུམ་མོ། །ཇི་སྟེ་རྡོ་རྗེ་ཅན་གྱི་ཡིན། །རྣམ་པ་གསུམ་དུ་ངེས་པ་ཡིན། །ནོར་བུ་རིགས་ཅན་བཟང་པོ་ལ། །རྣལ་འབྱོར་བཞི་པོ་ཉིད་བྱའོ། །ཇི་སྟེ་པད་འབྱུང་དག་པ་ལ། །རྣལ་འབྱོར་བཞི་ནི་རབ་ཏུ་བསྒྲུབ། །ཇི་སྟེ་ལས་ཀྱི་རང་བཞིན་བཟང། །ལས་ རྣམས་ཀུན་གྱི་རིགས་ལས་ནི། །སྦྱོར་བ་བཞི་ནི་ཡང་དག་བྱུང ། །རྣམ་པ་བཅཝ་བརྒྱད་དག་ཏུ་འགྱུར། །སྔ་དྲོ་ཕྱི་དྲོ་ཉིན་ཕྱེད་དང ། །ནམ་གྱི་སྟོད་སྨད་གུང་ལ་ནི། །བྱ་བ་ཆེན་པོ་ཀུན་བྱ་སྟེ། །དེ་བཞིན་སངས་རྒྱས་རྡོ་རྗེའི་རིགས། །དང་པོར་རེ་ཞིག་རྣལ་འབྱོར་ཆེས། །ཆེན་པོས་ཕྱོགས་ ཀུན་ཕྱག་བྱ་སྟེ། །རྡོ་རྗེ་རྣལ་འབྱོར་ཆོ་ག་ཡིས། །རྡོ་རྗེ་སློབ་དཔོན་ཉིད་བྱའོ། །ཤེས་རབ་ཆེན་པོས་སངས་རྒྱས་ཀུན། །ཡང་དང་ཡང་དུ་དྲན་བྱ་སྟེ། །བདག་ཉིད་ཆེན་པོས་སངས་རྒྱས་ཀུན། །རྡོ་རྗེའི་སྔགས་ཀྱིས་བསྐུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛེ་པ་སཝཱ་ནཱ་ཡ། ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སཝ་མཱཾ། ཤར་གྱི་ཕྱོགས་སུ་སོང་ནས་ནི། །ཡན་ལག་ཀུན་གྱིས་ཕྱག་བྱས་ཏེ། །རྡོ་རྗེའི་གསང་སྔགས་འདི་ཡིས་ནི། །བདག་ཉིད་དབུལ་བར་བྱ་བ་ཡིན། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེའི་གསང་སྔགས་འདི་ཡིས་ནི། །ལྷོ་ཕྱོགས་སུ་ནི་ཕྱག་བྱས་ཏེ། །སངས་རྒྱས་དག་ནི་ཐམས་ཅད་ལ། །བདག་ནི་དབུལ་བར་བྱ་བ་ཡིན། །དེ་ནས་ནུབ་ཀྱི་ཕྱོགས་སུ་ནི། །སྔགས་འདི་ཡིས་ནི་ཕྱག་བྱས་ཏེ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟ་ ནཱ་ཡ། ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་རྨ་པྲ་བརྟ་ཡཱ་མི། དག་པའི་ཆོས་ཅན་སློབ་དཔོན་ཆེས། །ནུབ་ཕྱོགས་སུ་ནི་ཕྱག་བྱས་ཏེ། །རྡོ་རྗེའི་སྔགས་འདིས་བསྐུལ་བྱ་ཞིང ། །བདག་ཉིད་རབ་ཏུ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ཎེ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། མཆོད་དང་དབང་བསྐུར་ལས་ལྡན་ཞིང ། །བྱང་དུ་ཆོས་ལ་ངེས་སྦྱོར་བས། །བྱང་ཕྱོགས་སུ་ནི་ཕྱག་བྱས་ཏེ། །བདག་ཉིད་རྡོ་རྗེ་ལས་སུ་འགྱུར། །ཤར་དུ་མཆོད་པའི་ལས་ཡིན་ཏེ། །ལྷོ་ཕྱོགས་སུ་ནི་དབང་བསྐུར་བ། །ནུབ་ཕྱོགས་སུ་ནི་ཆོས་ཆེན་
84-1-158b
པོ། །བྱང་དུ་ཆོས་ལ་ངེས་པར་སྦྱོར། །ཐུབ་པ་ཀུན་གྱི་ཉི་མའོ། །མགོན་པོ་ཆེན་པོ་རབ་བཏུད་ནས། །ཕྱོགས་རྣམས་ཀུན་དུ་སྔགས་འདི་ཡིས། །ཕྱག་ནི་རབ་ཏུ་བཙལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི། དེ་ནས་ཇི་སྐད་བཤད་པའི་ཕྱག་ བྱ་བ། །སངས་རྒྱས་ལ་དམིགས་སེམས་ཀྱིས་ནི། །རབ་ཏུ་གུས་བཅས་ཕྱག་རྒྱ་རྒྱ་རྣམས། །མྱུར་དུ་བསྙེན་པའི་སྒྲུབ་པ་ཡིན། །ཕྱག་བྱས་འོག་ཏུ་ལངས་ནས་ནི། །བདག་ཉིད་ཀྱིས་ནི་ལས་རྣམས་བྱ། །བདག་ཉིད་དབུལ་བ་བཟང་པོ་ཡི། །སངས་རྒྱས་ཀུན་ལ་དབུལ་བྱ་སྟེ། །མ་ལུས་ ཕྱོགས་བཞུགས་མཆོག་གྱུར་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདི་ལྟར་ཉེ་བར་ཞི་བ་བདག་།ཅི་ནས་རྡོ་རྗེ་ཉིད་གྱུར་མཛོད། །རྡོ་རྗེའི་རིགས་ཀྱི་མཆོག་གྱུར་པ། །སངས་རྒྱས་སྲས་བཅས་ཐམས་ཅད་ལ། །རྟག་ཏུ་རྣམ་པ་ཐམས་ཅད་ཀྱིས། །བདག་ཉིད་དག་ནི་ དབུལ་བར་བྱ། །རྡོ་རྗེའི་གསང་སྔགས་དེ་ཡིས་ནི། །བདག་ཉིད་དབུལ་བར་འགྱུར་བ་ཡིན། །སངས་རྒྱས་སྲས་བཅས་ཐམས་ཅད་ནི། །ཡང་དང་ཡང་དུ་རྗེས་དྲན་ཏེ། །སྡིག་པ་ལ་སོགས་ཉོན་མོངས་ཀུན། །མྱ་ངན་འདས་པར་བཤགས་པར་བྱ། །སྐྱེ་བ་འདི་འམ་གཞན་དག་གི་། སྡིག་པ་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི། །བསོད་ནམས་ཡེ་ཤེས་ཚོགས་བསྐྱེད་དང ། །དེ་བཞིན་སེམས་ཅན་ཀུན་གྱི་ལ། །རྗེས་སུ་ཡི་རང་བྱ་བ་ཡིན། །བྱང་ཆུབ་མྱ་ངན་མི་འདའ་བར། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །བྱང་ ཆུབ་སེམས་ནི་ཐབས་ཆེན་གྱིས། །སེམས་ཅན་སངས་རྒྱས་རྗེས་དྲན་བྱ། །ཤིན་ཏུ་ངོ་མཚར་མཆོད་པ་ནི། །ཅི་ནུས་པར་ཡང་བསྒྲུབ་པར་བྱ། །ཡང་ན་མྱ་ངན་འདའ་སོགས་དང ། །རྣལ་འབྱོར་དགེ་བ་སོགས་པ་ལ། །ངོ་མཚར་གྱུར་པའི་མཆོད་པ་ཡིས། །མཆོད་པའི་སྤྲིན་དག་ དབུལ་བར་བྱ། །གནས་འདི་འམ་ནི་གཞན་དག་ན། །ལྷ་སོགས་བདག་གིར་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐབས་ཆེན་སངས་རྒྱས་ཐམས་ཅད་དང ། །དེ་ཡི་འོད་ཀྱི་དཀྱིལ་འཁོར་ནས། །ཐུབ་པའི་དབང་པོ་རྣམས་ལ་དབུལ། །རྡོ་རྗེའི་རྣལ་འབྱོར་འདི་
84-1-159a
ཡིས་ནི། །མེ་ཏོག་མཆོདཔས་རབ་མཆོད་ཅིང ། །ཕྱག་རྒྱ་རྣལ་འབྱོར་བཅས་པ་ཡིས། །ཕྱོགས་རྣམས་ཀུན་དུ་ངེས་པར་སྤྲོ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུཾ། གང་དག་སྤོས་ཀྱི་ཤིང་བཟང་པོ། །ཐུབ་པའི་དབང་ཕྱུག་རྣམས་ལ་དབུལ། ། ལྷ་ཡི་སྤོས་སོགས་རྨད་བྱུང་བ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲི་ཡི་ཞིང་རྣམས་བཟང་པོ་ནི། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །ཕྱག་རྒྱར་བཅས་རབ་བསྐུལ་ནས་ནི། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། ། ོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རིན་ཆེན་རང་བཞིན་རྒྱ་མཚོ་དང ། །རིན་ཆེན་རི་བོ་ལ་སོགས་མཆོག་།མཆོད་པའི་སྤྲིན་ནི་སྤྲོ་བ་ཡིས། །ཕྱོགས་རྣམས་ཀུན་དུ་དབུལ་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱངྒ་རཏྣ་ཨ་ལཾ་ཀཱ་ར་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ ཡེ་ཧཱུཾ། རྩེད་འཇོ་བདེ་བ་དགའ་ཆེན་དང ། །དགོད་དང་སྒེག་ལ་སོགས་པའི་ཚོགས། །ཕྱོགས་རྣམས་ཀུན་དུ་ཐམས་ཅད་ནས། །དགའ་བའི་མཆོག་ནི་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱ་ར་ཏི་ཀྲཱི་ཌཱ་སོོ་ཁྱ་ཨ་ནུཏྟ་ར་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གོས་དང་རྒྱན་སོགས་འབྱུང་ བ་ཡི། །དེ་བཞིན་དཔག་བསམ་ཤིང་བཟང་པོ། །རྡོ་རྗེ་སྔགས་ནི་བརྗོད་བྱ་ཞིང ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་བསྟྲ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རིན་ཆེན་བཟང་པོ་ཆེར་འབར་དང ། །སྣང་བའི་ཤིང་ལས་བྱུང་བ་དང ། །ཟླ་ བ་ཉི་མ་ལ་སོགས་འོད། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ལོ་ཀ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུཾ། སེམས་ཅན་ཀུན་གྱི་སྡུག་བསྔལ་ཆེ། །ཡང་དང་ཡང་དུ་རྗེས་དྲན་ནས། །སྙིང་རྗེ་བསྐྱེད་པའི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །བྱང་ ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙི་ཏྟ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སེམས་ཅན་ཀུན་ལ་བདེ་ལེགས་དང ། །འབྱུང་པོ་ཀུན་ལ་
84-1-159b
བྱམས་པ་དང ། །དུད་འགྲོ་ཀུན་ལ་མི་འཇིགས་སྦྱིན། །ངན་འགྲོ་ཐམས་ཅད་ཞི་འདོད་དང ། །བྱམས་དང་སྙིང་རྗེ་བཏང་སྙོམས་དང ། །དགའ་བ་ཚངས་པའི་རྣལ་འབྱོར་བྱུང ། །རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞིང ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ ར་མ་ཧཱ་ཙ་ཏུར་བྲ་ཧྨ་བི་ཧཱ་ར་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྦྱིན་པའི་ཕ་རོལ་ཕྱིན་སྤྱོད་པས། །སེམས་ཅན་ཐམས་ཅད་དཔལ་དང་ནི། །ནོར་དང་ལྡན་པ་གྲུབ་པར་ཤོག་།བདེ་བ་མ་ཚང་མེད་པར་ཤོག་།ཅེས་པས་དབུལ་ཞིང་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་ པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སེམས་ཅན་ཐམས་ཅད་བྱང་ཆུབ་དང ། །སྡོམ་ལ་རབ་ཏུ་གནས་པར་ཤོག་།རྒྱགས་སོགས་ཉེས་པ་ཆེན་པོ་རྣམས། །ཞི་འགྱུར་ཀུན་དུ་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་ མ་ཡེ་ཧུཾ། འཇིགས་དང་འཁོན་སོགས་སྡུག་བསྔལ་ལས། །སྩོགས་པའི་འཇིགས་ཀུན་ཞི་གྱུར་ཅིག་།བྱམས་དང་ལྡན་པའི་རྣལ་འབྱོར་གྱིས། །ཆོས་ལ་བདག་མེད་བསྒྲུབ་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵཱ་ན་ཏི་པཱ་ར་མི་ཏཱ་པཱ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ ས་མ་ཡེ་ཧཱུཾ། འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག་།དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པ་བྱེད་པར་ཤོག་།ོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་ར་པ་རི་ཏྱཱ་ག་ཨ་ནུཏྟ་ར་བཱིརྱ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུཾ། སྲོག་ཆགས་ ཀུན་གྱི་འདོད་ཆགས་སོགས། །ཉོན་མོངས་ཆེན་པོ་ཞི་བར་ཤོག་།སེམས་ཅན་ཐམས་ཅད་གཡེང་མེད་ཅིང ། །བསམ་གཏན་བཞི་དང་ལྡན་པར་ཤོག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུཾ། སངས་རྒྱས་ཡེ་ཤེས་ཤེས་རབ་ཆེ། ། སྡུག་བསྔལ་གཅོད་བྱེད་བླ་ན་མེད། །ཤེས་རབ་སྦྱོར་བས་དག་བྱེད་པའི། །སངས་རྒྱས་སེམས་ཅན་དག་གྱུར་ཅིག་།ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨ་ས་མ་ནྟ་ཛྙཱ་ན་མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུཾ། སྟོང་གསུམ་གྱི་ནི་
84-1-160a
རྡུལ་སྙེད་ཀྱི། །བདག་ཉིད་ཀྱིས་ནི་རྣམ་བསམ་ཞིང ། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྟོང་གསུམ་གྱི་ནི་རྡུལ་སྙེད་ཀྱི། །བདག་ཉིད་ ཀྱིས་ནི་རྣམ་བསམ་ཞིང ། །ལྕེ་ནི་དེ་སྙེད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་རྣལ་འབྱོར་དེ་ཉིད་ཀྱི། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། ། སངས་རྒྱས་ཀུན་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གྲགས་ཆེན་ལྡན་པའི་སངས་རྒྱས་རྣམས། །མ་ལུས་ཀུན་ལ་མཆོད་ནས་ནི། །དགེ་བ་དག་ནི་བསྡུས་བྱས་ནས། །སེམས་ཅན་དོན་དུ་བསྔོ་བར་བྱ། །སངས་རྒྱས་ ཐམས་ཅད་རྗེས་དྲན་ནས། །སེམས་དཔའི་སྐྱིལ་ཀྲུང་བཅའ་བར་བྱ། །བྱམས་སོགས་རྣལ་འབྱོར་ཆེན་པོ་རྣམས། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །གོ་ཆ་མཆོག་གི་ཡིག་གཉིས་ཀྱིས། །བློ་ལྡན་བདག་ཉིད་གོ་བགོ་ཞིང ། །རིག་སྔགས་གང་ཞིག་མངོན་འདོད་པའི། ། རིག་སྔགས་དེ་ནི་བཟླ་བར་བྱ། །རྒྱུད་ཆེན་གསང་བ་འདི་རུ་ནི། །རྣལ་འབྱོར་ཆེན་པོའི་སྔགས་བཟླས་པ། །བརྒྱ་རྩ་བཅུ་རུ་བཤད་པ་ཡིན། །ཡང་ན་ཉི་ཤུ་རྩ་གཅིག་གོ། །ཆོ་གའི་སྦྱོར་བ་འབྲིང་ལ་ནི། །ཐུན་མོང་དུ་ནི་རྣམ་ལྔར་བཤད། །གང་གིས་སྡིག་ཅན་འགྲུབ་འགྱུར་ བའི། །གསང་བའི་བཟླས་པ་རྣལ་འབྱོར་ཆེ། །དེ་བཞིན་གཤེགས་པའི་རིགས་མཆོག་ལ། །བཟླས་པ་འདི་ནི་མཆོག་ཡིན་ནོ། །བཀྲ་ཤིས་སྐྱིལ་ཀྲུང་བཅས་ནས་ནི། །སེམས་ཀྱིས་སངས་རྒྱས་ལ་དམིགས་ནས། །བློ་དང་ལྡན་པ་བདག་ཉིད་ནི། །རྟག་ཏུ་ཀུན་ མཁྱེན་སངས་རྒྱས་བསམ། །གཙུག་ཏོར་ལ་སོགས་མཚན་བཟང་དང ། །ལྡན་པར་བདག་གིས་ལུས་བསམས་ཏེ། །སངས་རྒྱས་སྙིང་པོ་ནང་འདུག་ཅིང ། །ང་ཉིད་སངས་རྒྱས་ཞེས་སུ་བསམ། །སངས་རྒྱས་རྣལ་འབྱོར་ལས་བྱུང་བའི། །གང་གིས་འཁོར་ལོ་རྣམ་སྤྲུལ་པ། །
84-1-160b
མངོན་པར་བྱང་ཆུབ་ཆན་པོ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །གདུལ་བྱའི་ཚོགས་ནི་ལོངས་སྤྱོད་པའི། །ཆོས་དང་ལོངས་སྤྱོད་སྤྲུལ་པའང་འགྲུབ། །གནས་ནི་ཡོངས་སུ་གྱུར་བ་ཡིས། །སེམས་ནི་ཀུན་གཞི་ལས་བྱུང་མིན། །བསོད་ནམས་ཡེ་ཤེས་རབ་རྫོགས་ ཕྱིར། །ཟླ་བ་གང་བར་རྣམ་པར་བརྟགས། །ཟླ་བ་གང་བ་དྲི་མེད་པ། །སྙིང་ག་རུ་ནི་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དེ་ལྟ་བུ་ཡི་ཚུལ་མཆོག་གིས། །ཟླ་བ་ཕྱེད་ན་འགྲུབ་པར་འགྱུར། །མཚམས་མེད་ལྔ་པོ་བྱེད་ པ་ཡང ། །ལོ་གཅིག་ན་ནི་འགྲུབ་པར་འགྱུར། །ཇི་སྲིད་སྐྱོ་བར་མི་འགྱུར་བའི། །དེ་སྲིད་རྣལ་འབྱོར་ཆེན་པོས་བཟླས། །ལུས་ནི་ངལ་བར་གྱུར་པ་ན། །ཕྱག་རྒྱ་བཅིང་བ་བརྩམ་པར་བྱ། །དེ་བཞིན་གཤེགས་པའི་རིགས་བཟླས་པའི། །དེ་ཚེ་བྱང་ཆུབ་མཆོག་བཅིང་ བྱ། །ཡང་ན་ཆོས་འབྱུང་ཞེས་པའམ། །ཤིན་ཏུ་རྨད་བྱུང་དཔལ་བེའུའོ། །དེ་ནས་རྡོ་རྗེའི་རིགས་བཟླས་པ། །ཕྱག་ན་རྡོ་རྗེ་རང་བདག་ཉིད། །བྱང་ཆུབ་སྙིང་པོ་ལ་གནས་བདག་།བདག་ནི་ཕྱག་ན་རྡོ་རྗེ་བསྟན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་ནི་རྣམ་ པར་བསྒོམ། །གསང་ཆེན་རྡོ་རྗེའི་དབུས་སུ་ནི། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དེ་ནས་པདྨའི་རིགས་བཟླས་པ། །པདྨ་སེམས་དཔའ་རང་བདག་ཉིད། །ཟླ་བའི་དབུས་སུ་པདྨ་ཆེ། །པདྨའི་དབུས་སུ་ཡི་གེ་རྣམས། །དེ་བཞིན་རིན་ཆེན་རིགས་བཟླས་པའི། །རིན་ཆེན་ རྒྱལ་པོ་རང་བདག་ཉིད། །ཟླ་བའི་དབུས་སུ་རིན་ཆེན་ཆེ། །རིན་ཆེན་དབུས་སུའང་ཡི་གེ་རྣམས། །དེ་ན་ལས་ཀྱི་རིགས་བཟང་པོ། །རྣལ་འབྱོར་དོན་ཀུན་སྒྲུབ་བྱེད་ལ། །སངས་རྒྱས་སྙིང་པོ་རང་བདག་ཉིད། །རྡོ་རྗེ་ལས་སུ་རྣམ་པར་བསྒོམ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ ནི། །རིན་ཆེན་རྡོ་རྗེ་རྣམ་པར་བསྒོམ། །རིན་ཆེན་རྩེ་མོ་རྡོ་རྗེ་ཆེ། །དེ་ཡི་དབུས་སུའང་ཡི་གེ་རྣམས། །རིགས་ལྔ་ཡི་ནི་བཟླས་པ་འདི། །གསང་བའི་བཟླས་པ་བརྗོད་པར་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །བཟླས་རྒྱུད་གསང་བ་མཆོག་འཛིན་པ། །དེ་བཞིན་གཤེགས་
84-1-161a
པའི་རིགས་བཟླས་པའི། །སངས་རྒྱས་བདག་ཉིད་བཀྲ་ཤིས་འཛིན། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །སངས་རྒྱས་དེ་ཡི་ཐུགས་དབུས་སུ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །རང་གི་ལུས་ནི་ བདག་མེད་ཅིང ། །ཆོས་དང་གང་ཟག་སྟོང་པ་ཉིད། །སངས་རྒྱས་དེ་དག་གི་གཟུགས་ནི། །བདག་མེད་པར་ནི་རྣམ་པར་བསམ། །ལུས་ནི་སངས་རྒྱས་ཞེས་བརྗོད་པས། །སངས་རྒྱས་དེ་ཡང་ཡོད་མ་ཡིན། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །ཆོས་ཞེས་བྱ་བའི་སངས་ རྒྱས་མེད། །གང་ཟག་ཉིད་ཀྱིས་སངས་རྒྱས་མེད། །སངས་རྒྱས་མེད་པ་ཡང་མ་ཡིན། །ཕ་རོལ་ཕྱིན་དྲུག་ས་བོན་ཏེ། །ཤེས་རབ་ས་བོན་སྦྱོང་མཛད་པའི། །གནས་དང་གནས་མིན་སྐལ་ལྡན་པ། །དེ་ཉིད་བྱང་ཆུབ་བདག་མེད་འཛིན། །དེ་ལྟ་བུས་ནི་གསང་ཆེན་གྱི། །དེ་ བཞིན་གཤེགས་པའི་རིགས་བཟླས་ན། །མྱུར་བར་སློབ་དཔོན་ཆེན་པོ་ཡིས། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །དེ་ནས་རྡོ་རྗེའི་རིགས་བཟླས་པ། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམ། །རྡོ་རྗེ་ དེ་ཡི་ལྟེ་དབུས་སུ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དངོས་མེད་ཅེས་བྱ་རྡོ་རྗེ་དེ། །བྱང་ཆུབ་འབྲས་བུ་གང་ཡིན་པའོ། །གང་ཞིག་རྡོ་རྗེ་ཞེས་སུ་བཤད། །གང་ཞིག་དེ་ཉིད་འགྱུར་མེད་པའི། །ལུས་ཀྱི་དེ་ཉིད་ཅེས་བརྗོད་ལ། །གང་ཞིག་ཆོས་དང་ཆོས་ཉིད་སྟོང ། ། གཟུགས་ལ་སོགས་པའི་ཆོས་ཆེན་པོ། །འབྱུང་བ་ཆེ་སྒྲ་འཛིན་པ་མིན། །ལུས་ནི་གཟུགས་ཞེས་བྱ་བར་བརྗོད། །གཟུགས་ཞེས་བྲ་བར་ཡོད་མ་ཡིན། །གཟུགས་དེ་ཡང་ནི་རྣམ་ཕྱེ་ལ། །ཕྲ་མོའི་འདུ་ཤེས་རྣམ་པར་བསྒོམ། །ཆ་ཤས་སུ་ནི་རྣམ་ཕྱེ་ན། །གཟུགས་ཞེས་ བྱ་བ་ཡོད་མ་ཡིན། །ཆ་ཤས་དེ་མིང་རྣམ་ཕྱེ་ན། །ཆ་ཤས་ཞེས་བྱ་ཡོད་མ་ཡིན། །གཟུགས་ནི་སྟོང་པ་ཞེས་བཤད་དོ། །འདི་དེ་རྡོ་རྗེ་ཞེས་བྱར་བསྟན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ནི། །སྟོང་པ་ཉིད་ནི་རྣམ་པར་བསྒོམ། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །རབ་ཏུ་
84-1-161b
དགའ་བ་བསྒྲུབ་པར་བྱ། །དེ་ནས་རིན་ཆེན་རིགས་བཟླས་པ། །རྡོ་རྗེ་རིན་ཆེན་རིགས་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །སྟོང་ཉིད་ནམ་མཁར་རྣམ་པར་བསྒོམ། །དེ་ནི་ནམ་མཁར་རྣལ་འབྱོར་ཆོས། །རྟོག་པ་དང་བཅས་ཡི་གེ་བསམ། །ཆོས་ཀུན་དངོས་ མེད་ཅེས་བྱ་བ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བརྗོད། །དངོས་མེད་ཅེས་བྱའི་གཟུགས་མེད་དེ། །མཁའ་མཚུངས་སངས་རྒྱས་སྤྱོད་ཡུལ་ལོ། །གང་ལ་གཟུགས་ནི་ཡོད་མིན་པའི། །མིག་ཅེས་བྱ་བ་ཅི་ཡིན་བརྗོད། །མིག་དེ་ཡང་ནི་གང་ཞིག་གི། །མིག་ཅེས་བྱ་བ་ ཡིན་པར་བརྗོད། །བདག་པོ་རྒྱལ་པོ་འདི་གང་ཞིག་།འདི་ཡི་སྐྱེ་བའང་ཇི་ལྟ་བུའི། །འབྱུང་བ་ཆེན་པོ་བཞི་འདུས་ལས། །མིག་གི་དབང་པོ་ཡང་དག་བྱུང ། །མིག་དེ་ལ་ཡང་གཟུགས་མེད་ལ། །ཅི་ཞིག་བྱེད་དེ་ཡོད་པའང་མིན། །མིག་ནི་ཇི་ལྟ་བ་བཞིན་དུ། །ཐམས་ ཅད་གཟུང་དང་འཛིན་པ་སྤངས། །བཟླས་པའི་སྦྱོར་བ་འདི་ཡིས་ནི། །ཆོས་ཆེན་པོ་ཡི་དབང་བསྐུར་འགྱུར། །དེ་ནས་པདྨའི་རིགས་བཟླས་པ། །པདྨའི་སེམས་དཔའ་རང་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །པདྨའི་གཟུགས་སུ་རྣམ་པར་བསྒོམ། ། པདྨ་ཤིན་ཏུ་དག་དེ་ལ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །ཤེས་རབ་ཆེན་པོས་པདྨ་དེ། །ཆོས་ཀྱི་སྙིང་པོར་བསམ་པར་བྱ། །པདྨ་ཆུ་ཡིས་མ་གོས་ཤིང ། །འདམ་གྱི་ཉེས་པས་གོས་མི་འགྱུར། །སེམས་ཅན་ཐམས་ཅད་དེ་བཞིན་དག་།ཆོས་ནི་གཟོད་ནས་མ་སྐྱེས་ པའི། །དེ་བཞིན་གཤེགས་ཉིད་འདི་གང་ཞིག་།ཆོས་དང་ཆོས་ཉིད་སྟོང་གང་ཡིན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །དེ་ནས་ལས་ཀྱི་རིགས་བཟླས་པའི། །ལས་ཀྱི་རྣལ་འབྱོར་རྣམ་པར་བསམ། །སངས་རྒྱས་ རྣམ་འཕྲུལ་འཁོར་ལོ་འདི། །ཆོས་དང་ལོངས་སྤྱོད་ཐོབ་བྱེད་ཡིན། །གང་ལ་ཆོས་ཞེས་བྱ་བ་མེད། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་སྣང ། །ེ་མའོ་སངས་རྒྱས་དེ་དག་སྣང ། །རང་གི་ལས་ཀྱང་སྒྲུབ་པར་མཛད། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །རྡོ་རྗེ་སློབ་དཔོན་དཀའ་
84-1-162a
ཐུབ་ཆེ། །ཚེ་འདི་ཉིད་ལ་དམ་པ་ཡི། །སངས་རྒྱས་ཉིད་ནི་མཆོག་ཐོབ་འགྱུར། །རྡོ་རྗེའི་སྙིང་སོགས་ཕྱག་རྒྱ་ནི། །རྡོ་རྗེའི་རིགས་ལ་བདག་པོར་བཤད། །རིན་ཆེན་ལ་སོགས་དབང་བསྐུར་ཞིང ། །དག་པའི་མཆོག་ནི་པད་མཆོག་འཛིན། །སངས་རྒྱས་ སྐུ་ནི་ཆོས་ཆེན་ལ། །རྡོ་རྗེ་རྣལ་འབྱོར་ངེས་བསྟན་བྱ། །བྱང་ཆུབ་མཆོག་ནི་ཀུན་འདུལ་བ། །འདི་ནི་བཟླས་པ་དམ་པར་འདོད། །དེ་ནས་སློབ་དཔོན་རྡོ་རྗེ་འཛིན། །ཕྲེང་བ་ངེས་པར་བསྟེན་པར་བྱ། །གང་དུ་བཟླས་པ་བྱེ་བ་བྱེད། །རྣམ་གཉིས་རྣམ་གསུམ་ཉུང་བའང་རུང ། ། ཕྲེང་བ་སངས་རྒྱས་ལ་མཛུབ་བ་བཅས། །གུང་མོས་རྡོ་རྗེའི་རྣལ་འབྱོར་སྐྱེས། །སྲིན་ལག་སྟེང་དུ་རིན་ཆེན་སྐྱེས། །མཐེའུ་ཆུང་གིས་ནི་པད་ཁ་ཕྱེ། །ལས་ཀྱི་ཕྲེང་བས་ལས་བྱེད་པ། །སོར་མོ་ཀུན་གྱིས་བྱ་བར་བཤད། །རྡོ་རྗེའི་རིག་པ་འཛིན་པ་ཡི། །འདི་ནི་གསང་བའི་བཟླས་པ་ཆེ། ། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་ཅན་ལ་རུ་དྲཱ་ཀྵ། །ཕྱི་རོལ་རྡོར་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། །པདྨའི་སྙིང་པོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། །ཡང་ན་ཀུན་ལས་མཆོག་གྱུར་པ། །བོ་དེ་ཙེ་དེ་སྲོག་འཛིན་པ། །ལྕགས་ ཀྱི་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱི་ཡང་ནི་བཞིར་འགྱུར་རོ། །རུ་དྲཱ་ཀྵ་ཡི་བྱེ་བ་གཉིས། །མུ་ཏིག་གི་ནི་བརྒྱར་འགྱུར་རོ། །དབང་པོའི་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱི་འབུམ་དུ་འགྱུར་བ་ཡིན། །པདྨའི་བྱེ་བ་བརྒྱ་འགྱུར་བརྗོད། །བོ་དེ་ཙེ་ཡི་གྲངས་མེད་དོ། །ལག་པ་གཡོན་ པས་ཕྱག་རྒྱ་བཅིང ། །གཡས་པ་ཕྲེང་བ་དང་ལྡན་བྱ། །ཇི་ལྟར་སྔར་བཤད་གསང་བ་སོགས། །རྨད་བྱུང་ཆེན་པོའི་བཟླས་པ་བྱ། །ཅི་ཡི་ཕྱིར་ན་བཟླས་པ་བརྗོད། །དགེ་བ་ལ་བརྩོན་རྒྱལ་འགྱུར་ཞིང ། །རྨད་བྱུང་རྣམས་ཀྱང་མཐོང་འགྱུར་ལ། །བྱང་ཆུབ་སྤྱོད་པ་རྒྱལ་ འགྱུར་ཞིང ། །སངས་རྒྱས་རོལ་པ་མངོན་པར་འགྱུར། །བཟླས་པས་སྐྱོན་ལངས་ནས་ནི། །ཕྱག་རྒྱ་དག་ནི་བཅིང་བར་བྱ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །ཕྱོགས་ཀུན་དུ་ནི་འདུད་པར་བཤད། །བྱང་ཆུབ་སེམས་ཚུལ་ཐོབ་བྱེད་པའི། །མདོ་སོགས་གསང་བ་བཀླག་
84-1-162b
པར་བྱ། །བསོད་ནམས་ཚོགས་ནི་བསྐྱེད་པའི་ཕྱིར། །སངས་རྒྱས་མཆོད་པ་ཡང་དག་བྱ། །དེ་ནས་ཟས་ཀྱི་དུས་སུ་ནི། །རྣམ་པ་ཀུན་དུ་ཆང་བུ་སྦྱིན། །སངས་རྒྱས་རིག་པས་མངོན་བསྲུངས་ལ། །བཟའ་བདག་པ་དབུལ་བར་བྱ། །སངས་རྒྱས་བདག་ཉིད་བཟའ་བ་དབུལ། ། ལེགས་པར་བགོས་ནས་བཟའ་བ་དབུལ། །སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉིན་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང ། །པདྨ་བྱེད་པའི་རྣལ་འབྱོར་གང ། །རྣམ་པ་བཞི་པོ་དེ་ལས་སྦྱོར། །སངས་རྒྱས་ཆོས་དང་ཚོགས་ བྱང་ཆུབ། །ཉིན་དང་མཚན་ལ་རྣམ་པ་དྲུག་།རྡོ་རྗེ་དྲིལ་བུ་ཚོགས་སློབ་དཔོན། །རྡོ་རྗེ་ཅན་རྣམས་དེ་བཞིན་དྲུག་།ཟང་ཟིང་མི་འཇིགས་ཆོས་དང་ནི། །བྱམས་པ་ཉིན་ཞག་ཀུན་ལ་ཡང ། །ཆོས་གསུམ་ཚངས་པ་བཞི་ཞེས་པ། །རྣམ་པ་བརྒྱད་དུ་བཟླས་པར་བྱ། །འདི་ཡི་ཆོས་ ཆེན་གསུམ་པོ་ལ། །རྟག་ཏུ་སྙོམས་པར་འཇུག་པར་བྱ། །གསང་མཆོག་དཀྱིལ་འཁོར་མཆོག་དང་ནི། །དེ་བཞིན་ལས་ཀུན་བྱེད་པའོ། །གང་དུ་སྡིག་པར་མི་འགྱུར་བའི། །ཐམས་ཅད་བཟའ་ཞིང་ཐམས་ཅད་ལེན། །ལུས་ནས་ལྷག་མར་གྱུར་བ་སྤང ། །དེ་བཞིན་ དྲི་མ་ཐམས་ཅད་སྤང ། །ཉིན་རེ་ཞིང་ནི་ལན་གསུམ་དུ། །ཁྲུས་གསུམ་བྱ་ཞིང་གསང་བླང་བ། །གོས་ཀྱང་ལན་གསུམ་བརྗེ་བར་བྱ། །གཙང་གོས་ལན་གསུམ་ཡང་ནི་སྦྱིན། །ཤ་དང་ཆང་དང་བཙོང་ལ་སོགས། །དྲི་ངན་ཁ་ཡི་སྒྲེགས་པ་དང ། །འཁྲིག་པ་འདོད་དང་ བསྟེན་པ་དང ། །སེམས་ཅན་འཚེ་ལ་དགའ་མི་བྱ། །བརྩོན་ཞིང་ལས་མཁས་སྤྱོད་པར་ལྡན། །སྒྲིན་ཞིང་དུལ་ལ་དགའ་དང་གཙང ། །བྱ་བ་བྱེད་ཅིང་བླ་མ་འཁུར། །དགེ་ལེགས་རྒྱན་ནི་འཆང་བར་བྱེད། །ཀུན་རྫོབ་དོན་དམ་རྣམ་པ་གཉིས། །བསླབ་པའི་སྡོམ་པ་ བླང་བར་བྱ། །ཆུང་ངུ་བཟའ་ཞིང་བསྙེན་པར་བྱ། །ཁ་ནི་ནང་དུ་ལྟ་ཡིད་ཆེས། །སྔགས་དང་ཕྱག་རྒྱ་རིག་སྔགས་དང ། །གཟུངས་དང་ལྷ་དང་བླ་མ་དང ། །རྡོ་རྗེ་ལ་སོགས་མཚོན་ཆ་བཟང། །ལྷ་ཡི་གནས་དང་ཡང་དག་ལྡན། །འཇིགས་མིན་གཡོ་དང་སྒྱུ་ཅན་མིན། །
84-1-163a
མི་བརྟན་པ་ཡི་བློ་ཅན་མིན། །མྱ་ངན་འདས་ལ་དགའ་བ་མིན། །སེམས་ནི་དབང་པོས་ཕྲོགས་པ་མིན། །བློ་ལྡན་འཇིག་རྟེན་འདིར་མི་དགའ། །དེ་བཞིན་ཕ་རོལ་དགའ་བ་མིན། །ལུས་སྲོག་བཏང་སྙོམས་མི་བྱ་ཞིང ། །བསླབ་པ་ལས་ནི་འདའ་མི་བྱ། ། སྐྲག་ལྡན་ང་རྒྱལ་ལྡན་པ་མིན། །འཇིག་རྟེན་བྱ་བ་འདོད་མི་བྱ། །དེ་ལྟའི་ངོ་མཚར་ཚུལ་ལ་ནི། །རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱ། །སྨྲ་བ་སྤང་ཞིང་བརྗོད་ཆེན་ལྡན། །རྟེན་པ་སྤང་ཞིང་ལེགས་རྙེད་ལྡན། །དཔའ་ཞིང་བརྟན་ལ་བླ་མར་གུས། །སྡིག་པས་འཇིགས་ ཤིང་ཀུན་དུ་བསྡམས། །ཅི་ནུས་ཇི་ལྟར་སྤྲོ་བར་བྱ། །ཟླ་བའམ་ཡང་ན་ལོ་རེའམ། །ཉིན་ཞག་གཅིག་ལ་ལན་གཉིས་སུ། །དེ་བཞིན་བླ་མ་བལྟ་བར་བྱ། །མཚམས་མེད་ལྔ་པོ་བྱེད་པ་ཡང ། །དེ་ལྟ་བུ་ཡི་ཚུལ་གནས་ཤིང ། །ཕྱག་རྒྱ་རྣམ་པ་བརྒྱད་བཅིངས་ནས། །རྟག་ ཏུ་འགྲུབ་པར་འགྱུར་བ་ཡིན། །བརྟུལ་ཞུགས་ཚངས་པར་རྫོགས་གྱུར་ནས། །རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་དུ། །རྡོ་རྗེ་འཆང་བ་སློབ་དཔོན་ལ། །སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །རིག་པ་ཀུན་བདག་རྒྱལ་པོ་སྟེ། །དཀྱིལ་འཁོར་ཀུན་གྱི་དེ་ཉིད་ རིག་།རྣལ་འབྱོར་ཆོ་ག་དེ་ཉིད་ཤེས། །དེ་བཞིན་ལྷ་ཡི་རིགས་རྣམས་མཐོང ། །སྡོམ་པ་བླངས་ཤིང་རྣམ་པར་མཁས། །རིག་པའི་སློབ་དཔོན་དབང་བསྐུར་འགྱུར། །ལམ་རྣམས་ཆེན་པོ་བྱེད་རྒྱལ་པོ། །རིག་པ་ལྡན་ཞིང་དེ་ཉིད་ཤེས། །ཕན་པ་དང་ནི་གནོད་ པར་ཤེས། །ལྷ་ལ་སོགས་པ་ཀུན་དབང་བྱེད། །གནོད་སྦྱིན་འབྱུང་པོ་ལྷ་དབང་སོགས། །རིག་པའི་རྒྱལ་པོ་མངག་གཞུག་པ། །འདི་ནི་ཆོས་ཀྱི་གྲུ་ལ་གནས། །སངས་རྒྱས་མཆོད་པ་ལེགས་མཆོད་བྱེད། །བྱང་ཆུབ་སེམས་དཔའི་ཚོགས་རྒྱལ་པོ། །མཛོད་ འཛིན་རྟག་ཏུ་གསང་བ་འཛིན། །འཁོར་ལོ་གྲོང་ཁྱེར་ཆེན་པོར་གནས། །བྱང་ཆུབ་སེམས་དཔའི་ཚུལ་འཛིན་པའི། །དམ་ཆོས་བཅུད་ཀྱི་སྙིང་པོ་སྐྱེས། །སྙིང་པོ་འཛིན་ཅིང་དཀྱིལ་འཁོར་མཆོད། །དགོངས་པ་དེ་ཉིད་ཚུལ་ཤེས་འདི། །ཐེག་པ་ཆེན་པོའི་ཚུལ་དོན་
84-1-163b
ཤེས། །མཆོད་སྦྱིན་ལྷག་པའི་མཆོད་དམ་པའི། །གསང་བ་ཡི་ནི་དཀྱིལ་འཁོར་བྱ། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱི། །གང་ཞིག་གི་ནི་ཐོག་མ་རུ། །བགེགས་ཀུན་ངེས་པར་འཇོམས་པ་ཡི། །གསང་སྔགས་དྲག་པོ་བརྗོད་པར་བྱ། །བཀྲ་ཤིས་སྡིག་པ་འཇོམས་བྱེད་ པའི། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ཡང ། །ང་ནི་རྡོ་རྗེ་མེ་ལྟར་འབར། །དྲག་པོའི་བཟོད་དཀའ་ཡེ་ཤེས་འཛིན། །དཀྱིལ་འཁོར་མཆོད་པ་བྱ་བ་ནི། །ཡོ་བྱད་ཡོངས་སུ་བརྟག་པར་བྱ། །ཡང་ན་ཕྱི་ནས་བྱེད་པ་ཡིས། །ཅི་རིགས་པར་ནི་བརྟག་པར་བྱ། །དཔག་ ཚད་ལས་ལྷག་མི་བྱ་ཞིང ། །ཁྲུ་དྲུག་ལས་ནི་ཆུང་བ་མིན། །སྒྲུབ་པ་བཅུ་གཉིས་ཞེས་བྱ་སྟེ། །གཞན་ཡང་བྱེད་པ་བཅུ་གཉིས་སོ། །གལ་ཏེ་དེ་ནི་རྒྱལ་པོར་འགྱུར། །དཔག་ཚད་ཀྱི་ནི་ཁྱོན་ཙམ་བྱ། །ཡང་ན་ཀུན་ནས་བཟང་པོ་སྟེ། །ངོས་བཞི་དག་དང་ཡང་དག་ལྡན། ། ཡང་ན་སྒྲུབ་པ་བློན་པོ་ཡིན། །ཁྲུ་སྟོང་ཡོད་པ་མཆོག་ཡིན་ནོ། །ཡང་ན་ཀུན་ནས་བཟང་བ་ཡི། །ཁྲུ་དྲུག་པ་ལས་ཆུང་མི་བྱ། །ཡང་ན་ཚོང་དཔོན་འགའ་ཞིག་གམ། །ཡང་ན་དེད་དཔོན་ཡིན་ཡང་རུང ། །ངོས་བཞི་དག་དང་ཡང་དག་ལྡན། །ལྔ་བ་ལས་ནི་ཆུད་མི་བྱ། ། ཡང་ན་གང་ཞིག་གཞན་དག་གམ། །སྒྲུབ་པ་པོ་དག་ཡིན་ཡང་རུང ། །བཅུ་པ་ལས་ནི་ཆུང་མི་བྱ། །ཟུར་བཞི་དག་དང་ཡང་དག་ལྡན། །རྒྱ་ཆེར་ཡང་ནི་མི་བྱའོ། །ཡང་ན་སྒྲུབ་བྱེད་སློབ་དཔོན་ཡིན། །དྲུག་པ་ལས་ནི་ཆུང་མི་བྱ། །ཡང་ན་དཔག་ཚད་དང་ལྡན་པའོ། ། ཡང་ན་ཡོ་བྱད་ལྡན་པར་བྱ། །གལ་ཏེ་སྒྲུབ་བྱེད་དེ་རྒྱལ་པོ། །རིན་ཆེན་ཕྱེ་མ་རབ་ཏུ་བྱ། །རིན་ཆེན་བཏགས་ལས་ལེགས་བྱ་ཞིང ། །ཤིན་ཏུ་ཁྱད་འཕགས་ཡིད་དུ་འོང ། །ིནྡྲ་ནཱི་ལ་སྔོན་པོ་ཆེ། །ཚོན་རྩི་སྔོན་པོ་རབ་ཏུ་བྱ། །པདྨ་རཱ་ག་རཱ་ག་ཆེ། །ཚོན་རྩི་དམར་པོ་ ཡང་དག་ལྡན། །ཚོན་རྩི་སེར་པོ་མདོག་བཟང་པོ། །དྲི་མ་མེད་པའི་འོད་ཟེར་ལྡན། །ཚོན་རྩི་དཀར་པོ་ལྡན་པ་ཡི། །དཀར་པོ་དག་ནི་ཤེལ་ལས་བྱ། །བཻཌཱུརྱ་དང་བཙོད་མདོག་སྟེ། །ཚོན་རྩི་ལྔ་ཞེས་བྱ་བར་བཤད། །གལ་ཏེ་དེ་ནི་མ་འབྱོར་ན། །རིན་པོ་ཆེ་དང་
84-1-164a
བསྲེས་པས་བྱ། །ཚོང་དཔོན་ཡང་ན་དེད་དཔོན་རུང ། །ཚོན་རྩི་དག་ལ་རབ་ཏུ་བྱ། །ཡང་ན་གཞན་ནི་འགའ་ཞིག་ཡིན། །ཚོན་རྩི་གཞན་ནི་དམ་པར་སྦྱར། །ཐལ་བ་ཡིས་ཀྱང་དུས་ཅི་བཞིན། །འདིར་ནི་སློབ་དཔོན་དག་གིས་བྱ། །རིན་ཆེན་ཕྱེ་མར་ ཡང་དག་ལྡན། །ཡང་ན་ཡོ་བྱད་དང་ལྡན་པ། །གལ་ཏེ་སྒྲུབ་བྱེད་དེ་རྒྱལ་པོ། །སྣ་ཚོགས་བྱེ་བའི་ཚད་དུ་བྱ། །ཡང་ན་འབུམ་དང་ཡང་དག་ལྡན། །སྟོང་ལས་ཉུང་བར་མི་བྱའོ། །སྤོས་དང་མར་མེའི་མཆོད་བསྟོད་དང ། །དྲི་ཡི་བུམ་པ་ཉིད་དང་ནི། །དེ་བཞིན་བུམ་ གང་གཏོར་མ་དང ། །བུམ་པ་རྣམས་དང་མར་མེ་དག་།ཚོང་དཔོན་ཡང་ན་དེད་དཔོན་རུང ། །བཅུ་ལས་ཉུང་བར་མི་བྱའོ། །གཞན་འགའ་ཞིག་ནི་འོངས་ཀྱང་རུང ། །བཅའ་བདག་ནི་སྟོང་ཕྲག་བཅུ། །བཅུ་ལས་ཉུང་བར་མི་བྱའོ། །བཟའ་བདག་ནི་བརྒྱའམ་ སྟོང ། །བཅུ་ལས་ཉུང་བར་མི་བྱའོ། །གཡོས་ཀྱི་རྣམ་པ་ཀུན་དང་ནི། །དེ་བཞིན་དྲི་རྣམས་ཐམས་ཅད་ཀུན། །རོལ་མོ་སྒེག་དང་རྩེད་མོ་དང ། །དེ་བཞིན་ཕུན་སུམ་ཚོགས་པ་ཀུན། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེ་ཚེ་མཆོད་པ་བྱེད་ནས་ནི། །ཅི་ནས་སོང་ནི་ ཁྱེད་ཅག་རྣམས། །གྲུབ་པར་བྱ་ཕྱིར་བརྟུལ་ཞུགས་བརྩམ། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །དག་ཅིང་གཙང་མའི་གོས་གྱོན་ཅིང ། །རྣམ་པར་དབེན་པའི་གནས་འདུག་སྟེ། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །མེ་ཏོག་སྤོས་སྣོད་ལག་ཐོགས་ཤིང ། ། ཕྱོགས་རྣམས་ཀུན་ཏུ་ཕྱག་བྱའོ། །སངས་རྒྱས་ཡེ་ཤེས་མཆོག་ལྡན་པའི། །སངས་རྒྱས་ལ་སོགས་ཀུན་གཤེགས་ཤིང ། །གསང་བའི་སྤྱན་ནི་འགུགས་པ་ཡི། །རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱ། །རྡོ་རྗེའི་སྔགས་དང་ཕྱག་རྒྱ་ཡིས། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། ། དེ་ནས་གནས་ནི་ཡང་དག་བསྒྲུབ། །དབེན་ཞིང་ཀུན་དུ་གཡེང་བ་མེད། །རི་བོ་ཡང་ནི་དགོན་པའམ། །དེ་བཞིན་ཕུག་གི་ནང་དག་གམ། །ཤིང་དྲུང་གི་ནི་གནས་དག་གམ། །ཆུ་བོའི་འགྲམ་མམ་ཡང་ན་ངོགས། །དངོས་གྲུབ་གནས་སུ་འདུག་ནས་ནི། །ལྷ་རྣམས་མྱུར་དུ་གཤེགས་
84-1-164b
པར་འགྱུར། །རྡོ་དང་གསེག་མ་རུས་པར་ལྡན། །ཐལ་བ་ལྗན་ལྗིན་མི་གཙང་བཅས། །རྩུབ་ཅིང་རྩ་བ་ཁྱབ་ལ་སོགས། །དེ་འབྲིར་ས་གཞི་རྣམ་པར་སྤང ། །ཤིན་ཏུ་བཟང་ཞིང་འོད་བཟང་སྣུམ། །ཚད་དང་ལྡན་ཞིང་གསེག་མ་མེད། །འདོམ་གང་ཡང་ན་ཁྲུ་གང་ ཙམ། །དཀྱིལ་འཁོར་གནས་ནི་སྦྱང་བར་བྱ། །གྲོང་དང་ཡུལ་འཁོར་ཉིད་དག་དང ། །གྲོང་ཁྱེར་དག་དང་ལྗོངས་དང་ནི། །རྒྱལ་པོའི་ཕོ་བྲང་ཚོང་དུས་སུ། །དཀྱིལ་འཁོར་ཆེན་པོ་བྱ་བ་མིན། །དེ་འདྲའི་ས་གཞི་བསྒྲུབས་ནས་ནི། །སྟེང་གི་ཆར་ནི་བསྒྲུབ་པར་བྱ། ། འདོམ་གང་ཡང་ན་ཁྲུ་གང་ཙམ། །སྐས་གདང་བཞི་དང་ལྡན་པ་རུ། །སྦྱངས་ཏེ་དེ་ནས་གནས་ཀྱི་ནི། །དབུས་སུ་ཕུར་བུ་གཟུགས་པར་བྱ། །རྡོ་རྗེ་ཕུར་བུའི་སྔགས་དང་ནི། །རྡོ་རྗེ་ཕུར་བུའི་ཕྱག་རྒྱ་ཡིས། །མཆོད་པའི་ས་གཞི་མཛེས་པར་བྱ། །རིག་པ་འཛིན་ པ་བྱེད་པས་བཅག་།བགེགས་བཅིང་བ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཀུན་ཏུ་བཅིང་བར་བྱ། །མེ་དང་གཤིན་རྗེ་ཆུ་དང་ནི། །རླུང་དང་དབང་པོ་རྡོ་རྗེ་ཕྱོགས། །རྡོ་རྗེ་བཟོད་དཀའི་ཕྱག་རྒྱ་དང ། །རྡོ་རྗེའི་སྔགས་ཀྱིས་སྦྱང་བར་བྱ། །མཆོད་གནས་དཔག་ཚད་ ཚད་ཙམ་དུ། །བཅཝ་ལྔ་ནས་ནི་ཡང་དག་བརྩམ། །གཉིས་པའམ་ནི་གསུམ་པ་ཡི། །ཉལ་ཉེས་པར་མི་འགྱུར་རོ། །ཅི་སྟེ་འབྱོར་པ་མེད་ན་ནི། །ཟླ་བ་གཅིག་ཙམ་རབ་ཏུ་སྦྱར། །བཅཝ་ལྔ་ནས་ནི་ཡང་དག་བརྩམ། །བཅཝ་ལྔ་ལ་ནི་རྫོགས་པར་བྱ། །ཅི་སྟེ་ ཟླ་བ་ཕྱེད་ཙམ་དུ། །བཅཝ་ལྔ་ལ་ནི་རྣམ་པར་སྦྱང ། །ཅི་སྟེ་རིངས་ན་ཚེས་བརྒྱད་ནས། །བཅཝ་ལྔ་ལ་ནི་རྫོགས་པར་བྱ། །ཚེས་དགུ་དང་ནི་བཅུ་དང་ནི། །བཅུ་གསུམ་པ་དང་བཅུ་བཞི་པ། །བདུན་པ་ལྔ་པ་ཉིད་དང་ནི། །ཉལ་ཉེས་པར་མི་འགྱུར་རོ། །ཅི་སྟེ་ ཉིན་ཞག་དེ་བརྩམས་ནས། །དེ་ཉིད་ལ་ནི་ཡོངས་རྫོགས་བྱ། །རྣལ་འབྱོར་ཆེན་པོ་དག་བྱའི་ཕྱིར། །རྣལ་འབྱོར་ས་གཞི་རབ་ཏུ་བསྒྲུབ། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །རྣམ་པ་སྣ་ཚོགས་གོས་བགོ་ཞིང ། །རྒྱན་རྣམས་ཀུན་གྱིས་རབ་ཏུ་སྤྲས། །
84-1-165a
རྡོ་རྗེ་སློབ་དཔོན་རྣམ་པར་བརྒྱན། །གཙང་ཞིང་གཙང་མའི་གོས་དང་ལྡན། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །སེམས་ཅན་ཀུན་དོན་ཡང་དག་ལྡན། །བྱང་ཆུབ་སེམས་ནི་ཡང་དག་གཟུང ། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང ། །ཅི་ནས་མངོན་པར་ བརྩོན་བྱས་ཀྱང ། །གང་ཟག་བཞི་པོ་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །སེམས་ནི་བསྐྱེད་པར་མ་གྱུར་དང ། །དད་མེད་འགྲུབ་པར་མི་འགྱུར་ཉིད། །ཐེ་ཚོམ་འཛིན་པ་ཉིད་དག་དང ། །བཀའ་བསྒོ་བ་ནི་མི་བྱེད་པའོ། །དྲི་ཡི་ཆུ་ཡིས་ ལེགས་བསྐུས་པའི། །དེ་ནས་དཀྱིལ་འཁོར་གནས་དེ་ནི། །དྲི་དང་ལྡན་པའི་ཆུ་དག་གིས། །ཕྱོགས་རྣམས་ཀུན་དུ་ཆག་ཆག་བཏབ། །བ་ཡི་ལྕི་བས་ལེགས་སྦྱངས་ཏེ། །དྲི་དང་བཅས་པས་ལེགས་བྱུགས་ཏེ། །དེ་ནས་གུར་གུམ་ལ་སོགས་པའི། །དྲི་ དག་གཙང་མར་སྦྱར་བར་བྱ། །རྡོ་རྗེ་དཀྱིལ་འཁོར་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིས། །པདྨའི་མིག་ཅན་དག་གིས་བལྟ། །དཀྱིལ་འཁོར་བར་དང་ཐ་མ་རུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །སྦྱིན་སྲེག་ ལས་ནི་རྣམ་པ་ལྔ། །སྦྱིན་སྲེག་ལས་ནི་རྣམ་པར་སྦྱར། །རིག་པའི་དངོས་གྲུབ་ཆོ་ག་ལ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །དེ་བཞིན་སྔགས་དང་ཕྱག་རྒྱ་ཚོགས། །དེ་འདྲའི་སྔགས་དང་ཕྱག་རྒྱའང་མིན། །སྔོན་ལ་བགེགས་རྣམས་གཞོམ་པར་བྱ། ། དེ་ནས་སྦྱིན་སྲེག་ཡང་དག་བརྩམ། །དེ་འོག་གསང་བའི་མཆོད་ཆེན་གྱི། །དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །སྦྱིན་སྲེག་རྣམ་པ་ལྔ་རུ་བཤད། །ཡང་ན་བཅུ་དྲུག་དག་ཏུ་འགྱུར། །རང་རང་གི་ནི་ཆོ་ག་བཞིན། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །དགོངས་ པའི་གང་ཞིག་བསྒྲུབ་པའི་ཕྱིར། །གང་ཞིག་མཆོད་པ་ཡང་དག་བརྩམ། །གལ་ཏེ་མི་ནུས་སྐལ་ཆེན་གྱིས། །བཟའ་བདག་ནི་རབ་ཏུ་བྱ། །དྲི་དང་བཅས་པ་དང་སྦྱར་བའི། །ཡང་ན་དཀར་གསུམ་བཟའ་བར་བྱ། །འདི་ལྟར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་རློབ་
84-1-165b
པ་མཛད་པར་འགྱུར། །བགེགས་རྣམས་ངེས་འཛོམས་ང་ཡི་ནི། །སློབ་དཔོན་གྱི་ནི་ལས་བཟང་པོ། །བགེགས་རྣམས་ཟློག་པར་བྱེད་པའི་མཆོག་།བཅིང་བ་དམ་པ་བཤད་པར་བྱ། །རྟག་ཏུ་རྡོ་རྗེ་ཁྲོ་བོ་དང ། །རྡོ་རྗེ་སེམས་དཔའི་ཕྱག་བྱ་ཞིང ། །རྡོ་རྗེ་ལྕགས་ཀྱུའི་ ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དྲང་བར་བྱ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཀུན་ཏུ་དགུག་།སྡིག་པ་མེད་ཀྱིས་མ་འཇིགས་ཤིག་།སེམས་ ཅན་རྣམ་པར་འཚེ་བའང་མེད། །རང་གི་རྣམ་རྟོག་ལས་བྱུང་བགེགས། །མ་རིག་ལས་བྱུང་མི་དགེ་བཞིན། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་ར་བའི་ཕྱག་རྒྱ་ཡིས། །ཐམས་ཅད་རྡོ་རྗེའི་རང་བཞིན་བྱ། །རྡོ་རྗེ་གནོད་ སྦྱིན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཟིར་བར་བྱ། །རྡོ་རྗེ་ལུག་རྒྱུད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཀྲི་བར་བྱ། །རྡོ་རྗེ་དབབ་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཀུན་དུ་དབབ། །རྡོ་རྗེ་བརྡབ་པའི་ཕྱག་རྒྱ་ཡིས། །བགེགས་ རྣམས་ཐམས་ཅད་བརྡབ་པར་བྱ། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སྦར་བར་བྱ། །རྡོ་རྗེ་རལ་གྲི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །རྡོ་རྗེ་ཅོད་པན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བརྡུང་བར་ བྱ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །རྡོ་རྗེ་འཁྲུལ་འཁོར་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཙིར་བར་བྱ། །རྡོ་རྗེ་ཁཊྭཱཾ་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཏུབ་པར་བྱ། །རྡོ་རྗེ་མདུང་ཐུང་ ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་སྲེག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྲེག་པར་བྱ། །རྡོ་རྗེ་འཁོར་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྐོར་བར་བྱ། །རྡོ་རྗེ་སྲད་བུའི་ཕྱག་རྒྱ་ཡིས། །
84-1-166a
བགེགས་རྣམས་ཐམས་ཅད་བསྐྱོད་པར་བྱ། །རྡོ་རྗེ་ཟློག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་རྣམ་པར་བརླག་།རྡོ་རྗེ་འཇོམས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞོམ་པར་བྱ། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་ཡིས། །བགེགས་ རྣམས་ཐམས་ཅད་འཇིགས་པར་བྱེད། །རྡོ་རྗེ་ཟ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །རྡོ་རྗེ་འཆའ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅའ་བར་བྱ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ དྲལ་བར་བྱ། །རྡོ་རྗེ་སྒྱེལ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །རྡོ་རྗེ་སློང་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསླང་བར་བྱ། །རྡོ་རྗེ་གསོད་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གསད་པར་བྱ། །རྡོ་རྗེ་ འཚོ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་འཚོ་བར་བྱ། །རྡོ་རྗེ་སྒྲུབ་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཡང་དག་བསྒྲུབ། །རྡོ་རྗེ་རྒྱས་འདེབས་ཕྱག་རྒྱ་ཡིས། །གདུག་པ་ཐམས་ཅད་རྒྱས་གདབ་བྱ། །རྡོ་རྗེ་རླུང་གི་ཕྱག་རྒྱ་ཡིས། ། བགེགས་རྣམས་ཐམས་ཅད་རླུང་ལ་བསྐུར། །རྡོ་རྗེ་ཆུ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཆུ་ལ་གཡེང ། །རྡོ་རྗེ་མེ་ནི་རབ་རྣོ་བས། །བགེགས་རྣམས་ཐམས་ཅད་བསྲེག་པར་བྱ། །རྡོ་རྗེ་བརྒྱལ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ བརྒྱལ་བར་བྱེད། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སྦྱིན་སྲེག་བྱ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཟུང་བར་བྱ། །རྡོ་རྗེ་མཆེ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སོས་གདབ་བྱ། །རྡོ་རྗེ་ འབིགས་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་འཇིག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །རྡོ་རྗེ་བཀའ་བཞིན་བྱེད་པ་ཡིས། །བཀུག་ནས་བཀའ་ལ་དགོད་པར་བྱ། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །
84-1-166b
བགེགས་རྣམས་ཐམས་ཅད་བསྡིགས་པར་བྱ། །རྡོ་རྗེ་འགས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགས་པར་བྱ། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ཡིས། །བགེགས་ཀྱི་རིགས་ཀུན་གཞོམ་པར་བྱ། །རྡོ་རྗེ་གནོད་སྦྱིན་བཟོད་དཀའ་དང ། །རྡོ་རྗེ་མེ་ལྟར་འབར་བ་ དང ། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་ཡིས། །རྡོ་རྗེ་རྐང་པས་བསྣུན་པར་བྱ། །བགེགས་འཇོམས་པ་ཡི་ཕྱག་རྒྱ་ཡིས། །དེ་ནས་སྟེང་གི་བགེགས་གཞོམ་བྱ། །མཆོག་ཏུ་གསང་བ་དམ་པའི་མཆོག་།རྡོ་རྗེ་ཆེན་པོའི་གསང་རྒྱུད་ལས། །རྡོ་རྗེ་ཁྲོ་བོའི་སྙོམས་ འཇུག་བྱ། །བརྒྱ་དང་རྩ་བཅུ་ལྷག་པ་དང ། །རྡོ་རྗེ་སློབ་དཔོན་གསང་བ་ནི། །རྒྱས་པ་རུ་ནི་ཡོངས་སུ་བསྟན། །བགེགས་ལ་སོགས་པ་གདུག་པ་ཀུན། །ཆད་པ་གཅད་ཕྱིར་བཏུས་པ་ཡིན། །དཀྱིལ་འཁོར་ཆེན་པོ་བསྒྲུབ་བྱའི་ཕྱིར། །སྦྱིན་སྲེག་ལས་ནི་ཡང་ དག་བརྩམ། །རྣམ་པ་བརྒྱད་དང་རྩ་བཅུ་ལྷག་།རྡོ་རྗེ་སློབ་དཔོན་གསང་བ་ནི། །འདི་ནི་གསང་བའི་རྒྱུད་ཆེན་པོ། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །གསང་བའི་སྦྱིན་སྲེག་ཆོ་གར་བཅས། །གཞན་ཡང་དང་པོ་རབ་བཤད་བྱ། །རྣལ་འབྱོར་ཆེན་པོ་གསང་བའི་ ལས། །སྦྱིན་སྲེག་ལས་ནི་རྒྱུན་མི་གཅད། །ལས་རྣམས་ཐམས་ཅད་བཏུས་པ་ཡི། །གསང་བ་རྒྱུད་ཆེན་འདི་རུ་ནི། །སྦྱིན་སྲེག་རྣམ་པ་ཉི་ཤུ་ཡིས། །ཐམས་ཅད་བསྡུས་པར་འགྱུར་བ་ཡིན། །ཞི་བ་དང་ནི་རྒྱས་པ་དང ། །མངོན་སྤྱོད་ཀྱི་ནི་ལས་དང་ནི། །ཚེ་ སྤེལ་བ་དང་དགུག་པ་དང ། །ནོར་དང་འབྲུ་ནི་འཕེལ་བ་དང ། །བསྲུང་དང་བསྲུང་བ་མིན་དང་བགེགས། །སྡིག་པ་ཐམས་ཅད་རབ་གཞོམ་དང ། །བཅིང་དང་གསད་དང་དྲག་པོ་དང ། །ཆགས་དང་རྗེས་སུ་བཅོམ་པ་དང ། །དབང་དུ་བྱ་དང་གཟུགས་བཟང་ཉིད། ། འདོད་དགའི་གཟུགས་སུ་སྣང་བ་དང ། །མཁའ་ལ་འགྲོ་དང་དངོས་གྲུབ་ཀྱི། །རྫས་ནི་གྲུབ་པར་བྱ་བ་ལ། །སྒྲུབ་པའི་དཀྱིལ་འཁོར་བྱེད་པ་ཡི། །རྡོ་རྗེ་སློབ་དཔོན་གྱིས་དེ་བྱ། །དེ་ལྟ་བུ་ཡི་རྣམ་པ་ཡི། །སྦྱིན་སྲེག་བཟང་པོ་ཉི་ཤུར་བཤད། །ཇི་ལྟར་སྦྱིན་
84-1-167a
སྲེག་ཆོ་ག་བཞིན། །སྔོན་དུ་ཐབ་ཁུང་བྱ་བ་ཡིན། །གྲུ་བཞི་ལ་ནི་རྒྱས་པ་སྟེ། །ཟླུམ་པོ་ལ་ནི་ཞི་བའོ། །གང་ཞིག་འགུགས་པར་བྱེད་པ་ཡི། །རྡོ་རྗེའི་རྣམ་པར་ཡང་དག་བྱ། །དེ་བཞིན་པདྨའི་རྣམ་པ་གཞན། །མངོན་སྤྱོད་ལ་ནི་གྲུ་གསུམ་སྟེ། ། སྡིག་པ་ཐམས་ཅད་རབ་གཞོམ་ཕྱིར། །ཟླུམ་པོ་རྟ་བབས་ལྡན་པ་ཡིན། །རིན་ཆེན་རྣམ་པ་རིགས་རྒྱས་ལ། །ཚེ་འཕེལ་བ་དང་འགྲིབ་པ་དང ། །ཤིན་ཏུ་དག་ཕྱིར་ཕྱག་རྒྱའི་དབྱིབས། །བསྲུང་ལ་གོ་ཆ་ལྟ་བུ་ཡིན། །བཅིང་བ་ལ་ནི་འོབས་ཀྱིས་བསྐོར། །གསད་ལ་ མཆེ་བ་དང་ལྡན་པའི། །ཅི་འདོད་གཟུགས་ལ་གང་ཡང་རུང ། །མི་སྣང་བ་ལ་གཞུ་དང་ལྡན། །ཕྱོགས་དང་མཁའ་འཕུར་ལ་ལྕགས་ཀྱུ། །བཀའ་བྱེད་ཕྱག་རྒྱ་བསྒྲུབ་པ་དང ། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ལ། །འཁོར་ལོ་འམ་ནི་གྲུ་བཞིའོ། །རྫས་དང་སྨན་ནི་ འགྲུབ་པ་ལ། །ཐབ་ཁུང་བུད་མེད་ཡན་ལག་མཚུངས། །ཡང་ན་ཐུན་མོང་དངོས་གྲུབ་ཀྱི། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །དཀྱིལ་འཁོར་འཁོར་ལོ་ཇི་ལྟ་བ། །སྦྱིན་སྲེག་ཐབ་ཁུང་དེ་མཚུངས་འགྱུར། །རིག་འཛིན་དངོས་གྲུབ་བཟང་ལྡན་ཞིང ། །ཐམས་ ཅད་ཕུན་ཚོགས་དེ་ལྟར་འགྱུར། །འཁོར་ལོ་སོགས་ལ་ཅུང་ཟད་མཐར། །སྦྱིན་སྲེག་ཐབ་ཁུང་བརྐོ་བར་བྱ། །ཐབ་ཁུང་ཉི་ཤུའོ། །དཀྱིལ་འཁོར་ཆོ་ག་ཐམས་ཅད་ལ། །ཐབ་ཁུང་གང་ཞིག་མཐོང་ཙམ་གྱིས། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཐབ་ ཁུང་བསྟན་པ་བཤད་པར་བྱ། །སྔོན་དུ་ཐིག་ནི་གདབ་བྱ་ཞིང ། །ཚོན་གྱིས་ས་ཕྱོགས་ལེགས་པར་བྲི། །གྲུ་བཞིར་ཐིག་བརྒྱད་ཅེས་བྱ་བ། །དབུས་ཀྱི་འཁོར་ལོ་དབྱུང་བར་བྱ། །གྲུ་བཞིའི་ཆ་ནི་མཉམ་པ་སྟེ། །ལེགས་པར་བགོས་ཤིང་ལེགས་བྲིས་པ། །རྟ་བབས་ བཞི་དང་ཡང་དག་ལྡན། །སྒོ་ཁྱུད་རྣམས་ཀྱིས་ལེགས་པར་སྤྲས། །སྒོ་བཞི་དག་དང་ཡང་དག་ལྡན། །སྒོ་ནི་ཆ་བརྒྱད་ལྡན་པར་བྱ། །དྲ་བ་ཟླ་བ་ཕྱེད་པས་སྤྲས། །རྡོ་རྗེ་སྒོ་ཁྱུད་རྡོ་རྗེར་ལྡན། །པདྨའི་ནགས་ཀྱི་ལྕུག་མ་དང ། །ཕྲེང་བ་རབ་ཏུ་འཁོར་བ་དང ། །སྤྱི་
84-1-167b
བླུགས་ཕྱག་རྒྱ་ཆེན་པོ་ནི། །ཤར་གྱི་ཕྱོགས་ཀྱི་ཆ་རུ་བྲི། །རྩེ་གསུམ་ཟླ་བ་ཕྱེད་པ་དང ། །རལ་གྲི་ཁྱུ་མཆོག་མཛེས་རྒྱལ་མཚན། །འདོད་ཅེས་བདེ་བ་ཕྱག་རྒྱ་ཆེ། །ལྷོ་ཡི་ཕྱོགས་སུ་བྲི་བར་བྱ། །འཁོར་ལོ་དུང་དང་དབྱུག་ཏོ་དང ། །རྟ་བབས་གླང་པོ་དང་ནི་ཕག་། ཕྱག་རྒྱ་ནུབ་ཏུ་བྲི་བར་བྱ། །མདུང་ཐུང་དྲིལ་བུ་བ་དན་དང ། །རྨ་བྱ་དེ་བཞིན་ར་སྐྱེས་དང ། །ཁྱིམ་བྱ་འཐབ་མོ་ལ་ཕྱོགས་པ། །བྱང་གི་ཕྱོགས་སུ་བྲི་བར་བར་བྱ། །དེ་ཡི་དམ་ཚིག་འཁོར་ལོ་ལ། །སངས་རྒྱས་ཕྱག་རྒྱ་ཡང་དག་བྲི། །དབུས་ཀྱི་གནས་སུ་ཅོད་པན་ ཏེ། །ཕྱི་རོལ་རྡོ་རྗེས་ཉེ་བར་སྤྲས། །རྡོ་རྗེ་འབར་བ་འབར་བ་ཡི། །རྡོ་རྗེ་ཤར་གྱི་ཕྱོགས་ཆ་རུ། །ལྷོ་རུ་ནོར་བུ་སྣ་ཚོགས་པ། །ནུབ་ཏུ་པདྨ་རྡོ་རྗེའོ། །བྱང་དུ་རྡོ་རྗེ་ཧཱུཾ་མཛད་དེ། །གདུག་པ་ཐམས་ཅད་འཇོམས་མཛད་པའོ། །སངས་རྒྱས་རྡོ་རྗེ་ཐབས་ཆེན་ རྣམས། །ཕྱི་རོལ་ཕྱག་རྒྱ་བཅུ་དྲུག་ཏུ། །ཐབ་ཁུང་བརྐོས་པ་གང་ཡིན་པ། །དེ་ཡི་བླ་རེ་རྣམ་པར་བསྒོམ། །མེ་ཏོག་ཤིང་དང་སྤོས་སོགས་ཀྱིས། །ཇི་བཞིན་དུ་ནི་དཀྱིལ་འཁོར་མཆོད། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །སྣ་ཚོགས་གོས་དང་རྒྱན་ ལྡན་པ། །རྒྱན་རྣམས་ཀུན་གྱིས་རབ་ཏུ་སྤྲས། །དྲི་དག་བཟང་པོས་དབང་བསྐུར་འགྱུར། །ང་ནི་པད་འཛིན་རྒྱལ་པོསྟེ། །ཐོར་ཚུགས་དབུས་ན་དེ་བཞིན་གཤེགས། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྡན། །བུད་ མེད་སྡུག་དང་ལྷན་ཅིག་ཏུ། །དཔུང་པ་དམ་དུ་བསྡམས་བྱས་ཏེ། །མཚན་མ་འགྲེང་བར་རབ་གྱུར་ནས། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །ེ་མའོ་བདེ་བ་བདེ་ཆེན་པོ། །འདོད་ཆགས་བདེ་བ་བླ་ན་མེད། །རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེ། །འཇིག་ རྟེན་དབང་ཕྱུག་བདག་གྲུབ་མཛོད། །འདོད་ཆགས་བདེ་བ་རྗེས་དྲན་ནས། །འདོད་པའི་འདོད་ཆགས་བརྟག་མི་བྱ། །བུད་མེད་ཁམས་ནི་བཀུག་ནས་སུ། །འཁྲིག་པ་བདུན་ནི་སྤང་བར་བྱ། །མཚན་མ་ལངས་པར་རབ་གྱུར་ནས། །དབང་པོ་ཉེ་བར་ནི་བྱས་
84-1-168a
ཏེ། །འདོད་ཆགས་རྗེས་དྲན་གྱུར་ནས་ནི། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །མཚན་མ་ཕྱག་མཚན་ཞེས་བརྗོད་དེ། །ལངས་པ་ལྷག་པར་བྱ་བ་ཡིན། །རྡོ་རྗེ་ཅན་གྱི་ཕྱག་མཚན་ལས། །མཁས་པས་ལྷག་པར་བཅང་བར་བྱ། །རྡོ་རྗེ་ཅན་དང་བྱང་ སེམས་ཀྱི། །བྱང་ཆུབ་སེམས་ནི་བརྟན་པ་དང ། །ཕ་རོལ་ཕྱིན་པ་དྲུག་གིས་མཚན། །བརྩེ་བས་རྗེས་ཆགས་དངོས་གྲུབ་སྟེར། །ཤེས་རབ་ཐབས་ལ་དགའ་བ་བསྟན། །རྟག་ཏུ་བསྟེན་པར་བྱ་བ་ཡིན། །མཚན་མ་ལངས་པར་རབ་གྱུར་ནས། །ལྷག་པར་ཡང་ ནི་བསྟེན་པར་བྱ། །མངོན་འདོད་རིག་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་འོ་བྱ། །ལྷག་པས་ཕྱག་རྒྱ་ཆེ་གྱུར་ནས། །དཔུང་པ་དམ་དུ་བསྡམ་པར་བྱ། །རབ་ཏུ་དགའ་བ་མང་པོ་གང ། །དེ་ནི་རབ་དགའི་ས་རུ་འདོད། །གང་ལ་ཆགས་པ་རབ་བརྟགས་པ། ། ཡང་དང་ཡང་དུ་བྲན་པར་བྱ། །བརྩེ་དང་བྱམས་པས་ཡང་དག་བྱུགས། །ཁྲེལ་ཡོད་པ་ཡི་གོས་ཀྱིས་དགབ། །ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་བྱུགས། །བྱང་ཆུབ་ཀྱི་ནི་སེམས་ཀྱིས་བརྒྱན། །དེ་འདྲའི་བརྟུལ་ཞུགས་ལྡན་པ་ཡི། །ཚོན་རྩི་ཆེན་པོ་ བསྟེན་པར་བྱ། །གཞན་ཡང་ཕྱི་ཡི་ཡན་ལག་དག་།གང་ཕྱིར་རྡོ་རྗེ་ཅན་གྱིས་འཛིན། །སྦྱིན་སྲེག་ལས་ཀྱི་ཆོ་ག་བཞིན། །ཤར་དུ་ཁ་བལྟས་སྦྱིན་སྲེག་བྱ། །ཅི་སྐད་གཞུང་ལས་གསུངས་པ་བཞིན། །རྡོ་རྗེ་སློབ་དཔོན་གྱིས་དེ་བྱ། །ཞི་ལ་སངས་རྒྱས་བྱང་ཆུབ་མཆོག་། རྒྱས་ལ་རྡོ་རྗེ་རིན་ཆེན་གྱིས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །ལྕགས་ཀྱུ་ཡིས་ནི་འགུགས་པར་བཤད། །བཅུད་ཀྱིས་ལེན་ལ་རྡོ་རྗེའི་སྨན། །ཚེ་འཕེལ་དེ་བཞིན་མི་གཡོ་བའི། །རྡོ་རྗེ་སྨན་གྱི་རྒྱ་ཆེན་དང ། །རྡོ་རྗེའི་རྩེ་མོ་ནོར་འཕེལ་ལ། །བསྲུང་ལ་འཁོར་ལོ་ཆོ་ག་ སྟེ། །བཟློག་པ་ལ་ནི་རྡོ་རྗེ་གཟུང ། །གཡོན་པ་ལྕགས་སྒྲོག་ཕྱག་རྒྱ་ཆེས། །སྡིག་པ་གཞོམ་པར་བྱ་བར་བཤད། །བཅིང་ལ་རྡོ་རྗེ་བཅིང་བ་སྟེ། །གསོད་ལ་རྡོ་རྗེ་གསོད་བྱེད་དོ། །ཆགས་ལ་རྡོ་རྗེ་ཆགས་པ་ཡིས། །རྗེས་སུ་བསྟན་པ་ལ་ཡང་བཤད། །
84-1-168b
དབང་ལ་རྡོ་རྗེ་དབང་གིས་སོ། །ཅི་འདོད་གཟུགས་ལ་སྣ་ཚོགས་ཏེ། །མཁའ་ལ་འགྲོ་བའི་དངོས་གྲུབ་ལ། །རྡོ་རྗེའི་དངོས་གྲུབ་རྣམ་འཕྲུལ་གྱིས། །པདྨའི་སྨན་གྱི་ཕྱག་རྒྱ་ཆེས། །རྫས་སུ་གྲུབ་པའི་བདེ་མཆོག་ཡིན། །དཀྱིལ་འཁོར་རྫོགས་པའི་གྲུབ་པ་ལ། །རྡོ་རྗེ་ དཀྱིལ་འཁོར་ཕྱག་རྒྱ་ཡིས། །རིག་པ་ཀུན་བདག་རྒྱལ་པོ་ཡི། །ཕྱག་རྒྱའི་མཆོག་དེ་ཡོངས་སུ་གཟུང ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ། །པདྨ་ཆེན་པོའི་སྨན་མཆོག་གིས། །ལག་པ་གཡོན་པས་ཕྱག་རྒྱ་བཅིང ། །གཡས་པ་ཡིས་ནི་སྦྱིན་སྲེག་བྱ། །རྡོ་རྗེ་ སྣ་ཚོགས་ཕྱག་རྒྱ་ཡིས། །སྦྱིན་སྲེག་ལས་ལ་རྒྱས་གདབ་བྱ། །གཡོན་པ་ཧཱུཾ་ལྡན་སྡིགས་མཛུབ་སྟེ། །གཡས་པ་མཆེ་བ་གཙིགས་པ་སྟེ། །མངོན་སྤྱོད་ཀྱི་ནི་ཕྱག་རྒྱ་ཡིས། །རུས་པའི་ཕྱེ་མས་ཕྱོགས་རྣམས་བཅིང ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་ གྲཧྞ་ཧཱུཾ། གྲྀ་དྞཱ་བ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བ་ག་པན་བིཧྱཱ་རཱ་ཛ་ཧཱུཾ་ཕཊ། གཡོན་པ་ཆོས་འཆད་དང་ལྡན་ཞིང ། །གཡས་པ་ཡི་ནི་སྦྱིན་སྲེག་བྱ། །སངས་རྒྱས་ཆོས་ནི་སྙོམས་འཇུག་པས། །ཏིལ་བསྲེགས་པས་ནི་སྡིག་པ་བསྲེགས། །ོཾ་སརྦ་པཱ་པཾ་ ད་ཧ་ན་བཛྲཱ་ཡ་སཝཱ་ཧཱ། །ལག་པ་གཡོན་པ་རིན་ཆེན་གྱུར། །གཡས་པ་ཡིས་ནི་སྦྱིན་སྲེག་བྱ། །འབྲུ་བདུན་ཡང་ན་རིན་ཆེན་ནས། །ཡོ་བྱད་ཀུན་གྱིས་མཉེས་པར་བྱ། །ོཾ་མ་ཎི་རཏྣ་ཀྲ་མ་ཀཱ་ཡ་སཝཱ་ཧཱ། ཤིན་ཏུ་མཉམ་པར་བཞག་པས་ནི། །མངར་ བས་མེ་ནི་རབ་སྤར་ཏེ། རྣལ་འབྱོར་པས་ནི་འབྲས་བསྲེགས་ན། །ཁྱིམ་ནི་ངེས་པར་རྒྱས་པར་འགྱུར། །ོཾ་བཛྲ་པུཥྚ་ཡེ་སཝཱ་ཧཱ། །ཤིན་ཏུ་མངར་བའི་བུད་ཤིང་གིས། །མེ་ནི་རབ་ཏུ་སྦར་བྱས་ཏེ། །ཀུ་ཤའི་མྱུ་གུ་ཏིལ་བཅས་པས། །སྦྱིན་སྲེག་ བྱས་ན་བསྲུང་དོན་མཆོག་།ོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སཝཱ་ཧཱ། ཡམ་ཤིང་མངར་པོ་ཉིད་དང་ནི། །དེ་བཞིན་དཱུར་བའི་མྱུ་གུ་དག་།མར་སྨྱུགས་རྡོ་རྗེའི་ཕྱག་རྒྱ་ཡིས། །བསྲེགས་ན་ཆེ་འཕེལ་བྱེད་པའི་མཆོག་།ོཾ་བཛྲ་ཨཱ་ཡུ་ཥེ་སཝཱ་ཧཱ། །བུད་
84-1-169a
ཤིང་ཚ་བ་རྣམས་ཀྱི་ནི། །རྡོ་རྗེ་ཁྲོ་བདག་ཏིང་འཛིན་གྱིས། །ཐབ་ཁུང་དུ་ནི་མེ་སྦར་ཏེ། །ཚེར་མ་རྣམས་ཀྱིས་དགུག་པར་བྱ། །ོཾ་བཛྲ་ཨཱ་ཀར་ཥ་ཡ་སཝཱ་ཧཱ། །དེ་བཞིན་སྣ་ཚོགས་ཐམས་ཅད་ཀྱིས། །མཁས་པ་ཡིས་ནི་མེ་སྦར་ཏེ། །རྟག་ཏུ་ཆུ་སྐྱེས་སྦྱིན་ སྲེག་བྱས། །རྡོ་རྗེ་འཆིང་བར་འགྱུར་བ་ཡིན། །ོཾ་བཛྲ་བན་དྷ་ཡ་པཾ། །དེ་བཞིན་སྦྱོར་བའི་ཆོ་ག་ཡིས། །མཁས་པས་ཡམ་ཤིང་བསྲེག་བྱ་ཞིང ། །འབྲས་བུ་ཁ་བའི་སྦྱིན་སྲེག་བྱས། །སྐད་ཅིག་གིས་ནི་གསོད་པར་འགྱུར། །ོཾ་བཛྲ་མཱ་ར་ན་ཡེ་ཧཱུཾ། དེ་བཞིན་ པཱ་ཀྵ་དམར་པོ། །བསྲེགས་ན་དབང་དུ་བྱེད་པར་འགྱུར། །ོཾ་བཛྲ་རཱ་ག་ན་ཡེཧྲཱིཿ ། ཤ་པུས་པས་ནི་སྦྱིན་སྲེག་བྱས། །དེ་བཞིན་ཆགས་པར་བྱེད་པའི་མཆོག་།ོཾ་བཛྲ་ཤཾ་ཀརཱ་ཡ་སཝཱ་ཧཱ། །ཁྲོས་པས་འདོད་པའི་འབྲས་བསྲེགས་ན། །ཅི་འདོད་གཟུགས་ནི་ཐོབ་ པར་འགྱུར། །ོཾ་བཛྲ་ཀཱ་མ་རཱུ་པ་ཎི་སཝཱ་ཧཱ། །ོཾ་བཛྲ་ཁ་ར་ཙི་རེ་ཎི་སཝཱ་ཧཱ། །བུད་ཤིང་རོ་ནི་ཁ་བ་ཡིས། །ཤིན་ཏུ་ཁྲོས་པས་མེ་སྦར་ཏེ། །ཁྲོས་པས་རྡོ་རྗེ་མེ་ཏོག་བསྲེགས། །རྡོ་རྗེ་བཀའ་བཞིན་བྱེད་པར་འགྱུར། །ཧཱུཾ་བཛྲ་ཤཾ་ཀརཱ་ཡ་སཝཱ་ཧཱ། །ོཾ་བྷུ་ཏ་བ་ཤཾ་ཀ་ རཱ་ཡ་སཝཱ་ཧཱ། །དངོས་གྲུབ་ཀུན་གྱི་ཆོ་ག་བཞིན། །མཁས་པས་ཡུངས་ཀར་སྦྱིན་སྲེག་བྱ། །ཡུངས་ཀར་ཤིན་ཏུ་བཀྲ་ཤིས་པས། །དངོས་གྲུབ་སྦྱིན་སྲེག་མཆོག་ཡིན་ནོ། །ོཾ་སརྦ་སིད་དྷ་ཡེ་སཝཱ་ཧཱ། །རིག་པ་འཛིན་པ་གྲུབ་བྱའི་ཕྱིར། །མཁས་པས་སཝ་སྟི་ཀ་བསྲེག་བྱ། ། གྲུབ་པའི་དཀྱིལ་འཁོར་སྦྱོར་བ་ཡིས། །སྦྱིན་སྲེག་རྡོ་རྗེའི་དཀྱིལ་འཁོར་དུ། །ོཾ་སིད་དྷ་སིད་དྷ་ཡེ་སཝཱ་ཧཱ། །ོཾ་དལ་ཨ་དྷི་པ་ཏ་ཡེ་སཝཱ་ཧཱ། །མཎྜལ་ཨ་དྷི་པ་ཏ་ཡེ་སཝཱ་ཧཱ། །ོཾ་བྷུཿ སཝཱ་ཧཱ། །ོཾ་བྷུ་བ་སཝཱ་ཧཱ། །ོཾ་སཝ་སཝཱ་ཧཱ། །ོཾ་བྷུར་བྷུ་བ་སཝཿ སཝ་ཧཱ། །ོཾ་སཝ་སྟི་སཝཱ་ཧཱ། །ོཾ་སཝ་སྟི་ན་མཿ སཝཱ་ཧཱ། །ོཾ་སིད་དྷེ་པྲ་བྷཱ་ཏ་ཡེ་སཝཱ་ཧཱ། །ོཾ་སརྦ་དུཿ ཁ་ཨུ་པ་ཤ་མ་ནེ་སཝཱ་ཧཱ། །ོཾ་བཛྲ་སིད་དྷ་ཡེ་སཝཱ་ཧཱ། །ོཾ་ཀཱརྱ་ཀཱ་ར་ཎི་པུཥྚ་ཤན་ཏི་ཀེ་སཝཱ་ཧཱ། ཡི་གེ་ཕཊ་ནི་མངོན་སྤྱོད་ལ། །ཡི་གེ་ཛཿ ཡིས་འགུགས་པར་འགྱུར། །ཡི་གེ་པཾ་ནི་བཅིང་ལ་སྦྱར། །དབང་དུ་བྱལ་ཡི་
84-1-169b
གེ་ཤྲཱི། །ཡི་གེ་ཧཱུཾ་ནི་བསྡིགསལ་སྦྱར། །གསད་པ་ལ་ཡང་ཡི་གེ་ཧཱུཾ། །ཧ་ནི་བསྲུང་བ་བཟང་པོ་ལ། །ཡི་གེ་ཧཱུཾ་ནི་བཟློག་པ་ལ། །ཤྲཱིས་ནི་སྣ་ཚོགས་གཟུགས་བསྒྲུབ་བྱ། །ོཾ་ནི་མི་སྣང་བསྟན་པ་ལ། །ཧོ་ནི་ཚགས་དང་དགུག་པ་ལ། །ུ་ནི་གསང་བའི་དག་ པ་འཛིན། །མངོན་སྤྱོད་ལྡན་ལ་ཡི་གེ་ཧཱུཾ། །ཧཱུཾ་ནི་རྫུ་འཕྲུལ་སྒྲུབ་བྱེད་པ། །ལྷ་མོ་ཆེན་པོ་སྒྲུབ་ལ་ཨཱ། །ོཾ་ནི་ཀུན་ལ་ངེས་པར་སྦྱར། །ཡམ་ཤིང་སེར་པོ་རྒྱས་པ་ལ། །ཞི་བ་ལ་ནི་དཀར་པོའོ། །དབང་དུ་བྱ་བ་དམར་པོ་སྟེ། །ནག་པོ་མངོན་སྤྱོད་ལས་ལའོ། ། ཞི་ལ་མར་གྱིས་བྱུགས་པ་སྟེ། །རྒྱས་པ་ལ་ནི་འོ་མ་བཅས། །དབང་དུ་བྱ་ལ་ལན་ཚཝར་ལྡན། །ཚ་བ་དང་བཅས་མངོན་སྤྱོད་ལ། །དབྱེ་བ་རྒྱ་ཆེན་དག་གིས་ནི། །སྦྱིན་སྲེག་ལས་རྣམས་ཤེས་པར་བྱ། །དེ་ཉིད་སྦྱིན་སྲེག་ཉི་ཤུ་འདི། །རྡོ་རྗེ་འཆང་གིས་གསང་ བ་ཡིན། །དེ་ཁོ་ན་ཉི་ཤུ་པ་ཞེས་བྱ་བ་སྦྱིན་སྲེག་གི་གསང་བའོ།། །།དེ་ནས་དངོས་གྲུབ་ཐབས་ཆེན་པོ། །ཐམས་ཅད་འགྲུབ་འདོད་དཀྱིལ་འཁོར་དུ། །གྲུབ་པའི་སྦྱོར་བའི་ཆོ་ག་ཡིས། །དངོས་གྲུབ་ཚོགས་ཀྱི་སྦྱོར་ལྡན་ཞིང ། །རྡོ་རྗེ་ཡི་ནི་སློབ་དཔོན་ཆེ། ། བརྟན་བཅས་རིགས་སུ་ཡང་དག་སྐྱེས། །ཐེག་པ་ཆེན་པོར་ཡང་དག་གནས། །བསྐལ་པ་གྲངས་མེད་མཐར་ཐུག་པར། །ཆོས་ཀྱི་ཤིང་རྟ་ཆེ་ལ་ཞོན། །ཤེས་རབ་ཐབས་དང་ཡང་དག་ལྡན། །སེམས་ཅན་ཀུན་གྱི་དོན་ལ་བརྩོན། །སངས་རྒྱས་ཀུན་གྱིས་ཡོངས་སུ་ བཟུང ། །སློབ་དཔོན་ཆེན་པོའི་ཚུལ་ལ་གནས། །མཆོག་ཏུ་ས་ཡི་མཐར་ཕྱིན་པ། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །བགེགས་རྣམས་ཐམས་ཅད་བསལ་ནས་ནི། །དཀྱིལ་འཁོར་གནས་སུ་ཡང་དག་ལྡན། །སྦྱིན་ སྲེག་ཆོ་ག་བྱས་ནས་ཀྱང ། །ཆོས་སྦྱིན་ཆེན་པོ་ཡང་དག་བརྩམ། །དམ་ཆོས་སྙིང་པོ་བཅུད་ལས་བྱུང ། །སངས་རྒྱས་མཆོད་པ་བླ་མེད་པ། །བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ། །ཤེས་རབ་ཐབས་ཀྱི་ཚུལ་ཐོབ་བ་བྱེད། །རྒྱལ་ཆེན་ཤེས་རབ་ཆེན་པོ་
84-1-170a
དང ། །ཐབས་ཀྱིས་རྨད་བྱུང་ཆོས་ཉིད་དོ། །བྲམ་ཟེ་བཞིན་དུ་རིགས་མཆོག་སྐྱེས། །བྱང་ཆུབ་སེམས་དཔའི་གསང་ཆེན་འཛིན། །གལ་ཏེ་ནུས་ན་སྐལ་ཆེན་གྱིས། །གང་ཚེ་མཆོད་པ་རྩོམ་པ་ནས། །ཇི་སྲིད་ཟིན་པར་གྱུར་གྱི་བར། །བཟའ་བ་ དག་ནི་མི་བྱའོ། །དྲི་དང་བཅས་པར་ལེགས་སྦྱར་བའི། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་རློབ་པ་མཛད་པར་འགྱུར། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །བཟའ་བ་དག་ནི་མི་བྱ་སྟེ། །གང་ཕྱིར་ཆོས་ཀྱི་རང་བཞིན་ ཟས། །ཚིམ་པར་འགྱུར་བར་ཐེ་ཚོམ་མེད། །དཀྱིལ་འཁོར་དག་ནི་དག་བྱས་ཤིང ། །དྲི་རྣམས་ཀུན་གྱིས་མངོན་འདུས་བྱས། །སྔགས་ཀྱིས་བསངས་བའི་ཆུ་ཡིས་ནི། །ཐམས་ཅད་ཀུན་ནས་ཆག་ཆག་གདབ། །གང་ཚེ་མཆོད་པར་བྱེད་པ་ན། །ཕྱོགས་རྣམས་ ཀུན་གྱི་ཕྱག་བྱ་ཞིང ། །བཤགས་དང་གསོལ་བ་གདབ་ཉིད་དང ། །མཆོད་པའི་སྤྲིན་དང་རྗེས་ཡི་རང ། །བདག་ཉིད་དབུལ་བ་ལ་སོགས་པའི། །ལས་རྣམས་རིམ་བཞིན་བྱས་ནས་ནི། །དཀྱིལ་འཁོར་ཆེན་པོ་མཉམ་དབུས་སུ། །སེམས་དཔའི་སྐྱིལ་ཀྲུང་ བཅའ་བར་བྱ། །དཀྱིལ་འཁོར་ཐམས་ཅད་བསྡུས་པ་ཡི། །སྐྱིལ་ཀྲུང་རྣམ་པ་བཅུ་རུ་བཤད། །གསང་ཆེན་དེ་ཉིད་མཆོག་འདི་ནི། །དཀྱིལ་འཁོར་ཐམས་ཅད་མཆོད་པའོ། །དཔལ་དང་བཀྲ་ཤིས་སྡིགས་མཛུབ་བྱེད། །དེ་བཞིན་གཡས་ཀྱི་ཕྱེད་ཀྲུང་ཉིད། ། ཕྱི་རོལ་བརྐྱང་དང་བཞུགས་པའོ། །དེ་བཞིན་རིན་ཆེན་རང་བཞིན་ཏེ། །དེ་དག་བཅུ་རུ་རང་བཞིན་བཤད། །སྐྱིལ་ཀྲུང་བརྒྱ་དང་བཅུ་ལྷག་པ། །གསང་བའི་རྒྱུད་ཀྱི་གསང་བ་ཡི། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། །སངས་ རྒྱས་ལ་དམིགས་སེམས་ཀྱིས་ནི། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །བྱམས་པ་ཆེན་པོ་རྗེས་དྲན་ནས། །དང་པོ་སྦྱོར་བའི་ཏིང་འཛིན་མཆོག་།རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག་།དེ་ནས་ཡང་ནི་ལས་རྒྱལ་པོ། །
84-1-170b
ཏིང་འཛིན་ལྷག་པའི་བཟང་པོ་ནས། །བཅུ་ཕྲག་གཅིག་ལྷག་བརྒྱ་རུ་བཤད། །ལས་ཐམས་ཅད་པ་གསུམ་དུ་བརྗོད། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཏིང་འཛིན་སྦྱོར་བ་མེད་པར་ནི། །དཀྱིལ་འཁོར་བརྟན་པར་མི་འགྱུར་རོ། །དཀྱིལ་འཁོར་སྦྱོར་བ་ མེད་པར་ནི། །དངོས་གྲུབ་ཉིད་ནི་འབྱུང་མི་འགྱུར། །དེ་བས་རྟག་ཏུ་འབད་པས་ནི། །ཏིང་འཛིན་དངོས་གྲུབ་དཀྱིལ་འཁོར་བྱ། །གལ་ཏེ་མཆོག་ཏུ་གསང་བ་ནི། །བླ་མེད་ཐེག་པའི་གསང་འདོད་ན། །ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །དེ་ནས་ཡང་དག་བཤད་པར་ བྱ། །དེ་ནས་བྱང་སེམས་རྣམ་འཕྲུལ་དུ། །སོ་སོའི་སྐྱེ་བོས་མི་ནུས་སོ། །དེ་རྣམས་ཀྱི་ནི་ཏིང་འཛིན་མཆོག་།སེམས་ཉིད་ཀྱིས་ནི་ཡང་དག་བྱ། །དང་པོའི་རྒྱུད་ལས་བཤད་པ་བཞིན། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་བཤད། །བློ་ལྡན་བྱང་སེམས་ཏིང་འཛིན་ གྱིས། །བདག་ཉིད་རྫུ་འཕྲུལ་ཆེན་པོ་བསམ། །དཀའ་ཐུབ་སྣ་ཚོགས་དྲག་པོ་ནི། །བདག་གིས་བྱས་པར་བསམ་པར་བྱ། །འོག་མིན་ཞེས་བྱ་གནས་ཡིན་པ། །ལྷ་ཡི་གནས་ནི་བསམ་པར་བྱ། །སངས་རྒྱས་ཐམས་ཅད་འདུས་བ་ཡི། །དག་པའི་ འདུས་པ་རྣམ་པར་བསམ། །དང་པོར་སངས་རྒྱས་ཕྱག་བྱས་ནས། །དེ་ནས་ཐུབ་རྣམས་ལ་དེ་བཞིན། །བཀའ་མནོས་ཇི་སྐད་བསྟན་པ་ཡི། །སླར་ཡང་སྐྱིལ་ཀྲུང་བཅའ་བར་བྱ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཀུན་ཏུ་དགའ་བྱེད་བསམ་པར་བྱ། །མཚན་ཉིད་ ཐམས་ཅད་ཀྱིས་བརྒྱན་པའི། །བདག་ཉིད་སངས་རྒྱས་སྐུ་དང་ནི། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །ལྔ་ནི་བདག་ཉིད་ལ་བསམ་བྱ། །རྡོ་རྗེའི་གནས་སུ་འདུག་བྱ་ཞིང ། །རྩེ་མོ་མཐོན་པོར་བསམ་པར་བྱ། །དང་པོར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ཏོ།། །།རྡོ་རྗེ་ཤར་དུ་འདུག་བྱ་ཞིང ། །སངས་རྒྱས་འཁོར་ལོ་རྣམ་པར་འཕྲུལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲོ། །འཁོར་ལོའི་དཀྱིལ་འཁོར་རྣམ་པར་སྤྲུལ། །རྒྱལ་པོ་དང་བཅས་རིགས་དཀྱིལ་འཁོར། །སྒོ་སྲུང་སྒེག་མོ་ལ་སོགས་དང ། །
84-1-171a
ལྷ་མོ་དང་བཅས་ཕྱག་རྒྱ་ཡི། །སྦྱོར་བས་རྡོ་རྗེ་ཅན་དབང་བསྐུར། །རྡོ་རྗེའི་ལས་སུ་ཡང་དག་བྱའོ། །བདག་ཉིད་ཀྱི་ནི་མཁའ་དབྱིངས་སུ། །སངས་རྒྱས་ཐམས་ཅད་མོས་བྱས་ཏེ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །དབང་བསྐུར་བར་ནི་ཡང་དག་བྱ། ། རྡོ་རྗེ་ཆོས་འཛིན་རྒྱལ་པོ་རུ། །དཀྱིལ་འཁོར་བཀོད་ལ་བརྟག་པར་བྱ། །སངས་རྒྱས་ཐམས་ཅད་དགུག་བྱ་ཞིང ། །རྡོ་རྗེ་ཅན་རྣམས་མཆོག་ཞུགས་བྱ། །བསྒྲུབ་པ་དང་ནི་དབང་དུ་བྱ། །བྱ་བ་འདི་ནི་མཆོག་ཡིན་ནོ། །རང་གི་རིགས་ཀྱི་དཀྱིལ་འཁོར་དུ། །གནས་དེ་ ལྷག་པར་མོས་པར་བྱ། །འཁོར་ལོ་ཇི་བཞིན་བཀོད་ཇི་བཞིན། །ཕྱག་རྒྱ་ཇི་བཞིན་དབང་བྱས་པའོ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །རྒྱན་དང་གོས་ནི་སྣ་ཚོགས་ལྡན། །དཔུང་རྒྱན་གདུ་བུ་ཉིད་ དང་ནི། །དེ་བཞིན་སོར་གདུབ་དབུ་རྒྱན་བཅས། །གསེར་སྐུད་མུ་ཏིག་དང་ལྡན་པའི། །ལག་པ་རྐང་པ་དེ་ནས་སྐེ། །ལུས་ཀུན་རྣམ་པར་བརྒྱན་འགྱུར་བ། །དེ་བཞིན་ཀོ་ཤའི་རས་ལྷག་པའི། །གོས་དག་བཟང་པོ་བགོས་ཞིང་བསང ། །ཡང་ན་ཆོས་གོས་ འཛིན་པ་སྟེ། །སངས་རྒྱས་ཕྱག་རྒྱ་རྒྱལ་མཚན་བཞིན། །གལ་ཏེ་སྐྲ་བྲེགས་དགེ་སློང་སྟེ། །རིང་ཞིང་འཁྱིལ་ལ་མདོག་སྔོ་བའི། །སྐྲ་ནི་སྔོན་པོ་བཅིང་བར་བྱ། །ཡང་ན་རང་གི་མགོ་ལ་སྐྱེས། །བདག་ཉིད་རྡོ་རྗེ་སེམས་དཔའ་འམ། །ཡང་ན་རྡོ་རྗེ་ལས་སུ་ བྱ། །རྣལ་འབྱོར་རང་བཞིན་གསང་མེད་པར། །དངོས་གྲུབ་བཟང་པོ་ཐོབ་མི་འགྱུར། །དཀྱིལ་འཁོར་དབུས་སུ་མཉམ་པ་རུ། །ཅི་རིགས་པར་ནི་འདུག་ནས་སུ། །ཤར་དུ་ཁ་བལྟས་ལངས་ནས་ནི། །ཁེངས་པ་མེད་ཅིང་མ་འཁྲུལ་བར། །རྡོ་རྗེ་སེམས་ དཔར་ཡོངས་སུ་བསྐོར། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་ཏུ་ནི་བརྗོད་པར་བྱ། །བསྟོད་པ་བྱས་ནས་རང་བདག་ཉིད། །དངོས་གྲུབ་སྦྱོར་བ་ཡང་དག་བྱ། །སྙིང་རྗེ་ཆེན་པོ་སྦྱོར་བ་ཡིས། །བདག་གིས་དྲང་སྲོང་བསྐུལ་བར་བྱ། །རྡོ་རྗེ་སེམས་དཔའ་
84-1-171b
སེམས་དཔའ་ཆེ། །དོན་ཡོད་དབང་ཕྱུག་དམ་པ་སྟེ། །ཐེག་པ་ཆེ་མཆོག་སྐྱེས་པའི་མཆོག་།བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །སེམས་དཔའ་ཆེན་པོ་ཐབས་ཆེན་པོ། །རྡོ་རྗེ་འཁོར་ལོ་མཆོད་པ་ཆེ། །དངོས་གྲུབ་ཆེན་པོ་རྫུ་འཕྲུལ་ཆེ། །རྡོ་རྗེ་སེམས་དཔའ་ བདག་གྲུབ་མཛོད། །རྡོ་རྗེ་མིང་ནི་ཡང་དག་གཟུང ། །ཕྱོགས་རྣམས་ཀུན་ཏུ་ཡང་དག་བསྐོར། །དཀྱིལ་འཁོར་རྫོགས་པར་བལྟ་བྱ་ཞིང ། །རྡོ་རྗེའི་རྣལ་འབྱོར་རྗེས་དྲན་བྱ། །སླར་ཡང་སྐྱིལ་མོ་ཀྲུང་བཅས་ཏེ། །ང་ནི་རང་ཉིད་འཁོར་ལོས་སྒྱུར། །ཕྱག་རྒྱའི་ཚོགས་ནི་བཅིང་ བ་ལ། །སྟོང་ལས་ཉུང་བར་མི་བྱའོ། །ཐ་ན་རྡོ་རྗེ་སེམས་དཔའ་ནི། །དེ་ཉིད་ཕྱག་རྒྱ་ཡོངས་སུ་གཟུང ། །ལངས་ནས་ཚིག་ནི་བརྗོད་པར་བྱ། །བདག་ནི་རྡོ་རྗེ་སེམས་དཔའ་སྟེ། །དཀྱིལ་འཁོར་ཆེན་པོ་རབ་སྒྲུབ་པ། །རྡོ་རྗེ་ལ་སོགས་ཀུན་གཤེགས་ཤིག་།བདག་ནི་ རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །ཚོན་ཆེན་ཁ་བསྒྱུར་དྲི་ལྡན་པའི། །སྲད་བུ་ལྷག་པ་གྲིམས་པར་བསྒྲིལ། །རྡོ་རྗེ་སྲད་བུ་ཕྱག་རྒྱ་ཆེས། །དཀྱིལ་འཁོར་ཆེན་པོ་ཐིག་གདབ་བྱ། །འཁོར་ལོ་ཇི་བཞིན་བཀོད་ཇི་བཞིན། །ཇི་བཞིན་གཞུང་གི་རྗེས་འབྲངས་ ནས། །དཀྱིལ་འཁོར་འཁོར་ལོ་ཇི་བཞིན་བྲི། །རྡོ་རྗེའི་ཐིག་ནི་ཡོངས་སུ་གདབ། །དེ་ནས་དེ་ཡི་རང་རིགས་གསང། །འཁོར་ལོ་ཆེན་པོ་རབ་ཏུ་སྒྲུབ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ནི། །གོ་རིམས་བཞིན་དུ་བཤད་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་ མཛེས་བྱས་པའི། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་ཕྲེང་བས་རྣམ་པར་བརྒྱན། །མཚམས་ཀྱི་ཆ་ནི་ཐམས་ཅད་དང ། །སྒོ་ཡི་སྒོ་ཁྱུད་མཚམས་སུ་ནི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་གི་རིམ་པ་ནི། །འཁོར་ལོ་ ལྟ་བུར་བྲི་བར་བྱ། །རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་མདུན་གནས་པའི། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །ཇི་ལྟར་ཕྱི་དང་ནང་གནས་པའི། །དཀྱིལ་འཁོར་རེ་རེ་རྣམ་པར་དབྱེ། །དཀྱིལ་འཁོར་གྱི་ནི་དབུས་ཉིད་
84-1-172a
དུ། །དཀྱིལ་འཁོར་ལྔ་བྲིས་གང་ཡིན་དེ། །ཀ་བ་མཆོག་ནི་བརྒྱད་ཀྱིས་སྤྲས། །དཀྱིལ་འཁོར་བཞི་པ་ཡིན་པར་བཤད། །དབུས་ཀྱི་ཤིན་ཏུ་དབུས་སོང་ནས། །ཆོས་འཛིན་རྒྱལ་པོ་ཆེན་པོ་སྟེ། །རྣམ་པར་སྣང་མཛད་ཁྱབ་བདག་ཆེ། །སངས་རྒྱས་གཟུགས་ ནི་དགོད་པར་བྱ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ནི། །དམ་ཚིག་མཆོག་རྣམས་བཞི་པོ་ཡང ། །གོ་རིམས་བཞིན་དུ་ཡང་དག་བྲིས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མདུན་རྒྱབ་ཏུ་ནི་གནས་པ་ཡིན། །རྡོ་རྗེ་ལྕགས་ཀྱུ་གཡས་ ཕྱོགས་སུ། །ནུབ་ཀྱི་ཕྱོགས་སུ་བདུད་འཇོམས་པ། །རྡོ་རྗེ་ལེགས་པ་རྒྱལ་པོ་ཆེ། །ཆོས་འཛིན་ཆེན་པོ་དབང་དང་ལྡན། །ཆོས་འཛིན་པ་ནི་བྱང་དུ་སྟེ། །མདུན་དུ་རྡོ་རྗེ་བསྙེམས་ཚུལ་ལོ། །དེ་ལ་དེ་ཡི་སྙིང་པོ་གསང། །ཤིན་ཏུ་རྟོག་པར་བྱེད་པའི་མཆོག་།སྡུག་བསྔལ་ ཀུན་ལས་རབ་གྲོལ་བྱེད། །བྱང་ཆུབ་སེམས་ནི་རབ་བསྐུལ་བ། །ཧཱུཾ་ཛཿ ཧོ་སཱ། །ཤར་ཕྱོགས་ཆ་ཡི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དཀྱིལ་འཁོར་དེ་ཡི་དབུས་དེ་རུ། །མི་བསྐྱོད་པ་ནི་དགོད་པར་བྱ། །རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི། །ཐེ་ཚོམ་གཅོད་ པ་སྔོན་འགྲོ་ཅན། །ཚོགས་སྔོན་འགྲོ་བ་བཟང་པོ་སྟེ། །སྡིག་པ་ཐམས་ཅད་རབ་འཇོམས་བྱེད། །ོཾ་བེ་ག་ཀྲ་མ་ཧོ། སངས་རྒྱས་ཀུན་གྱི་གསང་བ་ཆེ། །ཐུབ་པ་སྐྱེས་ཆོག་མི་བསྐྱོད་པ། །གླང་པོ་ཕྱག་རྒྱ་ལ་གནས་ཤིང ། །ཞི་བའི་ཕྱག་རྒྱ་ཡོངས་སུ་འཛིན། །དེ་ལ་སྙིང་པོ་ འདི་ཡིན་ཏེ། །ཧཱུཾ། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་མཆོག་རྣམས་དགོད་པ་ནི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་ཤིང ། །ཁྲོས་བཅས་བཞིན་ནི་འཛུམ་ལྡན་པའི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྡོ་རྗེ་ལྕགས་ཀྱུ་བསྟན་པ་ཆེ། །རྡོ་རྗེ་འདོད་ཆགས་བདུད་ ཆེན་པོ། །རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རིན་ཆེན་དགོད་པར་བྱ། །རྡོ་རྗེ་ཆགས་པ་གང་བཤད་པ། །རྡོ་རྗེ་ཆོས་ནི་དགོད་པར་བྱ། །རྡོ་རྗེ་ལེགས་པར་གང་བཤད་པ། །རྡོ་རྗེ་ལས་ནི་ཡོངས་སུ་གཟུང ། །དམ་ཚིག་རྣམ་པ་བཞི་པོ་ནི། །འཁོར་ལོས་སྒྱུར་བ་དགོད་པར་
84-1-172b
བྱ། །ཐམས་ཅད་སངས་རྒྱས་ཅོད་པན་ལྡན། །འཁོར་ལོས་སྒྱུར་བར་དབང་བསྐུར་བ། །རྡོ་རྗེ་རིན་ཆེན་དེ་བཞིན་ལས། །པདྨ་སྣ་ཚོགས་དགའ་ཆེན་པོ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །བྱང་ཆུབ་མཆོག་དེ་ཡང་དག་གཟུང ། །ཡན་ལག་འགྱུར་བ་ལྷག་མ་རྣམས། ། རྡོ་རྗེ་སེམས་དཔའ་ལ་སོགས་དགོད། །དེ་ནས་སངས་རྒྱས་རིགས་བཞག་སྟེ། །རྡོ་རྗེའི་རིགས་ཀྱི་སྙིང་པོ་ལ། །ཕྱག་རྒྱ་དང་ནི་སྙིང་པོ་བཤད། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང ། །ཧཱུཾ་ཛཿ ཧོ་སཝ། ཡི་གེ་ཛ་སོགས་བཤད་པ་ལ། །ཡི་གེ་ཨོཾ་ནི་ཡང་དག་དགོད། །ཧོ་དྷི་ཆོས་ དབྱིངས་ཡི་གེ་ཨ། །ཡི་གེ་སཝ་ནི་ཡོངས་སུ་བསྒྱུར། །རྡོ་རྗེ་ཤུགས་ཀྱིས་ལྷོར་སོང་ནས། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ལོ། །བཅོམ་ལྡན་མཆོག་ནི་ཡོངས་སུ་འཛིན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་ལ་སོགས་བྲིས། །རིན་ཆེན་ གཟི་བརྗིད་རྒྱལ་མཚན་དང ། །རིན་ཆེན་སོ་ཡི་རྒྱན་བཅས་པ། །དེ་ལ་རྣམས་ཀྱི་སྙིང་པོ་ནི། །ོཾ་ཨཿ ཏྲཱ་ཧ། ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །དེ་ཡི་དབུས་སུ་རྡོ་རྗེ་ཆོས། །འོད་དཔག་མེད་ནི་དགོད་པར་བྱའོ། །དེ་ཡི་སྙིང་པོ་ནི་ཧྲཱིཿ ། དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །རྡོ་རྗེ་པདྨ་ལ་སོགས་བྲི། །པདྨ་རྣོན་པོ་དེ་བཞིན་རྒྱུ། །སྨྲ་བ་ཕྱག་རྒྱ་པདྨ་བཅས། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི་ཧྲཱིཿ རྡཾ་མཾ་རཾ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །བྱང་གི་དཀྱིལ་འཁོར་དབུས་སུ་ནི། །བཅོམ་ལྡན་འདས་ནི་དོན་ཡོད་གྲུབ། །སངས་རྒྱས་ ཉིད་ནི་དགོད་པར་བྱ། །དེ་ཡི་སྙིང་པོ་ནི་ཀཾ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ལས་ལ་སོགས་པ་བྲི། །ཐམས་ཅད་བསྲུང་བ་གནོད་སྦྱིན་ཆེ། །ལས་དང་ཁུ་ཚུར་ཤིན་ཏུ་བརྟན། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི། ཀཾ་ཧཾ་ཧཱུཾ་པཾ། དབུས་ཀྱི་འཁོར་ལོ་གྲཝ་བཞི་རུ། །ལྷ་ མོ་བཞི་ནི་ཡང་དག་བྲི། །རྡོ་རྗེ་རིན་ཆེན་དེ་བཞིན་ལས། །པདྨ་ལྷ་མོ་བཞི་རུ་བཤད། །དེ་ལ་དེ་རྣམས་ཀྱི་སྙིང་པོ་ནི། །ོཾ་ཨོཾ་ཧྲཱིཿ ་ཐམས་ཅད་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་ལས་ཆ་དང་པོའི་དཀྱིལ་འཁོར་དབུས་མ་རྫོགས་སོ།། །།དཀྱིལ་འཁོར་དབུས་མ་རྫོགས་
84-1-173a
ནས་ནི། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་བྲི། །ཕྱག་རྒྱ་དེ་ནི་བྱིན་བརླབ་པ། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང ། །བྱང་ཆུབ་མཆོག་ཏུ་དབུས་ནས་མཆོག་།ཤིས་པ་ཤར་གྱི་ཕྱག་རྒྱ་སྟེ། །ལྷོ་ཡི་ཕྱོགས་སུ་མཆོག་སྦྱིན་ནོ། །ནུབ་ཏུ་ཆོས་ཀྱི་འཁོར་ལོ་ འཛིན། །བྱང་དུ་མི་འཇིགས་སྦྱིན་ཞེས་པ། །དོན་ཡོད་གྲུབ་པས་ཡོངས་སུ་གཟུང ། །ཕྱག་རྒྱ་ལྷག་མ་ཕྱག་མཚན་བཅས། །དེ་ནས་རྡོ་རྗེ་སེམས་ཚོགས་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་རྡོ་རྗེ་འཁོར་ལོ་ཆེན་པོའི་དབུས་ཀྱི་ཆ་ཞེས་བྱ་བ་ རྫོགས་སོ།། །།རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །ཤར་ཕྱོགས་ཀྱི་ནི་དཀྱིལ་འཁོར་ལ། །རྡོ་རྗེ་རིགས་ཆེན་ཉམས་དགའ་བའི། །དཀྱིལ་འཁོར་ལྔ་ནི་ཡང་དག་བྲི། །ཀ་བ་བརྒྱད་ནི་རྡོ་རྗེ་ཆེ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །དཀྱིལ་འཁོར་བཞི་ དང་ལྡན་པ་ཡི། །རྡོ་རྗེའི་འཁོར་ལོ་ཡོངས་སུ་དགོད། །དེ་ཡི་ཤར་གྱི་དབུས་སུ་ནི། །སངས་རྒྱས་གཟུགས་ཅན་ཡང་དག་བྲི། །ུཏྤལ་སྔོན་པོ་འོད་ཆེན་ལྡན། །ཁྲོ་བཅས་བཞིན་ནི་འཛུམ་ལྡན་པའི། །དྲག་པོ་འབར་བའི་ཕྲེང་བས་ཁྱབ། །རྡོ་རྗེ་ཏི་རིན་ཏི་རི་འཛིན། ། ཁྲོ་བོ་རྡོ་རྗེའི་ལྟ་བ་འཛིན། །གཏུམ་པ་ཐམས་ཅད་རབ་འདུལ་བྱེད། །སངས་རྒྱས་མདུན་དུ་རྡོ་རྗེ་འཛིན། །འབར་བའི་དབུས་སུ་དགོད་པར་བྱ། །དེ་བཞིན་འབར་དབུས་པདྨ་དང ། །དེ་བཞིན་རིན་ཆེན་སྣ་ཚོགས་མཚན། །དེ་ཉིད་ཤར་གྱི་འཁོར་ལོ་ཆེ། །ཤར་གྱི་ཆ་རུ་སོང་ ནས་ནི། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཧཱུཾ་མཛད་ཡང་དག་བྲི། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །ཕྱག་རྒྱ་བརྒྱད་ནི་ཡོངས་སུ་འཛིན། །མཆེ་བ་དག་ནི་ཅུང་ཟད་གཙིགས། །ཁྲོ་བཅས་བཞིན་ནི་འཛུམ་ལྡན་པའི། །ལྕགས་ཀྱུ་རྡོ་རྗེ་ལྕགས་སྒྲོག་ དང ། །ཞགས་པ་ཕྱག་རྒྱ་བཞི་རུ་བཤད། །མདའ་དང་གཞུ་ནི་གཉིས་སུ་འཛིན། །གཉིས་ནི་ཡི་གེ་ཧཱུཾ་གིས་བསྡུས། །དེས་ནི་རྐང་པ་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པས་ལྷ་མོ་ཨུ་མ་ཡི། །ནུ་མའི་བར་དུ་མནན་པ་སྟེ། །གཡོན་
84-1-173b
བརྐྱང་པ་ཡིས་ལེགས་པར་གནས། །འབར་བའི་ཕྲེང་བས་ཁྱབ་འོད་ལྡན། །སྐུ་མདོག་སྔོན་པོ་དྲག་པོ་སྟེ། །སངས་རྒྱས་ཐམས་ཅད་འཇིགས་བྱེད་པ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་དགོད་པར་བྱ། །ཐམས་ཅད་ཁྲོ་བོའི་འབར་བས་ཁྱབ། ། མཆེ་བདག་ནི་ཅུང་ཟད་གཙིགས། །ཁྲོ་བོ་སེམས་དཔའ་ཁྲོ་རྡོ་རྗེ། །དེ་བཞིན་ཁྲོ་བོ་ཆགས་པ་སྟེ། །ཁྲོ་བོ་ལེགས་པ་དྲག་པ་སྟེ། །དབུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཁྲོ་བོའི་རྒྱལ་པོ་གཡས་ཕྱོགས་སུ། །ཁྲོ་བོའི་བདག་ཉིད་ཆེན་པོས་ བསྐོར། །དབུས་སུ་ཁྲོ་བོ་ཁྲོ་གཉེར་ཅན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོའི་དབང་བསྐུར་ལྡན། །ཐམས་ཅད་བྲི་ཞིང་ཡང་དག་ད་གོད། །ཁྲོ་གཉེར་ཅན་གྱི་དཀྱིལ་འཁོར་མཆོག་།དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་ཁྲོ་བོ་དགོད་ པར་བྱ། །ཁྲོ་གཉེར་ཉི་མའི་རྒྱལ་མཚན་དང ། །ཁྲོ་བོ་བཞད་པ་ཤིན་ཏུ་བྱུང ། །དཀྱིལ་འཁོར་དམ་པ་གསུམ་པ་རུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཁྲོ་བོའི་བདག་ཉིད་ཆེན་པོར་བསྐོར། །རྡོ་རྗེའི་སྡེ་ནི་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་ ཁྲོ་བོ་དགོད་པར་བྱ། །ཆོས་དང་རྣོན་པོ་དེ་བཞིན་རྒྱུ། །བཞད་པ་ཁྲོ་བོ་རྫུ་འཕྲུལ་ཆེ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །ལས་ཀྱི་རྒྱལ་པོ་བདག་ཉིད་ཆེ། །རྡོ་རྗེ་དབབ་པ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ ཀྱི་ཁྲོ་བོ་ལ་སོགས་བྲི། །ལས་ཀྱི་གནོད་སྦྱིན་སྲིན་པོ་དང ། །བསྡུ་བའི་རྫུ་འཕྲུལ་ཁུ་ཚུར་ཆེ། །དཀྱིལ་འཁོར་ལྔ་པོ་ཀུན་ཏུ་བྲི། །དེ་ནི་རྡོ་རྗེའི་རིགས་སུ་བཤད། །དཀྱིལ་འཁོར་ཆེན་པོ་ཆེ་ཞེས་བྱ། །གསང་བ་དེ་ཉིད་ཚོགས་ཀྱི་བདག་།དེ་ནས་ཀུན་གྱི་སྙིང་པོ་ནི། །རྡོ་རྗེ་ རིགས་ཀུན་ཉམས་དགའ་བའི། །ཡི་གེ་ཧཱུཾ་ནི་འདིར་བརྗོད་དོ། །དྲག་པོ་ཧ་ཧ་ཞེས་སྒྲོགས་ཧཱུཾ། །ཧཱུཾ་ཧཱུཾ་ཞེས་སྒྲོགས་འཇིགས་པར་བྱེད། །དེ་ཡི་དཀྱིལ་འཁོར་རྒྱལ་པོ་ནི། །རྡོ་རྗེ་གསང་བའི་ལེགས་འདུས་བྱ། །འཁོར་ལོ་དཀྱིལ་འཁོར་གྲཝ་རྣམས་སུ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཁྲོ་བོའི་
84-1-174a
སེམས་མ་རིན་ཆེན་དང ། །པདྨ་དང་ནི་ལས་ཤེས་བྱ། །ཀུན་ནས་མཚམས་རྣམས་དག་ཏུ་ནི། །ཕྱག་རྒྱ་དམ་བཅས་དེ་དག་བཟུང ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་ཆ་གཉིས་པ་རྫོགས་སོ། །ཤར་ཕྱོགས་ཀྱི་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །།དབུས་ཀྱི་དཀྱིལ་འཁོར་འཁོར་ལོ་ཡི། །ཀ་བའི་ཕྱི་རོལ་དཀྱིལ་འཁོར་དུ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་ལྷ་མོ་ཕྱག་རྒྱ་བཅས། །ཤར་གྱི་རྡོ་རྗེ་རིགས་ཉིད་ལ། །ཕྱི་རོལ་གནས་སུ་དེ་བཞིན་ཉིད། །ཉི་མ་ལ་བསྐྱེད་བཞི་པོ་ནི། །རྡོ་རྗེ་ལྷ་མོས་ཡོངས་སུ་བཟུང ། །རྡོ་རྗེའི་ དཀྱིལ་འཁོར་སྦྱོར་འབྱུང་བ། །ཡི་གེ་ཧཱུཾ་ནི་ཀུན་ཏུ་དགོད། །དེ་བཞིན་སངས་རྒྱས་རིགས་རྒྱལ་པོ། །ཡི་གེ་ཧཱུཾ་ནི་འདིར་བརྗོད་དོ། །ཕྱག་རྒྱ་རང་གི་ཡན་ལག་འགྱུར། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་གཟུང ། །ཕྱག་རྒྱ་ཐམས་ཅད་རབ་སྦྱོར་བས། །དེ་དག་གསང་ཞིང་མཆོག་ གསང་བཤད། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྡོ་རྗེ་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།ལྷོ་ཡི་རིན་ཆེན་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་རུ་ཕུན་ཚོགས་དཀྱིལ་འཁོར་ གྱི། །འཁོར་ལོ་ལྔ་པོ་དགོད་པར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །རིན་ཆེན་ཆེན་པོ་རྟ་ལ་བཅིབས། །སངས་རྒྱས་ཉི་མ་དེ་བཞིན་གཤེགས། །འབར་བའི་ཕྲེང་བས་ཁྱབ་པའི་སྐུ། །འོད་ཟེར་ཕྲེང་བས་ཀུན་ཏུ་ཁྱབ། །རིན་ ཆེན་ཕྲེང་བ་མཆོག་འཛིན་པའི། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །སོ་ཡི་ཕྲེང་བ་རབ་བཞད་ཅིང ། །སོ་ཡི་ཕྲེང་བའི་ཕྱག་རྒྱར་ལྡན། །མཐེ་བོའི་རྩེ་མོ་རྒྱལ་མཚན་འཛིན། །ཉི་མའི་དབུས་ན་སངས་རྒྱས་ཆེ། །ཟླ་བ་ལྟ་བུའི་བདུད་རྩིའི་སྐུ། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། ། རྡོ་རྗེ་ཉི་མའི་རིགས་མཆོག་གོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་སེམས་དཔའ་པདྨ་དང ། །དེ་བཞིན་རྡོ་རྗེ་ལས་ཉིད་དོ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །འཁོར་ལོས་སྒྱུར་བས་རྣམ་པར་བརྒྱན། །རིན་ཆེན་ཆེན་པོ་རིགས་ལས་བྱུང ། །ནོར་བུའི་རྡོ་རྗེ་ཉི་
84-1-174b
མ་འཛིན། །དེ་ནས་སྙིང་པོ་ནི་ཏྲཱཾ། ལྷོ་ཡི་ཤར་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ནོར་བུའི་འོད་ཆེན་ཡང་དག་བྲི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །སངས་རྒྱས་རྡོ་རྗེ་དབང་བསྐུར་ལྡན། །དེ་ཡི་ཕྱོགས་རྣམས་ ཐམས་ཅད་དུ། །རིན་ཆེན་དེ་བཞིན་ཡང་དག་བྲི། །རིན་ཆེན་སེམས་དཔའ་དེ་བཞིན་ཆགས། །རྒྱལ་པོ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རིན་ཆེན་སོགས་ཕྱག་རྒྱ། །རང་གི་ཕྱག་རྒྱ་ཕྱག་མཚན་ཕྲག་།རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ལྷོ་ཡི་གནས་ཀྱི་སྟེང་འདུག་ ནས། །རིན་ཆེན་རིགས་ཆེན་བཟང་པོ་ལ། །རྡོ་རྗེ་Rིན་ཆེན་བཟང་པོ་བྲི། །རིན་ཆེན་བཞི་ཡི་དབང་བསྐུར་ལྡན། །སངས་རྒྱས་སྤྱི་པོ་འཛིན་པའི་མཆོག་།རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །རིན་ཆེན་ཕྲེང་བའི་དབང་བསྐུར་ལྡན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་ དུ། །སེམས་དཔའ་བཞི་ནི་ཡང་དག་བྲི། །རིན་ཆེན་རྒྱལ་པོ་རྒྱལ་མཚན་དང ། །བཞད་དང་རིན་ཆེན་རྒྱལ་པོ་ཆེ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ནུབ་ཀྱི་རྡོ་རྗེ་དཀྱིལ་འཁོར་ལ། །པདྨ་རིན་ཆེན་བདག་ཉིད་ཆེ། །རིན་ཆེན་ཕྲེང་བས་དབང་བསྐུར་ལྡན། །རིན་ཆེན་ པདྨའི་མཆོག་འཛིན་པ། །སངས་རྒྱས་དབུ་རྒྱན་སེམས་དཔའ་ཆེ། །རིན་ཆེན་ཞི་བ་ཡོངས་སུ་འཛིན། །ཟུར་མིག་འདོད་ཆགས་ཆགས་པའི་སྤྱན། །སྐྱེས་བུ་འདུལ་བ་ལ་གཟིགས་པ། །པདྨ་འཛིན་པའི་རྒྱལ་པོ་ཆེ། །འཇིག་རྟེན་དབང་ཕྱུག་ཚེ་དཔག་མེད། །དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །རིན་ཆེན་པདྨ་ཡང་དག་བྲི། །རིན་ཆེན་པདྨ་དེ་བཞིན་ནོ། །དེ་བཞིན་རྒྱུ་དང་སྨྲ་བ་འཛིན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ལ། །རིན་ཆེན་ལས་ཆེན་རྒྱལ་པོ་ནི། །བདག་ཉིད་ཆེན་པོས་ཡང་དག་བྲི། །བཅོམ་ལྡན་ ཐུབ་པའི་དབང་པོ་དོན་ཡོད་གྲུབ། །ལས་ཀུན་འཛིན་པའི་སངས་རྒྱས་རྣམ་འཕྲུལ་པའི། །རྡོ་རྗེ་ལས་ཏེ་རྒྱལ་པོ་མཛོད་འཛིན་པ། །འཁོར་ལོས་སྒྱུར་བའི་གཙོ་བོ་མཆོག་དམ་པ། །སངས་རྒྱས་དབུ་རྒྱན་ལས་རྣམས་བཞི་དང་ལྡན། །རྒྱན་རྣམས་ཀུན་གྱིས་ཡན་ལག་
84-1-175a
ལེགས་པར་བརྒྱན། །ལས་ཀྱི་རིན་ཆེན་དམ་པས་རྒྱས་གདབ་ཅིང ། །རིན་ཆེན་དཀྱིལ་འཁོར་ཚོགས་ཆེན་མཆོག་གྱུར་པས། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་རིན་ཆེན་ཡང་དག་བྲི། །ལས་ཀྱི་སྲིན་པོ་གནོད་སྦྱིན་དང ། །དེ་ཡི་བསྡུ་བའི་ཁུ་ ཚུར་འཛིན། །དེ་ནས་ཀུན་གྱི་སྙིང་པོ་ནི། །ཏྲཱཾ། རིན་ཆེན་རིགས་ཆེན་རྣལ་འབྱོར་པ། །ཡི་གེ་ཏྲཱཾ་ནི་བརྗོད་པར་བྱ། །ཅི་རིགས་པར་ནི་རང་ཉིད་ཀྱི། །ཕྱག་རྒྱ་ཕྱག་མཚན་ཡང་དག་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་རྐང་པ་གསུམ་པ་ རྫོགས་སོ། །ལྷོ་ཕྱོགས་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །།དེ་ཉིད་ཀྱི་ནི་གྲཝ་བཞི་རུ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཕྱི་ཡི་དཀྱིལ་འཁོར་མདུན་ནས་སུ། །ལྷ་མོ་བཞི་ནི་ཡང་དག་བྲི། །སེམས་མའི་རིན་ཆེན་དེ་བཞིན་ཆོས། །ལས་མ་འཁོར་ལོའི་དཀྱིལ་འཁོར་དུ། །སྒེག་ མོ་ཕྲེང་བ་དེ་བཞིན་གླུ། །གར་མ་རྣམ་པར་སྒེག་མོ་ཡི། །ནོར་བུ་རིགས་ཆེན་བཟང་པོ་ནི། །རིན་ཆེན་ཕྱག་རྒྱས་ཀུན་ཁྱབ་ལ། །ཕྱག་མཆོག་རང་གི་ཕྱག་རྒྱས་མཚོན། །འོད་ཟེར་ཕྲེང་བས་ཁྱབ་འོད་ལྡན། །རིན་ཆེན་རྡོ་རྗེས་དབང་བསྐུར་བ། །རང་རང་ཕྱག་རྒྱ་ཡོངས་སུ་འཛིན། ། རིན་ཆེན་མཚོན་ཆ་སྣ་ཚོགས་ཐོགས། །རིན་ཆེན་ལས་བྱུང་རིན་ཆེན་ལྡན། །རིན་ཆེན་རང་བཞིན་ཁང་པར་གནས། །སྤོས་དང་རིན་ཆེན་མེ་ཏོག་བཅས། །རིན་ཆེན་མཆོག་ཆེན་ལ་གནས་ཤིང ། །ལུས་ལ་རིན་ཆེན་གོས་གྱོན་པ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་ འཁོར་ཆེན་པོ་གསང་བ་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་ནོར་བུའི་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ནུབ་ཀྱི་པདྨའི་དཀྱིལ་འཁོར་ལ། །པདྨའི་རིགས་ཆེན་བཟང་པོ་ནི། །དགའ་བ་ཆེན་པོས་ཡང་དག་བྲི། །དེ་ཡི་ནུབ་ཀྱི་དཀྱིལ་འཁོར་ ལ། །དཀྱིལ་འཁོར་ལྔ་ནི་ཡང་དག་བྲི། །དབུས་ཀྱི་ལྟེ་བའི་འཁོར་ལོ་ལ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །པདྨ་བཟང་པོ་འདབ་མ་བརྒྱད། །འདབ་མ་བརྒྱད་པ་ཡིད་འོང་བ། །ཆོས་དབྱིངས་བརྟན་པའི་རྣལ་འབྱོར་ཅན། །པདྨའི་ཕྲེང་བས་རྣམ་པར་མཛེས། །དེ་ཡི་
84-1-175b
དབུས་སུ་རྒྱལ་པོ་ཆེ། །སྣ་ཚོགས་གཟུགས་ཅན་རང་བཞིན་མཆོག་།སངས་རྒྱས་ཤེས་རབ་ཐབས་ལྡན་པ། །ཆོས་ཀྱི་འཁོར་ལོ་ཡོངས་སུ་འཛིན། །པདྨ་གཅིག་པོ་དེ་གནས་ཤིང ། །དེ་ཡི་དཀྱིལ་འཁོར་ལ་བརྟེན་པ། །པདྨའི་སེམས་དཔའ་བཞི་པོ་བྲི། །འཁོར་ལོས་སྒྱུར་བ་འཇིགས་ པ་མེད། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །སངས་རྒྱས་པདྨ་དབང་བསྐུར་ལྡན། །རྡོ་རྗེ་པདྨ་ལ་སོགས་བྲི། །པདྨའི་སེམས་དཔའ་འཇིགས་པ་མེད། །ཀུན་ཀྱང་སངས་རྒྱས་ཅོད་པན་ལྡན། །ཆོས་ཀྱི་ཕྲེང་བས་དབང་བསྐུར་བས། །པདྨའི་ཕྱག་མཚན་མཚོན་ཆ་བསྣམས། ། སངས་རྒྱས་འཕྲུལ་པས་རྣམ་པར་རོལ། །པདྨའི་སེམས་དང་དེ་བཞིན་རྒྱལ། །རིན་ཆེན་ཆོས་ནི་ཚུལ་ཆེན་པོ། །དམ་ཚིག་མཆོག་རྣམས་བཞི་པོ་ནི། །རིམ་པ་བཞིན་དུ་ཡང་དག་བྲི། །ནུབ་ཀྱི་ཤར་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དབུས་སུ་ རྒྱལ་པོ་ཆེ། །སྣ་ཚོགས་འཁོར་ལོ་དགོད་པར་བྱ། །ཆོས་ཀྱི་སྙིང་པོ་རབ་ཏུ་གནས། །པདྨ་འདབ་མ་བརྒྱད་ལ་བརྟེན། །པདྨའི་གེ་སར་དབུས་སུ་ནི། །སྣ་ཚོགས་གཟུགས་ཅན་དགོད་པར་བྱ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །གཟུགས་བཟང་ལྡན་པའི་སྐུ་མངའ་བ། ། སངས་རྒྱས་ལྔ་ཡི་དབང་བསྐུར་ལྡན། །སྤྱན་གསུམ་ཕྱག་ནི་བརྒྱད་པ་སྟེ། །ཐོར་ཚུགས་ཚངས་པ་དཔྲལ་བར་དབང། །མེ་ཏོག་མཚོན་ཆ་སྨིན་མཚམས་སུ། །མིག་ལ་ཉི་མ་ཟླ་བ་དགོད། །ཐ་སྐར་གཞོན་ནུ་རྣ་བ་ལ། །ཁྱབ་འཇུག་སྣ་ཡི་རྩེ་མོ་སྟེ། །མཆེ་བ་ནག་པོ་ གསུས་པོ་ཆེ། །ལྕེ་ལ་དབྱངས་ཅན་མ་ཡིན་ཏེ། །གསུང་དབྱངས་ལ་ནི་དབྱངས་ཆེན་མ། །ཀུ་མུ་ད་དང་པད་ཕྲེང་ཅན། །ཁ་དང་འགྲམ་པ་དག་ལ་གནས། །སྤྱན་ལ་ཤེས་རབ་ཕ་རོལ་ཕྱིན། །གདོང་གི་ཕྱེད་ནི་སྤྲུལ་པར་བྱེད། །ཕྲག་པ་གཡས་པར་སེང་གེ་སྟེ། །གཡོན་པ་ཕག་ ནི་ཡང་དག་གནས། །སྣ་ཡི་བུ་གུ་གཉིས་ལ་ནི། །རྒྱ་མཚོ་ཉེ་བར་གདུང་བ་དག་།དགའ་བོ་ཉེ་དགའ་དཔུང་བ་ལ། །ལྟོ་བ་ལ་ནི་རྒྱ་མཚོ་གནས། །བརླ་གཡས་པ་ལ་དཔུང་ཆེན་གནས། །ཚོགས་ཀྱི་དབང་ཕྱུག་དཔུང་པ་ལ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །མཚན་མའི་
84-1-176a
སྟེང་གི་སྒོ་ན་གནས། །དཔལ་བེའུ་སྙིང་ག་ལ་གནས་ཏེ། །ལྷག་པ་ལྷ་མོ་ཆེན་མོ་དཔལ། །འོག་གི་ཁ་ཡི་སྒོ་རུ་ནི། །གཤིན་རྗེའི་རྒྱལ་པོ་རྣམ་པར་བརྟེན། །རྫོང་དང་འཇིགས་བྱེད་ལྷ་མོ་ཆེ། །པུས་མོ་ལ་ནི་ཡང་དག་གནས། །རྐང་པའི་སོར་མོ་བཅུ་ལ་ནི། །མ་མོ་བཅུ་ནི་ཀུན་ དུ་གནས། །དྲག་པོ་རྗེ་ངར་གནས་པ་ཉིད། །ཆུ་ཡི་ལྷ་མོ་རྒྱབ་ན་གནས། །དཔྱིད་དང་སོ་ག་དབྱར་དང་ནི། །སྟོན་དང་དགུན་དང་དགུན་སྨད་ལྷ། །གཡས་པ་དང་ནི་གཡོན་པ་ཡིན། །རྐང་པ་དག་ལ་ཡང་དག་གནས། །འོག་གི་འཁོར་ལོ་རྩིབས་སྟོང་ལ། །དྲག་པོའི་ཕུང་པོ་འཆིང་བ་དང ། །སྒྲ་གཅན་ ཐགས་བཟངས་རིས་སྣང་བྱེད། །ལྷ་མ་ཡིན་རྣམས་ཀུན་དུ་གནས། །ལག་པ་བཅུ་ཡི་ཐལ་མོ་ལ། །ཕ་རོལ་ཕྱིན་པ་བཅུ་དག་གནས། །མངོན་པར་འདོད་པ་ཉིད་དག་གི་།ལྷ་ཆེན་ལ་སོགས་འདི་དག་བྲི། །ཞལ་བཞི་ཕྱག་ནི་བརྒྱད་པ་སྟེ། །ཞལ་རེ་ཞིང་ནི་སྤྱན་གསུམ་པའི། །གོས་དང་གཟུགས་ནི་ བཟང་པོར་ལྡན། །དེ་འདྲའི་རང་བཞིན་ཐུབ་པ་དགོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་སེམས་དཔའ་ཡང་དག་བྲི། །པདྨའི་སེམས་དཔའ་ལྕགས་ཀྱུ་དང ། །མདའ་དང་པདྨ་ལེགས་པར་སྦྱིན། །ནུབ་ཀྱི་ལྷོ་ཡི་ཕྱོགས་མཆོག་ཏུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དབུས་སུ་ སེམས་དཔའ་ཆེ། །རིན་ཆེན་པདྨ་ཡང་དག་བྲི། །ཞལ་ནི་བཅུ་གཉིས་ལྡན་པ་ཉིད། །ཕྱག་བཅུ་གཉིས་དང་ལྡན་པའི་མཆོག་།རིན་ཆེན་པདྨར་ཡང་དག་བཞུགས། །རིན་ཆེན་ལས་ནི་འབྱུང་བར་འདོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་རིན་ཆེན་དྲ་སོགས་བྲི། །ཁྲོ་གཉེར་ཉི་མའི་རྒྱལ་ མཚན་དང ། །དེ་བཞིན་ཞལ་ནི་བཅུ་གཅིག་པ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །འོད་དཔག་མེད་ནི་དགོད་པར་བྱ། །པདྨ་ཆེན་པོ་རབ་སྟེར་བ། །པདྨ་གར་གྱི་དབང་ཕྱུག་གཙོ། །སྤྱན་དང་ཕྱག་ནི་སྟོང་པར་ལྡན། ། ཕྱག་རྒྱ་མཚོན་ཆ་ཐམས་ཅད་བཅང ། །ཞལ་བཅུ་གཉིས་པ་བཟང་པོ་སྟེ། །པདྨའི་ལྷ་མོ་ཡང་དག་ལྡན། །ཕ་རོལ་ཕྱིན་པ་བཅུ་དང་ལྡན། །ཚོགས་ཀྱི་དབུས་ན་རྣམ་པར་རོལ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་སེམས་དཔའ་ཡང་དག་བྲི། །སྒྲོལ་མ་གཞོན་ནུའི་མཐུ་ཅན་དང ། །མགྲིན་
84-1-176b
སྔོན་ཚངས་པའི་མདོག་ལས་བྱུང ། །ནུབ་ཀྱི་བྱང་གི་ཆ་རུ་ནི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །པདྨ་ལ་སོགས་དགོད་པར་བྱ། །ཞལ་དྲུག་ཕྱག་ནི་བཅུ་གཉིས་པའི། །ཕྱག་རྒྱ་མཚོན་ཆ་འཛིན་པའི་མཆོག་།ཆེན་པོ་སྣ་ཚོགས་རབ་སྟེར་བ། །པདྨ་ལས་ནི་ཡང་ དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨ་གར་གྱི་དབང་ཕྱུག་རྒྱལ། །དཀྱིལ་འཁོར་གྱི་ནི་མདུན་གནས་པ། །པདྨའི་སྲིན་པོ་གནོད་སྦྱིན་དང ། །པདྨའི་ཁུ་ཚུར་ཡང་དག་བྲི། །གཡས་དང་གཡོན་དང་རྒྱབ་དང་ནི། །མདུན་ཉིད་ཀྱི་ནི་དཀྱིལ་འཁོར་རོ། །དེ་ནས་སྙིང་པོ་ནི་ཧ། སངས་རྒྱས་ ཀྱི་སྙིང་པོ་ཧྲཱིཿ སྟེ། ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྐང་པ་བཞི་པ་རྫོགས་སོ།། །།པདྨའི་རིགས་ཀྱི་ཚོགས་དག་གི་།དཀྱིལ་འཁོར་ཡོངས་སུ་རྫོགས་ནས་ནི། །དེ་ཡི་འཁོར་ལོའི་གྲཝ་ བཞི་རུ། །ལྷ་མོ་བཞི་ནི་ཡང་དག་བྲི། །པདྨའི་སེམས་དཔའ་རིན་ཆེན་དང ། །ལས་དང་ཆོས་མ་ཡང་དག་བྲི། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་འདི་ནི་ཡང་དག་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་པདྨའི་རིགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །།བྱང་གི་ ལས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དཀྱིལ་འཁོར་རྒྱལ་པོ་ནི། །འཁོར་ལོ་ལྔ་ལྔ་དགོད་པར་བྱ། །དེ་ཡི་དབུས་སུ་ལས་ཆེན་པོ། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །ཆོས་འཛིན་པ་ཡི་རྒྱལ་པོ་ཆེ། །ནམ་མཁའ་ལྡིང་གི་གདན་ལ་བཞུགས། །དེ་ཡི་ཕྱོགས་ རྣམས་ཐམས་ཅད་དུ། །ལས་ཀྱི་ཕྱག་རྒྱ་ཡང་དག་བྲི། །ལས་ཀྱི་སེམས་དཔའ་རིན་ཆེན་དང ། །དེ་བཞིན་ལས་དང་ཆོས་ཉིད་དོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །བྱང་གི་ཤར་གྱི་དཀྱིལ་འཁོར་ལ། །མི་བསྐྱོད་པ་ནི་སངས་རྒྱས་ཆེ། །རྡོ་རྗེ་ལས་ནི་དགོད་པར་བྱ། །དེ་ཡི་མཆོད་པ་མཚོན་ཆ་བཅས། །དེ་ ཡི་ཕྱག་རྒྱ་བཅས་པ་བཟུང ། །ལས་ཆེན་འཛིན་པ་བཟང་པོ་སྟེ། །སངས་རྒྱས་མཛད་པ་ཡང་དག་ལྡན། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་སེམས་དཔའ་ཡང་དག་བྲི། །སེམས་དཔའ་ཆགས་པའི་རྒྱལ་པོ་ཆེ། །ལེགས་པ་དེ་བཞིན་ལས་ཉིད་དོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་གི་ལྷོ་ཡི་ཆར
84-1-177a
རུ་ནི། །རིན་ཆེན་ཏིང་འཛིན་རྒྱལ་པོ་ཆེ། །རིན་ཆེན་ལས་ནི་ཡང་དག་བྲི། །རིན་ཆེན་ཆར་ནི་རབ་འབེབས་ཤིང ། །སྡུག་བསྔལ་ཐམས་ཅད་རབ་ཏུ་འཇོམས། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་ལས་ནི་ཡང་དག་བྲི། །སེམས་དཔའི་གཟི་བརྗིད་རྒྱལ་མཚན་དང ། ། ལས་དང་བཞད་པ་རྣམ་སྦྱོང་བ། །ལས་ཀྱི་རིན་ཆེན་བཟང་པོ་ལ། །རིན་ཆེན་དཀྱིལ་འཁོར་ཡང་དག་ལྡན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་གི་ནུབ་ཀྱི་ཆ་རུ་ནི། །པདྨའི་ལས་ཀྱི་སེམས་དཔའ་ཆེ། །དཀྱིལ་འཁོར་དབུས་སུ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །པདྨའི་ ལས་ནི་ཡང་དག་བྲི། །པདྨ་རྣོན་པོ་དེ་བཞིན་རྒྱུ། །དེ་བཞིན་སྨྲ་བ་ལས་ཡིན་ནོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་གི་བྱང་ཕྱོགས་དཀྱིལ་འཁོར་ལ། །ལས་ཆེན་འཛིན་པ་དབང་ལྡན་པ། །ལས་ཀྱི་རྒྱལ་པོ་ཡང་དག་བྲི། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཀྱི་སེམས་དཔའ་དགོད་ པར་བྱ། །ལས་ཀྱི་སྲིན་པོ་གནོད་སྦྱིན་དང ། །དེ་བཞིན་བསྡུ་བའི་ཁུ་ཚུར་ཉིད། །དེ་ནས་སྙིང་པོ་ནི་ཨཿ ། སངས་རྒྱས་ཀྱི་སྙིང་པོ་ནི་ཨཿ སྟེ། ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་གསང་བ་ཞེས་བྱ་བ་ལས་རྐང་པ་ལྔ་པ་རྫོགས་སོ། ། བྱང་གི་ཆའི་དཀྱིལ་འཁོར་ཡང་རྫོགས་སོ།། །།བྱང་དུ་དཀྱིལ་འཁོར་བྲི་བྱས་ཏེ། །ལས་ཀྱི་དཀྱིལ་འཁོར་རྫོགས་ནས་ནི། །དེ་ཡི་འཁོར་ལོའི་གྲཝ་བཞི་རུ། །ལྷ་མོ་བཞི་ནི་དགོད་པར་བྱ། །སྔར་གྱི་དམ་ཚིག་བཞི་པོ་ནི། །ཐམས་ཅད་སུམ་ཅུ་རྩ་གསུམ་ཡིན། །དབུས་མ་ཞེས་བྱ་སུམ་ཅུ་གསུམ། ། ཤར་གྱི་ཕྱོགས་ན་སུམ་ཅུ་གསུམ། །དེ་བཞིན་ནུབ་ཀྱི་ཕྱོགས་ཆའོ། །བྱང་དང་ལྷོ་ཡང་དེ་བཞིན་ནོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ལས་ལས་ཀྱི་རིགས་ཞེས་བྱ་བ་རྫོགས་སོ། །དཀྱིལ་འཁོར་གྱི་འཁོར་ཐམས་ཅད་ཀྱང་རྫོགས་སོ།། །།བརྒྱ་དྲུག་ཅུ་རྩ་ལྔ་པའོ། །དེ་ནས་དཀྱིལ་འཁོར་འཁོར་ལོ་མཆོག་།ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །འཁོར་ལོ་ཆེན་པོའི་གྲཝ་བཞི་རུ། །དཀྱིལ་འཁོར་བཞི་ནི་བྲི་བར་བྱ། །འཁོར་ལོ་སྦྱོར་ཆེན་ཤར་ལྷོ་རུ། །ཟླ་བའི་གཟུགས་སུ་དགོད་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་
84-1-177b
དཔའ་དགོད་པར་བྱ། །འཛུམ་ཞིང་ཟླ་བའི་མདོག་ཅན་ཏེ། །འོད་ཟེར་དམར་པོ་སྣ་ཚོགས་འབར། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག་།ཕྱག་གཡས་པ་ན་རྡོ་རྗེ་བསྣམས། །དེ་བཞིན་གཡོན་ན་དྲིལ་བུ་བསྣམས། །མཉམ་པར་གཞག་པའི་སེམས་དཔའ་ཆེ། ། སེམས་ཅན་ཀུན་གྱི་དོན་སེམས་པ། །དེ་ཡི་པདྨ་ཡང་དག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །ལྷ་མོ་བཞི་ནི་ཡང་དག་བྲི། །གསང་བ་ལྔ་ནི་ཡང་དག་བསྟན། །དང་པོ་དང་ནི་གཉིས་པ་ནི། །གཡས་ཀྱི་ཕྱོགས་ན་ཡང་དག་གནས། །གསུམ་པ་དང་ནི་བཞི་པ་ནི། །གཡོན་ལོགས་ན་ནི་རབ་ཏུ་ གནས། །ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོགས། །པུས་འཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་སྒྱུར་ཞིང ། །འཛུམ་བཅས་ཀུན་དུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཆུ་སྲིན་གྱི་ནི་རྒྱལ་མཚན་བསྒྲེང ། །དེ་ཡི་གློ་ན་བཞད་བཅས་ཤིང ། །རྡེག་བྱེད་སྐྱེ་དགུའི་བདག་མོ་ཡི། །རྡོ་རྗེ་ཅ་ཅོའི་སྒྲ་སྒྲོག་ དང ། །དེ་བཞིན་རྡོ་རྗེ་དོན་ཡོད་དགའ། །ལྷ་མོ་རྡོ་རྗེ་འདོད་དབང་ཕྱུག་།གཟི་བརྗིད་དགའ་བའི་རྡོ་རྗེ་མ། །ལྷོ་དང་ནུབ་ཀྱི་མཚམས་སུ་ནི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །པདྨ་ཆེན་པོ་དགོད་པར་བྱ། །པདྨའི་དཀྱིལ་འཁོར་དབུས་སུ་ནི། །པདྨའི་སེམས་དཔའ་དགོད་ པར་བྱ། །ཞལ་བཞི་ཕྱག་ནི་བརྒྱད་པ་སྟེ། །འཁོར་ལོས་དཀྱིལ་འཁོར་འོད་བཅས་པ། །དེ་ཡི་པདྨར་ཡང་དག་ག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །པདྨའི་རིགས་ཅན་ལས་བྱུང་བ། །ལྷ་མོ་བཞི་ནི་ཡང་དག་བྲི། །ཀུན་ནས་གསང་བའི་ལྷ་མོ་ཡི། །དེ་ནས་མིང་ནི་རབ་བཤད་བྱ། །རྡོ་རྗེ་དཔལ་ དང་རྡོ་རྗེ་དཀར། །རྡོ་རྗེ་སྒྲོན་མ་རྡོ་རྗེ་ཅན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དུ། །ནམ་མཁའི་དཀྱིལ་འཁོར་བྲི་ནས་ནི། །རྡོ་རྗེ་ཉི་མ་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །རིན་ཆེན་སེམས་དཔའ་དགོད་པར་བྱ། །སྔོན་དམར་གྱི་ནི་འོད་ཀྱིས་ཁྱབ། །རྒྱན་ རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །དེ་ཡི་པདྨ་ཡང་དག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་པ། །རིན་ཆེན་རིགས་ཆེན་ལས་བྱུང་བའི། །ལྷ་མོ་བཞི་ནི་ཡང་དག་བྲི། །ནམ་མཁའ་ལས་བྱུང་མཁའ་རྡོ་རྗེ། །ནམ་མཁའི་མདོག་ཅན་སྐྱེ་དགུའི་བདག་།རིན་ཆེན་དཔལ་ལྡན་ལྷ་མོ་ཆེ། །རིན་ཆེན་དང་བཅས་རིགས་
84-1-178a
མཛེས་མ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་ཤར་མཚམས་ཀྱི་འཁོར་ལོ་ལ། །དེ་བཞིན་ཨུཏྤལ་སྔོན་པོའི་འདབ། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །ུཏྤལ་སྔོན་པོ་དེ་དབུས་སུ། །ལས་རྣམས་འཛིན་པ་ཆེན་པོའི་མཆོག་།སངས་རྒྱས་ཀུན་ལས་སོགས་བཤད་པ། །རྡོ་རྗེའི་ལས་ནི་ དགོད་པར་བྱ། །དེ་ཡི་པདྨར་ཡང་དག་ག་གནས། །དེ་འོད་དཀྱིལ་འཁོར་ལ་བརྟེན་ཅིང ། །ལས་ཀྱི་རིགས་ཅན་ལས་བྱུང་བའི། །ལྷ་མོ་བཞི་ནི་ཡང་དག་བྲི། །ལས་རྒྱ་རྡོ་རྗེ་རིན་ཆེན་མ། །ལས་མ་ཆོས་མ་དཔལ་ལྡན་ཆེ། །ཇི་ལྟར་སྔོན་དུ་རྡོ་རྗེའི་རིགས། །དེ་བཞིན་དཀྱིལ་འཁོར་ཐམས་ཅད་ལ། །དེ་ཉིད་ཕོ་ཉ་མོ་ རུ་གནས། །དེ་ཉིད་ལྷ་མོར་ཡང་དག་གནས། །དེ་ཉིད་སྒེག་མོ་རྣམ་སྒེག་སོགས། །ཕྱག་རྒྱའི་རྒྱ་མཚོ་གཞན་ཡང་བྱེད། །སེར་མོ་དམར་མོ་ཉི་མ་མཚུངས། །ུཏྤལ་སྔོན་པོའི་མདོག་འདྲར་འགྱུར། །བསྙེམས་བཅས་ཞི་བའི་དབང་བསྐུར་ལྡན། །རང་གི་ཕྱག་རྒྱ་ཡོངས་སུ་འཛིན། །དེ་ནས་སྙིང་པོ་ཧཱུཾ་ ཧྲཱིཿ ོཾ་ཨཿ ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་རྐང་པ་དྲུག་པ་རྫོགས་སོ། །མཚམས་རྣམས་ཀྱི་དཀྱིལ་འཁོར་ཡང་རྫོགས་སོ།། །།བརྒྱ་དང་བརྒྱད་ཅུ་རྩ་ལྔར་ལྡན། །འཁོར་ལོ་ཡོངས་སུ་རྫོགས་ནས་ཀྱང ། །དེ་ཡི་མཚམས་ ཀྱི་ལོགས་རྣམས་སུ། །ལྷ་བཞི་དག་ནི་ཡང་དག་བྲི། །ཤར་དུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ་མེ་ལྟར་འབར་བའོ། །རྡོ་རྗེ་རིགས་ཆེན་མཚན་མ་སྟེ། །འབར་བའི་ཕྲེང་བ་རབ་འཇིགས་པའི། །ལྷོ་རུ་རིན་ཆེན་ཕུན་ཚོགས་པ། །ཆུ་ལྷ་རིན་ཆེན་ཆུ་སྲིན་རྣམས། །རིན་ཆེན་རིགས་ཆེན་མཚན་མ་སྟེ། །སངས་རྒྱས་ཆོས་ཀྱི་འབྱུང་གནས་ བརྗོད། །ནུབ་ཏུ་ས་ལྷ་བྲི་བར་བྱ། །རྩལ་ལྡན་སྐྱེས་བུ་ཞེས་བྱ་ཡི། །དཀྱིལ་འཁོར་ཆེན་པོ་འཛིན་བྱེད་ཅིང ། །པདྨའི་རིགས་ཀྱི་མཚན་མའང་ཡིན། །བྱང་དུ་རླུང་གི་སྐྱེས་བུ་ནི། །རླུང་གི་ཤུགས་ཀྱིས་གོས་འཆང་ཞིང ། །དེ་བཞིན་ལས་ཀྱི་རིགས་འཛིན་མ། །གཡོ་ཞིང་རྩལ་ལྡན་བྲི་བར་བྱ། །བརྒྱ་དང་བརྒྱད་ཅུ་རྩ་དགུ་རུ། ། དབུས་ཀྱི་དཀྱིལ་འཁོར་ཡང་དག་བསྒྲུབ། །ཆོས་ཀྱི་ཚུལ་གྱི་གྲུ་ཆེན་པོ། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ལས་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གསང་བ་ཞེས་བྱ་བ་རྫོགས་སོ།། །།ཐུན་མོང་མཆོག་ཏུ་གསང་བ་ཡི། །རྡོ་རྗེ་རིག་པ་འཛིན་པའི་མཆོག ། རང་
84-1-178b
རིགས་འཁོར་ལོའི་དཀྱིལ་འཁོར་ནི། །ཕྱོགས་གཅིག་ཏུ་ནི་བཤད་པར་བྱ། །དཀྱིལ་འཁོར་ཀུན་གྱི་དབུས་སུ་ནི། །ཐུབ་པའི་དབང་ཕྱུག་རྣམ་སྣང་མཛད། །སེང་གེ་པདྨའི་གདན་ལ་བཞུགས། །དེ་ནི་བྱང་ཆུབ་མཆོག་འཛིན་པ། །མི་བསྐྱོད་པ་ནི་གླང་ཆེན་བཅིབས། །རིན་ཆེན་དབང་ནི་རྟ་ལ་ བཅིབས། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །རྨ་བྱའི་ཁྲི་ལ་ཡང་དག་བཞུགས། །དོན་ཡོད་གྲུབ་པ་བླ་ན་མེད། །མཁའ་ལྡིང་དབང་པོ་ཡང་དག་བཞུགས། །འདི་རྣམས་ཀྱི་ནི་བཞོན་པར་བཤད། །རིགས་མཆོག་ཀུན་གྱི་དབྱེ་བའོ། །མི་བསྐྱོད་པ་ཡི་ས་གནོན་ཏེ། །དེ་བཞིན་རིན་ ཆེན་དབང་མཆོག་སྦྱིན། །ཚེ་དཔག་མེད་ཀྱི་ཏིང་འཛིན་སྦྱིན། །དོན་ཡོད་གྲུབ་པའི་མི་འཇིགས་སྦྱིན། །སྔོན་པོ་སེར་པོ་དེ་བཞིན་དམར། །ཁ་དོག་ལྗང་གུ་ལས་འཛིན་པ། །དེ་བཞིན་གཤེགས་པའི་རིགས་ཡིད་འོང ། །སྐུ་མདོག་དཀར་པོ་རབ་ཏུ་བསྒྲགས། །དེ་བཞིན་རྡོ་རྗེ་རིན་ ཆེན་ལ། །རྡོ་རྗེ་ཕྲེང་བས་རྡོ་རྗེ་མཚན། །རྡོ་རྗེའི་དཀྱིལ་འཁོར་སྦྱོར་འབྱུང་བ། །རྡོ་རྗེའི་རི་མོ་ཡང་དག་བྲི། །པདྨའི་རིགས་ཆེན་བཟང་པོ་ལ། །པདྨའི་ཕྲེང་བས་པདྨ་མཚན། །པདྨའི་དཀྱིལ་འཁོར་སྦྱོར་བྱུང་བ། །པདྨའི་སྲད་བུས་ཐིག་གདབ་བྱ། །རིན་ཆེན་རིགས་ཅན་བཟང་པོ་ལ། །རིན་ཆེན་ཕྲེང་བས་རིན་ ཆེན་མཚན། །རིན་ཆེན་དཀྱིལ་འཁོར་སྦྱོར་བྱུང་བ། །རིན་ཆེན་རི་མོ་རྣམ་པར་མཛེས། །ལས་ཀྱི་རིགས་ལ་སྣ་ཚོགས་བཤད། །དེ་བཞིན་སངས་རྒྱས་རིགས་མཆོག་ལ། །འོན་ཀྱང་རྡོ་རྗེ་ཁྱད་པར་གྱིས། །རྡོ་རྗེ་དཀྱིལ་འཁོར་སྦྱོར་བྱུང་བའི། །རྡོ་རྗེ་ཤར་གྱི་ཕྱོགས་ཆ་རུ། །ལྷོ་རུ་རིན་ ཆེན་དཀྱིལ་འཁོར་ཏེ། །ནུབ་ཏུ་པདྨ་ཡང་དག་བཤད། །བྱང་དུ་ལས་ནི་ཡང་དག་སྦྱོར། །རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཤད་པ། །པདྨ་ཆེན་པོ་དུལ་ཞིང་ཞི། །དྲག་པོ་ཞི་བ་ལས་འཛིན་པ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་རུ། །འཁོར་ལོ་ཆེན་པོ་ཡང་དག་བྲི། །དེ་ ནས་ཕྱི་རོལ་འཁོར་ལོ་སོགས། །ཆོ་ག་འདི་ཀུན་དེ་དང་འདྲ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཆེན་པོ་མཆོག་ཏུ་གསང་བའི་དཀྱིལ་འཁོར་ཆེན་པོ་ལས་གསང་བ་ཞེས་བྱ་བ་རྐང་པ་བདུན་པ་རྫོགས་སོ། །ལས་ཀྱི་རྣལ་འབྱོར་ལས་བྱུང་བ་རྫོགས་སོ།། །།
84-1-179a
ནང་གི་དཀྱིལ་འཁོར་རྫོགས་ནས་ནི། །ཚོན་རྩི་ལས་ནི་དགང་བར་བྱའོ། །ཐིག་དང་རི་མོ་ཐམས་ཅད་ནི། །ཚོན་རྩི་ཀུན་གྱིས་རབ་ཏུ་དགང ། །དང་པོ་ནས་ནི་ཐ་མ་རུ། །ཕྱི་རོལ་དཀྱིལ་འཁོར་ཀུན་དུ་བྲི། །མཉམ་ཞིང་ཀུན་དུ་ཆ་མཉམ་པས། །གྲུ་བཞི་རུ་ནི་རབ་ཏུ་བརྟག་།ཟུར་བཞི་ པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་བྱས་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །ཡིད་དུ་འོང་ཞིང་ལེགས་པར་ཕྱེ། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་རིན་ཆེན་སྲད་བུ་ཡིས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། ། རྡོ་རྗེ་ཁ་ཁྱེར་མཛེས་བྱས་ལ། །ཟླ་བ་ཕྱེད་པའི་ལྕུག་མས་ཁྱབ། །རྡོ་རྗེ་ཕྲེང་བའི་ཚོགས་དང་ལྡན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །གཡེར་ཀའི་དྲ་བས་ཡང་དག་ལྡན། །ཁ་དོག་སྣ་ཚོགས་རྣམ་པར་བརྒྱན། །དེ་དང་དབུས་ཀྱི་བར་ཐིག་ལ། །བྱང་ཆུབ་སེམས་རྣམས་ཡང་ དག་བྲི། །བསྐལ་པ་བཟང་པོ་སྟོང་དག་ནི། །འདས་པའི་རྫུ་འཕྲུལ་ཆེན་པོ་རྣམས། །ཤར་དུ་ཐམས་ཅད་རྡོ་རྗེ་མཚན། །ལྷོ་རུ་རིན་ཆེན་ཕྱག་མཚན་བསྣམས། །ནུབ་ཏུ་པདྨ་རྡོ་རྗེ་སོགས། །བྱང་དུ་ལས་ཀྱི་རྡོ་རྗེ་བསྣམས། །རྫུ་འཕྲུལ་ཆེན་པོའི་ལྷ་གང་དག་།ཕྱི་རོལ་ཐིག་ལ་ཡང་དག་བྲི། །དྲག་ པོ་ལ་སོགས་ལྷ་ཆེན་རྣམས། །སྣམ་བུ་ལས་ནི་ལུས་ཕྱེད་ཕྱུང ། །དབང་ཕྱུག་ཆེན་པོ་ཚངས་པ་ཆེ། །ཁྱབ་འཇུག་གཡུང་དྲུང་གཞོན་ནུ་ནི། །རིགས་བཅས་དཔུང་དང་བཅས་རྒྱལ་པོ། །ཤར་གྱི་དཀྱིལ་འཁོར་ཡང་དག་བྲི། །འཁྱིལ་པའི་འོད་ཅན་གཏུམ་པོ་དང ། །སེར་སྐྱ་རྡོ་རྗེ་སེར་སྐྱ་རྣམས། ། རིགས་བཅས་འཁོར་ལོ་ཡང་དག་ལྡན། །ལྷོ་ཡི་ཕྱོགས་སུ་ཡང་དག་བྲི། །མྱོས་པ་ཕྲེང་ལྡན་རྒྱལ་ཉིད་པ། །རྣམ་པར་རྒྱལ་དང་སྐྱེལ་བྱེད་རྣམས། །རིགས་བཅས་དཔུང་དང་ཡང་དག་ལྡན། །ནུབ་ཀྱི་ཆ་རུ་ཡང་དག་བྲི། །ཀོ་ཤི་གོས་ཅན་མེ་དང་རླུང ། །རྡོ་རྗེ་འཇིགས་བྱེད་ལ་སོགས་རྣམས། །ནུབ་ཀྱི་ ཆ་ལས་འོག་ཏུ་ནི། །བྱང་གི་ཆ་རུ་ཡང་དག་བྲི། །དེ་བཞིན་དཔུང་དང་བདག་པོར་བཅས། །མ་མོ་འཇིག་རྟེན་རབ་གྲགས་དང ། །གཙོ་བོ་འཁོར་ལོ་རྣམ་རོལ་པ། །ལྷ་མིན་ལ་སོགས་རྫུ་འཕྲུལ་ཆེ། །ཕྱི་རོལ་འཁོར་ལོའི་རིགས་སུ་བཤད། །རྒྱུད་ཆེན་གསང་བ་ཞེས་བྱ་ལས། །སྟོང་ཕྲག་བཅུ་རུ་བཤད་པ་
84-1-179b
རྣམས། །ཇི་ལྟར་མངོན་པར་འདོད་པ་བྲི། །ཕྱི་ཡི་དཀྱིལ་འཁོར་གནས་ཟུར་དུ། །དཀྱིལ་འཁོར་བཞི་ནི་བྲི་བར་བྱ། །མེ་ཏོག་སྤོས་ལ་སོགས་ལྡན་པ། །མཆོད་པའི་ལྷ་མོ་ཡང་དག་བྲི། །ཇི་ལྟར་ནུས་ཤིང་བྲི་བ་དང ། །ཇི་ལྟར་མཛེས་ཤིང་རྗེས་སུ་མཐུན། །ཇི་ལྟར་རང་གི་རིགས་བཤད་པ། །ཇི་ ལྟར་མངོན་པར་འདོད་པ་བྲི། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་གསང་ཞིང་མཆོག་ཏུ་གསང་བ་ཞེས་བྱ་བ་ལས་ཕྱི་རོལ་གྱི་དཀྱིལ་འཁོར་མཆོག་ཏུ་མཛེས་པ་ཞེས་བྱ་བ་རྐང་བ་བརྒྱད་པ་རྫོགས་སོ།། །།དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ཆེན་པོ་མ་ལུས་པ་ རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་འདི་ལ་སངས་རྒྱས་ཀྱི་བྱང་ཆུབ་མ་ལུས་པར་དགུག་པ་འདི་འབྱུང་ངོ ། །འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་དགུག་པ་ཉིད་དང ། ཕྱིར་མི་ལྡོག་པའི་ས་ལ་ཐབས་མཁས་པ་ཆེན་པོ་ འཇུག་པར་བྱེད་པ་ཉིད་དང ། དོན་ཐམས་ཅད་ལ་མངོན་དུ་ཕྱོགས་པ་དང ། མྱ་ངན་ལས་འདས་པ་ལ་གནས་པ་དང ། བྱང་ཆུབ་ཆེན་པོའི་ཚོགས་བསགས་པ་དང ། སེམས་ཅན་གྱི་དོན་ལ་མི་སླུ་བ་དང ། ཐེག་པ་ཆེན་པོ་འདི་ལས་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་ཅིང་འགྱུར་བ་མེད་པར་འཆིང་བ་ཉིད་ དང ། ཐབས་དང ། ཤེས་རབ་དང ། ཏིང་ངེ་འཛིན་དང ། གཟུངས་དང ། སྤྱོད་པ་དང ། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་སྡུད་པར་བྱེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ཉིད་ལ་ཡང་དག་པར་བྱེད་པ་ཉིད་དོ། །དེ་ལ་ཤར་གྱི་སྒོར་རྡོ་རྗེ་ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཛིན་དགོད་པར་བྱའོ། །ལྷོ་རུ་ ནི་རྡོ་རྗེ་ཞགས་པ་ཞེས་བྱ་བ་དང ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བ་དང ། བྱང་དུ་རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་རྡོ་རྗེ་འཛིན་པ་ཆེན་པོ་དགོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་གསང་བ་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཆེད་དུ་བརྗོད་པ་ལས་རབ་ཏུ་ འཇུག་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།དེ་བཞིན་གཤེགས་པའི་འཁོར་ལོ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཚུལ་ཐོབ་བྱེད། །དཀྱིལ་འཁོར་ཡོངས་སུ་རྫོགས་ནས་ནི། །དམ་ཚིག་མཆོག་ཆེན་སེམས་དཔའ་ཡིས། །བསྐོར་བ་དག་ནི་ལན་གསུམ་བྱ། །མ་ལུས་གསང་བ་
84-1-180a
བལྟ་བྱ་ཞིང ། །ཀུན་དུ་ཚོགས་ནས་དགའ་བར་བྱ། །གསང་བ་ཆད་ན་དག་བྱ་ཞིང ། །ལྷག་མ་རྣམ་པར་སྦྱང་བར་བྱ། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །མྱུར་དུ་ཕྱག་རྒྱ་ཆེ་བསྟེན་བྱ། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་ཏུ་ནི་བརྗོད་པར་བྱ། །འཁོར་ལོ་ཟུར་ནི་ཡང་དག་ གནས། །རྡོ་རྗེ་ལྷ་མོ་སྤྱན་དྲང་བྱ། །ཕྱི་རོལ་དཀྱིལ་འཁོར་ལ་གནས་པའི། །སངས་རྒྱས་མཆོད་རྟེན་སྤྱན་དྲང་བྱ། །སྒོ་ཡི་དབུས་ན་གང་གནས་པ། །སྒོ་སྲུང་རྣམས་ནི་སྤྱན་དྲང་བྱ། །ཕྱི་རོལ་དཀྱིལ་འཁོར་ལ་གནས་པའི། །སེམས་དཔའ་ཆེན་པོ་སྤྱན་དྲང་བྱ། །དེ་ནས་སྒོ་རྣམས་ ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བྱས་ཏེ། །ཕྱག་རྒྱ་བཞི་ནི་ཡང་དག་བཅིང ། །བརྒྱ་དང་རྩ་བརྒྱད་དག་བྱ་བ། །རྡོ་རྗེ་ལྕགས་ཀྱུ་ཀུན་དུ་དགུག་།རྡོ་རྗེ་ཞགས་པས་གཞུག་པར་བྱ། །རྡོ་རྗེ་ལྕགས་སྒྲོག་ཀུན་དུ་བཅིང ། །རྡོ་རྗེ་དྲིལ་བུས་དབབ་པར་བྱ། །སྒོའི་བྱ་བའོ། །དེ་ ནས་དབུས་སུ་འདུག་བྱས་ནས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །རྡོ་རྗེ་དབྱེ་བའི་ཕྱག་རྒྱ་ཡིས། །སྒོ་རྣམས་ཐམས་ཅད་དབྱེ་བར་བྱ། །སྒོ་སྲུང་བ་རུ་དམིགས་ནས་ནི། །སྒོ་རྣམས་དབྱེ་བར་བྱ་བ་ཡིན། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །གདུག་པ་ཐམས་ཅད་བསྡིགས་པར་བྱ། ། གང་ཚེ་མཆོད་པ་ཡང་དག་རྩོམ། །ཇི་སྲིད་དུས་ཀྱིས་རྫོགས་འགྱུར་བ། །གྲཝ་ནི་ཐམས་ཅད་དག་ཏུ་ནི། །བདུག་སྤོས་རྣམས་ནི་གདུལ་བར་བྱ། །སྔོན་དུ་སྒོ་ཡི་ལས་བྱས་ཏེ། །དེ་ནས་མཆོད་པ་ཡང་དག་བྱ། །དང་པོར་མེ་ཏོག་ཤིང་ལ་སོགས། །སྤོས་དང་མར་མེ་ཕྱག་རྒྱར་བཅས། ། མཚམས་ཀྱི་དུས་ལས་སྔོན་དུ་ནི། །བུམ་པ་རྡོ་རྗེ་སྤྱན་དྲང་བྱ། །རྡོ་རྗེ་བུམ་པའི་ཕྱག་རྒྱ་ཡིས། །ཅི་ནུས་བར་ནི་སྤྱན་དྲང་བྱ། །བུམ་པ་ཤིན་ཏུ་བཟང་པོ་གཅིག་།རིན་ཆེན་སྣ་བདུན་ལས་བྱས་མཛེས། །ཡང་ན་རིན་ཆེན་དང་བསྲེས་པའི། །རྡོ་རྗེ་དྲི་ཡི་ཆུ་ལྡན་བྱ། །རྡོ་རྗེ་ཆུ་ཡི་སྔགས་དང་ནི། ། རྡོ་རྗེ་ཕྱག་རྒྱ་ཆུ་གཙང་མ། །སྟོང་དང་རྩ་བརྒྱད་བཟླས་བྱས་ན། །རྡོ་རྗེའི་བདུད་རྩིའི་ཆུ་རུ་འགྱུར། །བུམ་པའི་སྔགས་ནི་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། མེ་ཏོག་གི་སྔགས་ནི། །ོཾ་བཛྲ་པུཥྤེ་ཧཱུཾ། མར་མེའི་སྔགས་ནི། །ོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། །དྲིའི་སྔགས་ནི། ཨོཾ་བཛྲ་གནྡཱ་ཧཱུཾ། འདུག་སྤོས་ཀྱི་སྔགས་
84-1-180b
ནི། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། །སྤོས་དང་མེ་ཏོག་ལ་སོགས་པ། །ཐམས་ཅད་ཕྱག་རྒྱ་ལྡན་པར་བྱ། །རྡོ་རྗེ་ཕྱག་རྒྱ་གཟུང་བྱས་ནས། །རྡོ་རྗེའི་སྔགས་ཀྱིས་རབ་ཏུ་སྦྱོར། །དགོངས་ཀའི་དུས་ནས་བརྩམས་ནས་ནི། །ཁྲུས་ཀྱི་ཆོ་ག་ཡང་དག་བྱ། །ལུས་ལ་དྲི་ཡིས་བྱུག་པ་དང ། ། རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། །རྡོ་རྗེའི་ཤུགས་ཀྱི་སྔགས་དང་ནི། །རྡོ་རྗེའི་ཤུགས་ཀྱི་ཕྱག་རྒྱ་ཡིས། །འབྱུང་བ་དང་ནི་འཇུག་པ་ཡི། །རྡོ་རྗེའི་རྣལ་འབྱོར་ཉེས་མི་འགྱུར། །སྨིན་མ་རྡོ་རྗེ་རི་མོ་མཚན། །སངས་རྒྱས་ཕྱག་རྒྱ་ལ་སོགས་ཚོགས། །སེམས་དཔའ་ ཐམས་ཅད་འགོམ་བྱས་ཀྱང ། །རྡོ་རྗེའི་རྣལ་འབྱོར་ཉེས་མི་འགྱུར། །དེར་ནི་འགྱོད་པ་མེད་པར་འགྱུར། །རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིས། །ཆོ་ག་ཆད་དམ་ལྷག་ཀྱང་རུ། །འགྲུབ་འགྱུར་ཉེས་པར་མི་འགྱུར་རོ། །གལ་ཏེ་དེ་ནི་ཆོ་གར་ལྡན། །ཀུན་དུ་འཇིགས་པར་མི་བྱའོ། ། གྲུབ་པའི་རྣལ་འབྱོར་གོ་ཆ་ཡིས། །སངས་རྒྱས་སྐྱོན་དུ་འཛིན་མི་མཛད། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེས། །དཀྱིལ་འཁོར་མཆོད་ཕྱིར་འཇུག་པར་བྱའོ། །ཞུགས་ནས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་དག་ནི་དགུག་པར་བྱ། །རྡོ་རྗེ་ལྕགས་ཀྱུ་ཀུན་བཅིངས་ནས། །སོར་མོ་ ཡིས་ནི་དགུག་པར་བྱ། །དེ་ཉིད་རྡོ་རྗེ་ལྕགས་ཀྱུ་ཡིས། །རྒྱུད་ལས་དགུག་པ་ཉིད་དུ་གསུངས། །དེ་བཞིན་རྡོ་རྗེ་རིགས་ཆེན་ལ། །རྡོ་རྗེ་ལྕགས་ཀྱུ་ཡང་དག་བཅིང ། །རིན་ཆེན་ལྕགས་ཀྱུའི་སྦྱོར་བ་ཡིས། །རིན་པོ་ཆེ་ནི་དགུག་པར་བྱ། །པདྨ་ལྕགས་ཀྱུའི་ཕྱག་རྒྱ་ནི། །པདྨའི་ རིགས་ཆེན་དག་ལ་བཤད། །ལས་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ལས་ཀྱི་རིགས་ཆེན་དགུག་པར་བྱ། །རྡོ་རྗེ་ཆེན་པོའི་ལྕགས་ཀྱུ་བཅིང ། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །དཀྱིལ་འཁོར་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་བྱ། །ཕྱི་རོལ་རྡོ་རྗེ་ ལྕགས་ཀྱུ་བཅིང ། །ཕྱི་རོལ་རྡོ་རྗེ་རིགས་སྤྱན་དྲང ། །བཀྲ་ཤིས་རྡོ་རྗེའི་ལྕགས་ཀྱུ་ཡིས། །བྱང་ཆུབ་སེམས་དཔའ་སྤྱན་དྲང་བྱ། །བྱང་མཆོག་ལྕགས་ཀྱུའི་སྦྱོར་བ་ཡིས། །དཀྱིལ་འཁོར་པ་རྣམས་སྤྱན་དྲང་བྱ། །རིན་ཆེན་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །རྡོ་རྗེ་འཛིན་པ་སྤྱན་དྲང་བྱ། །སྙིང་
84-1-181a
པོའི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ཕྱག་ན་རྡོ་རྗེ་སྤྱན་དྲང་བྱ། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། །ཀུན་ལ་ཉི་ཤུ་རྩ་གཅིག་བཟླས། །བསྙེམས་ཚུལ་སྔགས་ཀྱི་ཕྱག་རྒྱ་ཡིས། །རྣམ་སྣང་ཡང་དག་སྤྱན་དྲང་བྱ། །སངས་རྒྱས་ལྕགས་ཀྱུའི་སྦྱོར་བ་ཡིས། །དེ་བཞིན་ ཁོ་ནར་སངས་རྒྱས་རྣམས། །དམ་ཚིག་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །དམ་ཚིག་སེམས་དཔའ་སྤྱན་དྲང་བྱ། །དགུག་པའི་སྦྱོར་བ་བྱས་ནས་ནི། །མཚན་བརྒྱ་རྩ་བརྒྱད་གདོན་པར་བྱ། །མཚན་བརྒྱ་རྩ་བརྒྱད་རྫོགས་ནས་ནི། །མཆོད་པའི་སྤྲིན་རྣམས་ཡང་དག་སྒྲུབ། །བདག་ ཉིད་དབུལ་བ་ལ་སོགས་པའི། །ཇི་སྐད་བཤད་པའི་བརྟུལ་ཞུགས་སྤྱད། །བཤགས་དང་གསོལ་གདབ་མཆོད་པ་དང ། །བདག་ཉིད་དབུལ་བ་ལ་སོགས་རྣམས། །བདག་གི་བྱ་བ་རྫོགས་ནས་ནི། །ཕྱག་རྒྱ་བཅིང་བ་ཡང་དག་བརྩམ། །བརྒྱ་འམ་ཡང་ན་སྟོང་དག་གམ། ། བརྒྱ་ཕྲག་བརྒྱ་ནི་བསྡུས་པ་ཡིས། །ཕྱག་རྒྱའི་ཚོགས་ནི་བཅིང་བྱས་ནས། །དཀྱིལ་འཁོར་དག་ནི་འགྲུབ་པར་འགྱུར། །དེ་ནས་དཀྱིལ་འཁོར་ལས་བྱས་ཏེ། །ཇི་སྲིད་སྐྱ་རེངས་ཤར་གྱུར་པ། །དེ་སྲིད་ཕྱག་རྒྱ་ཡང་དག་བཅིང ། །ངེས་པར་དངོས་གྲུབ་སྟེར་བར་བྱེད། །དེ་ནས་ ལངས་ཏེ་ཕྱག་རྒྱ་བཅས། །དཀྱིལ་འཁོར་ཕྱི་རོལ་བྱུང་ནས་ནི། །གདུག་པ་ལ་སོགས་ཀུན་བསྡིགས་ཏེ། །དཀྱིལ་འཁོར་མཆོད་ཕྱིར་འཇུག་པར་བྱ། །རང་གི་ཁྲུས་བྱས་ལུས་དྲིས་བྱུགས། །ཇི་ལྟར་འཚམ་པའི་རྒྱན་གོས་ལྡན། །ཤིན་ཏུ་མཛེས་པའི་གོས་གྱོན་ཞིང ། །ཕྲེང་ལྡན་ཁ་ ནི་དྲི་ཞིམ་པས། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །མེ་ཏོག་སྤྱི་བོར་གཞག་བྱས་ཏེ། །རོལ་པའི་རྡོ་རྗེ་དགའ་བ་ཡིས། །ཞུགས་ནས་མགོན་ལ་རབ་བཏུད་ཅིང ། །དེ་ཉིད་འདོད་ཆགས་རྗེས་ཆགས་དང ། །དེ་ཉིད་བསྐུལ་བའི་ཕྱག་རྒྱ་ཡིས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །སངས་ རྒྱས་ཀུན་ནི་བསྐུལ་བར་བྱ། །སྐྱོན་དང་བྲལ་ཞིང་རྟག་པ་སྟེ། །འདོད་ཆགས་ཀུན་ལ་རྗེས་ཆགས་པ། །མཆོད་འོས་ཆེན་པོ་རྒྱལ་པོ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །དེ་ནས་དམ་ཚིག་མཆོག་གི་ནི། །ཕྱག་རྒྱ་ཆོ་ག་བཞིན་བཅིངས་ནས། །རྡོ་རྗེ་སློབ་དཔོན་ཞུགས་ནས་ནི། །
84-1-181b
ལྕགས་སྒྲོག་ཕྱག་རྒྱ་ཡང་དག་བཅིང ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེ་ཉིད་རྡོ་རྗེ་ལྕགས་ཀྱུ་བཅིང ། །སྟེང་དུ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སངས་རྒྱས་བསྡུ་བའི་སྔགས་ནི་ཛཿ ཛཿ ཛཿ ། །ཤར་གྱི་སྒོ་རུ་ཡི་གེ་ཛཿ ། །དེ་བཞིན་ལྷོ་རུ་ཡི་ གེ་ཧཱུཾ། །ནུབ་ཏུ་ལྕགས་སྒྲོག་ཆེན་པོ་བཾ། །བྱང་དུ་ཀུན་དུ་དབབ་པ་ཨཿ ། །རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ལ། །ལས་འདི་དག་ནི་ཡང་དག་བཤད། །ལས་ནི་ཀུན་དུ་རྫོགས་བྱས་ནས། །དེ་བཞིན་ངོ་མཚར་མཐོང་འགྱུར་བ། །ཆོ་འཕྲུལ་ཆེན་པོ་རྨད་འབྱུང་ཆེ། །སྣ་ཚོགས་བརྒྱ་ དང་རྩེ་བཅུ་སྟེ། །ཆོ་འཕྲུལ་རྨད་བྱུང་ཆེན་པོ་རྣམས། །རྡོ་རྗེ་སློབ་དཔོན་གྱིས་མཐོང་འགྱུར། །དངོས་གྲུབ་བདག་ཉིད་ཆེན་པོ་ཀུན། །དཀྱིལ་འཁོར་ཀུན་ཏུ་འོང་བར་འགྱུར། །རྡོ་རྗེ་ཅན་དང་བྱང་ཆུབ་སེམས། །དེ་བཞིན་རིགས་ནི་རྣམ་ལྔ་དང ། །རྡོ་རྗེ་དབྱིངས་ནི་བདག་ཉིད་ཆེ། ། བཅོམ་ལྡན་མཆོག་ཀྱང་གཤེགས་པར་འགྱུར། །རྡོ་རྗེ་སེམས་སོགས་སངས་རྒྱས་སྲས། །ངོ་མཚར་སློབ་དཔོན་གྱིས་མཐོང་འགྱུར། །མཆོད་པ་དང་ནི་གཏོར་མ་ཉིད། །ཇི་བཞིན་ཆོ་ག་བཅས་པར་འགྱུར། །དེ་བཞིན་རྫུ་འཕྲུལ་དངོས་གྲུབ་དག་།མཐོང་ནས་དཀྱིལ་འཁོར་བྱ་བ་ཡིན། ། ཇི་ལྟར་བཀོད་པ་འཁོར་ལོ་དང ། །ཇི་ལྟར་ཡོ་བྱད་ཟད་པ་དང ། །ཇི་ལྟར་བརྟུལ་ཞུགས་སྤྱད་པ་བཞིན། །དེ་བཞིན་དངོས་གྲུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དང ། །སངས་རྒྱས་ཡང་དག་མཐོང་བར་འགྱུར། །ཇི་ལྟར་འཁོར་ལོ་ཆེན་པོ་བྱོན། །འདི་ནི་ངོ་མཚར་མཆོག་ཡིན་ ནོ། །ཇི་ལྟར་དེ་རྣམས་བཞུགས་པ་བཞིན། །དེ་བཞིན་འཁོར་ལོ་ཡོངས་སུ་བཟུང ། །ཡེ་ཤེས་བཟང་པོ་ཁྱབ་པ་ཡི། །རྨད་བྱུང་དམ་པ་ཐོབ་པར་འགྱུར། །དཀྱིལ་འཁོར་རྨད་བྱུང་ཐམས་ཅད་ནི། །ས་དག་བརྟོལ་ནས་མཐོང་བར་འགྱུར། །ཡང་ན་དཀྱིལ་འཁོར་བར་སྣང་གི། ། ནམ་མཁའ་ལ་གནས་མཐོང་བར་འགྱུར། །ཡང་ན་སངས་རྒྱས་ཀུན་གང་བའི། །སངས་རྒྱས་རྒྱ་མཚོ་མཐོང་བར་འགྱུར། །ཡང་ན་ཕྱོགས་རྣམས་ཐམས་ཅད་དུ། །སངས་རྒྱས་སྐུ་ནི་རབ་མཐོང་འགྱུར། །རྡོ་རྗེ་སེམས་དཔའི་གཟུགས་བཞིན་དུ། །རྡོ་རྗེ་ཅན་གྱིས་བདག་ཉིད་མཐོང ། །
84-1-182a
ཡང་ན་གསང་བ་ལྔ་ཞེས་པའི། །ཡང་ན་སངས་རྒྱས་མཁས་པའི་མཆོག་།ཡང་ན་དཀྱིལ་འཁོར་གནས་དེ་ནི། །སྟོང་ཕྲག་གསུམ་ནི་ཡོངས་སུ་གཟུང ། །ཡང་ན་རྡོ་རྗེ་སེམས་གཅིག་པོ། །དཀྱིལ་འཁོར་བདག་པོ་ཞེས་བཤད་དོ། །དེ་ཡི་མཚན་ མོ་ཉིན་མོ་མཐོང ། །ཉི་མའི་འོད་ཀྱིས་ཀུན་ཁྱབ་པའི། །ཡང་ན་ཉི་མ་འཆར་བ་སྟེ། །ཡང་ན་ཟླ་བའི་དཀྱིལ་འཁོར་རོ། །དག་པའི་ཞིང་ནི་མཐོང་ནས་སུ། །སངས་རྒྱས་རོལ་པ་མཐོང་བར་འགྱུར། །འདུས་པ་ཤིན་ཏུ་དག་པ་ཡི། །དབང་བསྐུར་བ་ནི་མཐོང་བར་འགྱུར། ། རྨད་བྱུང་སྣ་ཚོགས་ཞེས་བྱ་བ། །རྣམ་འཕྲུལ་ངོ་མཚར་འདི་མཐོང་འགྱུར། །རྡོ་རྗེ་སློབ་དཔོན་སྐལ་ཆེན་གྱིས། །དཀྱིལ་འཁོར་མཆོད་པ་སྣ་ཚོགས་འགྱུར། །ཡོ་བྱད་ཚོགས་པར་གྱུར་ཀྱང་ནི། །གང་ཞིག་བསྒྲིབས་པར་གྱུར་པ་ཡི། །དེ་བཞིན་ངོ་མཚར་ཉིད་མི་མཐོང ། །རྣལ་འབྱོར་ གཞན་ནི་ཡང་དག་རྩོམ། །ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །སྡིག་པ་དྲལ་བ་ཡང་དག་བྱ། །རྨད་བྱུང་སྣ་ཚོགས་འདི་ལྟ་སྟེ། །ལ་ལར་ཞུགས་པ་ཙམ་གྱིས་ནི། །འགྲུབ་པ་ཉིད་དུ་གདོན་མི་ཟ། །དང་པོ་ཐུན་ལ་འགྲུབ་པར་འགྱུར། །དེ་བཞིན་ལ་ལར་མཚན་ཕྱེད་ན། །གསུམ་ པའངསྐྱ་རེངས་འཆར་ན་འགྲུབ། །དེ་བཞིན་ལ་ལར་ཉི་ཤར་ན། །དེ་མ་ཐག་ཏུ་མངོན་འདོད་པའི། །སངས་རྒྱས་བྱང་ཆུབ་མཆོག་འགྲུབ་འགྱུར། །སྐལ་ལྡན་ཐར་པར་འདོད་འགྱུར་ན། །ས་ནི་དང་པོར་འདོད་པ་སྟེ། །རབ་ཏུ་དགའ་བའི་ས་ཐོབ་ནས། །གང་གིས་གནས་མེད་འགྲོ་བའོ། ། ཡང་ན་རིག་པ་འཛིན་ཉིད་དམ། །དེ་བཞིན་རྡོ་རྗེ་ཉིད་དུ་འགྱུར། །ཇི་ལྟར་མངོན་པར་འདོད་པར་འགྲུབ། །སངས་རྒྱས་བྱང་ཆུབ་ཡོངས་སུ་འཛིན། །མཚམས་མེད་ལྔ་པོ་བྱེད་པ་དང ། །དེ་བཞིན་སྡིག་པ་ཀུན་བྱེད་པས། །གང་ཚེ་ལན་བདུན་བྱས་ནས་ནི། །བསྒྲུབ་པས་རྣལ་འབྱོར་ འགྲུབ་པར་འགྱུར། །འབྱུང་བ་བཞི་ལས་གཟུགས་ཅན་མིན། །ནམ་མཁའི་གཟུགས་སུ་རྟག་ཏུ་འགྱུར། །ཆོས་ཀྱི་དབྱིངས་སུ་འགྱུར་བ་ཉིད། །རྡོ་རྗེའི་བཀའ་ནི་གཞན་དུ་མིན། །གང་དག་ལན་བདུན་བསྒྲུབས་ན་ནི། །སྡིག་པ་དགེ་བ་ཉིད་འགྱུར་ཞིང ། །ཉེས་པར་བྱས་པ་
84-1-182b
བསོད་ནམས་ཚོགས། །གཞན་དུ་འགྲུབ་པར་མི་འགྱུར་ཏེ། །དད་པ་མེད་པར་གནས་པ་དང ། །གང་ཚེ་ཐེ་ཚོམ་ཟ་འགྱུར་བ། །དེ་ནི་རྣལ་འབྱོར་ཉམས་པར་འགྱུར། །བྱང་ཆུབ་སེམས་ནི་ཡོངས་མ་བཟུང ། །སྔོན་དུ་བསྙེན་པ་ཉམས་འགྱུར་ཏེ། །རྟག་ཏུ་བརྟུལ་ཞུགས་ཉམས་ པར་འགྱུར། །དེ་འདྲ་ལ་སོགས་བགེགས་མང་དང ། །ང་རྒྱལ་འདི་དག་རྣམ་པར་སྤངས། །སྡོམ་པ་ཡོངས་སུ་མ་བཟུང་ཞིང ། །རྣལ་འབྱོར་དེ་ཉིད་ཚུལ་ཤེས་མིན། །རྡོ་རྗེ་སློབ་དཔོན་མི་བརྟན་འགྱུར། །འགྲུབ་པ་ཉིད་དུ་མི་འགྱུར་རོ། །དེ་བས་འབད་པ་ཐམས་ཅད་ཀྱིས། ། གལ་ཏེ་རྡོ་རྗེ་སློབ་དཔོན་འགྱུར། །མཁས་ཤིང་སྡོམ་པ་བླངས་པ་དང ། །བྱང་ཆུབ་སེམས་ནི་ཡོངས་སུ་གཟུང ། །གང་ཚེ་འཚོ་བ་དོན་ཡོད་ཅིང ། །གལ་ཏེ་སྐྱེ་བ་འབྲས་བཅས་འདོད། །འབད་པས་ཐམས་ཅད་ཉིད་ཀྱིས་ནི། །རྣལ་འབྱོར་ཆེན་པོ་ཡང་དག་བརྩམ། །བྱང་ཆུབ་སེམས་ དང་ལྡན་གྱུར་ནས། །རིག་པའི་སྡོམ་པ་འཛིན་པ་ཡི། །དེ་ནས་རྣལ་འབྱོར་ཡང་དག་བརྩམ། །སངས་རྒྱས་བྱང་ཆུབ་རབ་འགྲུབ་འགྱུར། །ཡང་ཞུས་པ། །རིག་པའི་རྒྱུད་ནི་རབ་བསྒྲུབ་ཕྱིར། །སྡོམ་པ་ཇི་ལྟར་བླང་བར་བགྱི། །ཇི་ལྟར་དམ་ཚིག་བསྲུང་བར་བགྱི། །དམ་ཚིག་ ཉམས་པ་ཇི་ལྟ་བུ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བྱང་སེམས་ཡང་དག་བསྐྱེད་ནས་ནི། །ཐེག་པ་གཞན་ལ་འདོད་མི་བྱ། །དེ་ནས་རྣལ་འབྱོར་ཡང་དག་བརྩམ། །དཀྱིལ་འཁོར་གང་ན་གནས་ཀྱང་རུང ། །སློབ་དཔོན་གྱི་ནི་མདུན་སོང་སྟེ། །ཞབས་དག་ལ་ནི་བཏུད་ནས་ བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། ། སློབ་དཔོན་གྱིས་ནི་ཉེ་བར་བརྟག་།རྣམ་པ་ཀུན་དུ་དྲི་བར་བྱ། །དམ་ཚིག་བརྗོད་བྱ་གང་ཞིག་ནི། །སྣོད་དུ་རུང་བ་དེ་གཞུག་བྱ། །བུ་དང་སློབ་མ་མ་ཡིན་མིན། །སྣོད་དང་ལྡན་ལ་སྦྱིན་པར་བྱ། །གལ་ཏེ་སྣོད་དང་ལྡན་པར་ཤེས། །སྲོག་དང་བདོག་པ་ཀུན་སྦྱིན་བྱ། །སྔོན་དུ་དཀྱིལ་
84-1-183a
འཁོར་རབ་འཇུག་ཅིང ། །ཆོ་ག་བཞིན་དུ་བཅུགནས་ནི། །དེ་ནས་མེ་ཏོག་བཅས་ཐལ་མོ། །ལུས་བཏུད་དགའ་བ་ཆེ་རྣམས་ཀྱིས། །བཤགས་པ་དང་ནི་གསོལ་བ་གདབ། །རྗེས་སུ་ཡི་རང་ཀུན་དུ་བྱ། །རྒྱུད་དབང་གསང་བ་ལས་གསུངས་བཞིན། ། མཆོད་པ་དང་བཅས་ཡོངས་སུ་བསྔོ། །ཕྱོགས་རྣམས་ཀུན་དུ་ཕྱག་བྱ་ཞིང ། །སྡོམ་པ་ཆེན་པོ་བླང་བར་བྱ། །སློབ་དཔོན་ལ་ནི་རབ་ཏུ་མཛོད། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་ བགྱི་བ་འདི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་བར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོ་འཇུག་པར་བགྱི། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་ མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང ། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །གསང་བའི་རིགས་ལས་བྱུང་བ་ཡི། །རྡོ་རྗེའི་རིགས་བཅས་འཁོར་ལོ་སྟེ། །རྟ་བབས་བཅས་པར་ཡང་དག་ལྡན། །སློབ་དཔོན་གྱུར་པར་ཤེས་པར་བྱ། །བདག་ཉིད་ཉེ་ བར་ཞི་བ་ཉིད། །བྱང་ཆུབ་སེམས་ནི་ཡོངས་སུ་གཟུང ། །གསང་བ་ཡི་ནི་འཁོར་ལོ་རུ། །སྡོམ་པ་དང་བཅས་འཇུག་པར་བགྱི། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །གསང་བ་ཆེན་པོ་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང ། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་
84-1-183b
བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །བློ་ཆེན་གྱིས་ནི་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་ དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་ དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་མི་བླང་ངོ ། །འདོད་པ་ལོག་ པར་མི་སྤྱད་ཅིང ། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང ། །དམ་པ་ཉེ་བར་བསྟེན་བྱ་ཞིང ། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ ཀྱི་ལས་ནི་རྣམ་གསུམ་དང ། །ངག་གི་རྣམ་པ་བཞི་རྣམས་དང ། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། ། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང ། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་
84-1-184a
ཏུ་བཤད། །དེ་ཉིད་ཀྱིས་ཀྱང་བརྗོད་པར་བྱ། །འདིར་ནི་སློབ་དཔོན་བདག་ལ་གསོན། །གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་ སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང ། །དགེ་བའི་ཆོས་ནི་སྡུད་པ་དང ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་ རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་ མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་ རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་ མ་ལུས་གཟུང ། །མ་གྲོལ་བ་ནི་གྲོལ་བར་བགྱི། །མ་རྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང ། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཆོ་ག་ཇི་བཞིན་དབང་བསྐུར་བྱ། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། ། གསང་བའི་རྒྱུད་ལས་རབ་ཏུ་བཤད། །དེ་ལྟ་བུ་ཡི་ཆོ་ག་ཡིས། །རྟག་པ་ཉིད་དུ་སྤྱོད་པ་ན། །སློབ་དཔོན་རྡོ་རྗེ་འཆང་ཆེན་དུ། །འདི་ནི་འགྱུར་བ་ཐེ་ཚོམ་མེད། །རྡོ་རྗེ་སློབ་དཔོན་གྱི་ལས་རྫོགས་སོ།། །།དེ་ནས་སློབ་མ་གཞུག་པའི་ལས། །ཡང་དག་ཉིད་དུ་བཤད་
84-1-184b
པར་བྱ། །སློབ་མ་རྡོ་རྗེ་སློབ་དཔོན་གྱིས། །ཇི་བཞིན་གསང་བ་ཆེན་པོར་གཞུག་།སྣོད་དང་སྣོད་མིན་བརྟག་པ་ཉིད། །བདག་ཉིད་ཆེན་པོས་མི་བྱའོ། །འདི་ནི་མཐོང་བ་ཙམ་གྱིས་ཀྱང ། །སངས་རྒྱས་ཉིད་ནི་འགྲུབ་པར་འདོད། །གལ་ཏེ་དེ་ནི་སྣོད་མིན་ན། །དེ་ལ་ གཞུག་པ་སྦྱིན་པར་བྱ། །ཡང་ན་གང་ཞིག་དོན་གཉེར་འགྱུར། །དེ་ལ་ཇི་ལྟར་བདེ་བ་ཉིད། །ཅི་སྟེ་གང་ཞིག་འདུག་པར་འགྱུར། །མཁས་པས་གཞུག་པ་སྦྱིན་པར་བྱ། །གང་ཕྱིར་མཐོང་བ་ཙམ་གྱིས་ནི། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །འོན་ཀྱང་གང་ ཞིག་འདུག་པར་འགྱུར། །དེ་ལ་ལས་ནི་བྱ་བ་མིན། །གཞུག་པ་ཙམ་ཞིག་སྦྱིན་བྱའོ། །རྣམ་པ་ཐམས་ཅད་ཉིད་མི་བྱ། །དགའ་ཞིང་དད་དང་ལྡན་གྱུར་ན། །སྣོད་དུ་རུང་བ་བརྟག་པར་བྱ། །གསུམ་ལ་སྐྱབས་འགྲོ་སྔོན་སོང་བའོ། །དེ་ལ་གཞུག་པ་སྦྱིན་པར་བྱ། ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །རྡོ་རྗེ་སློབ་མ་ལ་སྦྱིན་བྱ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེས། །སྦྱོར་བཞིན་སུ་ཡིན་བརྗོད་པར་བྱ། །དཀར་པོ་དམར་པོ་དང་ལྡན་པའི། །གོས་ཀྱིས་མིག་ནི་བཀབ་གྱུར་དང ། །རྡོ་རྗེ་འཇུག་བྱེད་ཕྱག་རྒྱ་ཡིས། །རྡོ་རྗེ་སློབ་མ་གཞུག་ པར་བྱ། །དེ་ནས་སྒོ་ཡི་ལས་བྱ་སྟེ། །སྔོན་ལ་རྡོ་རྗེ་ལྕགས་ཀྱུ་ཡིས། །རྡོ་རྗེ་ལྕགས་ཀྱུ་དགུག་བྱ་ཞིང ། །ཡི་གེ་ཛཿ ནི་བརྗོད་པར་བྱ། །བཛྲ་ཨཾ་ཀུ་ཤ་ཛཿ ། རྡོ་རྗེ་ལྕགས་ཀྱུ་བཀུག་ནས་ནི། །རྡོ་རྗེ་ཞགས་པས་གཞུག་པར་བྱ། །ལྷོ་ཡི་སྒོར་ནི་སྦྱོར་བྱ་ཞིང ། །ཡི་གེ་ཧཱུཾ་ནི་ བརྗོད་པར་བྱ། །ཧཱུཾ་བཛྲ་པཱ་ཤ་ཧཱུཾ། རྡོ་རྗེ་ཞགས་པས་བཅུག་ནས་ནི། །ལྕགས་སྒྲོག་ལྡན་པས་བཅིང་བར་བྱ། །ནུབ་ཀྱི་སྒོ་རུ་བཅིངས་ནས་ནི། །ཡི་གེ་བཾ་ནི་བརྗོད་པར་བྱ། །བཛྲ་སྥོ་ཊ་བཾ། རྡོ་རྗེ་ལྕགས་ཀྱུ་ཡང་དག་དགུག་།རྡོ་རྗེ་ཞགས་པས་གཞུག་བྱ་ཞིང ། །རྡོ་རྗེ་ ལྕགས་སྒྲོག་གིས་བཅིང་བྱ། །རྡོ་རྗེ་དྲིལ་བུས་ཡང་དག་དབབ། །བཛྲ་གྷནྜེ་ཨཿ ། རྡོ་རྗེ་གཞུག་པའི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་མཆོད་ཕྱིར་གཞུག་པར་བྱ། །དམ་ཚིག་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་ཡེ་ཤེས་ཡང་དག་དབབ། །ས་མ་ཡ་སྟྭཾ། དམ་ཚིག་
84-1-185a
ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །དམ་ཚིག་བདག་ཉིད་ཆེན་པོ་ཡིས། །སངས་རྒྱས་ཡེ་ཤེས་དབབ་པར་བྱ། །ས་མ་ཡ་ཧཱུཾ། དེ་ནས་མཆོད་པ་ཕྱག་རྒྱར་བཅས། །སྤོས་དང་མེ་ཏོག་ལ་སོགས་ཚོགས། །ཕྱག་རྒྱ་དག་ནི་ཐམས་ ཅད་བྱ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །དེ་ནས་ཆོ་ག་ཇི་བཞིན་དུ། །རྡོ་རྗེ་སློབ་མ་མནའ་བསྒག་བྱ། །བཛྲ་ཨུད་ཀ། རྡོ་རྗེ་མིང་གིས་དབང་བསྐུར་བས། །ཇི་ལྟར་འདོད་པས་དབང་བསྐུར་བྱ། །བཛྲ་ཨ་བྷི་ཥེ་ཀ། རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ནས་དེ་ལ་དབབ་པ་ སྦྱིན། །བཛྲ་ཨཱ་བེ་ཤ་ཨ་ཨ། བཅུ། ཉི་ཤུ། སུམ་ཅུ། བཞི་བཅུ། ལྔ་བཅུ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུ། བརྒྱ། རྡོ་རྗེ་ཡིས་ནི་སྔགས་འདི་ཡིས། །ཐམས་ཅད་དུ་ནི་ཡང་དག་དབབ། །དེ་ནས་གདོང་གཡོགས་དགྲོལ་བར་བྱ། །རྡོ་རྗེའི་མིག་ནི་བླ་ ན་མེད། །བཛྲ་ཨཀྵ། རྡོ་རྗེའི་རིགས་ནི་སྐལ་ལྡན་གྱི། །དཀྱིལ་འཁོར་ལྟོས་ཤིག་ཅེས་བརྗོད་བྱ། །བཛྲ་པཱ་ཤྱ་ཧོ། དེ་ནས་དེ་ལ་བུམ་པ་བཟང། །རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར། །གང་མིང་བཟང་བ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ོཾ་བཛྲ་ ་བྷི་ཥིཉྩ། སྣོད་ནི་ཡང་དག་བརྟག་བྱ་ཞིང ། །དེ་ཡི་ཡེ་ཤེས་ཡོངས་སུ་སྦྱང ། །གལ་ཏེ་སྣོད་དུ་རུང་ཤེས་ན། །རྣམ་པར་དབྱེ་བར་དགའ་བར་བྱ། །ཧེ་བཛྲ་ནཱ་མ། ཆོ་ག་བཅུ། གཟུང་ཉི་ཤུ། ཆུ་སུམ་ཅུ། རྡོ་རྗེ་བཞི་བཅུ། རིན་ཆེན་ལྔ་བཅུ། ཕེག་རྡོབ་དྲུག་ཅུ། ཁ་སྦྱར་ བདུན་ཅུ། བཞད་པ་བརྒྱད་ཅུ། དག་པ་དགུ་བཅུ། སེམས་དཔའ་བརྒྱ། སངས་རྒྱས་སྟོང ། ལས་ཉིས་སྟོང ། གཟུགས་སུམ་སྟོང ། རྣལ་འབྱོར་བཞི་སྟོང ། འཛིན་པ་ལྔ་སྟོང ། གཟུགས་དྲུག་སྟོང ། ཁ་དོག་བདུན་སྟོང ། དབྱིབས་བརྒྱད་སྟོང ། མཚན་མ་དགུ་སྟོང ། ཚིག་འབུམ། ་འབུམ་ཕྲག་གཅིག་ནི་ཡོངས་རྫོགས་ནས། །འཁོར་ལོའི་མཚན་ཉིད་ཡང་དག་ལྡན། །གསང་བ་ཡི་ནི་སྤྱོད་ཡུལ་གཞན། །དེ་ནས་ལས་ནི་རབ་བཤད་བྱ། །སློབ་མའི་ཆོ་ག་དང་མིང་གི་དམ་ཚིག་རྫོགས་སོ།། །།ཡེ་ཤེས་དག་པ་བདག་ཉིད་ཆེ། །དེ་ནས་གསང་བ་
84-1-185b
རབ་བཤད་བྱ། །གང་གི་ཆོ་ག་ཐམས་ཅད་ཀྱིས། །འཁོར་ལོ་ཆེན་པོ་བརྟན་འགྱུར་བ། །སངས་རྒྱས་སེམས་དཔའ་སེམས་དཔའ་ཉིད། །ས་ཡི་མཚན་ཉིད་ཡང་དག་ལྡན། །གསང་བའི་དམ་བཅས་ཡི་རང་བཞིན། །དེ་བཞིན་གཤེགས་པའི་ཐུགས་དག་པ། །རྡོ་རྗེའི་སྐུ་དང་ གསུང་དང་ཐུགས། །ཡེ་ཤེས་དག་པ་རྫུ་འཕྲུལ་ཆེ། །རྡོ་རྗེའི་ཐུགས་འཛིན་གྱུར་ནས་ནི། །མཚན་ཉིད་དག་ནི་ཡང་དག་བརྟག་།རྣལ་འབྱོར་དཔེ་བྱད་དོན་ལྡན་པ། །མཚན་ཉིད་རྗེས་སུ་བརྟག་པར་བྱ། །རྡོ་རྗེའི་ཐུགས་ཀྱི་རྗེས་སྦྱོར་བས། །ཡེ་ཤེས་དག་པ་ཡང་དག་གཟུང ། ། མཆོག་ཏུ་གསང་བ་དམ་པ་མཆོག་།ཡེ་ཤེས་བཞུགས་པ་ཀུན་དུ་བཤད། །དེ་ནས་ཡེ་ཤེས་དམ་པ་ཡིས། །འཇིག་རྟེན་འདས་པ་རབ་གཞུག་བྱ། །མཚན་ཉིད་ཆེན་པོ་དང་ལྡན་པའི། །རྟོགས་པའི་ས་ལ་ཡང་དག་བརྟེན། །རྣལ་འབྱོར་པ་ཡི་སྤྱོད་ཡུལ་མཆོག་།རྡོ་རྗེ་ཆོས་ནི་ ཡིད་འོང་བའོ། །ཐིམ་དང་ཆོས་སྐུ་ཞེས་བྱ་དང ། །བསྡིགས་དང་འོད་ཟེར་ལྔ་པ་དང ། །གློག་དང་ཆུ་ཟླ་ཞེས་བྱ་བས། །སངས་རྒྱས་ཡེ་ཤེས་ཡང་དག་འཐོབ། །ཆུ་ཡི་ཟླ་བ་བཟང་པོ་ཡིས། །ཟླ་བའི་དཀྱིལ་འཁོར་སྤང་བར་བྱ། །ཉི་མ་ལྔ་དང་ཡང་དག་ལྡན། །རིགས་ཆོས་ སྐར་མ་ཞེས་བྱ་བ། །ཉོན་མོངས་གནོད་པ་འཇོམས་བྱེད་པ། །ེ་མའོ་གསང་བ་ཆེན་པོར་བཤད། །གསང་བ་ཞེས་བྱ་རྡོར་འོད་འབྱུང ། །གཞན་ཡང་ཟླ་བ་ཕྱེད་པར་འདོད། །ཕོ་ཉའི་དཀྱིལ་འཁོར་ཁ་ཊྭཱཾ་ག་།བཅིང་བརྩེ་གསུམ་སྦྱོར་ལས་བྱུང ། །ལྕགས་ཀྱུ་ཤིན་ཏུ་འབར་བ་དང ། ། གཏུམ་པོ་རྡོ་རྗེ་ཅན་གྱི་ཚོགས། །རྟོག་པའིི་གནས་ནི་ཡོངས་འགྱུར་བ། །ཐོབ་བྱེད་རྡོ་རྗེ་ཆེན་པོར་འདོད། །ཀུན་གྱི་གོང་མའི་འོག་མ་ཡིས། །ཉི་ཚེ་བ་དེ་སྤང་བར་བྱ། །མཆོག་ཏུ་གསང་བ་རྫོགས་སོ།། །།དེ་ནས་མཆོག་ཏུ་གསང་བ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་ཡུལ་ ཅན། ཟབ་པ། ཚུལ་རྒྱ་ཆེ་བ་མཁས་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལས་ཀྱི་ཚོགས་སྟོན་པ། དགའ་བ་ཆེན་པོའི་བཀོད་པས་ཀུན་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་འབྱུང་
84-1-186a
ཕ་རོལ་པའི་འཁོར་ལོ་ཆེན་པོ་འདི་ལས་ཕྱག་རྒྱ་ཆེན་པོའི་རྒྱུད་མཆོག་ཅེས་བྱ་བ་འབྱུང་སྟེ། གསང་བ་མཆོག་ཏུ་རྒྱ་ཆེ་བ། །བསམ་གྱིས་མི་ཁྱབ་ལས་རྣམས་སྟོན། །རོལ་པའི་འཁོར་ལོ་ཆེན་པོ་རུ། །ཆོས་ཀྱི་མཛོད་ནི་འཛིན་པར་བྱ། །རེ་ཞིག་དང་པོར་ལས་ཀྱི་ ཚོགས་བསྟན་པར་བྱ་སྟེ། འདི་ལྟ་སྟེ་ཧཱུཾ། འཁོར་ལོའི་དཀྱིལ་འཁོར་གཟུང་བ་ཡི། །སྦྱོར་ཐབས་ཡི་གེ་ཧཱུཾ་བརྗོད་དེ། །འདི་ཡིས་ཀྱང་ནི་རྒྱལ་པོ་དང ། །ཕྱག་རྒྱའི་རྒྱལ་མོ་བརྒྱ་རུ་འགྱུར། །གཉིས་པ་ནི་བྱང་ཆུབ་ཆེན་པོའི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཆོས་ཀྱི་འཁོར་ལོའི་ ཚུལ་ལ་འཇུག་པ་ཡིན་ནོ། །འདི་ལྟ་སྟེ་ཧཱུཾ། འདིས་ནི་ཕྱག་རྒྱ་ཞེས་བྱ་ཡི། །ཡི་གེ་ཧཱུཾ་ནི་བརྟན་པར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །ཕྱག་རྒྱའི་རྒྱལ་མོ་རྣམ་པ་སྟོང ། །གསུམ་པ་ཕྱག་རྒྱ་སྟོང་ཕྲག་ནི། །བརྒྱ་ཡི་ཚོགས་སུ་འགྱུར་བ་ཡིན། །སངས་རྒྱས་འཁོར་ལོར་ འཇུག་པ་ཡི། །ཡི་གེ་ཧཱུཾ་གིས་བརྟན་པར་འགྱུར། །ཧཱུཾ་རྣལ་འབྱོར་བཞི་པའི་དབྱེ་བ་ནི། །བརྒྱ་ཕྲག་ཁྲི་རུ་འདིར་འགྱུར་རོ། །རིག་པའི་འཁོར་ལོ་ཞེས་བྱ་བ། །ཕྱག་རྒྱའི་རྒྱལ་མོ་ཀུན་ཧཱུཾ་བཅས། །འཁོར་ལོའི་ཕྱག་རྒྱ་ཇི་སྙེད་ཡོད། །མངག་གཞུག་པ་ནི་བྱེ་བར་འགྱུར། །རྩེ་གསུམ་ ལ་སོགས་མཚོན་ཆ་ནི། །རྟག་ཏུ་ཕྱག་རྒྱའི་རྒྱལ་པོ་ཡིན་ཧཱུཾ། །དེ་ནས་སྔགས་ཀྱི་ཚོགས་འབྱུང་སྟེ། །ཊག་གི་བཅུ། མཊ་ཉི་ཤུ། ཕཊ་སུམ་ཅུ། རཊ་བཞི་བཅུ། བཊ་ལྔ་བཅུ། རིཊ་དྲུག་ཅུ། ཁཊ་བདུན་ཅུ། ཝཊ་བརྒྱད་ཅུ། ཏཊ་དགུ་བཅུ། ཏཊ་བརྒྱ་ཀ་ཏནི་ལན་སྟོང་ ཡིན། །ཏ་དང་ཝ་ཞེས་བྱ་བ་དང ། །ཌ་ནི་རྣམ་པ་བཅུ་རུ་འགྱུར། །ཡི་གེ་ཌ་ནི་ལན་གསུམ་སྦྱར། །ཡི་གེ་ཨ་ཡང་རྣམ་པ་བཞི། །ཡི་གེ་བ་ནི་རྣམ་པ་ལྔ། །ཡི་གེ་ཨ་ནི་ལན་དྲུག་སྦྱར། །ཀ་ནི་ལན་བདུན་ཡང་དག་སྦྱར། །ཡི་གེ་དྷ་ནི་ལན་བརྒྱད་སྦྱར། །ཡི་གེ་ཤ་ནི་ཕྱེད་དུ་འགྱུར། ། ཁིཊ་ནི་སྟོང་ཕྲག་བརྒྱ་རུ་འགྱུར། །སྟོང་ཕྲག་བརྒྱ་ལས་རྣལ་འབྱོར་གྱིས། །ཕྱག་རྒྱའི་རྒྱུད་ནི་བཏུ་བར་བྱ། །རྟོག་པ་ཐམས་ཅད་བསྡུས་པ་གསང་བའི་རྣལ་འབྱོར་ཆེན་པོའི་དྲུག་པ་གསང་བའི་ཚོགས་ཆེན་པོའི་མཆོག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྟོག་པའི་རྒྱལ་པོ་
84-1-186b
ཆེན་པོ་ཤིན་དུ་གསང་བའི་རྣལ་འབྱོར་རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་པའི་ཚུལ་རྒྱ་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་ལེའུ་གཉིས་པ་རྫོགས་སོ།། །།རིག་པ་འཛིན་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཡང་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེན་པོ་ འདི་ལས་དཀྱིལ་འཁོར་ཆེན་པོའི་དང་པོར་ཕྱག་རྒྱ་དང་ཉེ་བའི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་འབྱུང་སྟེ། གང་ཚེ་རྡོ་རྗེ་སློབ་དཔོན་དང ། །རྡོ་རྗེ་སློབ་མར་གྱུར་པ་ན། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་བཅིང ། །གང་ཕྱིར་རྡོ་རྗེ་འཛིན་པའི་གནས། །གང་ཚེ་རྡོ་རྗེ་སེམས་དཔའ་འཆིང ། །རྡོ་རྗེ་ཁུ་ཚུར་དམ་ དུ་འཆིང ། །གང་ཚེ་རྡོ་རྗེ་རྒྱལ་པོ་འཆིང ། །རྡོ་རྗེ་གནོད་སྦྱིན་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་ཆགས་པ་འཆིང ། །རྡོ་རྗེ་སྲིན་པོ་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་ལེགས་པ་འཆིང ། །རྡོ་རྗེ་ལས་ནི་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་རིན་ཆེན་འཆིང ། །རྡོ་རྗེ་སྨྲ་བ་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་གཟི་ བརྗིད་འཆིང ། །རྡོ་རྗེ་རྒྱུ་ནི་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་རྒྱལ་མཚན་འཆིང ། །རྡོ་རྗེ་རྣོན་པོ་རབ་ཏུ་འཆིང ། །གང་ཚེ་རྡོ་རྗེ་བཞད་པ་འཆིང ། །རྡོ་རྗེ་ཆོས་ནི་རབ་ཏུ་བཅིང ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །ཕྱག་རྒྱའི་ལན་ནི་ཡང་དག་སྦྱར། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་ཡིས། །རྡོ་རྗེའི་ཕྱག་རྒྱ་ བརྟན་པར་འགྱུར། །མཆོད་པའི་ཕྱག་རྒྱ་ཇི་ལྟར་ལགས། །རྡོ་རྗེའི་ལྕགས་ཀྱུས་བཀུག་ནས་སུ། །རྡོ་རྗེའི་མདས་ནི་དགའ་བར་བྱ། །རྡོ་རྗེའི་མདས་ནི་འཕངས་ནས་སུ། །རྡོ་རྗེའི་ཁུ་ཚུར་གྱིས་བསྒྲུབ་བྱ། །ཕྱག་རྒྱ་ཇི་བཞིན་བཀྲོལ་ནས་ནི། །དེ་ནི་བཅིང་བ་རབ་ཏུ་བྱ། །མཆོད་པའི་ཆོ་ ག་འདི་ཡིས་ནི། །རྡོ་རྗེ་དཀྱིལ་འཁོར་མཆོད་པར་འགྱུར། །དེ་བཞིན་གཡོན་པས་གར་བྱ་ཞིང ། །གཡས་པས་ཁུ་ཚུར་བཅིངས་ནས་ནི། །དཔྲལ་བར་ཡོངས་སུ་བསྐོར་ནས་སུ། །ཁ་ཡི་མདུན་དུ་དགོད་པར་བྱ། །རྡོ་རྗེ་ཉི་མ་བཞད་པས་བགད། །མཉམ་ཞིང་ཅུང་ཟད་གདངས་ཏེ་ གནས། །རལ་གྲི་དྲི་མ་མེད་སྣང་བས། །རྡོ་རྗེ་གླུ་ནི་བླང་བར་བྱ། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་ནི། །ཡང་དག་བསྒྲེང་བ་ལེགས་པར་བསྒྲུབ། །དེ་ནས་སྤྱི་གཙུག་ཁ་དག་ཏུ། །ལས་བྱས་དཀྱིལ་འཁོར་མཆོད་པ་ན། །རིགས་ཀྱི་ལྷ་ཡི་སྦྱོར་བ་ཡིས། །ལེགས་པར་བསྒྲུབ་པས་གཏམ་
84-1-187a
འགྲུབ་བྱ། །དང་པོར་བདག་ཉིད་རྡོ་རྗེ་སེམས། །དེ་བཞིན་ལྷ་ཉིད་བརྟག་པར་བྱ། །བརྟུལ་ཞུགས་སྦྱོར་བ་འདི་ཡིས་ནི། །རིགས་ཀྱི་ལྷ་ཉིད་བསྒྲུབ་པར་བྱ། །འཁོར་ལོ་རྣམ་པ་དུ་རུ་བརྗོད། །ཇི་ལྟར་རིགས་དེ་བཞིན་འཁོར་ལོ། །ཇི་ལྟར་དགོད་པ་དེ་བཞིན་འགྱུར། ། ཇི་སྐད་གསུངས་པ་དགོངས་པ་བཞིན། །མདོར་བསྡུ་ན་ནི་རྣམ་པ་ལྔ། །རྡོ་རྗེ་རིན་ཆེན་དེ་བཞིན་ཆོས། །པདྨ་སྣ་ཚོགས་ཤིན་ཏུ་བསྟན། །དེ་བཞིན་སངས་རྒྱས་རྣལ་འབྱོར་གསང། །འཁོར་ལོ་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་དུ་རུ་འགྱུར། །གསང་བ་རྣམ་པ་ལྔ་རུ་བརྗོད། ། རྒྱས་པའི་སྒོ་ནས་རྣམ་པ་མང ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང ། །ཆོས་དང་ལས་ནི་གྲགས་ཆེན་ནོ། །ཆོ་ག་རྣམ་པ་དུ་རུ་བརྗོད། །མདོར་ན་རྣམ་པ་གསུམ་དུ་འདོད། །ཞི་བ་དང་ནི་རྒྱས་པ་དང ། །མངོན་སྤྱོད་ཀྱི་ནི་རྟོག་པ་ལ། །རྡོ་རྗེ་སྦྱོར་བ་ལས་བྱུང་དུ། །རྡོ་རྗེ་སྦྱོར་བ་བླ་མེད་པ། ། ཚད་མེད་བགྲང་དུ་མེད་པ་ཡིས། །ཇི་ལྟར་གདུལ་བྱ་རྣམས་ཀྱི་ཁམས། །དེ་བཞིན་རྡོ་རྗེ་སྦྱོར་འབྱུང་རྣམས། །རྩ་བའི་རྒྱུད་དུ་ཇི་ལྟར་བརྗོད། །གསང་བ་ལྔ་ལྡན་གང་ཡིན་པའི། །དེ་ནི་རྩ་བའི་རྒྱུད་ཅེས་བྱ། །དབང་བསྐུར་ཕྱག་རྒྱ་ཆེན་པོ་དང ། །རིགས་ཀྱི་དཀྱིལ་འཁོར་རྣལ་འབྱོར་ འབྱུང ། །ཇི་ལྟར་གསང་བའི་རིགས་ལས་བྱུང ། །གང་ཞིག་སྔོན་དུ་ཆོས་ཉིད་སྣང ། །ཡིད་ལ་བྱེད་པ་དང་ལྡན་པ། །རྫོགས་སངས་རྒྱས་ཀྱི་ཐབས་ཆེན་པོ། །དེ་བཞིན་གསང་བ་རབ་ཏུ་བརྟག་།འདི་ཡི་རྟག་ཏུ་དེ་ཉིད་རིག་།རྡོ་རྗེའི་ཡེ་ཤེས་ཇི་ལྟར་འགྱུར། །ཇི་ལྟར་བསྒོམས་པས་རྡོ་རྗེ་ ཅན། །མངོན་པར་སྦྱོར་བ་དེ་ཉིད་རིག་།དེ་ཚེ་ཡེ་ཤེས་རང་བཞིན་སེམས། །དེ་ཉིད་ཡེ་ཤེས་བརྟན་པར་འགྱུར། །མཆོག་ཏུ་གསང་བ་ཅི་འདྲར་བརྗོད། །ཕྱག་རྒྱ་རྣམ་པ་ལྔ་ལྡན་པ། །དེ་ནི་མཆོག་ཏུ་གསང་བ་བསྒྲགས། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་བསྡུ། །ཉེ་བར་བཞད་པའི་མཆོད་ པའོ། །དེ་ཉིད་ཀྱང་ནི་ཇི་ལྟ་བུ། །རིག་པའི་བསྒོམ་པ་བསྟན་པ་དང ། །ཏིང་འཛིན་སྒོ་དང་ཡང་དག་ལྡན། །རིག་པའི་ལྷ་མོའི་འཁོར་གྱི་མཆོག་།དེ་ཉིད་དུ་ནི་རྟག་ཏུ་འགྱུར། །རྡོ་རྗེ་ཕྲ་མོ་ཇི་ལྟར་བརྗོད། །ཤེས་རབ་ཅན་གྱིས་བདག་བསམ་བྱ། །ད་ནི་སུ་ཞིག་བདག་མི་དམིགས། །
84-1-187b
འབྱུང་བ་བཞི་ཡི་རང་བཞིན་ལུས། །འབྱུང་བ་རྣམས་ལས་ཇི་ལྟར་འབྱུང ། །དེ་ནས་ལུས་འདི་ཐམས་ཅད་ནི། །རྣལ་འབྱོར་སྤྱི་བོ་ནས་བརྩམས་ཏེ། །རྐང་པ་ཡི་ནི་མཐིལ་བར་དུ། །མིི་གཙང་རྫས་ནི་འབྱུང་བར་འགྱུར། །ཟླ་བའི་རྡོ་རྗེ་དབུས་གནས་པར། །ཡང་ན་བདག་ཉིད་ བསམ་པར་བྱ། །ཡང་ན་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཡང་ན་ཟླ་གཉིས་ཡང་དག་ལྡན། །དབུས་སུ་རྡོ་རྗེ་རྣམ་པར་བསྒོམ། །ཡང་ན་རྡོ་རྗེའི་དབུས་གནས་པ། །ལུས་ཀུན་བརྟན་པར་སྤྲོ་བར་བྱ། །ཡང་ན་རྡོ་རྗེ་བདག་ཉིད་སྐུ། །རྡོ་རྗེའི་དངོས་ པོ་རྣམ་སྤངས་པའི། །ཡང་ནམཁའ་མཚུངས་ཆོས་ཤེས་པའི། །རྡོ་རྗེའི་རྣལ་འབྱོར་ཡང་དག་གཟུང ། །ལྕེ་ནི་རྐན་ལ་སྦྱར་བྱས་ཏེ། །སྣ་ཡི་རྩེ་མོར་བལྟ་བྱ་ཞིང ། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །རྡོ་རྗེ་ཕྲ་མོའི་བདེ་རེག་ལ། །རྟག་ཏུ་མཚན་ མའང་འབྱུང་བར་འགྱུར། །མཚན་མ་དེ་ནི་སྤྲོ་བྱས་ཏེ། །ཕྱོགས་ཀུན་དུ་ནི་ཡོངས་སུ་སྤྲོ། །སྥ་ར་ཎ་བཛྲ། ཅི་སྟེ་སེམས་ནི་སྤྲོ་བར་འདོད། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །སྣ་ཡི་རྩེ་མོར་ཕྱིན་བར་དུ། །སེམས་ནི་སླར་ཡང་བསྡུ་བར་བྱ། །སཾ་ཧ་ར་ཎ་བཛྲ། དེ་ནས་བརྩམས་ཏེ་ མཉམ་བཞག་པས། །གང་ཞིག་ཅུང་ཟད་ཅི་བསྒོམ་པའི། །ཆོས་དང་གང་ཟག་བདག་མེད་ཅིང ། །གཟུང་དང་འཛིན་པ་སྤང་བའོ། །བཛྲ་བཛྲ་ཏིཥྛ་བཛྲ། སེམས་ཅན་གང་ལ་བྱམས་པ་ནི། །རྟག་ཏུ་བརྟན་པར་དམིགས་ནས་སུ། །སེམས་ནི་སྤྲོ་བའི་སྤྱོད་པ་ཡིས། །ཕྱོགས་རྣམས་ ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་བཛྲ་མཻ་ཏྲི་སྥར་ཎ། སྡུག་བསྔལ་ཀུན་ལ་ཡང་དག་གནས། །སེམས་ཅན་འདི་རྣམས་རབ་ཏུ་དཀའ། །སྙིང་རྗེ་ཆེན་པོའི་སྦྱོར་བ་ཡིས། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་ཀཱ་རུ་ཎི་སྥ་ར་ཎ། མྱ་ངན་འདས་ལ་བཏང་སྙོམས་གཞག་།སེམས་ ཅན་དོན་ནི་ཡང་དག་བརྩམ། །ཀྱེ་མ་སེམས་ཅན་འདི་འདུལ་དཀའ། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །མ་ཧཱ་ཨུ་པེ་ཀྵི་སྥར་ཎ། ཐམས་ཅད་རང་བཞིན་འོད་གསལ་བས། །གཟོད་ནས་དག་པའི་བདག་ཉིད་འགྱུར། །ཀུན་ནས་ཉོན་མོངས་མི་དམིགས་འགྱུར། །མྱ་ངན་འདས་པ་
84-1-188a
གྲོལ་བའང་མེད། །སརྦ་བུདྦྷ་པྲ་མོ་ད་སྥ་ར་ཎ། མཁའ་འམ་གཞན་གྱི་ཕྱོགས་དག་ཏུ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །སྙིང་གའི་རྡོ་རྗེ་བྱང་ཆུབ་སེམས། །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །གོ་རིམས་ཇི་ལྟ་བ་བཞིན་དུ། །ཕྱག་ ན་རྡོ་རྗེའི་གཟུགས་ཆེན་པོ། །དམ་པའི་ཆོས་ཉིད་བསྒོམ་པར་བྱ། །རྣམ་པ་མཆོག་རྣམས་ཀུན་ལྡན་པ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་ཡིས། །སངས་རྒྱས་རྗེས་སུ་དྲན་པར་བྱ། །བུདྡྷ་ཨ་ནུ་སྨྲྀ་ཏྱཱ་བི་ཤ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ ནི། །རང་བདག་ཉིད་ནི་བསྒོམ་པར་བྱ། །རང་གི་སྙིང་གའི་དཀྱིལ་འཁོར་དུ། །ཟླ་བསྒོམ་རྨད་བྱུང་རྣལ་འབྱོར་ཆེ། །ས་མནྟ་བྷ་དྲ་ཨཱ་བེ་ཤ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རང་བདག་ཉིད་ནི་རྡོ་རྗེའི་གཟུགས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་ཆོ་ག་ བཞིན། །བཛྲ་ས་ཏྭ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྙིང་གར་ཟླ་བའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །བཛྲ་སཏྭ་ས་མཱ་དྷི་ཛྙཱ་ནཱ་བེ་ཤ། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་གཟུགས་ སུ་རང་བདག་ཉིད། །བསྒོམ་ཞིང་སྙིང་གར་ཟླ་བའི་དཀྱིལ། །དབུས་སུ་སེམས་དཔའ་རྣམ་པར་བསྒོམ། །ཏ་ཐཱ་ག་ཏོ་ཧཾ། རྡོ་རྗེའི་རྣལ་འབྱོར་རྣམ་བསྒོམ་པ། །རྣམ་པ་བརྒྱ་དང་རྩ་བཅུ་ནི། །རྒྱས་བ་རུ་ནི་ཅི་རིགས་པར། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །རྡོ་རྗེ་ཕྲ་མོ་ རྫོགས་སོ།། །།འཇིག་རྟེན་པ་ནི་ཇི་ལྟར་འདོད། །རྡོ་རྗེའི་གཟུགས་ནི་གཏེར་གནས་པ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །ས་ཡི་གནས་ཀྱང་བསྒོམས་ན་ནི། །གཏེར་དག་རབ་ཏུ་མཐོང་བར་འགྱུར། །བཛྲ་ནི་དྷི། རིན་ཆེན་ཆེན་པོའི་རྡོ་རྗེ་གཟུགས། །ནམ་མཁའ་ལ་ ནི་ཡོངས་སུ་བསྒོམ། །གང་དུ་ལྷུང་བར་མཐོང་བ་ནི། །དེ་ནི་གཏེར་ཡོད་ཤེས་པར་བྱ། །རཏྣ་ནི་དྷི། ལྕེ་ལ་པདྨའི་གཟུགས་དག་ནི། །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །དེ་ན་ཡོད་ཅེས་བཅས་ནས་ནི། །རྡོ་རྗེའི་ལྕེ་ཉིད་རང་ཉིད་སྨྲ། །དྷ་རྨ་ནི་དྷི། ལུས་ཀུན་རྣལ་འབྱོར་
84-1-188b
ཆེན་པོ་ཡིས། །རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམ། །ཀུན་དུ་བབས་ནས་གར་ལྷུང་བ། །དེ་ན་གཏེར་ཡོད་བསྟན་པ་ཡིན། །ཀརྨ་ནི་དྷི། གཏེར་ཤེས་པ་རྫོགས་སོ།། །།རྡོ་རྗེ་དབབ་པ་འབྱུང་བ་ཡིན། །ཆུ་ནི་རྡོ་རྗེའི་གཟུགས་རང་བཞིན། །སྒོམ་ཞིང་རྡོ་རྗེའི་ཤུགས་ ཀྱིས་ནི། །ཆུ་ཡི་སྟེང་དུ་འགྲོ་བར་བྱ། །བཛྲ་ཛ་ལ། ཇི་ལྟར་འདོད་པའི་གཟུགས་སུ་ནི། །རྡོ་རྗེ་སེམས་སོགས་འདོད་པ་རྣམས། །རང་བདག་ཉིད་ནི་བསྒོམ་བྱ་སྟེ། །འདོད་པའི་གཟུགས་ཉིད་ཐོབ་པར་འགྱུར། །བཛྲ་རཱུ་པ། ཆོས་ཀུན་མཁའ་དང་མཚུངས་པ་སྟེ། །བདག་ནི་ ནམ་མཁའ་ཞེས་རང་ཉིད། །དེ་ཉིད་དག་པ་བསྒོམ་བྱ་སྟེ། །དེ་ནི་མི་སྣང་བ་ཉིད་འགྱུར། །བཛྲ་ཨཱ་ཀཱ་ཤ། །རྡོ་རྗེའི་སྐས་ལ་འདུག་ནས་ནི། །འཛེག་པ་རུ་ནི་བསྒོམ་བྱས་ན། །ཇི་སྲིད་དུ་ནི་འཛེག་པའི་གནས། །དེ་སྲིད་ནམ་མཁར་འགྲོ་བར་འགྱུར། །བཛྲ་མ་ཧཾ། མི་སྣང་བ་དང ། མཁའ་ལ་འགྲོ་བ་དང ། ཆུའི་སྟེང་དུ་འགྲོ་བར་བྱ་བ་དང ། །འདོད་པའི་གཟུགས་ཉིད་ཤེས་པ་རྫོགས་སོ།། །།ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ལག་ན་རྡོ་རྗེ་བསྒོམས་ན་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །བཛྲ་དྷ་ར། ཟླ་བའི་ གཟུགས་ལ་འདུག་ནས་སུ། །རྡོ་རྗེ་རིན་ཆེན་བདག་རང་ཉིད། །རབ་ཏུ་རིན་ཆེན་བསྒོམས་ནས་ནི། །རིན་ཆེན་རིག་པ་འཛིན་པར་འགྱུར། །རཏྣ་དྷ་ར། ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེ་འཛིན་པ་རང་བདག་ཉིད། །ལག་པ་པདྨ་དག་ཏུ་བསྒོམ། །པདྨོའི་རིག་པ་འཛིན་ པར་འགྱུར། །པདྨ་དྷ་ར། །ཟླ་བའི་གཟུགས་ལ་འདུག་ནས་སུ། །རྡོ་རྗེའི་ལས་སུ་ཡང་དག་བརྟན། །ལག་ཏུ་ལས་ནི་བསྒོམ་བྱས་ན། །ལས་ཀྱི་རིག་པ་འཛིན་པར་འགྱུར། ཀརྨ་ངྷ་ར། རིག་པ་འཛིན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་རྫོགས་སོ།། །།ཕྱག་རྒྱ་ཀུན་གྱི་ཏིང་ངེ་ འཛིན། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །རྡོ་རྗེའི་བདག་ཉིད་ཇི་སྲིད་འདོད། །དེ་སྲིད་སྐད་ཅིག་གིས་འཕར་འགྱུར། །བཛྲ། དངོས་གྲུབ་ཀྱི་ནི་ཏིང་འཛིན་ནི། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །མངོན་པར་ཤེས་པ་ལྔ་ཐོབ་ཅིང ། །མྱུར་དུ་ཡེ་ཤེས་རང་
84-1-189a
གྲུབ་འགྱུར། །ཤུདྡྷ། ཤུདྡྷ། རིན་ཆེན་རྡོ་རྗེའི་རང་བཞིན་ཀུན། །ནམ་མཁའི་དབྱིངས་སུ་ཀུན་བསམས་ནས། །རྗེས་སུ་དྲན་པ་བསྟན་པ་ཡིན། །མྱུར་དུ་རིན་ཆེན་འཛིན་མཚུངས་འགྱུར། །བཛྲ་བཛྲ། ཐམས་ཅད་སངས་རྒྱས་གཟུགས་རང་བཞིན། ། ནམ་མཁའི་དབྱིངས་སུ་མོས་བྱས་ནས། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སངས་རྒྱས་ཉིད་ཀྱི་ཆེད་དུ་འགྱུར། །བུདྡྷ་བུདྡྷ། མཆོག་གི་དངོས་གྲུབ་རྫོགས་སོ།། །།རང་ཉིད་རྡོ་རྗེ་ཁུ་ཚུར་ནི། །ཆགས་པའི་དགའ་བས་མིག་གདངས་པ། །དེ་ཡིས་གང་ལ་བལྟས་ བ་ནི། །དེས་ཀྱང་རྡོ་རྗེ་ཅན་དུ་མཐོང ། །ོཾ་བཛྲ་དྲྀཥྚི་མཊ། གསལ་ཞིང་རབ་ཏུ་འབར་བའི་མིག་།མིག་འབྲས་ཀུན་དུ་འདྲེན་བྱེད་པ། །འབར་བའི་ལྟ་བ་ཞེས་སུ་བརྗོད། །འགྲོ་བ་ཐམས་ཅད་འགུགས་བྱེད་པ། །དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ ། ཁྲོ་གཉེར་བསྙེར་བ་རབ་འཇོམས་ པ། །ཁྲོས་པས་མིག་ནི་རབ་ཏུ་གཡོ། །ཁྲོ་བོའི་ལྟ་བ་ལ་བརྟེན་ནས། །འཇིག་རྟེན་གསུམ་ཡང་གཞོམ་པར་བྱ། །ཀྲོདྷ་དྲྀཥྚི་ཧྲིཿ ། རི་རབ་རི་བོ་མནྡཱ་ར། །བརྟན་ཞིང་མི་འཛུམས་པ་ཡི་མིག་།བྱམས་པའི་ལྟ་བ་ཞེས་བཤད་དེ། །གདོན་དང་རིམས་དང་དུག་འཇོམས་པའོ། ། དྲྀ་ཌྷ་ཏིཥྚ་ཏྲཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དགུག་པ་དང ། དབང་དུ་བྱ་བ་དང ། ཆད་པ་གཅད་པ་དང ། ཡོངས་སུ་བསྐྱབ་པའི་ལས་རྫོགས་སོ།། །།བདེ་བ་གཞན་ནི་ཡོད་ཉིད་མིན། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །འོན་ཀྱང་དགུག་པ་བདེ་བ་སྟེ། །དེ་ནི་ ཀུན་ལས་ཁྱད་པར་འཕགས། །དུས་འདིར་སྐལ་བ་ཆེན་པོ་ནི། །དཀྱིལ་འཁོར་ཆེན་པོ་བྱེད་པ་ལས། །དངོས་གྲུབ་མེད་ཀྱང་བདེ་བ་གང ། །བདེ་བ་ཀུན་ལས་ཁྱད་པར་འཕགས། །ལྷ་དང་མི་ཡི་འཇིག་རྟེན་པའི། །བདེ་བ་བསྡུས་པར་འགྱུར་བ་ཡིས། །རྡོ་རྗེ་སློབ་དཔོན་བདེ་བ་ གང ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཡང་ན་གང་ཞིག་དངོས་གྲུབ་ཐོབ། །སངས་རྒྱས་ཉིད་དུ་རབ་ཤེས་བྱ། །རང་གིས་རྟོགས་པ་གང་ཡིན་པ། །གཞན་དག་གང་གིས་ཤེས་པར་འགྱུར། །སར་ཆུད་རྒྱལ་བའི་གནས་དང་ལྡན། །གསང་བའི་དངོས་གྲུབ་སྟེར་མཛད་པ། །བདེ་
84-1-189b
བ་ཐོབ་པ་གང་ཡིན་པ། །དེ་ནི་གསང་བ་འཛིན་ཇི་བཞིན། །གསང་བ་ཡི་ནི་ཚོགས་ཆེན་པོ། །འདི་ལ་ཞུགས་པ་གང་ཡིན་པ། །ས་ཐོབ་པར་ནི་ཤེས་བྱ་སྟེ། །མི་ལྡོག་རྒྱལ་བའི་བདག་ཉིད་སྲས། །རྒྱལ་བའི་གནས་ཀྱི་ས་ཐོབ་ཀྱང ། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །དེ་ ཡིས་ས་བརྒྱད་ཀྱི་བར་དུ། །ཐེག་པ་དམན་པ་སྤོང་མི་འགྱུར། །གསང་ཆེན་རྟོག་པ་འདི་རུ་ནི། །ཞུགས་པ་བདག་ཉིད་རྒྱལ་བའི་སྲས། །ཐེག་ཆེན་ལ་ནི་གཞོལ་བ་རྣམས། །ཡིད་ཆེས་བར་ནི་འགྱུར་བ་སྟེ། །གསང་བ་ཡི་ནི་ཕན་ཡོན་ནི། །སངས་རྒྱས་ཀྱིས་ནི་རབ་ཏུ་ མཁྱེན། །འདིར་ནི་ཡོན་ཏན་མདོར་བསྡུས་པ། །སངས་རྒྱས་བདེ་བ་ཐོབ་པར་འགྱུར། །ཡོན་ཏན་གྱི་དབང་དུ་བྱས་པའི་རྒྱུད་རྫོགས་སོ།། །།བྱེད་པ་པོ་དང་སྐྱེད་བྱེད་མེད། །ལས་དང་འབྲས་བུ་གང་ལས་བཤད། །ང་ཞེས་ཇི་སྐད་བཤད་པ་ལ། །ང་ནི་བྱེད་ པོ་སྐྱེད་བྱེད་དང ། །ང་ནི་སྐྱེ་དགུའི་བདག་པོ་ཡིན། །ང་ནི་སྣ་ཚོགས་བདག་པོ་སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་ཡིན། །ཡང་གསུངས་པ། དག་པ་དེ་བཞིན་གཤེགས་སྙིང་པོ། །སེམས་དཔའི་སྙིང་པོ་ཞེས་བྱར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །སེམས་ཅན་ ཐམས་ཅད་བདག་དང་མཚུངས། །མྱ་ངན་འདས་བཅས་ས་འོག་སྟེང ། །ས་བླ་འཇིག་རྟེན་འདི་སེམས་ཅན། །མ་ལུས་སྲིད་པ་དག་གི་གནས། །སེམས་ཙམ་དུ་ནི་རབ་ཏུ་འཇུག་།སེམས་ཅན་ཀུན་གྱི་སེམས་གང་ཡིན། །དེ་ནི་བྱེད་པོ་འབྱིན་བྱེད་བརྫོད། །ང་ནི་རྒྱལ་པོ་སེམས་ དབང་ཕྱུག་།ཅི་ཕྱིར་ང་ནི་བྱེད་པོར་བཤད། །ཇི་སྐད་གསང་བ་གཞན་ལས་གསུངས། །ང་ཉིད་རང་ལས་བྱུང་བ་སྟེ། །མྱ་ངན་འདས་བཅས་ས་འོག་སྟེང ། །ས་བླ་སྲིད་གསུམ་འཇིག་རྟེན་གསུམ། །གང་ཞིག་གནས་ཞེས་བྱ་བའི་སེམས། །གནས་མེད་ལས་བྱུང་གང་ཡིན་ པ། །སྙིང་པོ་དེ་བཞིན་གཤེགས་དག་པ། །དེ་ཉིད་རང་བྱུང་ང་ཉིད་དོ། །ང་ནི་རྡོ་རྗེ་ཅན་ཡང་ཡིན། །སྡུག་བསྔལ་ཐམས་ཅད་སྤངས་པ་དང ། །ཉེས་པ་ཐམས་ཅད་ཟད་པས་ན། །ང་ནི་བྱང་ཆུབ་སེམས་རྡོ་རྗེ། །ང་ཉིད་རང་ཉིད་བྱུང་བའོ། །ང་ཉིད་ཡང་ནི་ཁྱབ་འཇུག་སྟེ། །
84-1-190a
གཟུང་བ་ལ་སོགས་ཀུན་སྤངས་པའི། །དག་པ་དེ་བཞིན་ཉིད་རྣམ་ཤེས། །བདག་དང་ཉོན་མོངས་མེད་པ་སྟེ། །དེ་བས་ང་ནི་ཁྱབ་འཇུག་བཤད། །ང་ནི་དེ་བཞིན་ཉི་མ་སྟེ། །ཅི་ཕྱིར་དེ་ཉིད་ཅེས་བཤད་པ། །ཟབ་མོའི་ཆོས་ནི་ངས་རྟོགས་པ། །དེ་ཕྱིར་རང་ བྱུང་ང་ཉིད་ནི། །ཉི་མ་ཞེས་ནི་བྱ་བར་བརྗོད། །ང་ནི་ཟླ་བ་རུ་བརྗོད་དེ། །ང་ནི་ཆོས་རྣམས་ཐམས་ཅད་ཀྱི། །ཞི་བ་རུ་ནི་རྟོགས་པར་བཤད། །དེ་བས་ཞི་བ་ཆེན་པོ་ཡིས། །ང་ནི་ཟླ་བ་བློ་གྲོས་ཆེས། །ང་ནི་དེ་བཞིན་གཤིན་རྗེ་སྟེ། །ཇི་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །ཡེ་ ཤེས་ཆེན་པོ་ལྷག་པར་བཤད། །དེ་ཉིད་རྟོགས་པ་གང་ཡིན་པ། །གཤིན་རྗེ་ང་སྟེ་གཤིན་རྗེ་འཛིན། །དབང་པོ་སྟེ། དབང་པོ་མི་འཕྲུལ་ཞེས་བྱ་བ། །འཁོར་བ་ལས་རྒལ་ཕ་རོལ་ཕྱིན། །ཡེ་ཤེས་ནོར་ནི་བསྒྲུབས་པ་ཡིས། །ང་ནི་དབང་བྱེད་དབང་པོ་ཡིན། །སྐྱེ་དགུ་ ཡི་ནི་བདག་པོ་སྟེ། །ཆོས་རྣམས་ཀུན་གྱི་རྣམ་པ་ནི། །སྐྱེ་བ་རྩ་ནས་འདོན་བྱེད་པ། །སྡུག་བསྔལ་ཆེན་པོ་ཡོངས་སུ་ཤེས། །དེ་ཕྱིར་ང་ནི་སྐྱེ་དགུའི་བདག་།ང་བདག་ཉིད་ནི་མེས་པོ་སྟེ། །ང་ཡིས་བདུད་རྩིའི་ཆུ་འཐུངས་ནས། །ཐར་པའི་གྲོང་ཁྱེར་ཆེན་པོ་རུ། །འཁོར་བའི་རྒྱ་ མཚོ་ལས་སྒྲོལ་བས། །ང་ཉིད་ཁོ་ན་མེས་པོ་ཡིན། །ང་ནི་འདོད་པའི་འཇིག་རྟེན་ཡིན། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་ནི་རབ་འཇུག་བྱེད། །ལོ་ཆེན་འཇིག་རྟེན་ཞེས་བྱ་བ། །འཇིག་རྟེན་ལྟ་བ་སྟོན་བྱེད་ཡིན། །སྲིད་པའི་འཇིགས་པ་ལས་བསྒྲལ་ཡིན། ། ཉོན་མོངས་ཆེན་པོ་རྣམ་པར་སྤང ། །སྲིད་པར་བཤད་དེ། སྲིད་པའི་ཞགས་པ་གཅོད་བྱེད་པ། །ང་ནི་སྲིད་པའི་རྒྱལ་པོ་ཆེ། །ཁམས་གསུམ་པ་ནི། རྒྱུད་ནི་ཁམས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ང་ནི་ཐེག་པ་གསུམ་འཛིན་པས། །ང་ནི་ཁམས་ གསུམ་པ་རུ་བཤད། །ས་འོག་ནི། ཡང་དག་དེ་ཉིད་རྡོ་རྗེ་ཆེ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བཤད། །ཇི་ལྟར་ས་ནི་འཛིན་པའི་མཆོག་།དེ་བཞིན་ང་ནི་ཆོས་འཛིན་པ། །ས་སྟེང་ནི། ས་སྟེང་ནམ་མཁའ་ཞེས་སུ་བརྗོད། །ང་ནི་རང་བཞིན་གྱིས་མཁའ་མཚུངས། །ཆོས་དང་
84-1-190b
གང་ཟག་བདག་མེད་པ། །ང་ནི་ས་སྟེང་དེ་ཉིད་བཤད། །མེ་ནི། ང་ནི་གཟོད་ནས་མ་སྐྱེས་འབྱུང་བ་མེད། །བདག་མིན་བདག་མེད་ང་ནི་སྐྱེ་དགུའི་བདག་།སྲིད་པའི་འཁྲི་ཤིང་གིས་བཅིངས་སེམས་ཅན་གདུངས། །ང་ནི་གྲོལ་བྱེད་འཁྲི་ཤིང་དག་བྱེད་པ། །རླུང་ནི། མཚན་མ་ རྣམ་པར་བསྒོམས་ནས་ནི། །མཚན་མ་མེད་པ་འདུས་མ་བྱས། །བྱང་སེམས་འཁྲི་ཤིང་ཞགས་པ་དག་།འཐོར་བྱེད་དེ་བཞིན་རླུང་ཡིན་ནོ། །ང་ནི་དབང་ཕྱུག་ཆེན་པོ་སྟེ། རྡོ་རྗེ་ཚོགས་ཀྱི་བདག་པོ་ཆེན་པོ་བྱེད། །ང་ནི་སངས་རྒྱས་དབང་ཕྱུག་གཞན་ཅི་སྨོས། །བདུད་རྩི་ཆེན་པོ་ ཐར་པའི་གྲོང་ཁྱེར་ཆེ། །ང་ནི་དབང་ཕྱུག་དབང་སྒྱུར་དབང་ཕྱུག་ཆེ། །ང་ནི་བརྟུལ་ཞུགས་ཞེས་བཤད་དེ། །ང་ནི་ཉོན་མོངས་འཇོམས་པར་བཤད། །ང་ནི་རྒ་དང་འཆི་བ་ལས། །ངེས་པར་གྲོལ་བས་ཚངས་པར་བཤད། །འཇིག་རྟེན་གསུམ་གྱི་ལུས་སུ་ནི། །ཞགས་པ་ཞེ་སྡང་ གཏི་མུག་ནི། །ཁམས་གསུམ་འཇིག་རྟེན་གསུམ་ཡིན་ནོ། །ང་ནི་སྲུང་མ་བྲན་དུ་འགྱུར། །དེ་རྣམས་འབྱུང་བས་ཁམས་གསུམ་ང ། །གདོང་དྲུག་ནི། སངས་རྒྱས་རྡོ་རྗེ་རིན་ཆེན་དང ། །ཆོས་དང་ལས་དང་གསང་འཛིན་བཅས། །རྣམ་པ་དྲུག་ནི་འཁོར་ལོ་ཆེ། །ང་ནི་གདོང་ དྲུག་མཆོག་ཆེན་པོ། །གཞན་ཡང ། བཟའ་དང་ཚོགས་སོགས་གང་ཡིན་པ། །ང་བདག་ཉིད་ཅེས་ཇི་ལྟར་རུང་བར་འགྱུར། །གང་ཞིག་གདོན་ལ་སོགས་པ་ཀུན། །སེམས་ལས་ཀུན་དུ་བྱུང་བའི་རླབས། །ང་ནི་ཐུགས་འཛིན་རྒྱལ་པོ་སྟེ། །དེ་བས་ང་ནི་སྲིད་པའི་གནས། །ང་ ནི་འདོད་པ་སྟེ། ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །དགོངས་པ་མཐར་ཐུག་ང་ཡིས་བཤད། །ང་ནི་སེམས་ཅན་ཀུན་ལ་འདོད། །དེ་བས་ང་ནི་འདོད་པར་བཤད། །ཐར་པ་ང་སྟེ། ང་ཉིད་ཐར་ཅིང་སེམས་ཅན་ཀུན། །སོ་སོར་ཡང་ནི་གྲོལ་བར་བྱེད། །དེ་བས་རང་བྱུང་ང་ཉིད་ནི། ། ཐར་པར་འཛིན་པའི་རྒྱལ་པོ་ཡིན། །ང་ནི་དམྱལ་བ་སྟེ། ང་ནི་བདག་དང་ཆོས་རྣམས་མིན། །ང་ནི་ཆགས་སྡང་ཀུན་དུ་བྲལ། །ང་ཡིས་འཆི་མེད་ལམ་བསྟན་པས། །ང་ནི་དམྱལ་བའི་དམྱལ་བ་པ། །ང་ནི་ཡི་དགས་ཏེ། མངོན་པར་འདོད་པ་ང་ཡིས་འཐོབ། །སེམས་ཅན་
84-1-191a
སྒོམ་པ་སྨིན་པར་བྱེད། །ང་ཡིས་དགའ་བའི་གནས་ཐོབ་པས། །ང་ནི་ཡི་དགས་ཡི་དགས་སྐྱེས། །དུད་འགྲོ་ང་སྟེ་དུད་འགྲོ་སྐྱེས། །འཁོར་བའི་ཆུ་བོ་བརྒལ་དཀའ་བས། །སེམས་ཅན་དག་ནི་ཐམས་ཅད་གནས། །ཇི་ལྟར་མི་ཤེས་རྨོངས་གྱུར་པ། །དེ་བཞིན་ ང་ཡིས་གྲོལ་བར་བྱེད། །གཞན་ཡང་ང་ནི་ཆགས་པ་སྟེ། །སེམས་ཅན་གྲོལ་བ་རྗེས་ཆགས་ཕྱིར། །སྲིད་པ་གཅོད་བྱེད་ཞེ་སྡང་དང ། །གསང་མཛོད་འཛིན་པས་སེར་སྣ་ཅན། །སེམས་ཅན་འདོད་པས་འདོད་པ་དང ། །སེམས་ཅན་སྨིན་བྱེད་སེམས་ཅན་ང ། །གསང་བ་ འཛིན་པའི་རྒྱལ་པོ་གང ། །དེ་ནི་ང་ཡི་འཇིགས་བྱེད་སྲས། །དེས་ན་གསང་བ་ཆེན་པོ་ཡི། །ང་ནི་ཆོས་ཀྱི་མཛོད་འཛིན་པ། །སངས་རྒྱས་བྱང་ཆུབ་གསང་འཛིན་པོ། །དེ་བས་ང་ནི་གསང་བའི་བདག་།ཡང་ན་བྱིན་གྱིས་རློབ་པ་དང ། །བསྙེམས་བཅས་སྒེག་པའི་ཞལ་མངའ་ བ། །ཐ་ནི་དེ་ཡི་སྟེངསྦྱར་ནས། །གང་དུ་གསང་བར་བརྗོད་པའོ། །ད་ར་དྷ་རྨ་ད་ར་གསང། །ང་ནི་ལྔ་ལྔ་འཛིན་པ་ཡིན། །རྨ་བྱ་ཆེན་པོ་མཛོད་ལྡན་མའི། །ང་ནི་གསང་བའི་བདག་པོར་བཤད། །རྩ་དང་པགས་པ་ནུ་མར་ལྡན། །མཛོད་སོགས་གསུས་པ་འཕྱང་བ་དང ། །ཟླ་བའི་ སྟེང་ན་གར་བྱེད་པ། །དེ་རྣམས་གསང་བའི་རྒྱལ་པོ་ཡིན། །ས་ལ་བསྙེམས་པའི་གར་བྱེད་པ། །རྡོ་རྗེ་གར་བྱེད་སྐྲ་དཀར་འཇོམས། །དྲ་བ་སྤུས་ལེནགསུས་པ་ཅན། །མཛོད་ལྡན་དང་ནི་གོས་འཛིན་མ། །ཡི་གེ་ཏ་འདོན་ཟླ་བ་དང ། །མཆོག་དང་འཇིགས་བྱེད་བཞིན་ལྡན་མ། ། སྒྲ་གཅན་རྡོ་རྗེ་རྗེས་མཐུན་སྒྲ། །མཆེ་བ་འབྱིན་པ་མྱོས་པས་ཁྱབ། །དེ་བཞིན་སྤྱོད་པ་ཡང་དག་ལྡན། །ཕྲེང་ལྡན་གཏི་མུག་འཇོམས་བྱེད་མ། །སྤྱན་འདྲེན་འདུས་བྱས་ཐམས་ཅད་མ། །ཡུན་རིང་གར་གྱི་ཚོགས་ལྡན་མ། །རིགས་ཀྱི་གར་ན་སྤྱོད་མ་དང ། །འཇིགས་བྱེད་རྣམ་པར་ འཇིགས་བྱེད་དང ། །གར་གྱི་གནས་བྱེད་ཅེས་བྱ་དང ། །གར་བྱེད་རྡོ་རྗེའི་གར་བྱེད་མ། །ཕུལ་བྱུང་ཐམས་ཅད་འཐོར་བྱེད་མ། །ལྔ་ཕུང་སྐྱབས་དང་འཛིན་བྱེད་པ། །རྐང་གདུབ་ཀྱིས་ནི་བདུད་ཀྱི་ཚོགས་འཇོམས་བྱེད། །འབྲུག་གི་བདག་པོ་རྐང་གདུབ་ཀྱིས་འདར་བྱེད། །རྐང་
84-1-191b
གདུབ་ཀྱིས་ནི་ཡང་ཡང་བདག་ཆེན་སྐྱེལ། །བསྐྱོད་པའི་འདར་འདར་བརྟན་པ་སྐྱེལ་བྱེད་པ། །ལག་པ་རྐེད་པ་ཇི་བཞིན་བསྐྱོད་པའོ། །གར་གྱི་ཕྱི་རོལ་པས་ཀུན་དུ་སྡུད་བྱེད་མ། །རྡོ་རྗེ་ཉི་མ་ས་ཡི་གར། །དེ་བཞིན་ན་དི་ཀི་སི་རི། །ཟས་ཆེན་གར་མའི་གསང་བ་སྟེ། །དེ་བས་ང་ནི་གསང་ བའི་བདག་།ཧཱ་ཧཱ་ཧཱ་ཐཱ་པཱ་ཏཱ་པ་ཀཱ་ཏ་ས་ར་མ་ར་ཧཱུཾ། རྣལ་འབྱོར་ཆེན་པོ་སྤྱན་འདྲེན་མ། །གུས་ལྡན་མ་དང་སྤྲུལ་བྱེད་གཞན། །འཕྲོག་མ་འཇོམས་བྱེད་གཞུ་མ་དང ། །སྙིང་པོ་བདུད་མ་སྒྲ་སྒྲོགས་མ། །ཕེག་རྡོབ་འཛིན་དང་དྲག་པོ་དང ། །གཞན་ཡང་རྡོ་རྗེ་ལྡན་པར་བཤད། ། རྟ་སྒྲའི་ཚོགས་ནི་དྲུག་ལྡན་མ། །འོད་ཚོགས་ཀྱིས་ནི་མཚན་མོ་འཇོམས་བྱེད་མ། །སེང་གེ་ཡི་ནི་ང་རོ་སྒྲ་སྒྲོགས་པ། །རྟ་ཡི་སྒྲ་སྒྲོགས་སྒྲ་གཅན་མ་དང་ནི། །གཞན་ཡང་གསང་བ་སྟུག་པོས་ཁྲུས་བྱེད་མ། །སྣ་ཚོགས་ཧ་ཧ་སྒྲ་ཡིས་འཕྲོག་བདག་མ། །སྤྱན་བཟང་ཡངས་མ་གསང་ བ་སྟོན་བྱེད་མ། །གཞན་ཡང་འབད་པས་དགའ་བ་ཉིད་བྱེད་མ། །གཞན་ཡང་སྤྱན་ཡངས་ཨུཏྤལ་ཀྱས་བརྒྱན་མ། །སྤྲིན་འཇོམས་བྱེད་ཅིང་ས་རྣམས་ཀུན་འཇོམས་མ། །སེང་གེའི་བཞིན་རོལ་གོང་ནས་གོ་རིམས་ལྡན། །དེ་འདྲའི་འཁོར་ནི་དམ་པ་དང་ལྡན་པ། །གཞན་ཡང་ གསང་བའི་ཡིད་ལ་ཏཾ་སྒྲོགས་པ། །དེ་བཞིན་རིམ་གྱིས་དགེ་ལེགས་ཉིད་བྱེད་མ། །ཊུ་ཧཱུཾ་ཊུ་ཧཱུཾ་དྷ་རི་དྷ་ད་རི། མ་ཧཱ་ཤྲི་རི་ཤ་ཡང་ན་ཤྲི་ཡ་རི་ཀཾ་མ་ཏ་ས་ཏ་ཀཾ་།དེ་ཁོ་ན་ཉིད་ཀྱི་གསང་བ་རྫོགས་སོ།། །།དེ་ཡི་དཀྱིལ་འཁོར་ཞུགས་ནས་ནི། །འདོད་པའི་ཡོན་ཏན་ལྔ་མཆོག་ གིས། །རྣལ་འབྱོར་པ་ནི་རོལ་བྱེད་ན། །དེས་ནི་དངོས་གྲུབ་ཐོབ་པར་འགྱུར། །གསང་བའི་མདོ་ཡི་དབང་བཤད་པའི། །སེམས་ཅན་སྤྱོད་པ་ཇི་ལྟ་བུ། །ཡང་གསུངས་པ། འདོད་པའི་ཡོན་ཏན་ལྔ་བཤད་པ། །གསང་བ་ཡི་ནི་རབ་སྒྲུབ་པ། །དང་པོར་དེ་བཞིན་གཤེགས་ པའི་རིགས། །སྒྲུབ་པ་ཡི་ནི་རོལ་པར་བྱ། །བྷ་ག་ཅི་ཡིན་བརྗོད་པར་བྱ། །འཇོམས་པས་བྷ་ག་ཞེས་སུ་བརྗོད། །གང་དུ་ཉོན་མོངས་འཇོམས་བྱེད་པ། །ཤེས་རབ་ལུས་འཇོམས་ཉོན་མོངས་པ། །དེ་བས་ཤེས་རབ་བྷ་གར་བརྗོད། །དེ་བས་རྟགས་ནི་ཅི་ཡིན་བརྗོད། །རྟགས་ནི་
84-1-192a
མཚན་མ་ཞེས་བྱར་བཤད། །བློ་ལྡན་ཤེས་རབ་རྟགས་ལས་བྱུང ། །བྱང་ཆུབ་སེམས་ནི་ཐབས་ཆེན་པོ། །དེ་ནི་རྟགས་སུ་རབ་ཏུ་བསྒྲགས། །བྷ་གར་ལིང་ག་བཅུག་ནས་སུ། །འཁོར་ལོའི་དངོས་གྲུབ་བསྒྲུབ་པར་བྱ། །ཏིང་ངེ་འཛིན་དང་གཟུངས་གང་ཡིན། ། མཁས་པས་སྒོ་གཉིས་གཟུང་བར་བྱ། །དེ་ནི་བཅུག་པ་ཞེས་བཤད་དེ། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར། །དེ་ནས་དགོངས་པས་བཤད་པ་ཡི། །བྷ་ག་རུ་ནི་རྫས་བསྒྲུབ་པ། །གསང་རྒྱུད་དབང་པོ་ལས་གསུངས་བཞིན། །བསྒྲུབ་པ་དག་ནི་ཇི་ལྟར་བྱ། །བྷ་གར་གུར་ གུམ་ཕྱུང་ནས་ནི། །མཚན་མ་ཡང་ནི་གཞུག་པར་བྱ། །རྫས་རྣམས་བཟང་པོ་ཐོབ་པར་འགྱུར། །རྣམ་པ་བཞི་ཡང་འགྲུབ་པར་འགྱུར། །བྷ་ག་པདྨ་ཞེས་བྱར་བརྗོད། །མཚན་མ་རྡོ་རྗེ་ཞེས་བཤད་དོ། །རྫས་ནི་པདྨའི་སྟེང་བཞག་ནས། །རྡོ་རྗེ་སྲུབ་མས་བསྒྲུབ་པར་བྱ། ། ཤིན་ཏུ་ཆགས་པས་འདོད་ཆགས་ཅན། །དེས་ནི་གསང་བ་རབ་བསྒྲུབ་འགྱུར། །འདོད་ཆགས་ཆགས་པའི་སྦྱོར་བ་ཡིས། །དངོས་གྲུབ་ཆེན་པོ་ཇི་ལྟར་འགྱུར། །འདི་ནི་ཆགས་ཅན་རབ་བསྒྲུབ་འགྱུར། །བདེན་པ་ཉིད་དུ་ཡང་དག་བཤད། །འདོད་ཆགས་བྲལ་བ་གསང་བ་མེད། ། དེ་ནི་གསང་བ་འགྲུབ་མི་འགྱུར། །དད་པའི་དད་པ་ཆེན་པོ་ཡིས། །གསང་བའི་སྦྱོར་བ་ལས་བྱུང་ཆགས། །བསྒྲུབ་པ་ལ་ནི་འཇུག་འགྱུར་བ། །དེ་ཡིས་སྒྲུབ་པ་གདོན་མི་ཟ། །ཆགས་དང་བྲལ་བའི་སྡིག་པ་ནི། །གང་ཞིག་གསང་ལ་ཆགས་བྲལ་འགྱུར། །སངས་རྒྱས་ བྱང་ཆུབ་སྤྱོད་བྱེད་པ། །སྡིག་ཆེན་ཁ་ན་མ་ཐོ་ཆེ། །སངས་རྒྱས་ཀུན་གྱིས་རབ་ཏུ་སྨད། །ཆོས་ལ་ཁ་ན་མ་ཐོ་མེད། །དེ་ཡིས་གསང་བ་རབ་འགྲུབ་འགྱུར། །རྣམ་པ་ཐམས་ཅད་ཉོན་མོངས་ཀུན། །འཇོམས་པ་འདོད་ཆགས་མཆོག་ཡིན་ནོ། །འདོད་ཆགས་ཞེ་སྡང་སོགས་ཉོན་ མོངས། །རྟོགས་དང་མཚུངས་པའི་ཆོས་མེད་དོ། །སྐྱེ་དགུ་ཀུན་བསད་བསོད་ནམས་ཇི་ལྟ་བུ། །ཇི་སྲིད་འཁོར་བར་བཅིངས་བར་དུ། །སྲིད་པ་ཟད་པར་མི་འགྱུར་རོ། །འཁོར་བའི་བཙོན་ར་འདི་རུ་ནི། །སེམས་ཅན་ཀུན་གྱིས་གཞོམ་པར་བྱ། །གང་ཞིག་གཞན་གྱི་ནོར་
84-1-192b
འཕྲོག་པ། །དེས་ནི་གསང་བ་རབ་འགྲུབ་འགྱུར། །ནོར་ནི་འཁོར་བ་ཞེས་བཤད་དེ། །སེམས་ཅན་དེ་རྣམས་ཉོན་མོངས་འགྱུར། །གང་ཞིག་གཞན་གྱི་ནོར་འཕྲོག་པ། །བྱང་ཆུབ་སེམས་ནི་རབ་འགྲུབ་འགྱུར། །བུད་མེད་རྣམས་དང་ལྷན་ཅིག་རྩེ། །དེས་ནི་གསང་བ་ འགྲུབ་པར་འགྱུར། །རང་གི་རིགས་ཀྱི་ལྷ་མོ་གང ། །རིག་པའི་ལྷ་མོ་བླ་མེད་དང ། །ལྷན་ཅིག་རྣལ་འབྱོར་རོལ་པ་ཡིས། །རོལ་པ་ཙམ་གྱིས་འགྲུབ་པར་འགྱུར། །གལ་ཏེ་རིགས་ནི་འགྲུབ་འདོད་ན། །བརྫུན་པའི་ཚིག་ཀྱང་སྨྲ་བར་བྱ། །ཆོས་ཀུན་དངོས་པོ་མེད་པ་སྟེ། །བརྗོད་ མིན་ཚིག་གི་སྤྱོད་ཡུལ་མིན། །མེད་པ་གང་ཡིན་བརྫུན་ཚིག་ལྡན། །རིག་པའི་བཟླས་པ་བདེན་པ་ཡིན། །གལ་ཏེ་དངོས་གྲུབ་མཆོག་ནི་བསྒྲུབ་འདོད་ན། །སེམས་ཅན་གསད་བྱ་དེ་བཞིན་བཟའ་བར་བྱ། །སེམས་ཅན་ཆགས་པ་ཞེས་བཤད་དེ། །མིང་དང་གཟུགས་ལ་ ཀུན་དུ་ཆགས། །བཀུག་ནས་ཟོས་པར་གྱུར་ན་ནི། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །འཁོར་བ་སྤངས་ཀྱང་ཆོས་མིན་འགྱུར་བ་ནི། །འཁོར་བ་སྤོང་བ་གང་ཡིན་པ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་འགྱུར། །བློ་ལྡན་ཐེག་པ་དམན་དགའ་བ། །དེ་ནི་རྟག་ཏུ་ ཉེས་ལྡན་ཡིན། །མྱ་ངན་འདས་ལ་མངོན་དགའ་ན། །སེམས་ཅན་དོན་ལ་ཕྱིར་ཕྱོགས་འགྱུར། །བློ་ལྡན་ཐེག་པ་དམན་དགའ་བ། །དེ་ནི་རྟག་ཏུ་ཉེས་ལྡན་ཡིན། །སེར་སྣ་ཅན་ནི་དེ་ཡི་རིགས་བསྒྲུབ་འགྱུར། །ཚུལ་ཁྲིམས་རྣམ་པར་དག་འགྱུར་ཞིང ། །སྲོག་གི་ཕྱིར་ཡང་ གཏོང་མི་བྱེད། །རིག་པའི་བརྟུལ་ཞུགས་ལྡན་འགྱུར་བ། །དེས་ནི་གསང་བ་རབ་བསྒྲུབ་འགྱུར། །དྲག་དང་ལྡན་པའི་སེམས་ལྡན་པ། །དེས་ནི་འགྲུབ་པར་འགྱུར་བར་འདོད། །སྡུག་བསྔལ་ཐམས་ཅད་གཅོད་པའི་ཕྱིར། །རྟག་ཏུ་དྲག་པོ་ཉིད་དུ་འགྱུར། །སྡིག་པ་སྡང་བ་རྣམས་ སྤོང་ན། །དེས་ནི་གསང་བ་རབ་འགྲུབ་འགྱུར། །ཆོས་མིན་སྤྱོད་པ་རྣལ་འབྱོར་མཆོག་གྲུབ་ཡིན། །གཟུང་དང་འཛིན་པ་ཆོས་ཤེས་པ། །གང་ཚེ་སྤོང་བར་གྱུར་པ་ནི། །རྟག་ཏུ་ཆོས་མཆོག་སྤྱོད་པ་སྟེ། །དེས་ནི་གསང་བ་རབ་འགྲུབ་འགྱུར། །སྲིད་གསུམ་མངོན་པར་ཆགས་པས་
84-1-193a
རྣལ་འབྱོར་བསྒྲུབ། །སྲིད་གསུམ་ལ་ནི་ཆགས་པར་འགྱུར། །སེམས་ཙམ་དུ་ནི་རྟོགས་པའི་ཕྱིར། །དེ་ནི་རྣལ་འབྱོར་བསྒྲུབ་པ་ཡིན། །རྟག་ཏུ་འདོད་པའི་འདོད་ཆགས་རྒྱལ་འགྱུར་གང ། །གསང་བ་ཆེན་པོར་བརྟན་པར་བསྒྲུབ་པ་ཡིན། །འདོད་པར་བྱ་བ་ འདོད་པ་སྟེ། །འདོད་པའི་འདོད་ཆགས་ཞེས་བཤད་དོ། །རབ་ཏུ་དགའ་ལ་ཆགས་པ་སྟེ། །བློ་ལྡན་བློ་གྲོས་དེ་ལ་ཆགས། །གཅི་བ་ཁྱོར་བ་གང་འཐུངས་ན། །བཤང་བ་ཅུང་ཟད་བཟའ་བར་བྱ། །ཐམས་ཅད་དག་པའི་བརྟུལ་ཞུགས་ཀྱིས། །མྱུར་དུ་དངོས་གྲུབ་མཆོག་ཐོབ་ འགྱུར། །གཅི་བ་རྡོ་རྗེ་ཞེས་བཤད་དེ། །བཤང་བ་པདྨ་ཡང་དག་ལྡན། །དགའ་བའི་ཆོས་ལ་རེག་པས་ནི། །དེ་ནས་ཐར་པའི་གྲོང་ཁྱེར་འགྲོ། །རྣལ་འབྱོར་ཆེན་པོ་བྷ་ག་འཐུངས། །རྣལ་འབྱོར་རབ་ཏུ་བསྒྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང ། །བྷ་ག་ཡི་ནི་སྒྲ་རུ་ བསྒྲགས། །གང་ཞིག་བདུད་རྩི་བཏུང་བ་བཏུང ། །རྡོ་རྗེ་འཆང་དང་འདྲ་བར་འགྱུར། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །དཀྱིལ་འཁོར་ཆེན་པོ་བརྟག་པར་བྱ། །རིགས་ཀྱི་ལྷ་མོ་རྣལ་འབྱོར་བྱུང ། །རིག་པ་སྡུག་པ་ཉིད་ཡིན་ཏེ། །དཀྱིལ་འཁོར་གསང་བ་བརྟག་བྱས་ན། །སྐད་ ཅིག་དེ་ལ་རང་འགྲུབ་འགྱུར། །ཁྲོ་ཞིང་གཏུམ་ལ་དྲག་པོ་སྟེ། །རྡོ་རྗེ་ཡི་ནི་རིགས་སུ་འགྱུར། །གང་ཞིག་སྡུག་བསྔལ་རྣམས་ལ་ཁྲོ། །འཁོར་བའི་སྦྱོར་འབྱུང་ལས་སྡང་བ། །རྡོ་རྗེ་རྣལ་འབྱོར་ཕུན་ཚོགས་འགྱུར། །རིགས་ནི་ཉམས་པར་འགྱུར་བ་ཡིན། །དགེ་བ་ཐམས་ཅད་ སྤངས་ནས་ནི། །ཆོས་མིན་པ་ནི་ཡང་དག་སྤྱད། །བྱ་མིན་བྱེད་པའི་རྣལ་འབྱོར་པས། །ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །རྣམ་པར་རྟོག་པ་ཀུན་སྤངས་ནས། །དགེ་བ་ལ་ནི་རབ་ཏུ་འཇུག་།ཆོས་ལ་ལྟ་བར་གྱུར་པ་ཉིད། །ཆོས་མིན་ཀུན་ཏུ་སྤྱོད་མི་བྱ། །བྱ་མིན་གང་ ཞིག་དངོས་མེད་དེ། །དེ་ཉིད་བརྟན་པར་བྱེད་པར་འགྱུར། །རྣལ་འབྱོར་ཆེན་པོ་དེ་ལྟ་བུས། །རྟོག་པ་ཆེན་པོས་རབ་འགྲུབ་འགྱུར། །རྟོག་པ་ཐམས་ཅད་བསྡུས་པའི་དྲུག་པ་གསང་བའི་ཚོགས་ཆེན་པོའི་མཆོག་ཏུ་གསང་བ་རྟོགས་པའི་རྒྱལ་པོ་ཆེན་པོ་ཤིན་ཏུ་གསང་བའི་རྣལ་
84-1-193b
འབྱོར་རྡོ་རྗེ་རྩེ་མོ་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དགོངས་པ་རྣམ་པར་འགྲེལ་པ་ཞེས་བྱ་བ་རྣམ་པར་བཤད་པ་གསུམ་པ་རྫོགས་སོ།། །།རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཆོག་།གསང་བའི་ ཆོས་ཀྱི་གནས་མཆོག་ཏུ་གསང་བ་ཡང་རྫོགས་སོ།། །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དུས་གསུམ་གཤེགས་པ་སྲས་བཅས་ལ། །ཡང་དང་ཡང་དུ་ཕྱག་འཚལ་ནས། །མཆོག་ཏུ་རྨད་བྱུང་རིག་པའི་རྒྱུད། །མདོར་བསྡུས་ནས་ ནི་བཤད་པར་བྱ། །ཧཱུཾ་ཨ་ཛ་ཀར། དྷ་ར་ཧོ། དྷ་ར་ས། ཨོཾ་ཨ་དྲ་ན་ཧ་ཧ་ཧེ་ཝར། དྷི་དྷ་དྷ། དྷཱི་ངྷཱར་ཎི། མ་ཧེ་ཏོ་རཾ་ཀ་ཀྲ་ཎཾ། ཀ་བ་ཙེ་ཧཱུཾ་བཾ། དེ་ལ་གསང་བ་མཆོག་ཏུ་གསང། །ཡེ་ཤེས་དམ་པའི་རང་བཞིན་ཆེ། །རྒྱལ་པོ་གསང་བའི་མདོ་དབང་པོ། །ཐེག་པ་ཆེན་པོ་ཀུན་དུ་བསྡུས། ། རིགས་འབྱུང་བློ་ལྡན་ཆེན་པོ་དང ། །སངས་རྒྱས་ཐམས་ཅད་འབྱུང་བ་དང ། །རྡོ་རྗེ་ཀུན་དབང་ཆོ་ག་ནི། །ཤིན་ཏུ་རྨད་བྱུང་རབ་བཤད་བྱ། །ངོ་བོ་ཉིད་ཀྱི་སྐུ་རུ་ནི། །སངས་རྒྱས་རྡོ་རྗེ་ཅན་ཀུན་འབྱུང ། །རྨད་བྱུང་ཆོས་ཀྱི་རྒྱུད་ཆེན་པོ། །ཐར་བ་མཆོག་ཏུ་བསྟན་པ་སྟེ། །ཐུབ་པའི་ དབང་ཕྱུག་རྣམ་སྣང་མཛད། །ཐུགས་ཀ་ནས་ནི་རྒྱུད་འདི་བྱུང ། །ཀུན་དུ་བཟང་པོ་རྡོ་རྗེའི་བདག་།ཕྱག་ན་རྡོ་རྗེ་འོད་པོ་ཆེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དོན་ཡོད་དབང་ཕྱུག་དམ་པ་སྟེ། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །བདེན་པ་དམ་ཚིག་ཅེས་བྱ་བ། །ཐུབ་པ་ ཆེན་པོ་ཆོས་ཕུང་པོ། །སྟོང་ཕྲག་དག་ནི་གྲངས་མེད་གསུངས། །རྡོ་རྗེ་སེམས་དཔའ་མཆོག་ཆེན་གྱིས། །ཆོས་ཀྱི་མངོན་པར་རྟོགས་པ་བཤད། །སོ་སོར་རྟོགས་པའི་མངོན་རྟོགས་དང ། །དེ་བཞིན་མངོན་པར་བྱང་ཆུབ་དང ། །དཔེ་བྱད་མཆོག་ནི་མངོན་དུ་བྱུང ། །དེ་བཞིན་ཡེ་ཤེས་ཐོབ་ པ་ཉིད། །ཡེ་ཤེས་ཆེན་པོའི་ཆོས་འདི་ནི། །སངས་རྒྱས་ཀྱི་ནི་མངོན་རྟོགས་བཤད། །ཐེག་པ་ཆེན་པོའི་མངོན་རྟོགས་ཡིན། །ཤིན་ཏུ་གསང་བའི་ཚུལ་ཆེན་པོ། །རང་སེམས་སོ་སོར་རྟོགས་པ་ནི། །བྱང་ཆུབ་སེམས་དཔའི་ཚུལ་ཆེན་པོ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་མཆོག་།ཐེག་
84-1-194a
པ་ཆེན་པོ་མངོན་པར་བསྡུས། །མཐར་ཐུག་ས་སྟེ་ས་ཆེན་པོ། །སངས་རྒྱས་ས་ནི་བླ་ན་མེད། །ཐེག་པ་ཆེན་པོ་མངོན་པར་རྟོགས། །ཡེ་ཤེས་ཐོབ་པར་རྟོགས་བྱེད་པ། །སྤྱོད་པ་བཅུ་ཡི་བྱང་ཆུབ་ཆེ། །ཕ་རོལ་ཕྱིན་པ་དམ་པ་བཅུ། །ས་བཅུ་ཀུན་དུ་རྟོགས་པ་སྟེ། ། ཐེག་པ་ཆེན་པོ་མངོན་པར་བསྡུས། །བྱང་ཆུབ་ཆེན་པོ་རྒྱ་ཆེ་བ། །རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་།ཀུན་མཁྱེན་ཡེ་ཤེས་རྫོགས་བྱང་ཆུབ། །ཐེག་པ་ཆེན་པོ་མངོན་པར་བསྡུས། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཐེག་པ་ཆེན་པོ་ཆོས་ ཀྱི་མཆོག་།དེ་བཞིན་གཤེགས་པ་ཀུན་གྱི་གསང། །ཆོས་ཀྱི་གནས་ནི་ཡོངས་སུ་གྱུར། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་།ཚོགས་ཀྱི་དཀྱིལ་འཁོར་ཤིན་ཏུ་དག་།མཁའ་མཉམ་དང་ནི་མཚུངས་པ་ཡིན། །གནས་ངན་ལེན་ནི་ཀུན་ལས་གྲོལ། །རྣམ་པར་ རྟོག་པ་ཀུན་ལས་གྲོལ། །ཉོན་མོངས་དྲི་མ་ཀུན་དག་པ། །དང་པོར་ཟླ་བ་བཞིན་དུ་མཐོང ། །ཐུགས་རྗེའི་བརྩེ་བ་ཡང་དག་བྱུང ། །སེམས་ཅན་ཡོངས་སུ་འཛིན་པར་བྱེད། །བྱང་ཆུབ་སེམས་ནི་དག་པ་ཆེ། །སངས་རྒྱས་ཞིང་ནི་གོས་པ་མེད། །དགེ་བའི་ཆོས་ཀྱིས་ཀུན་ དུ་གང ། །ཉོན་མོངས་ཐམས་ཅད་ངེས་པར་འཇོམས། །ཟླ་ཆེན་གང་བའི་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་སྟེ། །བསྐལ་པ་གྲངས་མེད་གསུམ་བྱང་ཆུབ། །ཡང་དག་བླངས་ལས་བྱུང་བ་ཉིད། །དམ་པའི་ཆོས་མཆོག་གྲངས་མེད་པ། །སྦྱིན་པའི་སྤྱོད་པ་མཆོག་དང་ ལྡན། །ས་དང་ས་རུ་རྟོགས་བྱེད་པ། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །དེ་ནི་རྡོ་རྗེ་ཤིན་ཏུ་བརྟན། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །སྣང་བ་མེད་ཅིང་གནས་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །སྐྱེས་དང་འཇིག་པ་རྣམ་པར་སྤངས། ། མི་ཚིག་མི་ཆོད་མི་ཕྱེད་པ། །ལྷག་མ་མེད་པའི་ཆོས་ཀྱི་སྐུ། །རྡོ་རྗེའི་བདག་ཉིད་ཡང་དག་བྱུང ། །རྡོ་རྗེའི་སྐུ་ནི་བླ་ན་མེད། །སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་ཀུན་དུ་རྟོགས་པ་དང ། །ལྔ་པོ་དེ་དག་ཀུན་ཐུན་མོང ། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །མངོན་
84-1-194b
པར་བྱང་ཆུབ་རྣམ་པ་ལྔ། །ཆོས་ཀྱི་ཡེ་ཤེས་བླ་ན་མེད། །ལྔ་པོ་དེ་དག་གསང་ཞེས་བྱ། །སྙིང་པོར་ཡང་ནི་དེ་དག་གསུངས། །གང་ཕྱིར་དོན་ཀུན་གྲུབ་པའི་ཕྱིར། །སྔོན་ནི་དོན་ཀུན་གྲུབ་པར་བྱེད། །བཅོམ་ལྡན་ཀུན་དུ་བཟང་པོ་དང ། །རྡོ་རྗེའི་ལས་ནི་བླ་ན་མེད། །རྡོ་རྗེའི་ དབྱིངས་ནི་བརྟན་པའི་བདག་།རྣམ་པར་སྣང་མཛད་བླ་ན་མེད། །དེ་དག་གསང་བའི་མཚན་ཡིན་ཏེ། །རྣལ་འབྱོར་གྱི་ནི་གནས་སྐབས་ཐོབ། །དེ་ནས་སྙིང་པོ་ནི། ཨོཾ་ཙིཏྟ་པྲ་ཏི་བོ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་ སྟ་ཐཱ་ཨ་ཧཾ། དེ་ནས་སངས་རྒྱས་ཐམས་ཅད་ཉིད། །ཐུབ་པ་ཡི་ནི་ཐུགས་ཀར་བཞུགས། །དེ་བཞིན་གཤེགས་པ་ཀུན་གྱི་གསུང ། །རྡོ་རྗེའི་རིག་པ་འདི་བརྗོད་དོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སཾ་བོ་དྷི་དྲྀ་ཌྷ་བཛྲ་ཏིཥྛ། སངས་རྒྱས་གྲགས་ཆེན་ཐམས་ཅད་ཀྱིས། །རིག་པ་ འདི་ནི་བརྗོད་པས་ན། །རྣམ་པར་སྣང་མཛད་ཐུབ་ཆེན་པོ། །དེ་ཉིད་ཡེ་ཤེས་མངོན་སངས་རྒྱས། །དེ་ནས་སངས་རྒྱས་ཐམས་ཅད་ནི། །ཉིད་ཀྱི་ཐུགས་ལས་བྱུང་བར་གྱུར། །ཆོས་བཞིའི་རྣལ་འབྱོར་ཆེན་པོ་ནི། །བྱིན་ནས་ལྷ་མོ་དབང་བསྐུར་འགྱུར། །སེམས་ཅན་ཀུན་དོན་ཡང་དག་ ལྡན། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །མཁའ་མཚུངས་བརྗོད་ལས་ཡང་དག་བྱུང ། །རིན་ཆེན་ཆེན་པོས་དབང་བསྐུར་འགྱུར། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ཆེ། །འཇིག་རྟེན་དབང་ཕྱུག་ཆེན་ པོ་བྱིན། །བྱ་བ་ཀུན་ལ་དོན་ཡོད་པ། །དགའ་ལྡན་ལ་སོགས་རྣམ་པར་འཕྲུལ། །གདུལ་བར་བྱ་བ་ཐབས་ཀྱི་ལས། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །སངས་རྒྱས་ཀུན་གྱི་གསང་བ་གང ། །བྱང་ཆུབ་སེམས་ནི་ཚུལ་ཆེན་པོ། །ཉོན་མོངས་ཀུན་ལས་རྣམ་པར་གྲོལ། ། སངས་རྒྱས་གཙོ་བོ་ཆེན་པོས་བྱིན། །དབང་བསྐུར་ཙམ་གྱི་མོད་ལ་ནི། །གསང་བའི་མིང་ནི་ཡང་དག་བྱུང ། །སངས་རྒྱས་ཀུན་བདག་རྒྱལ་པོ་སྟེ། །ཀུན་མཆོག་དབང་བསྐུར་དམ་པའོ། །དེ་ནས་སྙིང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཤཝ་ཛྱ་ཨ་བྷི་ཥེ་ཀ་ཧཱུཾ། དེ་ནས་སངས་རྒྱས་
84-1-195a
རྒྱལ་པོ་ཆེ། །ཆོས་ནི་མངོན་སུམ་གྱུར་མཛད་པ། །སྟུག་པོའི་གནས་ནས་གཤེགས་ནས་ནི། །སངས་རྒྱས་ལྷན་ཅིག་སྣ་ཚོགས་ཆེ། །རྣལ་འབྱོར་དང་བཅས་བདག་ཉིད་ཆེ། །རྡོ་རྗེའི་དབང་པོའི་གནས་སུ་གཤེགས། །དེ་ནས་ངོ་བོ་ཉིད་སྐུ་ལས། ། སླར་ཡང་བྱུང་བ་སྤྲོས་པར་འགྱུར། །སངས་རྒྱས་རྣལ་འབྱོར་ལས་ཆེན་པོ། །ཅི་བཞིན་སྔོན་གྱི་རྗེས་འབྲངས་ནས། །རྡོ་རྗེའི་དབུས་སུ་བཞུགས་པར་གྱུར། །སྔོན་གྱི་སངས་རྒྱས་མཛད་པ་བཞིན། །སངས་རྒྱས་ཀྱི་ནི་མཛད་པ་བསྟན། །གསང་བ་རོལ་པའི་འཁོར་ལོ་རུ། །སྐུ་ནི་ ལོངས་སྤྱོད་རྫོགས་པའི་མཆོག་།སངས་རྒྱས་ཐམས་ཅད་བདག་ཉིད་ཆེ། །སྣ་ཚོགས་རྣལ་འབྱོར་བདག་ཉིད་ཆེ། །འཁོར་ལོ་ཐམས་ཅད་བཞུགས་པར་འགྱུར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །ཅི་བཞིན་སྔོན་གྱི་རྗེས་འབྲངས་ནས། །སངས་རྒྱས་ རོལ་པ་ཡང་དག་ལྡན། །སངས་རྒྱས་སྟོན་པ་བཞུགས་པར་འགྱུར། །དུས་གསུམ་ཡེ་ཤེས་རྗེས་མཐུན་ནི། །སངས་རྒྱས་ཀྱི་ནི་རྣལ་འབྱོར་བརྗོད། །ཧཱུཾ་བཛྲ་ས་ཏྭ། ཨོཾ་བཛྲ་རཏྣ་ཧྲཱིཿ ། བཛྲ་དྷརྨ། ཨཿ བཛྲ་ཀརྨ། བསྐལ་པ་གྲངས་མེད་གསུམ་སྔོན་དུ། །བཅོམ་ལྡན་བྱང་ ཆུབ་མཛད་པ་གང ། །རྣལ་འབྱོར་སེམས་དཔའ་བཞིར་བཅས་པའི། །རྡོ་རྗེའི་དཀྱིལ་འཁོར་སྣང་བར་བགྱི། །བྱང་ཆུབ་ཆེན་པོ་ཆོས་ཀྱི་མཆོག་།བྱང་ཆུབ་སེམས་ནི་ཚུལ་ཆེན་པོ། །རྡོ་རྗེ་སེམས་དཔའི་རང་བཞིན་བགྱི། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང ། །ཕ་རོལ་ཕྱིན་པ་སྤྱད་ པ་ནི། །སྔོན་དུ་བཅོམ་ལྡན་སྤྱད་པ་གང ། །རྡོ་རྗེ་རིན་ཆེན་སྦྱོར་བ་ཡིས། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང ། །ཐེག་པ་ཆེན་པོ་མངོན་པར་རྟོགས། །ཆོས་ཀྱི་མཆོག་ནི་རབ་རྟོགས་པ། །རྡོ་རྗེ་ཆོས་ཀྱི་སྦྱོར་བ་ཡིས། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང ། །སེམས་ཅན་སྨིན་ཅིང་གྲོལ་བར་ བྱེད། །སངས་རྒྱས་མཛད་པ་རབ་ཏུ་འཇུག་།བརྩོན་འགྲུས་དང་ལྡན་ལས་ཆེན་པོ། །ཟླ་བ་ཡི་ནི་དཀྱིལ་འཁོར་སྣང ། །བྱང་ཆུབ་སེམས་ནི་གསང་ཆེན་པོ། །བསོད་ནམས་ཚོགས་དང་ཤེས་རབ་དང ། །བྱང་ཆུབ་སྤྱོད་པ་རབ་སྦྱོར་བ། །རྒྱལ་པོ་བཞི་ནི་རབ་ཏུ་འབྱུང ། །གོ་
84-1-195b
ཆའི་སྦྱོར་བ་གང་ཡིན་དང ། །སྤྱོད་པ་དེ་བཞིན་མངོན་རྟོགས་ཏེ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེ། །རྒྱལ་པོ་བཞི་ནི་རྣམ་པར་བྱུང ། །བྱང་ཆུབ་སྙིང་པོ་མངོན་རྟོགས་དང ། །སངས་རྒྱས་ཀུན་གྱི་དབང་བསྐུར་དང ། །ཆོས་ཀྱི་འཁོར་ལོས་བརྟུལ་བ་དང ། །རྒྱལ་པོ་བཞི་ནི་ རྣམ་པར་བྱུང ། །ཆོས་མཆོག་མངོན་པར་རྟོགས་པ་དང ། །ཏིང་ངེ་འཛིན་སྒོ་གཟུངས་དང་ནི། །སངས་རྒྱས་ཐམས་ཅད་ཐབས་ཆེན་པོ། །རྒྱལ་པོ་བཞི་ནི་རྣམ་པར་བྱུང ། །རྒྱལ་ཆེན་རྫོགས་པའི་བྱང་ཆུབ་དང ། །དེ་བཞིན་ཆོས་ནི་མངོན་རྟོགས་དང ། །ཆོས་མཆོག་བྱང་ཆུབ་ཆེན་ པོ་དང ། །རྣམ་པ་བཞི་ནི་ཡོངས་སུ་བྱུང ། །མགོན་པོ་ཐུགས་ཀ་ནས་སྤྲོས་ནས། །རྒྱལ་པོ་བཞི་ནི་རྣམ་པར་བྱུང ། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ནི། །ས་ནི་ཐམས་ཅད་གཡོས་བྱས་ནས། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ནི། །འོད་ཀྱི་སྣང་བས་གསལ་བར་བྱས། ། མགོན་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །ཆེད་དུ་བརྗོད་པ་ཆེད་བརྗོད་དོ། །ེ་མའོ་གསང་བའི་ཆོས་ཆེན་པོ། །ེ་མའོ་ཡེ་ཤེས་བླ་ན་མེད། །ེ་མའོ་རོལ་པའི་འཁོར་ལོའོ། །ེ་མའོ་སངས་རྒྱས་རྨད་བྱུང་ཆེ། །ེ་མའོ་སངས་རྒྱས་ཐབས་ཆེན་པོ། །ེ་མའོ་ངོ་མཚར་ ལྡན་པ་ཉིད། །མི་སྣང་རང་བཞིན་ཆོས་རྣམས་ནི། །འདི་ནི་སྣང་བ་བཅས་པར་དམིགས། །རྒྱལ་པོ་རྣལ་འབྱོར་ཆེ་དེ་རྣམས། །ཕྱོགས་རྣམས་ཀུན་དུ་གསལ་བྱེད་ཅིང ། །ཆོས་ཀྱི་སྐུ་ཡི་ཏིང་འཛིན་བརྙེས། །ནམ་མཁའ་དང་མཚུངས་རྨད་བྱུང་བ། །གང་ཞིག་ཤར་གྱི་ཕྱོགས་ཆ་རུ། ། སངས་རྒྱས་གྲགས་པ་ཆེན་པོ་ཀུན། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཆོས་ཀྱི་དབྱིངས་སུ་ཡང་དག་སྤྲོས། །ཆོས་ཀྱི་སྐུ་རུ་སྤྲོས་ནས་ནི། །ཆོས་ཀྱི་དབྱིངས་ནི་སྟུག་པོར་འགྱུར། །གང་ཕྱིར་ཤར་དུ་ཡང་དག་བྱུང ། །མི་བསྐྱོད་པ་ནི་བདག་ཉིད་བྱས། །ལྷོ་རུ་རྡོ་རྗེ་རིན་ཆེན་ཏེ། །ནུབ་ ཏུ་རྡོ་རྗེ་ཆོས་ཡིན་ནོ། །བྱང་དུ་རྡོ་རྗེ་ལས་ཉིད་དེ། །ཆོས་ཀྱི་སྐུ་རུ་ལྡན་པར་འགྱུར། །མ་ལུས་མཆོག་ཏུ་བསྟན་པ་ཡི། །སངས་རྒྱས་ཐམས་ཅད་ཕྱོགས་བཞི་རུ། །མི་བསྐྱོད་རྡོ་རྗེ་རིན་ཆེན་དབང། །དོན་ཡོད་གྲུབ་པ་བླ་ན་མེད། །རྒྱལ་པོ་བཞི་ནི་ཕྱོགས་བཞི་རུ། །རྡོ་རྗེའི་སྟེང་དུ་
84-1-196a
བཞུགས་པར་འགྱུར། །ཕྱོགས་དང་ཕྱོགས་མཚམས་བཞི་དག་ཏུ། །མཉམ་པར་དམིགས་ནས་བཞུགས་པར་གྱུར། །རྡོ་རྗེ་རྣལ་འབྱོར་རྒྱལ་པོ་ཆེ། །སངས་རྒྱས་ཐམས་ཅད་ཡང་དག་བསྡུས། །ཆོས་དབྱིངས་བརྟན་པའི་ངོ་བོ་ཉིད། །གསང་བ་ཀུན་དུ་ ཁྱབ་པར་བསྡུས། །དབུས་སུ་མགོན་པོ་རྣམ་སྣང་མཛད། །སངས་རྒྱས་ཐམས་ཅད་དབང་བསྐུར་བ། །ཕྱོགས་དང་མཚམས་ཀྱི་སངས་རྒྱས་ཀུན། །བརྟན་པར་མཛད་ནས་རབ་ཏུ་བཞུགས། །གདུག་པ་ཀུན་གྱི་དབང་ཕྱུག་རྒྱལ། །ཐུབ་པའི་སྐྱེས་མཆོག་མི་བསྐྱོད་པ། ། སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ཤར་གྱི་ཕྱོགས་སུ་ཡང་དག་བཞུགས། །དབང་བསྐུར་བ་ནི་རྒྱལ་པོ་ཆེ། །ནམ་མཁའ་ཐུབ་པའི་སྐྱེས་མཆོག་ནི། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །དག་པའི་ཆོས་ འཛིན་རྒྱལ་པོ་ཆེ། །ཆོས་འཛིན་གཙོ་བོ་ཆེན་པོ་ནི། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །སངས་རྒྱས་མཛད་པ་འཛིན་རྒྱལ་པོ། །དོན་ཡོད་གྲུབ་པ་བླ་ན་མེད། །སངས་རྒྱས་ཐམས་ཅད་བརྟན་མཛད་ནས། །བྱང་གི་ཕྱོགས་སུ་ བཞུགས་པར་གྱུར། །མི་བསྐྱོད་རྡོ་རྗེ་སེམས་དཔའ་སྟེ། །མཁའ་སྙིང་རིན་ཆེན་འབྱུང་ལྡན་ཡིན། །འཇིག་རྟེན་དབང་ཕྱུག་འོད་དཔག་མེད། །རྡོ་རྗེ་ལས་ནི་དོན་ཡོད་གྲུབ། །གསང་ཞིང་ཤིན་ཏུ་གསང་བ་མཆོག་།ཆོས་དབྱིངས་བརྟན་པ་གང་ཡིན་པ། །དེ་ཉིད་མགོན་པོ་རྣམ་སྣང་མཛད། ། སངས་རྒྱས་ཀུན་གྱི་བདག་པོར་བཤད། །སངས་རྒྱས་ཐམས་ཅད་ཕྱོགས་བཞི་རུ། །སྦྱིན་པ་བཞི་ནི་རབ་ཏུ་བཤད། །ཕྱོགས་མཚམས་དྲུག་ནི་བརྟན་མཛད་ནས། །རྣམ་པར་སྣང་མཛད་ཡང་དག་ལྡན། །ཤར་གྱི་སངས་རྒྱས་དབང་ཕྱུག་རྒྱལ། །རྡོ་རྗེ་སེམས་དཔའ་འཇིགས་མི་མངའ། ། ཐུབ་པ་མི་བསྐྱོད་སྣང་བ་དེས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ཧཱུཾ་བཛྲ་སཏྭ། ཛཿ བཛྲ་རཱ་ཛ། ཧོ་བཛྲ་རཱ་ག་།སཱ་བཛྲ་སཱ་དྷུ། དམ་ཚིག་སེམས་དཔའ་ཞེས་བྱ་བ། །དེ་བཞིན་རྡོ་རྗེ་སེམས་དཔའ་སོགས། །འཇིགས་པ་མི་མངའ་སེམས་དཔའ་བཞི། །མགོན་པོ་ཡི་ནི་ཐུགས་ལས་
84-1-196b
བྱུང ། །ཕྱག་ན་རྡོ་རྗེ་བཟང་པོ་མཆོག་།རྡོ་རྗེ་ལྕགས་ཀྱུ་ཆེན་པོ་བསྣམས། །རྡོ་རྗེ་ཆགས་པ་བདུད་ཆེན་པོ། །རྡོ་རྗེ་ལེགས་པ་རྫུ་འཕྲུལ་ཆེ། །རྡོ་རྗེ་རྒྱལ་པོ་བཞི་ཐུབ་པ། །ཐུབ་པའི་ཐུགས་ཀ་ནས་བྱུང་བ། །གྲངས་བཞི་དང་ནི་ལྡན་པ་དག་།འཁོར་ལོའི་རིམ་གྱིས་བཞུགས་པར་ གྱུར། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། །རིན་ཆེན་འབྱུང་ལྡན་རབ་གྲགས་པ། །ལྷ་ཡི་བདག་པོ་སངས་རྒྱས་ཆོས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ོཾ་བཛྲ་རཏྣ། ཨོཾ་བཛྲ་ཏེ་ཛཿ ། ཏྲཱཾ་བཛྲ་ཀེ་ཏུ། ཧཱ་བཛྲ་ཧཱ་ས། རྡོ་རྗེ་རིན་ཆེན་སྟོབས་པོ་ཆེ། །གྲངས་བཞི་དང་ནི་ཡང་དག་ལྡན། ། རིན་ཆེན་རྒྱལ་པོ་ལས་བྱུང་བ། །ཐུབ་པའི་ཐུགས་ཀ་ནས་བྱུང་བ། །རྡོ་རྗེ་རིན་ཆེན་རིན་པོ་ཆེ། །རྡོ་རྗེ་གཟི་བརྗིད་རྫུ་འཕྲུལ་ཆེ། །རྡོ་རྗེ་རྒྱལ་མཚན་ཤིན་ཏུ་མཐོང ། །རྡོ་རྗེ་བཞད་པ་རྫུ་འཕྲུལ་ཆེ། །དེ་དག་རེ་རེ་ལས་ཀྱང་ནི། །རྒྱལ་པོ་གྲངས་མེད་རབ་ཏུ་བྱུང ། །གཡས་དང་གཡོན་དང་ རྒྱབ་དག་དང ། །དཀྱིལ་འཁོར་གྱི་ནི་མདུན་དུ་བཞུགས། །དག་པའི་ཆོས་ནི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །ཤེས་རབ་ཕ་རོལ་ཕྱིན་དག་པས། །སྙིང་པོ་བཞི་ནི་གསུངས་པར་འགྱུར། །ཧྲཱིཿ བཛྲ་དྷརྨ། དྷྲྀཿ བཛྲ་ཏཱིཀྵྞ། མཾ་བཛྲ་ཧེ་ཏུ། རཾ་བཛྲ་བྷཱ་ཥ། ཆོས་ ཀྱི་རྒྱལ་པོ་བཞི་ཡང་ནི། །མགོན་པོའི་ཐུགས་ཀ་ནས་བྱུང་བ། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཁོར་ལོ་རིམ་བཞིན་བཞུགས་པར་གྱུར། །ཆོས་རྣམས་ཀུན་ལ་དོན་ཡོད་པ། །སྤྱོད་པ་ཡི་ནི་སློབ་དཔོན་མཆོག་།དོན་ཡོད་གྲུབ་པ་རྒྱལ་པོ་ཆེས། །སྙིང་པོ་བཞི་ནི་གསུངས་ པར་འགྱུར། །ཀཾ་བཛྲ་ཀརྨ། ཧཾ་བཛྲ་རཀྵ། ཧཱུཾ་བཛྲ་ཡཀྵ། བཾ་བཛྲ་མུཥྚི། ཀུན་ཀྱང་འཁོར་ལོ་ཡང་དག་ལྡན། །ཡེ་ཤེས་དག་པ་མཆོག་གི་རྣམས། །སངས་རྒྱས་རྣམ་འཕྲུལ་འཁོར་ལོ་ནི། །ཆོས་དང་ལོངས་སྤྱོད་རྫོགས་པའི་མཆོག་།སྔོན་གྱི་བྱང་ཆུབ་སེམས་གང་ནི། །རྡོ་ རྗེ་སེམས་དཔའ་རྣམ་པར་བྱུང ། །བསྡུ་བའི་དངོས་པོ་བཞི་པོ་ནི། །རྡོ་རྗེ་རིན་ཆེན་ཉིད་དུ་འགྱུར། །ཤེས་རབ་ཕ་རོལ་ཕྱིན་དག་པ། །དེ་ནི་རྡོ་རྗེ་ཆོས་མཆོག་ལྡན། །ཐབས་ལ་མཁས་པས་འཁོར་ལོ་ནི། །རྡོ་རྗེ་ལས་སུ་རྣམ་པར་འཕྲུལ། །དེ་ནས་ཆོས་ནི་རྫོགས་སངས་རྒྱས། །
84-1-197a
ཆོས་དང་ལོངས་སྤྱོད་རྫོགས་པའི་རྟེན། །བྱུང་གྱུར་བྱུང་དང་འབྱུང་བར་འགྱུར། །སངས་རྒྱས་མཛད་པ་བླ་ན་མེད། །བྱང་ཆུབ་སེམས་ནི་མཆོག་ཏུ་འཛིན། །དག་པའི་ཆོས་ཀྱིས་འདུལ་མཛད་པ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཆེ། །དབུ་མའི་ཆོས་ལས་རྣམ་པར་ བྱུང ། །གཞན་ཡང་རྗེས་སུ་བརྩེ་དང་དེ་བཞིན་སྦྱིན། །ཤེས་རབ་ཐབས་དང་ཡང་དག་ལྡན། །ཆོས་ཀྱི་རྒྱལ་པོ་བཞི་པོ་དེ། །རྣམ་པར་སྣང་མཛད་ཐུགས་ལས་བྱུང ། །འདུ་ཤེས་འདུ་ཤེས་མེད་པ་མིན། །བཏགས་པ་མ་ཡིན་གནས་པ་མེད། །བདག་དང་ཆོས་ཉིད་ལྟ་བ་ མིན། །རྣམ་རྟོག་ལས་ནི་བྱུང་བ་མིན། །ངོ་བོ་ཉིད་ཀྱི་སྐུ་རུ་ནི། །སོ་སོར་སྣང་བ་ཡང་དག་བྱུང ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་འདི་ལྟ་བུ། །ཐམས་ཅད་བརྗོད་པ་དང་བྲལ་ཞིང ། །ཞི་དང་ཕྲ་བ་བལྟ་བར་དཀའ། །སངས་རྒྱས་རྣམས་ནི་དགོངས་མཛད་ ཅིང ། །སངས་རྒྱས་རྣམ་འཕྲུལ་མཐོང་བར་འགྱུར། །དེ་ཉིད་ཐེག་པ་ཆེ་རང་བཞིན། །མཛོད་ཆེན་པོ་ཡི་རང་བཞིན་མཆོག་།ཤེས་རབ་ཆེན་པོ་ཐབས་ཆེན་པོ། །ཐེག་པ་ཆེན་པོའི་མངོན་པར་བསྡུས། །སངས་རྒྱས་ཡེ་ཤེས་མངོན་པར་རྟོགས། །སྔོན་དུ་བཅོམ་ལྡན་མཛད་གང་ཡིན། ། སེམས་དཔའ་བཞི་པོ་དེ་རྣམས་ཏེ། །ཐེག་ཆེན་མངོན་པར་རྟོགས་པར་འདོད། །བྱང་ཆུབ་ཀྱི་ནི་སེམས་དེ་ལས། །ཐུབ་པ་མི་བསྐྱོད་རྣམ་པར་བྱུང ། །སེམས་དེ་ཡང་ནི་རྣམ་པ་བཞི། །རྣམ་པ་བཞི་ནི་ཡང་དག་བྱུང ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་ཕྱག་ན་རྡོ་རྗེ་ཡིན། །སྒྲོལ་ དང་གྲོལ་དང་དབུགས་འབྱིན་པ། །ལྕགས་ཀྱུ་འཛིན་པ་རབ་ཏུ་གནས། །སེམས་དཔའ་བསྟན་པ་དོན་ཡོད་པ། །ཡེ་ཤེས་དེ་ཉིད་ཤིན་ཏུ་ཆགས། །སླར་ཡང་བསྟན་པར་བྱ་བའི་ཕྱིར། །ལེགས་པ་ལས་ནི་ཡང་དག་བྱུང ། །གང་ཞིག་མགོན་པོ་ཐུབ་འབྱིན་པ། །སེམས་ཅན་རྗེས་སུ་ འཛིན་མཛད་པ། །རིན་ཆེན་འབྱུང་ལྡན་ཞེས་བྱ་བ། །དེ་ནི་སླར་ཡང་རྣམ་པ་བཞི། །ཆོས་ཀྱི་སྦྱིན་པ་རིན་པོ་ཆེ། །མི་འཇིགས་གཟི་བརྗིད་ཡང་དག་གནས། །བྱམས་པ་རྒྱལ་མཚན་ཡང་དག་བརྗོད། །ཟང་ཟིང་བཞད་པར་ཡང་དག་ལྡན། །ཤེས་རབ་ཕ་རོལ་ཕྱིན་རྒྱལ་པོ། །ཚེ་
84-1-197b
དཔག་མེད་ནི་རྣམ་པ་བཞི། །སོ་སོར་རིག་པ་མངོན་པར་རྫོགས། །ཏིང་ངེ་འཛིན་སྒོ་པདྨ་ཅན། །སྡུག་བསྔལ་གཅོད་པ་ཤིན་ཏུ་རྣོ། །ཆོས་ཀྱི་འཁོར་ལོ་ཚེ་དང་ལྡན། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་གཞན། །བརྗོད་དུ་མེད་པའི་ཆོས་ཀྱི་མཆོག་།དོན་ཡོད་གྲུབ་པ་མཛད་པ་སྟེ། ། ཐབས་དེ་ཡང་ནི་རྣམ་པ་བཞི། །སེམས་ཅན་ལ་སོགས་འདུལ་བ་ལས། །རྡོ་རྗེ་ལས་ནི་མཆོད་པ་ཆེ། །ཐེག་པ་གཞན་དུ་མི་འཇུག་པ། །རྡོ་རྗེ་བསྲུང་བར་རབ་ཏུ་བརྗོད། །གདུག་པ་འདུལ་ཞིང་ངེས་བྱེད་པ། །ཕྱིར་མི་ལྡོག་པ་ཁུ་ཚུར་ཡིན། །དེ་ནས་འདི་རྣམས་ཀྱི་གསང་པའི་མཚན་ནི་རྡོ་རྗེ་ སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་རྒྱུ། རྡོ་རྗེ་སྨྲ་བ། རྡོ་རྗེ་ལས། རྡོ་རྗེ་སྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། དེ་ལ་དང་པོ་ནི་རྡོ་རྗེ་སེམས་ དཔའ། རྡོ་རྗེ་ཆོས། རྡོ་རྗེ་རིན་ཆེན། རྡོ་རྗེ་ལས་དེ་ནས་རྣམ་གྲངས་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན་འོད་དཔག་ཏུ་མེད་པ་དོན་ཡོད་པར་གྲུབ་པ། དེ་ནས་འདི་རྣམས་གསང་བའི་སྙིང་པོ་ནི་ཧཱུཾ་ཨོཾ་ཨཱ་ཧ། རྒྱལ་པོའི་སྙིང་པོ་ནི་ཨོཾ་ཧཱུཾ་ཧྲཱི་ཧོཿ ། བཅུ་དྲུག་གི་སྙིང་པོ་ནི་ཧཱུཾ་ཛཿ ཧོ་སཱ། ཨོཾ་ཨཱཾ་ཏྭཱཾ་ཧ། ཧྲཱི་ དྷི་མཾ་རཾ་ཀཾ་ཧཾ་ཧཱུཾ་བཾ། ཤིན་ཏུ་གསང་བའི་རྒྱུད་ཆེན་པོ་འདིའི་ཕ་རོལ་ཏུ་ཕྱིན་པ་དམ་པ་རྣམ་པ་བཅུ་དྲུག་ཏུ་ཡང་དག་པར་བྱུང་བ་གང་ཡིན་པ་དེ་ནི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དམ་པའོ། །བྱང་ཆུབ་སྤྱོད་པའི་མཐུ་ཡིས་ནི། །སངས་རྒྱས་ཉིད་ཀྱི་ཕ་རོལ་བྱོན། །དེ་བས་ཕ་རོལ་ཕྱིན་ལྡན་པ། །རྡོ་རྗེ་སེམས་ མར་བརྗོད་པར་བྱ། །བསྡུ་བ་ཡི་ནི་དངོས་པོ་བཞི། །སོ་སོར་རྟོགས་པ་མངོན་པར་རྫོགས། །ཆོས་བཞི་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་རིན་ཆེན་མ་རུ་བརྗོད། །གསང་བའི་ཆོས་ཀྱི་ཡེ་ཤེས་ནི། །དེ་ཉིད་ཕ་རོལ་ཕྱིན་པ་མཆོག་།ཕ་རོལ་ཕྱིན་པ་ཆེ་ལས་བྱུང ། །རྡོ་རྗེ་ཆོས་མར་བརྗོད་པར་ བྱ། །སྦྱོར་བ་ཡང་དག་ཤེས་པ་གང ། །རྡོ་རྗེ་ལས་མར་བརྗོད་པར་བྱ། །རྒྱལ་པོ་ཕ་རོལ་ཕྱིན་བཞི་ནི། །རྡོ་རྗེ་ཕ་རོལ་ཕྱིན་པ་མཆོག་།གང་ཕྱིར་རྣམ་པར་རོལ་པ་མཆོག་།སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །བརྒྱན་པའི་ལུས་ཅན་ཡིད་འཕྲོག་པ། །ཕྲེང་བ་ཚུལ་ཁྲིམས་
84-1-198a
ཕ་རོལ་ཕྱིན། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །གླུ་མ་བཟོད་པའི་ཕ་རོལ་ཕྱིན། །མྱུར་དུ་སངས་རྒྱས་སྟེར་བྱེད་པ། །གར་མ་བརྩོན་འགྲུས་ཕ་རོལ་ཕྱིན། །འདོད་པའི་འདམ་གྱིས་མ་གོས་པ། །མེ་ཏོག་བསམ་གཏན་ཕ་རོལ་ཕྱིན། །ཀུན་ཏུ་མཚུངས་པར་འཕྲོ་བ་ཡི། ། བདུག་པ་ཤེས་རབ་ཕ་རོལ་ཕྱིན། །དྲིང་མི་དགེ་ལས་ཕྱིར་ཕྱོགས། །ཐབས་ནི་དྲི་དང་ཡང་དག་ལྡན། །ཕྱོགས་རྣམས་ཀུན་དུ་སྣང་བྱེད་པ། །སྨོན་ལམ་སྣང་བ་ཆེན་པོ་ཡིན། །ཐོབ་པའི་ཕ་རོལ་ཕྱིན་ཞེས་པ། །སྟོབས་ཀྱི་ཕ་རོལ་ཕྱིན་པ་མཆོག་།མི་ཤེས་མུན་པ་འཇོམས་འབྱེད་པ། ། ལྷ་མོ་ཡེ་ཤེས་ཕ་རོལ་ཕྱིན། །བདུད་རྣམས་ཐམས་ཅད་ཕམ་བྱེད་པ། །ལྷ་མོ་མི་ཐུབ་ཕ་རོལ་ཕྱིན། །བྱང་ཆུབ་རྫོགས་པའི་བྱང་ཆུབ་ཆེ། །རྡོ་རྗེའི་ཕ་རོལ་ཕྱིན་པའི་ཚུལ། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་མ། །བདག་མེད་ཆོས་ཀྱི་རང་བཞིན་མཆོག་།རྡོ་རྗེའི་ལྷ་མོ་ཡང་དག་བྱུང ། ། རྡོ་རྗེ་ཕ་རོལ་ཕྱིན་པ་མཆོག་།དེ་ནས་དེ་རྣམས་ཀྱི་གསང་བའི་མིང་ནི་རྡོ་རྗེ་སེམས་མ། རྡོ་རྗེ་རིན་ཆེན་མ། རྡོ་རྗེ་ཆོས་མ། རྡོ་རྗེ་ལས་མ། རྡོ་རྗེ་སྒེག་མོ། རྡོ་རྗེ་ཕྲེང་བ་མ། རྡོ་རྗེ་གླུ་མ། རྡོ་རྗེ་གར་མ། རྡོ་རྗེ་མེ་ཏོག་མ། རྡོ་རྗེ་བདུག་པ་མ། རྡོ་རྗེ་དྲི་མ། རྡོ་རྗེ་མར་མེ་མ། རྡོ་རྗེ་ཐོ་བ་མ། རྡོ་རྗེ་ ཡེ་ཤེས་མ། རྡོ་རྗེ་མི་ཐུབ་མ། རྡོ་རྗེ་ལས་མ། སངས་རྒྱས་ཀུན་གྱི་ཐབས་ཆེན་པོ། །རྣམ་པ་བཞིར་ནི་རབ་ཏུ་འཇུག་།སེམས་ཅན་དགུག་པའི་ཐབས་ཆེན་པོ། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱར་བཤད། །བྱང་ཆུབ་སྤྱོད་པ་ལ་སྤྱོད་ལ། །རྡོ་རྗེ་ཞགས་པར་རབ་ཏུ་བསྒྲགས། །ཐེག་པ་གཞན་ ལ་འདོད་མེད་པ། །དེ་ནི་རྡོ་རྗེ་ལྕགས་སྒྲོག་བཤད། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། །རབ་ཏུ་འོད་གསལ་གཟོད་ནས་ཞི། །རྡོ་རྗེ་ཐེག་པ་ཐེག་ཆེན་པོ། །རྡོ་རྗེ་དྲིལ་བུ་ཞེས་བྱར་བརྗོད། །དེ་ནས་འདི་རྣམས་ཀྱི་གསང་བའི་མིང་དག་ནི་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་ སྒྲོག་།རྡོ་རྗེ་དྲིལ་བུ། དེ་ནས་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་འཁོར་ལོ་དེ་དག་ཐམས་ཅད་ཀྱི་སྙིང་པོ་ནི་ཧཱུཾ་ཏྲཱཾ་ཧྲཱི་ཧོ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །ཛཿ ཧཱུཾ་བཾ་ཧོཿ ། འཁོར་ལོའི་རོལ་པ་ལ་གནས་པ། །སངས་རྒྱས་རྣལ་འབྱོར་འདི་ཡིས་ནི། །ཆོས་ཀྱི་ལོངས་སྤྱོད་རྡོ་རྗེ་ཅན། །
84-1-198b
ཆོས་སྐུ་བླ་ན་མེད་པར་འགྱུར། །དབུས་ཀྱི་སངས་རྒྱས་སངས་རྒྱས་བཞི། །འཁོར་ལོ་ལྔ་དང་ཡང་དག་ལྡན། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་ཀུན། །རྣལ་འབྱོར་ཏིང་འཛིན་འཐོབ་མཛད་ལ། །རེ་རེ་ཞིང་ཡང་རྡོ་རྗེ་ནི། །གྲངས་མེད་པས་ཀྱང་ཡོངས་སུ་བསྐོར། །ཆོས་དང་ལོངས་ སྤྱོད་རྫོགས་ལས་བྱུང ། །དག་པའི་ཆོས་ཀྱི་ཚུལ་ཆེན་པོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི། ཨོཾ་སཏྭ་བཛྲཱི་ཨོཾ་རཏྣ་བཛྲཱི། ཨོཾ་དྷརྨ་བཛྲཱི། ཨོཾ་ཀརྨ་བཛྲཱི། ཨོཾ་བཛྲ་ལཱ་སྱེ། ཨོཾ་བཛྲ་མཱ་ལེ། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ནཾར་རྱ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་གན་དྷེ། ཨོཾ་བཛྲ་ ཱ་ལོ་ཀེ་།ོཾ་བཛྲ་ཨང་ཀུ་ཤ་།ོཾ་བཛྲ་པཱ་ཤ་།ོཾ་བཛྲ་སྥོ་ཊ། ཨོཾ་བཛྲ་གྷཎྜེ། དེ་ནས་འདི་དག་ཐམས་ཅད་ཀྱི་ཐུན་མོང་གི་སྙིང་པོ་ནི་ཧཱུཾ། མགོན་པོ་རྣམ་པར་སྣང་མཛད་ཆེ། །འཁོར་ལོས་སྒྱུར་བ་ཆེན་པོ་བཞི། །སེམས་དཔའ་ཆེན་པོ་བཅུ་དྲུག་དང ། །གསང་ཆེན་ལྷ་མོ་ བཅུ་གཉིས་དང ། །སྒོ་སྲུང་བ་ནི་བཞི་དག་སྟེ། །སུམ་ཅུ་རྩ་བདུན་ལས་མི་ཉུང ། །གསང་བའི་ལྷ་མོ་བཞི་པོ་ནི། །ཕྱིས་ཀྱི་ཕ་རོལ་ཕྱིན་པ་མཆོག་།གསང་བའི་ལྷ་མོ་ཀུན་ལས་ནི། །རྗེས་ཐོག་ཉིད་དུ་ཡང་དག་བྱུང ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེས། །སུམ་ཅུ་ རྩ་བདུན་བགྲང་མི་བྱ། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །ཆོས་ཀྱི་རིགས་མཆོག་ཡང་དག་བྱུང ། །བྱང་ཆུབ་སེམས་ལས་ཀུན་དུ་བྱུང ། །མི་བསྐྱོད་ལ་སོགས་ཚོགས་ཆེན་པོ། །ང་ཡིས་རྡོ་རྗེ་རིགས་སུ་བརྗོད། །ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། །སྦྱིན་པའི་སྤྱོད་པ་ཀུན་དུ་ བྱུང ། །རིན་ཆེན་འབྱུང་ལྡན་ལ་སོགས་པ། །ང་ཡིས་རིན་ཆེན་རིགས་སུ་བཤད། །རིན་ཆེན་རྡོ་རྗེ་བདག་ཉིད་ཆེ། །སྦྱིན་པ་སྤྱོད་པ་ཀུན་དུ་བྱུང ། །དག་པའི་ཆོས་ལ་ཀུན་དུ་བྱུང ། །ཚེ་དཔག་མེད་པ་ལ་སོགས་པ། །དེ་ནི་པདྨའི་རིགས་སུ་བཤད། །རྡོ་རྗེ་ཆོས་ནི་བདག་ ཉིད་ཆེ། །གྲུབ་པའི་ལས་ལས་ཀུན་དུ་བྱུང ། །དོན་ཡོད་གྲུབ་པ་ལ་སོགས་ལས། །དེ་ནི་ལས་ཀྱི་རིགས་སུ་བཤད། །ནམ་མཁའི་མཛོད་ནི་ལས་ཆེན་པོ། །རྡོ་རྗེ་ཇི་བཞིན་ལྷ་མོ་ཡང ། །ལྷ་མོ་ཇི་བཞིན་བསྟེན་ཏེ་འདྲ། །ཇི་ལྟར་བསྟན་པ་དེ་བཞིན་ཞི། །ཇི་ལྟར་ཞི་བ་དེ་བཞིན་
84-1-199a
བྱུང ། །རྡོ་རྗེ་སེམས་དཔའ་མི་བསྐྱོད་མཚུངས། །ཤར་གྱི་ཕྱོགས་སུ་ཡང་དག་བཞུགས། །རྡོ་རྗེ་རིན་ཆེན་རིན་ཆེན་མཆོག་།ལྷོ་ཡིས་ཕྱོགས་སུ་ཡང་དག་བཞུགས། །རྒྱལ་པོ་འཇིག་རྟེན་དབང་ཕྱུག་མགོན། །ནུབ་ཀྱི་ཕྱོགས་སུ་ཡང་དག་བཞུགས། ། བྱ་བ་ཀུན་ལ་དོན་ཡོད་པ། །བྱང་ཕྱོགས་སུ་ནི་བཞུགས་པར་འགྱུར། །དབུས་སུ་མགོན་པོ་རྣམ་སྣང་མཛད། །ཀུན་མཁྱེན་ཡེ་ཤེས་རྣལ་འབྱོར་ཆེ། །ཟླ་བ་གང་བ་བཞིན་དུ་ཞི། །རྡོ་རྗེ་འཁོར་ལོ་བླ་ན་མེད། །གང་ཕྱིར་ཀུན་དུ་སྔོན་འགྲོ་བ། །རྡོ་རྗེ་བྱང་ཆུབ་སེམས་དོན་ལྡན། ། དེ་ལས་སྤྱོད་པ་དེ་ལས་ཆོས། །དེ་ལས་སྤྱོད་པ་སྤྱད་དཀའ་བ། །སེམས་དཔའ་ཆེན་པོ་བླ་ན་མེད། །རྡོ་རྗེ་རྣལ་འབྱོར་བཞུགས་པར་འགྱུར། །སངས་རྒྱས་ཀུན་གྱི་གསུང་གཅིག་གིས། །མགོན་པོ་ལ་ནི་གསོལ་བ་བཏབ། །ཐུབ་པའི་དབང་ཕྱུག་རྡོ་རྗེ་སེམས། །མགོན་པོ་ལ་ནི་ གསོལ་བ་འདེབས། །རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཁྱོད་ལ་བརྟེན་ནས་དེ་བཞིན་གཤེགས། །སངས་རྒྱས་སྲས་དང་བཅས་པ་ཀུན། །ཁྱོད་ལ་བརྟེན་ནས་འབྱུང་བར་འགྱུར། །དང་པོའི་ཐུགས་ནི་རྣལ་འབྱོར་ཆེ། །བྱང་སེམས་ཤིན་ཏུ་རྙེད་དཀའ་བ། །ཀྱེ་མ་སེམས་ ཅན་འདི་སྡུག་བསྔལ། །སངས་རྒྱས་ཆོས་ཀྱི་སྣོད་མིན་པ། །སེམས་ཅན་ཀུན་གྱི་དོན་ཆེད་དུ། །འཁོར་ལོའི་དཀྱིལ་འཁོར་དམ་པ་གསུངས། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་གནས་ཀྱི་དབང་ཕྱུག་གིས། །མགོན་པོའི་གསུང་ནི་གསན་ནས་སུ། །འཁོར་ལོའི་སྦྱོར་བ་ གསུངས་པར་འགྱུར། །དེ་ནི་ཡང་དག་བཤད་པར་བྱ། །འཁོར་ལོ་ཆེན་པོ་གྲོང་ཁྱེར་ཆེ། །སངས་རྒྱས་ཀུན་གྱི་ཐུགས་ལས་བྱུང ། །སྙིང་པོའི་ཆོས་མཆོག་རྣལ་འབྱོར་ལྡན། །སངས་རྒྱས་རྡོ་རྗེའི་བསྟན་པ་ཡིན། །སེམས་ཅན་འདི་དག་གདུལ་བྱ་མིན། །དེ་རྣམས་བདེ་བའི་དོན་ཆེད་ དུ། །རྡོ་རྗེའི་རྣལ་འབྱོར་བཤད་པར་བྱ། །རྡོ་རྗེ་སློབ་དཔོན་ཆོ་གའི་ཚུལ། །བདག་ཉིད་ཇི་བཞིན་རྣལ་འབྱོར་བྱས། །སངས་རྒྱས་བྱང་ཆུབ་ཐོབ་འགྱུར་བ། །དེ་ལ་དང་པོར་རབ་བཤད་བྱ། །དེ་རུ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་བརྟན་པར་རབ་འཇུག་ན། །སངས་རྒྱས་བྱང་ཆུབ་
84-1-199b
རྡོ་རྗེ་ཉིད། །ཐོབ་འགྱུར་དེ་ལ་ཐེ་ཚོམ་མེད། །ཐེག་པ་ཆེན་པོ་མངོན་པར་བསྡུས། །སངས་རྒྱས་བྱང་ཆུབ་ཤིན་ཏུ་གསང། །ཐར་པ་མཆོག་ཏུ་བསྟན་པ་ཉིད། །སྔོན་དུ་གཞུང་མཆོག་མཉན་པར་བྱ། །བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཇི་སྟེ་མངོན་པར་བརྩོན་བྱས་ཀྱང ། །གང་ ཟག་བཞི་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་སྐྱེས་དང ། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཇི་ལྟར་དུས་གསུམ་གཤེགས་དེ་བཞིན། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ ནས། །དཀོན་མཆོག་གསུམ་ལ་དད་བྱས་ཏེ། །ཐེ་ཚོམ་མེད་པར་བྱེད་པའི་མཆོག་།ཁྱིམ་པ་དང་ནི་རབ་ཏུ་བྱུང ། །ཕྱོགས་ནི་གཉིས་པོ་འདིས་བསྒྲུབ་བྱ། །ཇི་ལྟར་འོས་ཤིང་འཚམ་པ་རུ། །གོ་རིམས་བཞིན་དུ་རབ་བཤད་བྱ། །བྱང་ཆུབ་སེམས་ནི་ལྷུར་བླངས་ནས། །ལྷ་གཞན་ འདོད་པ་བརྩོན་མི་བྱ། །དཀོན་མཆོག་གསུམ་ལ་དད་བྱ་སྟེ། །དེ་གཞོལ་བ་ལ་བརྩོན་པར་བྱ། །སྲོག་གཅོད་རྐུ་དང་འཁྲིག་པ་དང ། །བརྫུན་དང་མྱོས་བྱེད་རྣམ་པར་སྤང ། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་ པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཟླ་བའམ་ཡང་ན་ལོ་རེའོ། །དེ་བཞིན་ཡང་ན་ལོ་གཅིག་ཏུ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔོན་དུ་རིག་པའི་བརྟུལ་ཞུགས་བྱ། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཐུན་ གསུམ་དུ་ནི་ཆོ་ག་བསྒྲུབ། །རྟོག་པ་འདི་ནི་ཐུན་བཞི་རུ། །ཇི་ལྟར་འོས་ཤིང་འཚམ་པར་ནི། །སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས་ཀུན་ལ་རྗེས་ཡི་རང ། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །དེ་ཡི་བསོད་ནམས་བྱང་ཆུབ་བསྔོ། །དེ་བཞིན་ཕྱོགས་བཅུའི་འཇིག་ རྟེན་གྱི། །སངས་རྒྱས་བླ་མེད་ཐམས་ཅད་ལ། །གསོལ་བ་གདབ་ཅིང་རབ་བཏུད་ནས། །ཞབས་ལ་མཉམ་བཞག་ཕྱག་བྱའོ། །ཇི་སྐད་གཞུང་རྒྱ་ཆེ་ལས་གསུངས། །ཕྱག་རྒྱ་བཞི་ནི་སྦྱོར་བ་ཡིས། །རྒྱུད་གཞན་དག་ནི་ཐམས་ཅད་ཀྱི།རྡོ་རྗེའི་སྔགས་ནི་རབ་བརྗོད་བྱ། །དེ་ལ་
84-1-200a
སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠཱ་ནཱ་ཡཱ་ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་སཝ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷིཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བར་ཏ་ནཱ་ཡ་ཨཱཏྨཱ་ནཾ་ནིརྱཱ་ ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀེརྨ་ཎེ་ཨཱཏྨཱ་ནཾནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཕྱག་རྒྱ་དང་བཅས་ཆོ་གར་ལྡན། །ཡང་དག་ཉིད་དུ་རབ་བཤད་བྱ། །སོར་མོ་ཐམས་ཅད་སྦྱར་བ་ནི། །རྡོ་རྗེ་ཐལ་མོར་རབ་ཏུ་བརྗོད། །ས་ཕྱོགས་ གཙང་མར་འདུག་ནས་ནི། །མཁས་པས་ཡན་ལག་ཀུན་ཕྱག་བྱ། །རྡོ་རྗེ་ཐལ་མོ་བརྐྱང་ནས་ནི། །རྒྱལ་བ་རྣམས་ལ་དབུལ་བར་བྱ། །མགོ་བོས་དེ་བཞིན་བྱས་ནས་ནི། །མཁས་པས་དཔྲལ་བས་ཕྱག་བྱའོ། །མགོ་བོ་ནས་ནི་ཕབ་བྱས་ནས། །དེ་བཞིན་ཁ་ཡིས་ཕྱག་བྱའོ། ། དེ་བཞིན་སྙིང་གར་བཞག་བྱས་ནས། །སྤྱི་བོ་ནས་ནི་ཕྱག་བྱའོ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་རྣལ་འབྱོར་པས་ཕྱག་བྱ། །སླར་ཡང་ཆོ་ག་ལ་གནས་ཏེ། །མཆོད་པས་ཆོ་ག་དང་ལྡན་པ། །སྤོས་དང་མེ་ཏོག་མར་མེ་དང ། །དྲི་དང་ཕྲེང་བ་བྱུག་པ་ནི། །སངས་རྒྱས་རྗེས་སུ་ དྲན་བྱས་ནས། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྦྱིན་པ་རྣམ་བཞིའི་སྦྱོར་བ་ཡིས། །ཅི་ནུས་པར་ནི་མཁས་པས་དབུལ། །གཙང་ཞིང་གཙང་མའི་གོས་དང་ལྡན། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །རྡོ་རྗེའི་སྡོམ་པ་བླ་མེད་པར། །བསླབ་པའི་གནས་ནི་ བླང་བར་བྱ། །སྦྱིན་པ་རྣམ་བཞིའི་སྦྱོར་བ་ཡིས། །དད་ཅིང་དེ་ལ་རབ་གཞོལ་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང ། །སློབ་དཔོན་ཡང་ནི་ཕྱི་མ་ཡིན། །ཉིན་རེ་ཞིང་ནི་ཅི་ནུས་པར། །ཁྲུས་བཞི་དག་ནི་རབ་ཏུ་བྱ། །རྣལ་འབྱོར་ཇི་ལྟར་ཁྲུས་བྱ་བ། །གོ་རིམས་བཞིན་དུ་ རབ་ཏུ་བཤད། །སྡོམ་པ་གསུམ་ལ་རབ་ཏུ་གནས། །དང་པོ་ཁྲུས་སུ་བརྗོད་པ་ཡིན། །གཉིས་པ་རྒྱུད་ལས་གསུངས་པ་ཡིས། །བཤགས་དང་གསོལ་བ་འདེབས་ལ་སོགས། །ཕྱག་རྒྱ་བཅིང་བ་གསུམ་པ་སྟེ། །བཞི་པ་ཆུ་སྟེ་ཐ་མ་ཡིན། །ཁྲུས་ཀྱི་ཆོ་ག་འདི་ཡིས་ནི། །
84-1-200b
མཁས་པས་འདིར་ནི་ཁྲུས་བྱའོ། །གོས་ནི་ལན་གསུམ་བརྗེ་བ་ཡི། །སྒྲུབ་པ་པོས་ནི་ཆོ་ག་བྱ། །སྡོམ་པ་ལ་ནི་ལེགས་གནས་པ། །གོས་ནི་དང་པོར་བརྗེ་བ་དང ། །གཉིས་པ་ཆོ་ག་བསྒྲུབ་པ་དང ། །གསུམ་པ་ངོ་ཚ་ཁྲེལ་ཡོད་པ། །གཙང་མའི་གོས་ནི་གསུམ་པོ་ དག་།ལན་གསུམ་དུ་ནི་བརྗེ་བར་བྱ། །གང་ལ་ཁ་ན་མ་ཐོ་མེད། །ཐམས་ཅད་བཟའ་ཞིང་བསྟེན་པར་བྱ། །ཤ་དང་ཆང་དང་སྒོག་པ་སོགས། །བཟའ་བ་མིན་པ་རྣམ་པར་སྤང ། །དྲི་ང་བ་དང་མི་གཙང་ཉིད། །བཟའ་དང་བཏུང་བ་རྣམ་པར་སྤང ། །གཞན་ལ་གནོད་ པ་དང་ལྡན་པ། །ལུས་ཀྱི་ཕྱིར་ཡང་བྱ་བ་མིན། །འཁྲིག་པ་བདུན་དང་ཡང་དག་ལྡན། །མི་སྡུག་སྒོམ་པས་སྤང་བར་བྱ། །ཡིད་གཞུངས་མཁས་ཤིང་གསལ་བ་དང ། །ཐེག་པ་ཆེན་པོའི་དོན་སེམས་པ། །བྱང་ཆུབ་སེམས་དཔའི་ཚུལ་རྒྱ་ཆེ། །ཤེས་རབ་ཕ་རོལ་ ཕྱིན་ལ་སོགས། །ཀློག་པ་དང་ནི་བསམ་པ་དང ། །ཡང་དང་ཡང་དུ་གསོལ་བ་གདབ། །དགྲ་དང་གྲོགས་དང་བར་མ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་བྱིན། །སྙན་ཅིང་བདེན་པར་སྨྲ་བ་ཡིས། །ཞེ་སྡང་འཇོམས་བྱེད་བྱམས་པ་བསྒོམ། །ཆོས་དང་གང་ ཟག་བདག་མེད་ཅིང ། །འདུས་བྱས་དང་ནི་འཁྲུལ་པ་ཙམ། །བློ་ལྡན་བརྟན་པས་བརྟག་པར་བྱ། །འདུས་བྱས་ཀུན་ལ་རྨོངས་མི་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བྱ་གཞན། །སློབ་དཔོན་ལ་ནི་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སྦྱོར་བ་ལྷོད་པར་མི་བྱ་ཞིང ། །ཆོ་ག་སྟོན་པ་ལྷུར་བླང་བྱ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །གོ་རིམས་བཞིན་དུ་བསླབ་པར་བྱ། ། སེམས་ཅན་གྱི་ནི་དོན་ལྡན་པས། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། །ཁ་ན་མ་ཐོ་ཆུང་ངུ་ཡང ། །སྲོག་ནི་བཏང་སྙོམས་དོར་མི་བྱ། །ཁྱིམ་པའམ་རབ་ཏུ་བྱུང་བའང་རུང ། །འདྲིས་པ་ཐམས་ཅད་རྣམ་པར་སྤང ། །བུ་དང་ཆུང་མ་དག་ལ་ཡང ། །སྲིད་པའི་བཅིང་བ་ལས་གྲོལ་
84-1-201a
བྱ། །བརྐམ་ཞིང་ཆགས་ལ་སྡང་བ་དང ། །རྨོངས་ཤིང་ལེ་ལོ་ལྡན་པའང་མིན། །བག་ཡོད་ཤིན་ཏུ་བརྩོན་པ་ཡིས། །རྣལ་འབྱོར་ཆོ་ག་བསྒྲུབ་པར་བྱ། །ལྟ་བ་ཀུན་ལས་རྣམ་པར་གྲོལ། །དེ་ཉིད་ལས་ནི་ལེགས་པར་མཐོང ། །དགེ་ཞིང་དགོངས་ པ་བཤད་པ་ཡི། །དོན་ཤེས་དོན་ནི་རྟོགས་པར་འགྱུར། །རིགས་དང་མི་རིགས་ཆོ་ག་ཤེས། །དེ་ཉིད་རྣལ་འབྱོར་ཤིན་ཏུ་མཁས། །བརྩེ་ལྡན་བྱང་ཆུབ་སྤྱོད་པར་ལྡན། །སྤྱོད་པ་རྣམས་ལ་རབ་ཏུ་མཁས། །དེ་འདྲའི་ཚུལ་ནི་སྣ་ཚོགས་དང ། །དེ་ལྟ་བུ་ཡི་བསྒྲུབ་པ་ཡི། ། དངོས་གྲུབ་དང་ནི་ཐར་པ་འཐོབ། །དངོས་གྲུབ་ཀུན་ལ་ཐེ་ཚོམ་མེད། །གནས་དང་གོས་དང་བཟའ་བ་ཡི། །ལྷག་པ་ཐམས་ཅད་རྣམ་པར་སྤང ། །ལྷ་རྣམས་བརྙས་པར་མི་བྱ་ཞིང ། །བྱ་བ་མ་ཡིན་ཐམས་ཅད་སྤང ། །ལེ་ལོ་མེད་པར་ཉིན་རེ་ཞིང ། །བསྲུང་བ་ཡི་ནི་ཆོ་ག་བྱ། ། བགེགས་མེད་འཇིགས་པར་མི་བྱ་སྟེ། །རང་སེམས་འདི་ནི་གདུལ་བར་དཀའ། །ཕ་དང་མ་རུ་འཛིན་པ་དང ། །བྲམ་ཟེ་དགེ་སློང་དེ་དང་འདྲ། །དག་ཅིང་དུལ་ལ་ཞི་བ་དང ། །བསྡམས་ཤིང་ཐར་བ་ཤེས་པ་དང ། །རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་མིན། །འདོད་པའི་ ལོངས་སྤྱོད་འཕེལ་ཕྱིར་མིན། །གཞན་དུ་སེམས་ཅན་དོན་གྱི་ཕྱིར། །རྫོགས་པའི་བྱང་ཆུབ་ངེས་བྱས་པ། །ཟས་ཀྱི་ཚོད་ནི་ཤེས་པ་དང ། །མཚན་མོ་གཉིད་ཀྱང་སད་པར་བྱ། །འདོད་ཆགས་སྐྱོན་ལ་སོགས་པ་གཞན། །སེམས་ཀྱིས་རྣམ་པར་མི་བརྟག་གོ། །སེམས་ནི་ རབ་ཏུ་དང་བྱས་ནས། །གཡོ་བ་མེད་ཅིང་ངེས་བྱས་པས། །ལེགས་པར་སྨྲ་ཞིང་རབ་ཏུ་འབྱེད། །ཆོས་ནི་ངེས་པར་དོན་གཉེར་བྱེད། །མངོན་སྤྱོད་ཀྱི་ནི་བྱ་བ་བཞིན། །སེམས་ཅན་གནོད་དང་འཚེ་མི་བྱ། །ཉེས་ལྡན་གདུག་པའི་སེམས་ཅན་རྣམས། །དཀྱིལ་འཁོར་དུ་ནི་ གཞུག་མི་བྱ། །ལྷ་ཡི་སྐུ་དང་ཕྱག་མཚན་དང ། །ལྷ་ཡི་བཞོན་པ་དག་དང་ནི། །དམན་མ་ལྷ་ཡི་གྲིབ་མ་དང ། །ལྷ་ཡི་མཚན་མ་ཐམས་ཅད་དང ། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མ་གཟུགས་སུ་བྱས་པ་དང ། །བགོམ་པར་མི་བྱ་བཟའ་མི་བྱ། །ནམ་ཡང་
84-1-201b
བརྫི་བར་མི་བྱའོ། །དཀོན་མཆོག་གསུམ་དང་འབྲེལ་པའི་ཟས། །ནམ་ཡང་ཉེ་བར་ལོངས་མི་སྤྱོད། །ཐ་ན་ཕུལ་དང་དམན་མ་ཡི། །དྲི་ཡང་མནམ་པར་མི་བྱའོ། །རི་བོ་འམ་ནི་ནགས་ཀྱི་ནང ། །གཙང་ཞིང་ཡིད་འོང་དབེན་པའམ། །ཆུ་བོའི་འགྲམ་མམ་སྐྱེད་མོས་ཚལ། ། ནེའུ་གསིང་ཤིན་ཏུ་ཡིད་འོང་བའམ། །ལྷ་ཁང་གཙང་མ་ཉམས་དགའ་འམ། །ཁང་པ་གཙང་མ་དབེན་པའམ། །གང་དུ་ཚོགས་པ་མེད་པ་རུ། །སངས་རྒྱས་ལ་དམིགས་སེམས་ཀྱིས་ནི། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །དེ་འདྲའི་གནས་སུ་འདུག་ནས་ནི། །ཐར་ པའི་མཆོག་ཏུ་བསྟན་པ་ཉིད། །རིག་པའི་བརྟུལ་ཞུགས་ཡང་དག་བརྩམ། །ཐུན་བཞི་དག་ཏུ་སྦྱོར་བ་ཡིས། །མགོན་པོ་མཆོག་ལ་ཕྱག་བྱ་ཞིང ། །སངས་རྒྱས་རྗེས་དྲན་སྒོམ་པ་པོས། །བཤགས་པ་ལ་སོགས་དེ་བྱའོ། །མཆོད་པ་ཉིད་ཀྱང་ཅི་ནུས་བྱའོ། །གཞན་ ཡང་ཕྱག་རྒྱ་ཡང་དག་བཅིང ། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། །ཕྱོགས་ཀུན་དུ་ནི་ཡང་དག་སྤྲོ། །ས་གཞི་དག་ནི་མ་ལུས་ཉིད། །ཀུན་ནས་རིན་ཆེན་ཤིང་ལྡན་དང ། །རྣམ་པ་སྣ་ཚོགས་མཆོག་ལྡན་དང ། །རྒྱལ་བ་རྣམས་ལ་དབུལ་བར་བྱ། །མེ་ཏོག་ཤིང་དང་ བདུག་པ་དང ། །དྲི་ཡི་ཚོགས་ནི་ཡིད་འོང་དང ། །རིན་ཆེན་རང་བཞིན་རྒྱ་མཚོ་ནི། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །དེ་ནས་ཕྱོགས་རྣམས་ཐམས་ཅད་དུ། །མེ་ཏོག་བདུག་པ་ལ་སོགས་སྤྲིན། །རོལ་མོའི་ཚོགས་ནི་ཡིད་འོང་བ། །མཆོད་པའི་སྤྲིན་ནི་རྣམ་པར་བསམ། ། མཆོད་པ་ཐམས་ཅད་རབ་བྱེད་པ། །རིག་པའི་རྒྱ་ཆེན་འདི་རྣམས་དང ། །ཕྱག་རྒྱ་དག་ཀྱང་ཡོངས་གསལ་བའི། །བསམ་པ་ཡིས་ནི་གཟུང་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥྤྲ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྲྀཀྵ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ སརྦ་ཏ་ཐཱ་ག་ཏ་གན་དྷ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གང་དུ་རྒྱལ་ཆེན་མེ་ཏོག་དང ། །བདུག་པ་དང་ནི་དྲི་ཡི་ཚོགས། །དེ་བཞིན་ཀུན་དུ་ཡང་དག་སྦྱར། །ཐ་ན་རྒྱན་སྤེལ་རྣམས་ཀྱང་ངོ ། །མཆོད་པའི་ཕྱག་རྒྱ་ཚུལ་ཆེན་དང ། །ཕྱག་རྒྱ་ཆེན་པོ་བསླབ་པར་བྱ། །
84-1-202a
ཐེག་པ་ཆེན་པོ་བསྡུས་པ་ལས། །ཇི་སྐད་རྒྱ་ཆེན་གསུངས་དེ་བཞིན། །སེམས་ཅན་ཐམས་ཅད་བསྐྱབ་པ་དང ། །བདེ་བ་ཆེན་པོའི་རྒྱུ་དང་ནི། །འགྲོ་བ་གསུམ་ལས་དགྲོལ་བའི་ཕྱིར། །དེ་ལྟ་བུ་ཡི་བསམ་པ་བྱ། །འདིར་ནི་ལྷ་རྣམས་ཐམས་ཅད་ ཀྱི། །བག་མེད་ཉེ་བར་ཞི་བ་དང ། །མི་རྣམས་སྡུག་བསྔལ་སྣ་ཚོགས་པ། །རབ་ཏུ་མཐར་ཕྱིན་དེ་བཞིན་ཉིད། །ཐེག་པ་དམན་པར་འདོད་བྱེད་པ། །འཁོར་པ་རྣམ་པར་གཞོལ་བའི་ཕྱིར། །རྡོ་རྗེ་རྣལ་འབྱོར་བདག་ཉིད་ཆེས། །འདི་དེ་བསམ་པར་བྱ་བ་ཡིན། །བདག་ གི་བསོད་ནམས་སྟོབས་དག་གིས། །བདེ་བ་ཐམས་ཅད་ཚོགས་ཀྱི་མཆོག་།སེམས་ཅན་ཐམས་ཅད་བདེ་ཆེན་ལྡན། །མ་ལུས་པར་ནི་གྲུབ་གྱུར་ཅིག་།སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།འབྱུང་པོ་ཀུན་ལ་བྱམས་པར་ཤོག་།དུད་འགྲོ་ཐམས་ཅད་འཇིགས་ མེད་ཤོག་།ངན་སོང་ཐམས་ཅད་ཞི་གྱུར་ཅིག་།བདེ་བ་ཆེན་པོ་འདི་བསམས་ནས། །སྡིག་པ་དྲལ་བ་བཅིང་བར་བྱ། །སྡིག་པ་ཐམས་ཅད་དྲལ་བྱས་ཤིང ། །དེ་བཞིན་ངན་སོང་ཐམས་ཅད་དོ། །ཕྱོགས་རྣམས་ཐམས་ཅད་སངས་རྒྱས་ཀུན། །ཡང་དང་ཡང་དུ་རྗེས་དྲན་ནས། །གསང་ བའི་མདོ་སྡེ་མ་ལུས་པ། །ཡང་དང་ཡང་དུ་བཀླག་པར་བྱ། །མི་ལྡོག་བྱང་ཆུབ་སེམས་དཔའ་རུ། །གཅིག་ཏུ་འགྱུར་འདོད་སེམས་ཀྱིས་བྱ། །རྡོ་རྗེ་རྣལ་འབྱོར་བླ་ན་མེད། །རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱ། །ཟླ་བའམ་ཡང་ན་ཟླ་བ་དྲུག་།ལོ་གཅིག་གམ་ནི་དེ་ལས་གཞན། ། རིག་པའི་བརྟུལ་ཞུགས་འདི་འདྲར་བྱ། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིང ། །སངས་རྒྱས་རྣམས་ལ་ཉིན་རེ་བཞིན། །ངེས་པར་ལྷ་བཤོས་དབུལ་བར་བྱ། །ལྷ་བཤོས་སྣང་བ་སྟེར་བྱེད་པ། །དེ་བཞིན་རིག་པའི་ལྷ་བཤོས་ལ། །རྡོ་རྗེ་གནོད་སྦྱིན་ཁྲོ་བོ་ཆེ། །ཐམས་ཅད་ དུ་ནི་རྗེས་དྲན་བྱ། །འཆིང་བའི་སྦྱོར་བའི་ཆོ་ག་ནི། །རྡོ་རྗེ་ཁུ་ཚུར་གྱིས་བརྟན་བྱ། །རྡོ་རྗེ་གོ་ཆའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཀུན་དུ་བསྲུང་བར་བྱ། །དེ་ལྟ་བུ་ཡི་ཆོ་ག་ཡིས། །རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ། །བསྲུང་བ་བྱས་ཤིང་བརྩོན་འགྲུས་བརྩམ། །སྟོབས་
84-1-202b
ཆེན་སྤྲོ་བ་བསྐྱེད་པ་ཡིས། །ཉིན་རེ་ཞིང་ནི་བརྟགས་ནས་སུ། །རྟོག་པའི་དཀྱིལ་འཁོར་བསམ་པར་བྱ། །སྐུ་མདོག་དཀྱིལ་འཁོར་ཇི་བཞིན་པར། །ཇི་ལྟར་འོས་ཤིང་འཚམ་པ་རུ། །དགུག་པ་ལ་སོགས་ལས་རྣམས་ནི། །ཐམས་ཅད་མཉམ་པར་གཞག་པར་ བྱ། །ཅི་ནུས་པར་ནི་ཉིན་རེ་ཞིང ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །མཚམས་མེད་ལྔ་པོ་བྱེད་པ་ཡང ། །ལོ་གཅིག་ན་ནི་རབ་འགྲུབ་འགྱུར། །ཐེག་པ་ཆེན་པོའི་ཚོགས་ནང་ན། །མཆོག་འགྱུར་རྡོ་རྗེ་སེམས་དཔར་འགྱུར། །རྒྱུད་གཞན་གྱི་ནི་ཆོ་ག་དང ། །མདོ་སྡེ་དང་བཅས་ ཅི་བཞིན་དུ། །དེ་ནས་རིག་པའི་བརྟུལ་ཞུགས་བླང ། །སྡོམ་པའང་དོར་བར་མི་བྱ་ཞིང ། །ཁ་ན་མ་ཐོ་རྡུལ་ཙམ་ཡང ། །འགྱོད་པ་རུ་ནི་བྱ་བ་ཡིན། །གནས་ནི་ཡང་དག་བརྟག་པར་བྱ། །ཚེར་མ་ལ་སོགས་དང་བྲལ་བ། །རི་བོ་འམ་ནི་དགོན་པའམ། །ལྷ་ཁང་སྐྱེད་མོས་ ཚལ་དང་ནི། །ཆུ་ཡི་འགྲམ་དང་འབྲོག་དགོན་པར། །གང་དུ་ཕྱོགས་ནི་གཙང་མར་གྱུར། །གསེག་མ་གྱོ་མོ་བོང་བ་དང ། །རྡོ་བ་དག་ནི་བསལ་བར་བྱ། །ཤིན་ཏུ་ལེགས་པར་དག་བྱ་སྟེ། །གང་ཕྱིར་ལྷ་རྣམས་ཡོངས་སུ་འཛིན། །གལ་ཏེ་དེ་ནི་སྦྱོར་ལྷོད་གྱུར། །རྣམ་པ་ ཀུན་དུ་མི་འཇིགས་བྱ། །སངས་རྒྱས་ཐམས་ཅད་རྒྱལ་པོ་ཆེ། །ཆོས་ཀྱི་བདག་པོ་དགོངས་པ་ཅན། །ཐུགས་རྗེ་སྙིང་པོར་ལྡན་གྱུར་པ། །སངས་རྒྱས་ཉེས་པར་འཛིན་མི་འགྱུར། །གནས་ནི་ཀུན་དུ་དག་བྱ་ཞིང ། །དཀྱིལ་འཁོར་ཡང་ནི་ཅི་ནུས་པར། །རྒྱ་རུ་དཔག་ཚད་ ཙམ་བྱ་སྟེ། །ཁྲུ་དྲུག་ལས་ནི་དམའ་བ་མིན། །སྔོན་ལ་ཕུར་བུ་གདབ་བྱ་སྟེ། །རྡོ་རྗེ་ལྟ་ལས་སོགས་པ་བཅིང ། །དེ་ནས་ཡོ་བྱད་ཐམས་ཅད་ནི། །ཆོ་ག་མཆོག་གི་བླང་བར་བྱ། །རྡོ་རྗེ་སློབ་དཔོན་རང་ཉིད་འདིར། །དཀྱིལ་འཁོར་དག་ནི་བསྒྲུབ་པར་བྱ། །ཐལ་བ་ལ་སོགས་དུས་ ཇི་བཞིན། །མཁས་པས་དཀྱིལ་འཁོར་བརྟག་པར་བྱ། །ཇི་ལྟར་ནུས་ཤིང་སྤྲོ་བ་དང ། །ཇི་ལྟར་རྫས་ནི་འབྱོར་པ་དང ། །དེ་བཞིན་རྣལ་འབྱོར་ཆེན་པོས་བྱ། །ཡང་ན་སེམས་ཀྱིས་བརྟག་པར་བྱ། །ཅི་སྟེ་བསྒྲུབ་པ་རྒྱལ་པོར་འགྱུར། །ཆོ་ག་གཞན་གྱིས་བློ་ལྡན་
84-1-203a
པས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དཀྱིལ་འཁོར་དག་ནི་དག་པར་བྱ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །ཁྲུ་ནི་སྟོང་དང་ལྡན་པ་མཆོག་།ཡང་ན་རྒྱང་གྲགས་ཙམ་དུ་ནི། །ས་ཡི་ཆ་ནི་ཐིག་གདབ་བྱ། །གལ་ཏེ་འབྱོར་པ་ལྡན་པ་མིན། །ཁྲུ་ བཞི་མདོ་རུ་བསྡུས་པར་བྱ། །ཡང་ན་ཕྱོགས་རྣམས་ཐམས་ཅད་དུ། །ཁྲུ་བརྒྱད་དང་ནི་ཡང་དག་ལྡན། །ིནྡྲ་ནཱི་ལ་ཤིན་ཏུ་སྔོ། །ཚོན་རྩི་སྔོན་པོ་རབ་ཏུ་བྱ། །པདྨ་རཱ་ག་ཤིན་ཏུ་དམར། །ཚོན་རྩི་དམར་པོ་ཞེས་བྱར་བཤད། །རྡོ་རྗེ་མཆུ་དང་མཆུ་ཆེན་པོ། །སེར་པོ་ཡང་ནི་ཡང་དག་ ལྡན། །དག་ཅིང་དང་བའི་གསེར་དང་ནི། །ཁ་དོག་སེར་པོ་ལྡན་པར་བྱ། །ཤིན་ཏུ་དག་པ་ཤེལ་དང་བས། །ཚོན་རྩི་དཀར་པོ་རབ་ཏུ་བྱ། །གང་ཕྱིར་རྒྱལ་པོ་ནོར་ཆེན་ལྡན། །ཚོན་རྩི་འདི་དག་ཡང་དག་བཤད། །ཕྱུག་ཅིང་ནོར་དང་ཡང་དག་ལྡན། །གལ་ཏེ་དེ་ནི་ཁྱིམ་བདག་ གྱུར། །ཁྲུ་བརྒྱ་ཡོངས་སུ་ཚང་བར་བྱ། །བཅུ་དྲུག་ལས་ནི་ཉུང་མི་བྱ། །ཚོན་རྩི་དྲི་དང་ཡང་དག་ལྡན། །གུར་གུམ་ལ་སོགས་དང་བསྲེས་པ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །མཁས་པ་ཡིས་ནི་དཀྱིལ་འཁོར་བྱ། །ཕྱུག་ཅིང་ནོར་དང་ཡང་དག་ལྡན། །ཚོང་དཔོན་ཡང་ནི་ དེད་དཔོན་ནམ། །ཁྱིམ་པ་འབྱོར་པ་དང་ལྡན་པ། །གཞན་དག་དགའ་ཞིང་འོངས་གྱུར་ན། །རིན་ཆེན་ཕྱེ་མ་དང་བསྲེས་པའི། །ཚོན་རྩི་ཆེན་པོ་རབ་ཏུ་བྱ། །རམས་དང་བ་བླ་ལ་སོགས་པ། །ཚོན་རྩི་ལྔ་དང་ཡང་དག་ལྡན། །བདག་ཉིད་ཆུང་བའམ་ཆེ་བའང་རུང ། །དེ་ཡི་འབྱོར་པ་ བརྟག་བྱ་བ། །ཇི་ལྟར་རིགས་པར་ངེས་པར་སྦྱར། །རྒྱལ་པོ་ལ་ནི་ཚད་བཤད་པ། །ཁྱིམ་བདག་ལ་ཡང་དེ་བཞིན་ནོ། །ཚོང་དཔོན་དང་ནི་དེད་དཔོན་གྱི། །ཁྲུ་ནི་ལྔ་བཅུ་ཉིད་ཀྱང་ངོ ། །གཞན་དག་དགའ་ཞིང་འོངས་གྱུར་ན། །ཁྲུ་ནི་ཉི་ཤུར་བྱས་པ་ཡིན། །གལ་ཏེ་དངོས་གྲུབ་བསྒྲུབ་ འདོད་ན། །ཁྲུ་དྲུག་ལས་ནི་ཆུང་མི་བྱ། །མང་པོ་དེ་བཞིན་ཉུང་བ་ཡང ། །དྲི་དང་ཀུན་དུ་ཡང་དག་ལྡན། །རྟག་ཏུ་སྣ་ཚོགས་དྲི་ཡིས་ནི། །སྔོན་དུ་ས་གཞི་དག་པར་བྱ། །ཕྱི་རོལ་དཀྱིལ་འཁོར་ངོས་དག་གི། །གྲཝ་ནི་བཞི་པོ་ཐམས་ཅད་དུ། །ཤེས་རབ་ཅན་གྱིས་བདུག་སྤོས་
84-1-203b
བསྲེག་།གང་ཕྱིར་རྡོ་རྗེ་ཅན་དག་གཤེགས། །དེ་ནས་དཀྱིལ་འཁོར་གནས་དེ་ན། །སྔགས་ཀྱིས་བསངས་པའི་དྲི་ཆུ་ཡིས། །རྟག་ཏུ་ལེགས་པར་ཆག་ཆག་གདབ། །གང་ཕྱིར་རྡོ་རྗེའི་རང་བཞིན་འགྱུར། །ཉིན་ཞག་དྲུག་གམ་བདུན་བརྒྱད་དང ། །མར་དང་འོ་མ་འབྲས་ ཆན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་བཟའ། །ཡང་ན་ཐུན་མོང་གྱུར་བའི་ཟས། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །མི་བཟའ་བར་ནི་བསྒྲུབ་པར་བྱ། །གང་ཕྱིར་ཆོས་ཀྱི་རང་བཞིན་ཟས། །སྟོབས་ལྡན་འགྱུར་བར་ཐེ་ཚོམ་མེད། །དཀྱིལ་འཁོར་མཆོག་ནི་རྒྱལ་ཆེན་པོ། ། གང་ཡིན་བསམ་པས་བྱ་བའོ། །བཅོ་ལྔ་ལ་ནི་བརྩམས་ནས་སུ། །གཉིས་པའི་ཉ་ལ་རྫོགས་པར་བྱ། །ཡང་ན་མར་གྱི་ངོ་ལ་ནི། །བཅུ་བཞི་ལ་ནི་ཡང་དག་བརྩམ། །བཅོ་ལྔ་ལ་ནི་ཐུག་པར་བྱ། །ལེགས་པ་རུ་ནི་རྫོགས་པར་བྱ། །ཡང་ན་ཚེས་བརྒྱད་ནས་བརྩམས་ཏེ། །ཐ་ མ་ཉ་ལ་ཀུན་དུ་བྲི། །ཡང་ན་བཅུ་བཞི་ལ་བརྩམས་ཏེ། །ཉིན་ཞག་གཉིས་པར་ཡང་དག་བྲི། །ཡང་ན་བཅོ་ལྔ་དེ་ཡི་ནི། །སྔ་དྲོ་དེ་ཡི་ཡང་དག་བརྩམ། །ཚུལ་ཆེན་པོ་དང་མཚུངས་པ་ཡི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །གང་གི་ཚེ་ནས་བརྩམས་ནས་སུ། །ཇི་སྲིད་ རྫོགས་པར་མ་གྱུར་པར། །གལ་ཏེ་ཀུན་ནས་མི་བཟའ་བར། །བརྩོན་འགྲུས་ཆེན་པོ་བརྩམ་པར་བྱ། །དྲི་དང་བཅས་ཤིང་ལེགས་བྱས་པ། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་བའི་རྡོ་རྗེ་འཛིན། །བྱིན་གྱིས་བརླབ་པར་མཛད་པར་འགྱུར། །བསོད་ནམས་ཆེ་ཞིང་ བཀྲ་ཤིས་པའི། །ཉིན་ཞག་དག་པ་གང་ཡིན་པ། །དེ་ལ་རྡོ་རྗེ་སློབ་དཔོན་ནི། །སྐལ་བ་ཆེན་པོས་དཀྱིལ་འཁོར་བརྩམ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དབུས་ཀྱི་ཆ་རུ་འདུག་པར་བྱ། །སངས་རྒྱས་ཐམས་ཅད་ལ་དམིགས་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། ། སེམས་ནི་ཡོངས་སུ་འཛིན་བྱེད་པ། །ལུས་ནི་དྲང་པོར་བྱས་ནས་སུ། །བཤགས་ལ་སོགས་པའི་ལས་རྣམས་ནི། །ཐམས་ཅད་སྡོན་དུ་བྱ་བ་ཡིན། །བྱང་ཆུབ་སེམས་ལ་བརྩོན་གྱུར་ཅིང ། །རིག་པའི་བརྟུལ་ཞུགས་སྤྱད་པ་ཡིས། །ཕྱོགས་བཅུ་རུ་ནི་ཕྱག་བྱས་ནས། །བདག་
84-1-204a
ཉིད་ཀྱང་ནི་སྤྲོ་བ་བསྐྱེད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བའང་འབྲས་བུ་ཡོད། །སངས་རྒྱས་རྣམས་དང་དམ་ཚིག་གིས། །དེང་ནི་སྲིད་པར་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་རྩེ་གཅིག་པའི། །སེམས་ཀྱིས་ཕྱིར་མི་ ལྡོག་པར་འགྱུར། །དེ་བཞིན་གཤེགས་པའི་རིགས་འབྱུང་བའི། །བདག་འགྱུར་བར་ནི་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །དེང་ནི་བདག་མཆོད་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ལྟར་དགའ་ བ་དང་ལྡན་པས། །དེ་ནས་དབུས་སུ་འདུག་གྱུར་ནས། །སྤོས་ཀྱི་རེང་བུ་ལག་ཐོགས་པས། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །སེམས་ནི་དགའ་ཞིང་མགུ་བ་ཡིས། །ཚིག་ནི་འདི་སྐད་བརྗོད་པར་བྱ། །ཡན་ལག་ཀུན་གྱིས་རབ་བཏུད་དེ། །སངས་རྒྱས་ཀུན་ལ་གསོལ་ བ་གདབ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་བདག་མིང་འདི་ཞེས་བྱ། །བདག་ནི་དཀྱིལ་འཁོར་འབྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་བདག་ལ་སྩོལ། །ཚིག་ནི་དེ་སྐད་བརྗོད་ ནས་སུ། །སེམས་དཔའི་སྐྱིལ་ཀྲུང་བཅའ་བར་བྱ། །ཆོས་ཆེན་པོ་ལ་སྙོམས་ཞུགས་ནས། །བདག་ཉིད་ཏིང་འཛིན་དང་ལྡན་བྱ། །གལ་ཏེ་ནུས་ན་སྐལ་བ་ཆེས། །ཡང་ན་སེམས་ཀྱིས་བསྒྲུབ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་རྒྱལ་པོ་མཆོག་།ཏིང་འཛིན་ཞེས་བྱ་ཅི་འདྲ་དང ། ། རྡོ་རྗེའི་གཟུགས་དང་ལྡན་པ་ལ། །རྣལ་འབྱོར་པ་ཡིས་སྙོམས་འཇུག་བྱ། །ཡང་ན་རྣལ་འབྱོར་གང་རུང་ལ། །ནུས་ན་སྙོམས་པར་འཇུག་པར་བྱ། །སེམས་ནི་མཉམ་པར་གཞག་འགྱུར་བ། །གོ་རིམས་བཞིན་དུ་བཤད་པར་བྱ། །བཅོམ་ལྡན་སྔོན་ནི་ཅི་འདྲ་བའི། །བྱང་ཆུབ་སེམས་ དཔའ་ཉིད་འགྱུར་བའི། །དེ་འདྲ་བར་ནི་བདག་རང་ཉིད། །རྣལ་འབྱོར་དོན་སེམས་བསམ་པར་བྱ། །དཀའ་ཐུབ་སྡོམ་པ་སྣ་ཚོགས་པ། །བདག་གིས་བྱ་བར་བསམ་པར་བྱ། །སངས་རྒྱས་འདུས་པ་ཆེན་པོ་ནི། །སྟོང་གསུམ་པ་ནི་བསམ་པར་བྱ། །སངས་རྒྱས་བསྐུལ་བ་བླ་ན་མེད། །
84-1-204b
ཤེས་རབ་ཅན་གྱིས་བསྐུལ་བ་བསམ། །སངས་རྒྱས་ཀུན་ལ་ཕྱག་བྱས་ཤིང ། །ཅི་འདོད་པ་ནི་བཀའ་ནོད་བྱ། །ངེས་པར་ཟླ་བའི་དཀྱིལ་འཁོར་དུ། །རང་སེམས་སོ་སོར་བརྟག་པར་བྱ། །བྱང་སེམས་ཡང་དག་བསྐྱེད་ནས་ནི། །དབུས་སུ་ཟླ་བ་བརྟག་པར་བྱ། །དེ་ནས་རང་གི་ ཡེ་ཤེས་བརྟག་།ཟླ་བའི་དབུས་སུ་རྡོ་རྗེ་བཞིན། །རང་ལུས་རྡོ་རྗེའི་གཟུགས་སུ་སྟེ། །སངས་རྒྱས་གཟུགས་ནི་རང་བཞིན་ཉིད། །དེ་ནས་སངས་རྒྱས་མངོན་རྟོགས་ནས། །རང་བདག་ཉིད་ནི་དབང་བསྐུར་བྱ། །རང་བདག་སངས་རྒྱས་ཐམས་ཅད་དུ། །རྡོ་རྗེ་རྣལ་འབྱོར་བལྟ་བར་བྱ། ། རི་རབ་རི་ཡི་རྩེ་མོ་རུ། །སྟུག་པོའི་གནས་ལས་བབས་ནས་སུ། །རྡོ་རྗེའི་གདན་ལ་འདུག་ནས་ནི། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་བྱ། །སེམས་དཔའ་བཞི་ནི་ཕྱུང་ནས་སུ། །ཕྱོགས་རྣམས་ཀུན་དུ་ཡོངས་སུ་སྤྲོ། །ཆོས་ཀྱི་དབྱིངས་ནི་བརྟན་བྱས་ནས། །ཕྱོགས་བཞི་རུ་ནི་དགོད་པར་ བྱ། །མཚམས་སུ་རྫོགས་པའི་སངས་རྒྱས་ཀུན། །བདག་ཉིད་ཡང་དག་བྱིན་གྱིས་བརླབས། །ཕྱོགས་བཞི་རུ་ནི་སངས་རྒྱས་ཀྱི། །འཁོར་ལོའི་དཀྱིལ་འཁོར་ཆེན་པོ་བྱུང ། །འཁོར་གྱི་འཁོར་ལོ་དང་བཅས་ཉིད། །དཀྱིལ་འཁོར་ཐམས་ཅད་བལྟ་བར་བྱ། །སེམས་དཔའ་ གསང་བའི་ལྷ་མོར་བཅས། །སྒོ་སྲུང་རྣམས་ནི་བསམ་པར་བྱ། །འཁོར་ལོའི་དཀྱིལ་འཁོར་དག་པ་ནི། །སྙིང་པོ་ཆེན་པོ་བརྟག་པར་བྱ། །རང་གི་འཁོར་ལོ་ཡང་དག་བཞུགས། །འཁོར་ལོ་ལྔ་དང་ཡང་དག་ལྡན། །ཐབས་ཆེན་སངས་རྒྱས་ཐམས་ཅད་ཀྱི། །མཚན་ནི་རྗེས་སུ་ དྲན་པ་བསྒོམ། །ཏིང་ངེ་འཛིན་ལས་ལངས་ནས་ཀྱང ། །རྡོ་རྗེའི་ལྟ་བས་བལྟ་བར་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སླར་ཡང་སྙོམས་པར་འཇུག་པར་བྱ། །རྣམ་པར་སྣང་མཛད་ཐུགས་དབུས་སུ། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་པར་ ནི། །མགོན་པོའི་སྙིང་ག་ནས་གཟུང་བྱ། །སེམས་དཔའ་ཀུན་གྱི་སྤྱན་སྔ་རུ། །བཀའ་ནི་རིམ་བཞིན་ནོད་པར་བྱ། །སངས་རྒྱས་ཀུན་གྱི་དབང་བསྐུར་གྱིས། །རང་བདག་ཉིད་ནི་དབང་བསྐུར་བྱ། །གསོལ་བ་བཏབ་པས་གསན་པར་བྱ། །བདག་ནི་རྒྱལ་པོའི་དཀྱིལ་འཁོར་མཆོག་།
84-1-205a
ཆོས་ཀྱི་སྦྱོར་བ་འདི་ཡིས་ནི། །ཏིང་འཛིན་ཤིན་ཏུ་བླ་ན་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་ཀུན། །བྱིན་གྱིས་བརླབ་པ་མཛད་པར་འགྱུར། །ཏིང་ངེ་འཛིན་ལས་ལངས་ནས་ཀྱང ། །བཀའ་ནི་ཉེ་བར་ནོད་བྱ་སྟེ། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །ནམ་ཡང་ དོར་བར་མི་བྱའོ། །སྐྱིལ་ཀྲུང་བཤིག་སྟེ་ལངས་ནས་ནི། །རང་གི་འདྲེན་པའི་ཞབས་ཕྱག་བྱ། །སངས་རྒྱས་རྒྱ་མཚོ་གང་བ་རུ། །ཕྱོགས་རྣམས་བཞི་ནི་བལྟ་བར་བྱ། །ཐེག་པ་ཆེན་པོ་མངོན་པར་རྟོགས། །རྡོ་རྗེའི་ཚིག་ནི་བརྗོད་པར་བྱ། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་ རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་སྟོབས་ཆེན་རྡོ་རྗེ་ཅན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་མཆོག་།ོཾ་བཛྲ་ས་ཏྭ་ཧཱུཾ། རྡོ་རྗེ་ཡི་ནི་གསང་སྔགས་འདི། །ལན་ཅིག་ཉིད་ནི་བརྗོད་པར་བྱ། །བདག་ནི་ གཙོ་བོ་རྡོ་རྗེ་ཆེ། །བྱིན་གྱིས་བརླབ་པ་མི་འདོར་རོ། །སངས་རྒྱས་རྒྱ་མཚོས་ཀུན་དུ་གང ། །འཁོར་ལོས་ལྔ་པར་ཡང་དག་གནས། །བསྙེམས་བཅས་རྡོ་རྗེ་གསོར་ནས་ནི། །རྡོ་རྗེ་བསྙེམས་ཚུལ་ལྡན་པར་བྱ། །སླར་ཡང་བདག་ཉིད་གོ་བགོ་ཞིང ། །བདག་ཉིད་དབང་ནི་བསྐུར་བར་ བྱ། །རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །ལག་ཉེད་པ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་རབ་ཏུ་མཉེ། །རྡོ་རྗེ་གཏུན་ཤིང་ཉིད་ཀྱིས་ནི། །བགེགས་རྣམས་ཐམས་ཅད་བརྡུང་བར་བྱ། །རྡོ་རྗེ་རལ་གྲི་རབ་རྣོ་བས། །བགེགས་ རྣམས་ཐམས་ཅད་གཏུབ་པར་བྱ། །རྡོ་རྗེ་མཆེ་བ་དྲག་པོ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་བཟང་པོའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞོམ་པར་བྱ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། ། རྡོ་རྗེ་མཆེ་བ་རབ་གྲགས་པས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །
84-1-205b
བགེགས་རྣམས་ཐམས་ཅད་དྲང་བར་བྱ། །རྡོ་རྗེ་མདུང་ཐུང་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་དབབ་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །རྒྱས་པ་ཡིས་ནི་ཅི་ནུས་པར། །ལུས་རྣམས་ཐམས་ཅད་དགུག་ པར་བྱ། །བགེགས་ནི་འགའ་ཡང་ཡོད་མིན་ཞེས། །སེམས་ནི་དག་པར་གྱུར་པ་ཡིན། །རང་སེམས་བདུད་ཅེས་བྱ་བར་བཤད། །བགེགས་ཉིད་ཀྱང་ནི་རང་གི་སེམས། །རྣམ་པར་རྟོག་པ་ཐམས་ཅད་བསལ། །རྣམ་རྟོག་ལས་ནི་བགེགས་རྣམས་འབྱུང ། །གདུལ་བར་ དཀའ་བའི་སེམས་གཟུང་ཞིང ། །འདོད་པ་ལྔ་ནི་སྤང་པར་བྱ། །སྔོན་དུ་རྗེས་དྲན་ནས་བརྩམས་ཏེ། །ཡང་ན་རྡོ་རྗེ་སེམས་དཔར་འགྱུར། །བཅོམ་ཞིང་ངེས་པར་བཅད་ནས་ནི། །ཡི་གེ་ཧཱུཾ་གིས་བསྐྲད་པར་བྱ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིས། །རྡོ་རྗེ་ར་བ་བཅིང་བར་བྱ། །ཧཱུཾ་མཛད་རྡོ་རྗེ་ བསྡམ་བྱ་ཞིང ། །དེ་ནི་རྡོ་རྗེ་ར་བས་བསྐོར། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེས། །དཀྱིལ་འཁོར་ཡང་དག་བྱིན་བརླབས་ནས། །ཅི་ནུས་པར་ནི་རྒྱས་པ་རུ། །ར་བ་མཆོག་ནི་བཅིང་བར་བྱ། །རྟོག་པ་ཀུན་ལ་ངེས་སྦྱར་ནས། །སེམས་ནི་དག་པར་འགྱུར་བ་ཡིན། །དཀྱིལ་འཁོར་ དག་གི་མཚན་ཉིད་ནི། །མཁས་པ་ཡིས་ནི་གཟུང་བར་བྱ། །གྲོགས་དག་དང་ནི་ཐམས་ཅད་ལ། །གཡེལ་བ་མེད་པར་བསྲུང་བར་བྱ། །གསོར་ཞིང་ལེགས་པར་བཀལ་བ་དང ། །ཚད་དང་ལྡན་ཞིང་མཛེས་པ་དང ། །དྲི་ཞིམ་རེག་བྱ་འཇམ་པ་དང ། །ལེགས་པར་བྱས་ཤིང་སྲ་བ་དང ། ། དྲི་བསུང་དང་ནི་ཡང་དག་ལྡན། །སྣ་ཚོགས་ཚོན་གྱིས་ཀུན་དུ་ཁྱབ། །དྲི་བཅས་ཚོན་དུ་སྤང་བྱ་ཞིང ། །ཆོས་ཀྱི་དཀྱིལ་འཁོར་ཐིག་གདབ་བ། །དེ་ནས་དེ་ནི་ཡང་དག་བཤད། །དཀྱིལ་འཁོར་མཆོག་ནི་ཆེན་པོ་སྟེ། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །དཀྱིལ་འཁོར་ཀུན་གྱི་གསང་ བ་ཆེ། །སངས་རྒྱས་བརྟན་པའི་རྡོ་རྗེ་ཅན། །སེམས་ཅན་འདི་རྣམས་གདུལ་བྱ་མིན། །བསོད་ནམས་ཡེ་ཤེས་རྒྱ་མཚོ་ཆེ། །ཚོགས་ནི་ཀུན་དུ་མ་བསགས་པ། །བསོད་ནམས་ཚོགས་དང་མི་ལྡན་ཞིང ། །སངས་རྒྱས་འབྱུང་ལ་ཆགས་དང་བྲལ། །སེམས་ཅན་དེ་རྣམས་མོས་བྱའི་ཕྱིར། །
84-1-206a
དཀྱིལ་འཁོར་ཆེན་པོ་བསྟན་པ་ཡིན། །སངས་རྒྱས་འབྱུང་བ་དང་ལྡན་པ། །དེ་ནི་དཀྱིལ་འཁོར་འཛིན་དུ་འཇུག་།ཡང་ན་བསོད་ནམས་དག་གི་ཚོགས། །དེ་ནི་རང་ཉིད་ཀྱིས་མཐོང་འགྱུར། །གང་ཕྱིར་ཚོགས་བཅས་ལོངས་སྤྱོད་དང ། །ཆོས་ཀྱི་སྐུ་ནི་བླ་ན་མེད། ། རྡོ་རྗེའི་དམ་ཆོས་ལས་བྱུང་བའི། །སངས་རྒྱས་འབྱུང་བ་འཛིན་དུ་གཞུག་།གལ་ཏེ་དེ་ནི་ཚོགས་བསགས་གྱུར། །སྔོན་དུ་སངས་རྒྱས་རྗེས་སུ་མཐོང ། །དཀྱིལ་འཁོར་སྦྱོར་བ་ལ་གནས་ཏེ། །སངས་རྒྱས་ཐམས་ཅད་དེས་མཐོང་འགྱུར། །ཚོགས་ནི་བསགས་པ་མེད་པ་དང ། །སངས་ རྒྱས་མཐོང་བ་མེད་བ་རུ། །དེས་ནི་ཐོས་པ་རྙེད་མི་འགྱུར། །དང་པོར་འདིར་འཇུག་སྨོས་ཅི་དགོས། །གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །འདི་ནི་གསང་བ་མཚུངས་མེད་པ། །འདི་ནི་ཐེག་ཆེན་སྙིང་པོ་སྟེ། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །བསྐལ་པ་གྲངས་མེད་པ་རུ་བྱུང ། །ས་ ཡི་ཕ་རོལ་ཕྱིན་པ་མཆོག་།གང་ཕྱིན་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་སྒྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདས། །རབ་ཏུ་དགའ་བའི་ས་ཐོབ་ཅིང ། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ ངན་འདའ། །རབ་ཏུ་དགའ་བ་ཐོབ་པ་ཡང ། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ ། །ས་ལ་ཉི་ཟླ་ལྟུང་བྱེད་ཅིང ། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོའི་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །རྣལ་འབྱོར་མཆོག་ནི་བླ་མེད་པ། །དེ་ཕྱིར་རྣལ་འབྱོར་ཆེན་པོ་སྦྱོར། ། གལ་ཏེ་སངས་རྒྱས་ཉིད་འདོད་ན། །བརྩོན་འགྲུས་ཆེན་པོས་བསྡད་མི་བྱ། །ཚད་ནི་ཇི་སྐད་བཤད་པ་རུ། །དེ་བཞིན་གཞུང་གི་རྗེས་འབྲངས་ནས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །གང་ཕྱིར་རྡོ་རྗེ་འཛིན་པའི་གནས། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་ པར་བྱ། །ཐིག་བཞི་དང་ནི་ཡང་དག་ལྡན། །ཆ་མཉམ་པས་ནི་མཛེས་པར་གྱུར། །དར་གྱི་ཆུན་པོས་བརྒྱན་གྱུར་ཅིང ། །རིན་ཆེན་དྲ་བས་རྣམ་པར་བརྒྱན། །གཡེར་ཀའི་དྲ་བས་ཡང་དག་ལྡན། །ཁ་དོག་ལྔ་པོས་རབ་ཏུ་མཛེས། །དྲིལ་བུའི་དྲ་བས་ཤིན་ཏུ་སྤྲས། །རྔ་ཡབ་
84-1-206b
སྣ་ཚོགས་ཀྱིས་མཛེས་པ། །ཕྲེང་བ་རྔ་ཡབ་བླ་རེ་དང ། །ཉི་ཟླ་དག་གིས་ཉེ་བར་མཛེས། །ཀུན་ནས་ཕྱི་རོལ་གནས་དག་ཏུ། །རྡོ་རྗེ་ཁ་ཁྱེར་ཡང་དག་རྟེན། །ཀུན་དུ་ཁ་ཁྱེར་དང་ལྡན་པ། །སྒོ་ནི་ཁ་ཁྱེར་མེད་པའོ། །རྩེ་མོ་རྡོ་རྗེ་སྡོ་རང་བཞིན། །གཞན་ནི་གསེར་གྱི་མདོག་ཅན་ དང ། །དམར་པོ་པདྨ་ལྟ་བུ་དང ། །གཞན་ཡང་ཤེལ་ལྟར་དཀར་བ་དང ། །རིན་ཆེན་རང་བཞིན་མཆོག་ཀུན་གྱི། །དཀྱིལ་འཁོར་མཛེས་པར་བྲི་བར་བྱ། །སྣ་ཚོགས་གཟུགས་ནི་མཛེས་པ་མཆོག་།རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །རིམ་གཉིས་སྒོ་དང་ཡང་དག་ལྡན། །རྟ་བབས་ སྣ་ཚོགས་དང་ལྡན་པ། །དཀར་ཞིང་གསལ་དང་རྡོ་རྗེ་དང ། །ཉི་ཟླ་དག་གིས་རྣམ་པར་སྤྲས། །འདབ་མ་བཞི་དང་ཡང་དག་ལྡན། །སྒོ་བཞི་དག་ནི་མཆོག་ཏུ་མཛེས། །མཐོ་ཞིང་ཡངས་ལ་མཛེས་པ་སྟེ། །རྡོ་རྗེ་རྡོ་རྗེ་ཡང་དག་ལྡན། །རྡོ་རྗེ་སྒོ་སྲུང་སྐལ་ཆེན་པོ། །བདག་ཉིད་རྡོ་རྗེ་ ལྕགས་ཀྱུ་འཛིན། །གཏུམ་པོ་སྲུང་བྱེད་རྣལ་འབྱོར་པ། །ཤར་གྱི་སྒོ་རུ་ཡང་དག་གནས། །ལྷོ་རུ་རྡོ་རྗེ་ཞགས་པ་སྟེ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་གོ། །རྡོ་རྗེ་དྲིལ་བུ་སྐལ་ཆེན་པོ། །བྱང་གི་སྒོ་རུ་ཡང་དག་གནས། །འཇུག་པ་དང་ནི་འབྱུང་བའང་རུང ། །རྡོ་རྗེ་ཤུགས་ནི་བརྗོད་པར་བྱ། ། རི་མོ་དམན་མ་བརྫིས་བྱས་ན། །དམ་ཚིག་དེ་ཉིད་མཐོང་མི་འགྱུར། །ོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། གང་གི་དུས་སུ་ཐིག་འདེབས་པ། །རྡོ་རྗེའི་ཐིག་ནི་བརྗོད་པར་བྱ། །ས་ཡི་ཆ་ནི་མ་ལུས་པ། །ཐམས་ཅད་རྡོ་རྗེའི་རང་བཞིན་འགྱུར། །ོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སྔོན་དུ་ཚོན་རྩིའི་ ཕྱེ་མ་ལ། །འབར་བའི་བལྟ་བས་ཡང་དག་བལྟ། །བཛྲ་རཱ་ག་ཞེས་བརྗོད་ན། །ཐམས་ཅད་རྡོ་རྗེའི་རང་བཞིན་འགྱུར། །ོཾ་བཛྲ་རཱ་ག་ཧཱུཾ། མཚམས་ཀྱི་ཆ་ནི་ཐམས་ཅད་དང ། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བ་ བྱ། །ལོགས་དང་ཆ་ནི་མཉམ་པ་དང ། །ཀུན་ནས་ཆ་ནི་རྣམ་པར་ཕྱེ། །དཀྱིལ་འཁོར་ཆ་ནི་རྣམ་པར་གསལ། །འཁོར་ལོའི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་གི་རིམ་པ་རུ། །ཞུགས་ནས་འཁོར་ལོ་དེ་མཚུངས་པ། །ཀུན་དུ་ཆ་ནི་མཉམ་པར་བྲི། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །
84-1-207a
རྡོ་རྗེའི་ཀ་བའི་མདུན་གནས་སུ། །དཀྱིལ་འཁོར་དག་ནི་ལྔ་ཡིས་བརྒྱན། །གནས་ལྔ་དག་ནི་ཐམས་ཅད་དུ། །འཁོར་ལོ་ལྔ་ནི་དགོད་པར་བྱ། །འཁོར་ལོའི་དཀྱིལ་འཁོར་དབུས་སུ་ནི། །ཀུན་དུ་བྲི་ཞིང་དགོད་པར་བྱ། །རྡོ་རྗེ་བསྙེམས་ཚུལ་གྱིས་བལྟས་ནས། །རྡོ་རྗེ་ སེམས་དཔའ་གཟུང་བར་བྱ། །ོཾ་བཛྲ་སཏྭ་ཧཱུཾ། དེ་ལ་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་རྒྱལ་པོ་དགོད་པར་བྱ། །གང་གི་ཐུགས་ལས་ངེས་བྱུང་བ། །གསང་བའི་ཚོགས་ནི་སྟུག་ཅིང་བརྟན། །རྣམ་པར་སྣང་མཛད་རྣལ་འབྱོར་ཆེ། །ཕྱོགས་རྣམས་ཀུན་དུ་རྣམ་པར་གསལ། །གང་ གི་མཚན་སྨོས་ཙམ་གྱིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །འཁོར་ལོས་སྒྱུར་བ་ཚོགས་ཆེན་པོ། །སེམས་དཔའ་བཞི་པོ་རྒྱལ་པོ་ཆེ། །ཕྱོགས་རྣམས་དག་ནི་ཐམས་ཅད་དུ། །རྡོ་རྗེ་ཤུགས་འཆང་དག་གིས་དགོད། །ཤར་དུ་རྡོ་རྗེ་སེམས་དཔའ་སྟེ། །ལྷོ་རུ་རྡོ་རྗེ་རིན་ཆེན་ནོ། ། ནུབ་ཏུ་རྡོ་རྗེ་ཆོས་ཞེས་པ། །རྡོ་རྗེའི་ལས་ནི་བྱང་དུའོ། །རྡོ་རྗེ་སེམས་དཔའ་ལྔ་པོ་ནི། །ཐམས་ཅད་སངས་རྒྱས་ཅོད་པན་ལྡན། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་པ། །ནམ་བཟའ་དཀར་པོ་དག་མན་བས་པ། །དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི། །ོཾ་སརྦ་ཡོ་གཱི་ཤཝ་ར་ཡ་ཧྲཱི་ཧཱུཾ། །ོཾ་བཛྲ་སཏྭ་ ཧཱུཾ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་དྷརྨ་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ། །རྩེ་མོ་ལྔ་པ་དགོད་པར་བྱ། །རྡོ་རྗེ་རིན་ཆེན་རིན་པོ་ཆེ། །རྡོ་རྗེ་པདྨའི་པདྨ་སྟེ། །རྡོ་རྗེ་ལས་ཀྱི་རྡོ་རྗེ་ནི། །རྡོ་རྗེ་རྣོན་པོ་མཚོན་ཆ་ཆེ། །རྣམ་སྣང་རང་གི་ཕྱག་རྒྱ་ནི། །ཡེ་ཤེས་ཁུ་ཚུར་ཡོངས་སུ་འཛིན། ། ཟླ་བའི་དཀྱིལ་འཁོར་དང་ལྡན་པ། །འོད་ཀྱི་དབུས་སུ་ཡང་དག་གནས། །བདག་ཉིད་ཆེན་པོ་བཞི་པོ་ཀུན། །བཅོམ་ལྡན་འདས་ལས་རབ་ཏུ་བྱུང ། །གང་ན་འཁོར་ལོ་མེད་པ་ཡི། །དབུས་ཀྱི་འཁོར་ལོའི་གྲཝ་བཞི་རུ། །བཙུན་མོ་ཆེན་མོ་ལྷ་མོ་བཞི། །དགོད་པའི་ཆོས་ཉིད་བསམ་ པར་བྱ། །རྡོ་རྗེ་སེམས་མ་རྡོ་རྗེ་ཆོས། །དེ་བཞིན་རྡོ་རྗེ་རིན་ཆེན་མ། །རྡོ་རྗེ་ལས་མ་བཙུན་མོ་ཆེ། །དཀྱིལ་འཁོར་གྲཝ་བཞིར་བྲི་བར་བྱ། །རྡོ་རྗེ་སེམས་མ་བྱང་སེམས་མ། །ཕ་རོལ་ཕྱིན་པ་ཆེན་པོ་མཆོག་།ལྷ་མོ་ཆེན་མོ་རྡོ་རྗེ་ཆོས། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་།དཔལ་ཆེན་
84-1-207b
རྡོ་རྗེ་རིན་ཆེན་མ། །བསོད་ནམས་ཀྱི་ནི་ཚོགས་གཏེར་བྱེད། །མཁའ་མཛོད་ཅེས་བྱ་རྡོ་རྗེ་ལས། །ལས་ཀྱི་ཕ་རོལ་ཕྱིན་པ་མཆོག་།དེ་ནས་འདི་རྣམས་ཀྱི་གསང་བའི་མིང་ནི། དཔལ་ཆེན་རྡོ་རྗེ་དཀར་མོ་དང ། །རྡོ་རྗེ་སྒྲོལ་མ་མཁའ་རྡོ་རྗེ། །རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལས། ། དེ་དག་གསང་མཆོག་བླ་ན་མེད། །ཐམས་ཅད་ཟླ་བ་གང་འོད་ལྡན། །རྐེད་པར་བསྙེམས་བཅས་རོལ་པར་ལྡན། །ཇི་ལྟར་རྒྱལ་བའི་རྣམ་བཞི་བཞིན། །རང་གི་ཕྱག་མཚན་གྱིས་བྲེལ་ཕྱག་།སེང་གེའི་སྙོམས་ཚུལ་རོལ་ལྡན་པ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་སུ། །ཤར་གྱི་མི་བསྐྱོད་ དཀྱིལ་འཁོར་ལ། །ཟླ་བའི་དབུས་སུ་མི་བསྐྱོད་པ། །སྟོན་པའི་ཕྱག་རྒྱ་ཡོངས་སུ་འཛིན། །མཁས་པས་ཡང་དག་བྲི་ཞིང་དགོད། །དེ་ཡི་ཕྱོགས་རྣམས་ཡོངས་སུ་འཛིན། །མཁས་པས་ཡང་དག་བྲི་ཞིང་དགོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །དམ་ཚིག་དག་ནི་བཞི་པོ་ བྲི། །མདུན་དུ་ཕྱག་ན་རྡོ་རྗེ་སྟེ། །རྡོ་རྗེ་ལྕགས་ཀྱུ་གཡས་སུའོ། །རྡོ་རྗེ་ཆགས་པ་དེ་བཞིན་གཡོན། །རྒྱབ་ཏུ་ལེགས་པ་ཡང་དག་བྲི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་ཤིང ། །རྡོ་རྗེ་ཕྱེད་པའི་དབང་བསྐུར་ལྡན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ལྷོ་ཡི་རིན་ཆེན་དཀྱིལ་ འཁོར་དུ། །ཟླ་བའི་དབུས་སུ་རིན་ཆེན་འབྱུང ། །མཆོག་འཛིན་པ་ཡི་ཕྱག་རྒྱ་འཛིན། །མཁས་པས་ཡང་དག་བྲི་ཞིང་དགོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རིན་ཆེན་སེམས་དཔའ་བཞི་པོ་ནི། །མདུན་དུ་རྡོ་རྗེ་རིན་ཆེན་ཏེ། །གཡས་སུ་རྡོ་རྗེ་གཟི་བརྗིད་དོ། །གཡོན་དུ་ རྡོ་རྗེ་རྒྱལ་མཚན་ཏེ། །རྒྱབ་ཏུ་བཞད་པ་ཡང་དག་བྲི། །རྒྱན་རྣམས་ཐམས་ཅད་ཀྱིས་སྤྲས་ཤིང ། །རྡོ་རྗེ་རིན་ཆེན་དབང་བསྐུར་ལྡན། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ནུབ་ཏུ་པདྨའི་དཀྱིལ་འཁོར་ལ། །ཆོས་ཀྱི་འཁོར་ལོ་ཡོངས་སུ་འཛིན། །དབུས་སུ་འདུག་པ་འོད་དཔག་མེད། ། སེམས་དཔའ་ཆེན་པོ་ཡེ་ཤེས་ཆེ། །ཕྱོགས་བཞི་རུ་ནི་དགོད་པར་བྱ། །རྡོ་རྗེ་ཆོས་ནི་མདུན་དུ་སྟེ། །གཡས་སུ་རྡོ་རྗེ་རྣོན་པོའོ། །གཡོན་དུ་རྡོ་རྗེ་འཁོར་ལོ་སྟེ། །རྡོ་རྗེ་སྨྲ་བ་རྒྱབ་ཏུའོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །བྱང་གི་ལས་ཀྱི་དཀྱིལ་འཁོར་ལ། །མཆོག་སྦྱིན་ཕྱག་རྒྱ་
84-1-208a
ཡོངས་སུ་འཛིན། །ཐུབ་པ་དོན་ཡོད་གྲུབ་པ་དགོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལས་ཆེན་པོ་དག་ཡང་དག་བྲི། །ཀུན་ནས་ཕྱོགས་ནི་བཞི་དག་ཏུ། །ཕྱག་ན་རང་གི་ཕྱག་མཚན་མཚོན། །མདུན་དུ་རྡོ་རྗེ་ལས་ཡིན་ཏེ། །གཡས་སུ་རྡོ་རྗེ་སྲུང་ བའོ། །གཡོན་དུ་རྡོ་རྗེ་གནོད་སྦྱིན་ཏེ། །རྡོ་རྗེ་ཁུ་ཚུར་རྒྱབ་ཏུའོ། །དེ་ནས་ཕྱག་མཚན་བཅུ་དྲུག་དང ། །དབུས་མ་ཉི་ཤུར་རབ་བཤད་བྱ། །བཅུ་དྲུག་དབུས་མ་ཉི་ཤུ་ནི། །གོ་རིམས་བཞིན་དུ་རབ་བཤད་བྱ། །ཇི་ལྟར་རིགས་ཤིང་འཚམ་པ་ལ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །རྡོ་ རྗེ་རིན་ཆེན་རིན་པོ་ཆེ། །རྡོ་རྗེ་པདྨ་ཆེན་པོ་དང ། །རྡོ་རྗེ་རྣོན་པོ་དབུས་མ་ཡིན། །ཕྱག་ན་རྡོ་རྗེའི་རྡོ་རྗེ་ཆེ། །དེ་བཞིན་རྡོ་རྗེ་ལྕགས་ཀྱུ་འཛིན། །རྡོ་རྗེ་ཆགས་པ་གཞུ་ཉིད་དོ། །རྡོ་རྗེ་ལེགས་པའི་རྡོ་རྗེ་གཉིས། །རྡོ་རྗེ་རིན་ཆེན་ཆེན་པོ་ཆེ། །རྡོ་རྗེ་གཟི་བརྗིད་ཉི་མ་སྟེ། །རྡོ་རྗེ་རྒྱལ་མཚན་ རྒྱལ་མཚན་སྒྲེང ། །རྡོ་རྗེ་བཞད་པ་ཚེམས་ཆེན་པོ། །རྡོ་རྗེ་ཆོས་ཀྱི་པདྨ་ཆེས། །རྡོ་རྗེ་རྣོན་པོ་རལ་གྲི་བཟང། །རྡོ་རྗེ་རྒྱུ་ཡི་འཁོར་ལོ་ཆེ། །རྡོ་རྗེ་སྨྲ་བའི་ཡི་གེ་སྟེ། །རྡོ་རྗེ་རྣོན་པོ་ལས་ཆེན་པོ། །རྡོ་རྗེ་སྲུང་བའི་ཆོ་ག་སྟེ། །རྡོ་རྗེ་གནོད་སྦྱིན་མཆེ་བ་ཆེ། །རྡོ་རྗེ་ཁུ་ཚུར་བསྡམས་པ་སྟེ། ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །དྲིལ་བུ་དག་ནི་སྒོ་བ་བཞི། །རྡོ་རྗེ་སེམས་མའི་རྡོ་རྗེ་ཆེ། །དེ་བཞིན་རྡོ་རྗེ་རིན་ཆེན་ནོར། །པདྨ་རྡོ་རྗེ་ཆོས་མ་སྟེ། །རྡོ་རྗེ་རྣོན་པོ་ལས་མ་ཡིན། །གྲཝ་བཞི་དག་ཏུ་གསང་བ་ཡི། །ཕྱག་མཚན་དེ་རྣམས་དགོད་པར་བྱ། །འཁོར་ལོ་ཆེན་པོའི་ཕྱི་རོལ་ གྱི། །གྲཝ་བཞི་དག་ནི་ཐམས་ཅད་དུ། །གསང་བའི་མཆོད་པ་རྣམ་པ་བཞི། །རྡོ་རྗེ་ལྷ་མོ་ཡང་དག་བྲི། །རྡོ་རྗེ་སྒེག་མོ་རྡོར་ཕྲེང་མ། །དེ་བཞིན་རྡོ་རྗེ་གླུ་མ་ཉིད། །བསྙེམས་བཅས་ཕྲེང་བ་པི་བང་དང ། །གླུ་གར་གསང་བའི་ལྷ་མོ་རྣམས། །ཕྱི་རོལ་དཀྱིལ་འཁོར་མཚམས་རྣམས་སུ། ། མཆོད་པའི་ལྷ་མོ་ཡང་དག་བྲི། །མེ་ཏོག་སྤོས་དང་དེ་བཞིན་དྲི། །མར་མེ་ནུབ་བྱང་མཚམས་སུའོ། །མར་མེ་ལ་སོགས་བར་ཉིད་ཀྱིས། །ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དུ། །བསྐལ་པ་བཟང་པོའི་སེམས་དཔའ་ཆེ། །སྟོང་ནི་ངེས་པར་དགོད་པར་བྱ། །མཚན་མ་ཇི་བཞིན་ཅི་རིགས་
84-1-208b
པས། །བྱམས་པ་ལ་སོགས་མ་ལུས་པ། །ཇི་ལྟར་མངོན་པར་འདོད་པ་ཡི། །སེམས་དཔའ་ཆེན་པོ་དགོད་པར་བྱ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཀུན་དུ་བྲི་ཞིང་དགོད་པར་བྱ། །རང་གི་སྙིང་པོས་ཀུན་དབབ་ཕྱིར། །རང་རང་གི་ནི་སྙིང་པོ་ཡིན། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ ནོ། །ོཾ་བཛྲ་པཱ་ཎི་ཧཱུཾ། བཛྲ་ཨཾ་ཀུ་ཤ་ཛཿ ། བཛྲ་རཱ་ག་ཧོ། བཛྲ་སཱ་དྷུ་ས། དམ་ཚིག་མཆོག་གི་སྙིང་པོའོ། །ོཾ་བཛྲ་མ་ཎི་ཨོཾ། བཛྲ་ཏེ་ཛ་ཨ། བཛྲ་ཀེ་ཏུ་ཏྲཱཾ།བཛྲ་ཧཱ་ས་ཧཱ། བཛྲ་པདྨ་ཧྲཱི། བཛྲ་ཏིཀྵྞ་དྷཾ། བཛྲ་ཧེ་ཏུ་མཾ། བཛྲ་བྷཱ་ཥ་རཾ། དབང་གི་སེམས་དཔའ་དང ། ཡེ་ ཤེས་ཀྱི་སེམས་དཔའ་ཆེན་པོའི་སྙིང་པོའོ། །བཛྲ་ཀརྨ་ཀཾ་།བཛྲ་རཀྵ་ཧཾ། བཛྲ་ཡཀྵ་ཧཱུཾ། བཛྲ་མུཥྚི་བཾ། ལས་ཀྱི་སེམས་དཔའ་ཆེན་པོའི་སྙིང་པོའོ། །དེ་རྣམས་ནི་རབ་ཏུ་གནས་པའི་སྙིང་པོ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་སྙིང་པོ་ནི། བཛྲ་ཧཱུཾ། རཏྣ་ཏྲཱཾ། དྷརྨ་ཧྲཱིཿ ། ཀརྨ་ ཱ། ལྷ་མོ་རྣམས་ཀྱི་སྔར་བཤད་ཟིན་ཏོ། །སྒོ་སྲུང་རྣམས་ཀྱི་ཡང་དེ་བཞིན་ནོ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །དཀྱིལ་འཁོར་ཐམས་ཅད་དགོད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ལས་བཤད་པར་བྱ་སྟེ། ཀུན་ནས་རྡོ་རྗེ་རྣལ་འབྱོར་གྱིས། །ཆོས་ཀྱི་བློ་ཅན་གྱིས་བྲི་བྱ། ། དཔལ་མཆོག་དང་པོ་ལས་གསུངས་པའི། །སེམས་དཔའི་ཕྱག་རྒྱ་བཅིང་བར་བྱ། །ཐེག་པ་ཆེན་པོ་མངོན་པར་རྟོགས། །ལན་བདུན་དུ་ནི་བརྗོད་པར་བྱ། །ཕྱི་རོལ་དཀྱིལ་འཁོར་འཁོར་ལོ་ལ། །ལན་བདུན་དུ་ནི་བསྐོར་བར་བྱ། །འཁོར་ལོའི་དཀྱིལ་འཁོར་རྫོགས་པར་ནི། །མཁས་ པས་ཐམས་ཅད་བལྟ་བར་བྱ། །གལ་ཏེ་ཆད་དམ་ལྷག་ཀྱང་རུང ། །རྡོ་རྗེ་ཤུགས་ཀྱིས་དག་པར་བྱ། །འཁོར་ལོ་ཆེན་པོ་དག་པར་བྱས། །སངས་རྒྱས་རྣལ་འབྱོར་ཡང་དག་གཟུང ། །རྒྱལ་བ་རྣམས་ལ་བདག་ཉིད་ནི། །དབུལ་བའི་ལས་ནི་ཀུན་དུ་བྱ། །དེ་ནས་ཡོ་བྱད་ཐམས་ ཅད་ཀྱིས། །དཀྱིལ་འཁོར་ལ་ནི་མཆོད་པར་བྱ། །ཅི་འབྱོར་པས་ནི་བྱ་བ་སྟེ། །དམན་པར་གྱུར་ཀྱང་ཉེས་པ་མེད། །འབྱོར་པ་ཅི་སྙེད་ཡོད་པ་ཀུན། །གོ་རིམས་བཞིན་དུ་རབ་ཏུ་དབུལ། །བུམ་པ་གང་བ་འབུམ་ཕྲག་གམ། །སྟོང་ངམ་ཡང་ན་བརྒྱ་ཡང་རུང ། །མར་མེ་འབུམ་
84-1-209a
ཕྲག་སྟོང་ངམ་ནི། །ཡང་ན་སྟོང་ངམ་བརྒྱ་ཡང་རུང ། །དྲི་དང་སྤོས་ཀྱི་སྣོད་འབུམ་མམ། །ཡང་ན་སྟོང་ངམ་བརྒྱ་ཡང་རུང ། །ག་པུར་ཨ་ག་རུ་ཉིད་དང ། །དུ་རུ་སྐ་དང་ཙནྡན་སོགས། །མངསྦྱར་དྲི་ཞིམ་དང་ལྡན་པ། །སྤོས་རྣམས་འདི་དག་བསྲེག་པར་བྱ། ། གསེར་རམ་དངུལ་གྱི་སྣོད་དག་དང ། །ས་ལས་བྱས་ཀྱང་ཉེས་པ་མེད། །ཡོ་བྱད་ཇི་སྙེད་ཡོད་པ་ཀུན། །དཀྱིལ་འཁོར་དུ་ནི་གཞག་པར་བྱ། །དེ་ལ་ཀོང་བུ་སྟོང་ཕྲག་གམ། །མར་མེ་སྡོང་བུ་ཤིན་ཏུ་འབར། །ཐ་ནམར་མེ་སྣོད་གཅིག་སྟེ། །མ་ཚང་གྱུར་ཀྱང་ཉེས་པ་མེད། ། དར་ནི་ཕྱར་བར་བྱེ་བ་བྲེ། །རྔ་ཡབ་ཕྲེང་བས་རྣམ་པར་བརྒྱན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །སྣ་ཚོགས་བཞོན་པ་བརྒྱ་འམ་ནི། །སྟོང་ཕྲག་གཅིག་ཀྱང་ཉེས་པ་མེད། །ཐམས་ཅད་མ་ཚང་གཅིག་ཉིད་ཀྱང ། །བདེ་བས་རོལ་མོ་མཆོག་རྣམས་ བྱ། །ཕན་པའི་ཟས་ནི་སྟོང་ཕྲག་དང ། །བྱེ་བྲག་དག་ནི་རྒྱ་མཚོ་ཚོགས། །བཅའ་བ་སྣ་ཚོགས་པ་ཡང་སྟེ། །གལ་ཏེ་མ་ཚང་ཉེས་པ་མེད། །དྲི་དང་གོས་བཟང་ཐམས་ཅད་དང ། །དྲི་ཞིམ་པ་ཡི་བྱུག་པ་དང ། །བྱ་བ་མཆོག་ནི་ཉེ་བར་མཛེས། །བླ་རེ་རྣམ་པ་སྣ་ཚོགས་དང ། ། སྣ་ཚོགས་དྲི་ཡི་ཆུས་བཀང་བ། །བུམ་པ་ཤིན་ཏུ་ཡིད་འོང་དང ། །མེ་ཏོག་ཤིང་ནི་བརྒྱ་ཉིད་དང ། །བཞི་ཡང་ཉེས་པར་མི་འགྱུར་རོ། །དྲི་དང་མེ་ཏོག་ཐམས་ཅད་དང ། །བདུག་པ་ཡིད་དུ་འོང་བ་ཀུན། །གལ་ཏེ་སྦྱོར་བ་ལྡན་གྱུར་ན། །མཆོད་པ་རྣམ་པ་ཐམས་ཅད་བྱ། །མཆོད་ པ་དང་ནི་གཏོར་མ་ཉིད། །ཇི་བཞིན་སྒྲུབ་པ་པོས་དེ་ཕུལ། །དེ་བཞིན་དངོས་གྲུབ་རྫུ་འཕྲུལ་ནི། །མཐོང་བའི་ཆོས་ལ་ཐོབ་པར་འགྱུར། །སྔར་ནི་ཇི་སྐད་བསྒྲགས་པ་བཞིན། །ཐམས་ཅད་ཆོ་ག་བཞིན་དུ་དགོད། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །མཆོད་པ་ཉིད་ཀྱང་རབ་ཏུ་ བྱ། །དེ་ནས་དཀྱིལ་འཁོར་འཁོར་ལོ་ཡི། །དབུས་ཀྱི་འཁོར་ལོ་ཕྱག་བྱས་ནས། །པུས་མོ་བཙུགས་ཏེ་འདུག་ནས་ནི། །ཡང་དག་པར་ནི་དགུག་པར་བྱ། །སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་བཅིང ། །རྡོ་རྗེ་ལྕགས་ཀྱུ་བརྗོད་པར་བྱ། །ཉི་ཤུ་གཅིག་ཏུ་བཟླས་པ་ཡིས། །དེ་བཞིན་
84-1-209b
གཤེགས་རྣམས་ཀུན་དུ་གཤེགས། །དེ་ནས་སྒོ་སྲུང་བཅིངས་ནས་ནི། །ཡི་གེ་ཛཿ ནི་ཡོངས་སུ་བརྗོད། །རྡོ་རྗེ་ཅན་ནི་ཐམས་ཅད་དགུག་།ཐེ་ཚོམ་མེད་པར་གཤེགས་པར་གྱུར། །རྡོ་རྗེ་ཞགས་པ་བཅིངས་ནས་ནི། །ཆོ་ག་ཇི་བཞིན་ངེས་པར་གཞུག་།རྡོ་རྗེ་ལྕགས་ སྒྲོག་བཅིངས་ནས་ནི། །དབང་དུ་ཡང་ནི་རྟག་ཏུ་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །དེ་དག་ཉིད་ཀྱང་དབབ་པར་བྱ། །རྡོ་རྗེ་གནས་པའི་ཕྱག་རྒྱ་ཡིས། །གནས་རྣམས་ཀུན་ནི་དགོད་པར་བྱ། །ཅི་ནུས་པར་ནི་རབ་ཏུ་བསྒྲགས། །དེ་ནས་མཆོད་པ་རབ་ཏུ་བྱ། །སྤོས་དང་མེ་ ཏོག་ལ་སོགས་པའི། །ཕྱག་རྒྱའི་དཀྱིལ་འཁོར་ཀུན་ལ་སྦྱར། །བདག་ཉིད་དབུལ་དང་མཆོད་པ་དང ། །བཤགས་དང་གསོལ་བ་བཏབ་ལ་སོགས། །བྱང་ཆུབ་སེམས་ནི་བསྐྱེད་ནས་ཀྱང ། །སྡོམ་པ་ཡང་དག་སྤྱད་པར་བྱ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེས། །བདག་ཉིད་ ལ་ནི་དབང་བསྐུར་བྱ། །སེ་གོལ་དག་ནི་བརྡབ་བྱ་ཞིང ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སངས་རྒྱས་སྲས་དང་བཅས་པ་ཀུན། །བཀུག་ཅིང་རབ་ཏུ་བཅུག་ནས་ནི། །རྡོ་རྗེ་ལྕགས་སྒྲོག་ཡང་དག་དབབ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེས། །དྲལ་ནས་དེ་ནི་ཡང་དག་ དབབ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །ཡེ་ཤེས་དག་པ་སྐྱེ་བར་འགྱུར། །སེམས་དཔའི་ཡེ་ཤེས་འབབ་པར་འགྱུར། །རྡོ་རྗེ་དབབ་པ་ཡང་དག་བརྗོད། །ཇི་སྟེ་བབས་པར་མ་གྱུར་ན། །ཡི་གེ་ཨ་ཡིས་དྲིལ་བུ་དཀྲོལ། །མཚམས་མེད་ལྔ་པོ་བྱེད་པ་ཡི། །རྡོ་རྗེ་སློབ་དཔོན་འདི་ལྟ་བུ། ། ཡེ་ཤེས་དམ་པ་སྐྱེ་འགྱུར་ཞིང ། །རྨད་དུ་བྱུང་བའང་འདིས་མཐོང་འགྱུར། །བརྒྱ་ལས་རྩ་བདུན་ལྷག་པ་ཉིད། །མཚན་མའང་དེ་ལས་ལྷག་འབྱུང་འགྱུར། །གཞན་དག་གང་ཡང་རུང་བ་ཉིད། །གལ་ཏེ་བསོད་ནམས་སྐལ་བ་ཆེ། །དེས་ནི་སངས་རྒྱས་ཐམས་ཅད་མཐོང ། །ཡང་ ན་བྱང་ཆུབ་སེམས་དཔའ་འམ། །ཡང་ན་རྡོ་རྗེ་འཛིན་གང་ཉིད། །ཡང་ན་འོད་ཟེར་འཕྲོས་པས་མཐོང ། །ཧཾ་སྒྲོགས་འབྲུག་གི་སྒྲ་དང་ནི། །སྤོས་དང་མེ་ཏོག་དག་གི་བར། །བ་སྤུ་ལངས་པ་ལ་སོགས་བྱུང ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །དཀྱིལ་འཁོར་ཕྱི་རོལ་བྱུང་ནས་ནི། །
84-1-210a
སེམས་མའི་ཕྱག་རྒྱ་ལྡན་གྱུར་པས། །སོར་མོ་གཉིས་ཀྱིས་ཕྲེང་བ་གཟུང ། །གར་གྱི་ཚུལ་གྱིས་ཞུགས་ནས་ནི། །རྡོ་རྗེ་གར་ནི་རབ་བསྐོར་བས། །དབུས་ཀྱི་འཁོར་ལོ་རབ་ཞུགས་ནས། །ཕྲེང་བ་ཉིད་ནི་དོར་བར་བྱ། །ཕྲེང་བ་དེ་ནི་གར་བབས་པ། །དེ་ དང་དེ་ནི་སྐད་ཅིག་འགྲུབ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །ཕྱག་རྒྱ་ཐམས་ཅད་བཅིང་བྱས་ན། །དངོས་གྲུབ་ཐམས་ཅད་ངེས་པ་རུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གཞན་ཡང་དེ་ལ་རྡོ་རྗེ་འཆང ། །བྱིན་གྱིས་རློབ་པ་མཛད་པར་འགྱུར། །ལངས་ནས་ དེར་ནི་བཅོམ་ལྡན་འདས། །ཡང་ན་རྡོ་རྗེ་འཛིན་པའང་རུང ། །འདར་བ་དང་ནི་གཡོ་བའང་རུང ། །དེ་བཞིན་ཡན་ལག་འཁུམས་པ་དང ། །ཡང་ན་ཚིག་ནི་བྱུང་བ་དང ། །ཅི་སྟེ་ཧཱུཾ་ནི་བརྗོད་པའང་རུང ། །ངེས་པར་ལེགས་སོ་ཞེས་བྱ་བ། །ཆོ་འཕྲུལ་བདེ་བ་ཆེན་པོ་ནི། ། རྨད་བྱུང་བསམ་གྱིས་མི་ཁྱབ་སྟེ། །རྡོ་རྗེ་སློབ་དཔོནསྐལ་བ་ཆེས། །མཐོང་འགྱུར་འདི་ལ་ཐེ་ཚོམ་མེད། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །དེ་ནས་ལངས་ཏེ་བརྗོད་པར་བྱ། །མགོན་པོ་ཐུབ་པ་ལ་བཏུད་ནས། །ཅི་འདོད་པ་ནི་བཀའ་ནོད་བྱ། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། ། བདག་མིང་འདི་ཞེས་བགྱི་བ་ཡིས། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སློབ་མ་རབ་ཏུ་གཞུག་པར་བགྱི། །རྒྱུ་དང་མི་རྒྱུ་ཁམས་གསུམ་གྱི། །སེམས་ཅན་ཀུན་གྱི་བདེ་གང་ཡིན། །དེས་ནི་རྡོ་རྗེ་སློབ་དཔོན་དེའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །རྡོ་རྗེ་སློབ་དཔོན་གྱི་ ལས་རྫོགས་སོ།། །།དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་དེར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ ། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་ བརྟག་པར་མི་བྱ་སྟེ། གཞུག་པ་ལ་མངོན་པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང ། དགེ་བའི་རྩ་བ་མ་བསགས་པ་དང ། རྒྱུད་ཡོངས་སུ་མ་སྨིན་
84-1-210b
པ་དང ། མོས་པ་མེད་པ་མང་དུ་ཟིན་ཀྱང་འོན་ཀྱང་མཐོང་བ་ཙམ་གྱིས་སོ། །གང་གི་ཕྱིར་གསང་བ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གསང་བས་འདུལ་བའི་ཐབས་དང ། འཁོར་ལོའི་ཚུལ་དང ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་པ་སྟོན་པ་ཡིན་ཏེ། དེའི་ཕྱིར་མཐོང་བ་ཙམ་གྱི་མོད་ལ་ངན་སོང་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །རྒྱལ་བའི་སྲས་ནི་འཇིགས་པ་མེད། །ངན་སོང་སྒོ་ནི་བཅད་པ་དང ། །ཐམས་ཅད་ཐར་པ་ལ་གཞོལ་དང ། །ཕྱིར་མི་ལྡོག་པ་ཉིད་དུ་ འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། །བྱང་ཆུབ་སེམས་ནི་བསྐྱེད་དུ་གཞུག་།སེམས་ཅན་ཀུན་གྱི་དོན་བསམས་ནས། །སྡོམ་པ་ཡང་ནི་སྦྱིན་པར་བྱ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་ དང ། འབྲུའི་ཆང་དང ། བཅོས་པའི་ཆང་དང ། མྱོས་པར་འགྱུར་བ་དག་དེ་ནས་བརྩམས་ཏེ་སྤང་བར་བྱའོ། །སྔོན་ལ་སྡོམ་པ་འདི་དག་ནི། །ཇི་ལྟར་འདོད་ཅིང་མོས་པ་རུ། །མཁས་པ་ཡིས་ནི་སྦྱིན་བྱ་སྟེ། །རང་དབང་མེད་པར་སྦྱིན་མི་བྱ། །གལ་ཏེ་དེ་ནི་དད་གྱུར་ན། །དེ་ ལ་སྡོམ་པ་སྦྱིན་པར་བྱ། །སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། །བསླབ་པ་ལྔ་ལ་རྣམ་པར་གནས། །བྱང་ཆུབ་སེམས་ལ་མཆོག་བརྩོན་བྱ། །སེམས་ ཅན་ཤིན་ཏུ་གདུལ་དཀའ་གང ། །སྡོམ་པ་འཛིན་པར་མི་བྱེད་ཅིང ། །དད་དང་ལྡན་པ་མེད་པ་ཡང ། །འཇུག་པ་ཉིད་ནི་དགག་མི་བྱ། །ཇི་ལྟར་སངས་རྒྱས་ཐུགས་རྗེ་ཅན། །དེ་དག་གི་ནི་སྐུ་རུ་འགྱུར། །མཐོང་བ་ཙམ་གྱི་མོད་ལ་ནི། །སྡོམ་པ་དག་པར་འགྲུབ་པར་འགྱུར། ། བདག་ཉིད་ངན་པའི་སེམས་ཅན་གང ། །ཁྲོ་ཞིང་ཤིན་ཏུ་གཤེ་བ་དང ། །བཞད་གད་བྱེད་ཅིང་འཕྱར་ཡང་རུང ། །དེ་ཉིད་རྒྱུ་རུ་འགྱུར་བ་ཡིན། །གཞུག་པའི་ཆོ་ག་རྒྱས་པ་རུ། །དེ་ནས་ཡང་དག་བཤད་པར་བྱ། །ཇི་ལྟར་འོས་ཤིང་འཚམ་པ་རུ། །རྡོ་རྗེ་སློབ་མ་གཞུག་
84-1-211a
པར་བྱ། །སྦྱོར་བ་བཞི་ཡིས་ཕྱག་བྱ་ཞིང ། །རྡོ་རྗེ་སྔགས་ཀྱང་བསྒོམ་པར་བྱ། །སྔར་བཤད་ཆོ་ག་ཇི་བཞིན་དུ། །ཕྱག་བཞི་དག་ཀྱང་བྱ་བ་ཡིན། །སྟོད་གཡོགས་གོས་ནི་དམར་པོ་དང ། །དམར་པོས་མིག་ཀྱང་དགབ་པར་བྱ། །གོས་ནི་དམར་ པོ་བསྐོན་བྱས་ཏེ། །གང་ཕྱིར་སངས་རྒྱས་སྐུ་འཛིན་པ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །ཤིན་ཏུ་གསལ་བ་འཆིང་དུ་གཞུག་།སྙིང་པོ་ལན་ཅིག་བརྗོད་བྱ་ཞིང ། །ས་མ་ཡ་སྟཾ་ཞེས་བརྗོད། །དགའ་ཞིང་མགུ་ལ་རངས་པ་ཡིས། །སོར་མོ་གཉིས་ཀྱིས་ཕྲེང་བ་ བླངས། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །སློབ་དཔོན་ཆེན་པོས་གཞུག་པར་བྱ། །ས་མ་ཡ་ཧཱུཾཾ། ཤར་གྱི་སྒོ་ཡི་ནང་དུ་ནི། །ཡི་གེ་ཛཿ ནི་ཡང་དག་བརྗོད། །ལྷོ་རུ་ཞགས་པའི་ཡི་གེ་ཧཱུཾ། །ནུབ་ཏུ་ལྕགས་སྒྲོག་བཾ་ལྷན་ཅིག་།བྱང་དུ་དྲིལ་བུ་བྱང་ཆུབ་པར། །ཡི་གེ་ ་ནི་བརྗོད་པར་བྱ། །དུས་ཕྱིས་རོལ་པ་དང་བཅས་པར། །བཀུག་སྟེ་ཕྱག་ཀྱང་བཙལ་བར་བྱ། །བཤགས་དང་གསོལ་གདབ་མཆོད་པ་དང ། །ཡོངས་སུ་བསྔོ་དང་རྗེས་ཡི་རང ། །བདག་ཉིད་དབུལ་བ་ཉིད་ཀྱང་ནི། །གོ་རིམས་བཞིན་དུ་བྱེད་དུ་གཞུག་།དེང་ བདག་ཡེ་ཤེས་རྡོ་རྗེ་ནི། །ཐེ་ཚོམ་མེད་པར་བསྐྱེད་པར་བྱ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཁྱོད་ནི་ཕུང་བར་གྱུར་ཏ་རེ། །བརྗོད་ནས་ཕྲེང་བ་དོར་དུ་གཞུག་།རྡོ་རྗེའི་ཕྲེང་བ་སྦྱིན་པར་བྱ། །ཕྲེང་བ་དེ་ནི་གང་དུ་བབས། །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །ོཾ་ བཛྲ་མཱ་ལེ། རྡོ་རྗེའི་ཚིག་ནི་རབ་བརྗོད་ཅིང ། །དེང་ནས་གདོང་གཡོགས་དགྲོལ་བར་བྱ། །ངེས་པར་ཡིད་ཆེས་སྦྱིན་བྱ་ཞིང ། །དཀྱིལ་འཁོར་ལྟོས་ཞེས་བརྗོད་པར་བྱ། །ོཾ་ང་ནི་རྡོ་རྗེ་སེམས་རང་ཉིད། །སངས་རྒྱས་སྙིང་པོ་ལས་བྱུང་བ། །རྡོ་རྗེ་མིག་ནི་དབྱེ་བར་བྱ། །ཀྱེེ་རྡོ་རྗེ་ ཡི་ནི་དཀྱིལ་འཁོར་ལྟོས། །དམ་ཚིག་ཉིད་ནི་སྦྱིན་བྱ་ཞིང ། །སེམས་མའི་ཕྱག་རྒྱ་སྟེང་དུ་བཅིང ། །འདི་ནི་ཁྱོད་ཀྱི་དམ་ཚིག་འཇོམས། །རྡོ་རྗེ་ཚིག་ནི་བརྗོད་པར་བྱ། །ོཾ་ཨུ་ད་ཀ་ཋ། རྡོ་རྗེ་གསང་སྔགས་འདི་ཡིས་ནི། །ཕྱག་ན་རྡོ་རྗེས་སྲུང་བར་བྱེད། །དམ་ཚིག་ཉིད་ནི་
84-1-211b
མཉམ་གྱུར་ན། །འབྲས་བུ་འདི་ནི་ཐོབ་མི་འགྱུར། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་འགྲུབ་པར་འགྱུར། །འཐུངས་ཤིག་རྡོ་རྗེ་བདུད་རྩི་འཐུངས། །རྡོ་རྗེ་སེམས་དཔའི་མནའ་ཡི་ནི། །སྙིང་པོ་འདིས་ནི་མནའ་བསྒག་ གོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །སྐད་ཅིག་དེ་ལ་དྲལ་ནས་གཤེགས། །གང་ཞིག་སྡོམ་པ་མི་ལེན་ཅིང ། །ཤིན་ཏུ་གདུལ་དཀའ་དད་མེད་ལ། །གཞུག་པ་ཙམ་ནི་སྦྱིན་པར་བྱ། །དེ་ལ་ལས་ནི་མི་ བྱའོ། །དཀོན་མཆོག་གསུམ་ལ་དད་དང་ལྡན། །སྡིག་ལ་འཇིགས་ཤིང་རབ་ཏུ་བསྡམས། །དད་དང་ལྡན་པ་ཕུན་སུམ་ཚོགས། །དེ་ལ་དམ་ཚིག་སྦྱིན་པར་བྱ། །དེ་ལ་དམ་ཚིག་གང་ཞེ་ན། །སངས་རྒྱས་ཆོས་དང་དགེ་འདུན་དང ། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་ བའི་སྲོག་གི་ཕྱིར་ཡང་ནི། །བྱང་སེམས་ངེས་པར་དོར་མི་བྱ། །ལྷ་རྣམས་ལ་ནི་སྨད་མི་བྱ། །སྔགས་དང་ཕྱག་རྒྱ་ནམ་ཡང་མིན། །རྡོ་རྗེ་སློབ་དཔོན་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཚུངས། །བཞོན་པ་མཚོན་ཆ་ཕྱག་མཚན་དང ། །དམན་མ་ལུས་ཀྱི་གྲིབ་མ་རྣམས། ། གྱ་ཚོམ་དུ་ནི་བརྫི་མི་བྱ། །ནམ་ཡང་བཟའ་བར་མི་བྱའོ། །བདག་གིས་སྔོན་ནི་ཇི་ལྟར་མཐོང ། །སེམས་ཅན་གཞན་ལ་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་བསླབ་པ་ནི། །ནམ་ཡང་དོར་བར་མི་བྱའོ། །སེམས་ཅན་གསད་པར་མི་བྱ་ཞིང ། །ཐེག་པ་གཞན་ལ་དགའ་མི་བྱ། ། སེམས་ཅན་དོན་དང་འཁོར་བ་ལས། །ནམ་ཡང་སྐྱོ་བར་མི་བྱའོ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །བྱ་བ་མ་ཡིན་རྟག་ཏུ་སྤང ། །ཁྱོད་ཀྱི་དམ་ཚིག་སྡོམ་པ་ཡིན། །གལ་ཏེ་སྣོད་ལྡན་མཆོག་ཡིན་ན། །འདི་འདྲའི་དམ་ཚིག་བརྗོད་པར་བྱ། །ཅི་སྟེ་ མིན་ན་བཏང་སྙོམས་གཞག་།ཅི་སྟེ་འདོད་པ་བདེ་བར་བྱ། །སྦྱོར་བ་འདི་དག་ཐམས་ཅད་ཀྱིས། །དཀྱིལ་འཁོར་ཐམས་ཅད་བསྡུས་བ་རུ། །རྒྱུད་རྣམས་ཀུན་གྱི་དམ་ཚིག་མཆོག་།ཐམས་ཅད་དུ་ནི་སྦྱར་བར་བྱ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་སློབ་མ་གཞུག་པར་
84-1-212a
བྱ། །རྡོ་རྗེ་ཆོས་ནི་བསྒྲུབ་པ་ཡིས། །དངོས་གྲུབ་མཆོག་ཀྱང་སྦྱིན་པར་བྱ། །གལ་ཏེ་རྡོ་རྗེ་ཅན་རང་གྲུབ། །མཁས་པས་གཞན་ལའང་བསླབ་པར་བྱ། །རང་ཉིད་ཡེ་ཤེས་ཡང་དག་སྐྱེས། །དེ་བཞིན་གཞན་ལ་བསྐྱེད་པར་བྱ། །དཀྱིལ་འཁོར་མཐོང་ ཞིང་ཆོ་ག་ཤེས། །དམ་ཚིག་དངོས་གྲུབ་དང་ལྡན་པའི། །དད་དང་ལྡན་པའང་འགྲུབ་པར་འགྱུར། །འདིར་ནི་སློབ་དཔོན་འགྱུར་བ་ཡིན། །དེ་ཡིས་མཆོད་པ་བྱས་ནས་ནི། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །མཚམས་མེད་ལྔ་པོ་བྱེད་པ་ཡང ། །ལན་བདུན་གྱིས་ནི་འགྲུབ་པར་ འགྱུར། །རྡོ་རྗེ་སློབ་མ་ལ་བརྗོད་བྱ། །འདི་ལས་འཇིག་རྟེན་གཞན་དུ་མིན། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །ཁྱོད་འདིར་རྡོ་རྗེ་ཅན་དུ་འགྱུར། །སངས་རྒྱས་རྣམས་ཀྱི་སྤྱོད་སྤྲུལ་ཞིང ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ། །འཁོར་བའི་གནས་ཀྱི་བཙོན་ར་རུ། ། སླར་ཡང་སྡུག་བསྔལ་འགྱུར་བ་མེད། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །སངས་རྒྱས་ཀུན་དང་མཚུངས་པ་རུ། །དེ་རིང་ཁྱོད་ནི་གྱུར་པ་ཡིན། །ང་ལ་སྤྱི་བོས་གུས་པས་གཏུགས། །ལུས་ནི་ཐེག་གསུམ་ཕ་རོལ་ཕྱིན། །མི་ཁོམ་པར་ནི་སྐྱེ་མི་འགྱུར། །བྱང་ཆུབ་སྤྱོད་པས་ཉེས་ པ་མེད། །རབ་ཏུ་དགའ་བའི་ས་ཐོབ་འགྱུར། །རྡོ་རྗེ་ཅན་ཁྱོད་བརྩོན་པར་གྱིས། །གཞན་ཚོ་བཅུ་དྲུག་གིས་ཐོབ་བ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །རྒྱལ་བའི་སྲས་ཀྱིས་ས་ཐོབ་ཀྱང ། །དཀྱིལ་འཁོར་གསང་བ་མཐོང་མ་གྱུར། །ཇི་ལྟར་ཁྱོད་ནི་དེར་གྱུར་པ། །དེ་ བཞིན་ཐེག་པ་ཡིད་ཆེས་མིན། །སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་སྟོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །རྒྱལ་བའི་གནས་ཀྱིས་ཐོབ་ཅིང ། །བསྐལ་པ་གྲངས་མེད་གཉིས་དཀའ་སྤྱོད། །གསང་བའི་ཐེག་ པར་མ་ཞུགས་པར། །བཅུ་དྲུག་གིས་ནི་འགྱུར་བ་ཡིན། །འབྱུང་པོ་ཀུན་གྱིས་མཐོང་མི་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །ལྷ་ཚོགས་གདུག་པ་ཐམས་ཅད་ཀྱིས། །རྡོ་རྗེ་ཅན་གྱིས་ཟིལ་མི་ནོན། །རིམས་གདོན་དུག་དང་ཕྱག་རྒྱ་དང ། །མཁའ་འགྲོ་ལ་སོགས་
84-1-212b
འཇིགས་པའི་གདོང ། །ང་རྒྱལ་དང་བཅས་གཞན་དག་གིས། །སླར་ཡང་ཁྱོད་ནི་ཟིལ་ནོན་མིན། །དེ་ནི་བསྐལ་པ་བརྒྱ་རུ་ཡང ། །རྡོ་རྗེའི་ཡོན་ཏན་ཉིད་བརྗོད་འགྱུར། །གསང་བའི་སྙིང་པོ་མཆོག་མཐོང་འགྱུར། །ནམ་ཡང་འཇིགས་པར་མི་འགྱུར་རོ། །སེམས་དཔའི་ རང་བཞིན་ཕྱག་རྒྱ་བཅིངས། །བརྩོན་འགྲུས་ཆེན་པོས་བརྟན་པར་བྱ། །ཇི་སྐད་དུ་ནི་བརྗོད་པར་བྱ། །དབབ་པ་བླ་ན་མེད་པ་སྟེ། །འདི་ནི་དམ་ཚིག་རྡོ་རྗེ་ནི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །དེ་ཉིད་ཀྱིས་ནི་དབབ་པར་བྱ། །བཛྲ་ཨཱ་བེ་ཤ་ ཿ ། དེ་ནས་དབབ་པར་གྱུར་པ་ཉིད། །མངོན་པར་ཤེས་པ་དྲུག་ཐོབ་ཅིང ། །ཡེ་ཤེས་དམ་པ་ཐང་ཅིག་གིས། །སྔོན་བྱུང་མིན་པའི་དགའ་བདེ་དང ། །དགའ་བ་མགུ་བ་མཆོག་དག་དང ། །རིག་པ་ཐམས་ཅད་མངོན་དུ་འགྱུར། །རྫུ་འཕྲུལ་དག་ནི་རྫོགས་པར་འགྱུར། ། སྙིང་པོ་འདི་དག་ཉིད་ཀྱིས་ནི། །དེ་ནས་ཕྱག་རྒྱ་སྙིང་གར་དགྲོལ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྟག་ཏུ་སྙིང་གར་ཞུགས་པར་འགྱུར། །ོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤཝ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྠ། སརྦ་སིད་དྷི་མ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ ། དེ་ནས་ སྙིང་པོ་འདི་ཡིས་ནི། །ཕྲེང་བ་ཉིད་ནི་དོར་བར་བྱ། །པྲ་ཏཱིཙྪ་ཧོ། གནས་གང་དུ་ནི་ཕྲེང་བ་བབས། །དེ་ཡི་ལྷ་ནི་རིགས་དེ་ཡིན། །གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི། །གསང་བ་ཆེན་པོ་བསྟན་པར་བྱ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང ། །སངས་རྒྱས་ས་ནི་ ཐེ་ཚོམ་མེད། །དྲི་དང་ལྡན་ཞིང་ཡིད་འོང་བ། །བུམ་པའི་ཆུ་ནི་བླངས་ནས་ནི། །སྙིང་པོ་འདི་ཡིས་དབང་བསྐུར་བྱ། །སྡུག་བསྔལ་རབ་ཏུ་འཁྲུད་པའི་མཆོག་།ོཾ་བཛྲ་ཨ་བྷི་ཥིཉྩ། དེ་ནས་ཕྱག་རྒྱ་གང་རུང་བས། །ཕྲེང་བ་བྱིན་ནས་དབང་བསྐུར་བྱ། །རྡོ་རྗེའི་མིང་གི་ དབང་བསྐུར་ལ། །མིང་གི་སྒྲ་ནི་རབ་སྦྱར་བྱ། །ོཾ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧེ་བཛྲ་ནཱ་མ། སློབ་མ་གཞུག་པའི་ཆོ་ག་རྒྱས་པའོ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ལ་ཡེ་ཤེས་བསླབ་པར་བྱ། །བཞི་ལས་གང་ཡང་རུང་བ་ནི། །སྐལ་བ་ཇི་བཞིན་
84-1-213a
དྲི་བར་བྱ། །གལ་ཏེ་ནོར་གྱི་དངོས་གྲུབ་སྨྲ། །དེ་ནི་རྣམ་བཞིར་བཤད་པར་བྱ། །ནོར་གྱི་ཡེ་ཤེས་ཆེན་པོ་བཞི། །དངོས་གྲུབ་རྣམས་ནི་བསླབ་པར་བྱ། །གང་ན་གཏེར་ནི་ཡོད་རེ་བ། །དེར་ནི་སྐྱིལ་མོ་ཀྲུང་བཅས་ཏེ། །སྙིང་གར་རྡོ་རྗེ་བསྒོམས་ན་ནི། །གཏེར་ གྱི་གནས་ནི་རབ་མཐོང་འགྱུར། །བཛྲ་ནི་དྷི། ནམ་མཁར་རྡོ་རྗེ་བསྒོམ་བྱ་ཞིང ། །མེ་ལོང་ལ་ནི་ཡང་དག་བལྟ། །གང་དུ་ལྷུང་བར་མཐོང་གྱུར་པ། །དེ་ན་གཏེར་ནི་ཡོད་པར་བསྟན། །རཏྣ་ནི་དྷི། རང་གི་ལྕེ་ལ་རྡོ་རྗེ་བསྒོམ། །འདི་ན་ཡོད་ཅེས་རང་ཉིད་སྨྲ། །དྷ་རྨ་ནི་དྷི། རྡོ་ རྗེ་ལས་ནི་ཡང་དག་བབས། །གང་དུ་བབས་པ་དེར་བསྟན་ཏོ། །ཀརྨ་ནི་དྷི། གལ་ཏེ་རྡོ་རྗེའི་དངོས་གྲུབ་སྨྲ། །རྣམ་པ་བཞི་ནི་བསླབ་པར་བྱ། །ཆུ་ནི་རྡོ་རྗེའི་རང་བཞིན་མཐོང ། །ཤིན་ཏུ་མཉམ་གཞག་དགའ་བར་འགྱུར། །ཆུ་ནི་སྟུག་པའི་རང་བཞིན་མཐོང ། །ཆུ་ཡི་ སྟེང་དུ་བཅག་པར་འགྱུར། །བཛྲ་ཛ་ལ། བདག་ཉིད་ཏིང་འཛིན་དང་ལྡན་པས། །ཡང་དང་ཡང་དུ་དགའ་བར་བྱ། །བདག་ཉིད་དགའ་བའི་གཟུགས་སུ་ནི། །བསྒོམས་ན་དེ་དང་འདྲ་བར་འགྱུར། །བཛྲ་རཱུ་པ། བདག་ཉིད་ནམ་མཁའི་རང་བཞིན་མཚུངས། །རང་ བཞིན་མེད་པ་ཉིད་བསྒོམས་ཤིང ། །རྡོ་རྗེ་དབབ་པ་བསྐྱེད་བྱས་ན། །མྱུར་དུ་མི་སྣང་བ་ཉིད་འགྱུར། །བཛྲ་ཨཱ་ཀཱ་ཤ་།རྡོ་རྗེའི་སྐས་ནི་ནམ་མཁའ་ལ། །བསྒོམ་ཞིང་སྟེང་དུ་འཛེག་བྱས་ན། །ཇི་སྲིད་དུ་ནི་འཛེག་པའི་གནས། །དེ་སྲིད་མཁའ་ལ་འགྲོ་བར་འགྱུར། །བཛྲ་མ་ཧཱ། རིག་པ་འཛིན་པ་འདོད་སྨྲ་ན། །ཡེ་ཤེས་རྣམ་བཞི་སྦྱིན་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་ཤིང ། །ནམ་མཁའ་ལ་ནི་བདག་ཉིད་གནས། །ལག་ན་རྡོ་རྗེ་དང་ལྡན་པར། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །གལ་ཏེ་ཆོས་ ཀྱི་ཕྱག་འདོད་ན། །གནས་སམ་ཡང་ན་གཞན་ཡང་རུང ། །བདག་ཉིད་གནས་པར་བསྒོམས་ན་ནི། །དེ་ལྟར་གནས་ཤིང་ལག་པ་རུ། །རྡོ་རྗེ་པདྨ་རབ་བསྒོམ་ཞིང ། །བདག་ཉིད་རྡོ་རྗེ་ཆོས་སུ་སྟེ། །པདྨ་རིག་པ་འཛིན་པར་འགྱུར། །བཛྲ་དྷ་ར། པདྨ་དྷ་ར། ཟླ་བའི་
84-1-213b
དཀྱིལ་འཁོར་ལ་འདུག་སྟེ། །བདག་ཉིད་ལས་དང་ཡང་དག་ལྡན། །ནམ་མཁའ་ལ་གནས་བདག་ཉིད་ནི། །ལས་ཀྱི་རིག་པ་འཛིན་པར་འགྱུར། །བདག་ཉིད་རྡོ་རྗེ་རིན་ཆེན་དང ། །དེ་བཞིན་དུ་ནི་བདག་ཉིད་གནས། །ལག་ཏུ་རིན་ཆེན་རྣམས་བསྒོམས་ན། ། རིན་ཆེན་རིག་པ་འཛིན་པར་འགྱུར། །ཀརྨ་དྷ་ར། རཏྣ་དྷ་ར། གལ་ཏེ་སངས་རྒྱས་དངོས་གྲུབ་སྨྲ། །ཡེ་ཤེས་རྣམ་བཞི་བརྗོད་པར་བྱ། །རྟག་ཏུ་ནམ་མཁར་བསྒོམས་ནས་ནི། །ལུས་ནི་ཡང་བ་ཉིད་འགྱུར་ཞིང ། །རྫུ་འཕྲུལ་གྱི་ནི་གནས་ཐོབ་འགྱུར། །རྡོ་རྗེའི་བདག་ཉིད་ མྱུར་དུ་འཕར། །བཛྲ་རྀ་དྷི། སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །ཐམས་ཅད་རྡོ་རྗེའི་རང་བཞིན་བསྟན། །རྡོ་རྗེའི་བདག་ཉིད་ཇི་སྲིད་འདོད། །དེ་སྲིད་སྐད་ཅིག་གིས་འཕར་འགྱུར། །བཛྲ་བཛྲ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དག་།ཡན་ལག་པདྨ་དང་ལྡན་ཞིང ། །བདག་ ཉིད་དག་པར་རབ་བསྒོམས་ན། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །ཤུད་དྷ། ཤུད་དྷ། ཉིན་མཚན་བརྩོན་འགྲུས་དང་བཅས་པས། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཡི། །དབྱིངས་སུ་བཞུགས་པར་བསམས་ན་ནི། །རང་ཉིད་རྡོ་རྗེ་འཛིན་པར་འགྱུར། །ཁམས་ གསུམ་འདི་དག་ཐམས་ཅད་ནི། །སངས་རྒྱས་གཟུགས་སུ་མོས་བྱས་ནས། །བརྟན་པར་རྗེས་སུ་དྲན་གྲུབ་ན། །སངས་རྒྱས་ཉིད་དུ་འགྱུར་བ་ཡིན། །སཏྭ་སཏྭ། བུད་དྷ་བུད་དྷ། གང་ཚེ་གསང་བའི་ལྷ་མོར་འགྱུར། །དེ་ཡི་རིགས་ཀྱི་ལྷ་རུ་འགྱུར། །ཡེ་ཤེས་དག་ པ་བརྗོད་བྱ་ཞིང ། །དེ་ལ་མནའ་ཡང་བསྒག་པར་བྱ། །ཇི་སྐད་གསང་མདོ་དབང་གསུངས་པ། །དེ་བཞིན་བྷ་གར་གཞུག་པར་བྱ། །ཡིད་ཀྱིས་ཐམས་ཅད་བཅུག་ནས་ནི། །དེ་ཡི་ལུས་ནི་མཉམ་དུ་སྤྲོ། །མི་བསྐྱོད་ཐུགས་ཀ་ནས་བྱུང་སྟེ། །རྣམ་པར་སྣང་མཛད་ཐུགས་ ཀ་ནས། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །སངས་རྒྱས་ཀུན་ནི་མཉམ་དུ་སྤྲོ། །ཏིང་འཛིན་སྦྱོར་བ་ལ་གནས་ཏེ། །མཉམ་པར་བཞག་པས་ཕེག་རྡོབ་བ་བྱ། །རྡོ་རྗེ་ཐལ་མོའི་ཕེག་བརྡབས་པས། །དངོས་གྲུབ་ཐམས་ཅད་དབང་དུ་འགྱུར། །བཛྲ་པཱ་ཤ། རིན་
84-1-214a
དབང་ཐུགས་ཀ་ནས་བྱུང་སྟེ། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །སངས་རྒྱས་ཀུན་ནི་བཅུག་ནས་ཀྱང ། །བདག་ཉིད་རྡོ་རྗེའི་ལྷ་མོ་རུ། །རྡོ་རྗེ་ཐལ་མོ་བྱས་ནས་ནི། །རྡོ་རྗེ་བསྡམས་པའི་མཐིལ་བརྡབ་བྱ། །རྡོ་རྗེ་རྣལ་འབྱོར་བསྒྲུབ་བྱ་ཞིང ། །རྡོ་རྗེ་ ཡེ་ཤེས་ཡང་དག་བརྡབ། །རྡོ་རྗེ་དབབ་པ་བྱས་ནས་ནི། །དེ་བཞིན་དུ་ནི་བྷ་གར་ཞུགས། །རྡོ་རྗེ་ཐལ་མོ་བྱས་ནས་ནི། །སོར་མོའི་རྩེ་མོས་མཉམ་དུ་བརྡབ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །རྟག་ཏུ་ཉོན་མོངས་དང་འབྲེལ་བ། །ཉོན་མོངས་ཞེས་བྱའི་སྒྲིབ་པ་དག་། སྐད་ཅིག་གིས་ནི་རིགས་བརྒྱ་འཇོམས། །བཛྲ་ཧ་ན། དེ་བཞིན་བྷ་གར་གནས་ནས་ནི། །སངས་རྒྱས་སྐུ་ནི་མཉམ་དུ་སྤྲོ། །རྡོ་རྗེ་ལྷ་མོར་རང་བདག་ཉིད། །རྣམ་པར་སྣང་མཛད་ཐུགས་ཀར་གནས། །རྡོ་རྗེ་ལྷ་མོ་བཅིངས་ནས་ནི། །བཛྲ་བཛྲ་ལན་གཉིས་བརྗོད། །རྡོ་རྗེ་ བསྡམས་པ་ངེས་བཀྲོལ་ན། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག་།བཛྲ་ཧ་ར། དེ་ནས་རྣམ་པར་སྣང་མཛད་བསྒྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། སྔར་གྱི་ཏིང་འཛིན་ཇི་བཞིན་དུ། །རྡོ་རྗེ་དབྱིངས་ནི་རབ་ཏུ་བྱ། །རྣལ་འབྱོར་ལྔ་ལའང་རབ་ཏུ་གནས། །སངས་རྒྱས་ ཉིད་ཀྱང་རྙེད་དཀའ་མིན། །ོཾ་ཙིཏྟ་པྲ་ཏི་བོ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱསྟ་ཐཱ་ཨ་ཧཾ། རྣལ་འབྱོར་ལྔ་པོ་འདི་ཡིས་ནི། །ཕྱག་རྒྱ་ལྔ་ནི་ཡང་དག་བསྒྲུབ། །རྣམ་པར་སྣང་མཛད་རང་བདག་ཉིད། ། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་ཕྱག་རྒྱ་རྣམས་སོ། །སེམས་དཔའི་སྐྱིལ་མོ་ཀྲུང་འདུག་སྟེ། །རྡོ་རྗེ་གསོར་ལ་གཟུང་བར་བྱ། །སྐུ་དང་གསུང་ཐུགས་ཕྱག་རྒྱ་དག་།རྡོ་རྗེ་སེམས་དཔའ་རང་ཉིད་ འགྱུར། །བཛྲ་ས་ཏྭཱ་ཧཾ། བསྒྲུབ་པ་དག་གི་མཆོག་ཆེན་པོ། །དེ་ནས་ཡང་དག་བཤད་པར་བྱ། །རང་ཉིད་རྡོ་རྗེ་གསུང་གིས་བཤད། །རྡོ་རྗེ་རྣལ་འབྱོར་བསྒྲུབ་པར་བྱ། །བསྙེམས་བཅས་རྡོ་རྗེ་གསོར་ནས་ནི། །རྡོ་རྗེ་བསྙེམས་ཚུལ་ཡང་དག་གཟུང ། །རྡོ་རྗེ་དབབ་
84-1-214b
བར་རང་གྱུར་ནས། །བདག་ཉིད་རྡོ་རྗེ་ཞེས་བྱར་བསྒོམ། །བཛྲ་སཏྭཱ་ཧཾ། རྣམ་པའི་མཆོག་རྣམས་ཀུན་ལྡན་ཞིང ། །དཀྱིལ་འཁོར་མ་ལུས་སྟོན་མཛད་པ། །ཕྲེང་བའི་རྣམ་པ་འོད་དང་ལྡན། །རྒྱན་དང་གོས་དང་ཁ་དོག་ལྡན། །ཌ་བ་ཏ་ནི་བརྗོད་བྱ་ཞིང ། །སེམས་ དཔའ་ཆེན་པོ་རྗེས་དྲན་བྱ། །ཡེ་ཤེས་སེམས་དཔའ་གོས་པ་མེད། །དགའ་བདག་ཇི་སྲིད་མཐོང་བར་དུ། །བཛྲ་སཏྭ་དྲྀ་ཤྱ། སེམས་དཔའ་མདུན་དུ་བལྟས་ནས་ནི། །བདག་ཉིད་ལ་ནི་ཡང་དག་དབབ། །ོཾ་བཛྲ་ས་ཏྭ་ཨཿ ། སྡུག་ཅིང་ཆེ་བའི་སྐུ་དེ་ནི། ། རྡོ་རྗེ་ལྕགས་ཀྱུས་ཡང་དག་དགུག་།ཛཿ ཧཱུཾ་བཾ་ཧོཿ ། རྡོ་རྗེ་ཡི་ནི་སྔགས་འདི་ཡིས། །བདག་ཉིད་ཆེན་པོས་བལྟ་བར་བྱ། །རྡོ་རྗེ་སེམས་དཔའི་ཐུགས་ཀ་རུ། །སླར་ཡང་དེ་ཡི་སྙིང་གར་གཞུག་།ས་མ་ཡ་ཨཿ ། ཞེས་བརྗོད་ནས་ནི་རྣལ་འབྱོར་པ། །ཟླ་བ་དང་ ལྡན་སྟེང་དུ་གནས། །ཅི་འདོད་པ་ཡི་བྱ་བ་བྱེད། །སངས་རྒྱས་ཉིད་ཀྱང་བསྒྲུབ་པར་བྱ། །རྡོ་རྗེ་སེམས་དཔའ་འདི་ཇི་བཞིན། །དེ་ནས་སྦྱོར་བ་འདི་ཡིས་ནི། །རང་གི་ཕྱག་རྒྱ་ཡོངས་འཛིན་པའི། །རྡོ་རྗེ་ཅན་ཀུན་བསྒོམ་པར་བྱ། །གང་དང་གང་ལ་མོས་གྱུར་པ། །དེ་བཞིན་ སྙིང་པོ་བཟླ་བར་བྱ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་ཅན་དང་མཚུངས་པར་འགྱུར། །སངས་རྒྱས་རྗེས་དྲན་རབ་གྲུབ་ནས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བྱ། །རང་གི་ཕྱག་རྒྱ་ཡོངས་འཛིན་པའི། །རྡོ་རྗེ་སེམས་དཔའི་ཐུགས་གྲུབ་པས། །འཁོར་ལོས་ སྒྱུར་བ་ཉིད་ཐོབ་འགྱུར། །རྒྱལ་པོ་བྱ་བ་སྔོན་འགྲོ་བས། །མཉེས་པ་དང་ནི་དབང་བསྐུར་བྱ། །ཐུན་ནི་ཡོངས་སུ་རྫོགས་པ་དང ། །ཆོས་ཀྱི་བཞད་དང་དགའ་བར་འགྱུར། །ཏིང་འཛིན་གཟུངས་ཀྱི་འཁོར་ལོ་དང ། །གསང་བའི་མཛོད་ནི་བླ་ན་མེད། །སྨིན་པ་དང་ནི་གྲོལ་བ་ ཉིད། །སངས་རྒྱས་བྱང་ཆུབ་བརྟན་པའི་མཆོག་།རྟོག་པ་གསང་ཆེན་འདི་ལས་ནི། །ཕྱག་རྒྱ་གྲངས་མེད་ཡང་དག་བྱུང ། །རིགས་ཀྱི་དབྱེ་བ་ཡང་དག་ལྡན། །རྒྱ་ཆེར་རབ་ཏུ་བསྒྲགས་པ་ཡིན། །གོ་ཆ་མ་བགོས་སྣོད་མི་འགྱུར། །ལེ་ལོ་ཁྲོ་དང་གཡེངས་བཅས་
84-1-215a
པས། །ངེས་པར་འཛིན་པར་མི་ནུས་ཏེ། །དེ་བས་ཉུང་བར་རབ་ཏུ་བསྒྲགས། །མདོ་སྡེའི་དབང་པོ་གསང་རྒྱལ་པོ། །དེ་ནས་ཕྱག་རྒྱ་རབ་ཏུ་བཤད། །ཐེག་པ་ཆེན་པོ་མངོན་པར་རྟོགས། །རིན་ཆེན་སྣོད་དུ་བལྟ་བར་བྱ། །ཡེ་ཤེས་ཀྱི་མངོན་པར་ རྟོགས་པ་རྫོགས་སོ།། །།རྡོ་རྗེ་འཆང་རྣམས་ཀྱི་སྙིང་པོ། གང་ལས་འཁོར་ལོ་ཡང་དག་བྱུང ། །རྣལ་འབྱོར་ཐམས་ཅད་ཀུན་འབྱུང་བ། །མཆོག་ཏུ་གསང་བ་བཤད་པར་བྱ། །དབུས་ཀྱི་འཁོར་ལོར་ཡང་དག་བཤད། །རྣམ་འཕྲུལ་ཞེས་ནི་རབ་ཏུ་ བསྒྲགས། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཏེ། །འཁོར་ལོ་ཐབས་ནི་རབ་སྟོན་པ། །འཁོར་ལོ་ལྔ་རུ་ཡང་དག་བཤད། །ཐབས་ནི་རྣམ་པ་ལྔ་ཡང་ཡིན། །གསང་བ་ཡི་ནི་དབྱེ་བ་གནས། །འཁོར་ལོ་ཡི་ནི་རྣམ་འཕྲུལ་སྟོན། །དབུས་མ་གང་ཡིན་བྱང་ཆུབ་ སེམས། །ཤར་གྱི་བསྡུ་བ་རྣམ་པ་བཞི། །ལྷོ་ཡི་ཚོགས་སུ་བཤད་པ་སྟེ། །བསོད་ནམས་ཚོགས་དང་ཡང་དག་ལྡན། །ཏིང་ངེ་འཛིན་དང་གཟུངས་རྣམས་དང ། །ཆོས་སུ་འཛིན་པ་རྣམ་སྤངས་པ། །ནུབ་ཏུ་ཡང་དག་བརྗོད་པ་ཡིན། །བྱང་ནི་སེམས་ཅན་སྨིན་བྱས་ ཏེ། །ཕྱི་རོལ་གྲཝ་བཞི་གང་ཡིན་པ། །ཚད་མེད་པ་ནི་བཞི་དང་བཅས། །བྱམས་པ་སྙིང་རྗེ་བཏང་སྙོམས་དང ། །དགའ་བ་ཞེས་ནི་བྱ་བར་བཤད། །གང་ཞིག་ཐིག་སྐུད་ཡང་དག་བཤད། །ཆོས་ཀྱི་རྒྱུན་གྱི་ལམ་ལས་བྱུང ། །ལྟ་བ་ཐམས་ཅད་རྣམ་དག་འདི། ། ཐེག་པ་གཞི་ནི་རྣམ་པར་སྤངས། །གང་ཞིག་ཁ་ཁྱེར་ཞེས་བྱ་བ། །ཏིང་འཛིན་ཆོས་ཉིད་དག་པ་སྟེ། །རྡོ་རྗེ་ལྷ་མོར་ཡང་དག་བཤད། །གཟུངས་ཀྱི་སྒོ་ཞེས་བྱ་བར་བཤད། །སྒོ་རུ་ཡང་དག་བཤད་པ་གང ། །ཐར་པའི་སྒོ་ནི་བཞི་པོ་ཡིན། །རྟ་བབས་དང་ནི་དྲ་བ་ ཉིད། །ཆོས་མཛོད་རང་བཞིན་གྲོང་ཁྱེར་ཡིན། །དྲ་བ་དྲ་ཕྱེད་བླ་བྲེ་ནི། །རྫུ་འཕྲུལ་སྣ་ཚོགས་རྣམ་འཕྲུལ་པ། །ཚོན་རྩི་ཡང་དག་བཤད་པ་གང ། །དེ་འདྲ་བ་ཡི་བྱང་ཆུབ་ཚོགས། །གང་ཞིག་མར་མེ་ཡང་དག་བཤད། །དེ་ན་ཆོས་ཀྱི་སྣང་བ་མཆོག་།དྲི་
84-1-215b
རུ་ཡང་དག་བཤད་པ་གང ། །གྲགས་པའི་དྲི་ནི་བླ་ན་མེད། །རྫུ་འཕྲུལ་བྱུག་པ་གང་ཡིན་པ། །ཚུལ་ཁྲིམས་དྲི་ཡིས་བྱུགས་པ་ཡིན། །བཟའ་བ་དག་ནི་སྣ་ཚོགས་པ། །ཆོས་ཀྱི་ཟས་ནི་བླ་ན་མེད། །རྣམ་པ་སྣ་ཚོགས་དགའ་བར་བཤད། །རྟོག་པ་ཐམས་ཅད་རྣམ་ པར་སྤངས། །གྲོང་ཁྱེར་དུ་ནི་བཤད་པ་གང ། །དེ་ནི་ཐར་པའི་གྲོང་ཁྱེར་མཆོག་།གང་ཞིག་དཀྱིལ་འཁོར་ཡང་དག་བཤད། །ཆོས་ཀྱི་སྙིང་པོ་རང་བཞིན་གྲོང ། །ནད་མེད་ཅེས་ནི་བྱ་བར་བརྗོད། །དེ་ནི་དཀྱིལ་འཁོར་ཞེས་བྱའོ། །དབུས་སུ་རྣམ་སྣང་མཛད་ཅེས་པ། ། ཆོས་ཀུན་གཅིག་ཏུ་བསྡུས་པ་ཡིན། །སངས་རྒྱས་རྒྱལ་པོ་གཙོ་བོ་ཆེ། །ཕྱོགས་རྣམས་ཀུན་དུ་རྣམ་པར་གསལ། །རྡོ་རྗེ་སེམས་དཔར་ཡང་དག་བཤད། །བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག་།དེ་བས་རྒྱལ་པོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཡང་ དག་བྱུང ། །རྡོ་རྗེ་རྒྱལ་པོར་ཡང་དག་བྱུང ། །སེམས་ནི་རྣམ་པ་བཞི་ཞེས་བྱ། །སྒྲོལ་དང་གྲོལ་དང་དབུགས་དབྱུང་དང ། །མྱ་ངན་འདའ་བར་ལྕགས་ཀྱུའོ། །རྡོ་རྗེ་ཆགས་པར་ཡང་དག་བཤད། །བྱང་ཆུབ་སྤྱོད་པ་ལ་སྦྱོར་བ། །རྡོ་རྗེ་ལེགས་པར་ཡང་དག་ བཤད། །རབ་ཏུ་སྦྱོར་བ་སྟོན་པ་ཉིད། །རྡོ་རྗེ་རིན་ཆེན་ཡང་དག་བཤད། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །རྡོ་རྗེ་གཟི་བརྗིད་ཡང་དག་བཤད། །ཆོས་ཀྱི་སྦྱོར་བ་འོད་བྱེད་པ། །རྡོ་རྗེ་རྒྱལ་མཚན་ཡང་དག་བཤད། །སེམས་ཅན་འཁོར་བ་ལས་གྲོལ་ བྱེད། །རྡོ་རྗེ་བཞད་པར་ཡང་དག་བཤད། །སེམས་ཅན་ཐེ་ཚོམ་གཅོད་པར་བྱེད། །རྡོ་རྗེ་ཆོས་སུ་ཡང་དག་བཤད། །ཆོས་ཀྱི་ཡེ་ཤེས་བླ་ན་མེད། །རྡོ་རྗེ་རྣོན་པོར་ཡང་དག་བཤད། །ཉོན་མོངས་གཅོད་ཅིང་འཇོམས་བྱེད་པ། །རྡོ་རྗེ་རྒྱུ་རུ་ཡང་དག་བཤད། ། འཁོར་ལོ་རྣམ་འཕྲུལ་སྟོན་བྱེད་པ། །རྡོ་རྗེ་སྨྲ་བར་ཡང་དག་བཤད། །རྡོ་རྗེ་ཆོས་ནི་སྟོན་བྱེད་པ། །རྡོ་རྗེ་ལས་སུ་ཡང་དག་བཤད། །སེམས་ཅན་འདུལ་བར་བྱེད་པའི་མཆོག་།རྡོ་རྗེ་སྲུང་བར་ཡང་དག་བཤད། །སེམས་ཅན་གྲོལ་བར་བྱེད་པའི་མཆོག་།རྡོ་རྗེ་གནོད་སྦྱིན་
84-1-216a
ཡང་དག་བཤད། །འཁོར་བའི་ཞགས་པ་ཟད་བྱེད་པ། །རྡོ་རྗེ་ཁུ་ཚུར་ཡང་དག་བཤད། །བྱང་ཆུབ་མཆོག་ནི་བརྟན་པར་བྱེད། །རྡོ་རྗེ་སེམས་མ་རྡོ་རྗེ་ཆོས། །རིན་ཆེན་ལས་ཀྱི་རྡོ་རྗེ་མ། །རྡོ་རྗེ་རིན་ཆེན་ཆོས་ཆེན་པོ། །ལས་ཀྱི་གསང་བ་ལས་ བྱུང་བ། །རྡོ་རྗེ་ལྷ་མོ་ལྷག་པ་བརྒྱད། །ཕ་རོལ་ཕྱིན་མཆོག་ལྷག་མ་བརྒྱད། །ཆོས་མ་ཤེས་རབ་ཕ་རོལ་ཕྱིན། །ལས་མ་ཐབས་ཀྱི་མཆོག་ཡིན་ནོ། །ཕ་རོལ་ཕྱིན་བཅུ་དམ་པ་ནི། །ས་བཅུ་དག་ཏུ་ཡང་དག་བཤད། །དམ་པའི་ཆོས་ཀྱི་གྲོང་ཁྱེར་སྲུང ། ། བྱང་ཆུབ་སེམས་དཔའ་ཞེས་བྱར་བཤད། །ེ་མའོ་ཡེ་ཤེས་ཨེ་མའོ་ཆོས། །ེ་མའོ་ཐར་པའི་གྲོང་ཁྱེར་མཆོག་།ེ་མའོ་རྣམ་འཕྲུལ་འཁོར་ལོ་ནི། །ཐུབ་པའི་དབང་ཕྱུག་དག་གིས་བསྟན། །ཆོས་ཀྱི་སྦྱོར་བ་འདི་ཡིས་ནི། །མགོན་པོས་ཐར་པར་དགོད་པར་ མཛད། །གང་དུ་སངས་རྒྱས་རྒལ་གྱུར་ནས། །སེམས་ཅན་རྣམས་ཀྱང་གྲོལ་བར་མཛད། །འདི་ནི་ཆོས་ཀྱི་རང་བཞིན་གྲུབ། །འདི་ཆོས་རང་བཞིན་ཤིང་རྟ་སྟེ། །ཆོས་ཀྱི་རང་བཞིན་སྙིང་པོ་འདི། །འདི་ཆོས་རང་བཞིན་གྲོང་ཁྱེར་ཡིན། །དེ་ཁོ་ན་ཉིད་མཆོག་ཏུ་གསང་ བའི་རྟོག་པའི་རྒྱལ་པོ་ཆེན་པོ་གསང་བའི་རྣལ་འབྱོར་ཆེན་པོ་རྡོ་རྗེ་རྩེ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མདོ་སྡེའི་དབང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ་ལེའུ་དང་པོ་རྫོགས་སོ།། །།དངོས་གྲུབ་ཐམས་ཅད་བླ་ན་མེད། །དེ་ནས་གསང་བ་བཤད་ པར་བྱ། །རྡོ་རྗེའི་རིག་པ་འཛིན་པ་ནི། །བདག་ཉིད་ཀྱིས་ནི་སྦྱར་བར་བྱ། །ཆོ་ག་ཇི་ལྟ་བ་བཞིན་དུ། །ཕྱག་རྒྱ་བཅིང་བ་བཤད་པར་བྱ། །ཅི་རིགས་པར་ནི་བཅིང་བྱ་ཡི། །གཞན་དུ་མྱུར་དུ་འགྲུབ་མི་འགྱུར། །ཐལ་མོ་མཉམ་པ་བཅིང་བྱ་སྟེ། །སྡོན་ལ་ཐལ་མོ་མཉམ་ པར་བྱ། །དེ་ནས་རྡོ་རྗེ་ཐལ་མོ་བཅིངས། །རྡོ་རྗེ་བསྡམས་པ་བཅིང་བར་བྱ། །སོར་མོ་རྡོ་རྗེ་བསྡམས་བཅིངས་ནས། །སྙིང་པོ་བརྗོད་ཅིང་དྲལ་བར་བྱ། །དེ་ནས་ཕྱག་རྒྱ་དབང་དུ་གྱུར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བཛྲ་བནྡྷ་ཏྲཊ། འདི་ནི་སྔོན་དུ་བརྗོད་
84-1-216b
བྱ་ཞིང ། །དེ་ནས་ཕྱག་རྒྱ་ཡང་དག་བཅིང ། །གང་གི་དྲུང་དུ་བཅིངས་པ་ནི། །བདག་ཉིད་ཡང་དག་བྱིན་གྱིས་བརླབས། །མ་ཧཱ་ས་མ་ཡ་ས་ཏྭཱ་ཧཾ། ཤེས་རབ་ཅན་གྱིས་དབབ་པ་བསམ། །བདག་ལ་སེམས་དཔའ་དབབ་པར་བྱ། །དམ་ཚིག་ཕྱག་རྒྱ་བཅིངས་ ནས་ནི། །སྙིང་པོ་ཡང་ནི་བརྗོད་པར་བྱ། ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །ཡན་ལག་ཀུན་ལ་ཡོངས་སུ་གནས། །སྙིང་པོ་བརྗོད་པར་བྱ་བ་སྟེ། །སྙིང་པོ་འདི་དག་ཉིད་ཡིན་ནོ། །ས་མ་ཡོ་ཧཾ། དེ་ནས་བདག་ཉིད་བྱིན་བརླབས་ནས། །རང་ལྷ་ཡང་དག་ རྗེས་སུ་དྲན། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །སྙིང་པོ་བརྗོད་པར་བྱ་བ་ཡིན། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སཝ་མཱཾ། ཕྱག་རྒྱ་བསྒྲུབ་པ་ལྷུར་ལེན་པ། །དེ་ནས་ཤེས་རབ་ཅན་གྱིས་བསྒྲུབ། །དམ་ཚིག་སེམས་དཔའ་ཆེན་པོ་དག་།རྣམ་པ་བཞི་ནི་བསྒྲུབ་པར་བྱ། ། དེ་ལ་འདི་རྣམས་ཀྱི་གསང་བའི་སྙིང་པོ་ནི། ཨརྠ་སིདྡྷི། བཛྲ་སིདྡྷི། བཛྲ་བཱིརྱ། བུད་དྷ་སིདྡྷི། དེ་ནས་ཕྱག་རྒྱ་བརྟན་པར་བྱེད་པ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྭ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་ རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏོ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ། མཚམས་མེད་ལྔ་པོ་བྱེད་པ་ཡང ། །རྡོ་རྗེ་སེམས་དཔའ་དང་འདྲར་འགྱུར། །ཕྱག་རྒྱ་ ཐམས་ཅད་འགྲུབ་འགྱུར་ཞིང ། །ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད། །དེ་ནས་ཕྱག་རྒྱ་ཐམས་ཅད་དགྲོལ་བ་ནི་ཐུན་མོང་ཡིན་ནོ། །ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །ཐ་མར་བདག་ཉིད་དབང་བསྐུར་བྱ། །སོར་མོའི་རྩེ་མོས་ཕྲེང་བ་ཆེ། །རྣམ་བཞི་ཡང་ན་རྣམ་པ་ གསུམ། །ོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཤེས་རབ་ཅན་གྱིས་གོ་ཆ་བཅིང ། །ཅི་ནུས་པར་ནི་དབང་བསྐུར་བྱ། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །ཕྱག་རྒྱ་ཐམས་ཅད་བརྟན་པར་བྱ། །བཛྲ་ཀ་པ་ཙེ་ན་བཾ། གང་ནས་བྱུང་བ་དེར་གྲོལ་ཏེ། །སྙིང་པོ་འདི་དག་ཉིད་ཀྱིས་
84-1-217a
ནི། །གནས་དེ་རུ་ནི་དགྲོལ་བར་བྱ། །གཞན་དུ་བྱ་བ་མི་བྱེད་དོ། །ོཾ་བཛྲ་མུཿ ། མགོན་པོ་ཐལ་མོ་མཉེས་བྱ་ཞིང ། །རྡོ་རྗེ་ཐལ་མོ་བཅིང་བར་བྱ། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །རྡོ་རྗེ་ཅན་ཀུན་མཉེས་པར་བྱ། །བཛྲ་ཏུ་ཥྱ་ཧོ། །ཆོ་ག་ འདི་ཡིས་དགྲོལ་བྱ་སྟེ། །ཕྱག་རྒྱ་དགྲོལ་བ་མཆོག་ཡིན་ནོ། །ཕྱག་རྒྱ་ཐམས་ཅད་བརྟན་འགྱུར་ན། །རྡོ་རྗེ་ཅན་ནི་མཉེས་པར་འགྱུར། །སྔ་དྲོའི་དུས་སུ་ཉིན་རེ་ཞིང ། །ཤིན་ཏུ་བསྡམས་ཤིང་གསང་གྱུར་པ། །རྡོ་རྗེ་སེམས་དཔའ་ཅི་འདོད་བཟླས། །བཟླས་པ་ཙམ་ གྱིས་འགྲུབ་པར་འགྱུར། །བཛྲ་སཏྭ། གསང་བའི་ཡི་གེ་ཧཱུཾ་བཟླས་པས། །རྣམ་པ་ལྔ་ནི་མཐོང་བར་འགྱུར། །གསང་བའི་སྦྱོར་བའི་ཆོ་ག་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཟླ་བ་གཉིས་པ་ཡོངས་སུ་བསྒོམ། ། བདག་ཉིད་སངས་རྒྱས་དང་ལྡན་པ། །རྡོ་རྗེའི་དབུས་སུ་བསྒོམ་པར་བྱ། །མདོར་ན་རྡོ་རྗེའི་དབུས་སུ་ནི། །ཡི་གེ་ཧཱུཾ་ནི་སྦྱར་བར་བྱ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །ཡི་གེ་ཧཱུཾ་ནི་བསྒྲུབ་པར་བྱ། །ཧཱུཾ། དེ་ལྟར་རྣམ་པ་བཅུ་དྲུག་ནི། །ཕྱག་མཚན་ཐམས་ཅད་རབ་ཏུ་བསྒོམ། ། ཟླ་བའི་དབུས་སུ་རབ་སྦྱོར་བས། །བདག་ཉིད་ཐམས་ཅད་སྐད་ཅིག་འགྲུབ། །ཡང་ན་ཡི་གེ་སྦྱོར་བས་ནི། །དབུས་སུ་སྦྱོར་བས་བསྒྲུབ་པར་བྱ། །ཟླ་བ་ཡི་ནི་སྦྱོར་བ་ཡིས། །ཡི་གེ་ཛ་སོགས་འགྲུབ་མི་འགྱུར། །ཡི་གེ་ཧོ་དང་ས་དང་ནི། །ཡི་གེ་ཨོཾ་སོགས་རབ་སྦྱོར་བས། ། ཟླ་བ་ལ་ནི་ཨོཾ་ཨ་ཏྲཾ། །ཡི་གེ་ཧཾ་ནི་རབ་ཏུ་བསྒྲུབ། །ཧྲཱིཿ དང་དྷཱིཿ དང་མཾ་པཾ་རཾ། །ཀཾ་ཧཾ་ཧཱུཾ་བཾ་བསྒྲུབ་པར་བྱ། །རྡོ་རྗེའི་ཚིག་ནི་འདི་དག་གིས། །རྡོ་རྗེ་བཟླས་པས་འགྲུབ་པར་བྱ། །བདག་ཉིད་རྡོ་རྗེ་སེམས་དཔའ་འམ། །བཅུ་དྲུག་བདག་ཉིད་རབ་སྦྱོར་བས། །རྣལ་འབྱོར་ རྒྱུད་དུ་བསྒྲུབ་བྱ་ཞིང ། །ཟླ་བའི་དབུས་སུ་བསྒོམ་པར་བྱ། །དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་ཆོ་ག་ནི། ཉི་མ་ཤར་བ་ནས་བརྩམས་ཏེ། །བདག་ཉིད་དབུལ་བ་ལ་སོགས་པ། །སངས་རྒྱས་ཀུན་ལ་མཆོད་པར་བྱ། །རྡོ་རྗེ་ཅན་རྣམས་བཟོད་པར་གསོལ། །
84-1-217b
ཕྱག་རྒྱ་ཐམས་ཅད་བཅིང་བྱ་ཞིང ། །རྡོ་རྗེ་ཐལ་མོས་མཉེས་པར་བྱ། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ཐམས་ཅད་བྱས་ནས་གདོན་པར་བྱ། །ལན་གསུམ་དང་ནི་ལན་བདུན་དུ། །བསྐོར་བ་དག་ཀྱང་རབ་ཏུ་བྱ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །མཁས་ པ་ཡིས་ནི་དྲལ་བར་བྱ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །འཁོར་ལོའི་དབུས་སུ་སྟེང་དུ་བཅིང ། །གང་གིས་སེམས་ནི་དག་གྱུར་པ། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིང ། །ོཾ་བཛྲ་མུཿ ། སྙིང་པོ་འདི་ནི་བརྗོད་ནས་སུ། །ཕྱག་རྒྱ་ཐམས་ཅད་སྟེང་ དུ་བཅིང ། །སྒོ་དང་ཕྱི་རོལ་མཆོད་པ་ལ། །རྡོ་རྗེའི་མུ་ནི་བརྗོད་པར་བྱ། །གསང་བ་འདི་ནི་གསང་བ་ཆེ། །རྡོ་རྗེའི་རིག་པ་འཛིན་པ་ནི། །ཤེས་རབ་ཅན་གྱིས་ཀུན་མི་བསྟན། །ལྡོམ་དང་ལྡན་པ་མཆོག་ལ་སྦྱིན། །ཤིན་ཏུ་སྣོད་ལྡན་ཕ་རོལ་ལ། །དེ་ནི་རིག་པའི་བརྟུལ་ ཞུགས་ཏེ། །ལག་པ་གཡས་སུ་རྡོ་རྗེ་སྟེ། །གཡོན་དུ་དྲིལ་བུ་སྦྱིན་པར་བྱ། །རྡོ་རྗེའི་བརྟུལ་ཞུགས་གསང་ཆེན་པོ། །སྙིང་པོ་འདི་ནི་སྦྱིན་པར་བྱ། །དེ་བྱིན་སྙིང་གར་འཛིན་དུ་གཞུག་།ཐམས་ཅད་བསྒྲུབ་པའི་མཆོག་ཡིན་ནོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ། རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ། ཧི་ཧི་ཧི་ཧི་ཧཱུཾ། དེ་ནས་ཐམས་ཅད་མཚུངས་པ་རུ། །ཕྱག་རྒྱས་དཀྱིལ་འཁོར་ དགྲོལ་བར་བྱ། །བཛྲ་ས་ཏྭ་མུཿ ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྫོགས་སོ།། །།ཇི་ལྟར་ཆོ་གར་རབ་ལྡན་ཉིད། །རྡོ་རྗེ་གསང་བའི་དཀྱིལ་འཁོར་ཏེ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །དེ་བཞིན་ཀུན་དུ་བསྒྲུབ་པར་བྱ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །ཀུན་མཆོག་དབང་ ཕྱུག་དམ་པ་ཡིས། །རྣལ་འབྱོར་གྱི་ནི་རྒྱུད་བསྡུས་པ། །མཆོག་ཏུ་གསང་བ་གསུངས་པར་གྱུར། །ེ་མའོ་སངས་རྒྱས་མགོན་པོ་ཆེ། །སྤྱོད་པ་སྤྱོད་ཕྱིར་བྱུང་བ་སྟེ། །ཆོས་ཀྱི་མགོན་པོ་རྣལ་འབྱོར་ཆེ། །རྒྱུད་རྣམས་ཐམས་ཅད་ཡང་དག་བྱུང ། །སངས་རྒྱས་
84-1-218a
མེད་ཅིང་སེམས་དཔའ་མེད། །རྣལ་འབྱོར་རྣལ་འབྱོར་སྒྲུབ་པ་མེད། །ས་དང་གསང་བ་མཆོག་མེད་དེ། །དེ་བཞིན་གདུལ་བའི་དོན་དུ་བྱུང ། །སངས་རྒྱས་མཆོག་དང་དམ་ཚིག་མཆོག་།སེམས་དཔའ་མཆོག་གི་བསྒྲུབ་པ་དང ། །གསང་ མཆོག་སེམས་དཔའི་སྤྱོད་པ་མཆོག་།རྡོ་རྗེ་རྣལ་འབྱོར་ཡང་དག་བྱུང ། །ཡོན་ཏན་མཆོག་དྲན་དམ་ཚིག་རྣམས་ཀྱི་མཆོག་།ཡོན་ཏན་མཆོག་དྲན་དབུ་རྒྱན་དམ་པ་སྟེ། །གྲགས་ཆེན་དང་ལྡན་སྤྱོད་པ་མཆོག་འཛིན་པ། །ཡོན་ཏན་མཆོག་ལྡན་རྣམས་ཀྱི་སྤྱོད་པ་ མཆོག་།རྡོ་རྗེ་ཆེན་པོ་རབ་བསྡམས་ཅན། །རྣལ་འབྱོར་ཆེན་པོ་སྤྱོད་པ་ཆེན་པོ་སྤྱོད། །གསང་བ་ཆེན་པོའི་ཡོན་ཏན་འཛིན་མཛད་པ། །བདེ་བ་ཆེན་པོ་ཡང་དག་འབྱུང་བ་སྩོལ། །ཡོན་ཏན་མཆོག་དྲན་ལྡན་པ་ཅོད་པན་མཆོག་།དམ་ཚིག་ཚོགས་མཆོག་འབྱུང་བས་ རྒྱན་གྱུར་པ། །མི་གཡོ་རབ་མཆོག་མཆོག་སྟེར་དྲི་མ་མེད། །སྤྱོད་མཆོག་སྤྱོད་པའི་མཆོག་སྟེ་དྲི་མ་མེད། །ཚོགས་ཀྱིས་བསྐོར་བར་ཤིན་ཏུ་བཞད་མཛད་པ། །གནོད་བྱེད་འཇོམས་པ་ཏྲ་ཊ་ཏྲ་ཊ་སྒྲོགས། །གཡོ་བྱེད་བསྐྱེད་པའི་བཞད་ཅིང་བཞད་པར་མཛད། །ཡོན་ ཏན་མཆོག་དྲག་ཙ་ལ་ཙ་ལ་པ། །ད་ཧ་ད་ཧ་པ་ཡ་གནོད་མཛེས་འཇོམས། །ཧ་ར་ཧ་ར་ཧ་རེ་ཧ་རེ་ལས་མཆོག་འཇོམས། །གནས་ཆེན་པོ་ནི་སྟོབས་ཀྱིས་གྲུབ་མཛད་པ། །རིགས་མཆོག་སྟོབས་ཀྱིས་སྒྲོལ་ཞིང་སྒྲོལ་མཛད་པ། །ཧ་ཧ་ཧཱ་ཧ་ཧ་ཧཱ་ཧ་ཧ་ཧཱ། ཧི་ཧི་ཧཱི་ཧི་ཧི་ཧཱི་ ཧི་ཧི་ཧཱི་ཧི་ཧི་ཧཱི། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། རབ་མཆོག་བདག་ཉིད་མཁས་པས་འདྲེན་གྱུར་པ། །ཊ་ཊ་ཊཱི་ཊ་ཊ་ཊཱི་ཊ་ཊ་ཊཱི་ཊ་ཊ་ཊཱི་ཊ་ཊ་ཊཱི་ཊ་ཊ་ཊཱི་ཊ་ཊ་ཊཱི། ཊུ་ཊུ་ཊྱ་ཊྱ། ནྱ་ནྱ་ཊྱ་ཊྱ་ཊྱ་ཊྱ་ཊྱ་ཊྱ་ཊྱ་ཊྱ ། རྒྱན་གྱི་སྤྱོད་པ་འདར་ཞིང་འདར་བར་མཛད། །སྤྱོད་པ་སྤྱོད་པ་རྣམས་ཀྱི་ མཆོག་ཏུ་གྱུར། །སྤྱོད་པ་སྤྱོད་བྱེད་རབ་མཆོག་བདག་ཉིད་ཅན། །དམ་ཚིག་རྒྱན་ཏེ་རིགས་དྲུག་མཆོད་གྱུར་པ། །བདག་པོ་ཆེན་པོ་འཕྲོག་བྱེད་འཇོམས་པར་མཛད། །འཕྲོག་བྱེད་བསྒྲུབ་པ་རྣམས་ནི་གྲུབ་མཛད་པ། །མཆོག་སྩོལ་མཆོག་གི་བདག་ཉིད་ཡང་དག་
84-1-218b
བྱུང ། །ཏ་ཏེ་ཊ་ཏེ་བསྟན་པའི་སྤྱན་མངའ་བ། །ཡི་གེ་ཛ་ལས་རབ་བྱུང་མཆོག་སྟེ་ཧཱུཾ་ནི་དང་པོ་ལས་སྦྱོར་བ། །ཧོ་ཧོ་འདོད་ཆགས་མཆོག་ལྡན་བུད་མེད་བསྟན་བྱེད་ས་ནི་ལེན་པ་རབ་སྟེར་བ། །ོཾ་ནི་དང་པོ་བླ་མེད་ཊ་ཊ་ཊ་ཊི་ས་ཨ་ནི་གཟི་བརྗིད་རབ་འབར་བ། ། ཏྲཾ་ཏྲཾ་རྗེས་སུ་ཆགས་པའི་རྣལ་འབྱོར་རྫོགས་བྱེད་ཧ་ནི་བཞད་པ་ཡང་དག་སྦྱོར། །ཧྲཱི་ནི་ཆོས་ཅན་བྱེད་ཅིང་རབ་རྣོ་དྲི་མེད་ཧི་ནི་རྒྱུ་ཡི་འཁོར་ལོ་ཆེ། །ཧཾ་དང་རཾ་ནི་མཁའ་དགྱེས་སྨྲ་བའི་སྦྱོར་བ་འཆིང་བྱེད་ཨ་ནི་སྣ་ཚོགས་བྱེད། །ཧཾ་ནི་བསྲུང་བ་ཏྲ་ཏ་འགེས་བྱེད་ཏ་ཊ་ཏ་ཊི་ས་ཧཱུཾ། ནི་ཟ་ཞིང་འཆའ། །བཾ་ནི་དགའ་བྱེད་དགའ་སྟེ་ཚ་ཏ་ཚ་ཏི་ཊ་ནི་རབ་དགའ་བྱེད། །ཧཾ་ནི་རྡོ་རྗེ་བསྟན་པ་དང་བཅས་བདེ་བརྟན་འདོད་ཆགས་བཅས་པ་དགའ་བྱེད་དོ། །ཧོ་ནི་མགོན་པོ་སྐྱེ་བ་མཆོག་གི་རྒྱུར་གྱུར་ཧྲི་ནི་དགའ་བ་བདག་ཉིད་ཅན། །ཧི་ནི་སྤྱོད་པ་འགོད་བྱེད་དུལ་ སྤོང་མཆོག་སྟེ་དུས་གསུམ་མགོན་པོས་བསྐོར་གྱུར་པ། །གསང་ཞིང་གསང་བའི་ཡོན་ཏན་ཀུན་མཆོག་དྲི་མེད་ཧོ་ནི་བྱང་ཆུབ་སྤྱོད་པ་མཆོག་།མཆོག་གི་མཆོག་སྟེ་མཆོག་སྩོལ་གོ་འཕང་མཆོག་ཐོབ་ཡི་གེ་ཧཱུཾ་ནི་སྩོལ་བ་མཆོག་།ཉོན་མོངས་དྲི་མ་ཐམས་ཅད་ འཇོམས་ཤིང་རབ་འཕྲོ་ཧཱུཾ་གི་མཆེ་བའི་མཚོན་ཆར་ལྡན། །སྣ་ཚོགས་དགའ་བ་མཆོག་གིས་རྣམ་པར་བརྒྱན་མཛེས་ཡི་གེ་ཨོཾ་དང་ཡང་དག་སྤེལ། །ཧེ་ཧོ་ཧཾ་ནི་ཡིད་འོང་ཧཱུཾ་གིས་རྣམ་འཇོམས་གནོད་མཛེས་ངེས་འཇོམས་བདག་ཉིད་ཅན། །བདེ་མཆོག་གླུ་དང་རོལ་ མོ་དང་བཅས་པ། །གཟུགས་བཟང་དང་ལྡན་ལྷ་མོ་རྣམས་ཀྱིས་མཆོད། །ཟླ་བ་ལྟར་དཀར་འཕྲོ་བའི་ཞལ་མངའ་བ། །རྡོ་རྗེ་གསང་བའི་ཡོན་ཏན་བརྩེགས་པས་མཚན། །རིན་ཆེན་ཀུན་གྱིས་རྣམ་སྤྲས་ཡིད་འོང་བ། །རིན་ཆེན་དྲ་བའི་བླ་རེས་རྣམ་པར་མཛེས། །རྡོ་རྗེ་ ལྷ་མོའི་ཚོགས་ཀྱིས་མཆོད་ཅིང་མཛེས། །བྱང་ཆུབ་སེམས་དཔའི་གནས་ནི་འཇིགས་མེད་པ། །ས་རྣམས་ཀུན་གྱིས་རྣམ་སྦྱང་དྲི་མེད་པ། །བྱང་ཆུབ་སྤྱོད་པ་ཡོངས་རྟོགས་བདག་ཉིད་ཅན། །ཆོས་མཛད་ཡོངས་སུ་རྟོགས་པའི་ཟས་དང་ལྡན། །བསོད་ནམས་དེ་ཡིས་
84-1-219a
བསྐྱེད་པའི་དགའ་བ་ཆེ། །ཚངས་པའི་གནས་འབྱོར་གྲུ་བཞིར་ཡང་དག་གནས། །ཆོས་མཆོག་གོ་རིམས་བཞིན་དུ་ཐིག་བཏབ་པས། །འཁོར་ལོ་མུ་ཁྱུད་རབ་ཏུ་མཛེས་བྲིས་པ། །རྡོ་རྗེའི་དཀྱིལ་འཁོར་ལ་ནི་གཙོ་བོ་བཞུགས། །ཏིང་འཛིན་ མཆོག་རྣམས་ཁ་ཁྱེར་གྱིས་མཛེས་པ། །གཟུངས་ཀྱི་ལྷ་ཡི་ཚོགས་ཀྱིས་མཆོད་པའི་ཚོགས། །ཐར་པའི་ཐེག་པས་བྱམས་པའི་སྒོ་ཡིས་བརྒྱན། །རྡོ་རྗེ་དཀྱིལ་འཁོར་ལ་ནི་འདྲེན་པ་བཞུགས། །ཕ་རོལ་ཕྱིན་པ་བཙུན་མོ་གར་བྱེད་པ། །སེམས་ཅན་སྨིན་བྱེད་རྣམ་ པར་འཕྲུལ་ལ་དགའ། །བསམ་གཏན་ཟས་ལྡན་མངོན་ཤེས་མཆོག་གིས་བརྒྱན། །རྡོ་རྗེའི་དཀྱིལ་འཁོར་ལ་ནི་འདྲེན་པ་བཞུགས། །དཀྱིལ་འཁོར་དེ་ནི་གཙོ་བོའི་ཆོས་ཉིད་ཅན། །ཆོས་ཉིད་བསྟན་པའི་སྙིང་པོ་ཀུན་ཞུགས་པ། །སངས་རྒྱས་ཀུན་གྱི་ཚོགས་ འདུས་མཛེས་པ་ཡིས། །བདེ་བར་གཤེགས་པའི་གསང་བ་ཞེས་བྱར་བཤད། །རྡོ་རྗེ་སེམས་དཔའ་དབང་ཕྱུག་དམ་པ་ཆེ། །གསང་བ་ཀུན་འབྱུང་ཏིང་འཛིན་ཡང་དག་གནས། །དེ་ནི་རྣམ་སྣང་ཐུབ་པའི་ཆོས་ཉིད་གཟིགས། །གཟུངས་དང་དམ་ཚིག་ཡང་དག་ འབྱུང་བ་མཆོག་།དགའ་བའི་ཆོས་བཞིན་རྡོ་རྗེ་ཡང་དག་གནས། །དེ་ནི་རྣམ་སྣང་ཐུབ་པའི་དབང་ཕྱུག་གཙོ། །རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ངེས་པར་ཕྱུང ། །ཧཱུཾ། ཤིན་ཏུ་དག་བའི་ཆོས་ཉིད་ལྟ་བུར་བྱུང ། །སངས་རྒྱས་དབང་ཕྱུག་དམ་པའི་ཀུན་གྱི་མཆོག་། རྩེ་གཅིག་དང་བཅས་ཨེ་མའོ་དགའ་བོ་ཆེ། །སངས་རྒྱས་སྐུ་ཡང་བུད་མེད་གཟུགས་ཅན་ཏེ། །སེམས་ཅན་ཁམས་ནི་གདུལ་ཕྱིར་ཡང་དག་གནས། །བུད་མེད་གཟུགས་ཀྱང་ཆོས་ཉིད་དག་པ་སྟེ། །སངས་རྒྱས་ཀུན་གྱི་གདུང་རྒྱུད་གནས་གྱུར་པ། །རང་གི་རིགས་ ཆེན་བྱུང་བ་དེས་བྱུང་མཛོད། །ོཾ་བཛྲ་དྷཱ་ཏྭཱི་ཤཝ་རི་ཧཱུཾ། ཨོཾ་བཛྲ་བཛྲཱི་ཎི་ཧཱུཾ། ཨོཾ་རཏྣ་བཛྲཱི་ཎི་ཧཱུཾ། ཨོཾ་དྷརྨ་བཛྲཱི་ཎི་ཧཱུཾ། ཨོཾ་ཀརྨ་བཛྲཱི་ཎི་ཧཱུཾ། མཆོག་གི་དང་པོ་རྨད་བྱུང་གསང་བ་ལྔ། །སངས་རྒྱས་ལྔས་བྱས་བུད་མེད་གཟུགས་ཅན་ཏེ། །སྨད་བྱུང་དང་བཅས་དབང་
84-1-219b
ཕྱུག་དམ་པར་གནས། །རྡོ་རྗེ་གསང་ཆོས་ཉིད་ཀྱི་གསང་བ་མཆོག་།འཁོར་ལོའི་སྦྱོར་བས་ཀྱང་ནི་བཞུགས་གྱུར་པས། །རྡོ་རྗེའི་རྣལ་འབྱོར་གྱིས་ནི་ཤར་དུ་བཞུགས། །དེ་ནི་རིགས་ཀྱི་འཁོར་ལོའི་དཀྱིལ་འཁོར་བརྗོད། །རེ་རེ་ཞིང་ཡང་རྣལ་འབྱོར་མཆོག་དང་ ལྡན། །རྣལ་འབྱོར་འཁོར་ལོར་ཡོངས་སུ་བཤད་པ་མཆོག་།དེ་ཡིས་མི་བསྐྱོད་མཆོག་ཏུ་བྱུང་བ་ཡི། །མཆོག་ཏུ་གསང་བ་ཡི་ནི་དཀྱིལ་འཁོར་གསུངས། །ོཾ་བཛྲ་ས་ཏྭ་གུ་ཧྱ་ས་མ་ཡེ་ཧཱུཾ། ཨོཾ་གུ་ཧྱ་བཛྲ་ས་ཏྭ། ཨཾ་ཀུ་ཤ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་རཱ་གེ་རཱ་ག་ཡ་ཧཱུཾ། ཨོཾ་ བཛྲ་གུ་ཧྱ་སཱ་དྷཱི་ཤཝ་རི་ཧཱུཾ། རྡོ་རྗེ་རིན་ཆེན་དཀྱིལ་འཁོར་བསྟན་གྱུར་པ། །དེ་ཡིས་སླར་ཡང་སྙིང་པོ་བཞི་གསུངས་སོ། །ོཾ་བཛྲ་གུ་ཧྱ་རཏྣ་ས་མ་ཡཾ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་པྲ་བྷ་ཧཱུཾ། ཨོཾ་བཛྲ་དྷྭ་ཛཱ་གྲ་གུ་ཧྱ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ཧཱ་ས་ཧཱུཾ། རྡོ་རྗེ་ཆོས་ནི་དབང་ཕྱུག་དམ་པ་ཆེ། ། དེ་ཡིས་སླར་ཡང་སྙིང་པོ་བཞི་གསུངས་སོ། །ོཾ་བཛྲ་དྷ་རྨ་གུ་ཧྱ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གྷོ་ཥ་གུ་ཧྱ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་མཎྜ་ལེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་བཱ་ཙ་ས་མ་ཡེ་ཧཱུཾ། རྡོ་རྗེ་ལས་ནི་ཡོངས་སུ་དག་པས་མཆོད། །འཁོར་ལོ་ཐམས་ཅད་ལ་ནི་ཡོངས་གནས་མཛེས། །ཆོས་ མཆོག་དབང་ཕྱུག་དམ་པ་མཆོག་གྱུར་པ། །དེ་ཡིས་སྙིང་པོ་བཞི་ནི་གསུངས་པར་འགྱུར། །ོཾ་བཛྲ་གུ་ཧྱ་ཀརྨ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་ཀ་བ་ཙེ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་དཾ་ཥྚྲ་དྷཱ་ར་ཎི་ཧཱུཾ། ཨོཾ་བཛྲ་གུ་ཧྱ་མུཥྚི་ཧཱུཾ། སྔར་བཞིན་འཁོར་ལོའི་གྲོང་ཁྱེར་ཡོངས་གནས་པ། ། རྡོ་རྗེའི་གཟུགས་སུ་ཡོངས་གནས་མཛེས་གྱུར་པ། །དེ་ཉིད་སངས་རྒྱས་སྲས་ཏེ་རྡོ་རྗེར་བཅས། །འོན་ཀྱང་ད་ལྟར་བུད་མེད་གཟུགས་སུ་སྤྲུལ། །དེ་དག་སྲིད་པ་དག་བྱེད་རབ་ཏུ་འབར། །ཐར་པའི་གྲོང་དུ་འདོད་ཆགས་དག་བྱེད་པ། །རྟོག་དང་རྣམ་པར་རྟོག་པ་བཟློག་ པས་དག་།ཆོས་ལ་དགའ་ཞིང་སྐུ་མཆོག་འབྱུང་འགྱུར་བ། །བདེན་དང་མི་བདེན་རྣམ་དག་ཉི་ཤུ་དང ། །ཆོས་དང་ཆོས་མིན་དགའ་ཞིང་དགའ་བའི་སྣོད། །བྱེད་དང་བྱེད་མིན་རྡོ་རྗེ་ཐ་དད་གཅིག་།རྡོ་རྗེ་བསྟན་པ་ཧོ་ཡིས་རབ་སྦྱོང་སྤྱོད། །གསང་འབྱོར་རིན་ཆེན་
84-1-220a
ལས་བྱས་ཆོས་གྲོང་སྟེ། །རྣམ་འཕྲུལ་འཁོར་ལོ་འདི་ནི་མ་ཕམ་དོན། །རྡོ་རྗེ་བླ་རེའི་རྒྱན་གྱིས་རྣམ་པར་བརྒྱན། །གསང་དབང་རྡོ་རྗེ་ཆེན་པོ་ཡིས། །ཐར་པའི་རང་བཞིན་གྲོང་ཁྱེར་མཛད། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཁོར་ལོ་ ལྔ་ནི་ཡང་དག་བྱུང ། །དེ་བཞིན་གཤེགས་རིགས་ཞེས་བྱ་དང ། །མི་ཕྱེད་བརྟན་པར་བྱེད་པ་དང ། །བྱང་ཆུབ་སྤྱོད་པ་རབ་སྤྱོད་མཆོག་།ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་།གདུལ་བྱ་ཇི་བཞིན་འཁོར་ལོའི་དཀྱིལ་འཁོར་བཞིན། །གཙོ་བོའི་སྤྱོད་པ་ཇི་ བཞིན་ལྷན་ཅིག་སྤྱོད། །སེམས་ཅན་གདུལ་བྱ་མ་ཡིན་སྣོད་མཆོག་མིན། །མཐུ་ཆེན་རྣམས་ནི་དངོས་གྲུབ་སྩོལ་མི་མཛད། །དེར་ནི་རྡོ་རྗེའི་རང་བཞིན་དག་།ཡོན་ཏན་མང་པོ་ཡང་དག་འབྱུང ། །སེམས་ཅན་རྣམས་ནི་གདུལ་བྱའི་ཕྱིར། །རྡོ་རྗེའི་བཙུན་མོ་ཡང་དག་ བྱུང ། །དེ་ཉིད་སངས་རྒྱས་སྲས་བཅས་པ། །དེ་ཉིད་འཁོར་ལོའི་གྲོང་ཁྱེར་ཆེ། །མཆོད་པ་སྒོ་སྲུང་དང་བཅས་པ། །གསང་བའི་དཀྱིལ་འཁོར་ཡང་དག་བྱུང ། །མགོན་པོ་རྡོ་རྗེ་གསང་དབང་ཕྱུག་།རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །རྡོ་རྗེ་ཆོས་ཀྱི་སྦྱོར་བ་ཡིས། །རྡོ་རྗེ་ ཕ་རོལ་ཕྱིན་པ་མཆོག་།སྔོན་ནི་ཇི་ལྟར་དེ་བཞིན་ཕྱིས། །དེ་བཞིན་དབུས་སུ་རབ་ཏུ་གནས། །སངས་རྒྱས་ཀུན་གྱི་ཐབས་ཡིན་ཏེ། །གསང་བའི་སྦྱོར་བ་ཡང་དག་བྱུང ། །རྡོ་རྗེ་དབྱིངས་ནི་ཇི་སྐད་བརྗོད། །དེ་ཉིད་གསང་བ་ཞེས་བྱར་བརྗོད། །ཐེག་པ་ཆེན་པོ་མངོན་ བསྡུས་པ། །རྒྱས་པར་ཕྱག་རྒྱ་དང་བཅས་པར། །འཁོར་ལོ་ལྔ་ཡི་དཀྱིལ་འཁོར་མཆོག་།རྒྱས་བ་རུ་ནི་ཡང་དག་བཤད། །མདོ་སྡེའི་གསང་དབང་རྒྱལ་པོ་ནི། །ཐེག་པ་ཆེན་པོ་མངོན་བསྡུས་ལས། །གསང་བའི་རྒྱུད་དང་ཕྱག་རྒྱུད་དང ། །དཀྱིལ་འཁོར་ འཁོར་ལོ་ཟླ་བ་དག་།དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །དེ་དག་རྣམ་པ་ལྔ་རུ་བཤད། །རྡོ་རྗེ་དབྱིངས་ཀྱི་སྙིང་རབ་མཆོག་།མདོར་ན་དྲུག་ཏུ་བཤད་པ་ཡིན། །དམ་ཆོས་སྤྱོད་པ་དང་ལྡན་པ། །དེ་ནས་དེ་བཞིན་གཤེགས་པའི་རིགས། །ནུས་པ་ཇི་
84-1-220b
བཞིན་རིགས་པ་བཞིན། །ཇི་ལྟར་སྤྱོད་པ་དཀྱིལ་འཁོར་མཆོག་།ཅི་རིགས་པར་ནི་ཚོ་ག་བཞིན། །མཆོག་ཏུ་རྨད་འབྱུང་བཤད་པར་བྱ། །སྔོན་ལ་དེ་བཞིན་གཤེགས་རིགས་ཀྱི། །སེམས་དཔའ་ང་ཡིས་དབྱེ་བར་བྱ། །ང་ཡིས་མདོ་སྡེ་གསང་དབང་ བཤད། །གང་དུ་བྱིས་པ་དག་རྨོངས་པ། །རྡོ་རྗེ་སློབ་དཔོན་སྐལ་བ་ཆེ། །གསང་བའི་དཀྱིལ་འཁོར་ལ་གནས་པ། །གསང་བའི་ཕྱག་རྒྱ་བཅུ་དྲུག་ནི། །གསང་བ་ངེས་པར་བསླབ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྐང་ལག་ཐལ་སྦྱར་ རྡོ་རྗེ་ནི། །ཁ་གྱེས་པ་ནི་བསྒོམ་བྱ་ཞིང ། །རྡོ་རྗེ་ཅན་ཡང་ཆགས་པར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །ཟླ་བ་གཅིག་ཏུ་ཡོངས་སུ་བསྡུ། །རྡོ་རྗེའི་དབང་ཕྱུག་ལྷ་མོ་ང ། །དབུས་མ་ལ་ནི་ཡོངས་སུ་གཟུང ། །སྒེག་པ་དང་བཅས་འགྲོ་བྱ་ཞིང ། །རྣམ་ པར་འཕྲུལ་པས་བཞིན་རྨོངས་བྱ། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་ཅན་ཡང་མཉེས་པར་བྱ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །ཕྱག་རྒྱ་འདི་ནི་བཅིངས་ནས་སུ། །བདག་ཉིད་ཡང་དག་བྱིན་གྱིས་བརླབ། །བསྒོམ་ པའི་ཕྱག་རྒྱ་འདི་ཡིས་ནི། །སྐུ་ཡི་ཕྱག་རྒྱ་རྣམ་པར་བཅིང ། །ལག་ངར་ལྕགས་ཀྱུར་བསྐུམ་བྱ་ཞིང ། །བདག་ཉིད་ཡོངས་སུ་བསྒྲུབ་པར་བྱ། །དེ་བཞིན་བསྒོམ་པའི་སྦྱོར་བ་ཡིས། །རྡོ་རྗེའི་མདའ་ནི་ཀུན་དུ་དགང ། །ལག་པས་ལེགས་སོ་ཞེས་བྱ་ཞིང ། །དཔུང་ པས་བདག་ཉིད་གོ་བགོར་བྱ། །སླར་ཡང་གསང་བ་བྱ་བ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྡོ་རྗེ་གཅིག་པུ་གནས། །གསང་བ་ལྷ་མོའི་དབང་ཕྱུག་མཆོག་།དེ་བཞིན་ལག་ངར་བཀུག་བྱ་ཞིང ། །སྤྱི་བོར་རྡོ་རྗེ་བསམ་པར་བྱ། །ཕྱོགས་གཅིག་ ཏུ་ནི་ང་འདུག་སྟེ། །རྡོ་རྗེ་གཉིས་ཀྱི་གོ་ཆ་བྱ། །ཐམས་ཅད་རྡོ་རྗེའི་ལུས་ཡིན་ཏེ། །རིན་ཆེན་མིག་ནི་ཡོངས་གསལ་བ། །གདོང་དང་ཚིག་ནི་པདྨ་དང ། །མེ་ཏོག་ཀུན་འདར་བསྒོམ་པར་བྱ། །བྱིས་པ་བཞིན་དུ་མིག་བསྐྱོད་ཅིང ། །བུད་མེད་རྒྱུ་མཚན་ཡང་དག་
84-1-221a
བསྒྲུབ། །སྨིན་མ་བསྐྱོད་ཅིང་ཁྲོ་གཉེར་གཙིགས། །ཁྲོ་བོའི་ལྟ་བས་མིག་གདངས་པ། །ཁྲོ་མོའི་ལྟ་བ་འདོད་ཆགས་ཆེ། །འཛུམ་བཅས་མིག་ནི་བཙུམ་པར་བྱ། །མིག་གདངས་པ་ཡི་སྦྱོར་བ་ཡིས། །རྡོ་རྗེའི་ལྟ་བས་བགྲད་པར་བྱ། ། སླར་ཡང་ཚིག་ནི་རྣམ་པ་བཞི། །ཧོ་ནི་རྐན་དང་ལྐོག་མ་ལ། །ཛ་ནི་ལྕེ་ཡི་དབུས་དང་རྩེ། །ོཾ་ནི་ལྐོག་མ་མཆུ་དག་ལ། །མཆུ་དང་མཆུ་ཡི་རྩེ་ལ་བཾ། །དེ་རྣམས་གསང་བ་རབ་རྒྱས་པ། །བསྐྲད་དང་སྤྱོས་དང་གཅད་པ་དང ། །བཅིང་བ་རྡོ་རྗེ་ཚིག་གིས་བྱ། ། དེ་བཞིན་ཁོ་ནར་ཟླ་དབུས་ན། །ཕྱག་ན་རྡོ་རྗེའི་རང་བདག་ཉིད། །རིན་ཆེན་ཆོས་དང་དེ་བཞིན་ལས། །གསང་བའི་བདག་ཉིད་བསྒོམ་པར་བྱ། །ཆོ་ག་ཐམས་ཅད་རྒྱས་པ་རུ། །རྡོ་རྗེ་གསང་བ་རྗེས་སུ་སྲུང ། །ཇི་ལྟར་རྣལ་འབྱོར་ཡང་དག་གནས། །དེ་བཞིན་ གསང་མཆོག་འཛིན་པ་གནས། །རྡོ་རྗེའི་རྣལ་འབྱོར་བླ་ན་མེད། །དེ་ནས་ཡང་དག་བཤད་པར་བྱ། །རྡོ་རྗེའི་རྣལ་འབྱོར་ཡང་དག་གནས། །རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ། །དཔའ་བོ་རྡོ་རྗེ་སེམས་དཔའ་ནི། །ཕྱི་རོལ་ལས་གྲོལ་ཡང་དག་གནས། །ལངས་སམ་ ཡང་ན་འདུག་ཀྱང་རུང ། །རྡོ་རྗེའི་རྣལ་འབྱོར་ཡང་དག་བརྩམ། །ཐེག་པ་ཆེན་པོའི་ཚུལ་དག་པ། །སྤྱོད་པ་ཆེན་པོ་ཚུལ་ཆེན་པོ། །བདག་ཉིད་ཆོས་ཆེན་རབ་བསྒོམས་ན། །རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར། །འདུ་བྱེད་སྡུག་བསྔལ་ཆེན་པོ་ལས། །དགའ་ བའི་སྤྱོད་པས་སྤྲོ་བར་བྱ། །སྙིང་རྗེ་ཆེན་པོས་དམིགས་ནས་ནི། །སེམས་ཅན་བཏང་སྙོམས་དོར་མི་བྱ། །ལྕེ་དང་རྐན་ལ་སྦྱར་བྱ་ཞིང ། །སྣ་ཡི་རྩེ་མོས་བསྒོམ་པར་བྱ། །རང་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །སྣ་ཡི་རྩེ་མོར་དེ་བཞིན་གནས། །སྙིང་གའི་སྤྱི་བོ་ཅི་ནུས་ པར། །སྐུ་ནི་ཐམས་ཅད་ཡོངས་སུ་སྤྲོ། །རྡོ་རྗེ་ཕྲ་མོའི་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །རྡོ་རྗེའི་མདུན་དུ་རྡོ་རྗེ་སྟེ། །རྡོ་རྗེའི་དབུས་སུ་བསྒོམ་པར་བྱ། །རྡོ་རྗེ་བསྒོམས་པའི་སྦྱོར་བ་ཡིས། །རྡོ་རྗེ་ཕྲ་མོ་ཡོངས་སུ་སྤྲོ། །རང་གི་ལུས་ཀྱི་
84-1-221b
མདུན་དུ་ནི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའི་ཐུགས་དབུས་སུ། །རྡོ་རྗེ་ཀུན་གྱི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ལྟེ་བར་སངས་རྒྱས་དེ་བཞིན་གཤེགས། །རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ། །རྡོ་རྗེ་རྣམ་བསྒོམས་ སེམས་གང་ཞིག་།གཟུགས་མེད་བསྟན་དུ་མེད་པ་དང ། །རྨོངས་པ་མེད་ཅིང་འཇིགས་པ་མེད། །རྡོ་རྗེ་ཕྲ་མོར་འདིར་བརྗོད་དོ། །དངོས་པོ་མེད་ཅིང་རྫས་མེད་པས། །སྣང་བ་མེད་པར་རབ་ཏུ་བསྒོམ། །བདག་མེད་སེམས་ཅན་མེད་པ་རུ། །རྣལ་འབྱོར་པས་ནི་ རྣལ་འབྱོར་བསྒོམ། །ལུས་ནི་རྫས་ལྔའི་བདག་ཉིད་ཅན། །ཁམས་བཞི་ལ་ནི་ཡང་དག་བརྟེན། །སྐྱེ་མཆེད་བཅུ་གཉིས་ཉིད་དང་ནི། །གཞན་ཡང་ཁམས་ནི་བཅཝ་བརྒྱད་དག་།ཤ་དང་རུས་པ་ཁྲག་ཉིད་དང ། །རྐང་དང་ཀླད་པས་ཀུན་དུ་ཁྱབ། །སྣ་ཚོགས་ རྫས་ཀྱིས་ཀུན་དུ་ཁྱབ། །བད་ཀན་མཁྲིས་པ་ལ་སོགས་ཚོགས། །སྣ་ཚོགས་སྲིན་བུའི་རིགས་ཀྱིས་ཁྱབ། །དྲི་ངན་མི་གཙང་འབྱུང་བ་རུ། །རང་གི་ལུས་ལ་སོ་སོར་བརྟག་།སྡུག་བསྔལ་གསུམ་ནི་ཀུན་འབྱུང་བར། །ཉིན་དང་མཚན་མོ་རྟག་ཏུ་ནི། །ལུས་ནི་རྗེས་ སུ་དྲན་པ་བསྒོམ། །རང་སེམས་སོ་སོར་བརྟག་བྱ་སྟེ། །གང་ཞིག་དེ་རུ་ཡང་དག་བྱུང ། །འགྲོ་བ་མེད་ཅིང་སོང་བ་མེད། །དེ་ལ་འཕོ་བ་ཡོད་མ་ཡིན། །དེ་ལ་འབྱུང་བ་ཡོད་མིན་ན། །གང་ལས་སེམས་ནི་ཡང་དག་བྱུང ། །ཡང་དག་མ་ཡིན་ཀུན་རྟོག་འདི། ། བརྫུན་བཞིན་སེམས་ནི་རྨོངས་པར་བྱེད། །སེམས་མེད་ཙམ་ཡང་ཡོད་མ་ཡིན། །བརྫུན་བཞིན་འབྱུང་བ་སྣང་བར་འགྱུར། །འདི་ལ་གནས་དང་མཚན་ཉིད་དང ། །རབ་གནས་འབྱུང་བ་ཡོད་མ་ཡིན། །གཟུང་བར་དགའ་བ་གཏི་མུག་ཆེ། །རྡོ་རྗེ་ཕྲ་མོར་བརྗོད་ པར་བྱ། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །སེམས་བསྒོམ་པ་ཡི་རྣམ་པ་བཞིན། །ལུས་དང་སེམས་དང་ཚོར་བ་དག་།ཕྲ་མོའི་རྣམ་པར་བསྒོམ་པར་བྱ། །སཱུ་ཀྵྨ་བཛྲ། རྡོ་རྗེ་རེག་པའི་མཚན་མ་ཡི། །གནས་ནི་ཡང་དག་ཤེས་པར་བྱ། །དེ་ནི་བྱུང་ན་སྤྲོ་བྱ་སྟེ། །
84-1-222a
སྟོང་གསུམ་དུ་ནི་ཡོངས་སུ་སྤྲོ། །སྥ་ར་ཎ་བཛྲ། རེག་པས་སྦྱོར་བ་བསྡུ་བྱ་སྟེ། །སྐྲག་ཅིང་རྨོངས་པར་མི་བྱའོ། །གནས་གསུམ་དུ་ཡང་བསྡུ་བྱ་སྟེ། །བློ་ཡིས་སོ་སོར་བརྟག་པར་བྱ། །སཾ་ཧ་ར་ཎ་བཛྲ། ཆོས་ལ་དམིགས་པའི་སེམས་ ཉིད་ནི། །རྨོངས་ཤིང་གཞོམ་པར་མི་བྱའོ། །རྡོ་རྗེ་དེ་ནི་བརྟན་བྱ་ཞིང ། །རྡོ་རྗེ་ཕྲ་མོ་རེག་པར་བྱ། །བཛྲ་དྲྀ་ཌྷ་ཏིཥྛ། རྡོ་རྗེ་སེམས་དཔའ་འཇིགས་མེད་པ། །རྒྱལ་པོ་ཚངས་པའི་གཙུག་ཕུད་ཅན། །སྤྱི་བོར་སེམས་དཔའ་བསྒོམ་བྱ་ཞིང ། །སྐུ་ནི་ཐམས་ཅད་ ཡོངས་སུ་སྤྲོ། །བཛྲ་ཨཱཏྨ་ཀ་།དཔྲལ་བར་རྡོ་རྗེ་རིན་ཆེན་ནི། །མཉམ་པར་བཞག་པས་བསྒོམ་པར་བྱ། །མཚན་མ་དག་ནི་སྤྲོ་བྱ་ཞིང ། །སེམས་དཔའ་ཀུན་ཡང་སྤྲོ་བར་བྱ། །བཛྲ་རཏྣ་ཨཱཏྨ་ཀ་།རྡོ་རྗེ་ཆོས་ནི་ཤིན་ཏུ་དག་།སྣ་ཡི་རྩེ་མོར་བསྒོམ་པར་བྱ། ། དེ་ཡི་མཚན་མ་སྤྲོ་བྱ་ཞིང ། །ལུས་རྣམས་ཀུན་ཡང་སྤྲོ་བར་བྱ། །བཛྲ་པདྨ་ཨཱཏྨ་ཀ་།ལུས་ཀུན་ལ་ནི་ཡང་དག་ཁྱབ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་བསྒོམ། །དེ་ཡི་མཚན་མ་སྤྲོ་བྱ་ཞིང ། །སེམས་དཔའ་ཀུན་ཡང་སྤྲོ་བར་བྱ། །སརྦ་བཛྲ་ཨཱཏྨ་ཀ། སེམས་ དཔའ་དེ་བཞིན་རིན་ཆེན་ལས། །ཆོས་ནི་སྤྱི་བོར་བསྒོམ་པར་བྱ། །དེ་ཡི་མཚན་མ་སྤྲོ་བྱ་ཞིང ། །སྐུ་ནི་ཐམས་ཅད་ཡོངས་སུ་སྤྲོ། །སརྦ་བཛྲ། སྣ་ལ་ལྕགས་ཀྱུ་ཡང་དག་གནས། །བློ་ལྡན་མི་ཡིས་བསམ་པར་བྱ། །སངས་རྒྱས་ཐམས་ཅད་གཞུག་བྱ་ཞིང ། ། རང་གི་ལུས་ནི་བརྟན་པར་བྱ། །སྙིང་ག་འདོད་ཆགས་གནས་སུ་ནི། །འདོད་ཆགས་རྣམ་པར་དག་པ་བསམ། །སངས་རྒྱས་ཐམས་ཅད་མཉེས་བྱ་སྟེ། །ཆོས་ཀྱི་དབྱིངས་ནི་བརྟན་པར་འགྱུར། །ལེགས་སོ་ཞེས་པ་གཟུང་བྱ་སྟེ། །སྤྱི་བོར་ཡང་དག་གནས་པའི་ མཆོག་།སངས་རྒྱས་ཐམས་ཅད་མཉེས་བྱ་ཞིང ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །ཧྲྀ་ད་བཛྲ་ཨཾ་ཀུ་ཤ་།ཏིཥྛ་བཛྲ་རཱ་ག་ཧྲྀ་ད་ཡེ་ཨཱ་དི་བཛྲ་དུཥྚི། སྙིང་གར་རྡོ་རྗེ་ཉི་མ་ནི། །བློ་ལྡན་མི་ཡིས་བསྒོམ་པར་བྱ། །འོད་ཀྱི་གཟི་བརྗིད་སྤྲོ་བྱ་ཞིང ། །འཇིག་རྟེན་
84-1-222b
ཀུན་ཀྱང་སྤྲོ་བར་བྱ། །སྤྱི་བོར་འཁྲི་ཤིང་འོད་བཅས་པ། །རྒྱལ་མཚན་རྩེ་མོར་རྣམ་པར་བསམ། །རིན་ཆེན་ཆར་དག་སྤྲོ་བྱ་ཞིང ། །སྣོད་ཀྱི་སྤྲིན་ནི་ཡང་དག་སྤྲོ། །བཞད་པས་བདེ་བ་བསམས་ནས་ནི། །ཤིན་ཏུ་སྡུག་བསྔལ་ངེས་པར་སྦྱང། །ཆོས་ཀྱི་ཆར་ ཡང་སྤྲོ་བྱ་ཞིང ། །སྣང་བའི་སྤྲིན་ཡང་སྤྲོ་བར་བྱ། །ཧྲྀ་ད་ཡ་བཛྲ་སཱུརྱ་ཏིཥྚ་བཛྲ་དྷཱ་ཛཱ་གྲེ། ཧྲྀ་ད་ཡ་བཛྲ་ཧཱ་ས། སྤྱི་བོར་རྗེས་དྲན་ནས་བརྩམས་ནས། །རལ་གྲི་གཙོ་བོ་བསམ་པར་བྱ། །འཁོར་བའི་སྡུག་བསྔལ་གཅད་བྱ་ཞིང ། །སེམས་དཔའ་ཐམས་ཅད་སྤྲོ་བར་ བྱ། །སྙིང་གའི་འཁོར་ལོའི་གནས་སུ་ནི། །ཆོས་ཀྱི་རྒྱུ་མཐུན་བསྒོམ་པར་བྱ། །ནམ་མཁའ་ཀུན་དུ་སྤྲོ་བྱ་ཞིང ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །དེ་ཡི་རིགས་ལས་བྱུང་བའི་སྒྲ། །ཤེས་རབ་ཅན་གྱིས་ལྕེ་རྩེར་བསམ། །ཆོས་ཀྱི་ཚིག་ནི་སྤྲོ་བྱ་ཞིང ། །ཕྱོགས་ རྣམས་ཀུན་དུ་ཡོངས་སུ་སྤྲོ། །ཧྲྀ་ད་བཛྲ་གྷོ་ཥ། ཏིཥྛ་བཛྲ་ཧྲྀ་ད་ཡཾ། ཕྲ་བེ་ཤ་བཛྲ་ཝཱཀྟྲ། སྤྱི་བོར་རྗེས་དྲན་ནས་བརྩམས་ཏེ། །མཆོད་པའི་ལས་ནི་རྣམ་པར་བསམ། །མཆོད་པའི་ཕྱིར་ནི་རྡོ་རྗེ་སྤྲོ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །སྙིང་གར་རྡོ་རྗེ་གོ་ཆ་ནི། །ཤིན་ཏུ་ མཉམ་པར་བཞག་པས་བསམ། །སྡུག་བསྔལ་ཀུན་ལས་གྲོལ་བྱེད་པ། །གོ་ཆའི་རྣམ་པར་སྤྲོ་བར་བྱ། །སྤྱི་བོ་ནས་བརྩམས་རྐང་མཐིལ་དུ། །རྡོ་རྗེ་བསྡམས་པ་བསམ་པར་བྱ། །རྡོ་རྗེའི་སྙིང་པོ་གཞུག་བྱ་ཞིང ། །རྡོ་རྗེའི་རང་བཞིན་ཐམས་ཅད་སྤྲོ། །ཧྲྀ་ད་བཛྲ་ཤ་བ་ ཙེ། ཏིཥྛ་བཛྲ་ཡཀྵ་བཛྲ་བཛྲ་མུཥྚི་ཧྲྀ་ད་ཡཾ། གྲོགས་དང་གྲོགས་མིན་མ་ལུས་པ། །འབྱུང་པོ་ཀུན་ལ་བྱམས་པ་ནི། །མ་ལུས་ལུས་པ་མེད་པ་རུ། །མཉམ་དུ་ཁྱབ་པར་སྤྲོ་བར་བྱ། །ཀྱེ་མ་སེམས་ཅན་འདི་སྡུག་བསྔལ། །འགྲོ་བ་ལྔ་རུ་ཀུན་དུ་འཁྱམས། ། ཉིན་དང་མཚན་དུ་རབ་སྦྱོར་བས། །སྙིང་རྗེ་ཉིད་ནི་སྤྲོ་བར་བྱ། །ཉིན་མཚན་དགེ་དང་ཞེ་སྡང་མེད། །སེམས་ཅན་དགེ་བ་དོན་གཉེར་གང ། །རྗེས་སུ་ཡི་རང་བདེ་ཆེན་པོ། །སེམས་ཅན་ཀུན་ལ་ཡོངས་སུ་སྤྲོ། །རྒལ་བར་དཀའ་བའི་ལམ་ཞུགས་ཤིང ། །སངས་
84-1-223a
རྒྱས་བྱང་ཆུབ་ལ་གནས་པ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བློ་ཆེན་ལྡན་པས་བཏང་སྙོམས་བཞག་།མ་ཧཱ་མེེ་ཏྲི་སཱ་ར་ཎ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྥ་ར་ཎ། སརྦ་བུད་དྷ་པྲ་མོ་ད་སྥ་ར་ཎ། མ་ཧོ་པེ་ཀྵ་སྥ་ར་ཎ། ནམ་མཁའ་འམ་ནི་ཕྱོགས་ གཞན་དུ། །རྡོ་རྗེའི་གཟུགས་ནི་རྣམ་པར་བསམ། །སེམས་ཅན་མཉམ་པར་དམིགས་པ་ཡིས། །ནམ་མཁའ་ཀུན་དུ་ཡོངས་སུ་སྤྲོ། །བཛྲ་མུཥྚི་བྷ་བ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སྙིང་ག་རྡོ་རྗེ་ཆོས་ཉིད་བརྟན། །དོན་རྣམས་ཐམས་ཅད་བསྒོམ་པར་བྱ། ། ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །སངས་རྒྱས་རྗེས་དྲན་ནས་བརྩམས་ཏེ། །རྣམ་པ་ཀུན་དུ་སྣ་ཚོགས་ཉིད། །དེ་ནི་རང་གི་བདག་ཉིད་བསྒོམ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །རྡོ་རྗེ་ཕྲ་མོ་གཞན་དང་ལྡན། །ཆོས་རྣམས་ཐམས་ཅད་རྣམ་བསྒོམ་པ། །མྱུར་ དུ་ཕྱོགས་ཀུན་ཡོངས་སུ་སྤྲོ། །སྙིང་གར་རྡོ་རྗེ་བསྒོམ་བྱ་ཞིང ། །མ་ཧཱ་བོ་དྷི་སཏྭ་བི་ཤཝ། བུད་དྷ་ཨ་ནུ་སྨྲྀ་ཏི་བི་ཤཝ། བཛྲ་པཱ་ཎི་རྴ་ཡ། ས་རཱུ་པཾ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ས་མནྟ་བྷ་དྲ་བི་ཤཝ། ཟླ་བའི་དཀྱིལ་ འཁོར་དབུས་གནས་པ། །བདག་ཉིད་རྡོ་རྗེ་རྣམ་པར་བསྒོམ། །བཛྲ་སཏྭ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་བསྙེམས་པ་རོལ་བཅས་པ། །བཛྲ་སཏྭ་ས་མ་ཡ་ས་མཱ་དྷི་ཛྙཱ་ན་པི་ཤཝ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་ གཟུགས་སུ་རང་བདག་ཉིད། །ཏ་ཐཱ་ག་ཏ་ས་མོ་ཧཾ། དབང་པོ་གཉིས་ནི་སྙོམས་འཇུག་པ། །རྡོ་རྗེ་སློབ་དཔོན་དག་གིས་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཤེས་རབ་ཅན་གྱིས་ངེས་པར་བྱ། །མཉམ་པར་བཞག་པའི་སེམས་ཀྱིས་ནི། །སངས་རྒྱས་རྗེས་སུ་ དྲན་པ་བསམ། །ཇི་བཞིན་མཚན་གྱིས་བརྒྱན་པ་རུ། །རྟག་ཏུ་བདག་ཉིད་རྣམ་པར་བསྒོམ། །ཇི་ལྟར་སངས་རྒྱས་དེ་བཞིན་བདག་།བདག་ཉིད་སངས་རྒྱས་རྟག་ཏུ་བསྒོམ། །སངས་རྒྱས་གང་ཡིན་དེ་བདག་ཉིད། །སངས་རྒྱས་མང་པོར་ཡང་དག་གནས། །
84-1-223b
བདག་ནི་དེ་བཞིན་གཤེགས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པ། །སངས་རྒྱས་ཀུན་ཀྱང་མཉེས་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ས་མོ་ཧཾ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཇི་ལྟར་སྐུ་མདོག་ཆོ་ག་བཞིན། །དབང་པོ་ གཉིས་ནི་ཡང་དག་གནས། །དེ་བཞིན་བདག་ནི་རྟག་ཏུ་བསྒོམ། །ོཾ་བཛྲ་སཏྭ་ས་མོ་ཧཾ། བདག་ནི་རྡོ་རྗེ་སེམས་དཔའ་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པས། །ངེས་པར་འཇིག་རྟེན་ཕམ་པར་བྱ། །ཁམས་ཀྱི་སྙིང་པོ་ གང་ཡིན་དག་།དེ་ནི་རྡུལ་བྲལ་དྲི་མེད་དག་།བདག་ནི་རྡོ་རྗེ་ཆོས་ཉིད་དུ། །རྟག་ཏུ་བསྒོམ་པར་བྱ་བ་ཡིན། །བཛྲ་དྷརྨ་ས་མོ་ཧཾ། བདག་ཉིད་རྡོ་རྗེ་ཆོས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེའི་ཆོས་ནི་ ཐོབ་པར་འགྱུར། །རྡོ་རྗེའི་ལས་ནི་བདག་ཉིད་དེ། །ཐ་དད་མེད་ཅིང་རྟགས་གཅིག་གིས། །སངས་རྒྱས་ཐམས་ཅད་རབ་མཆོད་དེ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །ོཾ་བཛྲ་ཀརྨ་ས་མོ་ཧཾ། བདག་ནི་རྡོ་རྗེ་ལས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་ཡང་ བརྗོད། །དབང་པོ་གཉིས་ན་སྙོམས་འཇུག་པས། །རྡོ་རྗེ་ལས་དང་མཚུངས་པར་འགྱུར། །ང་ནི་རྡོ་རྗེ་རིན་ཆེན་ཉིད། །སངས་རྒྱས་ཀུན་གྱི་དབང་བསྐུར་བ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །རྡོ་རྗེ་རིན་ཆེན་མཚུངས་པར་འགྱུར། །ོཾ་བཛྲ་རཏྣ་ས་མོ་ཧཱུཾ། བདག་ ནི་རྡོ་རྗེ་རིན་ཆེན་མཚུངས། །རྡོ་རྗེའི་ཚིག་ནི་ཡང་ཡང་བརྗོད། །རྡོ་རྗེ་རིན་ཆེན་སྦྱོར་བ་ཡིས། །སངས་རྒྱས་དབང་བསྐུར་ཐོབ་པར་འགྱུར། །གཟུགས་གཉིས་འབྲེལ་པ་ནི་དབང་པོ་གཉིས་ཞེས་བྱའོ། །བདག་གི་ལུས་གང་ཡིན་པ་དང ། སངས་རྒྱས་ཀྱི་སྐུ་གང་ཡིན་ པ་གཅིག་ཏུ་འདྲེས་པར་གྱུར་པ་ནི་དབང་པོ་གཉིས་སྙོམས་པར་འཇུག་པ་ཞེས་བྱའོ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རྡོ་རྗེ་གཅིག་ཏུ་མོས་བྱས་ཤིང ། །སངས་རྒྱས་གཟུགས་དང་མཚུངས་པ་རུ། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །ནམ་མཁའ་ལ་ནི་
84-1-224a
རྡོ་རྗེ་བསྒོམ། །རྡོ་རྗེ་གཅིག་ན་ཡོངས་གསལ་བ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རྡོ་རྗེ་གཅིག་ནི་ཡོངས་གསལ་བས། །རྡོ་རྗེ་རིན་ཆེན་ཏིང་འཛིན་ གྱིས། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །ཅི་ནུས་པར་ནི་བྱིན་གྱིས་བརླབ། །རྡོ་རྗེ་གཅིག་ནི་རྣམ་པར་བསྒོམ། །རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས། རྟག་ཏུ་བདག་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་བསྒོམ་བྱ་ཞིང ། །རིན་ཆེན་བདག་ཉིད་དབུས་སུ་ བསྒོམ། །ཀུན་དུ་རྡོ་རྗེའི་དབུས་སུ་ནི། །རྟག་ཏུ་བདག་ཉིད་ལས་སུ་བསྒོམ། །གཙོ་བོ་གང་དང་གཙོ་དག་གིས། །སྐུ་མདོག་ཆ་བྱད་ཇི་བཞིན་དུ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །སེམས་ཅན་དམ་པ་དེ་ཉིད་ཐོབ། །བདག་གཙོ་རྡོ་རྗེའི་ཚིག་བརྗོད་ཅིང ། ། རྡོ་རྗེའི་ཐུགས་སུ་བསམ་པར་བྱ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་པ་ཐོབ་པར་འགྱུར། །ཡང་ནི་བསྒོམ་པའི་སྦྱོར་བ་ནི། །རང་དབང་དུ་ནི་རབ་བཤད་བྱ། །ཇི་ལྟར་ཡིད་ལས་བྱུང་བ་བཞིན། །རྡོ་རྗེའི་རྣལ་འབྱོར་རྣམ་པར་བསྒོམ། །སྣ་ ཡི་རྩེ་མོ་ལ་བརྟེན་ནས། །སེམས་ཀྱི་རྒྱུན་ནི་ཡང་དག་གནས། །བརྒྱ་ལས་རྩ་བདུན་ལྷག་པར་ནི། །རྡོ་རྗེའི་སྦྱོར་བས་བསྒོམ་པར་བྱ། །གལ་ཏེ་བསྒོམས་པས་དངོས་གྲུབ་འདོད། །རྡོ་རྗེ་བསྒོམ་པ་བསྒྲུབ་པར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །སྒྲུབ་པའི་ རྣལ་འབྱོར་ཡང་དག་གནས། །སེམས་དཔའ་རྗེས་དྲན་སྦྱོར་བ་ཡིས། །གདོན་མི་ཟ་བར་ངེས་པར་བྱ། །གང་དང་གང་ལ་འདོད་པ་ཉིད། །བདག་ཉིད་རྡོ་རྗེར་བསྒོམ་པར་བྱ། །སྐུ་མདོག་རྣལ་འབྱོར་ཇི་བཞིན་དུ། །ཅི་རིགས་པར་ནི་སྣ་ཚོགས་བདག་།ཡང་ན་རྡོ་རྗེ་ བསྒོམ་གཙོ་བོ། །སྒྲུབ་པ་ཡང་ནི་བསྒོམ་པར་བྱ། །ེ་མའོ་ངོ་མཚར་རྣམ་འཕྲུལ་འཁོར་ལོ་བྱུང ། །ེ་མའོ་ངོ་མཚར་སྤྱོད་མཆོག་དམ་པ་བསྒྲུབ། །ཀྱེ་མའོ་ངོ་མཚར་གསང་མཆོག་གནས་ཐོབ་པ། །བདག་ནི་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་མཆོག་།རྣལ་འབྱོར་མཁས་
84-1-224b
པའི་སྒྲུབ་པ་སྟེ། །རྣལ་འབྱོར་རིག་པ་སྒྲུབ་བྱེད་པ། །མཆོད་པ་བསྒྲུབ་པའི་ཕྱག་རྒྱ་ཡིས། །དེ་ནས་མཆོད་པ་རབ་བཤད་བྱ། །ཐུན་བཞི་དང་ནི་ཁ་དོག་བཞི། །དུས་བཞི་ཡི་ནི་རབ་སྦྱོར་བས། །སངས་རྒྱས་རྣལ་འབྱོར་རྗོད་བྱེད་ཅིང ། །སངས་རྒྱས་ལ་ནི་མཆོད་ པར་བྱ། །ཕྱོགས་རྣམས་ཀུན་དུ་ཡོངས་སྤྲོས་ཤིང ། །མཆོད་པ་རྣམས་ནི་ཡོངས་སྤྲོ་ཞིང ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པས། །རྟག་ཏུ་ཡང་དག་རྣལ་འབྱོར་བསྒོམ། །མཆོད་ལ་སྤྲོ་བ་ཡང་དག་སྦྱོར། །ཞེས་བྱ་ཆོས་ནི་ཡོངས་སུ་སྤྲོ། །ཏིང་འཛིན་སྦྱོར་བ་ལ་ གནས་ཏེ། །ཆོས་ཀྱི་མཆོད་པ་རབ་ཏུ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཡི་ནི་གསང་སྔགས་འདི། །ཡང་དང་ཡང་དུ་རབ་ཏུ་བཟླས། །རྡོ་རྗེ་དབྱིངས་ནི་སྦྱོར་བ་ཡིས། །ཕྱག་རྒྱ་ལྔ་ནི་རབ་ཏུ་བྱ། །སོ་སོར་རྟོགས་དང་མངོན་རྟོགས་ དང ། །རྡོ་རྗེ་དེ་བཞིན་རྡོ་རྗེ་བདག་།རྒྱས་པར་རུ་ནི་སྔར་བཤད་པ། །རྡོ་རྗེ་དབྱིངས་ནི་རབ་ཏུ་བསྐྱེད། །སངས་རྒྱས་རྣམ་འཕྲུལ་མ་ལུས་པ། །རང་གི་བདག་ཉིད་བསྒོམས་ནས་སུ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཐུབ་པ་དབང་ཕྱུག་དག་ལ་དབུལ། །རྡོ་རྗེ་སེམས་ དཔའི་ཏིང་འཛིན་གྱིས། །ཐུབ་ལ་མཆོད་པ་ཕུལ་ནས་ནི། །བདག་ནི་མགོན་པོ་རྣམ་སྣང་མཛད། །བདག་གིས་ཁམས་ནི་རྣམ་པར་སྤྲོས། །བྱང་ཆུབ་སེམས་ནི་སྤྲོས་ནས་སུ། །ཐུབ་པའི་དབང་ཕྱུག་དག་ལ་དབུལ། །རྡོ་རྗེ་གསང་སྔགས་འདི་ཡིས་ནི། །མཆོད་པ་ ཐམས་ཅད་རབ་ཏུ་བསྒྲུབ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ། ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སངས་རྒྱས་ཐམས་ཅད་དབང་བསྐུར་བ། །རྡོ་རྗེ་རིན་ཆེན་སྤྲོས་ནས་ནི། །བདག་ནི་མགོན་པོ་རྣམ་སྣང་མཛད། །བདག་གིས་ཁམས་ནི་རྣམ་པར་སྤྲོས། །རྡོ་རྗེའི་སྔགས་ ཀྱིས་འགྲུབ་པར་འགྱུར། །ཐུབ་པའི་དབང་ཕྱུག་དག་ལ་དབུལ། །རིན་ཆེན་མཆོད་པ་རབ་སྤྲོ་ཞིང ། །བསྡམས་པའི་སྦྱོར་བ་རབ་ཏུ་བསྒྲུབ། །ོཾ་སརྦ་ཏ་ཐཱ་ག་ཏ་པཛྲརཏྣ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྔ་མ་ཇི་ལྟ་བ་བཞིན་དུ། །རྣམ་པར་སྣང་མཛད་ཏིང་
84-1-225a
འཛིན་གྱིས། །ཇི་ལྟར་སེམས་དཔའ་ཕྱུང་བ་བཞིན། །དེ་བཞིན་བདག་ནི་བསྒོམ་པར་བྱ། །རང་བདག་ཉིད་ནི་བསྒོམས་ནས་སུ། །རྨད་འབྱུང་ཆེན་པོ་ཡོངས་སྤྲོ་ཞིང ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོ་རྗེའི་སྦྱོར་བས་འགྲུབ་པར་ འགྱུར། །དེ་ལྟ་བུ་ལ་སྙོམས་ཞུགས་ཏེ། །རྡོ་རྗེ་ཆོས་ནི་རབ་ཏུ་བྱུང ། །ཕྱོགས་རྣམས་ཀུན་དུ་སྤྲོ་བྱ་ཞིང ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཏིང་འཛིན་སྦྱོར་བ་ལ་གནས་ཏེ། །རྡོ་རྗེ་ལས་ རྣམས་སྤྲོ་ནས་ནི། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །ཐམས་ཅད་དུ་ནི་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་པའི་རྒྱལ་པོ་འདི་ཡིས་ནི། །ཐུན་བཞི་རུ་ནི་བསྒོམ་པར་བྱ། །མཆོད་པའི་ཆོ་གས་འགྲུབ་འགྱུར་ཏེ། ། སྡིག་པ་ཅན་ཡང་འགྲུབ་པར་འགྱུར། །མཆོད་པའི་ལས་ནི་བླ་ན་མེད། །ཅི་རིགས་པར་ནི་རབ་བཤད་བྱ། །ཆོས་ཀྱི་ཕྱག་རྒྱའི་རྒྱལ་པོར་ལྡན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱ་ཏྨ་ནི་རྱཱ་ཏ་ན་པཱུ་ཛཱ་སཱ་ར་ཎ་ཀརྨ་བཛྲི་ཨ། རྡོ་རྗེ་སེམས་དཔའ་རང་ བདག་ཉིད། །མཉམ་པར་བཞག་པས་བསྒོམ་པར་བྱ། །བདག་ཉིད་ཡང་དང་ཡང་དུ་ནི། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་པཱུ་ཛཱ་སྥ་ར་ཎ་ཀརྨཱ་གྲེ་ཛ། རྡོ་རྗེ་ལྕགས་ཀྱུ་རང་བདག་ཉིད། །ཕྱོགས་ཀུན་དུ་ནི་སྤྲོ་བར་བྱ། །སངས་རྒྱས་ ཐམས་ཅད་དགུག་བྱ་ཞིང ། །ཐུབ་པ་དག་ལ་དབུལ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་ཨ་ནུ་རཱ་ག་པཱུ་ཛཱ་སྥ་ར་ཎ་ཀརྨ་བཱཎི་ཧཱུཾ་ཧོ། རྡོ་རྗེའི་རིགས་ནི་རྗེས་ཆགས་པར། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །ཆོས་རྣམས་དག་ལ་མཉེས་བྱས་ཤིང ། །འདི་བརྗོད་ ནས་ནི་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་སཱ་དྷུ་ཀཱ་ར་པཱུ་ཛཱ་སྥ་ར་ཎ་ཀརྨ་ཏུཥྚི་མཾ། རྡོ་རྗེ་རིན་ཆེན་རྣལ་འབྱོར་ཆེ། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །རིན་ཆེན་མཆོད་པ་བླ་ན་མེད། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་
84-1-225b
ཥེ་ཀ་རཧྣེ་བྷྱོ་བཛྲ་མ་ཎི་ཨོཾ། སངས་རྒྱས་ཐམས་ཅད་རྒྱལ་པོ་ཆེ། །བྱང་ཆུབ་སྙིང་པོར་དབང་བསྐུར་བ། །སེམས་ཀྱང་དེ་ལྟར་བསམས་ནས་ནི། །རྡོ་རྗེ་རིན་ཆེན་ཉིད་ཐོབ་འགྱུར། །བདག་ཉིད་རྡོ་རྗེ་གཟི་བརྗིད་ནི། །ཕྱོགས་རྣམས་ཀུན་དུ་སྣང་བྱེད་པ། །སངས་རྒྱས་ཐམས་ ཅད་བསྐུལ་བྱ་ཞིང ། །མཆོད་པ་གཟི་བརྗིད་ཡོངས་སུ་སྤྲོ། །ོཾ་སརྦ་ཏ་ཐཱ་ག་ཏ་སཱུརྱེ་བྷྱོ། བཛྲ་ཏེ་ཛོ་ནི་ཛྭཱ་ལ་ཧྲཱིཿ ། རྡོ་རྗེ་རྒྱལ་མཚན་ཀུན་དུ་མཐོང ། །ཤེས་རབ་ཅན་གྱིས་རྒྱལ་མཚན་བསྒྲེང ། །སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང ། །རྡོ་རྗེའི་སྔགས་ཀྱིས་བསྐུལ་ བར་བྱ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏ་ཨཱ་ཤཱ་པ་རི་པཱུ་ར་ཎི། ཙིནྟཱ་མ་ཎི་དྷྭ་ཛ་ཨ་གྲེ་ཏྲཱཾ། གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བལྟ། །རྟག་ཏུ་བདག་ཉིད་དགའ་བྱ་ཞིང ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏ་ མ་ཧཱ་པྲཱི་ཏི་བྲ་མོ་དྱཀ་རེ་བྷྱོ་བཛྲ་ཧཱ་སེ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཆེན་པོ། །བདག་ནི་ཆོས་ཆེན་དག་པ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྐུལ་བྱ། །སངས་རྒྱས་ཐམས་ཅད་བདག་ཉིད་ཀུན། །དཀྱིལ་འཁོར་གྲོང་ཁྱེར་ཐམས་ཅད་གདབ། །ཤེས་རབ་ཅན་ གྱིས་བདག་ཉིད་བསམ། །རྡོ་རྗེའི་སྔགས་ཀྱིས་རབ་བསྐུལ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ས་མཱ་དྷི་བྷི་སྟུ་ནོ་མི་མ་ཧཱ་དྷརྨ་ཨ་གྲེ་ཧྲཱིཿ ། བདག་ནི་ཤེས་རབ་རལ་གྲི་རྣོ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །འཁོར་ལོའི་ཡི་གེ་རབ་ཏུ་བསྐོར། །མདོ་སྡེ་ཐམས་ ཅད་འཛིན་པ་ཡིན། །ོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱ་ནི་ར་ཧ་རེ་ཏུ་ནོ་མི་མ་ཧཱ་གྷོ་ཥ་ནུ་གེ་དྷྭཾ། སེམས་ཅན་དག་ནི་ཀུན་གྱི་ཚིག་།བདག་ནི་སེམས་དཔའ་སྨྲ་བ་བརྟན། །རྡོ་རྗེ་སྨྲ་བ་གསང་བའི་བདག་།སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་སནྡྷི་བྷཱ་ ཥ་བུད་དྷ་སཾ་གཱི་ཏི་བྷིརྒ་ཡ་སྟུ་ནོ་མི་བཛྲ་ཝཱ་ཙེ་རྦཾ། བདག་ནི་ཆོས་ཀྱི་འཁོར་ལོ་སྐོར། །འཁོར་ལོའི་དཀྱིལ་འཁོར་སྦྱིན་བྱེད་པ། །རྡོ་རྗེའི་འཁོར་ལོ་ཡོངས་སུ་བསྔོ། །མཆོད་པ་ཐམས་ཅད་ཡོངས་སྤྲོ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཨཀྵ་ར་པ་རི་བརྟཱི་དྷ་ན་སརྦ་མུ་ཏྲཱཾ་ཏེ་ན་ཡ་སྟུ་ནོ་མི་
84-1-226a
སརྦ་མནྜལེཧཱུཾ། བདག་ནི་རྡོ་རྗེ་ལས་རྒྱལ་པོ། །ཕྱོགས་རྣམས་ཀུན་དུ་རབ་མཆོད་བྱེད། །མེ་ཏོག་བདུག་པ་ལ་སོགས་དྲི། །རྡོ་རྗེའི་སྔགས་ཀྱིས་བསྐུལ་བར་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་མེ་གྷ་སྥ་ར་ཎ་པཱུ་ཛཱ་ཀརྨ་ཀ་ར་ཀ་ར། ཆོ་ག་བགོས་ པ་དང་ལྡན་པ། །མེ་ཏོག་མཆོད་པ་འབུལ་བྱེད་པ། །བདག་ཉིད་རང་ཉིད་རྒྱལ་པོསྟེ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པྲ་ས་ར་སྥ་ར་ཎ་པཱུ་ཛཱ་ཀརྨེ་ཀི་རི་ཀི་རི། བདག་ནི་རྡོ་རྗེ་གནོད་སྦྱིན་ཏེ། །ཉོན་མོངས་ཟ་བྱེད་ཆོས་སྒྲོན་འབར། །ཕྱོགས་ རྣམས་ཀུན་དུ་སྤྲོ་བྱ་ཞིང ། །སྣང་བ་འབར་བ་ཡང་དག་སྤྲོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀཛྭལ་སྥ་ར་ཎ་པཱུ་ཛཱ་ཀརྨེ་བྷ་ར་བྷ་ར། རྡོ་རྗེ་ཁུ་ཚུར་ཡང་དག་ཉིད། །དྲི་ཡི་སྣོད་དང་ཡང་དག་ལྡན། །ཕྱོགས་རྣམས་ཀུན་དུ་སྤྲོ་བྱ་ཞིང ། །ཆར་རྣམས་ཀུན་གྱིས་རབ་མཆོད་བྱེད། ། ོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་སམུ་དྲ་སྥ་ར་ཎ་པཱུ་ཛཱཀརྨ་ཀུ་རུ་ཀུ་རུ། སེམས་ཅན་ཀུན་དོན་ཡང་དག་ལྡན། །བྱང་ཆུབ་སེམས་ནི་བསྐྱེད་ནས་ཀྱང ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །མཆོད་པ་མཆོག་ནི་རབ་བསྒྲུབ་པ། །ོཾ་སརྦ་ཏ་ཐཱག་ཏ་བཛྲ་ཨཱཏྨ་ནིརྱཱ་ཏ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་ སྥ་ར་ཎ་ས་མ་ཡེ་ཧཱུཾ། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཡན་ལག་ཀུན་གྱིས་རབ་བཏུད་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུཛཱ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་སེམས་དཔའ་ བསྡུས་པས་ནི། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་རྣམས་བྱེད་པར་འགྱུར། །རྡོ་རྗེ་ཡི་ནི་གླུ་འདི་ཡིས། །རང་བདག་ཉིད་ནི་དགའ་བར་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །རྡོ་རྗེའི་སྔགས་ཀྱང་རབ་བརྗོད་བྱ། །ོཾ་སརྦ་ ཏ་ཐཱ་ག་ཏ་བཱཀ་ནི་རྱཱ་ཏ་ན་པཱུ་ཛཱ་མེ་གྷས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་རྣམས་ཀུན་དུ་མཆོད་པ་ཀུན། །མཁས་པ་ཡིས་ནི་བསམ་པར་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིནྱཱ་ཏ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་
84-1-226b
ར་ཎ་ས་མ་ཡེ་ཧཱུཾ། ཕུལ་ནས་ཤེས་རབ་ཅན་གྱིས་ནི། །རྡོ་རྗེ་བཙུན་མོའི་ཏིང་འཛིན་བསམ། །རྫས་མཆོག་ལྡན་པས་སྤྲོ་བྱ་ཞིང ། །སངས་རྒྱས་ཀུན་ལ་ཡོངས་སུ་དབུལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཧཪྵ་ར་ཏི་པྲཱི་ཏི་སུ་ཁ་ཨ་ནུཏྟ་ར་པྲཛྙཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ མ་ཡེ་ཧཱུཾ། ཆོ་གའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཀུན་ལ་རབ་མཆོད་བྱ། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །དཀྱིལ་འཁོར་ཐམས་ཅད་ཀུན་བསྡུས་པ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསམ། །མཆོད་པའི་ཚོགས་ནི་ བླ་མེད་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །ཚེ་དང་མདོག་དང་ནད་མེད་ཉིད། །ཕུན་ཚོགས་བདེ་བ་ཐམས་ཅད་འཐོབ། །སྡིག་པ་ཐམས་ཅད་རབ་འཇོམས་པ། །རྡོ་རྗེའི་རྣལ་འབྱོར་གང་ཞིག་གིས། །ཉིན་རེ་བཞིན་དུ་མཆོད་ བྱས་ན། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །རྡོ་རྗེའི་རྣལ་འབྱོར་པས་ཐོབ་འགྱུར། །རྡོ་རྗེའི་སྔགས་ཀྱིས་བསླབ་པ་དང ། །ཕྱག་རྒྱ་ཐམས་ཅད་བསམ་པར་བྱ། །ཐེག་པ་ཆེན་པོ་མངོན་བསྡུས་ལས། །ཕྱག་རྒྱ་ཤིན་ཏུ་རྒྱས་པར་བཤད། །རྡོ་རྗེ་ལས་ཀྱི་གོ་རིམས་ བཞིན། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསླབ། །རྡོ་རྗེ་དབྱིངས་དང་རབ་མཚུངས་པ། །སླར་ཡང་རྣལ་འབྱོར་པ་ལ་བཤད། །འཇིག་རྟེན་མགོན་པོ་རྫུ་འཕྲུལ་ཆེ། །རྟག་ཏུ་དེ་བཞིན་མཆོད་བྱ་བ། །གསང་མཆོག་རྣལ་འབྱོར་པ་དག་ཨ། །དེ་ལས་གཞན་ ཡང་རབ་བཤད་བྱ། །གང་ཚེ་སྔོན་དུ་སེམས་བསྐྱེད་པ། །རྡོ་རྗེ་སེམས་ནི་བླ་ན་མེད། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་ནས། །མཆོད་པའི་བྱ་བ་བསླབ་པར་བྱ། །རྡོ་རྗེ་སློབ་དཔོན་གྱིས་སྦྱོར་བ། །རྡོ་རྗེ་དགའ་བ་བསམ་པར་བྱ། །འདོད་ཆགས་དགའ་བ་བསྐྱེད་ ནས་ནི། །དགའ་བའི་མཆོད་པ་རབ་ཏུ་མཆོད། །བདག་ཉིད་སངས་རྒྱས་བསྒོམ་བྱ་ཞིང ། །བསྒོམས་ནས་མཆོད་པ་རབ་ཏུ་བྱ། །དགའ་བ་ཆེན་པོའི་བདེ་དོན་དུ། །རིག་པའི་ལྷ་མོ་རབ་འབྲེལ་པས། །བུད་དྷ་ཨཱཏྨ་ཀོ་ཧཾ། བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །
84-1-227a
བདག་ཉིད་སངས་རྒྱས་ཞེས་བསམ་བྱ། །སྟོབས་དང་མི་འཇིགས་སོགས་རྣམས་ཀྱིས། །རང་བདག་ཉིད་ནི་དབང་བསྐུར་བྱ། །བུད་དྷ་ཨ་བྷི་ཥིཉྩཱ་མི། བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །བདག་ནི་སངས་རྒྱས་ཞེས་བསམ་བྱ། །རྡོ་རྗེ་ཡི་ ནི་གླུ་བླང་ཞིང ། །བདག་ཉིད་མངོན་པར་མཆོད་པར་བྱ། །བུད་དྷ་སིདྡྷི་ཀ་རོ་མི། བྱང་ཆུབ་སེམས་ནི་བརྟན་བསྐྱེད་ནས། །བདག་ཉིད་སངས་རྒྱས་ཞེས་བསམ་བྱ། །རྡོ་རྗེ་གར་གྱིས་གར་བྱ་ཞིང ། །མཁས་པས་བདག་ཉིད་མཆོད་པར་བྱ། །བུད་དྷ་པཱ་ཛཱ། སྐུ་དང་ གསུང་ཐུགས་རྡོ་རྗེ་མཆོག་།སྦྱོར་བས་དེ་བཞིན་ཕྱག་བྱས་ཤིང ། །སངས་རྒྱས་ཐམས་ཅད་མཆོད་བྱས་ནས། །ངེས་པར་ཕྱག་ནི་བྱས་པར་འགྱུར། །པྲ་ཎ་མཱ་མི། རྡོ་རྗེ་སྐུ་གསུང་ཐུགས་ལས་བྱུང ། །སངས་རྒྱས་བསོད་ནམས་ཆེན་པོ་ཀུན། །རྗེས་སུ་ཡི་རང་མཆོག་ བདག་གིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། ། ནུ་མོ་དེ། བདག་ཉིད་དབུལ་བ་ལ་སོགས་པ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །མཆོད་པ་ཀུན་གྱིས་སངས་རྒྱས་ཉིད། །མཆོད་པའི་བདག་ཉིད་ཅན་གྱིས་མཆོད། །བུད་དྷ་པཱུཛཱ། རྡོ་རྗེ་སྐུ་གསུང་ ཐུགས་ལས་བྱུང ། །དགེ་བའི་ཚོགས་ནི་ཐམས་ཅད་ཀུན། །ཡོངས་སུ་བསྔོ་བའི་མཆོད་པ་ཡིས། །སངས་རྒྱས་ཀུན་དང་མཚུངས་པར་འགྱུར། །བ་རི་ཎཱ་མཿ ། ཆོས་ཀྱི་དབྱིངས་ནི་སྙིང་པོ་ཆེ། །འདོད་པའི་འདམ་གྱིས་མ་གོས་པ། །གཟོད་ནས་དག་པས་སྐྱེ་བ་མེད། ། འཁོར་བའི་རྒྱ་མཚོ་པདྨ་མཚུངས། །སརྦ་ཤུད་དྷ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཟོད་ནས་ཞི་ཞིང་གོས་པ་མེད། །བློ་བུར་དྲི་མས་གོས་པ་མེད། །ཡི་གེ་ཨ་ཡིས་རྣམ་པར་སྦྱངས། །ས་མནྟ་བྷདྲ། ཨེ་མའོ་འཁོར་ལོ་བདེ་རང་བཞིན། །ཆོས་ཀྱི་འཁོར་ ལོ་བླ་ན་མེད། །ཆོས་རྣམས་ཐམས་ཅད་ཉིད་ཀྱི་ནི། །འདིར་ནི་དེ་བཞིན་གཤེགས་པ་རྒྱུ། །དྷརྨ་ཙཀྲ། སྒྲ་བརྙན་དང་ནི་མཚུངས་པའི་སྒྲ། །མེད་དེ་གཞན་ཡང་ཡོད་མ་ཡིན། །ཆོས་རྣམས་ཀུན་གྱི་རང་བཞིན་དུ། །བདག་ཅེས་བྱ་བ་འགའ་ཡང་མེད། །ནིས་པྲ་
84-1-227b
པཉྩ། སྡོན་དུ་བློ་དང་ལྡན་པས་བསམ། །མཉམ་པར་བཞག་པས་བསྒོམ་བྱ་ཞིང ། །དེ་འོག་རྡོ་རྗེ་སྣ་ཚོགས་བརྗོད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །རང་གི་ལུས་ནི་ཕྲ་རབ་དག་།རྡོ་རྗེའི་གཟུགས་སུ་བསྒོམ་བྱ་ཞིང ། ། རྡོ་རྗེའི་བདག་ཉིད་བསྒོམ་པར་བྱ། །བཛྲ་ཀཱ་ཡ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །ཡན་ལག་རྣམ་པ་ཇི་སྙེད་པའི། །སངས་རྒྱས་གཟུགས་ནི་བསྒོམ་བྱ་ཞིང ། །ཐམས་ཅད་ཡོངས་སུ་སྤྲོ་བར་བྱ། །དྷརྨ་ཀཱ་ཡ། རང་གི་ལུས་ལ་གནས་པ་ཡི། །ཕྲ་རབ་རྡུལ་ནི་ ཇི་སྙེད་པ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །དོན་ཡོད་མཆོད་པས་རབ་མཆོད་བྱ། །སཏྭ་ཀཱ་ཡ། དེ་བཞིན་ལུས་ནི་ཐམས་ཅད་ཀྱི། །རང་གི་ཕྲ་རབ་རྡུལ་རྣམས་ནི། །ཀུན་དུ་བཀོད་པའི་བསྒོམ་བྱས་ཏེ། །དེ་ནི་སངས་རྒྱས་མཆོད་པར་བཤད། །བུད་དྷ་ཀཱ་ ཡ། སངས་རྒྱས་ཐམས་ཅད་རྗེས་སུ་མཉེས། །བྱང་ཆུབ་སེམས་དཔའ་སློབ་གང་ཡིན། །ཤེས་རབ་ཅན་གྱིས་མཆོག་གསང་བསླབ། །སངས་རྒྱས་ས་ནི་ཐོབ་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ལུས་རྣམས་ཐམས་ཅད་ཡོངས་སུ་བསྡམས། ། ཡན་ལག་ཀུན་ལ་ཆགས་པ་དང ། །ཏིང་ངེ་འཛིན་དང་བཅས་པ་ཡིས། །ལུས་ཀུན་ལ་ནི་ཡོངས་སུ་ཆགས། །བདེ་བའི་མཆོད་པ་རང་བྱུང་བ། །ེ་མའོ་རྗེས་སུ་ཆགས་མཆོད་བདག་།རྡོ་རྗེའི་ཚིག་ནི་བརྗོད་པར་བྱ། །ེ་མའོ་ཡིད་འོང་ཨེ་མའོ་སྡུག་།ེ་ མའོ་དགའ་བ་རབ་ཏུ་མཛེས། །ཆོས་ཀྱི་ཆགས་པ་འདོད་ཆགས་ཆེ། །གང་ལ་རབ་དགའ་ཆགས་འགྱུར་བ། །ཆོས་དང་གང་ཟག་བདག་མེད་པ། །སྟོང་པ་འདོད་ཆགས་བརྗོད་པར་བྱ། །འཁོར་བའི་སྡུག་བསྔལ་སྤང་བྱ་ཞིང ། །སེམས་ཅན་ཡང་ནི་དོར་མི་བྱ། །སྲེད་ པ་དང་ནི་ཆགས་དང་སྤྱོད། །རྟོག་པ་ཐམས་ཅད་རྣམ་པར་སྤང ། །མིང་དང་གཟུགས་ནི་ཤེས་བྱ་ཞིང ། །མཚན་ཉིད་གསུམ་ནི་རྟོགས་པར་བྱ། །ཐེག་ཆེན་བདེ་བ་ཞེས་བྱ་བ། །འདོད་ཆགས་ཆགས་པར་རབ་བརྗོད་པར། །ལྟ་བ་ཐམས་ཅད་མི་གཟུང་ཞིང ། །སྲིད་པའི་
84-1-228a
སྡུག་བསྔལ་རྣམ་པར་སྤང ། །རྟོག་དང་རྣམ་པར་རྟོག་པ་མེད། །སྡུག་བསྔལ་ཐམས་ཅད་ངེས་པར་གཅོད། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །རྟོག་པ་རྡུལ་ཙམ་ཡོད་མ་ཡིན། །དེ་ལ་འདུས་བྱས་ཡོད་མ་ཡིན། །འདུས་བྱས་མིན་པ་ཉིད་ཀྱང་ མེད། །སྐྱེས་པ་བུད་མེད་དག་ཉིད་མེད། །བདག་དང་སེམས་ཅན་རྣམ་རྟོག་མེད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཉོན་མོངས་ཉེ་བའི་ཉོན་མོངས་སྤངས། །དེ་ལྟ་བུ་ཡི་ཆགས་པ་ཡིས། །གང་དུ་རྡོ་རྗེ་ཅན་ཆགས་འགྱུར། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་ སེམས་དཔའ་རྗེས་ཆགས་བྱ། །ཁ་ཡིའོ་ནི་མཆོག་དག་པ། །གསང་བའི་སྦྱོར་བས་རབ་བསྒྲུབ་བྱ། །ོཾ་མཧཱ་སུ་ཁ་བཛྲསཏྭ། རྗེས་སུ་ཆགས་པའི་ཆོ་ག་བསྟན། །དཔུང་པ་དམ་པོར་བསྡམ་བྱ་ཞིང ། །འདོད་ཆགས་ཆགས་པར་བསྟན་པ་ཡིས། །རྡོ་རྗེ་སེམས་ དཔའ་རབ་འགྲུབ་འགྱུར། །ཆགས་པ་ལྔ་ལས་རྣམ་གྲོལ་བས། །འདོད་ལ་ཆགས་པར་མི་བྱ་ཞིང ། །བློ་ལྡན་ཆོ་གས་དགའ་བ་ཡིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །གསང་བ་ཐམས་ཅད་རབ་བསྟན་བྱ། ། ཞི་བ་ཐམས་ཅད་མཉེས་བྱ་ཞིང ། །རྡོ་རྗེ་སེམས་སོགས་མཉེས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། །རྡོ་རྗེ་ཅན་དང་དགའ་ཆེན་པོ། །འདོད་ཆགས་ཆེན་པོ་འདི་ལྟ་བུས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ོཾ་སརྦ་རཱག་ར་ཏི་སུཁ་ཡཱ་མི་ཧཱུཾ། མཆོག་ཏུ་གསང་བ་དམ་པ་མཆོག་།གང་ཞིག་བྱས་ནས་གསང་བ་ཀུན། །བརྟགས་ནས་འགྲུབ་བར་འགྱུར་བ་ཡིན། །ལྷག་པར་ཤེས་རབ་ཅན་གྱིས་བསླབ། །མཚན་མ་བརྟན་པོར་རང་འགྲུབ་ནས། །པདྨའི་ལྟེ་བར་འདུག་བྱ་ཞིང ། །མཚན་མ་མཆོད་རྟེན་བྱིན་ བརླབས་ནས། །རང་བདག་རྡོ་རྗེ་མཚུངས་པ་ཉིད། །མདོ་སྡེ་གསང་དབང་རྒྱལ་པོ་ལས། །དེ་ཡིས་ཤིན་ཏུ་གསང་ཚིག་གསུངས། །དེ་ནི་དགོངས་པས་གསུངས་པ་སྟེ། །དེ་ནི་དགོངས་པར་ཤེས་པར་བྱ། །མཚན་མ་ཕྱག་མཚན་ཞེས་བྱར་བརྗོད། །བརྟན་
84-1-228b
པ་ལྷག་པ་ཉིད་ཡིན་ཏེ། །བྱང་ཆུབ་སེམས་དཔའི་ཕྱག་མཚན་གང ། །མཁས་པས་ལྷག་པར་བཅང་བར་བྱ། །ཕ་རོལ་ཕྱིན་པ་དྲུག་སྤྱོད་པ། །དེ་ཡི་མཚན་མར་རབ་ཏུ་བསྒྲགས། །གང་ཕྱིར་ལྷག་པར་བསྟན་པར་བྱ། །བློ་ལྡན་རྣམས་ཀྱི་རིགས་འབྱུང་འདོད། ། མཚན་མ་བརྟན་པར་རང་གྱུར་པ། །དེ་དག་ཁོ་ནར་རབ་ཏུ་བསྒྲགས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །རྡོ་རྗེའི་རིགས་སུ་བརྗོད་པར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་མཚན་མར་འདི་བརྗོད་བྱ། །བྱང་ཆུབ་སེམས་ཀྱི་རབ་སྦྱོར་བས། །མཚན་མ་བརྟན་པོར་བརྗོད་ པར་བྱ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །པདྨའི་ལྟེ་བར་འདུག་བྱ་བ། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་ཡང་ཡང་སྙོམས་འཇུག་བྱ། །བྷ་ག་ལིང་གའི་སྦྱོར་བ་ནི། །ཡང་དང་ཡང་དུ་བསྟེན་བྱས་ནས། །གཡོ་དང་ཉེས་པ་རྣམ་སྤངས་པར། །གདོན་མི་ ཟ་བར་ཡང་དག་བྱུང ། །ཤེས་རབ་དང་ནི་བྱང་ཆུབ་སེམས། །ཡང་དང་ཡང་དུ་བསྟེན་བྱས་ནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་གདོན་མི་ཟ་བར་འགྱུར། །བསྒྲུབ་བྱར་གྱུར་པའི་ཆོས་འདི་ནི། །ལུས་ཅན་ཀུན་གྱིས་རྙེད་པར་དཀའ། །བྱང་ཆུབ་སེམས་ དད་ཤེས་རབ་ཆེ། །མཆོད་རྟེན་མཚན་མའི་རྗེས་ཆགས་བྱ། །རྣལ་འབྱོར་པས་ནི་འདི་བསྒོམ་དང ། །འདི་ལྟ་བུ་ཡི་སྒྲུབ་པ་དང ། །སྤྱོད་པ་གསང་བ་འདི་ཡིས་ནི། །རྡོ་རྗེ་གསང་བ་ཉིད་ཐོབ་འགྱུར། །གསང་བ་དགོངས་པས་བསྡུས་པ་ཡི། །མདོ་ལས་རྒྱ་ཆེར་ཇི་སྐད་ གསུངས། །གསང་བའི་རྣལ་འབྱོར་འདི་ཡིས་ནི། །སེམས་ཅན་ཐམས་ཅད་རྣམ་པར་བསྒོམ། །རྡོ་རྗེ་གསང་དབང་བསྡུས་པ་ཡི། །སྒྲུབ་པའི་རྣལ་འབྱོར་འདི་ཡིས་ནི། །གསང་བ་ཆེན་པོ་བསྒྲུབས་ན་ནི། །སྐད་ཅིག་དེ་ལ་རབ་འགྲུབ་འགྱུར། །ཁ་ཅིག་ཉིན་ཞག་དེ་ཉིད་ ལ། །ཡང་དང་ཡང་དུ་འགྲུབ་པར་འགྱུར། །ཉི་མ་གཉིས་གསུམ་བཞི་ལྔའམ། །དྲུག་དང་བདུན་ལ་ཐེ་ཚོམ་མེད། །མཚམས་མེད་ལྔ་པོ་བྱེད་པ་ཡང ། །ཅི་རིགས་པ་ཡི་ཆོ་ག་ཡིས། །ལོ་གཅིག་ཏུ་ནི་རབ་སྦྱོར་བས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །
84-1-229a
རྡོ་རྗེ་གསང་བའི་ཆོ་ག་རྫོགས་སོ།། །།གསང་བ་ཡི་ནི་དཀྱིལ་འཁོར་མཆོག་།རྡོ་རྗེ་སློབ་དཔོན་ཆོ་ག་ནི། །ཇི་ལྟར་རིགས་ཤིང་འཚམ་པ་རུ། །དེ་ནས་ཡང་དག་བཤད་པར་བྱ། །མདོར་ན་རིག་པའི་བརྟུལ་ཞུགས་ནི། །གོང་དུ་དཀྱིལ་ འཁོར་ལས་བཤད་བཞིན། །ཅི་ལྟར་སྤྲོ་ཞིང་ཅི་ནུས་པར། །སྔོན་དུ་མཁས་པས་བཤད་པར་བྱ། །རྡོ་རྗེ་སེམས་དཔའ་སྐལ་བ་ཆེ། །རྒྱལ་པོ་ཀུན་དུ་ཁྱབ་པའི་འོད། །ཐེ་ཚོམ་མེད་པར་སྟོང་ཕྲག་བརྒྱ། །རྟག་ཏུ་རྡོ་རྗེའི་ཚིག་བརྗོད་བྱ། །སེམས་དཔའི་རྡོ་རྗེ་གོམས་ བྱ་སྟེ། །རྡོ་རྗེ་རྣལ་འབྱོར་གོམས་བྱས་ཏེ། །ཆོས་རྣམས་དག་པ་གོམས་པར་བྱ། །གོམས་པ་ཙམ་གྱིས་འགྲུབ་པར་འགྱུར། །ཉོན་མོངས་རབ་སྤོང་ཉོན་མོངས་བཟློག་པར་བྱ། །རྣལ་འབྱོར་གོམས་པ་ཡིས་ནི་རྣལ་འབྱོར་བསྒྲུབ། །བཟླས་པ་ཙམ་གྱིས་དགའ་ཆེན་ འགྲུབ་འགྱུར་ཏེ། །རྣལ་འབྱོར་ཆོ་གས་བསྒྲུབ་པ་འགྲུབ་པར་འགྱུར། །ཡང་ན་བཟླས་པ་ཙམ་ཉིད་ནི། །བཟླས་པ་མཆོག་གིས་བཟླས་པ་བྱ། །རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། །དངོས་གྲུབ་ཆོ་གས་བཟླས་པར་བྱ། །དེ་ནི་རྣལ་འབྱོར་ཆོ་ག་ཡིས། །སྐད་ཅིག་ སངས་རྒྱས་ཉིད་ཐོབ་འགྱུར། །རྣལ་འབྱོར་ཆོ་ག་མེད་པར་ནི། །འགྲུབ་མིན་འདི་ལ་ཐེ་ཚོམ་མེད། །རིག་པ་འཛིན་པ་ཐམས་ཅད་ཀྱི། །གསང་བ་བཞི་ནི་ཡང་དག་བཤད། །གསང་བ་ཆེན་པོ་ཚད་མེད་པ། །བཞི་པོ་ཐམས་ཅད་བསྡུས་པ་ཡིན། །བཟླས་བརྗོད་ སྦྱིན་སྲེག་ཆོ་ག་དང ། །ཕྱག་རྒྱ་བཅིང་བ་ལྷུར་ལེན་པ། །རིག་པའི་མཆོག་གི་ཆོ་ག་ནི། །གསང་བ་བསྡུས་པ་དང་པོ་ཡིན། །གསང་དང་སྐེམ་བྱེད་ཕུར་པས་བཏབ། །བརྡེག་པ་དང་ནི་མངོན་སྤྱོད་དང ། །བགེགས་བསྐྲད་པ་ཡི་འཁྲུལ་འཁོར་འདི། །གསང་བའི་ བསྡུས་པ་གཉིས་པ་ཡིན། །གོ་ཆ་མི་འགྱུར་བཅིང་བ་དང ། །སྤྱོད་དང་དེ་བཞིན་རབ་བསྐྱོད་དང ། །བདག་ཉིད་མངོན་པར་བསྲུང་ཉིད་དང ། །བགེགས་རྣམས་བསལ་བར་བྱ་བ་དང ། །རྫས་འཕྲོག་པ་དང་གཞོམ་པ་དང ། །གདུག་པ་ཐམས་ཅད་མངོན་བསྲུང་
84-1-229b
བ། །རིག་པ་འཛིན་པ་ཐམས་ཅད་ཀྱི། གསང་བ་བསྡུས་པ་གསུམ་པ་ཡིན། །སྔགས་དང་ཕྱག་རྒྱས་མཆོད་པ་དང ། །དེ་བཞིན་རིག་པའི་དངོས་གྲུབ་ཉིད། །བགེགས་རྣམས་བསོད་ནམས་ཉེ་བར་བསྡུ། །གསང་བ་བཞི་པར་འདོད་པ་ཡིན། །གསང་བ་ བཞི་པོ་ཐམས་ཅད་ནི། །རང་བཞིན་རྫུ་འཕྲུལ་ཀུན་བསྡུས་པ། །གསང་བ་མཆོག་གི་རྒྱུད་ཆེན་པོ། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ནི། །དེ་ནི་རྒྱུད་མཆོག་ལས་བཤད་བྱ། །གང་ཕྱིར་རིག་པ་འཛིན་ཀུན་གྱི། །བཟླས་བརྗོད་སྦྱིན་སྲེག་བསྒྲུབ་པར་བྱ། ། བཟླས་བརྗོད་སྦྱོར་བ་མེད་པར་ནི། །རིག་པའི་དངོས་གྲུབ་འབྱུང་མི་འགྱུར། །སྦྱིན་སྲེག་ཙམ་ནི་མེད་པ་རུ། །རིག་པའི་བྱ་བ་བྱེད་མི་འགྱུར། །གང་གིས་རྣལ་འབྱོར་བརྩོན་འགྱུར་བ། །བཟླས་པའི་རིམ་པ་བཤད་བྱ་བ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །སྙིང་པོ་འདི་ནི་ གསང་མཆོག་ཡིན། །གསང་བའི་རིགས་འདིར་བཟླས་པ་ནི། །རྣལ་འབྱོར་ཉི་ཤུ་ཡང་དག་བྱུང ། །བཟླས་པ་རྣམ་པ་ཉི་ཤུ་ནི། །གསང་བའི་རྒྱུད་དུ་ཉི་ཤུ་གཅིག་།གནས་ངན་ལེན་གྱི་བག་ཆགས་རྟོགས། །རྟོག་པ་བག་ཆགས་ཞེས་བྱ་སྟེ། །བཟླས་པ་ཙམ་ གྱིས་ཐིམ་འགྱུར་ཏེ། །བཟླས་པ་ཙམ་གྱིས་བརྗོད་པར་བྱ། །ཉེས་པ་བྱས་པ་སྤོང་བ་དང ། །དེ་བཞིན་སྲིད་པ་སྦྱོང་བྱེད་ཅིང ། །རྨད་བྱུང་སྣ་ཚོགས་མཐོང་འགྱུར་ཏེ། །དེ་བས་བཟླས་པ་བརྗོད་པར་བྱ། །བྱང་ཆུབ་སྤྱོད་པ་འབྱུང་འགྱུར་ཞིང ། །ཚུལ་མཆོག་མཐོང་ བར་འགྱུར་བ་སྟེ། །དེ་བས་བཟླས་པའི་ཆོ་ག་ནི། །རྣལ་འབྱོར་པས་ནི་ངེས་པར་བྱ། །གསང་བ་ཆེན་པོའི་རྒྱུད་འདི་རུ། །ཧཱུཾ་ནི་དང་པོར་རབ་ཏུ་བསྒྲགས། །གསང་བ་ཐམས་ཅད་ཡང་དག་འབྱུང ། །ཧཱུཾ་གིས་བཟླས་པ་བརྗོད་པར་བྱ། །སངས་རྒྱས་ཀུན་གྱི་གཙོ་བོ་ནི། ། དེ་བཞིན་ཡི་གེ་ཧཱུཾ་རབ་མཆོག་།གསང་བ་ཐམས་ཅད་འཁོར་ལོར་བཅས། །རིགས་ལྔ་དག་དང་བཅས་པ་འབྱུང ། །འདིར་ནི་ཡི་གེ་ཧཱུཾ་འབྱུང་བར། །སྔོན་ལ་ཤེས་རབ་ཅན་གྱིས་བརྟག་།ལྕེ་སོགས་ཐམས་ཅད་ཁོང་སྟོང་དུ། །ལུས་ཀུན་ལ་ནི་བརྟག་པར་བྱ། །
84-1-230a
སྦྱོར་བ་བཅུ་ལས་འབྱུང་མི་འགྱུར། །སོ་ལས་རྣམ་པ་ཀུན་དུ་མིན། །ལྕེ་དང་རྩ་བ་ལས་ཀྱང་མིན། །རྐན་ལས་རྣམ་པ་ཀུན་དུ་མིན། །གནས་གང་ལས་ནི་སྦྱོར་བ་འབྱུང ། །སྙིང་ག་ཉིད་ལས་འབྱུང་མི་འགྱུར། །ཁོང་སྟོང་དངོས་པོ་ཐམས་ཅད་ལ། ། སྐྱེ་བ་ཉིད་ནི་སྣང་མི་འགྱུར། །ཡི་གེ་ཧཱུཾ་གི་སྦྱོར་བ་ཡིས། །རང་གི་དབྱིངས་ལ་ཡང་དག་སྦྱར། །དེ་ཉིད་ཉོན་མོངས་ཅན་མི་འགྱུར། །ཀུན་གཞི་ས་བོན་ཐམས་ཅད་པ། །རྐན་དང་ལྐོག་མའི་འབད་པ་དང ། །ལྕེ་ཡི་ཚོགས་ལས་ཡང་དག་འབྱུང ། །ཡི་གེ་ཧཱུཾ་གི་སྒྲ་བྱུང་ བ། །དེ་ནི་མི་རྟོག་ཡང་དག་བྱུང ། །དེ་ལྟར་འབྱུང་བའི་སྦྱར་བ་ལས། །གནས་ཀྱི་ཉོན་མོངས་ཅན་མི་འགྱུར། །ཚིག་དང་བཅས་པའི་ཇི་བཞིན་སྒྲ། །འདུས་བྱས་ཐམས་ཅད་དོར་བར་བྱ། །ཇི་བཞིན་ཧཱུཾ་གི་སྦྱོར་བ་ལས། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། ། རྣམ་པར་རྟོག་ལས་ཡང་དག་བྱུང ། །དེ་ནི་མི་རྟོག་ཡང་དག་འབྱུང ། །འཁོར་བ་དག་གི་ཐོག་མ་ནི། །ཇི་ལྟར་ཡང་ནི་ཤེས་མི་འགྱུར། །འདིར་ནི་སྐྱེ་བ་མི་སྣང་ཞིང ། །འདུས་བྱས་དག་ནི་འཇིག་པ་མིན། །དེ་བས་ཡི་གེ་ཧཱུཾ་ཙམ་གྱིས། །འདུས་བྱས་སོ་སོར་བརྟག་པར་ བྱ། །དག་ཅིང་མཐར་ཐུག་གནས་ཉིད་ནི། །ཧཱུཾ་གིས་ཀྱང་ནི་སྦྱར་བར་བྱ། །རང་བཞིན་མེད་པའི་སྒྲ་འདི་ནི། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང ། །འདི་ལ་དངོས་པོ་ཡོད་མ་ཡིན། །རང་བཞིན་མེད་ཅིང་བདག་མེད་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་ ཉིད་ནི་ཡོད་མ་ཡིན། །བདག་གམ་སེམས་ཅན་གསོ་བ་མེད། །གཟུང་དང་འཛིན་པ་རྣམ་པར་སྤང ། །ཟག་པ་མེད་ཅིང་འདུས་བྱས་མིན། །གནས་ནི་དག་པ་བརྟན་པར་བྱ། །དངོས་གྲུབ་སྦྱོར་བའི་ཡེ་ཤེས་ཀྱིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་ སྦྱོར་བ་ཡིས། །ཡི་གེ་ཧཱུཾ་ནི་ཡང་དག་འབྱུང ། །ཡེ་ཤེས་དག་པ་ཡང་དག་འབྱུང ། །ཆོས་ཀྱི་དབྱིངས་ཀྱིས་བརྟན་པར་བྱ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཡང ། །འདིར་ནི་ཉེ་བར་མི་དམིགས་ཏེ། །གང་ཕྱིར་དུས་གསུམ་གཤེགས་སྙིང་པོ། །སངས་རྒྱས་སྙིང་པོ་
84-1-230b
ཚོགས་སུ་བཤད། །སངས་རྒྱས་སྲས་བཅས་ཐམས་ཅད་དང ། །རྡོ་རྗེ་ཅན་ནི་རྒྱལ་སྲས་བཅས། །ཧཱུཾ་ཙམ་གྱི་ནི་སྦྱོར་བ་ཡིས། །ཀུན་དུ་ཡང་དག་དགུག་པར་བྱ། །ཡི་གེ་སྦྱོར་བ་གཅིག་གིས་ནི། །སངས་རྒྱས་ཀུན་གྱི་སྙིང་པོ་བརྟན། །གང་ཕྱིར་རྡོ་རྗེ་འཛིན་རྒྱལ་པོ། ། འདི་ནི་རང་གི་སྦྱོར་བས་གནས། །ཆོས་ཀྱི་རྒྱུ་མཐུན་བག་ཆགས་ནི། །བྱང་ཆུབ་སེམས་ནི་མ་རྟོགས་པར། །ཐོག་མ་མེད་ལྡན་འཁོར་བ་ལས། །འབྱུང་བ་ཅུང་ཟད་ཡོད་མ་ཡིན། །ཉན་ཐོས་དང་ནི་རང་རྒྱལ་དང ། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ནི། །བྱང་ཆུབ་ཀྱི་ནི་ སེམས་མེད་པར། །འགས་ཀྱང་མྱ་ངན་འདའ་མི་ནུས། །གལ་ཏེ་སངས་རྒྱས་འབྱུང་མེད་ན། །ཉན་ཐོས་དག་ནི་ག་ལས་བྱུང ། །སངས་རྒྱས་འབྱུང་བ་ཡོད་མིན་ན། །རང་རྒྱལ་དེ་ནི་འབྱུང་མི་འགྱུར། །གལ་ཏེ་བྱང་ཆུབ་སེམས་དཔའ་མེད། །སངས་རྒྱས་རྣམས་ནི་གང་ ལས་འབྱུང ། །གལ་ཏེ་བྱང་ཆུབ་སེམས་མེད་ན། །དེ་བས་འཁོར་ལོ་འདི་ཀུན་ནི། །བྱང་ཆུབ་སེམས་ལས་ཡང་དག་བྱུང ། །བྱང་སེམས་གསང་བ་ཆེན་པོ་ནི། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང ། །སངས་རྒྱས་ཐམས་ཅད་རབ་འབྱུང་བ། །ཡི་གེ་ཧཱུཾ་གི་སྣང་བར་འགྱུར། །གང་ཕྱིར་ མཚན་ལྡན་གཟུགས་ཅན་ནི། །རྟག་ཏུ་སངས་རྒྱས་རབ་འབྱུང་བ། །ཧཱུཾ་ཡིག་གི་ནི་སྦྱོར་བ་ཧཱུཾ། །དེ་ཉིད་རྡོ་རྗེ་ཡང་དག་བྱུང ། །ཆོས་དབྱིངས་རབ་སྦྱོར་རྡོ་རྗེ་ནི། །དེ་ལས་ཡང་དག་འབྱུང་བར་འགྱུར། །དེ་ལས་རྡོ་རྗེ་རྣལ་འབྱོར་ཆེ། །རྣལ་འབྱོར་དབང་ཕྱུག་བླ་ན་མེད། ཐེ་ཚོམ་མེད་པར་རྣལ་འབྱོར་ཀུན། ། ཡི་གེ་ཧཱུཾ་གི་སྦྱོར་བས་འགྲུབ། །དེ་ལྟ་བུ་ཡི་བཟླས་པ་ཡིས། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནི། །སྔོན་ནི་བསྔོ་བ་མཛད་པ་ལྟར། །རྣལ་འབྱོར་ལས་བྱས་དགེ་བ་བསྔོ། །བྱང་ཆུབ་སེམས་དཔའི་མཐུ་ཡིས་ནི། །རང་གི་སེམས་ཀྱང་བསྔོ་བར་བྱ། །རྡོ་རྗེ་ཆེན་པོ་མཐར་ཕྱིན་བྱེད། ། བྱང་ཆུབ་སེམས་ཀྱིས་བསྒྲལ་བར་བྱ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཆེ། །སེམས་ཅན་ཐམས་ཅད་གོས་པ་མེད། །ཐམས་ཅད་དེ་བཞིན་གཤེགས་སྙིང་པོ། །ཉོན་མོངས་འདམ་གྱིས་གོས་པ་མེད། །ཇི་ལྟར་ཟླ་བ་བཞིན་དུ་དག་།ཟླ་བ་གང་བའི་འོད་གསལ་བ། །རྟག་ཏུ་
84-1-231a
ཡང་དག་རྫོགས་པར་གནས། །རབ་ཏུ་དང་བ་འགྲུབ་པར་འགྱུར། །འདི་ནི་དང་པོ་ཆོས་ཡེ་ཤེས། །དེ་བཞིན་གཤེགས་པའི་སྙིང་པོ་ཡིན། །རྟག་ཏུ་དག་པར་གནས་པ་སྟེ། །རང་གི་ཉོན་མོངས་དག་གིས་བསྒྲིབས། །དེ་བས་རང་སེམས་རྣམ་པ་ནི། །ཟླ་བ་གང་ བར་ཤེས་པར་བྱ། །བདག་ནི་འགའ་ཡང་ཡོད་མ་ཡིན། །ཆོས་ཉིད་འདི་ནི་རྒྱལ་བས་ཤེས། །ཡེ་ཤེས་ཟླ་བ་གང་བ་མིན། །གང་ཕྱིར་བདག་ནི་ཡོད་མ་ཡིན། །ཟླ་བ་གང་བ་དང་མཚུངས་རིགས། །གང་ཕྱིར་དག་ཅིང་གོས་པ་མེད། །སངས་རྒྱས་ཡེ་ཤེས་སྐྱོན་མེད་པ། །ཟླ་བའི་སྦྱོར་བས་ བསྒོམ་པར་བྱ། །མཐོང་ནས་ཤེས་རབ་ཅན་གྱིས་བསམ། །འདི་ཡང་གང་གིས་རྟོགས་པར་འགྱུར། །ཡུན་རིང་དུས་སུ་སྡུག་བསྔལ་བའི། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཉོན་མོངས་པ་ཡི་བག་ཆགས་ཀུན། །དེ་བཞིན་སྦྱོང་བར་བྱེད་པར་བསམ། །བྱང་ཆུབ་ སེམས་ནི་སེམས་ཆེན་པོ། །ཉོན་མོངས་ཐམས་ཅད་འཇོམས་བྱེད་པ། །ཆོས་ཀྱི་རྒྱུ་མཐུན་བག་ཆགས་ཀྱི། །གཉེན་པོ་རུ་ནི་བྱུང་བ་ཡི། །དེ་བས་འདི་ཡི་མཐུ་ཡིས་ནི། །སངས་རྒྱས་ཡེ་ཤེས་རྣམ་པར་སྤྱོད། །གནས་ངན་ལེན་ནི་བག་ཆགས་བཅས། །འདོད་པའི་འདམ་གྱིས་ གོས་པ་མེད། །ཉི་མ་ལྟ་བུའི་སེམས་ཆེན་པོ། །ཉོན་མོངས་རྩ་ནི་རབ་སྲེག་བྱེད། །ཟླ་བ་ལྟ་བུའི་སེམས་ཆེན་པོ། །དགེ་བའི་སྨན་ནི་རྣམ་འཕེལ་བྱེད། །སོས་ཀའི་ཚ་བའི་ཟླ་བ་བཞིན། །ཉི་མའི་གདུང་བ་རབ་སྲེག་བྱེད། །ཤར་བར་གྱུར་པས་ཞི་བར་བྱེད། །གདུང་བ་ ཐམས་ཅད་ཞི་བར་བྱེད། །ཉོན་མོངས་གདུང་བས་མ་གདུངས་ཤིང ། །མི་ཤེས་པ་ལ་ཉི་མ་ཉིད། །བྱང་ཆུབ་སེམས་ནི་ཟླ་བ་ཆེ། །ཉོན་མོངས་གདུང་བ་ཞི་བྱེད་པར། །ཀུན་ནས་ཉོན་མོངས་བག་ཆགས་བཅས། །གནས་ངན་ལེན་ནི་འཇོམས་པའི་མཆོག་།ཁབ་ལེན་ གྱིས་ནི་ལྕགས་བཞིན་དུ། །ཉོན་མོངས་བག་ཆགས་འདྲེན་བྱེད་པ། །རྡོ་རྗེའི་རང་བཞིན་རྣལ་འབྱོར་པས། །བྱང་ཆུབ་སེམས་དེ་བསྒོམ་བར་བྱ། །ཟླ་བའི་དཀྱིལ་འཁོར་གནས་དེ་རུ། །སླར་ཡང་ཟླ་བ་རྣམ་པར་བསྒོམ། །བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། །བག་
84-1-231b
ཆགས་ཐམས་ཅད་སྲེག་བྱེད་པ། །ཡེ་ཤེས་དེ་རུ་འབྱུང་འགྱུར་ཏེ། །གཟུང་བ་དང་ནི་འཛིན་པ་སྤངས། །རྣམ་པར་མི་རྟོག་མཚུངས་མེད་པ། །བདག་མེད་དེ་བཞིན་སྟོང་པ་ཉིད། །མི་ཤེས་རི་བོ་འཇོམས་པར་བྱེད། །རྡོ་རྗེ་དང་མཚུངས་ཁོང་སྟོང་མེད། །རྡོ་རྗེའི་རང་བཞིན་ སྙིང་པོ་ཆེ། །འཇིག་ཚོགས་རི་བོ་བརྟན་པ་ནི། །རྡོ་རྗེ་དེས་ནི་འཇོམས་པར་བྱེད། །དེ་ཕྱིར་རྡོ་རྗེའི་རང་བཞིན་བསྟན། །དེ་བས་རྡོ་རྗེའི་རྣལ་འབྱོར་བས། །ཟླ་བའི་དབུས་སུ་ཟླ་བ་མཚུངས། །ཟླ་བ་གཉིས་དབུས་རྡོ་རྗེ་ཡིས། །རྡོ་རྗེའི་ཡེ་ཤེས་བརྟན་པར་བྱ། །སྟོང་ཉིད་དེ་བཞིན་ཉིད་ དེ་ཉིད། །ཡང་དག་མཐའ་དང་འདུས་མ་བྱས། །སྐྱེ་བ་མེད་ཅིང་འགག་པ་མེད། །ཡི་གེ་ཧཱུཾ་ནི་བསྒོམ་པར་བཤད། །ཆོས་ཀྱི་དབྱིངས་ནི་བརྟན་པ་མཆོག་།ནམ་མཁའི་དབྱིངས་དང་མཚུངས་པ་ནི། །ཟླ་བའི་དབུས་སུ་བསྒོམ་པར་བྱ། །ཧཱུཾ་གི་སྦྱོར་བ་དེ་ཡིས་ནི། །རྡོ་རྗེའི་ མཆོག་ནི་བསྒོམ་པར་བྱ། །ལུས་ཀུན་ལ་ནི་སྤྲོ་བྱ་ཞིང ། །སྟོང་པ་ཉིད་དང་མཚུངས་པར་སྤྲོས། །གཟུགས་འདི་ཉིད་ནི་མིང་ཙམ་སྟེ། །དངོས་པོ་འགའ་ཡང་ཡོད་མ་ཡིན། །ཆ་ཤས་ཀྱིས་ནི་རྣམ་དཔྱད་ན། །གཟུགས་ཞེས་བྱ་བ་ཡོད་མ་ཡིན། །དེ་དག་ཕྲ་རབ་རྣམ་བརྟགས་ ཀྱང ། །ཕྲ་རབ་ཞེས་བྱ་ཡོད་མ་ཡིན། །འཇིག་རྟེན་ཀུན་རྫོབ་ཅེས་བྱ་སྟེ། །དམ་པའི་དོན་དུ་ཡོད་མ་ཡིན། །དེ་ལྟ་བུ་ཡི་རང་བཞིན་དུ། །གཟུགས་ཞེས་བྱ་བ་ཡོད་མ་ཡིན། །གཟུགས་དེ་ཡོད་པ་མ་ཡིན་ན། །ཇི་ལྟར་ཡོད་ཅེས་བྱ་བ་ཡིན། །གལ་ཏེ་གཟུགས་དེ་ཡོད་ མིན་ན། །མིང་ཡང་དེ་ལ་ཡོད་མ་ཡིན། །མིང་ནི་གང་ལས་ཡང་དག་བྱུང ། །མིང་ཞེས་བྱ་བ་ཅི་འདྲ་བར། །དངོས་ཞེས་བྱ་བ་དེ་དང་མཚུངས། །མིང་དེས་སོ་སོར་བརྟགས་བྱས་ན། །གནས་གང་ཞིག་ན་རབ་ཏུ་གནས། །དངོས་པོ་གཅིག་ནི་རྣམ་ཕྱེ་ན། །མིང་ནི་མང་པོ་ཡང་ དག་བྱུང ། །རེ་རེ་ཡི་ནི་དབྱེ་བ་ཡིས། །སྔར་གྱི་མིང་ནི་ཉམས་པར་འགྱུར། །དེ་ལ་མིང་ནི་ཡོད་མིན་པ། །མིང་ནི་ཡང་དག་འབྱུང་བ་མེད། །གང་ལ་མིང་ནི་ཡོད་མིན་ན། །ཇི་ལྟར་མིང་དུ་བརྗོད་པར་བྱ། །གང་གིས་མིང་ནི་རབ་གནས་པ། །རྣམ་པ་ཀུན་དུ་དམིགས་མི་འགྱུར། །
84-1-232a
གཟུགས་ནི་ཉེ་བར་མི་དམིགས་ལ། །དེ་ལ་གཟུགས་ནི་ཇི་ལྟར་ཡོད། །འདི་ནི་ཡང་དག་མི་རྟོག་པ། །བག་ཆགས་དག་གིས་ཀུན་ནས་དཀྲིས། །གང་དུ་བྱིས་པ་རབ་རྨོངས་ཤིང ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཇི་ལྟར་གཟུགས་ནི་རྣམ་བསྒོམ་པ། །དེ་ བཞིན་ཚོར་དང་འདུ་ཤེས་དང ། །སོ་སོ་རུ་ནི་རྣམ་ཕྱེ་ན། །དེ་ལ་སྙིང་པོ་དམིགས་མི་འགྱུར། །གང་ལ་སྙིང་པོ་ཡོད་མིན་པ། །དེ་ལ་དངོས་པོ་ཇི་ལྟར་ཡོད། །གང་ལ་དངོས་པོ་མི་དམིགས་པ། །དམ་པའི་དོན་ནི་ཇི་ལྟར་ཡོད། །གང་ཞིག་བསྟན་པར་མི་དམིགས་པ། །དེ་ནི་ཡོད་ མིན་དངོས་པོར་མེད། །ཆོས་རྣམས་ཐམས་ཅད་མེད་པས་ན། །སྐྱེ་བ་མེད་པར་བརྗོད་པར་བྱ། །གང་ཞིག་མ་སྐྱེས་དེ་ཡོད་མིན། །གང་ཞིག་ཡོད་མིན་ཇི་ལྟར་ཡོད། །མཁས་པས་ཆོས་རྣམས་ཐམས་ཅད་ནི། །འགག་པ་མེད་ཅེས་བྱ་བར་བརྗོད། །སྐྱེ་བ་མེད་ཅིང་འགག་པ་ མེད། །དེ་ནི་གཟོད་ནས་ཞི་བར་འདོད། །དེ་ཕྱིར་རང་བཞིན་མྱ་ངན་འདས། །འདི་ནི་སྟོང་པ་ཉིད་དུ་བརྗོད། །འདི་ནི་ཡང་དག་དེ་ཉིད་ཆེ། །ཡང་དག་མཐའ་རུ་བརྗོད་པར་བྱ། །ཆོས་ཀྱི་དབྱིངས་ནི་སྙིང་པོ་ཆེ། །ཐེག་པ་ཆེན་པོར་བརྗོད་པར་བྱ། །དེ་ནི་སྙིང་པོ་ཁོང་སྟོང་མེད། །རྡོ་རྗེའི་ བསྟན་པ་བླ་ན་མེད། །ལུས་ཀུན་ལ་ནི་སྤྲོ་བྱ་སྟེ། །བདག་གི་ལུས་ནི་འདི་ལྟ་བུ། །རྡོ་རྗེའི་བདག་ཉིད་ཅེས་བྱ་གང ། །ཡི་གེ་ཧཱུཾ་ནི་ཡོངས་སུ་སྤྲོ། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །འདི་འདྲའི་ཆོས་ནི་སྐྱེ་བ་མེད། །འདིར་ཡང་འབྱུང་བ་ སྣང་བ་མེད། །ཧཱུཾ་ཞེས་བྱ་བའི་སྦྱོར་བ་ཡིས། །སྐྱེ་བར་ཡང་ནི་སྣང་མི་འགྱུར། །ཆོས་ཉིད་དག་པ་བདེན་པ་གང ། །ཡང་དག་མཐའ་ནི་ཟག་པ་མེད། །ཆོས་དབྱིངས་བརྟན་པ་དམ་པ་ནི། །ཡི་གེ་ཧཱུཾ་དུ་འདིར་རབ་བསྒྲགས། །རྡོ་རྗེ་ཡི་གེ་ཧཱུཾ་དེ་ཉིད། །ཆོས་དབྱིངས་ སྟུག་པོ་བསྟན་པ་ཡིན། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་གང་ཡིན་དེ་ཉིད་ཧཱུཾ། །ཆོས་ཉིད་དག་པ་འདི་ལྟ་བུ། །རྡོ་རྗེ་ཡེ་ཤེས་ཡིད་འོང་བ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །རྡོ་རྗེ་བདག་གི་ལག་ན་གནས། །དེ་བས་རྡོ་རྗེ་ཅན་ཀུན་གྱི། །གསང་བའི་རྣལ་
84-1-232b
འབྱོར་ཐམས་ཅད་དང ། །ཡི་གེ་ཧཱུཾ་ལ་སྦྱོར་བ་ཡིས། །སྤྲོས་མེད་རྣལ་འབྱོར་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དམ་པ་ནི། །སྙིང་གའི་དབུས་སུ་བསྒོམ་པར་བྱ། །ཟླ་བ་དེ་ལ་ཟླ་བ་གཉིས། །དབུས་སུ་ཟླ་བ་རབ་བསྒོམ་བྱ། །ཟླ་བའི་དབུས་སུ་རྡོ་རྗེ་ནི། །མཁས་པ་ ཡིས་ནི་བསྒོམ་པར་བྱ། །རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ། །སངས་རྒྱས་བྱང་ཆུབ་རབ་བསྒོམ་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །ལུས་ཀུན་རབ་ཏུ་བསྒོམ་པར་བྱ། །རྡོ་རྗེ་ཧཱུཾ་མཛད་བཟླས་པ་ཡིས། །རྡོ་རྗེའི་བདག་ཉིད་མྱུར་དུ་ཐོབ། །ཧཱུཾ་རྡོ་རྗེ་ཧཱུཾ་མཛད་བསྒོམ་པ་རྫོགས་སོ།། །།ཧཱུཾ་གི་སྦྱོར་བ་ཇི་བཞིན་དུ། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །སེམས་དཔའ་ཆེན་པོའི་སྦྱོར་བ་ཡིས། །ཡི་གེ་བཅུ་དྲུག་དག་པ་ཡིན། །སངས་རྒྱས་ཀུན་གྱི་ཡི་གེ་ཧཱུཾ། །གང་ཕྱིར་སངས་རྒྱས་རིགས་བྱུང་བ། །རྡོ་རྗེ་ཅན་དག་ཀུན་གྱི་ཧཱུཾ། །དྲག་པོ་གཅོད་ཀུན་རབ་ཏུ་བསྒོམ། ། ོཾ་ནི་རིན་ཆེན་ཡང་དག་ལྡན། །ཧྲཱི་ནི་པདྨར་ཡང་དག་ལྡན། །ཡི་གེ་ཨ་ནི་སྣ་ཚོགས་བརྗོད། །དེ་ལྟ་བུར་ཡང་བསྒོམ་པར་བྱ། །ཧཱུཾ་ནི་སངས་རྒྱས་རྡོ་རྗེ་དག་།ཏྲཱཾ་ནི་རྡོ་རྗེ་སྙིང་པོ་སྟེ། །ཡི་གེ་ཧྲཱིཿ ་ནི་རྡོ་རྗེ་བསྟན། །སྣ་ཚོགས་རྡོ་རྗེ་ཡི་གེ་ཨ། །ཧཱུཾ་ནི་རྡོ་རྗེ་སེམས་དཔའ་སྟེ། །རྡོ་རྗེ་རྒྱལ་ པོ་ཡི་གེ་ཛ། །ཧོ་ནི་རྡོ་རྗེ་ཆགས་པ་སྟེ། །རྡོ་རྗེ་ལེགས་པ་ཡི་གེ་ས། །ོཾ་ནི་རྡོ་རྗེ་རིན་ཆེན་ཏེ། །རྡོ་རྗེ་གཟི་བརྗིད་ཡི་གེ་ཨ། །ཏྲཱཾ་ནི་རྡོ་རྗེ་རྒྱལ་མཚན་ཏེ། །རྡོ་རྗེ་བཞད་པ་ཡི་གེ་ཧ། །ཡི་གེ་ཧྲཱིཿ ནི་རྡོ་རྗེ་སྤྱན། །རྡོ་རྗེ་རྣོན་པོ་ཡིག་དྷོཾ། །ོཾ་ནི་རྡོ་རྗེ་འཁོར་ལོ་སྟེ། །རྡོ་རྗེ་སྨྲ་བ་ཡི་གེ་ས། ། ཡི་གེ་ཀཾ་ནི་རྡོ་རྗེ་ལས། །རྡོ་རྗེ་བསྲུང་བ་ཡི་གེ་ཧཾ། །ཧཱུཾ་ནི་རྡོ་རྗེ་གནོད་སྦྱིན་ཏེ། །རྡོ་རྗེ་ཁུ་ཚུར་ཡི་གེ་པཾ། །གང་དང་གང་ལ་འདོད་པ་ཉིད། །སྙིང་གར་དེ་བཞིན་བསྒོམ་པར་བྱ། །ཡི་གེ་ཧཱུཾ་ནི་རྣལ་འབྱོར་པ། །དེ་ནི་མྱུར་དུ་འགྲུབ་པར་འགྱུར། །ཉི་ཤུ་རྩ་གཅིག་བཟླས་པ་ཡིས། ། གཟུགས་གཅིག་རྣམ་པར་སྤྲོ་བར་བྱ། །ཡི་གེ་ཧཱུཾ་བཟླས་ཙམ་གྱིས་ནི། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རང་བདག་ཉིད་ནི་བསྒོམ་པར་བྱ། །བདག་ཉིད་རྡོ་རྗེའི་གཟུགས་སུ་སྟེ། །རྡོ་རྗེ་གཅིག་ནི་རྣམ་པར་བསྒོམ། །རྡོ་རྗེའི་
84-1-233a
དབུས་ཀྱི་ལྟེ་བར་ནི། །དེ་རུ་ཡི་གེ་ཧཱུཾ་བསྒོམ་བྱ། །ཐེག་པ་ཆེན་པོ་མངོན་པར་བསྡུས། །ཇི་བཞིན་མདོ་ཡི་རྗེས་འབྲངས་ནས། །ཇི་བཞིན་རྒྱལ་པོ་སྐྱེས་བུར་བཅས། །ཡི་གེ་ཧཱུཾ་ནི་དང་པོར་བཅས། །དེ་བཞིན་ཡིད་ཀུན་རྣལ་འབྱོར་པས། །སྙིང་ག་རུ་ནི་བསྒོམ་ པར་བྱ། །བདག་ཉིད་རྡོ་རྗེའི་གཟུགས་སུ་སྟེ། །དབུས་སུ་ཡི་གེ་ཧཱུཾ་བསྒོམ་བྱ། །དེ་བཞིན་ཡི་གེ་ཐམས་ཅད་ཀྱང ། །རྣལ་འབྱོར་པས་ནི་སྙིང་གར་བསྒོམ། །ཟླ་བའི་གཟུགས་ལས་ཡང་དག་གནས། །བདག་ཉིད་ཡོངས་སུ་བསྒོམ་བྱ་ཞིང ། །རིགས་ཀྱི་ལྷ་ཡི་སྦྱོར་བ་ཡིས། །རང་ བདག་ཉིད་ནི་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་གང་འགའ་ཞིག་།གང་དང་གང་ཞིག་མངོན་འདོད་པ། །རིགས་པ་དེ་ནི་སྙིང་གར་བསྒོམ། །ཡི་གེ་ཧཱུཾ་ནི་དང་པོར་སྦྱར། །གང་ཕྱིར་དེ་ལས་རྟོགས་པ་འབྱུང ། །དེ་བཞིན་ཡིད་ཀུན་རྣལ་འབྱོར་པས། །སྙིང་གར་བསྒོམས་པས་བསྒོམ་ པར་བྱ། །ཡང་ན་ནམ་མཁའི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་ནི་དང་པོར་སྦྱར། །ནམ་མཁའི་རང་བཞིན་བསྒོམ་བྱ་ཞིང ། །ཡི་གེ་དག་ནི་ཐམས་ཅད་སྦྱར། །ཡང་ན་ནམ་མཁའི་ཟླ་དབུས་སུ། །གནས་པའི་ཡི་གེ་ཧཱུཾ་བསྒོམ་བྱ། །བདག་ཉིད་རིགས་ཀྱི་ལྷ་མོར་བསམ། །སྐད་ཅིག་ དེ་ལ་རབ་འགྲུབ་འགྱུར། །ཧཱུཾ་ནི་ཇི་སྐད་བསྟན་པ་བཞིན། །སྔགས་ཀུན་རབ་ཏུ་བསྒོམ་པར་བྱ། །རིག་པ་ཀུན་གྱི་གསང་བ་ནི། །རྒྱུད་ཀུན་ཡང་དག་བསྡུས་པ་སྟེ། །བཟླས་པའི་གསང་བ་དེས་སྤངས་པ། །གསང་བ་འདི་ནི་རྣམ་པ་དྲུག་།རིག་འཛིན་རྣམས་ཀྱི་སྙིང་པོ་དང ། །རྣལ་ འབྱོར་རྒྱུད་ནི་བསྡུས་པ་དང ། །དོན་ཡོད་ཤིན་ཏུ་རྨད་འབྱུང་བ། །གསང་བ་ལས་ཀྱང་མཆོག་གསང་བཤད། །བཟླས་བརྗོད་ཙམ་གྱི་སྦྱོར་བ་ཡིས། །ལྟ་བའི་རི་བོ་འཇོམས་པར་འགྱུར། །རང་གི་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཟླ་བའི་དཀྱིལ་ འཁོར་དེ་དབུས་སུ། །ཟླ་བ་གཉིས་པ་བསྒོམ་པར་བྱ། །དབུགས་འབྱུང་རྔུབ་པ་གང་ཡིན་པ། །རྡོ་རྗེ་ཡི་གེ་ཧཱུཾ་དུ་བསྒོམ། །མེ་བསྲུབས་པ་ཡི་སྦྱོར་བ་ཡིས། །སྟེང་དང་འོག་ཏུ་རྒྱུ་བར་བྱ། །ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །དབུས་སུ་ཡི་གེ་ཧྲཱིཿ བསྒོམ་བྱ། །སྟེང་འོག་
84-1-233b
འགྲོ་བ་བསྒོམ་པར་བྱ། །ཡི་གེ་ཧཱུཾ་ནི་དེ་སྦྱར་ནས། །ཇི་ལྟར་ཤིང་སྐམ་གཙུབ་སྟན་པ། །གཙུབ་ཤིང་ཡང་དག་སྦྱོར་གནས་སུ། །རྩོལ་བ་བྱས་པ་ཙམ་གྱིས་ནི། །སྐད་ཅིག་གིས་ནི་མེ་འབྱུང་བཞིན། །ཡི་གེ་ཨ་ནི་གཙུབ་སྟན་ཏེ། །ཡི་གེ་ཧཱུཾ་ནི་གཙུབ་ཤིང་ཡིན། །རྒྱུ་ བའི་རྣལ་འབྱོར་པ་ཡིས་ནི། །སྐད་ཅིག་གིས་ནི་ཡེ་ཤེས་སྐྱེ། །ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །ཡི་གེ་ཧྲཱིཿ རུ་འདིར་བརྗོད་བྱ། །བྱང་ཆུབ་སེམས་ནི་ཡི་གེ་ཧཱུཾ། །མེ་ཡི་སྦྱོར་བས་བསྲུབ་པར་བྱ། །བསྲུབ་པའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་དམ་པ་སྐྱེ་བར་འགྱུར། ། རྡོ་རྗེ་དེ་ནི་བསྲེག་བྱ་སྟེ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །བྷ་ག་སངས་རྒྱས་ཀུན་ཤེས་རབ། །ལིང་ག་རྡོ་རྗེ་བརྗོད་པར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །བྷ་ག་ལིང་གར་རབ་ཏུ་བསྒྲུབ། །བྷ་གར་ལིང་ག་བཅུག་ནས་ནི། །མདོ་སྡེ་གསང་དབང་ལས་གསུངས་སོ། །བྷ་གའི་སྦྱོར་བ་འདི་ཡིས་ནི། །མཁས་པས་ ལིང་ག་གཞུག་པར་བྱ། །གསང་བ་གཟི་བརྗིད་ཆེན་པོ་འདི། །མི་བསྲུབ་པ་ཡི་སྦྱོར་བ་ཡིས། །འགའ་ཞིག་གིས་ནི་འདི་བསྒྲུབས་ན། །སྐད་ཅིག་གིས་ནི་ཡེ་ཤེས་སྐྱེ། །བཟླས་པ་གསང་བ་རྣམ་པ་བདུན་རྫོགས་སོ།། །།སྦས་པ་གསང་བ་རྒྱུད་ཆེན་པོ། །འདི་ཉིད་རྣལ་ འབྱོར་ཀུན་དུ་བསྡུས། །འདི་ཉིད་ཆེན་པོ་བསྡུས་པ་ནི། །དེ་ནི་གཞན་ཡང་རབ་བཤད་བྱ། །ཟླ་བ་གང་བ་ཡང་དག་གནས། །བདག་ཉིད་རྡོ་རྗེ་བསྒོམ་པར་བྱ། །དེ་ཡི་དབུས་སུ་རྡོ་རྗེ་སྟེ། །རྡོ་རྗེ་རིགས་ཀྱི་བཟླས་པ་བྱ། །ཟླ་བ་གང་བ་ལ་གནས་པར། །བདག་ཉིད་པདྨར་བསྒོམ་ པར་བྱ། །དེ་ཡི་དབུས་སུ་པདྨ་དེ། །པདྨའི་རིགས་ཀུན་བཟླས་པར་བྱ། །ཟླ་བ་གང་བ་ལ་གནས་པར། །བདག་ཉིད་ནོར་བུར་བསྒོམ་པར་བྱ། །དེ་ཡི་དབུས་སུ་རིན་ཆེན་དང ། །རིན་ཆེན་རིགས་ཀྱི་བཟླས་པར་བྱ། །བདག་ཉིད་རྡོ་རྗེ་གཅིག་པུ་ནི། །རྡོ་རྗེ་ནོན་པོར་རབ་ཏུ་བསྒོམ། ། དེ་ཡི་ལས་ཀྱི་རིགས་མཆོག་ལ། །ལས་ཀྱི་རིགས་ཀུན་བཟླས་པར་བྱ། །སངས་རྒྱས་རྗེས་དྲན་ནས་བརྩམས་ཏེ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །སངས་རྒྱས་རིགས་ཀུན་བཟླས་པར་བྱ། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་པོ། །
84-1-234a
སེམས་དཔའ་གཅིག་ནི་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རྡོ་རྗེ་རིགས་ཀུན་བཟླས་པར་བྱ། །པདྨའི་སེམས་དཔའ་ཆེན་པོའི་གཟུགས། །འཇིག་རྟེན་དབང་ཕྱུག་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །པདྨའི་རིགས་ཀུན་ བཟླས་པར་བྱ། །ནོར་བུ་རིན་ཆེན་སྐལ་བ་ཆེ། །རྡོ་རྗེ་རིན་ཆེན་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རིན་ཆེན་རིགས་ཀུན་བཟླས་པར་བྱ། །སེམས་དཔའ་ཆེན་པོ་རྡོ་རྗེ་ལས། །སེམས་དཔའི་གཟུགས་ནི་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །ལས་ ཀྱི་རིགས་ཀུན་བཟླས་པར་བྱ། །བདེན་པ་དམ་ཚིག་མཆོག་གྱུར་པ། །སངས་རྒྱས་ཐམས་ཅད་རབ་གྲོལ་བྱེད། །ཐོས་པ་ཙམ་གྱིས་ཐབས་ཆེན་པོ། །ཡང་ན་སྙིང་གར་རྡོར་རང་བཞིན། །སྣ་ཚོགས་བདག་པོ་བཟླས་བརྗོད་མཚུངས། །ཤེས་རབ་ཅན་གྱིས་གང་བསམས་པ། །ཕུན་ སུམ་ཚོགས་ཀུན་བདེ་བར་ཐོབ། །གསང་བ་ཡང་དག་བཤད་པར་བྱ། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །དེ་ཡི་ཐུགས་ཀར་འཇུག་བྱ་ཞིང ། །ཡིད་ཀྱིས་ཐམས་ཅད་བཅུག་ནས་ནི། །དེ་ཡི་སྐུ་ནི་མཚུངས་བར་[(]སྤྲོ[)]། །དེ་ཡི་ཐུགས་ཀའི་དབུས་སུ་ནི། །རྡོ་རྗེའི་རིགས་ ནི་རབ་ཏུ་བཤད། །ཇི་བཞིན་སྔོན་གྱི་རྗེས་འབྲངས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །དེ་བཞིན་གཤེགས་པའི་རིགས་བཟླས་ན། །ཐེ་ཚོམ་མེད་པར་སངས་རྒྱས་ཀུན། །སྐད་ཅིག་དེ་ཉིད་ཀྱིས་འགྲུབ་འགྱུར། །རྡོ་རྗེའི་མདའ་ནི་ ཞི་བ་འདི། །འདི་ལྟ་བུ་ཡི་གཟུགས་བསྒོམ་བྱ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རྡོ་རྗེའི་གར་དང་མཚུངས་པར་བསྒོམ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེའི་རིགས་ཅན་ཐམས་ཅད་ནི། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །ཡེ་ཤེས་བཟླས་པས་འགྲུབ་པར་འགྱུར། ། པདྨའི་སེམས་དཔའ་བསྒོམ་བྱ་ཞིང ། །ཐུགས་ཀར་ཇི་བཞིན་འཇུག་པར་བྱ། །སྣ་ཚོགས་ཐབས་ནི་རབ་བསྒོམས་ན། །པདྨའི་རིགས་ཅན་འགྲུབ་པར་འགྱུར། །རྡོ་རྗེ་རིན་ཆེན་བསྒོམ་བྱ་ཞིང ། །ཐུགས་ཀར་ཇི་བཞིན་འཇུག་པར་བྱ། །རིན་ཆེན་མཛོད་ནི་བཅུག་ནས་སུ། །
84-1-234b
ཡང་དང་ཡང་དུ་སྤྲོ་བར་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་རིན་ཆེན་དགའ་ཆེན་པོ། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེ་ལས་སུ་རྣམ་པར་བསམ། །དེ་ཡི་ཐུགས་ཀར་ཞུགས་ ནས་ནི། །སྣ་ཚོགས་རྣམ་འཕྲུལ་སྤྲོ་བར་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །སྣ་ཚོགས་མཛོད་ནི་རབ་སྤྲོས་ནས། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །ཤིན་ཏུ་གསང་བ་འདི་ལྔ་ནི། །བཟླས་པ་གསང་བ་བླ་ན་མེད། །དེ་ལྟ་བུ་ཡི་སྦྱོར་ བ་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །བཟླས་པའི་ཆོ་གའི་སྦྱོར་བ་འདི། །རྒྱུད་ཀྱི་སྙིང་པོ་ཀུན་བསྡུས་ཤིང ། །ཉོན་མོངས་ཐམས་ཅད་རབ་འཇོམས་ལ། །རིག་པ་འཛིན་པས་བཟླས་པར་བྱ། །བཟླས་པའི་སྦྱོར་བ་འདི་ཡིས་ནི། །རིག་པའི་བརྟུལ་ཞུགས་ངེས་པར་ བླང ། །གལ་ཏེ་འདི་ནི་དངོས་གྲུབ་འདོད། །རྣལ་འབྱོར་པ་ཡིས་བརྟུལ་ཞུགས་བྱ། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ནི། །རྣལ་འབྱོར་མཆོག་ཏུ་བརྩོན་པར་བྱ། །ཐེག་པ་ཆེན་པོ་མངོན་བསྡུས་པ། །བྱེ་བ་གསུམ་ནི་ཡོངས་སུ་བཟླ། །བྱེ་བ་གསུམ་ནི་བཟླས་བྱས་ནས། །སྒྲུབ་ པ་དག་ནི་བརྩམ་པར་བྱ། །བྱང་ཆུབ་སེམས་ནི་དགའ་ཆེན་པོ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སེམས་ཅན་གཅིག་གིས་ཡང་དག་བྲི། །གང་ཕྱིར་རྒྱལ་པོ་མཆོག་གསང་དབང། །རྡོ་རྗེ་མཆོག་ནི་རབ་སྟེར་བྱེད། །རྡོ་རྗེ་དབྱིངས་ཀྱི་ སྦྱོར་བ་ཡིས། །དེ་ནི་སྔོན་དུ་ཡང་དག་བརྩམ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཁྲུ་ནི་བཅུ་པར་ཡང་དག་བྲི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་རྣམ་པར་བརྒྱན། །ཀ་བ་བརྒྱད་དང་ཡང་དག་ལྡན། །དར་གྱི་ཆུན་པོས་རྣམ་པར་བརྒྱན། །ཐིག་བཞི་དང་ ནི་ཡང་དག་ལྡན། །ཁ་ཁྱེར་དག་གིས་ཤིན་ཏུ་སྤྲས། །རིན་ཆེན་དྲ་བས་ཡོངས་སུ་བྲེས། །གསེར་སྐུད་དྲིལ་བུ་གཡེར་ཁས་བརྒྱན། །སྒོ་ཁྱུད་དང་ནི་མཚམས་རྣམས་སུ། །རྡོ་རྗེ་འཆིང་བས་རབ་ཏུ་བཅིང ། །རྡོ་རྗེ་རིན་ཆེན་རབ་ཏུ་བཀོད། །རྡོ་རྗེ་ཐིག་གིས་ཐིག་བཏབ་པ། །
84-1-235a
དྲི་ཡི་སྦྱོར་བའི་ཆོ་ག་དང ། །ཕུར་བུས་བགེགས་ནི་བསལ་བྱ་ཞིང ། །ཚོན་རྩི་ལྔ་ཡི་སྲད་བུ་ནི། །རྡོ་རྗེ་གསང་བས་བསྲུང་བར་བྱ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཇི་སྐད་སྔར་བཤད་དེ་ཉིད་ནི། །རྡོ་རྗེ་གསང་བ་ཡོངས་སུ་ བཀོད། །རྡོ་རྗེ་གསང་བ་ཡོངས་བཀོད་ནས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །རྡོ་རྗེ་འཁོར་ལོ་རབ་མཛེས་ལ། །འཁོར་ལོའི་དབུས་སུ་རབ་ཏུ་དགོད། །རྡོ་རྗེ་ཆགས་པ་ཡོངས་སུ་དགོད། །ཚོན་རྩི་ལྔ་ནི་རབ་ཏུ་དབྱེ། །ཇི་སྐད་གསང་རྒྱུད་ལས་གསུངས་བཞིན། །དཀར་ པོ་སྣ་ཚོགས་འོད་འབར་བ། །སྔོན་པོ་སེར་པོ་ཤིན་ཏུ་འབར། །བཙོད་སོགས་དང་ནི་རབ་ཏུ་ལྡན། །འོད་ཟེར་དམར་པོ་སྣ་ཚོགས་ལྡན། །སྣ་ཚོགས་ཚོན་རྩིས་བྲི་བར་བྱ། །འོད་ཟེར་དམར་པོ་སྣ་ཚོགས་འབར། །རྡོ་རྗེ་འཁོར་ལོ་ཡོངས་བཀོད་ནས། །ཟླ་བ་གང་བར་རབ་བཀོད་དོ། ། འཁོར་ལོ་ཐམས་ཅད་ཡོངས་སུ་བཟུང ། །ཁ་དོག་ཇི་བཞིན་རིགས་པ་བཞིན། །ཇི་ལྟར་མཛེས་ཤིང་ཤིན་ཏུ་དཀར། །ཇི་བཞིན་ཟླ་བ་ཉ་བ་མཚུངས། །ཟླ་བ་གང་བ་ཡང་དག་བྲི། །ཟླ་བ་གང་བའི་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བྲི། །གང་གིས་མཚན་ནི་བཟུང་ བ་ཡིས། །སྐད་ཅིག་གིས་ནི་སྡིག་ལས་གྲོལ། །འཛུམ་པ་དང་བཅས་ཟླ་བའི་མདོག་།ཤིན་ཏུ་ཆགས་པ་དགའ་ཆེན་པོ། །མྱུར་དུ་རྡོ་རྗེའི་ཚིག་བརྗོད་དེ། །རྡོ་རྗེ་ཉིད་ཀྱི་སྙིང་པོ་ཡིན། །ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུཾ་ཛཿ ཧཱུཾ་བཾ་ཧོཿ ། རྡོ་རྗེའི་གླུ་ནི་བླང་བྱ་ཞིང ། །བྱང་ཆུབ་ སེམས་དཔའི་སྤྱོད་པ་ཆེ། །སངས་རྒྱས་བྱང་ཆུབ་རབ་སྟེར་བྱེད། །འདོད་པའི་ཆགས་པ་ཡང་དག་དྲན། །ཐམས་ཅད་རྗེས་ཆགས་བདེ་བ་ཐུགས་མཆོག་མངའ། །རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བ་མཆོག་།ཀྱེ་ཁྱོད་བདེ་ཆེན་བསྟན་པས་འཕེལ་མཛད་པ། །རབ་ཏུ་མྱུར་ དུ་སྒྲུབ་པ་འགྲུབ་པར་མཛོད། །རྡོ་རྗེའི་གླུ་ནི་དེ་ལྟ་བུ། །བླང་ཞིང་འཁོར་ལོ་སྤྱན་དྲང་བྱ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྗེས་སུ་ཆགས་ཤིང་རབ་འགྲུབ་འགྱུར། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་གནས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག་།རོལ་པ་དང་
84-1-235b
བཅས་སྤྱན་གཡོ་བ། །བསྙེམས་ཚུལ་ཆེན་པོ་དགའ་བ་ཆེ། །གཡས་པའི་ཕྱག་གིས་རྡོ་རྗེ་ནི། །ཐུགས་ཀ་རུ་ནི་འཛིན་པའི་མཆོག་།གཡོན་པ་དྲིལ་བུ་ཡང་དག་ལྡན། །སླར་ཡང་བསྙེམས་ཚུལ་དང་བཅས་པ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆེ། །རྒྱལ་པོ་ ཆེན་པོ་ཐུབ་པ་ཆེ། །སྤྱོད་པ་ཆེན་པོ་ཐེག་པ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །རིན་ཆེན་ཆེན་པོ་རྡོ་རྗེ་ཆེ། །རྒྱལ་མཚན་ཆེན་པོ་དྲན་པ་ཆེ། །སངས་རྒྱས་དྲན་པ་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། ། བདེ་བ་ཆེན་པོ་བླ་ན་མེད། །ས་དང་ཕ་རོལ་ཕྱིན་བདེ་བར། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཤེས་རབ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །རྡོ་རྗེ་སེམས་ནི་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །རྡོ་རྗེ་ཆེན་པོ་ཆགས་ པ་ཆེ། །རྒྱལ་པོ་ཆེན་པོ་ཐུབ་པ་ཆེ། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག་།རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཆོས་ཀྱི་སྲིད་པ་འཁོར་ལོ་ཆེ། །སྨྲ་བའི་ལས་ནི་བླ་ན་མེད། །བསྲུང་ཞིང་བསྲུང་བ་དྲག་པོ་ཆེ། །རྡོ་རྗེ་ཁུ་ཚུར་བདག་གྲུབ་མཛོད། །རྡོ་རྗེ་ཡི་ནི་གླུ་འདི་ཡིས། །དེ་ ཉིད་མཆོག་ཏུ་བསྐུལ་ནས་ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །རྡོ་རྗེ་སེམས་དཔའ་བསྒོམ་བྱ་ཞིང ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མཁས་པས་དཀྱིལ་འཁོར་དགོད་པར་བྱ། །དཀྱིལ་འཁོར་ སྔ་མ་དང་མཚུངས་པར། །དཀྱིལ་འཁོར་དུ་ནི་ཡང་དག་བྲི། །དེ་ནས་རྡོ་རྗེ་བལྟས་ནས་ནི། །མཚན་བརྒྱ་རྩ་བརྒྱད་གདོན་པར་བྱ། །ཆོས་ཀྱི་རིག་པ་འཛིན་པ་ནི། །དབབ་དང་གཞུག་པ་ལ་སོགས་པ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་ཡང་དག་བྱ། ། བུམ་པ་ལ་སོགས་ཡོ་བྱད་དང ། །སྤོས་དང་མེ་ཏོག་ལ་སོགས་མཆོག་།རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་ཡང་དག་བྱ། །རྡོ་རྗེ་སེམས་དཔའི་རིག་པ་ཡིས། །བུམ་པ་བརྒྱ་རྩ་བརྒྱད་བཟླས་ན། །དེ་ནི་ཞབས་ཀྱི་དྲུང་བཞག་ན། །རྡོ་རྗེ་བདུད་
84-1-236a
རྩིའི་ཆུ་རུ་འགྱུར། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཆོ་ག་ཇི་བཞིན་འཇུག་བྱ་ཞིང ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེས། །བདག་ཉིད་ལ་ནི་དབང་བསྐུར་བྱ། །ཧཱུཾ་གིས་ཡང་དག་ཞུགས་ནས་ནི། །རྡོ་རྗེ་མཆོད་པས་ཡང་དག་མཆོད། །རྡོ་རྗེ་སེམས་དཔའི་ ཏིང་འཛིན་གྱིས། །ཅི་རིགས་པར་ནི་བསྒྲུབ་པར་བྱ། །ཟླ་བའི་དཀྱིལ་འཁོར་གང་བར་གནས། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རང་བདག་ཉིད་ནི་བསྒྲུབ་པར་བྱ། །དེ་ནས་གསང་བ་ཕྱག་རྒྱ་ཆེ། །སྐད་ཅིག་རེ་རེ་བསྒྲུབ་པར་ བྱ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བརྟན་པར་འགྱུར་བར་ཐེ་ཚོམ་མེད། །གསང་བའི་རྣལ་འབྱོར་བསྒྲུབས་ནས་ནི། །ཤིན་ཏུ་བསྟན་པ་བླ་མེད་པ། །རྗེས་ཆགས་སེམས་དཔའ་ཆེན་པོ་ནི། །སྐད་ཅིག་གིས་ནི་བསྒྲུབ་པར་བྱ། །དེ་འདྲའི་མཆོག་ཏུ་གསང་བ་མཐར་ ཕྱིན་པ། །སེམས་དཔའ་རྒྱལ་ཆེན་ཡོངས་སུ་དག་པ་མཆོག་།དག་པའི་ཚུལ་འདི་ཅུང་ཟད་མཚུངས་པ་མེད། །རྗེས་ཆགས་འདོད་ཆགས་ཡོངས་སུ་དག་པ་མཆོག་།རྡོ་རྗེ་རྒྱལ་མཆོག་ར་བ་དག་དྲི་མ་མེད། །གསང་བ་ལས་བྱུང་འཁོར་ལོ་དམ་པ་འཛིན། །རིག་པའི་ གསང་སྔགས་ཚུལ་འདི་བྱང་ཆུབ་བྱེད། །སྙིང་རྗེ་དང་ལྡན་སྤྱོད་པ་སྤྱོད་བྱེད་པ། །དེ་བཞིན་རབ་འཇིགས་སྡུག་བསྔལ་ཆེན་པོའི་ཕ་རོལ་ཕྱིན་གྱུར་པ། །མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱུད་དང་རྒྱུད་དག་ལས་བྱུང་བ། །དེ་རུ་སྲིད་པ་དག་གི་དྲ་བ་ཆེན་པོ་གཅོད་མཛད་པ། །གསང་ སྔགས་འཁོར་ལོ་ལས་བྱུང་གསང་བ་དེ་འདྲར་བཤད། །གསང་རིགས་མཆོག་ཏུ་བྱུང་བའི་འཁོར་ལོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་གཅིག་།སྲས་ཀྱི་གཙོ་བོ་དབང་སྒྱུར་རྒྱལ་པོ་སྟེ། །དེ་ཡིས་ཐར་པའི་གྲོང་ཁྱེར་རབ་ཏུ་བཤད། །གསང་བ་རྣལ་འབྱོར་ཆེན་ པོ་དེ་ཁོ་ན་ཉིད་དམ་པ་མཆོག་ཏུ་གསང་བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལས།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདོ་སྡེ་གསང་བའི་དབང་པོ་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་རྣལ་འབྱོར་
84-1-236b
གསང་བ་ཆེ། །སངས་རྒྱས་ཐམས་ཅད་ཀུན་འདུས་པ། །ཆོས་ཀྱི་དབྱིངས་ནི་བརྟན་པའི་མཆོག་།ནམ་མཁའ་སྣ་ཚོགས་དངོས་ལྡན་པ། །རི་དབང་རྒྱལ་བོ་ཆེན་པོ་སྟེ། །སངས་རྒྱས་ཀྱི་ནི་སྤྲུལ་པ་སྤྲུལ། །རྡོ་རྗེ་དབང་པོ་ཆེན་པོའི་གནས། །སངས་རྒྱས་ཐམས་ཅད་ ཡང་དག་འདུས། །རྡོ་རྗེ་རྒྱལ་པོ་རྩེ་མོ་སྟེ། །གསང་བའི་རྣལ་འབྱོར་ཡང་དག་བྱུང ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །ཆོས་དང་ལོངས་སྤྱོད་རྫོགས་པའི་མཚུངས། །རྡོ་རྗེ་ཀུན་གྱིས་རབ་མཛེས་པ། །མཆོག་ཏུ་གྱུར་བའི་གནས་དེ་རུ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །རྣལ་ འབྱོར་པ་ནི་མི་གསུང་བཞུགས། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །གཙོ་བོས་ཆོས་ཀུན་དབང་དུ་འགྱུར། །རོལ་བཅས་རྡོ་རྗེ་བསྙེམས་ཚུལ་ལྡན། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །སངས་རྒྱས་ཀུན་གྱི་གནས་གཅིག་སྟེ། །ཆོས་ཆེན་པོ་ཡི་རྣལ་འབྱོར་མཆོག་། སངས་རྒྱས་ཐམས་ཅད་འདུས་ནས་ནི། །ཐུབ་པའི་དབང་ཕྱུག་ལ་གསོལ་བཏབ། །རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་དཔའི་དགའ་ཆེན་པོ། །སེམས་དཔའ་བྱང་སེམས་ལས་བྱུང་བ། །རང་གི་རིགས་འབྱུང་བཤད་དུ་གསོལ། །རྡོ་རྗེ་འཆང་བ་རྒྱལ་པོ་སྟེ། ། རྒྱུད་ཀྱི་སྙིང་པོ་གསང་བ་ཆེ། །གསང་བ་ཆེན་པོ་རིགས་ཀྱི་དབང། །མདོ་སྡེ་གསང་དབང་རྒྱལ་པོ་སྟེ། །ཐེག་པ་ཆེན་པོ་མངོན་བསྡུས་པ། །ཞི་བས་བྱང་ཆུབ་འགྲུབ་འགྱུར་ཏེ། །ཐམས་ཅད་ཡང་དག་བསྡུས་པ་མིན། །གཏུམ་པོ་ཐམས་ཅད་རབ་འཇོམས་པ། །རང་ རིགས་རྟག་ཏུ་བཤད་དུ་གསོལ། །རྡོ་རྗེ་འཆང་བ་རྒྱལ་པོ་སྟེ། །ཀུན་དུ་མི་གསུང་བཞུགས་པར་གྱུར། །མི་གསུང་གསང་བ་མ་གསུངས་ཏེ། །ཞི་བའི་བདེ་བ་ལ་བཞུགས་གྱུར། །གསང་བ་དེ་བཞིན་གཤེགས་པ་མཆོག་།སེམས་དཔའ་ཆེན་པོ་སྙོམས་པར་ཞུགས། ། རྟོག་ཅིང་གཟིགས་པར་མི་མཛད་དེ། །གསང་བའི་རྣལ་འབྱོར་བཞུགས་པར་གྱུར། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །ཆོས་ཀྱི་དབྱིངས་ནི་བརྟན་པར་མཛད། །སངས་རྒྱས་གཅིག་བཞིན་ཡང་དག་འགྱུར། །དོན་ཡོད་གྲུབ་པ་བླ་ན་མེད། །སངས་རྒྱས་ཐམས་
84-1-237a
ཅད་རྣལ་འབྱོར་ཆེ། །གསང་བ་ཀུན་ལས་ཡང་དག་བྱུང ། །རྡོ་རྗེའི་སྦྱོར་བའི་ཏིང་འཛིན་གྱིས། །རྡོ་རྗེ་ཅན་ལ་བསྐུལ་བ་གསུངས། །ོཾ་བཛྲ་ས་ཏྭ་ཨུཏ་ཏིཥྛ། རྡོ་རྗེ་བསྐུལ་བ་གསུངས་པ་ན། །ཆོས་དབྱིངས་སངས་རྒྱས་གཅིག་པུ་ཉིད། །གསང་ བའི་རྣལ་འབྱོར་ཏིང་འཛིན་གྱིས། །རྡོ་རྗེ་སེམས་དཔའ་བཞེངས་པར་གྱུར། །ཐུབ་པས་མགོན་རྣམས་ལ་བཏུད་ནས། །ཚིག་ནི་འདི་སྐད་གསུངས་པར་གྱུར། །རྣམ་པ་ཀུན་དུ་ཅི་ཞིག་བགྱི། །བདག་ལ་སངས་རྒྱས་ཀུན་གྱིས་གསུངས། །ཕྱག་ན་རྡོ་རྗེ་བརྟན་པ་ལ། །དེ་ནས་ སངས་རྒྱས་ཀུན་གྱིས་གསུངས། །གསང་བ་རྡོ་རྗེ་རིགས་ཞེས་པ། །རིགས་ཀྱི་དཀྱིལ་འཁོར་བཤད་དུ་གསོལ། །སངས་རྒྱས་ཀུན་གྱི་གསུང་ཐོས་ནས། །རྡོ་རྗེ་དབང་པོའི་གནས་སྣང་བྱེད། །རབ་ཏུ་བཏུད་ནས་ཚིག་གསུངས་པ། །མགོན་པོ་རྣལ་འབྱོར་གཟིགས་སུ་ གསོལ། །བདག་གི་སྣོད་དང་ལྡན་པའི་མཆོག་།འདི་ནི་སེམས་ཅན་འགའ་ཡང་མེད། །གང་ཕྱིར་མུ་སྟེགས་ལ་ཆགས་ཤིང ། །སྐྱེ་དགུ་ལྟ་བའི་དྲི་མས་ཁྱབ། །སེམས་ཅན་འདི་དག་གདུལ་བྱ་མིན། །སངས་རྒྱས་ཆོས་ཀྱི་སྣོད་མ་ཡིན། །ལོག་པའི་ལམ་དུ་ཡང་དག་ ཞུགས། །མུན་པ་སྟུག་པོ་ལ་གཞོལ་བ། །ལ་ལ་ལྷ་མི་ལྟ་ལ་ཆགས། །ཁ་ཅིག་བརྟུལ་ཞུགས་ལྟ་བའི་གནས། །ཁ་ཅིག་དཀའ་ཐུབ་གདུངས་པས་འཁྲུལ། །ཉོན་མོངས་པས་ནི་འཁྲུག་པའི་སེམས། །འདོད་པའི་ཡོན་ཏན་ལྔ་ལ་ཆགས། །སྐྱོ་བར་ཡང་ནི་མི་འགྱུར་ཏེ། ། རྡོ་རྗེ་རིགས་ཀྱི་གསང་འདི་ལ། །ནམ་ཡང་སྦྱོར་བར་མི་འགྱུར་རོ། །དེ་དག་འདོད་ཆགས་ཆེ་ལ་ཆགས། །འདོད་པའི་ཆགས་པ་དག་ལས་རྒྱལ། །སངས་རྒྱས་བྱང་ཆུབ་ཆགས་བྲལ་བ། །གསང་བ་འདི་ལ་སྦྱོར་མི་འགྱུར། །ལྟ་བའི་ཆགས་པས་རྒྱལ་བར་འགྱུར། ། འདོད་པའི་ཆགས་པས་ལྟ་བ་ཅན། །སྲིད་པའི་ཞགས་པས་ཤིན་ཏུ་ཆགས། །སངས་རྒྱས་བསྟན་པ་ལ་ཆགས་བྲལ། །ང་རྒྱལ་ལྷག་པའི་ང་རྒྱལ་བཅིང ། །གདུག་ཅིང་དྲག་ལ་ཤིན་ཏུ་ཁྲོ། །སྙིང་རྗེ་མེད་ཅིང་བརྩེ་མེད་འགྱུར། །དེ་ལ་གསང་བ་རུང་མ་ཡིན། །རྨོངས་
84-1-237b
པ་ཀུན་མཁྱེན་ཡིན་སྙམ་པ། །ཡེ་ཤེས་ཆེན་པོ་ལ་མཁས་པ། །གསང་བ་འདི་ནི་རུང་མ་ཡིན། །འདྲེན་པ་ཇི་ལྟར་བཤད་པར་བགྱི། །གནོད་སྦྱིན་དང་ནི་སྲིན་པོ་ཉིད། །ཤ་ཟ་འབྱུང་པོ་གསང་བ་པ། །ལྷ་ལ་སོགས་པ་གདུག་ཆེན་པོ། །བསྟན་པ་ལ་ནི་འཇུག་མི་འགྱུར། ། ང་ནི་སངས་རྒྱས་རབ་ཏུ་ཞི། །བྱང་ཆུབ་སེམས་ནི་དགའ་ཆེན་པོ། །སེམས་ཅན་འདི་དག་ཤིན་ཏུ་གདུག་།བདག་གི་ཚིག་ནི་འགྲུབ་མི་འགྱུར། །ང་ནི་རྒྱལ་ཆེན་ཐེག་ཆེན་ལ། །ནམ་མཁའི་དབྱིངས་བཞིན་རབ་ཏུ་ཡངས། །ཀྱེ་མ་སེམས་ཅན་འདི་དག་དམན། ། བདག་གི་ཚིག་ནི་འགྲུབ་མི་འགྱུར། །ང་ནི་ཐེག་ཆེན་དག་པ་སྟེ། །ཉོན་མོངས་འདམ་གྱིས་གོས་པ་མེད། །ཀྱེ་མའོ་སེམས་ཅན་འདི་ཉོན་མོངས། །བདག་གི་ཚིག་འདི་འགྲུབ་མི་འགྱུར། །ང་ནི་ཤེས་རབ་ཡེ་ཤེས་ཆེ། །ཐེག་པ་ཆེ་ལ་ཤིན་ཏུ་བསྟན། །ཀྱེ་མ་སེམས་ ཅན་ཤེས་རབ་ངན། །བདག་གི་ཚིག་འདི་འགྲུབ་མི་འགྱུར། །བསོད་ནམས་ཆེན་པོ་ཡེ་ཤེས་ཆེ། །ང་ནི་མཆོད་པ་ཆེན་པོའི་ཚོགས། །ཀྱེ་མའོ་སེམས་ཅན་བསོད་ནམས་ཆུང ། །བདག་གི་ཚིག་འདི་འགྲུབ་མི་འགྱུར། །སེམས་ཅན་འདི་དག་ཉེ་བར་འཚེ། །འཇིགས་པ་སྣ་ ཚོགས་ཀུན་དུ་ཁྱབ། །རྣམ་རྟོག་གིས་བསྐྱོད་ཤེས་རབ་ངན། །སངས་རྒྱས་ཆོས་ཀྱི་སྣོད་མ་ཡིན། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །བདག་པོ་ཆེན་པོ་དབང་ཕྱུག་ཀྱང ། །རྨོངས་པ་ཀུན་སེལ་ཉིད་གྱུར་པ། །སྟོབས་ཆེན་རྫུ་འཕྲུལ་ཆེན་པོ་སྟེ། །དེ་ལ་རྒྱལ་པོ་གྲོགས་བྱེད་ཡོད། ། སྒྱུ་མའི་སྔགས་ནི་ཡོངས་སུ་འཛིན། །དེ་ནི་མི་རྒྱུད་ཅེས་བྱ་སྟེ། །སེམས་ཅན་རྨོངས་བྱེད་ལྷུར་ལེན་པ། །དེ་ནི་རྒྱལ་པོ་ལྷ་ཆེན་པོ། །གཙོ་བོ་རྒྱལ་པོ་ཆེན་པོ་མཚུངས། །དེ་ནི་དབང་ཕྱུག་ཆེ་ཞེས་བྱ། །གདུག་པའི་སེམས་ཅན་འཇོམས་བྱེད་པ། །དེ་ཡི་གཟུགས་ཅན་རྒྱལ་པོ་ ཆེ། །སྐྱེད་བྱེད་བྱེད་པ་པོ་བདག་པོ། །ཚངས་པ་ཆེན་པོ་རྒྱལ་པོ་ཆེ། །ལྟ་བ་སྣ་ཚོགས་རབ་སྟེར་བ། །འདོད་པའི་ཁམས་ཀྱི་རྒྱལ་པོ་ཆེ། །དབང་པོ་ཞེས་བྱ་ཤ་ཅིའི་བདག་།བརྩོན་འགྲུས་དབང་ཕྱུག་ཆེན་པོའི་བུ། །གདོང་དྲུག་རྫུ་འཕྲུལ་ཆེན་པོ་ཅན། །དབུང་ཆེན་ཞེས་བྱའི་
84-1-238a
མིང་ཆེ་སྟེ། །གཞོན་ནུ་མི་ཕམ་འོད་ལྔ་མིང ། །རྒྱལ་པོ་ཆེན་པོ་འདི་ལྔ་ནི། །ཁམས་གསུམ་གྱི་ནི་བདག་པོར་བཤད། །རྒྱལ་པོ་ལྔ་ནི་གཟི་བརྗིད་ཆེ། །ལུས་གསུམ་གྱི་ནི་ངོ་མཚར་ཆེ། །སྐུལ་བྱེད་དབང་ཕྱུག་ཆེན་པོ་ནི། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། ། དེ་ཡི་ལུས་ཅན་རྒྱལ་པོ་ཆེ། །དབང་ཕྱུག་ཆེན་པོ་ཞེས་གྲགས་པ། །སེམས་ཅན་གདུག་པ་ཤིན་ཏུ་དྲག་།སྔགས་བཅས་འཁོར་དང་བཅས་པ་ཡི། །རྒྱལ་པོ་ལྔ་པོ་དེ་དག་ནི། །སེམས་ཅན་དག་ནི་རྣམ་རྨོངས་བྱེད། །ལྟ་བ་ཆེན་པོ་འཛིན་བྱེད་ཅིང ། །བདུད་ཀྱི་དབང་དུ་ གྱུར་པ་སྟེ། །ཉོན་མོངས་ཆེན་པོས་རབ་ཉོན་མོངས། །གཞན་ཡང་ཀུན་ནས་ཉོན་མོངས་བྱེད། །སེམས་ཅན་དག་ནི་འཇོམས་བྱེད་ཅིང ། །བདག་གི་ཚིག་འདི་འགྲུབ་མི་འགྱུར། །དབང་ཕྱུག་ཆེན་པོ་བདག་ཉིད་ཆེ། །བདག་ཉིད་དམ་པའི་ཡིད་ཆེན་པོ། །དེ་ལྟ་བུ་ཡི་རྣམ་རྟོག་ གིས། །སེམས་ཅན་རྣམ་པར་རྨོངས་པར་བྱེད། །ཚངས་པ་འབྱིན་བྱེད་སྐྱེ་དགུའི་བདག་།བྱེད་པ་རང་བདག་བྱེད་པ་པོ། །ལྟ་བ་ཆེན་པོ་དེ་ལྟ་བུས། །སེམས་ཅན་དག་ནི་རྣམ་རྨོངས་བྱེད། །ཁྱབ་འཇུག་ཀུན་སོང་ཁྱབ་བྱེད་པ། །ཁྱབ་འཇུག་རང་བཞིན་གྲོང་ཁྱེར་ཀུན། །དེ་ལྟར་ཡང་ དག་མི་འཛིན་པ། །ལྟ་བའི་འཆིང་བ་རབ་སྟེར་བྱེད། །རྒྱ་ཆེར་རྒྱལ་པོ་འདི་རྣམས་ནི། །ལྟ་བར་སྨྲ་ལ་ངེས་པར་སྟོན། །རྨོངས་པ་མཁས་པ་ཡིན་སེམས་ཤིང ། །སེམས་ཅན་འཆིང་བར་བྱེད་པ་ཡིན། །སེམས་ཅན་དེ་རྣམས་གཞན་གྱིས་བསྐུལ། །ལྟ་བར་སྨྲ་བ་ངེས་པར་སྟེན། ། ཁྱབ་འཇུག་ཚངས་པ་ལ་སོགས་པ། །དབང་ཕྱུག་ཆེན་པོ་ཕྱག་བྱེད་དེ། །སངས་རྒྱས་ཡེ་ཤེས་རྣམ་ཀུན་དུ། །བདག་གི་ཚིག་འདི་འགྲུབ་མི་བྱེད། །སེམས་ཅན་འདི་རྣམས་རྨོངས་པར་གྱུར། །དེ་ལ་གསང་བ་རུང་མ་ཡིན། །དེ་ལྟ་བུ་ཡི་རྣམ་པ་ཡིས། །རྡོ་རྗེ་སེམས་དཔའ་དགའ་ ཆེན་པོ། །སངས་རྒྱས་ཀུན་གྱིས་མཁྱེན་ནས་ནི། །རྣལ་འབྱོར་པ་ནི་མི་གསུང་བཞུགས། །མགོན་པོ་ཆེན་པོ་སངས་རྒྱས་ཀུན། །ཐུབ་པ་ཉི་མ་མ་ལུས་པས། །གསུང་གཅིག་གིས་ནི་གསང་བ་ཆེ། །རྡོ་རྗེ་ཡི་ནི་ཚིག་གསུངས་པ། །ཀྱེ་མའོ་སེམས་ཅན་འདི་གདུལ་དཀའ། །
84-1-238b
གདུག་ཅིང་དྲག་ལ་ཤིན་ཏུ་གཏུམ། །སངས་རྒྱས་ཀུན་གྱིས་མི་འདུལ་བ། །དེ་ཕྱིར་བདག་ཅག་གསོལ་བ་འདེབས། །མགོན་ཁྱོད་ཤེས་རབ་ཆེན་པོ་སྟེ། །ཁྱོད་ནི་ཐབས་ཆེན་བརྗོད་པར་བྱ། །བྱང་ཆུབ་སེམས་ནི་ཐབས་ཆེན་པོ། །ཉོན་མོངས་ཐམས་ཅད་ངེས་པར་འཇོམས། ། གདུག་པ་ཐམས་ཅད་རབ་གདུལ་བ། །མགོན་པོ་ཁྱོད་ལ་གསོལ་བ་འདེབས། །གདུག་པ་འདུལ་བྱེད་རྣམ་འཕྲུལ་པ། །ཐབས་ཆེན་པོ་ནི་རབ་ཏུ་གསུངས། །སངས་རྒྱས་ཀུན་གྱིས་སེམས་ཅན་འདི། །འདུལ་བར་མི་འགྱུར་སྣོད་མིན་ལ། །ཐབས་ཆེན་ཁྲོ་བ་ཆེན་པོ་ནི། །ཐུབ་པ་ ཆེན་པོས་བསྟན་དུ་གསོལ། །སངས་རྒྱས་ཀུན་གྱི་ཚིག་གསན་ནས། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །ཚིག་དག་གིས་ནི་ཞུས་གྱུར་པ། །སངས་རྒྱས་ཀུན་ལ་འདི་སྐད་གསུངས། །ེ་མའོ་གསང་བ་འཁོར་ལོ་ཆེ། །ཐབས་ཆེན་བདག་ཉིད་ཆེན་པོ་སྟེ། །ཆོས་ཀྱི་དབྱིངས་ནི་བསྟན་ པའི་དངོས། །ཐབས་ཀྱི་འཁོར་ལོ་རབ་སྟོན་པ། །ཇི་སྐད་དུ་ནི་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་བགྱི། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །དྲག་པོ་ཉིད་ནི་བསྟན་པར་བྱ། །དེ་སྐད་གསུངས་ནས་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ། མི་གསུང་བཞུགས་ནས་རྣལ་འབྱོར་གྱིས། །དྲག་པོ་ཉིད་ལ་སྙོམས་པར་ཞུགས། །དྲག་པོའི་དཀྱིལ་འཁོར་རྡོ་རྗེ་མཆོག་།ཅེས་བྱའི་ཏིང་འཛིན་དེ་ལྟ་བུ། །དྲག་པོ་ཆེན་པོ་སྙོམས་པར་ཞུགས། །དེ་བཞིན་ཐུགས་ཀ་ནས་བྱུང་བ། །དྲག་པོ་འཇིགས་རུང་ཡི་གེ་ཧཱུཾ། །ཁྲོ་བོ་ ཆེན་པོ་བརྗོད་པར་འགྱུར། །རྡོ་རྗེ་ཧཱུཾ་མཛད་ཁྲོ་རྒྱལ་པོ། །མགོན་པོ་ཐུགས་ཀ་ནས་བྱུང་གྱུར། །ས་གཞི་མ་ལུས་གཡོས་གྱུར་ཅིང ། །ས་འདི་དག་ནི་སྒྲ་སྒྲོགས་གྱུར། །སྟོང་གསུམ་མ་ལུས་འདི་དག་ནི། ཧཱུཾ་ཧཱུཾ་ཞེས་བྱ་བརྗོད་པར་གྱུར། །ཚད་མེད་གཞལ་དུ་མེད་པ་ཡི། ། ཁྲོ་བོའི་རྒྱལ་པོ་བྱུང་གྱུར་པས། །ཕྱོགས་རྣམས་ཀུན་དུ་གདུག་ཆེན་དག་།སྐད་ཅིག་དེ་ལ་གཏུམ་པར་གྱུར། །སླར་ཡང་གཅིག་ཉིད་གྱུར་ནས་ནི། །གོང་བུར་བྱས་ནས་རབ་བསྡམས་ཏེ། །ཁྲོ་བོའི་རྒྱལ་པོ་སྐུ་ཆེན་པོ། །འཇིགས་སུ་རུང་བ་གཅིག་ཏུ་གྱུར། །དེ་ནི་
84-1-239a
ཁྲོ་བོའི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་གྲགས་ཆེན་པོ། །ཁྲོ་རྒྱལ་མདུན་དུ་འདུག་ནས་ནི། །སླར་ཡང་སྙིང་པོ་རབ་ཏུ་བརྗོད། །ཧཱུཾ་ཏྱ་ཧཱུཾ་ཏྱ། འཇིགས་སུ་རུང་བའི་སྤུ་ལངས་བྱེད། །གནོད་སྦྱིན་ཀུན་བདག་གནོད་སྦྱིན་ཏེ། །རྡོ་རྗེ་གནོད་སྦྱིན་རྫུ་འཕྲུལ་ ཆེ། །ཁྲོ་བོ་ཆེན་པོ་བརྗོད་པ་ཡིན། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །འབར་བའི་ཕྲེང་བའི་འོད་ཀྱིས་ཁྱབ། །རྡོ་རྗེ་མེ་ནི་དྲག་པོ་ཆེ། །མ་ལུས་གསལ་ཞིང་མེ་འབར་གྱུར། །ཕྱི་རོལ་གྱི་ནི་གདུག་པ་ཅན། །མ་ལུས་དཀྱིལ་འཁོར་ལས་བྱུང་བ། །རྡོ་རྗེ་མེ་ནི་རབ་འབར་ བས། །གཡོ་བ་མེད་ཅིང་ཤི་བར་གྱུར། །ལྷ་ཆེན་ལ་སོགས་གདུག་པ་རྣམས། །གང་དག་རིགས་ཀྱི་དཀྱིལ་འཁོར་རྣམས། །རྡོ་རྗེ་གནོད་སྦྱིན་གྱིས་གདུངས་ནས། །གཡོ་བ་མེད་ཅིང་འབར་བར་གྱུར། །དེ་ནི་རྡོ་རྗེ་གནོད་སྦྱིན་ཆེ། །དྲག་པོའི་གཟུགས་ཅན་རབ་འཇིགས་ བྱེད། །ཁྲོ་གཉེར་བསྙེར་བའི་གདོང་ཅན་ཏེ། །དེ་བཞིན་གནག་དང་སྔོ་བར་གྱུར། །མཆེ་བ་གཙིགས་པའི་ཞལ་མངའ་བ། །དབུ་སྐྲ་གྱེན་བརྫེས་ཤིན་ཏུ་སྐྲག་།སྤྱན་དམར་སྤྱན་དང་ལྡན་པ་སྟེ། །དེ་བཞིན་རྡོ་རྗེ་བསྟན་པའི་ཞལ། །དྲག་པོ་རྡོ་རྗེ་དྲག་ཚོགས་འཛིན། ། གཅིག་བུ་འབར་བ་རབ་ལྡན་པ། །ཞགས་པ་ལྕགས་ཀྱུ་རྡོ་རྗེ་བདག་།སངས་རྒྱས་ཐམས་ཅད་འཇིགས་བྱེད་པ། །ས་རྣམས་མ་ལུས་གཡོ་བར་བྱེད། །ས་འདི་ཡང་ནི་གཡོ་བར་བྱེད། །གནོད་སྦྱིན་ཆེན་པོ་འབྱུང་པོ་སོགས། །གཡོ་བ་མེད་ཅིང་འོག་ཏུ་འགྱེལ། །དེ་ནི་ དྲག་པོ་གནོད་སྦྱིན་ཆེ། །སངས་རྒྱས་ཐམས་ཅད་འཇིགས་པར་བྱེད། །དེ་ཡི་སྤྱན་སྔར་འདུག་ནས་ནི། །ཆེད་དུ་བརྗོད་པ་ཡང་དག་བརྗོད། །ེ་མའོ་བྱང་ཆུབ་ཀྱི་ནི་སེམས། །ཀུན་དུ་བཟང་པོ་ཀུན་དགེ་བ། །སེམས་ཅན་འདུལ་བའི་ཐབས་སུ་ནི། །བརྩེ་མེད་ཁྲོ་བོ་ཉིད་དུ་གྱུར། ། སྔར་ནི་རྡོ་རྗེ་སེམས་དཔའ་གང ། །ཞི་བའི་གཟུགས་སུ་རྣམ་གནས་པ། །རྡོ་རྗེ་གནོད་སྦྱིན་འཛིན་གྱུར་ནས། །རྡོ་རྗེ་དྲག་པོ་ཞེས་བྱར་གྲགས། །དེ་ནི་དྲག་པོ་རྡོ་རྗེ་འཛིན། །འཇིགས་རུང་བ་སྤུ་ལངས་པར་བྱེད། །ཡི་གེ་ཧཱུཾ་བཞིའི་ཕྱག་རྒྱ་ཡི། །སྙིང་པོ་གཏུམ་པོ་ཉིད་ཀྱང་
84-1-239b
གསུངས། །ོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ། གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ། ཤིན་ཏུ་གཏུམ་ཞིང་ཆེར་གྲགས་པ། །དེ་བཞིན་ཐུགས་ཀ་ནས་བྱུང་སྟེ། །ཞལ་བཞི་དང་ནི་ཕྱག་བརྒྱད་པ། །བསྐལ་པ་ཡི་ནི་མེ་ལྟར་དྲག་། རྡོ་རྗེ་དུས་ཀྱི་མེ་ལྟར་བྱུང ། །ཉོན་མོངས་ཕྱོགས་ནི་རབ་སེལ་བྱེད། །སྨིན་མ་བསྐྱོད་པས་གཙིགས་པའི་ཞལ། །དེ་བཞིན་རྣམ་པར་འཇིགས་པའི་གདོང ། །འཇིག་རྟེན་གསུམ་སྲེག་དམ་ཚིག་སྟེ། །རྡོ་རྗེ་ཅན་ཀུན་སྲེག་པར་བྱེད། །འབར་ཕྲེང་ཀུན་དུ་འཁྲིགས་པའི་སྒྲ། ། རྡོ་རྗེ་བསྐལ་བའི་མེ་ལྟར་འབར། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ནི། །ཕྱག་གཉིས་ཀྱིས་ནི་ཡོངས་སུ་གཟུང ། །རྡོ་རྗེ་བསྡམས་པ་འཛིན་རྒྱལ་པོ། །ལྕགས་ཀྱུ་དང་ནི་ཞགས་པས་བརྒྱན། །རྡོ་རྗེ་ཡི་ནི་ལུ་གུ་རྒྱུད། །ཕྱག་གཉིས་ན་བསྡམས་འཇིགས་རུང་ཞལ། །སངས་རྒྱས་ ཐམས་ཅད་བསྡིགས་བྱེད་པ། །རྡོ་རྗེ་གཏུམ་པོ་ཡང་དག་བྱུང ། །དྲག་པོ་བཀའ་ནི་ནོད་པར་བྱེད། །མྱུར་བ་རུ་ནི་བཀའ་སྩོལ་ཅིག་།མིན་ན་སངས་རྒྱས་ཁྱེད་རྣམས་ཀུན། །ཐེ་ཚོམ་མེད་པར་བཟའ་བར་བྱ། །དེ་ནས་སངས་རྒྱས་ཀུན་གྱིས་གསུངས། །ཊཀ་ཀི་ཛཿ ཧཱུཾ་ ཤིན་ཏུ་དྲག་།རིགས་དང་བཅས་པར་ལྷ་ཆེན་པོ། །སྟོབས་ཆེན་པོ་ཡིས་དགུག་པར་གྱིས། །དེ་ནས་རིག་པའི་མཆོག་རྒྱལ་པོ། །བསྙེམས་པའི་ཚུལ་གྱིས་བཞད་བྱེད་ཅིང ། །ཁྲོ་བོ་དྲག་པོ་རྔ་སྒྲ་སྒྲོགས། །རྡོ་རྗེ་ཞགས་པ་བསྐུལ་བར་བྱ། །རྡོ་རྗེ་ཞགས་པ་དྲག་པོ་ཆེ། ། དཔུང་བཅས་གྲོགས་དང་བཅས་པ་དང ། །དེ་བཞིན་རིགས་དང་དཀྱིལ་འཁོར་བཅས། །སོང་ལ་དབང་ཕྱུག་ཆེན་པོ་ཁུག་།བཛྲ་པཱ་ཛ་ཧཱུཾ། དབང་ལྡན་རྒྱལ་པོ་ཆེན་པོ་ནི། །སྣ་ཚོགས་རང་གི་འཁོར་ན་གནས། །འཇིགས་བྱེད་མ་དང་ལྷན་ཅིག་ཏུ། །འདོད་པ་ཅན་ ནི་མཆོག་ཏུ་རོལ། །རྡོ་རྗེ་ཞགས་པ་དེར་སོང་སྟེ། །ཁྲོ་བོའི་སྒྲ་ཡིས་བསྡིགས་པར་གྱུར། །དབང་ལྡན་རྒྱལ་པོ་ལ་སྨྲས་པ། །ཁྱོད་ལ་སྟོན་པ་སྤྱན་འདྲེན་མཛད། །སྐྲག་ཅིང་ཁྲོས་ནས་ལྷ་ཆེན་པོས། །འཇིགས་པ་ཡི་ནི་ཚིག་བརྗོད་པ། །ང་ནི་འཇིག་རྟེན་གསུམ་
84-1-240a
རྒྱལ་པོ། །ང་ལས་སྟོན་པ་གཞན་ཡོད་དམ། །རྡོ་རྗེ་ཞགས་པ་ཁྲོ་བོ་ཆེས། །ཚིག་ནི་ལན་གསུམ་བརྗོད་པར་གྱུར། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེ། །ཁྱོད་ལ་ཤིན་ཏུ་སྤྱན་འདྲེན་མཛད། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཡིས། །སླར་ཡང་ལན་གསུམ་སྨྲས་ པ་ནི། །ང་ནི་ཁོ་ན་རྒྱལ་པོ་རང ། །ང་ལ་སྤྱན་འདྲེན་གང་ཞིག་ཡོད། །དེ་ནས་ཞགས་པས་བཀའ་བཞིན་བྱེད། །ཁྲོ་བོ་དྲག་པོ་རབ་འཇིགས་པས། །ཡན་ལག་ཐམས་ཅད་བཅིངས་ནས་ནི། །དབང་ཕྱུག་ཆེན་པོ་བཀུག་པར་གྱུར། །འཇིགས་ཤིང་སྐྲག་ནས་ལྷ་ཆེན་པོ། ། ཤིན་ཏུ་སྨྲེ་སྔགས་འདོན་ཅིང་ངུ། །སྐྱབས་ནི་གང་ཡང་ཡོད་མ་ཡིན། །འཇིགས་པ་ཆེན་པོ་ཀུན་དུ་བྱུང ། །སྟོབས་དང་དེ་བཞིན་ང་རྒྱལ་གྱིས། །སྟོབས་དང་ཤུགས་ནི་བསྟན་ནས་སུ། །ཞགས་པ་བཅད་ནས་བྲོས་པར་གྱུར། །རང་གི་གནས་སུ་སོང་གྱུར་ནས། ། འཇིག་རྟེན་གསུམ་གྱི་ལྷ་རྣམས་བོས། །ལྷ་དང་ལྷ་མིན་དྲི་ཟར་བཅས། །སྐད་ཅིག་གིས་ནི་འདུས་གྱུར་ནས། །འཁོར་རྣམས་དག་ནི་ངུ་བར་གྱུར། །ཇི་ལྟར་སྔོན་གྱིས་མ་བྱས་པའི། །དེ་ལྟ་བུ་ནི་ཡང་དག་མཐོང ། །སེམས་ཅན་རབ་དྲག་འདི་སུ་ཞིག་།རྡོ་རྗེ་ཞགས་ པའི་མདུན་སོང་སྟེ། །རྡོ་རྗེ་རིག་པ་མཆོག་ལ་ཞུས། །དབང་ཕྱུག་ཆེན་པོས་བདག་བཅད་དེ། །དྲག་པོ་ཚངས་པ་རབ་ཏུ་བྲོས། །རྡོ་རྗེ་རིག་པ་མཆོག་རྒྱལ་པོ། །ཁྲོ་བོ་གཏུམ་པོ་ཤིན་ཏུ་དྲག་།དེ་ལྟ་བུ་ཡི་ཚིག་གསན་ནས། །ཐམས་ཅད་དུ་ནི་འབར་བར་གྱུར། ། ཁྲོ་བོ་རྡོ་རྗེ་ལུ་གུ་རྒྱུད། །དྲག་པོ་ཡིས་ནི་བཀའ་བསྒོ་བ། །མྱུར་དུ་སོང་ལ་ལྷ་ཆེན་པོ། །རིགས་ཆེན་པོ་དང་བཅས་པ་ཁུག་།ཁྲོ་བོའི་རྒྱལ་པོ་ལུ་གུ་རྒྱུད། །གསན་ན་དབང་ཕྱུག་ཆེ་གནས་སོང ། །ཡན་ལག་ཐམས་ཅད་བཅིངས་ནས་སུ། །ལྷ་མོ་དང་བཅས་ཀུན་དུ་ བཀུག་།སྐད་ཅིག་འཇིགས་པས་ངུ་བྱེད་ཅིང ། །ལྷ་རྣམས་ཐམས་ཅད་ཤིན་ཏུ་འཇིགས། །འཇིགས་པའི་སྡུག་བསྔལ་སྨྲེ་སྔགས་འདོན། །དེ་རིང་འདྲེན་པ་ལྷ་ཆེན་མིན། །སྟོབས་དང་ཤུགས་ནི་ཐམས་ཅད་ཀྱིས། །རྡོ་རྗེ་ཀུན་དང་འཐབ་པར་གྱུར། །མཐུ་དང་
84-1-240b
སྟོབས་དང་ཤུགས་ཀྱིས་ནི། །བཅག་ནས་ཐམས་ཅད་བྲོས་པར་གྱུར། །ལྷ་ཆེན་ལ་སོགས་ཐམས་ཅད་ནི། །ཕྱོགས་རྣམས་ཀུན་དུ་བྲོས་པར་གྱུར། །མུན་པ་ཡིས་ནི་ཀུན་དུ་འཁྲུག་།ཕྱོགས་རྣམས་ཀུན་དུ་འཇིགས་པར་གྱུར། །ཁྲོ་བོ་ལུ་གུ་རྒྱུད་འོངས་ནས། །རྣམ་པ་ ཀུན་དུ་སྨྲ་བར་བྱེད། །མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །བདག་ཅག་གནས་ནི་བྲོས་པར་གྱུར། །ཁྲོ་བོ་རྡོ་རྗེ་རིག་པ་མཆོག་།སླར་ཡང་ཤིན་ཏུ་ཁྲོས་པར་གྱུར། །འབར་བའི་ཕྲེང་བས་རབ་འབར་ཞིང ། །རྡོ་རྗེ་དྲག་པོ་ཉིད་དུ་གྱུར། །དྲག་པོ་ཧ་ཧ་ཞེས་བཞད་དགོད། ། རང་གི་ཡན་ལག་ཟ་བར་བྱེད། །རང་གི་མགོ་ལ་རྡེག་བྱེད་ཅིང ། །རྡོ་རྗེ་གསོར་བ་བསྐོར་བར་འབར། །དེ་ལྟ་བུ་ཡི་ཁྱད་པར་དང ། །བཅས་པས་ཁྲོ་བོ་ཡང་དག་བྱུང ། །སླར་ཡང་རང་གི་བདག་ཉིད་དྲན། །ཁྲོ་བོའི་རྒྱལ་པོ་བརྗོད་པར་གྱུར། །ོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་ གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཁྲོ་བོའི་རྒྱལ་པོ་བཅས་ནས་ནི། །ཡི་གེ་ཛཿ ནི་ཡོངས་སུ་བརྗོད། །རྡོ་རྗེ་ལྕགས་ཀྱུར་རབ་ཏུ་བསྔགས། །སྟོབས་དང་ལྡན་པ་ཁྲུག་ལ་ཤོག་།ོཾ་བཛྲ་ཛྭ་ལ་ཨག་ནི་ས་ཏྲི་ཥ་ཨཾ་ཀུ་ཤ་ཛཿ ཛཿ ། རྡོ་རྗེ་འབར་བ་ལྕགས་ཀྱུ་ནི། །སོང་ནས་ཕྱོགས་ཀུན་བདག་ཉིད་ཆེ། །སྐད་ཅིག་གིས་ནི་སྟོབས་ཆེན་རྣམས། །ལྷ་རྣམས་ཐམས་ཅད་བཀུག་པར་གྱུར། །རྒྱལ་བོ་དབང་ཕྱུག་ལྔ་དང་ནི། །ལྷ་རྣམས་ཐམས་ཅད་གྲངས་མེད་པར། །རིགས་བཅས་དཔུང་དང་བཅས་པ་ཉིད། ། གཅིག་ཉིད་དུ་ནི་བསྡུས་པར་གྱུར། །རྡོ་རྗེ་ལྕགས་སྒྲོག་རབ་ཏུ་མངགས། །ཆིངས་ཤིག་སྟོབས་ཆེན་དང་ལྡན་པ། །ཚོགས་དང་བཅས་པའི་ལྷ་རྣམས་ཀུན། །བཅིང་བ་ལྔ་ཡིས་བཅིངས་པར་གྱུར། །ནང་གི་འཁོར་དང་བཅས་པའི་ཚོགས། །ལྷ་ཚོགས་གནོད་སྦྱིན་སྲིན་པོ་ དང ། །ལྷ་མིན་རླུང་དང་འབྱུང་པོའི་ཚོགས། །གཞན་ཡང་གདུག་པའི་ཚོགས་རྣམས་ནི། །ཐམས་ཅད་བཅིངས་པར་གྱུར་ནས་ནི། །རྡོ་རྗེ་ཞགས་པ་རབ་ཏུ་མངགས། །རྡོ་རྗེ་ལྕགས་ཀྱུ་དང་བཅས་པར། །སོང་ལ་དཀྱིལ་འཁོར་དག་ཁུག་ཅིག་།རྡོ་རྗེ་ཞགས་
84-1-241a
པས་མངོན་ཆགས་པས། །ཡན་ལག་ཀུན་ལས་ཡོངས་སུ་སྤྲོ། །རྡོ་རྗེའི་རང་བཞིན་ཞགས་པ་སྟེ། །བརྟན་བར་གྱུར་པར་ཐེ་ཚོམ་མེད། །བྱེ་བདག་ནི་གྲངས་མེད་བཅུ། །རྡོ་རྗེ་ལྕགས་ཀྱུ་རབ་ཏུ་བྱུང ། །ལྷ་ལ་སོགས་པའི་རེ་རེ་ཞིང ། །སྤྱི་བོ་ནས་ འགུགས་ཡང་དག་སྦྱོར། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི། །སྤྱི་བོའི་གཙུག་ཏུ་བཏབ་ནས་ནི། །རྡོ་རྗེ་ལྕགས་ཀྱུ་རྒྱལ་པོ་ཡིས། །དབང་ཕྱུག་ཆེན་པོ་འགུགས་པར་བྱེད། །ལྷ་སོགས་འཁོར་དང་བཅས་པ་ཀུན། །ཕན་ཚུན་དུ་ནི་ངུ་བར་བྱེད། །ཤུགས་རིངས་ཀུན་ དུ་ཕྱུང་ནས་ནི། །ཕན་ཚུན་དུ་ནི་སྨྲ་བར་བྱེད། །ཀྱེ་མའོ་སྡུག་བསྔལ་ཀྱེ་མའོ་ཤི། །ཚོགས་ནི་གང་དུ་ཁྱེར་བར་གྱུར། །རྡོ་རྗེ་འབར་བ་ཆེན་པོ་དེས། །སྐད་ཅིག་དེ་ལ་བསྲེགས་གྱུར་ནས། །རི་རབ་རི་ཡི་རྩེ་མོ་རུ། །ལྷ་ལ་སོགས་པ་ཐམས་ཅད་བཀུག་།གནས་དེ་རུ་ ནི་ཐམས་ཅད་དག་།ཡོངས་སུ་བསྐོར་ནས་ཀུན་དུ་གནས། །རྡོ་རྗེ་ཁ་ཁྱེར་ཕྱི་རོལ་དུ། །ལྷ་རྣམས་དེ་དག་ཐམས་ཅད་གནས། །རྡོ་རྗེ་ར་བའི་ཕྱི་རོལ་དུ། །ལྷ་ལ་སོགས་པ་ཐམས་ཅད་བཀུག་།ཕྱི་རོལ་རྡོ་རྗེ་ར་བ་ནི། །ལྕགས་བསྲེགས་རང་བཞིན་རྡོ་རྗེ་མཚུངས། ། རྡོ་རྗེ་ཅན་གྱི་རྡོར་འབར་མས། །ནང་ནས་ཤིན་ཏུ་གདུངས་པར་གྱུར། །ལྷ་ཚོགས་སེམས་ཅན་དེ་དག་ཀྱང ། །འཇིགས་སུ་རུང་བའི་འོ་དོད་འབོད། །སྟོང་གསུམ་འདི་དག་ཐམས་ཅད་ཀྱང ། །ཧཱུཾ་ཧཱུཾ་སྒྲ་ནི་ཡོངས་སུ་བརྗོད། །འོ་དོད་བོས་ནས་སྨྲ་བར་བྱེད། །ངན་སོང་ དག་ནི་ཅི་ཞིག་བྱེད། །སྔོན་མ་མཐོང་བ་འདི་ཅི་ཞིག་།འདིར་ནི་རྡོ་རྗེ་འཛིན་པར་འགྱུར། །རྡོ་རྗེ་འཛིན་པས་རྒྱལ་པོ་དེ། །སླར་ཡང་ཐུགས་རྗེ་ཀུན་དུ་སྐྱེས། །ཐམས་ཅད་བཅིངས་པ་ལས་བཀྲོལ་ཏེ། །རྡོ་རྗེ་མེ་ཡི་ཉེ་བར་མཛེས། །རྡོ་རྗེ་གནོད་སྦྱིན་དྲག་པོ་ཆེ། །རང་གི་ དཀྱིལ་འཁོར་ནས་ཕྱུང་སྟེ། །ལྷ་ལ་སོགས་པ་ཀུན་བོས་ཏེ། །ང་ཡི་ཚིག་འདི་རབ་ཏུ་ཉོན། །དེ་ནས་ལྷ་རྒྱལ་ལ་སོགས་པ། །ཁྱོད་ནི་སུ་ཡིན་སྨྲ་བར་བྱེད། །ངེད་ཀྱིས་ཁྱོད་ནི་སྔར་མ་མཐོང ། །གནས་མཆོག་འདི་ཡང་སྔར་མ་མཐོང ། །རྡོ་རྗེ་གནོད་སྦྱིན་དྲག་པོ་ཆེ། །
84-1-241b
ཧ་ཧ་ཞེས་དགོད་བཞད་པ་ཡིས། །སྨྲས་པ་རྡོ་རྗེ་གནོད་སྦྱིན་ང ། །ཐམས་ཅད་ཟ་བྱེད་བཟོད་དཀའ་བ། །དེ་ནས་ལྷ་ཆེན་གྱིས་སྨྲས་པ། །རྡོ་རྗེ་གནོད་སྦྱིན་ངས་མི་ཤེས། །ང་ཡིས་ཁྱོད་ནི་སྔར་མ་མཐོང ། །བདག་ཉིད་ཁོ་ན་རང་བྱུང་བ། །རྡོ་རྗེ་དྲག་པོས་རབ་སྨྲས་པ། ། ང་ཡི་བཀའ་ལ་མྱུར་གནས་ཀྱིས། །མིན་ན་རྡོ་རྗེ་འབར་བ་འདིས། །རང་གི་རིགས་ནི་སྲེག་པར་བྱེད། །ལྷ་ཆེན་པོ་ཡིས་ཚིག་སྨྲས་པ། །བསྟན་པ་ལ་ནི་ང་མི་གནས། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ང ། །སུ་ཡི་བསྟན་པ་ལ་གནས་པ། །འཁོར་དང་བཅས་པའི་སྟོབས་ གང་ཡིན། །དེ་རིང་ང་ཡིས་བསྟན་པར་བྱ། །ཁྱོད་ལ་སྟོབས་ནི་ཅི་ཡོད་པ། །སྟོབས་ཆེན་ལྡན་པས་བསྟན་པར་གྱིས། །དབང་ཕྱུག་ཆེན་པོ་རྒྱལ་པོ་ཆེ། །འབྱུང་པོའི་ཚོགས་བཅས་ལྷན་ཅིག་ཏུ། །ཚིག་དག་སྨྲས་པར་གྱུར་པ་ནི། །དྲག་པོ་ཉིད་ནི་བསྟན་པར་བྱ། ། སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །འོད་ཟེར་འབར་བའི་ཕྲེང་བས་ཁྱབ། །ཧ་ཧ་ཞེས་བྱ་ཤིན་ཏུ་དྲག་།དབང་ཕྱུག་ཆེན་པོས་བསྟན་པར་བྱ། །ོཾ་ཤཱུ་ལ་ཨ་ཏྲི་ཤཱུ་ལ་མ་ཧཱ་ས་ཧ་སྲ་ཤཱུ་ལ་ཨཱ་ཡུ་དྷེ། རྩེ་གསུམ་མངག་གཞུག་རྒྱལ་པོ་ནི། །སྟོང་ཕྲག་གཅིག་ནི་བྱུང་ བར་འགྱུར། །རྩེ་བཅས་ཀུན་དུ་འབར་བ་ཡིས། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །ན་རཱ་ཡ་ནས་སྨྲས་པ། །ོཾ་མ་ཧཱ་ས་ཧ་སྲ་ཙཀྲ་ཨཱ་ཡུ་དྷེ། ཁྱབ་འཇུག་གིས་ནི་དེ་དག་སྨྲས། །འཁོར་ལོ་གཅིག་ཏུ་རྣམ་པ་སྟོང ། །ཐམས་ཅད་འོད་ཟེར་འབར་བས་ཁྱབ། ། རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །བརྒྱ་བྱིན་གྱིས་སྨྲས་པ། །ོཾ་མ་ཧཱ་ས་ཧ་སྲ་བཛྲ་ཨཱ་ཡུ་དྷེ། རྡོ་རྗེ་སྟོང་ནི་བྱུང་བར་གྱུར། །རྡོ་རྗེ་འབར་བ་ཚ་བས་ཁྱབ། །བརྒྱ་བྱིན་གྱིས་ནི་སྨྲས་པ་ཡིན། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །གཞོན་ནུས་སྨྲས་པ། ཨོཾ་མ་ཧཱ་ས་ཧ་སྲ་ ཤ་ཀྵྱཱ་ཡུ་དྷེ། གཞོན་ནུས་དེ་སྐད་སྨྲས་ནས་ནི། །མདུང་ནི་རྩེ་གསུམ་སྟོང་བྱུང་གྱུར། །སྒྲ་ནི་དྲག་པོ་སྒྲོགས་བྱེད་ཅིང ། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །ཚངས་པས་སྨྲས་པ། ཨོཾ་མ་ཧཱ་ས་ཧ་སྲ་དཎྜ་ཨཱ་ཡུ་དྷེ། ཚངས་པས་དེ་སྐད་སྨྲས་ནས་ནི། །དབྱུག་
84-1-242a
ཏོ་སྟོང་ནི་བྱུང་གྱུར་ནས། །མཚོན་ཆ་དྲག་པོ་འཇིགས་བྱེད་པས། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །གཞན་ཡང་ལྷག་མ་མ་ལུས་པ། །རྣམས་ཀྱིས་ཡང་ནི་མཚོན་ཆ་དག་།རེ་རེ་སྟོང་ཕྲག་གཅིག་གྱུར་ནས། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། ། ཐ་ན་སྤྲུལ་པ་གང་ཡིན་དང ། །ཕྱི་རོལ་གྱི་ནི་དམ་ལྡན་པ། །དེ་རྣམས་ངེས་པར་སྟོང་གྱུར་ནས། །རྡོ་རྗེ་ཅན་དང་ལྷན་ཅིག་འཐབ། །མེ་ཡང་ཀུན་དུ་འབར་གྱུར་ཅིང ། །འཇིགས་པར་བྱེད་པའི་རླུང་ཡང་བྱུང ། །འབྲུག་གི་སྒྲ་དང་གློག་ཆེན་བོས། །ཁྱད་པར་སྲིད་ གསུམ་གནས་པར་གྱུར། །ཧ་ལ་ཧ་ལའི་སྒྲུ་ཆེན་པོ། །ནམ་མཁའ་བར་སྣང་ལ་ནི་གྲག་།རྡོ་རྗེ་དྲག་པོ་ཚོགས་ཆེན་པོ། །ལྷ་རྣམས་ཐམས་ཅད་འཐབ་པར་བྱེད། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །གཏུམ་པོ་དྲག་པོ་འཇིགས་བྱེད་པས། །ལྷ་ཡི་ལན་གྱི་ཕྱག་རྒྱ་ ནི། །རྡོ་རྗེ་ཡི་ནི་སྙིང་པོ་གསུངས། །ོཾ་མ་ཧཱ་ས་ཧ་སྲ་ཧ་ར་བཛྲ་ཙ་ཀྲེ། །ོཾ་མ་ཧཱ་བཛྲ་ཤཱུ་ལེ། ཨོཾ་དཱི་བྟ་ཛྭཱལ་ཨག་ནི་བཛྲ། ཨོཾ་བཛྲ་ཤཀྟི། ཨོཾ་མ་ཧཱ་བཛྲ་ནི་དྷི། དེ་ལྟ་བུ་ཡི་རྣམ་པ་རུ། །སྙིང་པོ་དག་ནི་སྟོང་ཕྲག་གཅིག་།སྲིད་གསུམ་ཞི་བར་བྱ་བའི་ཕྱིར། ། རྡོ་རྗེ་འཆང་ནི་ཆེན་པོས་ཕྱུང ། །གཏུམ་པོ་འོད་ཟེར་འབར་བས་ཁྱབ། །རྡོ་རྗེ་མེ་དང་ཡང་དག་ལྡན། །དྲག་པོའི་སྙིང་པོ་ལས་བྱུང་གྱུར། །རྡོ་རྗེ་འཆང་ནི་དབུས་ན་བཞུགས། །ལྷ་ཚོགས་ཕྱག་རྒྱ་དེ་དག་ནི། །རྣམ་པར་བཤིག་ཅིང་དུམ་བུར་བྱས། །བཅོམ་ ཞིང་བསྡམས་ཏེ་བསྲེས་ནས་ནི། །ཕྱོགས་རྣམས་ཀུན་དུ་ཐིམ་པར་གྱུར། །རྡོ་རྗེ་མེ་ཡིས་རབ་བསྡམས་པས། །ལྷ་ཡི་རྒྱལ་པོ་འབར་བར་འགྱུར། །འོག་ནས་ས་ནི་རབ་ཏུ་འབར། །སྟེང་ནས་མེ་ནི་ཤིན་ཏུ་གདུངས། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེས། །དབང་ཕྱུག་ཆེན་ པོ་ལ་གསུངས་པ། །ལུས་སྲུལ་པོ་ནི་དྲག་པོ་ཆེ། །ང་ཡི་བཀའ་ནི་རབ་ཏུ་ཉོན། །དུར་ཁྲོད་གནས་ལ་རབ་ཏུ་དགའ། །ལུས་ལ་ཐལ་བ་དག་གིས་བྱུགས། །མི་ཡི་ཤ་ནི་བཟའ་བར་བྱེད། །ང་ཡི་བཀའ་ནི་རབ་ཏུ་ཉོན། །ཁྲག་རློན་གྱིས་ནི་རབ་ཏུ་བསྐུས། །
84-1-242b
པགས་པ་རློན་པ་གོས་སུ་གྱོན། །ལྷ་རྣམས་ཐམས་ཅད་ཁྱོད་ཀྱི་འཁོར། །ང་ཡི་བཀའ་ནི་རབ་ཏུ་ཉོན། །གདུག་པ་དྲག་ཆེན་མཚན་མོ་རྒྱུ་བ་སློང་མོ་བ། །ཁྲག་ལ་སྤངས་པའི་པགས་ཅན་ལུས་ལ་ཐལ་བས་བྱུགས། །ང་ཡིས་བཀའ་ཉོན་དྲག་པོའི་སེམས་ ལྡན་ལུས་སྲུལ་པོ། །མིན་ན་བསྐལ་པའི་མེ་ཡིས་རྩཝ་བཞིན་ཁྱོད་བསྲེག་བྱ། །རོ་བསྲེགས་ཐལ་བའི་ཕུང་པོ་བཞིན་དུ་ཐལ་བར་འགྱུར། །རིགས་བཅས་དཔུང་ལྡན་དཀྱིལ་འཁོར་དང་བཅས་གནོད་སྦྱིན་དྲག་།རྡོ་རྗེ་དྲག་པོ་ཡི་ནི་རབ་གཞོམ་གཞིག་པར་བྱ། །དབང་ ཕྱུག་ཆེན་པོས་སྨྲས་པ། ང་ནི་མ་ལུས་དབང་ཕྱུག་ཆེན་པོའི་འཁོར་ལོས་སྒྱུར། །འཇིག་རྟེན་གསུམ་གྱི་ལྷ་ཚོགས་མ་ལུས་པ་ཡི་འཁོར། །ཤིན་ཏུ་དྲག་ཅིང་རྣམ་གཙིགས་འཇིག་རྟེན་ཁྱོད་ཡིན་ཡང ། །ཁྱོད་ཀྱིས་ང་ཡི་བཀའ་ནི་མཉན་པར་གྱིས། །གདུག་དང་ སངས་རྒྱས་མང་པོའི་འཁོར་ནི་སངས་རྒྱས་ཆོས་ཀྱི་འབྱུང་གནས་ང་ཡིས་སྤྲུལ། །ཞི་ཞིང་དེ་ལ་རྣམ་འདུལ་གསང་བ་དྲི་མེད་ཉོན་མོངས་མེད་པའི་ཕ་རོལ་ཕྱིན། །དེ་འདྲའི་མགོན་པོ་དགའ་བ་དུས་གསུམ་བཞུགས་པ་ཐམས་ཅད་ནས་དབང་བསྐུར། །སླར་ཡང་ ང་ཡི་འབྱུང་པོའི་ཚིག་ཉོན་ཞེས་པའི་ཚིག་ནི་འདི་ལྟ་བུ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །འདུལ་བའི་དོན་ལ་ཤིན་ཏུ་མཁས། །ཁྲོ་བོ་གདུག་པ་གཏུམ་ཆེན་པོ། །རབ་འབར་ཁྲོ་བའི་རྒྱལ་པོ་ནི། །རྡོ་རྗེའི་བྱིན་བརླབས་ཕྱག་རྒྱ་ལས། །བྱ་བ་དེ་འདྲའི་ཏིང་འཛིན་ལ། ། སྙོམས་པར་ཞུགས་ནས་སེམས་དཔའ་ཆེས། །རང་རིགས་ཁྲོ་བོ་ལས་བྱུང་བ། །གདུག་པ་རྣམས་ནི་འདུལ་བའི་ཕྱིར། །ཁྲོ་བོའི་ཆོས་ཀྱི་ཚུལ་བཟུང་ནས། །རྐང་པ་ནས་བརྩམས་སྤྱི་བོའི་བར། །ལུས་ཀུན་ལས་ནི་རྣམ་པར་ཕྱུང ། །ོཾ་བཛྲ་ཀྲོ་དྷ་ཨུཥྞི་ཥ་ཧཱུཾ། རྡོ་རྗེའི་གཙུག་ཏོར་ཁྲོ་བོ་ཆེ། །འབར་བའི་སྤྱི་བོ་ནས་ཕྱུང་ནས། །ས་རྣམས་ཐམས་ཅད་གཡོ་བྱེད་ཅིང ། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་འཇོམས། །ོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷ་ཧཱུཾ། ཁྲོ་བོའི་རྒྱལ་པོ་ཁྲོ་གཉེར་ཅན། །མཛོད་སྤུ་ལས་ནི་རབ་ཏུ་བྱུང ། །འཇིགས་བྱེད་དྲག་པོ་
84-1-243a
ཡང་དག་ལྡན། །ལུས་རྣམས་ཐམས་ཅད་འབར་འགྱུར་བ། །ོཾ་ནི་སུམྦྷ་བཛྲ་ཧཱུཾ། རྡོ་རྗེ་རིག་པ་མཆོག་རྒྱལ་པོ། །ཁ་ལས་རབ་ཏུ་བྱུང་བར་གྱུར། །སྤྱི་བོ་ནས་བརྩམས་རྐང་མཐིལ་བར། །རྡོ་རྗེ་འབར་བ་ཡང་དག་ལྡན། །ཊཀྐི་ཧཱུཾ་ཛཿ ། ཐུགས་ ཀྱི་ཁྲོ་བོ་རྒྱལ་པོ་ཆེ། །ཐུགས་ཀ་ནས་ནི་རབ་ཏུ་བྱུང ། །འབར་བའི་ཕྲེང་བས་ཁྱབ་པའི་སྐུ། །འཇིགས་སུ་རུང་བ་སྤུ་ལངས་བྱེད། །ོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་ཧཱུཾ། རྡོ་རྗེ་ལྕགས་ཀྱུ་ཁྲོ་བོ་ཆེ། །ཕྲག་བ་གཡས་ནས་རབ་ཏུ་བྱུང ། །རྡོ་རྗེ་ལྕགས་ཀྱུ་གསོར་བྱེད་ ཅིང ། །རྡོ་རྗེ་འབར་བ་ཡང་དག་ལྡན། །ོཾ་བཛྲ་བཱ་ཤ་ཀྲོ་དྷ་ཨཱ་ཀདྜྷྱ་ཧཱུཾ་ཕཊ། རྡོ་རྗེ་ཞགས་པ་ཁྲོ་བོ་ཆེ། །ཕྲག་པ་གཡོན་ནས་རབ་ཏུ་བྱུང ། །རྡོ་རྗེ་འབར་བར་ཡང་དག་ལྡན། །རྡོ་རྗེ་ཞགས་པས་བསྐོར་བར་བྱེད། །ོཾ་བཛྲ་ཀཱི་ལི་ཀྲོ་དྷ་ཧཱུཾ་ཕཊ། ཁྲོ་བོའི་རྒྱལ་པོ་ ལྕགས་ཀྱུ་ཐོགས། །ལྟེ་བའི་དབུས་གནས་རབ་ཏུ་ཕྱུང ། །ཀུན་ནས་འབར་བ་ཡང་དག་ལྡན། །བློ་མཆོག་རྡོ་རྗེ་གནོད་སྦྱིན་མཚུངས། །ོཾ་བཛྲ་མེ་ཁ་ལཱ་ཀྲོ་དྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་སྐ་རགས་ནི། །རྐེད་པའི་རྡོ་རྗེ་རབ་ཏུ་ཕྱུང ། །ཀུན་ནས་འབར་བ་ཡང་དག་ལྡན། ། ཕྱག་རྒྱ་དང་ནི་ལྷན་ཅིག་ལྡན། །ོཾ་བཛྲ་ཀྲོ་དྷ་བ་ལ་ཧཱུཾ། ཁྲོ་བོའི་རྒྱལ་པོ་ཆེན་པོ་སྟོབས། །དཔུང་བ་གཡས་ནས་རབ་ཏུ་ཕྱུང ། །རྡོ་རྗེ་འབར་བས་འབར་བར་གྱུར། །མེ་ཡིས་ཤིན་ཏུ་ང་རྒྱལ་གྱུར། །ོཾ་བཛྲ་བ་ལཱ་ཡ་ཀྲོ་དྷ་ཧཱུཾ། ཁྲོ་བོའི་རྒྱལ་པོ་གདུ་བུ་ནི། །དཔུང་ པ་གཡོན་ལས་ཡང་དག་བྱུང ། །གསང་ཞིང་རྡོ་རྗེ་འབར་བས་ཁྱབ། །རྡོ་རྗེ་ཁྲོ་བོས་རབ་ཏུ་ཁེངས། །ོཾ་ས་མ་ཡ་བཛྲ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ། དམ་ཚིག་ཁྲོ་བོའི་རྒྱལ་པོ་ནི། །དེ་བཞིན་ཁྲོ་བོའི་གནོད་བྱེད་པ། །ཁུ་ཚུར་གཡས་ནས་རབ་ཏུ་ཕྱུང ། །ཀུན་ནས་འབར་བ་ ཡང་དག་ལྡན། །ོཾ་བཛྲ་མུཥྚི་ཀྲོ་དྷ་ཧཱུཾ་ཕཊ། ཁྲོ་བོ་ཁུ་ཚུར་དྲག་པོ་ཆེ། །ཁུ་ཚུར་གཡོན་ལས་རབ་ཏུ་བྱུང ། །རྡོ་རྗེ་འབར་བ་དག་གིས་གསལ། །རྡོ་རྗེ་མེ་ཡིས་རབ་ཏུ་བརྒྱན། །ོཾ་བཛྲ་བན་དྷ་ཀྲོ་དྷ་ཧཱུཾ། ས་མ་ཡ་ཧཱུཾ། ཨོཾ་བཛྲ་ཨཉྫ་ལི་བན་དྷ་ཀྲོ་དྷ་ཧཱུཾ། ས་
84-1-243b
མ་ཡ་ཧཱུཾ། རྡོ་རྗེ་འཆིང་བ་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་སོར་མོ་ཉིད། །ཁྲོ་བོ་ལག་པ་གཡས་གཡོན་གྱི། །སོར་མོ་དག་ལས་ཡང་དག་བྱུང ། །ོཾ་བཛྲ་ན་ཁ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཾ་ཀུ་ལི་མ་ཧཱ་ཀྲོ་དྷ་ཧཱུཾ། རྡོ་རྗེ་སྡེར་མོ་ཁྲོ་བོ་ཆེ། །དེ་བཞིན་རྡོ་རྗེ་སྡེར་མོའི་གདོང ། ། ཕྱག་ནི་གཡོན་དང་གཡས་པ་ཡི། །སོར་མོ་དག་ལས་རབ་ཏུ་བྱུང ། །ོཾ་བཛྲ་ཀུ་མཱ་ར་ཀྲོ་དྷ་ཀ་ཊི་རཱ་ག་ཧཱུཾ། ཨོཾ་བཛྲ་ཀུ་མཱ་ར་ཀྲོ་དྷ་མུརྡྷ་ཌྷ་ཀ་ཧཱུཾ་ཕཊ། ཁྲོ་བོའི་རྒྱལ་པོ་རྐེད་པ་དང ། །དེ་བཞིན་ཁྲོ་བོ་སྤྱི་གཙུག་དག་།རྒྱལ་པོ་བརླ་ནི་གཡོན་པ་དང ། །གཡས་པ་དག་ ལས་རབ་ཏུ་བྱུང ། ོཾ་ཤྲྀཾ་ཁ་ལི་མ་ཧཱ་ཀྲོ་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་ཤཱ་ནི་བན་དྷ་ཧཱུཾ། གནམ་ལྕགས་རྡོ་རྗེ་ལུ་གུ་རྒྱུད། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེ། །རྒྱལ་པོ་འབར་བའི་ཕྲེང་བས་ཁྱབ། །པུས་མོའི་ལྷ་ང་དག་ལས་བྱུང ། །ོཾ་བཛྲ་བན་དྷ་ཀྲོ་དྷ་ཧ་ན་ཧཱུཾ་ཕཊ། ོཾ་བཛྲ་ཀྲོ་དྷ་ཨཾ་ཀུ་ཤ་ཧཱུཾ་ཕཊ། རྡོ་རྗེ་དབྱུག་པ་ཁྲོ་བོ་ཆེ། །རྡོ་རྗེ་ཡི་ནི་ཡན་ལག་དྲངས། །འབར་བ་དང་བཅས་གནོད་སྦྱིན་གཉིས། །རྗེ་ངར་དག་ལས་རབ་ཏུ་ཕྱུང ། །ོཾ་ནཱུ་པུ་ར་ཀྲོ་དྷ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མོ་གྷ་བེ་ག་ཨཱ་ན་ཡ་ཧཱུཾ་ཕཊ། དེ་ནས་དཀའ་ཐུབ་ཁྲོ་བོ་ཆེ། །དེ་ བཞིན་རྡོ་རྗེ་དོན་ཡོད་ཉིད། །རྒྱལ་པོ་ཤུགས་ཆེན་གཉིས་པོ་ནི། །གདུ་བུའི་རྐང་ལས་རབ་ཏུ་བྱུང ། །ོཾ་བཛྲ་བན་དྷ་ཧ་ལ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་མཱ་ར་ཡ་ཀྲོ་དྷ་ཧཱུཾ་ཕཊ། རྐང་པ་ཁྲོ་བོ་ཤུགས་ཆེན་པོ། །དེ་བཞིན་མཐིལ་གྱི་ཁྲོ་བོ་ཉིད། །འབར་བ་འཕྲོ་བ་ལྷུར་ ལེན་པ། །གཉིས་པོ་ཞབས་ཀྱི་མཐིལ་ལས་བྱུང ། །དེ་དག་ལ་སོགས་རྒྱལ་པོ་ནི། །དཔག་ཏུ་མེད་པར་རབ་ཏུ་བྱུང ། །གང་གཱའི་བྱེ་སྙེད་གྲངས་མེད་པ། །ཕྲ་རབ་རྡུལ་གྱི་ཁམས་དག་ནི། །བ་སྤུའི་གསེབ་ནི་ཐམས་ཅད་དང ། །ལུས་ཀྱི་གསེབ་ནི་ཐམས་ཅད་ནས། ། རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེ། །རང་གི་སྙིང་པོ་ལས་བྱུང་འགྱུར། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །ཕྱོགས་རྣམས་ཀུན་དུ་ཡོངས་སྤྲོས་ཏེ། །སླར་ཡང་གཅིག་ཏུ་གྱུར་ནས་ནི། །དཀྱིལ་འཁོར་དུ་ནི་ཡང་དག་ག་གནས། །སངས་རྒྱས་ཀུན་གྱི་སྤྱན་སྔར་འདུས། །ཆེད་དུ་
84-1-244a
བརྗོད་པ་ཡང་དག་བརྗོད། །ེ་མའོ་སངས་རྒྱས་ཐབས་ཆེན་པོ། །ེ་མའོ་ཡེ་ཤེས་ཤིན་ཏུ་བཟང། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །ཐེག་པ་ཆེན་པོ་ཞེས་བྱར་བཤད། །ེ་མའོ་སངས་རྒྱས་ཐམས་ཅད་ནི། །དཔག་ཏུ་མེད་པ་ཞེས་བྱར་ གྱུར། །རྡོ་རྗེའི་རིགས་ཀྱི་ཁྲོ་བོ་འདི། །ཐམས་ཅད་རྡོ་རྗེའི་རིགས་སུ་བཤད། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །དེ་ཉིད་སངས་རྒྱས་རིགས་ཆེན་པོ། །དེ་ནས་དེ་ཡི་གསང་བའི་མཚན། །ཐམས་ཅད་རྡོ་རྗེའི་རིགས་སུ་བཤད། །ཁྲོ་བོ་ཆེ་ལས་ཡང་དག་བྱུང ། ། རྡོ་རྗེ་ཁྲོ་བོའི་དབང་ཕྱུག་བཤད། །རྡོ་རྗེ་གཙུག་ཏོར་རྡོར་མཛོད་སྤུ། །གནོད་མཛེས་བདག་ཅག་སྟོབས་པོ་ཆེ། །ཐུགས་ཀྱི་ཁྲོ་བོ་རྒྱལ་པོ་ཆེ། །རྒྱལ་པོ་འཁོར་ལོས་སྒྱུར་བ་དང ། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཞགས། །རྐེད་པའི་ཁྲོ་བོ་སྟོབས་པོ་ཆེ། །སྐ་རགས་སྟོབས་ལྡན་ ཉིད་དང་ནི། །ལག་གདུབ་དེ་བཞིན་དམ་ཚིག་དང ། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་བསྡམས། །རྡོ་རྗེ་སོར་མོ་ཤིན་ཏུ་དྲག་།རྡོ་རྗེ་སེན་མོ་རྡོ་རྗེ་གདོང ། །དེ་བཞིན་རྐེད་པ་ཁྲོ་རྒྱལ་པོ། །ཁྲོ་བོ་སྤྱི་གཙུག་རྒྱལ་པོ་དང ། །རྫུ་འཕྲུལ་ཆེན་པོ་ལུ་གུ་རྒྱུད། །རྡོ་རྗེ་གནམ་ལྕགས་རྡོ་རྗེ་ དབྱིག་།རྡོ་རྗེ་ཁྲོ་བོ་ཡན་ལག་དྲག་།རྡོ་རྗེ་རྐང་གདུབ་རྡོར་དོན་ཡོད། །རྡོ་རྗེ་ཞབས་དང་དེ་བཞིན་མཐིལ། །དམ་ཚིག་རྡོ་རྗེ་རྒྱལ་པོ་འདི། །རྡོ་རྗེ་ཡི་ནི་རིགས་སུ་བཤད། །དེ་དག་ལ་སོགས་རྒྱལ་པོ་ནི། །རྒྱལ་པོ་ཆེན་པོ་རྫུ་འཕྲུལ་ཆེ། །བྱང་ཆུབ་སེམས་ལས་ཡང་ དག་བྱུང ། །རྟག་ཏུ་གཞན་ཡང་གྲངས་མེད་པ། །ཁྲོས་པས་རང་གི་ཤ་ཟ་ཞིང ། །འབར་བའི་ཕྲེང་བ་ས་ཁྱབ་པར་གནས། །བསྐལ་པ་ཡི་ནི་མེ་ལྟར་འབར། །རྡོ་རྗེ་ཁྲོ་བོས་དཀྱིལ་འཁོར་ནི། །རྡོ་རྗེའི་རིགས་ནི་བསྐྱེད་ནས་ཀྱང ། །རབ་ཏུ་དྲག་འཛིན་བཀའ་བསྒོས་ པས། །གདུག་པ་རྣམས་ནི་འདུལ་བར་གྱིས། །ང་ཡི་བཀའ་ཡང་མཉན་པར་གྱིས། །རྡོ་རྗེ་ཅན་ཀུན་རང་ཉིད་ཀྱི། །བཀའ་ཐོབ་ནས་ནི་གཟུང་བྱ་སྟེ། །ལྷ་རྣམས་ཀུན་གྱི་གསུང་གཅིག་གིས། །རིག་པ་འདི་ནི་བརྗོད་པར་གྱུར། །ོཾ་ནི་སུམྦྷ་བཛྲ་ཧཱུཾ་ཕཊ། རྡོ་རྗེ་
84-1-244b
ཁྲོ་བོ་སྟོབས་པོ་ཆེ། །གཙུག་ཏོར་ལ་སོགས་ཀུན་གསུངས་པ། །ལྷ་ཆེན་ལ་སོགས་གདུག་པ་རྣམས། །འོག་ཏུ་ཁ་བལྟས་འགྱེལ་བར་གྱུར། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེས། །ལྷ་རྣམས་བརྒྱལ་བར་གྱུར་ནས་ནི། །རྡོ་རྗེ་འབར་བ་འབར་ཞེས་པས། །སྙིང་པོ་ དག་ནི་ཡང་དག་བརྗོད། །ོཾ་བཛྲ་ཨ་ན་ལ་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྡོ་རྗེའི་མེ། །སྐད་ཅིག་དེ་ལས་བྱུང་ནས་ནི། །ལྷ་རྣམས་དེ་དག་བསྲེགས་ནས་ཀྱང ། །དེ་བཞིན་འོག་ཏུ་བསྒྱེལ་བར་གྱུར། །རྡོ་རྗེ་མེས་ནི་རབ་ཏུ་སྲེག་།རྡོ་རྗེ་འབར་བས་འབར་ བར་གྱུར། །ཚིག་ཅིང་བཙོས་པར་གྱུར་ནས་ནི། །ལྷ་ལ་སོགས་པ་འོ་དོད་འབོད། །རྡོ་རྗེ་ཁྲོ་ཆེན་དེ་རྣམས་དེ། །དེ་བཞིན་ཁྲོ་ཆེན་ལ་སོགས་པས། །ཐམས་ཅད་གསུང་གཅིག་བྱས་ནས་ནི། །སླར་ཡང་སྙིང་པོ་གསུངས་པར་གྱུར། །ོཾ་བཛྲ་ཨཱ་བེ་ཤ་ཨ། རྡོ་རྗེ་དབབ་ པའི་ཁྲོ་བ་ཆེ། །རྡོ་རྗེ་ཅན་གྱི་ཐུགས་ལས་བྱུང ། །ལྷ་རྣམས་ཀུན་གྱི་གནས་སོང་ནས། །དེ་བཞིན་ལྷ་ཆེན་ལ་སོགས་པ། །ལྷ་རྣམས་ཀུན་ལ་ཡང་དག་བབས། །རྡོ་རྗེ་དབབ་པར་རབ་སྡུག་བསྔལ། །བྱས་ནས་རང་གི་ཡན་ལག་དག་།གཅིག་ལ་གཅིག་ནི་ཟ་བར་ བྱེད། །རྡོ་རྗེ་ཅན་དང་བཅས་པ་ཀུན། །རྡོ་རྗེ་ཞགས་པ་ཡང་དག་བརྗོད། །ོཾ་བཛྲ་ཛྭ་ལ་ཨགྣི་པྲ་དཱི་པྟ་མ་ཧཱ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཧཱུཾ། རྡོ་རྗེ་ལྕགས་ཀྱུ་རྒྱལ་སོང་ནས། །སྐད་ཅིག་གིས་ནི་ཡང་དག་འགུགས། །ལྷ་རྣམས་ཐམས་ཅད་བཀུག་ནས་ནི། །སྤྱི་བོ་རུ་ ནི་ལྟུང་བར་བྱེད། །རྡོ་རྗེ་ལྕགས་ཀྱུ་ཡང་དག་འགུགས། །རྡོ་རྗེ་ཞགས་པས་དྲངས་པར་གྱུར། །རྡོ་རྗེ་འབར་བས་རབ་བསྲེགས་ནས། །སྟེང་དུ་རྐང་པ་འོག་ཏུ་མགོ། །ཧ་ཧ་ཞེས་ནི་སྒྲོགས་བྱེད་ཅིང ། །འཇིགས་པའི་སྐད་ཆེན་སྡུག་བསྔལ་གྱུར། །རྡོ་རྗེ་ཅན་ལ་ གསོལ་བ་འདེབས། །སྟོབས་ཆེན་གཞོམ་པར་མ་མཛད་ཅིག་།དེ་བཞིན་ལྷ་ལ་སོགས་པ་ཀུན། །དཀྱིལ་འཁོར་དུ་ནི་དགུག་པར་གྱུར། །རྡོ་རྗེ་ཅན་དང་བཅས་ཀུན་གྱིས། །རྡོ་རྗེ་ལྕགས་སྒྲོག་ཡང་དག་བརྗོད། །ོཾ་བཛྲ་སྥོ་ཊ་བན་དྷ་ཧཱུཾ་ཕཊ། ལྷ་ཚོགས་གདུག་པ་
84-1-245a
དེ་དག་ནི། །འཆིང་བ་ལྔ་ཡིས་བཅིངས་པར་གྱུར། །རྡོ་རྗེ་ལྕགས་སྒྲོག་ཁྲོ་བོ་ཆེ། །འཆིང་བ་བརྟན་པ་བཅིངས་པར་གྱུར། །ཁྲོ་བོ་རྡོ་རྗེ་རྒྱལ་པོ་ཆེ། །ཤིན་ཏུ་གཏུམ་པོ་སྟོབས་ཆེན་པོ། །སླར་ཡང་སྙིང་པོ་ཡང་དག་དྲན། །རང་གི་སྙིང་པོ་ཡང་ དག་བརྗོད། །ཧཱུཾ། སྙིང་པོ་དྲག་པོ་བརྗོད་པ་ཡིས། །གདུག་པ་དེ་རྣམས་རབ་ཏུ་འགྱེལ། །གཡོ་མེད་ཤི་བ་བཞིན་དུ་གྱུར། །འཆི་བའི་སྡུག་བསྔལ་ཉེ་བར་འཐོབ། །དེ་ནས་རྒྱལ་པོ་རྣམ་སྣང་མཛད། །ཆོས་ཀུན་དབང་ཕྱུག་དབང་དང་ལྡན། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེ། ། རྡོ་རྗེ་འཆང་ལ་བོས་པར་གྱུར། །སེམས་དཔའ་ཆེན་པོ་མཉན་པར་གྱིས། །འདི་རྣམས་སེམས་ཅན་རབ་འཇིགས་བྱེད། །འཇིག་རྟེན་གསུམ་གྱི་འཁོར་ལོ་འདི། །སྲོག་ནི་གཞོམ་པར་མ་བྱེད་ཅིག་།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་ཀུན་བདག་དབང་ལྡན་པས། ། སངས་རྒྱས་གསུང་ནི་ཐོས་ནས་སུ། །རིག་པ་འདི་ནི་ཡང་དག་བརྗོད། །ོཾ་བཛྲ་ཨུཏྟིཥྛ། རྡོ་རྗེ་སློང་བ་རྫུ་འཕྲུལ་ཆེ། །དེ་ནི་བརྗོད་པ་ཙམ་གྱིས་ནི། །ལྷ་ལ་སོགས་པ་ཐམས་ཅད་ནི། །སླར་ཡང་གསོན་པ་ཉིད་དུ་གྱུར། །སྡུག་བསྔལ་ཀུན་དང་རབ་ཏུ་ཕྲལ། ། འཆི་བའི་སྡུག་བསྔལ་ཞི་བར་གྱུར། །རྡོ་རྗེ་སློང་བའི་བྱམས་པ་ཡིས། །སངས་རྒྱས་ཐམས་ཅད་རབ་བསྐུལ་བས། །དེ་ནས་ལྷ་ལ་སོགས་པ་ཀུན། །སངས་རྒྱས་བྱམས་པས་ལངས་པར་གྱུར། །ཐལ་མོ་སྦྱར་ནས་ཚིག་གཅིག་གིས། །བཅོམ་ལྡན་འདས་ལ་ཞུས་ གྱུར་པ། །བཅོམ་ལྡན་ཉེས་པ་གང་གིས་ནི། །བདག་ཅག་འདི་ལྟར་འདུལ་བར་མཛད། །སངས་རྒྱས་ཐུགས་རྗེ་ཅན་ཀུན་གྱིས། །བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱེད་ཅག་ཡོངས་སུ་བསྐྱབ་པ་དང ། །ཕན་ གདགས་པར་ནི་ངས་མི་ནུས། །འདི་ནི་དྲག་པོ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་བདག་པོར་བཤད། །དེ་རྣམས་ཀྱིས་གསོལ་བ། ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་དོན། །ཇི་ལྟར་རུང་ལགས་མི་འཚལ་ལོ། །གང་ཞིག་སངས་རྒྱས་བདག་པོར་གྱུར། །
84-1-245b
སངས་རྒྱས་འཕགས་པ་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སངས་རྒྱས་ཀུན་གྱི་བྱང་ཆུབ་གང ། །དེ་ནས་རྡོ་རྗེ་ཅན་དུ་གྱུར། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་གང་ཡིན་དྲག་པོ་འཛིན། །དེ་རྣམས་ཀྱིས་གསོལ་པ། སངས་རྒྱས་ ཐམས་ཅད་རབ་ཏུ་ཞི། །དེ་ནི་བྱང་ཆུབ་དེ་དང་མཚུངས། །བརྩེ་དང་བྱང་ཆུབ་སེམས་ལས་བྱུང ། །དེ་འདྲའི་དྲག་པོ་ག་ལས་བྱུང ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ནི་ཐབས་ཀྱིས་འདུལ་བ་སྟེ། །གདུག་པ་ཐམས་ཅད་རབ་འདུལ་བྱེད། །དཔལ་ལྡན་ རྡོ་རྗེ་འཛིན་པ་འདི། །བྱང་ཆུབ་སེམས་ལས་ཡང་དག་བྱུང ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་ཁྲོ་བོ་བདག་ཆེན་པོས། །ལྷ་ཚོགས་ཀུན་ལ་བོས་ནས་ནི། །དབང་ཕྱུག་ཆེན་པོ་ལ་གསུངས་པ། །ང་ཡི་བསྟན་པའི་བཀའ་དག་ནི། །ཀྱེེ་གདུག་པ་དག་མཉན་པར་གྱིས། ། མིན་ན་རྡོ་རྗེ་འབར་བ་ཡིས། །རིགས་དང་བཅས་པ་ང་ཡིས་སྲེག་།ཁྱབ་འཇུག་ལ་སོགས་ལྷ་རྣམས་ཀྱིས། །ཚིག་གཅིག་ཏུ་ནི་འདི་སྐད་ཞུས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །རྒྱལ་པོ་ཆེན་པོ་དེ་བཞིན་བགྱི། །དེ་ནས་ལྷ་ཆེན་གྱིས་སྨྲས་པ། །རྡོ་རྗེ་གནོད་སྦྱིན་ངས་མི་ ཤེས། །ང་ནི་རང་ཉིད་རྒྱལ་པོ་སྟེ། །ང་ཡི་བཀའ་ནི་མཉན་པར་གྱིས། །ལྷ་ཆེན་པོ་ཡི་ཚིག་གསན་ནས། །རྡོ་རྗེ་ཁྲོ་བོ་རབ་འབར་བས། །རྡོ་རྗེ་གནོད་སྦྱིན་འཇོམས་ཞེས་པ། །ཁྲོ་བོའི་རྒྱལ་པོ་ཡང་དག་བརྗོད། །ོཾ་བཛྲ་ནི་སུམྦྷ་ཧཱུཾ། ཤིན་ཏུ་གཏུམ་པ་སྟོབས་ཆེན་པོ། ། ཁྲོ་བོ་འདི་ནི་བརྗོད་པ་ཡིས། །དབང་ཕྱུག་ཆེན་པོ་བརྒྱལ་གྱུར་ནས། །དེ་བཞིན་ས་ལ་འགྱེལ་བར་གྱུར། །གཡོ་མེད་འཆི་བའི་དབང་དུ་གྱུར། །ཤིང་འགྱེལ་བཞིན་དུ་གནས་པར་གྱུར། །འགུལ་བ་མེད་ཅིང་གཡོ་བ་མེད། །རྡོ་རྗེ་ཁྲོ་བོས་གདུངས་པར་གྱུར། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་ཁྲོ་བོ་ཐམས་ཅད་མཁྱེན། །བདག་ཉིད་ཆེན་པོ་འདི་ཡིས་ནི། །སྲོག་གི་རྒྱུ་ནི་ཟད་པ་དང ། །དེ་ཉིད་ཉམས་པར་ཅི་ཕྱིར་བྱེད། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སངས་རྒྱས་ཐུགས་རྗེས་བསྐུལ་བ་ཡིན། །རྡོ་རྗེ་ཚེ་ཞེས་བྱ་བ་སྟེ། །རྡོ་རྗེའི་
84-1-246a
རིག་པ་འདི་གསུངས་སོ། །ོཾ་བཛྲ་ཨཱ་ཡུཿ ། རིག་པ་འདི་ནི་བརྗོད་པ་ཡིས། །དབང་ཕྱུག་ཆེན་པོས་ཡང་དག་ལངས། །རྡོ་རྗེ་ཚེ་ཡིས་གསོན་བྱས་ནས། །བདེ་བ་ཆེན་པོ་ཐོབ་པར་གྱུར། །རྣམ་པར་སྣང་མཛད་ཐུབ་ཆེན་ལ། །ཞབས་དག་ལ་ནི་བཏུད་ ནས་གསོལ། །མགོན་པོ་བཅོམ་ལྡན་སྐྱབས་སུ་གསོལ། །རྡོ་རྗེ་འཛིན་པ་དེ་གདུག་མིན། །ཀུན་མཁྱེན་བཅོམ་ལྡན་བཀའ་སྩལ་པ། །ང་ཡིས་བརྩེ་བར་བྱ་མི་ནུས། །འདི་ནི་གདུག་པ་ཤིན་ཏུ་དྲག་།དེ་ཉིད་ལ་ནི་སྐྱབས་སུ་སོང ། །རྡོ་རྗེ་ཁྲོ་བོས་ལྷ་ཆེན་པོ། །ཀུན་དུ་ བོས་ནས་འདི་སྐད་སྨྲས། །ང་ཡིས་བསྟན་པའི་བཀའ་དག་ནི། །གདུག་པ་ཆེན་པོ་མཉན་པར་གྱིས། །རྡོ་རྗེ་གནོད་སྦྱིན་བདག་ཆེན་ལ། །ལྷ་ཆེན་པོ་ཡིས་སླར་སྨྲས་པ། །འཆི་བ་ཆེན་པོ་བཟོད་ནུས་ཀྱི། །ཁྱོད་ཀྱི་བཀའ་ལ་གནས་མི་བྱེད། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། ། ཁྲོས་པས་གདུག་པ་འཕེལ་འགྱུར་ན། །ཧཱུཾ་ནི་ཤིན་ཏུ་འཇིགས་བྱེད་པ། །སྙིང་པོ་དྲག་པོ་བརྗོད་པར་གྱུར། །ཧཱུཾ། ཡི་གེ་ཧཱུཾ་ནི་བརྗོད་པ་ཡིས། །དབང་ཕྱུག་ཆེན་པོ་སླར་ཡང་འགྱེལ། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །རྐང་པར་དགུག་པ་ཡང་དག་བརྗོད། །ོཾ་པཱ་ཏ་ཨཱ་ཀཪྵ་ཎ་ བཛྲ་ཧཱུཾ། དེ་ནས་རྡོ་རྗེ་དབང་པོ་འདི། །བརྗོད་པས་རྡོ་རྗེ་ཁྲོ་བོ་ཕྱུང ། །ཚིག་ནི་འདི་སྐད་བརྗོད་པར་གྱུར། །བཀའ་སྩལ་བརྗོད་ཅིང་འོད་ཆེན་པོ། །རྡོ་རྗེ་ཁྲོ་བོས་བཀའ་སྩལ་པ། །ོཾ་བཱ་ཏ་ཨཱ་ཀཪྵ་ཡ་སརྦ་བཛྲ་དྷ་ར་ཀ་ཙ་ར་ཕཊ་བཛྲ་ཧཱུཾ་ཛཿ ། ཁྲོ་བོ་ཆེན་པོས་འདི་གསུངས་ ནས། །དབང་ཕྱུག་ཆེན་པོ་ཨུ་མར་བཅས། །རྐང་པས་འགུགས་པའི་རྡོ་རྗེ་ཡིས། །རྡོ་རྗེ་རྐང་པ་དག་གིས་བཀུག་།རྡོ་རྗེ་ཁྲོ་བོས་དེ་དག་བཀུག་།སྟེང་དུ་རྐང་པ་འོག་ཏུ་མགོ། །འཇིག་རྟེན་ཐམས་ཅད་དགོད་འགྱུར་ཅིང ། །རྡོ་རྗེ་གདུང་བས་གདུངས་པར་གྱུར། །དེ་ ནས་རྒྱལ་པོ་རྡོ་རྗེ་འཛིན། །དབང་ཕྱུག་ཆེན་པོ་ཨུ་མར་བཅས། །ཞབས་ཀྱིས་མནན་ནས་རྡོ་རྗེ་ཡིས། །དབང་ཕྱུག་ཆེན་པོ་རྡེག་པར་བྱེད། །དེས་ནི་རྐང་པ་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་བྱས་ནས། །གཡས་པས་ལྷ་མོ་ཨུ་མ་ཡི། །ནུ་མ་དག་གི་བར་དུ་བཙིར། །
84-1-246b
རྡོ་རྗེ་གསང་སྔགས་འདི་ཡིས་ནི། །དབང་ཕྱུག་ཆེན་པོ་རབ་ཏུ་མནན། །ོཾ་བཛྲ་ཨཱ་ཀྲ་མ་ཧོ། སླར་ཡང་དབབ་པའི་རིག་པ་ནི། །རྡོ་རྗེ་ཁྲོ་བོས་ཡང་དག་བརྗོད། །ོཾ་བཛྲ་ཨཱ་བེ་ཤ་ཧ་ན་ཧ་ན་ཏྲ་ཊ། དབང་ཕྱུག་ཆེན་པོ་བཅས་གྱུར་པས། །རང་གི་ལག་པས་ལན་སྟོང་དུ། ། རང་གདོང་འཇིགས་སུ་རང་ལ་བརྡེག་།སྟོང་ཕྲག་གཅིག་ཏུ་ཡང་དག་གྱུར། །འཇིག་རྟེན་གསུམ་གནས་ཐམས་ཅད་ནི། །འོ་དོད་ཆེན་པོ་འབོད་པར་གྱུར། །བདག་ཅག་གི་ནི་རྒྱལ་པོ་འདི། །དེ་ལྟ་བུ་ཡི་བདག་ཉིད་གྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །བརྩེ་ དང་སྙིང་རྗེ་སྐྱེས་པར་འགྱུར། །སྙིང་རྗེ་སྟེང་དུ་གཞུག་བྱ་སྟེ། །སངས་རྒྱས་བྱམས་པ་ཡང་དག་བརྗོད། །ོཾ་བུད་དྷ་མེེ་ཏྲི་རཀྵ། དཔལ་ལྡན་རྡོ་རྗེ་འཛིན་གཙོ་བོས། །དེ་ནས་སྔགས་འདི་གསུངས་པ་ཡིས། །དབང་ཕྱུག་ཆེན་པོའི་སྡུག་བསྔལ་དེ། །སྐད་ཅིག་དེ་ ལ་ཉེ་བར་ཞི། །ཕྱག་ན་རྡོ་རྗེའི་ཞབས་དག་གིས། །རེག་པས་དབང་ཕྱུག་ཆེན་པོས་ནི། །ས་ཆེན་པོ་ནི་ཡང་དག་འཐོབ། །ཏིང་ངེ་འཛིན་དང་གཟུངས་དེ་བཞིན། །ཐ་མལ་བ་ཡི་ལུས་བོར་ནས། །རྡོ་རྗེ་འཛིན་ལ་ཕུལ་བར་གྱུར། །ལྷ་ཆེན་འདི་ནས་ཤི་འཕོས་ནས། །ཤི་ ཞིང་ལུས་ནི་བོར་ནས་སུ། །གང་གཱ་སུམ་ཅུ་རྩ་གཉིས་ཀྱི། །བྱེ་སྙེད་སངས་རྒྱས་ཞིང་དང་མཉམ། །ཐལ་བས་གཡོགས་པའི་གནས་ཞེས་པ། །སངས་རྒྱས་ཞིང་ནི་ཡིད་འོང་བ། །དེ་རུ་སོང་ནས་ལྷ་ཆེན་པོ། །སངས་རྒྱས་འབྱུང་བའང་བསྟན་པར་གྱུར། །ཐལ་བའི་ དབང་ཕྱུག་སྒྲ་དབྱངས་ཅན། །དེ་བཞིན་གཤེགས་པ་དེར་གནས་གྱུར། །དེ་ནས་ཤི་བའི་ལུས་དེ་ཡིས། །ཆེད་དུ་བརྗོད་པ་ཡང་དག་བརྗོད། །སངས་རྒྱས་ཀུན་གྱི་མཐུ་ཡིས་ནི། །ཚིགས་བཅད་གཅིག་ནི་མངོན་པར་བརྗོད། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །སངས་ རྒྱས་ཡེ་ཤེས་བླ་ན་མེད། །བསད་ནས་སྐད་ཅིག་བདག་གིས་ནི། །མྱ་ངན་འདས་པའི་གནས་དགོད་མཛད། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེས། །དབང་ཕྱུག་ཆེན་པོ་ཡང་དག་ཕྱུང ། །ཁྱབ་འཇུག་ལ་སོགས་ལྷ་རྣམས་ལ། །ཀུན་དུ་བོས་ནས་འདི་གསུངས་པ། །རབ་མཆོག་
84-1-247a
དཀྱིལ་འཁོར་འདི་རུ་ནི། །གཙོ་བོ་རབ་ཏུ་ཞུགས་པར་གྱིས། །གལ་ཏེ་དེ་བཞིན་མི་བྱེད་ན། །དབང་ཕྱུག་ཆེན་པོ་བཞིན་དུ་བྱ། །དེ་ནས་ལྷ་ཀུན་འཇིགས་གྱུར་ཏེ། །སྐྲག་ནས་ཐམས་ཅད་ཀྱིས་ཞུས་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །བདག་ ཅག་ཁྱེད་ཀྱི་བྲན་དུ་གྱུར། །རྒྱལ་པོ་ཁྱོད་ཀྱི་དམ་ཚིག་ནི། །ཇི་ལྟར་བསྒྲུབ་པར་མི་བགྱིད་ལགས། །བདག་ཅག་རྣམས་ནི་ཁྱོད་ཀྱི་འཁོར། །བསྐལ་པ་ཆེན་པོ་བཀའ་སྩོལ་ཅིག་།རྡོ་རྗེ་ཁྲོ་བོས་བཀའ་སྩལ་པ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་ རབ་ཏུ་འགྲོ་བར་གྱིས། །བྱང་སེམས་ཡང་དག་བསྐྱེད་ནས་ནི། །སེམས་ཅན་ཀུན་ལ་ཡང་དག་སྦྱོར། །སྲོག་གཅོད་པ་ན་སྤང་བར་གྱིས། །རྐུ་དང་བརྫུན་དུ་སྨྲ་བ་དང ། །གཞན་གྱི་ཆུང་མ་དེ་བཞིན་དུ། །དེ་ནི་དང་པོར་སྤང་བར་གྱིས། །སེམས་ཅན་གནོད་དང་ལྡན་པ་ནི། ། ཅི་ནས་ཀྱང་ནི་མི་བྱའོ། །བྱང་ཆུབ་སྤྱོད་པ་རབ་སྦྱོར་བ། །དེ་ལ་ལྷོད་མིན་བརྩོན་པར་བྱ། །ང་ཡི་བསྟན་པའི་བཀའ་ཡི་ནི། །འདི་དག་དམ་ཚིག་ཡང་དག་བརྗོད། །ང་ཡི་ཚིག་ནི་མཉན་པར་གྱིས། །མིན་ན་ཁྱོད་ནི་ཀུན་དུ་སྲེག་།དེ་ནས་འཇིག་རྟེན་གསུམ་འཁོར་ལོས། ། དེ་ནས་ཚིག་ནི་བླངས་ནས་ཀྱང ། །བྱང་སེམས་ཡང་དག་བསྐྱེད་ནས་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང ། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་ཆེས། །ཀུན་དུ་ཕྱག་རྒྱ་བྱིན་ནས་ཀྱང ། །ཕྱག་རྒྱའི་སྙིང་པོ་འདི་ཡིས་ནི། །རྡོ་རྗེ་ཏི་རིནྟི་རི་ཡི། །དཀྱིལ་འཁོར་དུ་ནི་བཅུག་གྱུར་པས། ། ོཾ་བཛྲ་ས་མ་ཡ་གྲྀཧྞ་བུདྡྷ་ས་མ་ཡེ་བཛྲ་སཏྭ་ས་མ་ཡ་མ་ནུ་སྨ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏྲཾ། དྲྀ་ཌྷོ་མེ་བྷ་བ། ཨ་པྲ་ཏི་ཧ་རོ་མེ་བྷ་བ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ། ཀུ་རུ་ཧ་ཧ་ཧ་ཧ་ཧཱུཾ། དེ་ནས་བརྗོད་པ་ཙམ་གྱིས་ནི། །ཕྱག་རྒྱ་ཀུན་དུ་བབས་པར་གྱུར། །རྡོ་རྗེ་ཏི་རིནྟི་ རི་ཡི། །ཕྱག་རྒྱ་ཀུན་དུ་བསྟན་པར་གྱུར། །དེ་དག་རིམ་བཞིན་བཅུག་ནས་ནི། །རྡོ་རྗེ་རིན་ཆེན་དབང་བསྐུར་གྱུར། །རྡོ་རྗེ་མཚན་མ་ལག་བྱིན་ནས། །རྡོ་རྗེ་མིང་ནི་དབང་བསྐུར་གྱུར། །དེ་ལ་ལྷ་རྣམས་ཐམས་ཅད་ནི། །རྡོ་རྗེ་མིང་གི་དབང་བསྐུར་འགྱུར། །སྔོན་ལ་འཇིག་
84-1-247b
རྟེན་གསུམ་བདག་པོ། །གོ་རིམས་བཞིན་དུ་དབང་བསྐུར་འགྱུར། །ཁྱབ་འཇུག་ཅེས་བྱར་གནས་པ་ནི། །སྒྱུ་མའི་རྡོ་རྗེ་ཞེས་བྱར་གྲགས། །གཞོན་ནུ་རྡོ་རྗེ་དྲིལ་བུ་སྟེ། །ཚངས་པ་རྡོ་རྗེ་ཐུབ་པ་ཉིད། །དབང་པོ་རྡོ་རྗེ་མཚོན་ཆ་ཉིད། །དེ་དག་རིག་པའི་བདག་ པོར་བཤད། །རྒྱལ་པོ་བཞི་པོ་གཟི་བརྗིད་ཆེ། །རྫུ་འཕྲུལ་ཆེན་པོ་སྟོབས་ཆེན་པོས། །བར་སྣང་ལ་ནི་རྒྱུ་བ་ཉིད། །རྡོ་རྗེའི་མིང་གིས་དབང་བསྐུར་གྱུར། །ཉི་མ་རྡོ་རྗེ་འཁྱིལ་བ་སྟེ། །དེ་བཞིན་ཟླ་བ་རྡོ་རྗེ་འོད། །དབྱིག་ཆེན་རྡོ་རྗེ་དབྱིག་ཏོ་སྟེ། །སེར་སྐྱ་རྡོ་རྗེ་སེར་ སྐྱ་མིན། །དེ་ལ་སོགས་པ་ཁྲོ་རྒྱལ་པོ། །རྡོ་རྗེ་ཁྲོ་བོར་དབང་བསྐུར་གྱུར། །དེ་ནས་མཁའ་སྤྱོད་ལྷ་རྣམས་ནི། །རྡོ་རྗེ་མིང་གིས་དབང་བསྐུར་གྱུར། །མྱོས་ཆེན་རྡོ་རྗེ་མྱོས་པ་སྟེ། །རྡོ་རྗེ་ཕྲེང་བ་སྦྲང་རྩི་བྱེད། །རྣམ་པར་རྒྱལ་དང་རྒྱལ་བྱེད་དང ། །རྡོ་རྗེ་ཤེས་དང་རྒྱལ་བར་ ལྡན། །ཚོགས་ཀྱི་བདག་པོ་རྒྱལ་པོ་དག་།ཞེས་བྱ་ལ་སོགས་དབང་བསྐུར་གྱུར། །དེ་ནས་ས་ལ་གནས་པ་རྣམས། །རྡོ་རྗེའི་མིང་གིས་དབང་བསྐུར་གྱུར། །གཏུན་ཤིང་མཛོད་ནི་བསྲུང་བ་སྟེ། །མེ་ནི་དེ་བཞིན་རྡོ་རྗེ་མེ། །རྡོ་རྗེ་རླུང་ནི་རླུང་ཆེན་པོ། །རྡོ་རྗེ་འཇིགས་བྱེད་ ང་ན་རྡོ་རྗེ། །དེ་འདྲ་ལ་སོགས་ཕོ་ཉ་རྣམས། །རྡོ་རྗེ་མཆོག་གིས་དབང་བསྐུར་གྱུར། །དེ་ནས་ས་འོག་གནས་པ་ནི། །རྡོ་རྗེ་ལྕགས་ཀྱུ་རྐང་ཟ་བ། །དེ་བཞིན་གཤིན་རྗེ་རྡོ་རྗེ་ནག་།ས་ཡི་གཙུག་ནི་བགེགས་རྡོ་རྗེ། །ཆུ་ལྷ་མགོན་པོ་རྡོ་རྗེ་འཛིན། །དེ་ནས་ལྷ་མོ་ཇི་བཞིན་ དུ། །གོ་རིམས་བཞིན་དུ་དབང་བསྐུར་གྱུར། །རྡོ་རྗེ་མིང་གི་དབང་བསྐུར་གྱིས། །ཡུམ་གྱི་མཆོག་རྣམས་དབང་བསྐུར་གྱུར། །ཁྱབ་འཇུག་མ་ནི་རྡོ་རྗེ་གསེར། །དྲུག་ལྡན་རྡོ་རྗེ་གཞོན་ནུ་མ། །ཚངས་པ་རྡོ་རྗེ་བརྒྱད་ཅུ་མ། །དབང་མོ་རྡོ་རྗེ་ཁུ་ཚུར་མ། །གསོད་བྱེད་རྡོ་རྗེ་ གསོད་ཉིད་མ། །སྣར་མ་རྡོ་རྗེ་འོད་ལྡན་མ། །དེ་ལས་དབྱིག་པ་རྡོར་མཆོག་མ། །འཕྲོག་མ་རྡོ་རྗེ་སྐ་རགས་ཏེ། །གསོད་བྱེད་རྡོ་རྗེ་འཇིགས་མ་སྟེ། །གནམ་ལྕགས་རྡོ་རྗེ་གནམ་ལྕགས་མ། །ནམ་གྲུ་རྡོ་རྗེ་དབང་ལྡན་མ། །གོས་ཅན་རྡོ་རྗེ་གོས་ཅན་མ། །རྡོ་རྗེ་ཕོ་ཉ་
84-1-248a
ཞི་བ་མ། །རླུང་ལྷ་རྡོ་རྗེ་ཤུགས་ཅན་མ། །ལུས་ངན་མ་ནི་རྡོ་རྗེ་གདེངས། །མེ་ལྷ་དེ་བཞིན་རྡོ་རྗེ་འབར། །ཕག་མོ་རྡོ་རྗེ་གདོང་ཅན་མ། །རྡོ་རྗེ་ནག་མོ་ཙ་མུཎྜི། །ཆུ་ལྷ་རྡོ་རྗེ་ཆུ་སྲིན་མ། །སྣ་ཆད་མ་ནི་སྤྲུལ་མོ་སྟེ། །དེ་འདྲ་ལ་སོགས་གྲངས་མེད་པ། ། ལྷ་མོ་རྣམས་ནི་དབང་བསྐུར་གྱུར། །རང་རང་རིགས་ནི་རྟོགས་ནས་སུ། །ཇི་བཞིན་ལྷ་ཡི་བདག་པོར་བཤད། །དེ་ནས་ཕྱག་རྒྱ་བཅིང་བ་བྱིན། །དེ་བཞིན་དམ་ཚིག་སྙིང་པོའོ། །ལྷ་རྣམས་ཀུན་གྱི་བདག་པོ་ཀུན། །བཀུག་ནས་དེ་བཞིན་དབང་དུ་འགྱུར། །རྡོ་རྗེ་ཕྱག་རྒྱ་གཉིས་ བཅིངས་ནས། །སྡིགས་མཛུབ་དང་ནི་ལྕགས་ཀྱུ་བཅིངས། །འཆིང་བ་དང་ནི་གྲོལ་བྱེད་པར། །དངོས་པོ་བྱ་བའི་དོན་སེམས་དཔའ། །དེ་ཡི་མདུན་དུ་ཁྱེད་རྣམས་ནི། །བྱ་བ་བསྒྲུབ་ཕྱིར་གནས་པར་གྱིས། །ཁྱོད་ཀྱི་སྲོག་ནི་ཉམས་གྱུར་པའི། །དེ་བཞིན་དམ་ཚིག་སྦྱིན་མི་བྱ། ། རྒྱ་ཆེར་ཕྱག་རྒྱ་ཆེན་པོར་ནི། །ཐེག་པ་ཆེན་པོ་མངོན་བསྡུས་པས། །རྡོ་རྗེ་རྣལ་འབྱོར་སྦྱོར་བྱེད་པ། །དེ་ཉིད་ཅེས་བྱ་བསྟན་པ་ཡིན། །དཀྱིལ་འཁོར་མཆོག་རྣམས་དེ་དག་དང ། །དེ་བཞིན་ལྷ་ལ་སོགས་པ་ཀུན། །བཀུག་ཅིང་རབ་ཏུ་བཅུག་པར་གྱུར། །རྡོ་རྗེ་ཅན་གྱིས་དབང་ བྱས་ནས། །རྡོ་རྗེ་ཐམས་ཅད་དབང་བསྐུར་གྱུར། །རྡོ་རྗེ་མིང་གིས་མཚན་པར་བྱས། །ལྷ་ཆེན་པོ་ནི་གཅིག་པུ་ཉིད། །ཞབས་ཀྱིས་འོག་ཏུ་བརྡབས་ནས་བཞག་།འཇིག་རྟེན་གདུག་པ་ཆེར་གྱུར་པ། །གདུག་པའི་སྙིང་པོ་ཞེས་བྱར་གྲགས། །གདུག་པའི་དཀྱིལ་ འཁོར་རྒྱལ་པོ་ཡི། །སེམས་ཅན་འོངས་པར་ཐེ་ཚོམ་མེད། །ཐང་ཅིག་ཚེས་གྲངས་རེ་རེ་མ། །གང་དུ་ཟླ་གཅིག་དཀྱིལ་འཁོར་དུ། །སེམས་ཅན་སྟོང་ཕྲག་བརྒྱ་དག་ནི། །སྐད་ཅིག་དེ་ལ་སྡུག་བསྔལ་བྱེད། །ཡིད་ནི་ཉེ་བར་འཇལ་བར་བྱེད། །མདངས་ནི་ཉེ་བར་ འཕྲོག་པའི་ནད། །མི་ཡི་སྐྱེ་བོ་གསོད་པ་དང ། །ཐ་ན་དུག་ཆེན་ཉིད་དང་ནི། །གྲོང་ཁྱེར་དང་ནི་གྲོང་རྡལ་དང ། །གྲོང་དག་འཇོམས་པར་བྱེད་པ་དག་།སེམས་ཅན་རྣམས་ནི་གཅོད་བྱེད་དང ། །སྐྱེ་བོ་སྟོང་པ་སྦྱོར་བྱེད་དང ། །དེ་ལྟར་དྲག་ཅིང་འཇིགས་སུ་རུང ། །
84-1-248b
བརྩེ་བ་མེད་ཅིང་སྡིག་བྱེད་པ། །གསོད་པ་དང་ནི་འཇོམས་པར་བྱེད། །ཤེས་རབ་འཕྲོག་པར་བྱེད་པ་དང ། །དྲག་པོ་སྣ་ཚོགས་གཟུགས་འཛིན་པ། །དུད་འགྲོའི་འགྲོ་བའི་བར་དང་ནི། །སེམས་ཅན་རྣམས་ལ་གནོད་བྱེད་དང ། །མྱུར་དུ་མདངས་ནི་འཕྲོག་པ་དང ། ། ལོ་ཉེས་ཐོག་དང་ཆར་དང་ནི། །ཆར་ནི་མི་འབབ་བྱེད་པ་དང ། །གྲང་དང་དྲོ་བའི་གདུང་བ་ད་ག་།སྐད་ཅིག་དེ་ལ་སྐྱེད་པ་དང ། །གདོན་ནི་འབབ་པར་བྱེད་པ་དང ། །ངེས་བཞིན་བདུད་མཆོག་སྐྱེད་པ་དང ། །སེམས་ནི་རྣམ་པར་གཡེང་བྱེད་དང ། །དེ་འདྲའི་གནོད་སྦྱིན་མཐའ་ ཡས་དང ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དཀོན་མཆོག་གནས་ཀྱི་དབང་ཕྱུག་སྟེ། །སྐྱེ་དགུ་སྣ་ཚོགས་ནད་ཀྱིས་བཏབ། །ཡེ་ཤེས་ཀྱི་ནི་སྤྱན་གྱིས་གཟིགས། །དམ་ཚིག་སྡང་བའི་སེམས་ཅན་དང ། །ཡམས་དང་དེ་བཞིན་ཉེ་བར་འཚེ། །རིམས་དང་གདོན་དང་ དུག་དྲག་པོ། །སྐྱེ་དགུ་འདི་རྣམས་འཇོམས་པར་བྱེད། །སྣ་ཚོགས་སྡུག་བསྔལ་ཀུན་དུ་འཁྲུགས། །འཇིགས་པ་སྣ་ཚོགས་དག་གིས་ཁྱབ། །ཐམས་ཅད་ཉམས་ཤིང་ཟིལ་གྱིས་ནོན། །སྡུག་བསྔལ་དྲག་པོས་སྡུག་བསྔལ་གྱུར། །སླར་ཡང་བདེ་བར་བྱ་བའི་ཕྱིར། ། ནག་པོའི་སྔགས་ནི་ཡོངས་སུ་གཟུང ། །མཁའ་འགྲོ་མ་མོ་རྣལ་འབྱོར་མས། །འགྲོ་བའི་དོན་ནི་ཀུན་དུ་ཁྱབ། །རིམས་དང་གདོན་དང་འབྱུང་པོ་དང ། །མཁའ་འགྲོ་མ་མོ་འབྱུང་པོ་དང ། །གདུག་པ་རྣམས་ཀྱིས་ཀུན་དུ་ཁྱབ། །འཇིག་རྟེན་སྡུག་བསྔལ་སྣོད་འདི་ནི། །གཟིགས་ ནས་རྡོ་རྗེ་འཛིན་རྒྱལ་པོས། །ཐུགས་རྗེ་དག་ནི་བསྐྱེད་པར་གྱུར། །ཀྱེ་མའོ་སེམས་ཅན་འདི་སྡུག་བསྔལ། །དེ་ལ་རྗེས་སུ་བརྩེ་བྱེད་མེད། །ང་ནི་ཁོ་ན་རང་བྱུང་སྟེ། །དེ་བཞིན་སྡུག་བསྔལ་ཐམས་ཅད་འཕྲོག་།ང་ལ་ལོག་པར་རྟོག་པ་སྟེ། །སྐྱེ་དགུ་དེ་ལ་བརྩེ་བ་མེད། །དབང་ ཕྱུག་ཆེན་པོ་གང་ཡིན་དང ། །གདུག་པ་ཐམས་ཅད་རབ་འདུལ་བྱེད། །ཡང་དག་བྱང་ཆུབ་རང་བྱུང་འགྱུར། །སྐྱེ་དགུ་མ་ལུས་བསྐྱབ་པར་བྱ། །ཐམས་ཅད་དག་ནི་དགུག་བྱ་ཞིང ། །དེ་བཞིན་དམ་ཚིག་བསྲུང་བར་བྱ། །གནོད་དང་ཕན་པ་བྱས་ནས་ནི། །སྐྱེ་དགུ་འདི་དག་རྣམ་པར་
84-1-249a
གྲོལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དཀྱིལ་འཁོར་སྐྱོབ་དང་ཕན་འདོགས་པ། །ཞེས་བྱ་དེ་འདྲའི་ཏིང་འཛིན་ལ། །སེམས་དཔའ་ཆེན་པོ་སྙོམས་པར་ཞུགས། །མགོན་པོ་ཆེན་པོ་སངས་རྒྱས་ཀུན། །འདི་ལྟར་བཀའ་ནི་ནོད་པར་བྱེད། །དེ་ནས་སངས་རྒྱས་ཐམས་ ཅད་ཀྱི། །དེ་བཞིན་སྙིང་པོ་ཕྱུང་བར་གྱུར། །ོཾ་བཛྲི་སུམ་བྷ་ནི་སུམ་བྷ་ཧཱུཾ་ཕཊ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སངས་རྒྱས་བཀའ་ནི་བཟུང་ནས་ཀྱང ། །ཕྱི་རོལ་དཀྱིལ་འཁོར་དགུག་པའི་ཕྱིར། །ལྕགས་ཀྱུའི་སྙིང་པོ་རབ་ཏུ་ཕྱུང ། །ོཾ་བཛྲ་ས་མ་ཡ་ཨཱ་ཀཪྵ་ཡ་སརྦ་མཎྡ་ལ་ བཛྲ་དྷ་ར་སཏྭ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། རིག་པ་བརྗོད་པར་གྱུར་པ་ཡིས། །རྡོ་རྗེ་ལྕགས་ཀྱུ་ཤིན་ཏུ་བརྟན། །ལྕགས་ཀྱུ་བདག་ཉིད་ཆེ་མཆོག་ནི། །བརྒྱ་ཕྲག་གྲངས་མེད་བྱུང་བར་གྱུར། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རིམ་བཞིན་རབ་ཏུ་ཐིམ་པར་གྱུར། །གང་ཞིག་ཕྱོགས་ རྣམས་བཅུ་པོ་རུ། །གདུག་པའི་དཀྱིལ་འཁོར་མཐོང་བར་གྱུར། །གདུག་པ་དེ་རྣམས་བཀུག་ནས་ཀྱང ། །དེ་བཞིན་གོང་བུ་གཅིག་ཏུ་བྱ། །རྡོ་རྗེ་མེ་ཡིས་ཀུན་དུ་གསུངས། །རི་རབ་རྩེ་མོ་ཕབ་ནས་ནི། །ཚད་མེད་བགྲང་དུ་མེད་པ་རྣམས། །ཕྱི་རོལ་གྱི་ནི་དཀྱིལ་འཁོར་ འོངས། །རྡོ་རྗེ་དབང་པོའི་གནས་ཀུན་དུ། །འཁོར་ཉིད་དུ་ནི་ཡང་དག་གནས། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །གདུག་པའི་དཀྱིལ་འཁོར་བོས་ནས་ནི། །ཀྱེ་གདུག་སྐྱེ་དགུ་རྣམས་ལ་ནི། །རྣམ་པར་འཚེ་བ་སྤང་བར་གྱིས། །ཁྱེད་རྣམས་ཀྱིས་ནི་དམ་ཚིག་ལོང ། །སྲོག་ ཆགས་ཐམས་ཅད་གསོད་པ་སྤངས། །མིན་ན་ཁྱེད་རྣམས་གཡས་འབར་བས། །དེ་བཞིན་ང་ཡིས་ཐལ་བར་བྱ། །གདུག་པའི་དམ་ཚིག་དཀྱིལ་འཁོར་གྱིས། །ཚིག་གཅིག་ཏུ་ནི་ཞུས་གྱུར་པ། །མགོན་པོ་བདག་ཅག་ཤ་ཟ་སྟེ། །ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་།དེ་ནས་ རྡོ་རྗེ་འཛིན་དྲག་པོས། །མ་བསྡམས་པ་ཡི་ཚིག་གསན་ནས། །རྡོ་རྗེ་ཁྲོ་བོ་རབ་བརྗིད་བཀའ། །སྙིང་པོ་དྲག་པོ་གསུངས་པར་གྱུར། །ོཾ་བཛྲ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་བི་དྷཱཾ་ས་ཡ་བི་ཀྲྀ་ཧ་སརྦ་དུཥྚཱན་ས་མ་ཡ་མུ་དྲཱ་མནྜ་ལ་བྷཉྫ་བྷཉྫ། མར་དྷ་མར་དྷ། ཁཱ་ད་ཁཱ་ད། པཱ་ར་མནྟྲ། བཛྲ་
84-1-249b
ས་མ་ཡ་ཧཱ་ཕཊ། ཁྲོ་བོ་ཆེན་པོས་འདི་བརྗོད་པས། །རབ་དྲག་གདུག་པ་དེ་དག་ནི། །ཚིག་ཅིང་རབ་ཏུ་འགྱེལ་འགྱུར་ཞིང ། །དམ་ཚིག་ཕྱག་རྒྱ་ཉམས་པར་གྱུར། །འོ་དོད་འབོད་ཅིང་ངུ་བར་གྱུར། །གཅིག་ལ་གཅིག་ནི་སྨྲ་བར་བྱེད། །ཇི་སྐད་སྨྲ་བ་བཞིན་བྱས་ཏེ། །འོན་ཀྱང་ བདེན་པར་སྨྲ་མི་བྱ། །རྡོ་རྗེ་སེམས་དཔའ་དྲག་པོ་ཆེ། །རང་བཞིན་གྱིས་ནི་སངས་རྒྱས་བདག་།སྟོབས་ཆེན་གསང་བའི་དབང་པོ་ཡིས། །བཅོམ་ལྡན་ཐམས་ཅད་མཁྱེན་པས་གསུངས། །ོཾ་ནི་སུམ་བྷ་ཧ་ན་ད་ཧ་པ་ཙ་གྲྀཧྞ་བན་དྷ་ཧཱུཾ་ཕཊ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སངས་ རྒྱས་བཀའ་ལ་རབ་གནས་པས། །རྡོ་རྗེ་ཁྲོ་བོ་རབ་ཟ་བྱེད། །སྙིང་པོ་དྲག་པོ་བརྗོད་པར་གྱུར། །ོཾ་མ་ཧཱ་བཛྲ་ཀྲོ་དྷ་པཱ་ད་སརྦ་དུཥྚ་མནྜ་ལ་པིནཱ་ཤ་ཡ། །སརྦ་དུཥྚ་སམ་ཡ་ཡན་བི་ཀི་ར་བི་དྷྭཾ་ས་ཡ་སྥོ་ཊ་ཡ། བྷཉྫ་ཡ། བྷཉྫ་ཡ། སརྦ་དུཥྚ་ས་མ་ཡ་མུ་དྲཱཾ་བྷན་དྷ་གྲྀཧྞ། ཧ་ནད་ཧ་པ་ཙ། སརྦ་ དུཥྚ་ས་མ་ཡ་ས་ཏྭ་ས་མ་ཡ་ཧཱུཾ་ཕཊ། དེ་ནས་འདི་ནི་བརྗོད་ཙམ་གྱིས། །རྡོ་རྗེ་ཁྲོ་བོ་བདག་ཉིད་ཆེ། །གཏུམ་པོ་དྲག་པོ་ཤིན་ཏུ་འཇིགས། །རྡོ་རྗེ་ཁྲོ་བོ་རབ་ཏུ་ཕྱུང ། །རིགས་བཅས་དཔུང་དང་བཅས་ལྡན་པ། །དམ་ཚིག་སྡང་བ་བཟུང་ནས་ནི། །ཤིན་ཏུ་འཇིགས་པས་སྐྲག་གྱུར་ཅིང ། ། རྒྱ་མཚོ་ཡང་ནི་རབ་ཏུ་སྒུལ། །ཕྱག་རྒྱ་རབ་འཇིགས་དེ་དག་གིས། །རྣམ་པར་བཅོམ་ཞིང་ཟིལ་གྱིས་མནན། །རྡོ་རྗེ་མེ་ཡིས་བསྲེགས་ནས་ནི། །ཐམས་ཅད་དུ་ནི་ཐལ་བར་བྱས། །བྱང་སེམས་ལས་བྱུང་རྡོ་རྗེ་ཅན། །ཇི་ལྟར་སེམས་ཅན་སྲེག་པར་བྱེད། །འདི་ནི་གཞུག་པའི་ ཚིག་ཡིན་ཏེ། །ཕན་པའི་རིགས་ཅན་རྒྱལ་བདག་སྐྱེས། །འདོད་ཆགས་སྐྱོན་ལ་སོགས་ལྟ་བ། །ཉོན་མོངས་དྲི་མ་གང་ཤེས་ནས། །རྡོ་རྗེ་ཅན་གྱིས་དྲི་མ་འདི། །བཟུང་ནས་ཡེ་ཤེས་མེ་ཡིས་བསྲེགས། །སེམས་ཅན་ཤིན་ཏུ་འཇིགས་ཏེ་སྐྲག་།བྱང་ཆུབ་སྤྱོད་པས་བྱང་ ཆུབ་གནས། །མི་བསྐྱོད་པ་ཡི་གནས་སྐྱེས་ཤིང ། །རྡོ་རྗེ་ཅན་ནི་མཆོག་ཏུ་གྱུར། །ཕྱག་ན་རྡོ་རྗེ་སེམས་དཔའ་ཆེ། །རྡོ་རྗེ་ཆེན་པོ་ཕྱག་རྒྱ་འགུགས། །ཞེས་བྱ་དེ་འདྲའི་ཏིང་འཛིན་ལ། །འཇིགས་པ་མེད་པར་སྙོམས་པར་ཞུགས། །མཁའ་འགྲོ་མ་ནི་རྗེས་སྦྱང་ཕྱིར། །
84-1-250a
རྒྱལ་བ་ལ་ནི་བཀའ་ནོད་གྱུར། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ལ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །ོཾ་ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་འཛིན་དྲག་པོས། །སངས་རྒྱས་ཀུན་གྱི་གསུང་ཐོས་ནས། །འཇིགས་པ་འགུགས་པའི་རྡོ་རྗེ་ནི། །རང་ ཉིད་ཀྱི་ནི་སྔགས་འདི་བརྗོད། །ོཾ་བཛྲ་ཨཱ་ཀཪྵ་ཡ་ཤཱི་གྷྲཾ། སརྦ་དུཥྚ་གྲྀཧྞ་བཛྲ་ས་ཏྱེ་ན་ཧཱུཾ་ཛཿ ། དེ་ནས་བརྗོད་པ་ཙམ་གྱིས་ནི། །མཁའ་འགྲོ་མ་ནི་མདངས་འཕྲོག་པ། །རྣལ་འབྱོར་སྔགས་དང་ཕྱག་རྒྱར་བཅས། །རི་རབ་ཏུ་ནི་ཀུན་དུ་འདུས། །རྡོ་རྗེ་ལྕགས་ཀྱུས་བཀུག་ ནས་ནི། །འབར་བ་དང་བཅས་འབར་བར་གྱུར། །སྤྱི་བོར་ཐལ་མོ་སྦྱར་ནས་རྩིག་།སྨྲས་པ་རྡོ་རྗེ་འཛིན་པས་སྐྱོབས། །སྐལ་ཆེན་རྡོ་རྗེ་ཅན་གྱིས་གསུངས། །ཀྱེ་གདུག་ཚོགས་ཆེན་པོ་མྱུར་བ་རུ། །གསོད་པ་སྤོངས་ལ་བཀའ་ཉན་གྱིས། །དེ་དག་རེ་རེ་ཞིང་སྨྲས་པ། །བདག་ ཅག་འདི་རྣམས་ཤ་ཟ་སྟེ། །གང་ཞིག་རྟག་ཏུ་གསོན་གྱུར་པ། །བདག་ཅག་ལ་ནི་ཐབས་བསྟན་གསོལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཆང ། །དེ་ཡིས་ཐབས་ནི་འདི་གསུངས་སོ། །ཟླ་གཅིག་ལོན་ནས་ཤི་བ་གང ། །དེ་ནི་བཟའ་བ་བླང་བར་གྱིས། །བྱང་ཆུབ་སེམས་ལ་ཆགས་ བྲལ་ནས། །གསང་བ་སྨོད་པ་ལྷུར་ལེན་པ། །ཁྱོད་དང་ལྷན་ཅིག་ཡང་དག་སྦྱོར། །དེ་བཟའ་བ་ནི་གནང་བར་གྱིས། །ཕྱག་རྒྱ་ཡི་ནི་སྙིང་པོ་འདི། །རྟག་ཏུ་བཅང་བར་བྱ་བ་སྟེ། །ཕྱི་རོལ་ཐམས་ཅད་སྤངས་ནས་ནི། །སངས་རྒྱས་བསྟན་པ་བསྲུང་བར་གྱིས། །ོཾ་བཛྲ་ པྲ་ཏི་གྲྀ་ཧྞ་ཧྲྀ་ད་ཡ་ཨཱ་ཀཪྵ་ཡ། ཙརྱ་ཡཾ་མེ་ས་དྷོ་དྷེ་ན་མི་ནི་ཡ་ཏེ་ཧཱ་ས་རི་དྷ་ཡཾ་ནི་ཥྐ་མ་དུ་ས་མ་ཡ་ཧཱུཾ་ཛཿ ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རང་གི་སྔགས་དང་ཕྱག་རྒྱར་ལྡན། །ཁྲོ་བོ་སྤྱི་གཙུག་རྒྱལ་པོ་ནི། །རྣལ་འབྱོར་པ་ནི་དེ་ཡིས་སྤྲོས། །གལ་ཏེ་དམ་ཚིག་ལས་འདས་ན། ། ཁྲ་བོ་བདག་ཉིད་ཆེན་པོ་ཡི། །རྟག་ཏུ་མགོ་བོ་འགས་བྱེད་ཅིང ། །རིགས་དང་བཅས་པ་ངེས་པར་སྲེག་།བདུད་རྩི་སྨན་གྱི་རྒྱལ་པོ་ཞེས། །བྱ་བ་དེ་འདྲའི་ཏིང་འཛིན་ལ། །སེམས་དཔའ་ཆེན་པོ་སྙོམས་ཞུགས་ནས། །ནད་ཀྱི་དོན་དུ་ཚོལ་བར་གྱུར། །བཅོམ་ལྡན་འདས་ཀྱིས་
84-1-250b
བཀའ་སྩལ་པ། །ོཾ་བཛྲ་ཧཱུཾ་ཕཊ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སེམས་ཅན་ཐམས་ཅད་འཇིག་བྱེད་པས། །ནད་རྣམས་ཐམས་ཅད་བཀུག་ནས་ནི། །འགུགས་པ་ཡི་ནི་སྙིང་པོ་བརྗོད། །ོཾ་བཛྲ་ས་མ་ཡ་ཨཱ་ན་ཡ་སརྦ་དུཥྚ་ཛྭཱ་ར་ཎི་དི་ནཱ་ཤ་ཡ་ཧཱུཾ་ཕཊ། དེ་ནས་ བརྗོད་པ་ཙམ་གྱིས་ཀྱང ། །ནད་དང་གདོན་གྱི་ཚོགས་ཀུན་དང ། །རིམས་སོགས་ཀྱིས་ནི་དེ་ཐོས་ནས། །སྟེང་དུ་རྐང་པ་འོག་ཏུ་མགོ། །འབར་བའི་མེ་དང་ཡང་དག་ལྡན། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །བདག་ཅག་རིགས་ནི་མ་གཞོམ་པར། ། ཁྲོ་བོ་ཆེན་པོ་བཀའ་སྩོལ་ཅིག་།རྡོ་རྗེ་རྣལ་འབྱོར་ཆེན་པོས་གསུངས། །ང་ཡི་བཀའ་ནི་རབ་ཏུ་ཉོན། །སེམས་ཅན་ཉེ་བར་འཇོམས་པ་སྤོངས། །མདངས་ཀྱང་འཕྲོག་པར་མ་བྱེད་ཅིག་།དེ་རྣམས་ཀྱིས་སྨྲས་པ། ཀྱེ་རྒྱལ་པོ་རྡོ་རྗེ་བདག་ཅག་གིས། །སྲོག་གི་སྲུང་བ་ མཛད་དུ་གསོལ། །བདག་ཅག་ཀུན་ནས་གཟི་བརྗིད་ཟ། །ཐབས་ནི་ཅུང་ཟད་བརྩམ་དུ་གསོལ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དེ་ནས་སྟོབས་ཆེན་གྱིས་སྨྲས་པ། །ང་ཡི་སྔགས་དང་ཕྱག་རྒྱ་དག་།གང་ཞིག་བསྲུང་ལ་གནོད་མ་བྱེད། །ོཾ་བཛྲ་ཀརྨ་བི་ཤོ་དྷ་ཡ་ སརྦ་ཨཱ་པ་ར་ཎ་ནི་བུད་དྷ་ས་ཏྭེ་སམ་ཡེ་ཧཱུཾ། དེ་ནས་ཕྱག་རྒྱ་ཆེན་པོ་ཀུན། །ཐེག་པ་ཆེན་པོར་མངོན་བསྡུས་པ། །མདོ་སྡེ་གསང་བ་རྒྱལ་པོ་ལས། །ཡོངས་སུ་བཤད་པ་ཐམས་ཅད་ཀུན། །སྔགས་དང་ཕྱག་རྒྱ་གནས་གང་ན། །རྟག་པར་རབ་ཏུ་སྦྱོང་བྱེད་པས། །གནས་ དེ་རུ་ཡང་རྟག་པ་རུ། །ཁྱེད་རྣམས་ཤིན་ཏུ་གནོད་མ་བྱེད། །དེ་སྐད་གསུངས་པས་གདོན་ཀུན་ནི། །ཧི་ཧི་ཞེས་ནི་སྒྲོགས་པར་གྱུར། །སྤྱི་བོའི་རྣལ་འབྱོར་པ་ལ་ནི། །གནོད་པ་བྱེད་པ་ཐམས་ཅད་གཏད། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་གནས་ཀྱི་དབང་ཕྱུག་ གིས། །སྡིག་པ་བྲལ་བའི་ཕྱག་རྒྱ་ཆེ། །བློ་གྲོས་ཆེན་པོ་སྙོམས་པར་ཞུགས། །ངན་སོང་བཅིང་བར་བྱ་བའི་ཕྱིར། །མགོན་པོ་དག་ལ་བཀའ་ནོད་བྱེད། །མགོན་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །ཀུན་ནས་སྙིང་པོ་བརྗོད་པར་གྱུར། །ོཾ་ཀྵེ་པ་ཡ་བཛྲ་སཝཱ་ཧཱ། རྡོ་རྗེ་ཤ
84-1-251a
སེམས་དཔའི་ཐབས་ཆེན་པོ། །རྡོ་རྗེ་ལས་ནི་ཡང་དག་བྱུང ། །སེམས་ཅན་རྣམས་ལ་བརྩེ་བྱའི་ཕྱིར། །སྡིག་པ་ཐམས་ཅད་བཀུག་པར་གྱུར། །ོཾ་སརྦ་པཱ་པཾ་ཨ་པཱ་ཡ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། དེ་སྐད་བརྗོད་ནས་རྣལ་འབྱོར་ཆེས། །སྐད་ཅིག་ གིས་ནི་ངན་སོང་བཀུག་།རི་ཡི་རྒྱལ་པོ་ཉེ་བ་རུ། །ངུ་འབོད་ལ་སོགས་སྣང་བར་གྱུར། །རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཆེས། །ངན་སོང་སེམས་ཅན་ལ་སྨྲས་པ། །དཀོན་མཆོག་གསུམ་དང་ང་བསྟན་ལ། །མྱུར་དུ་བསྟན་པ་སྐྱབས་སུ་སོང ། །དེ་དག་ཐམས་ཅད་ཀྱིས་ སྨྲས་པ། །སྟོབས་ཆེན་བདག་ཅག་བསྐྱབ་ཏུ་གསོལ། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱི་བར་འཚལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སྡིག་པ་དྲལ་བ་ངེས་འཆིང་བ། །སྡིག་པ་ཐམས་ཅད་རབ་འཇོམས་པ། །མཆོག་ཏུ་གསང་བ་གསུངས་པར་ གྱུར། །ོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦ་ཨ་པཱ་ཡ་བྷན་དྷ་ནཱ་ནི་པྲ་མོ་ཀྵ་ཡ་སརྦཱ་པཱ་ཡ་ག་ཏ་བྷྱཿ ། སརྦ་སཏྭཾ། སརྦ་ཏ་ཐཱ་ག་ཏ་བཛྲ་སམ་ཡ་ཊྭཱ་ཐ། སེམས་ཅན་ངན་སོང་རྒྱུ་ཅན་རྣམས། །རིག་པ་འདི་ཡིས་དབང་བསྐུར་བས། །ངན་སོང་འཁོར་ལོ་དྲལ་བར་གྱུར། །རྒྱ་མཚོ་རུ་ ནི་རབ་ཏུ་ལྟུང ། །དེ་བཞིན་ངན་སོང་ཤི་འཕོས་ནས། །དེ་ཀུན་རབ་ཏུ་གྲོལ་བར་གྱུར། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །རྡོ་རྗེ་དབང་པོའི་གནས་ཐོབ་གྱུར། །དེ་བཞིན་ཐུབ་པ་རྣམ་སྣང་གི། །ཞབས་དྲུང་དུ་ནི་སྐྱེས་པར་གྱུར། །རྡོ་རྗེ་སེམས་དཔའི་མཐུ་ཡིས་ ནི། །དེ་བཞིན་མི་ཁོམ་ཟད་པར་གྱུར། །རྡོ་རྗེ་སེམས་དཔའི་མཐུ་ཡིས་ནི། །དེ་ནས་སྐད་ཅིག་དེས་ཞི་ཐོབ། །རྨད་བྱུང་སྣ་ཚོགས་གསང་ཆེན་པོ། །ཆོ་འཕྲུལ་དག་ནི་སྐྱེས་པར་གྱུར། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རྡོ་རྗེ་རིན་ཆེན་རང་བཞིན་གནས། །རིན་ཆེན་བདུན་ གྱིས་རབ་ཏུ་སྤྲས། །རྡོ་རྗེ་རིན་ཆེན་གྱིས་རབ་མཛེས། །དེ་ཡི་རིགས་ཀྱི་ནངསོང་ཀུན། །སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱངས། །སེམས་ཅན་བདེ་བ་སྐྱེས་པར་གྱུར། །རྡོ་རྗེ་བདེ་བ་ཡང་དག་ལྡན། །མཆོག་ཆེན་པོ་ཡི་ཞིང་འདི་ནི། །དག་པའི་ཞིང་དུ་རབ་ཏུ་གྲགས། །
84-1-251b
སེམས་ཅན་དག་པ་ཀུན་དུ་ཁྱབ། །དེ་བཞིན་རྣལ་འབྱོར་རྡོར་རང་བཞིན། །སླར་ཡང་ཤིང་གི་ནགས་ལ་སོགས། །རྨད་བྱུང་ཆེན་པོ་སྣང་བ་མེད། །རིན་ཆེན་སྣ་བདུན་རང་བཞིན་ཀུན། །ནགས་དང་རྩཝ་ལས་སྐྱེས་པར་གྱུར། །མཐོན་དམན་དག་དང་རྣམ་པར་བྲལ། །ལག་ མཐིལ་བཞིན་དུ་མཉམ་པར་སྣང ། །ཀ་ཙ་ལི་ལྟར་རེག་ན་བདེ། །སྟོང་གསུམ་རབ་ཏུ་གནས་པར་གྱུར། །དམྱལ་བ་ལ་སོགས་སྡུག་བསྔལ་ཀུན། །དང་པོར་ངན་སོང་ཉེ་བར་ཞི། །བཀྲེས་སྐོམ་པ་ཡི་སྡུག་བསྔལ་དག་།ཀུན་དུ་འགགས་པར་མཉམ་པར་གནས། །རྒྱ་ མཚོ་ཀུན་དུ་ཐིམ་པར་གྱུར། །རི་བོ་གཟུགས་ཀྱང་ཀུན་དུ་ཁྱབ། །གཞན་འཕྲུལ་གྱི་ནི་ལྷ་རྣམས་དང ། །མཚུངས་པ་རུ་ནི་མི་རྣམས་གྱུར། །སླར་ཡང་མུ་ཁྱུད་འཁོར་ལོ་མེད། །རི་རབ་མནྡ་ར་དག་མེད། །ལྷ་ཡི་འཇིག་རྟེན་གནས་ཀྱང་མེད། །རྒྱ་མཚོ་མེད་ཅིང་ལྷ་མིན་མེད། ། ཀླུ་ཡི་གནས་གཞི་དག་ཀྱང་མེད། །མི་ཡི་ཁྱིམ་དང་ཁང་པ་མེད། །གྲོང་ཁྱེར་ལྗོངས་དང་ཡུལ་འཁོར་དང ། །ཕུག་དང་བཅས་པར་རྣམ་པར་བྲལ། །མི་ཡི་གནས་ཀྱང་མེད་པ་ཉིད། །ཆུ་བོ་ཕུག་དང་ལུང་པ་མེད། །མི་དག་གི་ནི་ལུས་ཀྱང་མེད། །སེམས་ཅན་འགའ་ཡང་ འདིར་མི་སྣང ། །ངན་སོང་འཁོར་ལོ་དག་ཀྱང་མེད། །མི་ཁོམ་མེད་ཅིང་སྡུག་བསྔལ་མེད། །བུད་མེད་སྐྱེས་པ་ལ་སོགས་མེད། །རྔ་མོ་གླང་པོ་ལུག་ཀྱང་མེད། །དཔག་བསམ་ཤིང་དང་སྤོས་ཀྱི་ཤིང ། །རིན་ཆེན་སྣ་བདུན་རང་བཞིན་མཛེས། །སྤོས་ཀྱི་ཆུ་ཡི་རྒྱ་མཚོ་དང ། །རིན་ ཆེན་སྣ་ཚོགས་རྣམས་ཀྱིས་མཛེས། །ཤིང་ནི་ཡིད་འོང་ཐམས་ཅད་ལ། །རོལ་མོའི་སྒྲ་ནི་མངོན་པར་ཕྱུང ། །རོལ་མོའི་ཆོས་ཀྱི་སྒྲ་དག་ཀྱང ། །སྟོང་གསུམ་དུ་ནི་ཡོངས་སུ་བྱུང ། །ཇི་ལྟར་རྡོ་རྗེ་དབང་པོ་ཡི། །རི་རབ་རི་ཡི་རྩེ་མོ་ལྟར། །དེ་བཞིན་སྟོང་གསུམ་གྱི་ནི་གནས། །རྣམ་ པ་སྣ་ཚོགས་འོད་འབར་གྱུར། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །གྲུ་བཞིར་རབ་ཏུ་གནས་པར་གྱུར། །ཀུན་ནས་ཕྱི་རོལ་གནས་རྣམས་ནི། །ཁ་ཁྱེར་དུ་ཡང་སྣང་བར་གྱུར། །སླར་ཡང་ཉི་མ་ཟླ་བ་མེད། །སྐུར་མ་མེད་ཅིང་ལྷ་ཡང་མེད། །རང་གི་ཁང་པའི་ནང་དུ་ཡང ། །
84-1-252a
ལྷ་རྣམས་ཉིད་ཀྱང་མཐོང་མི་འགྱུར། །སངས་རྒྱས་འོད་ཀྱིས་ཡོངས་སུ་གསལ། །འོད་ཟེར་སྣ་ཚོགས་ཡིད་འཕྲོག་པ། །གང་གིས་ཞིང་ནི་ཡང་དག་སྦྱངས། །རྡོ་རྗེ་རིན་ཆེན་ཡིད་འོང་བ། །རྡོ་རྗེ་དབང་པོའི་གནས་ཉིད་ཀྱང ། །སླར་ཡང་སྣང་བར་ མི་འགྱུར་རོ། །གཞན་དུ་གཞི་ནི་གཅིག་པའི་གནས། །གང་དུ་སངས་རྒྱས་རྣམ་འཕྲུལ་པ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །ལྷ་ཡི་པདྨ་ཡོངས་སུ་གསལ། །རིན་ཆེན་སྣ་བདུན་རབ་ཏུ་མཛེས། །དྲི་ཡི་ཚོགས་ནི་ཡིད་འོང་ལྡན། །བསྐལ་པ་ཆེན་པོའི་ཞིང་ གི་དབུས། །དཀྱིལ་འཁོར་ཤིན་ཏུ་སྡུག་སྟེང་དུ། །དཔག་ཚད་སྟོང་ཕྲག་བརྒྱད་ཅུ་ཡི། །རྡོ་རྗེ་སེང་གེའི་ཁྲི་བྱུང་གྱུར། །ཀུན་ནས་ཕྱོགས་རྣམས་ཐམས་ཅད་དུ། །དཔག་ཚད་སྟོང་ཕྲག་དྲུག་ཅུ་ལྡན། །རྡོ་རྗེ་རིན་ཆེན་རང་བཞིན་མཛེས། །སེང་གེའི་ཁྲི་ནི་བཞི་བྱུང་གྱུར། ། རྡོ་རྗེ་བླ་རེ་རྣམ་པར་བྲེས། །དར་གྱི་ཆུན་པོས་རྣམ་པར་འཕྱང ། །དྲིལ་བུའི་དྲ་བ་རྣམ་པར་འཕྱང ། །ཞིང་ནི་ཀུན་ནས་རབ་ཏུ་སྤྲས། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ། །སྣ་ཚོགས་སྤྲིན་གྱིས་རབ་ཏུ་གཡོགས། །སྣ་ཚོགས་དྲི་ཡིས་ཀུན་དུ་ཁྱབ། །དཔག་བསམ་ཤིང་གིས་ ཉེ་བར་སྤྲས། །དཔག་བསམ་ཤིང་ནི་ཡིད་འོང་ལྡན། །རྡོ་རྗེའི་རོལ་མོ་མཛེས་པ་དག་།སྒྲ་ནི་མངོན་པར་འབྱིན་པར་བྱེད། །འདི་ཉིད་དང་ནི་ལྷན་ཅིག་ཞིང ། །སྒྲིབ་པ་མེད་པའི་རང་བཞིན་དུ། །ཕྱོགས་རྣམས་ཀུན་དུ་སྣང་བར་གྱུར། །སླར་ཡང་འཇིགས་པར་འགྱུར་བ་ མེད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །གང་གཱའི་བྱེ་སྙེད་གྲངས་མེད་པ། །ཤིན་ཏུ་ཕྲ་བའི་རྡུལ་སྙེད་ཀྱི། །སངས་རྒྱས་ཐམས་ཅད་ཡོངས་སུ་གསལ། །ཏིལ་གྱི་གང་བུ་གང་བ་བཞིན། །སངས་རྒྱས་ཐམས་ཅད་ཡོངས་སུ་གསལ། །ཕྱོགས་རྣམས་ཀུན་ནས་ མ་ལུས་པར། །སངས་རྒྱས་ཐམས་ཅད་འདིར་གཤེགས་འགྱུར། །དབུས་ཀྱི་སེང་གེའི་གདན་དག་ལ། །ཆོས་དབྱིངས་འཇིགས་པ་མེད་པ་ལ། །རྣམ་པར་སྣང་མཛད་སྟོབས་ཆེན་པོ། །སྟོན་པ་བཅོམ་ལྡན་བཞུགས་པར་གྱུར། །ཤར་དུ་ཡང་ནི་མི་བསྐྱོད་པ། །ལྷོ་རུ་
84-1-252b
རིན་ཆེན་འབྱུང་ལྡན་ཏེ། །ནུབ་ཏུ་འོད་དཔག་མེད་པ་ཡིན། །བྱང་དུ་དོན་ཡོད་གྲུབ་པ་སྟེ། །མགོན་པོ་ཆེན་པོ་ཕྱོགས་བཞི་རུ། །རྡོ་རྗེ་ཡི་ནི་སྟེང་དུ་བཞུགས། །ཕྱོགས་དང་ཕྱོགས་མཚམས་དག་ཏུ་ནི། །མཉམ་དུ་དམིགས་ནས་རྣམ་པར་གནས། །ཆོས་ཀྱི་དབྱིངས་ ནས་བསྟན་པར་གྱུར། །སངས་རྒྱས་ཐམས་ཅད་བརྟན་པར་བཞུགས། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཆོས་ཀྱི་དབྱིངས་ནི་བརྟན་པར་མཛད། །སངས་རྒྱས་གྲངས་མེད་ཐམས་ཅད་ནི། །རྡོ་རྗེ་ཅན་ནི་ལྔ་ལ་བཞུགས། །ཕྱོགས་ནི་རེ་རེར་ཁྱབ་གྱུར་པ། །སངས་རྒྱས་ གཅིག་གིས་ཡང་དག་བཞུགས། །མཚམས་དང་སྟེང་དང་འོག་དག་གི། །རྣམ་སྣང་མཛད་ཀྱིས་བརྟན་པར་མཛད། །ཆོས་ཀྱི་དབྱིངས་ནི་བརྟན་གྱུར་པ། །དབུས་ཀྱི་ཕྱོགས་ཀྱི་སངས་རྒྱས་བཞུགས། །དེ་ནས་སངས་རྒྱས་རྣམ་འཕྲུལ་པ། །ཆོས་དང་ལོངས་སྤྱོད་རྫོགས་ སྙིང་པོ། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་པ། །སངས་རྒྱས་ཐམས་ཅད་རང་ཉིད་ཀྱི། །སེང་གེའི་ཁྲི་ནི་ལྔ་ལ་བཞུགས། །གྲངས་མེད་ཚད་ནི་མེད་པ་ཡི། །སངས་རྒྱས་ཆོས་ཉིད་མ་ལུས་པ། །རི་མོ་གསལ་བ་དང་མཚུངས་པར། །སྟོང་གསུམ་དག་ནི་མ་ལུས་ གྱུར། །བྱང་ཆུབ་སེམས་དཔའི་དགའ་བ་ཆེ། །པདྨའི་སྟེང་དུ་བཞུགས་པར་གྱུར། །དབུས་ཀྱི་འཁོར་ལོ་ཡང་དག་ལྡན། །བྱེ་བ་དག་ནི་གྲངས་མེད་ལྔ། །སངས་རྒྱས་རོལ་པ་དང་ལྡན་པར། །རྡོ་རྗེ་ཅན་ནི་ཐམས་ཅད་བཞུགས། །ཤར་གྱི་ཆ་ལས་ཡང་དག་བཞུགས། ། བྱེ་བ་དག་ནི་གྲངས་མེད་ལྔ། །རྡོ་རྗེ་རྣམ་འཕྲུལ་སྟོན་བྱེད་པ། །འཁོར་ལོ་དང་ལྡན་བཞུགས་པར་གྱུར། །ལྷོ་ཡི་ཕྱོགས་ན་ཐམས་ཅད་གནས། །བྱེ་བ་དག་ནི་གྲངས་མེད་ལྔ། །རིན་ཆེན་རྣམ་འཕྲུལ་ཡང་དག་ལྡན། །འཁོར་ལོ་དང་ལྡན་བཞུགས་པར་གྱུར། ། བྱེ་བ་དག་ནི་གྲངས་མེད་ལྔ། །ནུབ་ཀྱི་ཕྱོགས་ན་ཡང་དག་གནས། །པདྨའི་རྣམ་འཕྲུལ་སྟོན་བྱེད་པ། །འཁོར་ལོ་དང་ལྡན་བཞུགས་པར་གྱུར། །བྱེ་བ་དག་ནི་གྲངས་མེད་ལྔ། །བྱང་གི་ཕྱོགས་ན་རྣམ་པར་གནས། །ལས་ཀྱི་རྣམ་འཕྲུལ་སྟོན་བྱེད་པ། །འཁོར་
84-1-253a
ལོ་དང་ལྡན་བཞུགས་པར་གྱུར། །གསང་དང་མཆོད་པ་གང་ཡིན་དང ། །ལྷ་མོ་རྡོ་རྗེ་ལྷ་མོ་ནི། །གྲངས་མེད་ཚད་ནི་མེད་པ་དག་།བཅུ་གཉིས་ཀྱིས་ནི་དཀྱིལ་འཁོར་གང ། །སྒོ་སྲུང་དག་ནི་གྲངས་མེད་པ། །རྣལ་འབྱོར་མཆོག་དང་ལྡན་པ་ བཞི། །རྒྱལ་པོ་ཤར་དང་ལྷོ་དག་ཏུ། །ནུབ་དང་བྱང་ནི་ཡང་དག་གནས། །ཆོས་ཀྱི་སྐུ་ལས་ཡང་དག་བྱུང ། །ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པ། །སེམས་དཔའ་ཆེན་པོ་འདི་དག་ཀུན། །ཆོས་དང་ལོངས་སྤྱོད་རྫོགས་ལས་བྱུང ། །གང་ཞིག་ཕྱོགས་བཅུ་དག་གི་ ཡང ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །རྣལ་འབྱོར་ཆེན་པོའི་ས་ཐོབ་པ། །དེ་དག་ཀུན་ཀྱང་འདིར་འོངས་པ། །སངས་རྒྱས་ཞིང་ནི་གང་གཱ་ཡི། །བྱེ་མ་དང་མཉམ་ཇི་སྙེད་པ། །ཡོངས་སུ་གང་བར་གྱུར་པའི་ཚོགས། །དེ་དག་ཐམས་ཅད་ཡང་དག་གཤེགས། ། སངས་རྒྱས་ཀུན་གྱི་མཐུ་ཡིས་ནི། །ཞིང་དག་རྒྱ་ནི་ཆེན་པོར་གྱུར། །ཡུལ་རྣམས་ཐམས་ཅད་བྱ་བ་ཡང ། །གནོད་པ་མེད་ཅིང་འཚེ་བའང་མེད། །སྟོང་གསུམ་གྱི་ནི་འཇིག་རྟེན་པའི། །ཇི་ལྟར་སྔོན་ནི་བར་མེད་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །བར་མེད་ པ་ནི་དེ་བཞིན་གནས། །གང་ནས་སངས་རྒྱས་མི་སྣང་བ། །ཕྱོགས་ནི་རྡུལ་ཙམ་ཡོད་མ་ཡིན། །བྱང་ཆུབ་སེམས་དཔའ་རྣལ་འབྱོར་ཆེ། །གང་དག་ས་ནི་བཞི་བཅུ་དང ། །ཡང་ན་ཆོས་ལས་བྱུང་བ་ཉིད། །སངས་རྒྱས་སྲས་ནི་གྲགས་པ་ཆེ། །རིགས་ལྔ་བྱུང་བ་ལ་སོགས་ པ། །སངས་རྒྱས་རྣམ་འཕྲུལ་སྟོན་པ་དང ། །འདིར་གནས་བྱང་ཆུབ་སེམས་དཔའི་ཚོགས། །མཆོག་རྣམས་ཕྱོགས་དང་ཕྱོགས་མཚམས་མཐོང ། །སངས་རྒྱས་དག་ནི་གྲངས་མེད་ཀུན། །ལྷ་རྣམས་ཡང་དག་གནས་འདི་རུ། །སངས་རྒྱས་ལྔ་ནི་མཐོང་བར་གྱུར། ། སངས་རྒྱས་དགྲ་བཅོམ་མ་གཏོགས་པར། །ཞིང་འདིར་འགའ་ཡང་མཐོང་མ་གྱུར། །རྡོ་རྗེ་རིགས་ཀྱི་འཁོར་ལོ་མིན། །དཀྱིལ་འཁོར་གྱི་ནི་ཚོགས་ཀྱང་མིན། །དབུས་དང་ཕྱོགས་ནི་ཡང་དག་བཞུགས། །སངས་རྒྱས་ལྔ་ན་མཐོང་བར་གྱུར། །དབང་ཕྱུག་ཆེན་པོ་གནོད་
84-1-253b
བྱེད་པའི། །རྡོ་རྗེ་ཁྲོ་བོ་མཐོང་བར་གྱུར། །སངས་རྒྱས་ལྔ་དང་དེ་བཞིན་དུ། །ཁྲོ་བོ་དྲུག་བདུན་རྣམ་པར་གནས། །ཚངས་སོགས་ལྷ་རྣམས་དེ་དག་ཀྱང ། །ངོ་མཚར་དག་ནི་སྐྱེས་པར་གྱུར། །འཇིགས་ཤིང་སྐྲག་ནས་ལྷ་དེ་དག་།གཅིག་ལ་གཅིག་ནི་སྨྲ་བར་ བྱེད། །གཙོ་བོ་ཇི་བཞིན་མཐོང་འགྱུར་ཞིང ། །ཤིན་ཏུ་ངོ་མཚར་ཅི་ཞིག་སྣང ། །སླར་ཡང་ལྷ་ཡི་འཇིག་རྟེན་དག་།སྲིད་པ་ནང་དུ་མཐོང་མི་འགྱུར། །འགྲོ་བ་ལྔ་ཡི་སེམས་ཅན་མིན། །རི་རབ་དང་ནི་རྒྱ་མཚོ་མིན། །ཟླ་བ་ཉི་མ་མ་མཐོང་ཞིང ། །རི་དང་ཁང་པ་དག་ཀྱང་ མིན། །ཅི་བདག་ཅག་ནི་རྨོངས་གྱུར་ཏམ། །ཡང་ན་མིག་ནི་ལོང་བར་གྱུར། །ཡང་ན་བདག་ཅག་སེམས་གཡེངས་པ། །སྒྱུ་མའི་རྣམ་འཕྲུལ་འདི་ཅི་ཞིག་།བདག་ཅག་གིས་ནི་སྔར་འཇིགས་མཐོང ། །དྲག་ཅིང་བཀུག་ནས་ཐལ་བར་བྱས། །རི་རབ་རི་ཡི་རྩེ་མོ་རུ། །སྡུག་ བསྔལ་ཆེན་པོས་གཟིར་བར་གྱུར། །སླར་ཡང་རི་རབ་ཡོད་མ་ཡིན། །ཁྲོ་བོ་རྫུ་འཕྲུལ་ཆེན་པོ་མེད། །གཞན་དང་ཁྲོ་བོ་ཆེན་པོ་གཅིག་།དབང་ཕྱུག་ཆེན་པོ་གནོད་པར་བྱེད། །གནས་ནི་ཆུང་ངུར་གྱུར་པ་ཡང ། །རྒྱ་ཆེན་པོ་རུ་འདི་རུ་སྣང ། །སྟོང་གསུམ་འདི་ཡང་མི་སྣང་ སྟེ། །བདག་ཅག་འཇིག་རྟེན་གཞན་དུ་ཕྱིན། །དེ་ལྟར་བརྗོད་པ་སྣ་ཚོགས་པ། །གཅིག་ལ་གཅིག་ནི་སྨྲ་བར་བྱེད། །མི་སྨྲ་བར་ནི་གནས་གྱུར་ནས། །རྡོ་རྗེ་ཅན་ལ་ལྟ་བར་བྱེད། །གནོད་སྦྱིན་འབྱུང་པོ་ཤ་ཟ་སོགས། །གདུག་པ་ཀུན་དང་གདོན་སོགས་ཀྱིས། །མུན་ པར་ཁྱབ་པ་བཞིན་དུ་ནི། །སྟོང་གསུམ་འདི་ནི་མཐོང་བར་གྱུར། །གཞན་ནི་ཅུང་ཟད་མ་མཐོང་སྟེ། །གཞན་དུ་ཕྱོགས་དག་མུན་པས་ཁྱབ། །རྡོ་རྗེ་ཁྲོ་བོ་འཁྲུལ་གྱུར་ཅིང ། །སྒྱུ་མ་ཡིས་ནི་རྨོངས་གྱུར་ཅིང ། །ཀུན་དུ་རྨོངས་པ་ཉིད་གྱུར་ཅིང ། །གཅིག་ལ་གཅིག་ནི་རྨོངས་ པར་གྱུར། །ཧ་ཧ་ཞེས་བྱའི་སྒྲ་སྒྲོགས་ཤིང ། །བདག་ཅག་འདིར་ནི་གང་དུ་ཕྱིན། །ཚིག་ནི་རབ་ཏུ་རྗོད་བྱེད་ཅིང ། །གཅིག་ལ་གཅིག་ནི་སྨྲ་བར་བྱེད། །འདི་ནི་སུ་ཞིག་བདག་ཅག་གང ། །འདི་ནི་སུ་ཡི་གམ་དུ་ཕྱིན། །བདག་ཅག་རང་གི་གནས་ན་ལྟུང ། །བདག་
84-1-254a
ཅག་འཇིག་རྟེན་གཞན་དུ་ཕྱིན། །རྡོ་རྗེ་ཁྲོ་བོས་གསད་པར་གྱུར། །འོ་ན་འདི་ནི་ཅི་ཞིག་ཡིན། །ལྷ་ཡི་གནས་ཀྱང་མ་མཐོང་བཞིན། །རྡོ་རྗེ་ཅན་ཡང་མཐོང་མ་གྱུར། །སངས་རྒྱས་དཀྱིལ་འཁོར་འཁོར་ལོ་མིན། །བདག་ཅག་རྣམས་ནི་མུན་པར་གྱུར། ། རང་གི་གནས་ཀྱང་མ་མཐོང་ཞིང ། །རི་རབ་ཉིད་ཀྱང་མཐོང་མ་གྱུར། །མཚོ་དང་རྒྱ་མཚོ་དག་ཀྱང་མིན། །སྐར་མ་ཟླ་བ་ཉི་མ་མིན། །བདག་ཅག་ཐམས་ཅད་གང་ནས་འོངས། །ཡུལ་གང་ཞིག་ཏུ་འགྲོ་བར་བྱ། །འགྲོ་བ་ལྔ་ཡང་ཡོད་མ་ཡིན། །འཇིག་རྟེན་མེད་ཅིང་མ་མོ་མེད། ། མི་དང་མི་མ་ཡིན་པ་དག་།རྣམ་པ་ཀུན་དུ་མཐོང་མ་གྱུར། །སྔོན་ནི་ཇི་ལྟར་དེ་བཞིན་ཕྱིས། །རྨད་དུ་བྱུང་བ་ཉིད་མ་གྱུར། །གཞན་དུ་ས་ནི་གཡོས་པར་གྱུར། །རླུང་དག་གིས་ནི་རྣམ་པར་བསྐྱོད། །འབྲུག་གི་སྒྲ་དང་ལོག་ཆེན་པོ། །སྡུག་བསྔལ་ཐམས་ཅད་ཡང་དག་ ལྡན། །བཀྲེས་སྐོམ་ལ་སོགས་སྡུག་བསྔལ་དང ། །བྲལ་མིན་ཀུན་དུ་སྡུག་བསྔལ་གྱུར། །དེར་ནི་ལྷ་ཆེན་རྫུ་འཕྲུལ་དག་།ཅུང་ཟད་ཀྱང་ནི་མཐོང་མ་གྱུར། །དམྱལ་བ་ཡི་དགས་དུད་འགྲོ་དག་།རྣམ་པར་ཉམས་ཤིང་བཤིག་པར་གྱུར། །སྡིག་པ་དྲལ་བའི་ཕྱག་རྒྱ་ཡིས། ། ངན་སོང་གསུམ་ནི་ཉེ་བར་ཞི། །ལྷ་གང་འདུ་ཤེས་མེད་པ་དང ། །གཟུགས་མེད་པ་ན་སྤྱོད་པར་གནས། །ཕུང་པོ་ལྔ་རུ་རང་བདག་ཉིད། །ངོ་མཚར་དེ་བཞིན་མཐོང་གྱུར་ནས། །རང་ཉིད་ལའང་རྟོག་པར་བྱེད། །གཅིག་ལ་གཅིག་ཀྱང་ལྟ་བར་བྱེད། །དེ་བཞིན་ཐམས་ ཅད་སྐྲག་ཅིང་འཇིགས། །ངོ་མཚར་གྱུར་པ་འདི་ཅི་ཞིག་།ཚད་མེད་བསྐལ་པ་ཆེན་པོ་རུ། །བདག་ཅག་དག་པར་གནས་པར་གྱུར། །བདག་མཆོག་ལས་ནི་བདག་ཅག་གྲོལ། །སླར་ཡང་བདག་ཏུ་འཛིན་པར་གྱུར། །སྔོན་གྱི་བག་ཆགས་མངོན་འདོད་ལ། ། སྲིད་གསུམ་གནས་ནས་མཐོང་བར་གྱུར། །སྲིད་པ་གསུམ་ཡང་མཐོང་མ་ཡིན། །དེ་བཞིན་འགྲོ་བ་ལྔ་ཡང་མེད། །གཞན་དུ་ཤིན་ཏུ་དག་པར་གཅིག་།ཆོས་དང་ལོངས་སྤྱོད་རྫོགས་པ་སྤྲུལ། །སངས་རྒྱས་ལྔ་ཉིད་མཐོང་བར་གྱུར། །སྲིད་གསུམ་
84-1-254b
གནས་ནི་གཞན་དག་མིན། །ཚོགས་ལ་ཐམས་ཅད་མཉེས་པར་གྱུར། །གཅིག་ལ་གཅིག་ནི་སྨྲ་བར་བྱེད། །འདི་ནི་སུ་ཞིག་བདག་ཅག་གང ། །བདག་ཅག་འཇིག་རྟེན་གཞན་དུ་ཕྱིན། །སྔོན་ནས་བདག་གིས་འཇིག་རྟེན་འདི། །འགྲོ་བ་ལྔ་བཅས་དེ་ བཞིན་དུ། །རི་རབ་དང་ནི་རྒྱ་མཚོར་བཅས། །ལྷ་རྣམས་དྲུག་ནི་འཁོར་བཅས་མཐོང ། །སྲིད་པ་གསུམ་གྱི་ལྷ་རྣམས་ནི། །གང་ཞིག་འདི་ནི་མཐོང་མ་གྱུར། །གཞལ་ཡས་ཁང་དང་སེམས་ཅན་ནི། །གཙོ་བོ་ཇི་བཞིན་མཐོང་བར་གྱུར། །དེ་འདྲའི་ངོ་མཚར་ སྣ་ཚོགས་པ། །གནས་ཆེན་འདི་རུ་མཐོང་བར་གྱུར། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་འདི། །སངས་རྒྱས་ཀུན་གྱིས་རོལ་བ་ཡིན། །གང་ཞིག་སྟོང་གསུམ་འདི་ཡི་ནི། །རང་རྒྱལ་ཐམས་ཅད་མཆོག་གྱུར་པ། །དེ་ཡང་ཀུན་དུ་རྨོངས་གྱུར་ནས། །རྣམ་པར་འཕྲུལ་ པའང་མཐོང་མ་གྱུར། །སངས་རྒྱས་ཉིད་ཀྱང་མཐོང་མ་ཡིན། །རྒྱལ་དང་རྒྱལ་བའི་སྲས་ཀྱང་མིན། །ཆོས་ཀྱི་དབྱིངས་ནི་བརྟན་ཞི་བ། །གནས་ནི་དེ་རུ་མཐོང་མ་གྱུར། །གཞན་དུ་སྟོང་ནི་གསུམ་པོ་འདི། །རྣམ་པ་ཀུན་དུ་མ་མཐོང་ཉིད། །ས་དང་མེ་དང་ཆུ་ཁམས་མིན། ། གསེར་གྱི་དཀྱིལ་འཁོར་དག་ཀྱང་མིན། །འགྲོ་བ་ལྔ་ཡི་སེམས་ཅན་མིན། །ཟླ་བ་ཉི་མ་དག་ཀྱང་མིན། །སྐར་མ་གཟའ་དང་རྒྱུ་སྐར་མིན། །སེམས་ཅན་དག་ཀྱང་ཁམས་གསུམ་མིན། །འདི་དག་ཐམས་ཅད་སྟོང་པར་གྱུར། །གཞན་དུ་ནམ་མཁའ་དཀྱིལ་འཁོར་ མིན། །དེ་དག་ཐམས་ཅད་འཇིགས་སྐྲག་ནས། །མྱ་ངན་འདས་པ་ཉེ་བར་ཐོབ། །གང་ཡང་ཕྱོགས་རྣམས་བཅུ་པོ་ཡི། །ཉན་ཐོས་འཇིགས་པ་མེད་པ་རྣམས། །བྱང་སེམས་ཅན་ནི་ཆེན་པོ་ཡིས། །དེ་དག་ཀུན་ནས་སྐྲག་པར་གྱུར། །རང་རང་གི་ནི་ཞིང་དག་ཏུ། ། སངས་རྒྱས་ཉིད་ཀྱང་མཐོང་མ་གྱུར། །འདུས་པ་ཆེན་པོ་དག་དང་ནི། །ཆོས་རྣམས་སྟོན་པ་དག་ཀྱང་མིན། །ཞིང་དེ་ཡི་ནི་སེམས་ཅན་མིན། །ལྷ་དང་མི་རྣམས་དག་ཀྱང་མིན། །ཁང་པ་མེད་ཅིང་ཞིང་ཡང་མེད། །ས་དང་མེ་དང་རླུང་ཡང་མེད། །རང་གི་
84-1-255a
ཞིང་ཡང་མ་མཐོང་ཞིང ། །རྡོ་རྗེ་སེམས་དཔའ་འཇིགས་པར་གྱུར། །སྐད་ཅིག་གིས་ནི་མི་དགར་གྱུར། །ཐང་ཅིག་ཏུ་ནི་རྨོངས་པར་གྱུར། །དེ་ལྟ་བུ་ཡི་རྣམ་འཕྲུལ་དུ། །བྱང་ཆུབ་སེམས་ནི་རབ་ཏུ་སྣང ། །སྔོན་གྱི་བསྐལ་བ་ཆེན་པོ་ལ། །འཁོར་ལོ་ རྣམ་པར་འཕྲུལ་པ་བསྟན། །བཅོམ་ལྡན་རྡོ་རྗེའི་རྣལ་འབྱོར་པས། །དེ་ལྟ་བུ་ནི་བྱིན་གྱིས་བརླབས། །སེམས་ཅན་གང་དག་འདི་ན་གནས། །ཉིན་དང་མཚན་མོ་མི་ཤེས་གྱུར། །དེ་ནས་དེ་ཉིད་གསང་བ་ཆེ། །ཆོས་ཀྱི་དབྱིངས་ནི་བརྟན་པའི་ཚོགས། །ཆོས་དང་ལོངས་ སྤྱོད་རྫོགས་སངས་རྒྱས། །དེ་ལྟ་བུ་ཡི་རྣམ་འཕྲུལ་བྱུང ། །སྟོང་གསུམ་ཡོངས་སུ་བསྡུས་པ་ཡི། །ལྷ་ཡི་གནས་ནི་བཀོད་པར་གྱུར། །སངས་རྒྱས་རྣམས་ཀྱི་གནས་གཅིག་པུ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ལ་ལར་སྔོན་པོས་རབ་ཏུ་མཛེས། །ས་ཡི་ ཕྱོགས་ནི་རབ་ཏུ་སྤྲས། །རྡོ་རྗེ་སྡོན་པོས་རབ་ཏུ་བརྒྱན། །ལ་ལར་གསེར་གྱི་མདོག་ཏུ་སྣང ། །ཁ་དོག་སེར་པོས་རྣམ་པར་བརྒྱན། །ས་ཡི་ཆ་ཡང་རབ་ཏུ་སྤྲས། །རྡོ་རྗེ་སེར་པོས་རབ་ཏུ་བརྒྱན། །ལ་ལར་ཁ་དོག་དམར་པོ་ནི། །བྱི་རུ་ལྟ་བུས་རབ་ཏུ་མཛེས། །ས་ཡི་ ཆ་ཡང་རབ་ཏུ་སྤྲས། །རྡོ་རྗེ་དམར་པོས་རབ་ཏུ་བརྒྱན། །ལ་ལར་བཙག་གི་མདོག་ཅན་གྱི། །བཻཌཱུརྱ་མཚུངས་རབ་ཏུ་མཛེས། །ས་ཡི་ཆ་ཡང་རྣམ་པར་སྤྲས། །རྡོ་རྗེ་བཙོད་ཀྱིས་རྣམ་པར་མཛེས། །ལ་ལར་ཤེལ་གྱི་མདོག་ཅན་གྱིས། །ཤིན་ཏུ་སྣང་བས་རབ་ཏུ་ མཛེས། །ས་ཡི་ཆ་ཡང་རྣམ་པར་སྤྲས། །རྡོ་རྗེ་ཤེལ་གྱིས་རྣམ་པར་བརྒྱན། །ཤར་དུ་སྔོན་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་བཙོད་དང་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་དག་ནི། །ཤེལ་གྱི་མདོག་ཅན་ བླ་ན་མེད། །རྡོ་རྗེ་ཆེན་པོས་ཤིན་ཏུ་དག་།ཚོན་རྩི་ལྔ་ཡི་རང་བཞིན་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རབ་ཏུ་མཛེས། །ཆ་མཉམ་ལེགས་པར་བགོས་པ་སྟེ། །གོ་རིམས་དང་ནི་ཡང་དག་ལྡན། །ཀུན་ནས་ཕྱི་རོལ་གནས་དག་ན། །རྡོ་
84-1-255b
རྗེ་ཁ་ཁྱེར་ཡང་དག་ལྡན། །ཀུན་ནས་ཁ་ཁྱེར་དང་ལྡན་ཞིང ། །སྒོ་ཡི་ཁ་ཁྱེར་དག་གིས་སྤྲས། །རི་མོ་རྡོ་རྗེ་སྔོ་རང་བཞིན། །གཞན་ཡང་གསེར་གྱི་མདོག་ཅན་དང ། །ཁ་དོག་དམར་པོ་མཆོག་དང་ནི། །གཞན་ཡང་ཤེལ་ནི་བཟང་པོ་དག་།རིན་ཆེན་ཀུན་གྱི་ རང་བཞིན་མཆོག་།དཀྱིལ་འཁོར་སྣ་ཚོགས་མཛེས་གྱུར་པ། །སྣ་ཚོགས་གཟུགས་ནི་འཛིན་པའི་མཆོག་།རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །གཡེར་ཀའི་དྲ་བས་ཀུན་དུ་ཁེབས། །དྲིལ་ བུའི་མཆོག་ནི་ཀུན་དུ་འཕྱང ། །སྣ་ཚོགས་ཤིང་ནི་ཡིད་འོང་ལྡན། །དཔག་བསམ་ཤིང་ནི་ཡིད་འོང་ལྡན། །སྤོས་དང་མེ་ཏོག་དེ་བཞིན་དྲི། །སྣང་བའི་ཤིང་མཆོག་ཡང་དག་ལྡན། །སྣ་ཚོགས་བཀོད་པ་ཉེ་བར་ལྡན། །སྣ་ཚོགས་རྡོ་རྗེ་བདུད་རྩིའི་ཆུ། །མཚོ་མཆོག་ ཆུ་ཡིས་གང་བར་གྱུར། །རྡོ་རྗེ་རྒྱ་མཚོ་རྒྱ་ཆེན་ལྡན། །མེ་ཏོག་སྣ་ཚོགས་ཀུན་དུ་བཀྲམ། །སྣ་ཚོགས་བདུག་པ་དག་གིས་བདུགས། །སྣ་ཚོགས་དྲི་ཡི་ཆུ་ཡིས་གཏོར། །སྣ་ཚོགས་དྲི་ཡིས་ཀུན་དུ་ཁྱབ། །དྲག་པོ་ཆེན་པོ་སྲས་བཅུ་དག་།དེ་ནས་ཉམས་དགའ་བ་ དག་བྱུང ། །ཤིང་དང་པད་སོགས་ཐམས་ཅད་ལས། །ཆོས་རྣམས་འབྱུང་བ་ཐོས་པར་གྱུར། །ཕྱོགས་རྣམས་ཀུན་དུ་རྣམ་ཕྱུང་ནས། །དག་པའི་ཞིང་དུ་སྟོང་ཉིད་བཅས། །རྣམ་པར་སྒྲ་ནི་གང་ཞིག་གྲག་།ཆོས་ཀྱི་བདེ་བ་འབྱུང་བར་འགྱུར། །ཡཾ། ལཾ། ཤཾ། བཾ། ོཾ་བཛྲ་ས་ཏྭ་ཀྲོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་རཱ་ག་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དུཥྚི་ཀྲོ་དྷ་ཡ་སཱ་དྷུ་སཱ་དྷུ་ཧཱུཾ་ཕཊ། ཁྲོ་བོ་རྡོ་རྗེ་རིན་ཆེན་མཆོག་།འབར་བའི་ཕྲེང་བ་བཀོད་དཀའ་བས། །ཁྲོ་བོ་རྡོ་རྗེ་བླ་ན་མེད། །མཆོག་ཏུ་གསང་བ་གསུངས་པར་ གྱུར། །ོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷ་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་སཱུརྱ་མ་ཧཱ་ཛྭ་ལ་མཱ་ལ་ཀྲོ་དྷ་ཛྭཱ་ལ་ཡ་སརྦ་ཧཱུཾ་ཕཊ། ཨོཾ་བཛྲ་ཀེ་ཏུ་མ་ཧཱ་ཀྲོ་དྷ་དྷེ་ན་ཧཱུཾ་ཕཊ། ཨོཾ་ཨཊྚ་ཧཱ་ས་བཛྲ་མཊྚ་ཧཱ་ས་ཀྲོ་དྷ་ཧ་ཧ་ཧ་ཧ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྡོ་རྗེ་ཆོས། །འབར་བའི་ཕྲེང་བས་ཁྱབ་གྱུར་པས། །
84-1-256a
ཁྲོ་བོའི་རྒྱལ་པོ་རབ་བཟོད་དཀའ། །མཆོག་ཏུ་འཇིགས་སུ་རུང་བ་སྨྲས། །ོཾ་བཛྲ་དྷརྨ་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་ཏིཀྵྞ་ཀྲོ་དྷ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཧེ་ཏུ་ཀྲོ་དྷ་པྲ་བེ་ཤ་ཡ་མཎྜ་ལཾ་སརྦ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བྷཱ་ཥ་ཏ་པཱ་ཏ་ཧཱུཾ་ཕཊ། རྡོ་རྗེ་ལས་ནི་རྒྱལ་ པོ་ཆེ། །གསང་བ་ཐམས་ཅད་ཀུན་བསྡུས་པས། །འབར་བ་གསལ་བས་ཁྱབ་པ་བྱུང ། །ཁྲོ་བོ་རྒྱལ་པོས་བརྗོད་པར་གྱུར། །ོཾ་བཛྲ་ཀརྨ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་བ་ཙ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མུཥྚི་སཱ་དྷ་ཡ་ས་ མ་ཡ་ཧཱུཾ་ཕཊ། སེམས་དཔའ་འདི་རྣམས་གསང་བ་ཆེ། །ཞི་བའི་གཟུགས་ལས་རྣམ་པར་གྱུར། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །འཁོར་ལོའི་དཀྱིལ་འཁོར་ལ་བཞུགས་གྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །གསང་བ་འདི་རྣམས་ཡོངས་ སུ་བརྗོད། །མཆོད་པའི་ལྷ་མོས་གསུངས་པར་གྱུར། །ོཾ་བཛྲ་ལཱ་སྱེ་རཱ་གཡ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལེེ་ཨ་བྷི་ཥིཉྩ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་ཏྱེ་གཱ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ནརྀ་ཏྱེ་བ་ཤི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་གན་དྷ་པཱུ་ཛཱ་སྥ་ར་ཎ་ས་ མ་ཡེ་ཧཱུཾཕཊ། ཨོཾ་བཛྲ་དྷཱུ་པ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེེ་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཁྲོ་བོ་དྲག་པོ་ཤིན་ཏུ་གདུག་།རྡོ་རྗེ་ཁྲོ་བོ་རབ་གཏུམ་པ། །སྒོ་སྲུང་དག་ནི་ཀུན་དུ་བྱུང ། །ོཾ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ ཀཪྵ་ཡ་སརྦ་ས་མ་ཡ་ཧཱུཾ་ཛཿ ། ཨོཾ་བཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་པྲ་བེ་ཤ་ཡ་སརྦ་ས་མ་ཡ་ཧཱུཾ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་བན་དྷ་ཡ་སརྦ་ས་མ་ཡ་ཧཱུཾ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་ཧཱུཾ་ཕཊ། ཧོཿ ། འཁོར་ལོ་ཡོངས་སུ་ཟླུམ་པོར་ནི། །རྡོ་རྗེ་འཛིན་ པ་ཆེན་པོར་གྱུར། །ཁྲོ་བོ་ཆེན་པོའི་ཚོགས་ཀྱིས་ཁྱབ། །དཀྱིལ་འཁོར་ཆེན་པོ་ཡང་དག་ལྡན། །གནས་ཆེན་པོ་དང་ཡང་དག་ལྡན། །དཀྱིལ་འཁོར་ཆེན་པོར་ཀུན་བསྡུས་པས། །ཤིན་ཏུ་གསང་བ་ཆོས་ཆེན་པོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །
84-1-256b
དེ་ཉིད་སྙིང་པོ་གསང་བ་ཆེ། །ཐར་པ་ཆེན་པོ་གྲོང་ཁྱེར་མཆོག་།དཀྱིལ་འཁོར་རྒྱལ་པོ་ཆེན་པོ་སྟེ། །སེམས་ཅན་དོན་ཀུན་ཡང་དག་ལྡན། །ཆོས་ཉིད་རྫོགས་པར་བྱང་ཆུབ་པ། །འདི་འདྲ་ཆོས་དང་ལོངས་སྤྱོད་རྫོགས། །རིགས་ལྔའི་གསང་བ་གང་ཡིན་ པ། །གདོན་མི་ཟ་བར་བྱེད་པ་ཡི། །དེ་བཞིན་གཤེགས་པའི་རིགས་ཞི་བ། །གང་ཕྱིར་དག་པའི་ཚོགས་ཆེན་པོ། །དེ་བཞིན་རྡོ་རྗེའི་རིགས་དྲག་པོ། །གང་ཕྱིར་ལྷ་ཆེན་རབ་འདུལ་བྱེད། །ལྷ་ཆེན་ལ་སོགས་སྤྲུལ་བྱེད་པ། །དེ་བཞིན་པདྨའི་རིགས་མཆོག་སྟེ། ། གང་ཕྱིར་གདུལ་བྱའི་སེམས་ཅན་རྣམས། །སྤྲུལ་པ་སྣ་ཚོགས་ཡང་དག་བྱུང ། །སྤྲུལ་པའི་འཁོར་ལོ་ཞི་བ་སྟེ། །དྲག་པོའི་མཆོད་པ་རབ་བསྐོར་བ། །སྣ་ཚོགས་རིགས་ཅན་འཁོར་ལོ་སྟེ། །རིགས་བཞི་དང་ནི་ཡང་དག་ལྡན། །དེ་བཞིན་གཤེགས་པའི་རིགས་ མཆོག་ནི། །ཤར་གྱི་འཁོར་ལོ་ཡང་དག་བྱུང ། །དེ་ནས་རྡོ་རྗེའི་རིགས་དྲག་པོ། །སེམས་ཅན་དོན་དུ་ཡང་དག་འཇིགས། །རྡོ་རྗེའི་རིགས་མཆོག་ཆེན་པོ་འདི། །དཀྱིལ་འཁོར་ཚོགས་ནི་ཀུན་བསྡུས་པ། །གསང་བའི་དབང་ཕྱུག་རྒྱལ་པོ་ཆེ། །གང་ཕྱིར་ གསང་བའི་བདག་པོར་བཤད། །རྡོ་རྗེ་ཐམས་ཅད་ཀུན་བསྡུས་པ། །རང་གི་རིགས་མཆོག་བཤད་ནས་ནི། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེས། །དཀྱིལ་འཁོར་ཆེན་པོ་ཀུན་དུ་སྤྲུལ། །ལྷ་ལ་སོགས་པ་གདུག་པ་ཀུན། །སྐད་ཅིག་དེ་ལ་ཡང་དག་བཀུག་།སླར་ནི་ བཅུག་པར་བྱས་ནས་ཀྱང ། །སྐད་ཅིག་གིས་ནི་དམ་ཚིག་ཕོག་།རྡོ་རྗེ་མཚན་མའི་དབང་བསྐུར་བ། །དམ་ཚིག་ལྡན་པ་བྱིན་ནས་ནི། །བཀུག་སྟེ་རབ་ཏུ་བཅུག་ནས་ཀྱང ། །དེ་བཞིན་བཅིངས་ཏེ་དབང་དུ་བྱས། །དམ་ཚིག་ལ་ནི་བརྩོན་བྱས་ཏེ། །དམ་ཚིག་སྡོམ་ པ་དེ་བཞིན་ནོ། །མི་རྣམས་ལ་ནི་ཕན་པའི་ཕྱིར། །དཀྱིལ་འཁོར་མཆོག་ནི་གསུངས་པར་གྱུར། །འཁོར་ལོ་ཆེན་པོ་གྲོང་ཁྱེར་ཆེ། །རྡོ་རྗེ་རིགས་མཆོག་ཆེན་པོ་སྟེ། །ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ། །དེ་ནས་ཡང་དག་བཤད་པར་བྱ། །འཇིག་རྟེན་གསུམ་
84-1-257a
ཚོགས་ཕམ་བྱས་ནས། །ལྷ་ལ་སོགས་པ་རབ་བཅུག་གྱུར། །དེ་ནས་ཁམས་གསུམ་རྣམ་རྒྱལ་གནས། །འཁོར་ལོ་ཆེན་པོ་གྲོང་ཁྱེར་ཆེ། །གང་མིང་གཟུང་བ་ཙམ་ཉིད་ཀྱིས། །སེམས་ཅན་རབ་ཏུ་བཅོམ་ནས་ནི། །གདོན་ལ་སོགས་པ་འབྲོས་ པར་བྱེད། །རིམས་དང་གདོན་དང་དུག་དག་དང ། །དྲག་པོ་གདུག་པ་དམ་ཚིག་དང ། །མཚན་བཟང་བ་ཡི་མོད་ཉིད་ལ། །སྐྲག་པ་དང་ནི་གཡོ་བར་གྱུར། །སྐུ་ནི་ལོངས་སྤྱོད་རྫོགས་པའི་མཆོག་།མི་གང་དག་ནི་གདུལ་བྱ་མིན། །དེ་བས་རྡོ་རྗེ་འཛིན་རྒྱལ་ནི། །དཀྱིལ་ འཁོར་ཆེན་པོ་སྤྲུལ་པར་གྱུར། །རྡོ་རྗེ་སློབ་དཔོནསྐལ་བ་ཆེ། །ཤིན་ཏུ་བྱང་ཞིང་རབ་ཏུ་མཁས། །དགོངས་པ་ཡི་ནི་ཆོ་ག་ཤེས། །གཞུང་རྣམས་ཐོས་ཤིང་དོན་ལ་མཁས། །རབ་ཏུ་དང་ཞིང་བློ་ལྡན་བརྟན། །རིགས་དང་རིགས་མིན་རབ་ཏུ་ཤེས། །བྱང་ཆུབ་སེམས་ ལ་བརྩོན་པར་གྱུར། །ལྷ་གཞན་དག་ལ་འདོད་ལྡན་མིན། །གསང་བའི་སྙིང་པོ་མཆོག་མཐོང་བ། །སྙིང་རྗེ་བདག་ཉིད་བརྩེར་ལྡན་པ། །དག་ཅིང་དེས་ལ་རྣམ་པར་དུལ། །རང་གི་ངང་གིས་རྣམ་པར་གནས། །ཞེན་ཅིང་ཆགས་ལ་གདུག་པ་མིན། །རྨོངས་པ་མེད་ ཅིང་ལེ་ལོ་མེད། །བརྩེ་ལྡན་ཕན་པའི་བསམ་པ་ཅན། །རྟག་ཏུ་རྣམ་པར་ད་གོད་ལ་དགའ། །གཟུགས་སོགས་འདོད་པའི་ཡོན་ཏན་ལ། །ཆགས་ཤིང་ལྷག་པར་རྒྱལ་གྱུར་ནས། །སྲིད་ལ་སེམས་ནི་སྐྲག་པར་བྱེད། །སྲིད་ལ་མངོན་པར་ཆགས་པ་མེད། །ཐེག་ པ་ཆེན་པོའི་ཚུལ་ལ་བརྩོན། །ཐེག་པ་གཞན་ལ་འདོད་ལྡན་མིན། །སེམས་ཅན་ཀུན་གྱི་དོན་ལ་བརྩོན། །དཀོན་མཆོག་གསུམ་གྱི་མཆོག་བྱུང་བ། །ཉོན་མོངས་ཀུན་དུ་ཆགས་པ་སྤངས། །གཉེན་པོ་དག་ནི་རབ་ཏུ་བསྒོམ། །འདོད་ཆགས་ལ་སོགས་ཉོན་མོངས་ ཆེ། །མི་སྡུག་པ་ལ་སོགས་པ་བསྒོམ། །རིགས་དང་རིགས་མིན་ཆོ་ག་ཤེས། །སྔགས་དང་ཕྱག་རྒྱ་ཤིན་ཏུ་མཁས། །དགུག་དང་གཞུག་དང་བཅིང་བ་དང ། །དབང་དུ་བྱ་དང་གཤེགས་གསོལ་དང ། །ཇི་སྐད་རྡོ་རྗེ་དབྱིངས་བཤད་ཡིན། །སྔོན་དུ་རིག་
84-1-257b
པའི་བརྟུལ་ཞུགས་བྱ། །ཁ་ན་མ་ཐོ་རྡུལ་ཙམ་ལ། །ཀུན་དུ་འཛེམ་པར་བྱ་བ་ཡིན། །ཚད་དང་ཚོན་རྩི་སྲད་བུ་དང ། །ཡོ་བྱད་ཆོ་ག་ཡང་དག་ལྡན། །བཅིང་དང་ཕུར་བུས་གདབ་པ་ཉིད། །སྔར་བཤད་རྡོ་རྗེ་དབྱིངས་བཞིན་དུ། །བཟའ་བ་དང་ནི་མི་བཟའ་བ། །རྡོ་རྗེ་ སྙེམས་ཚུལ་ཏིང་འཛིན་གྱིས། །རྡོ་རྗེ་དབྱིངས་སོགས་དཀྱིལ་འཁོར་དུ། །སྔར་ནི་ཇི་ལྟར་དེ་བཞིན་བྱ། །དེ་ནས་ཡང་དག་རབ་བཤད་བྱ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་དབྱིངས་དང་རབ་ཏུ་མཚུངས། །དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག་། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་གྱི་ཆུན་པོས་རྣམ་པར་བརྒྱན། །རྒྱ་ཆེར་ཇི་ལྟར་རིགས་པ་རུ། །ཇི་བཞིན་རྡོ་རྗེ་གྲོང་ཁྱེར་ཆེ། །རྡོ་རྗེ་དབྱིངས་དང་རབ་ཏུ་མཚུངས། །རྡོ་རྗེ་འཛིན་པའི་གྲོང་ ཁྱེར་བྲི། །འཁོར་ལོ་ལྔ་དང་ཡང་དག་ལྡན། །ཀ་བ་བརྒྱད་དང་ཡང་དག་ལྡན། །དེ་དབུས་རང་བཞིན་འཁོར་ལོ་ཡི། །དབུས་སུ་སངས་རྒྱས་དགོད་པར་བྱ། །རྣམ་པར་སྣང་མཛད་སྟོན་པ་ཆེ། །རྡོ་རྗེ་སེམས་དཔའ་འོད་པོ་ཆེ། །བྱང་ཆུབ་སེམས་དཔའ་རྒྱལ་པོ་ ཆེ། །སངས་རྒྱས་ལོངས་སྤྱོད་རྫོགས་དཀྱིལ་འཁོར། །སངས་རྒྱས་སྤྱན་སྔར་རྡོ་རྗེ་ནི། །འབར་བའི་དབུས་སུ་དགོད་པར་བྱ། །རྡོ་རྗེ་མེ་ལྟར་འབར་ཉིད་ནི། །ཕྱག་རྒྱ་འཇིག་རྟེན་གསུམ་འཇོམས་པ། །གཡས་སུ་རིན་ཆེན་ཕྱག་རྒྱ་ནི། །འབར་བའི་དབུས་སུ་ དགོད་པར་བྱ། །གཡོན་དུ་པདྨའི་ཕྱག་རྒྱ་བྲི། །རྒྱབ་ཏུ་རྡོ་རྗེ་རྣོན་པོ་ནི། །འབར་བའི་དབུས་སུ་དགོད་པར་བྱ། །ཕྱག་རྒྱ་ཡི་ནི་རྒྱལ་པོ་བཞི། །འབར་བའི་མེ་དང་རབ་ཏུ་ལྡན། །རྣམ་པར་སྣང་མཛད་དཀྱིལ་འཁོར་ཆེ། །ཆོས་དབྱིངས་གྲོང་ཁྱེར་ཆེན་པོ་ ལ། །འཁོར་ལོས་སྒྱུར་བ་བཞི་པོ་ཡི། །ཕྱག་རྒྱ་དག་ཀྱང་དགོད་པར་བྱ། །གང་དང་གང་གི་ཐིག་གྱུར་པ། །དཀྱིལ་འཁོར་ཤེས་རབ་ཅན་ཐིག་གདབ། །རྡོ་རྗེ་ཡི་ནི་སྔགས་འདི་ཡིས། །རྡོ་རྗེའི་ཐིག་ནི་ཡོངས་སུ་གཟུང ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་
84-1-258a
མ་ཧཱུཾ། དཀྱིལ་འཁོར་ཆེན་པོ་བསྡུས་པ་ཡི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །རྡོ་རྗེའི་ཕྱག་རྒྱ་ཡོངས་བསྡུས་པ། །རྒྱལ་པོ་བྲི་ཞིང་དགོད་པར་བྱ། །ོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཚོན་རྩི་ཐམས་ཅད་ཡང་དག་ལྡན། །འབར་བའི་ལྟ་བས་ཐམས་ཅད་ བལྟ། །རྡོ་རྗེ་ཚོན་རྩི་བཀྱེ་བྱ་ཞིང ། །རྡོ་རྗེ་སྔགས་ནི་རབ་ཏུ་བསྐུལ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཕྱག་རྒྱ་གང་ཞིག་དགོད་པར་དུ། །སྙིང་པོ་ཐམས་ཅད་དགོད་པར་བྱ། །སྔར་ནི་དགོད་པ་གང་ཡིན་པ། །རྡོ་རྗེ་གཟུགས་ནི་སྐོར་བྱེད་པ། །རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་དུ། ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །རྡོ་རྗེ་རིག་པ་མཆོག་རྒྱལ་པོ། །མི་བསྐྱོད་ཤིན་ཏུ་མཉམ་བཞག་པ། །ཞལ་བཞི་པ་ལ་ཕྱག་བརྒྱད་པ། །མཆེ་བ་དག་ནི་ཅུང་ཟད་གཙིགས། །ཁྲོ་བོའི་རྒྱལ་པོ་འབར་བས་ཁྱབ། །ཕྱག་ན་ཕྱག་རྒྱ་དང་བཅས་མཚོན། །རྡོ་རྗེ་ཧཱུཾ་ མཛད་ཕྱག་རྒྱ་ནི། །སྟེང་དུ་ཕྱག་གཉིས་ཡང་དག་ལྡན། །དེ་བཞིན་ཁོ་ནར་ཕྱག་གཉིས་དག་།ལྕགས་ཀྱུ་འཕྱར་བ་ཡང་དག་ལྡན། །ཕྱག་གཅིག་གིས་ནི་ཞགས་པ་བསྣམས། །གཅིག་གིས་རྡོ་རྗེ་ཡང་དག་བསྣམས། །མདའ་འགེངས་པ་ཡི་ཕྱག་རྒྱ་དང ། །ཕྱག་གཉིས་ དག་ནི་ཤིན་ཏུ་ལྡན། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་སྟེ། །དབང་ཕྱུག་ཆེན་པོ་ཀུན་དུ་མནན། །གཡས་པས་ལྷ་མོ་ཨུ་མ་ཡི། །ནུ་མའི་བར་དུ་གནོན་པར་བྱེད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་དགོད་པར་བྱ། །འབར་བའི་ཕྲེང་བས་ཁྱབ་ཅིང་འབར། །ཁྲོ་བོ་འཇིགས་ པར་བྱེད་པ་མཆོག་།མདུན་དུ་རྡོ་རྗེ་སེམས་དཔའ་སྟེ། །གཡས་སུ་རྡོ་རྗེ་རྒྱལ་པོ་འོ། །གཡོན་དུ་རྡོ་རྗེ་ཆགས་པ་སྟེ། །རྒྱབ་ཏུ་རྡོ་རྗེ་ལེགས་པའོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ལྷོ་རུ་ཁྲོ་བོའི་དཀྱིལ་འཁོར་ནི། །ཁྲོ་བོའི་རྒྱལ་པོ་ཁྲོ་གཉེར་ཅན། །ཁྲོ་བོས་ཡོངས་སུ་ བསྐོར་བར་བྲི། །ཐམས་ཅད་འབར་བའི་ཕྲེང་བས་ཁྱབ། །གདོང་ནི་ཁྲོ་བཅས་བཞད་ལྡན་པ། །རྡོ་རྗེ་དབང་ཕྱུག་ཕྱག་རྒྱར་ལྡན། །ཁྲོ་གཉེར་ཅན་ནི་ཡོངས་སུ་བརྗོད། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་ཁྲོ་བོ་བདག་ཉིད་ཆེ། །སྔགས་དང་ཕྱག་རྒྱ་ཡོངས་སུ་བསྡུ། །
84-1-258b
རང་གི་གནས་སུ་ཡང་དག་བྲི། །མདུན་དུ་རྡོ་རྗེ་རིན་ཆེན་ཏེ། །གཡས་སུ་ཁྲོ་བོ་གཟི་བརྗིད་དོ། །གཡོན་དུ་རྒྱལ་མཚན་དྲག་པོ་སྟེ། །རྒྱབ་ཏུ་ཁྲོ་བོ་བཞད་པའོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ནི། །ཁྲོ་བོ་ཆེན་པོ་ རྡོ་རྗེ་སྟེ། །ཁྲོ་བདག་ཆེན་པོ་རྣམས་ཀྱིས་བསྐོར། །རྡོ་རྗེ་ཆོས་ནི་མདུན་དུ་སྟེ། །རྡོ་རྗེ་རྣོན་པོ་གཡས་སུའོ། །དེ་བཞིན་གཡོན་དུ་རྡོ་རྗེ་རྒྱུ། །རྒྱབ་ཏུ་རྡོ་རྗེ་སྨྲ་བའོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ཀྱང ། །དཀྱིལ་འཁོར་དག་ནི་མཆོག་བཞི་པ། །རྡོ་རྗེ་དབབ་པ་ལས་ ཆེན་པོ། །ཁྲོ་བོ་ཆེན་པོས་ཡོངས་སུ་བསྐོར། །རྡོ་རྗེ་ལས་ནི་མདུན་དུ་སྟེ། །གཡས་སུ་རྡོ་རྗེ་བསྲུང་བའོ། །གཡོན་དུ་རྡོ་རྗེ་གནོད་སྦྱིན་ཏེ། །རྒྱབ་ཏུ་རྡོ་རྗེ་ཁུ་ཚུར་རོ། །དབུས་ཀྱི་འཁོར་ལོའི་མཚམས་བཞི་རུ། །ལྷ་མོ་བཞི་ནི་ཡང་དག་བྲི། །མཚམས་སུ་ཟླ་བའི་ དཀྱིལ་འཁོར་ལ། །རྡོ་རྗེ་སྒེག་མོ་ལ་སོགས་བྲི། །ཕྱི་རོལ་དཀྱིལ་འཁོར་མཚམས་རྣམས་སུ། །རྡོ་རྗེ་མེ་ཏོག་ལ་སོགས་བྲི། །རྡོ་རྗེ་དབྱིངས་སོགས་དཀྱིལ་འཁོར་དུ། །ཇི་སྐད་སྔར་བཤད་ཆོ་ག་བཞིན། །སྒོ་བཞི་དག་ནི་ཐམས་ཅད་དུ། །སྒོ་སྲུང་རྣམས་ནི་ དགོད་པར་བྱ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །དྲིལ་བུ་དབབ་པ་བླ་ན་མེད། །རང་གི་ཕྱག་རྒྱ་སྙིང་གར་བཞག་།རང་རང་གི་ནི་སྙིང་པོ་ཡིས། །རྡོ་རྗེ་དྲིལ་བུ་ཡིད་འོང་ལྡན། །རྣམ་པར་སྣང་མཛད་རྣམ་པར་དགོད། །བདག་ཉིད་རྡོ་རྗེ་ཁྲོ་བོ་ནི། །གཙོ་བོ་རྡོ་རྗེ་ རིག་པ་མཆོག་།རྡོ་རྗེ་རྒྱལ་པོ་མཆོག་བྱིན་བརླབ། །རང་ཉིད་རྡོ་རྗེ་དཀྱིལ་འཁོར་མཆོག་།དེ་ཡིས་དཀྱིལ་འཁོར་དེ་བྲིས་ནས། །རྡོ་རྗེ་ཏི་རིན་ཏི་རི་འཇུག་།ཡང་དག་པར་ནི་བརྟག་བྱས་ལ། །ལན་བདུན་དུ་ནི་བསྐོར་བ་བྱ། །ཆད་པ་གང་ཡིན་ཡོངས་སུ་དག་། མཁས་པས་ལྷག་པར་དབྲི་བར་བྱ། །རྡོ་རྗེ་དྲིལ་བུ་རྟོགས་པར་བྱ། །གྲུབ་པར་གྱུར་ཏེ་ཉེས་པ་མེད། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ཀུན། །མཉམ་པར་བཞག་པས་ལས་རྣམས་བྱ། །འཁོར་ལོའི་དབུས་སུ་ཞུགས་ནས་ནི། །མཁས་པས་སྒོ་ནི་དབྱེ་བར་བྱ། །ཡིད་ཀྱིས་རྡོ་རྗེ་རི་
84-1-259a
མོ་ནི། །བཏེག་ཅིང་ཀུན་ཏུ་ཕྱེ་ནས་ཀྱང ། །རྡོ་རྗེ་སྒོ་ནི་བཞི་པོ་དག་།ཡིད་ཀྱིས་དབྱེ་བར་བྱ་བ་ཡིན། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་དྷ་ར་ཨུད་གྷ་ཊ་ཡ་པྲ་བེ་ཤ་ཡ་ས་མ་ཡ་ཧཱུཾ། དཀྱིལ་འཁོར་ཕྱི་རོལ་གནས་རྣམས་སུ། །ཕྱི་ཡི་རྡོ་རྗེ་རིགས་དག་ བྲི། །ཁྱབ་འཇུག་ལ་སོགས་ལྷ་རྣམས་ནི། །ཁ་ཁྱེར་གྱི་ནི་ཕྱེད་ལ་གནས། །འཁོར་ལོ་དང་བཅས་རིགས་བཅས་ཏེ། །སེམས་ཅན་གདུག་པ་གདོན་ལ་སོགས། །རིམས་དང་འབྱུང་པོ་ཤ་ཟ་དང ། །མཁའ་འགྲོ་འབྱུང་པོ་མ་མོ་དང ། །ལྷ་མོ་མཚོན་ཆ་དང་ལྡན་ཀུན། ། ཇི་ལྟར་མངོན་པར་འདོད་པ་བྲི། །ཕྱི་རོལ་ཁ་ཁྱེར་གནས་སུ་ནི། །རྡོ་རྗེ་ཁ་ཁྱེར་མཛེས་པ་རྣམས། །དེ་ནས་སྔོན་ལ་སློབ་དཔོན་ཆེས། །དཀྱིལ་འཁོར་དབུས་སུ་འདུག་ནས་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ཏིང་ངེ་འཛིན་ལ་སྙོམས་འཇུག་བྱ། །ཇི་ལྟར་རྡོ་རྗེ་རིགས་བྱུང་བ། །དེ་ བཞིན་བདག་ཉིད་རྣམ་པར་བསམ། །རྡོ་རྗེ་རིག་པ་མཆོག་རྒྱལ་པོ། །བདག་ཉིད་ཡང་དག་བྱིན་གྱིས་བརླབ། །རྡོ་རྗེ་ཁྲོ་བོ་རྒྱལ་པོ་མཆོག་།ཅེས་བྱ་དེ་འདྲའི་ཏིང་འཛིན་ལ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །སྐལ་བ་ཆེན་པོ་སྙོམས་ཞུགས་ནས། །ཇི་སྐད་གོང་དུ་གྲགས་ པ་བཞིན། །ཤེས་རབ་ཅན་གྱིས་ཐམས་ཅད་བསམ། །ཇི་ལྟར་རྡོ་རྗེ་རིགས་འབྱུང་བ། །ཇི་ལྟར་དཀྱིལ་འཁོར་རྫོགས་པར་ནི། །རྒྱ་ཆེན་གསང་བ་ཆེན་པོ་དང ། །རྡོ་རྗེ་སློབ་དཔོན་ཆོ་ག་མཆོག་།རྒྱུད་ཆེན་གསང་བ་ཞེས་བྱ་བ། །རྟོག་པ་འདི་ལས་རབ་ཏུ་བཤད། །དེ་ནས་དབུས་ སུ་འདུག་བྱས་ནས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །ཁྲོ་བོའི་ཕྱག་རྒྱ་བཅིངས་ནས་ནི། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་བཅིངས། །ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་བཅིངས། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་ཏུ་ནི་བརྗོད་པར་ བྱ། །རྡོ་རྗེ་མེ་ཏོག་སོགས་མཆོད་པས། །འདྲེན་པ་ཐམས་ཅད་མཆོད་པར་བྱ། །གསང་བའི་མཆོད་པ་གང་བྱ་བ། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་བཅིང ། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་ལྡན། །དེ་བཞིན་དུ་ནི་མཆོད་པ་ཉིད། །ཕྱག་རྒྱའི་ལན་ལ་སོགས་པ་ཀུན། །ཆོ་ག་རབ་ཏུ་ལྡན་པ་འབུལ། །
84-1-259b
རྡོ་རྗེ་དྲིལ་བུ་དཀྲོལ་བྱ་ཞིང ། །གདུག་པའི་དཀྱིལ་འཁོར་བསྡིགས་པར་བྱ། །གདུག་པའི་སེམས་ནི་གདུལ་བྱ་ཞིང ། །ཉོན་མོངས་མཆོག་ཏུ་གསད་པར་བྱ། །དབབ་ཅིང་བརྗོད་པ་ཉིད་དུ་བྱ། །རྡོ་རྗེ་མཆོད་པས་མཆོད་པར་བྱ། །གླུ་དང་མཆོད་པ་ཡང་དག་ལྡན། །རྡོ་རྗེ་ གླུ་ནི་བླང་བར་བྱ། །རྡོ་རྗེ་ཡི་ནི་གླུ་འདི་དག་།བླང་ཞིང་མཆོག་རྣམས་མཉེས་པར་བྱ། །བཏུད་ཅིང་དབུལ་བར་བྱ་བ་ཉིད། །རྡོ་རྗེ་གླུ་ནི་བླང་བར་བྱ། །ཤ་ཏ་ཤ་ཏ་མ་ཏས་ཏ་ཏི་རི། ཊ་ཏ་ཊ་ཏ་བྲི་ཏི་ཧ་ཏ། མ་ཏ་ཤ་ཏ་བྲ་ཏ་ཀ་ཏ། ཏ་བི་ཊ་བི་ཊ་ཊ་ཊ་ཊ། བ་ཊ་ཨི་ཏི་ཏ་ཊ་ ཊ་ཊ། ཀ་ར་ཊ་ར་ཊ་ར་ར་ཊ། རྡོ་རྗེ་ཏི་རིན་ཏི་རི་ཡི། །ཕྱག་རྒྱས་བདག་ཉིད་དབང་བསྐུར་བྱ། །ཇི་ལྟར་འདོད་པ་བཀའ་མནོས་ནས། །རྡོ་རྗེའི་སྔགས་ནི་རབ་ཏུ་བསྐུལ། །སྔོན་པོ་གོས་ཀྱིས་སྟོད་གཡོགས་བྱ། །སྔོན་པོ་ཡིས་ནི་མིག་དགབ་བྱ། །རྡོ་རྗེ་ཏི་རིན་ཏི་རི་ཡི། ། ཕྱག་རྒྱ་རྡོ་རྗེ་སློབ་མ་བཅིང ། །ོཾ་གྲྀཧྣ་བཛྲ་ས་མ་ཡ་ཧཱུཾ་བཾ། ཅི་རིགས་པར་ནི་གཞུག་བྱ་ཞིང ། །རྡོ་རྗེའི་སྔགས་ནི་བསྐུལ་བར་བྱ། །རྡོ་རྗེ་ཡི་ནི་སྔགས་འདི་ཡིས། །རྡོ་རྗེ་སློབ་མ་གཞུག་པར་བྱ། །ོཾ་བཛྲ་ས་མ་ཡ་པྲ་བེ་ཤེ་ཡཱ་མི། རྡོ་རྗེ་དབྱིངས་སོགས་དཀྱིལ་འཁོར་དུ། ། རྒྱས་པར་ཇི་ལྟར་སྔ་མ་བཞིན། །ཡེ་ཤེས་དབབ་པའི་ལས་དག་ནི། །མཁས་པ་དག་གིས་བྱ་ཉིད་དོ། །མཆོད་པ་དང་ནི་གཏོར་མ་ཉིད། །རྡོ་རྗེ་ཅན་གྱིས་སྔར་གསུངས་ཉིད། །ཤེས་རབ་ཅན་གྱིས་ཀུན་བསླབ་ཅིང ། །བདག་ཉིད་དང་བས་རབ་ཏུ་བྱ། །རྡོ་རྗེ་ཧཱུཾ་མཛད་ ཕྱག་རྒྱ་ཡིས། །ཤེས་རབ་ཅན་གྱིས་ཧཱུཾ་བསྒྲུབ་བྱ། །ལྷ་ལ་སོགས་པ་གདུག་པ་ཀུན། །བཀུག་ཅིང་དེ་རུ་གཞུག་པར་བྱ། །རྡོ་རྗེའི་རྣལ་འབྱོར་བསླབ་བྱ་ཞིང ། །བདག་ཉིད་དམ་ནི་གཞན་ཡང་རུང ། །རྡོ་རྗེ་ཕྲེང་བས་དབང་བསྐུར་བྱ། །རྡོ་རྗེ་མནའ་ཡི་ཕྱག་རྒྱ་ཡིས། །སྔོན་ ལ་མནའ་ནི་བསྒག་པར་བྱ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རྡོ་རྗེ་ཡེ་ཤེས་རབ་བསྒྲུབ་བྱ། །ལག་པས་རྡོ་རྗེ་མཚན་མ་བཟུང ། །རྡོ་རྗེ་སྔགས་ནི་རབ་བསྒྲུབ་བྱ། །རྡོ་རྗེ་ཡི་ནི་སྔགས་འདི་ཡིས། །རྡོ་རྗེ་མཚན་མ་རབ་ཏུ་སྦྱིན། །ོཾ་བཛྲ་པཱ་ཎི་ཀརྨ་ཀཱ་རོད་བྷཱ་བ། དེ་ནས་མིང་གི་དབང་བསྐུར་
84-1-260a
ཞིང ། །རྡོ་རྗེ་སྔགས་ནི་རབ་ཏུ་བསྐུལ། །རྡོ་རྗེ་ཡི་ནི་སྔགས་འདི་ཡིས། །རྡོ་རྗེ་མིང་གི་དབང་བསྐུར་བྱ། །ོཾ་བཛྲ་ཀྲོ་དྷ་སྟྭཾ་ཨ་བྷི་ཥིཉྩཱ་མི། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧེ་བཛྲ་ནཱ་མ། ཡེ་ཤེས་འབྱུང་བ་ཕུན་སུམ་ཚོགས། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཤེས་རབ་མཆོག་ གིས་བསླབ་བྱ་ཞིང ། །རྡོ་རྗེ་རྣལ་འབྱོར་རབ་ཏུ་བསྒྲུབ། །སྙིང་གར་རྡོ་རྗེ་བྲིས་ནས་ནི། །སྣ་ཚོགས་ལས་རྣམས་ཡང་དག་ལྡན། །འབར་བའི་ཕྲེང་བས་ཁྱབ་ཅིང་འབར། །སྙིང་གར་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་རིག་པ་མཆོག་རྒྱལ་པོ། །བདག་ཉིད་ཡོངས་སུ་བསྒོམ་པར་ བྱ། །རྒྱལ་པོ་ལས་རྣམས་ཐམས་ཅད་འཛིན། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །ཡང་ན་ཁྲོ་བོའི་ནང་ནས་གཅིག་།བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས། །འགྲོ་བ་ཐམས་ཅད་དབབ་པར་བྱ། །ཧཱུཾ་སཏྭ་བཛྲ་ཀྲོ་དྷ་ཨཱ་བེ་ཤ་ཨཿ ། ཁྲོ་བོ་རིན་ཆེན་ཏིང་འཛིན་གྱིས། །རྡོ་རྗེ་རིན་ཆེན་ཡང་དག་བྲིས། །བདག་ཉིད་རྡོ་རྗེ་རིན་ཆེན་ཏེ། །སངས་རྒྱས་ཐམས་ཅད་དབང་དུ་བྱ། །རྡོ་རྗེ་པདྨ་མགྲིན་བཅིངས་ནས། །ལྐོག་མའི་ཕྱོགས་སུ་ཡང་དག་བྲི། །བདག་ཉིད་རྡོ་རྗེ་ཆོས་བསྒོམས་ནས། །དེས་ནི་ཉོན་མོངས་ ཐམས་ཅད་འཇོམས། །སྤྱི་བོར་རྡོ་རྗེ་བྲི་བྱ་ཞིང ། །རྡོ་རྗེ་འབར་བ་འཛིན་པ་དགོད། །བདག་ཉིད་རྡོ་རྗེ་ལས་བསྒོམས་ནས། །གདུག་པ་ཐམས་ཅད་བསལ་བར་བྱ། །ཧོ་བཛྲ་རཏྣ་ཀྲོདྷ་བ་ཤ་མཱ་ནཱ་ཡ་ཏྲ། ཧྲིཿ བཛྲ་དྷ་རྨ་ཀྲོ་དྷ་ནཱ་ཤ་ཡ་ཕཊ། །ཧཱུཾ་ཀརྨ་བཛྲ་ཀྲོ་དྷ་རཀྵ། ལྷ་ཚོགས་ སངས་རྒྱས་ཐམས་ཅད་ནི། །ཕྱག་རྒྱ་དང་བཅས་དགུག་པར་བྱ། །ཡེ་ཤེས་བརླབ་ཅིང་དེ་ནས་བཟུང ། །དེ་བཞིན་ཁོ་ནར་ཡང་དག་བརླབ། །ལག་པར་རྡོ་རྗེ་ལྕགས་ཀྱུ་བྲིས། །སྡིགས་མཛུབ་ཡི་གེ་ཧཱུཾ་ལྡན་པ། །ཁྲོ་བོ་ཡིས་ནི་སོར་མོ་བསྐྱོད། །ལྷ་རྣམས་འགུགས་པར་ བྱེད་པའི་མཆོག་།ོཾ་བཛྲ་ཀྲོ་དྷ་ཨཱ་ཀརྵ་ཡ་ཧཱུཾ་ཕཊ། དེ་བཞིན་འོག་ཏུ་རྐང་མཐིལ་ལ། །རྡོ་རྗེ་ལྕགས་ཀྱུ་ཡང་དག་བྲི། །དེ་ཡིས་ལྷ་ནི་གང་ཞིག་མནན། །དེ་ཡི་དགུག་པའི་མཆོག་ཡིན་ནོ། །ོཾ་བཛྲ་ཀྲོ་དྷ་ཨ་གྲ་ཨཾ་ཀུ་ཤ་ཨཱ་ཀརྵ་ཡ་ཧཱུཾ་ཕཊ། དཔུང་པ་བརྐྱང་དང་ཡང་དག་ལྡན། །
84-1-260b
རྡོ་རྗེ་ལྕགས་ཀྱུ་ཡང་དག་བྲིས། །ལྷ་ནི་གང་དང་གང་ལ་མནན། །དེ་དང་དེ་ནི་དགུག་པའི་མཆོག་།ོཾ་བཛྲ་ཀྲོ་དྷ་ན་ཨཱ་ཀརྵ་ཡ་ཧཱུཾ་ཕཊ། སྟན་ལ་རྡོ་རྗེ་ལྕགས་ཀྱུ་ནི། །ཡང་དག་བྲིས་པས་དེ་མནན་ཞིང ། །ལྷ་ནི་གང་ཞིག་ཀུན་ཏུ་མནན། །དེ་དང་དེ་ནི་དགུག་པའི་མཆོག་།ོཾ་བཛྲ་ཀྲོ་དྷ་ ཱ་ས་ན་ཨཱ་གཙྪ་ཡ་ཨཱ་ཀརྵ་ཡ་མི་ཏེ་ཧེ་བཛྲ་སམ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ། ཕྱག་རྒྱ་དབབ་པར་ཡང་དག་དབབ། །མཁས་པས་ཡེ་ཤེས་བསླབ་པར་བྱ། །རྡོ་རྗེ་སྦྱོར་བ་ཐམས་ཅད་ཀྱིས། །སྒྲུབ་པ་དག་ཀྱང་ཡང་དག་བརྩམ། །གཡོན་བརྐྱང་བ་ཡིས་གནས་རྣམས་སུ། །བདག་ཉིད་ཁྲོ་བོར་ བསྒོམ་པར་བྱ། །མྱུར་དུ་སངས་རྒྱས་ཡེ་ཤེས་ནི། །རིང་པོར་མི་ཐོགས་ཡང་དག་དབབ། །ོཾ་བཛྲ་ཀྲོ་དྷ་ཀཱ་ཡ་ཨཱ་བེ་ཤ་ཧཱུཾ་ཕཊ། །རྡོ་རྗེ་ཧཱུཾ་མཛད་ཡང་དག་སྦྱོར། །ཁྲོ་བོ་བདག་ཉིད་བསྒོམ་པར་བྱ། །སངས་རྒྱས་བྱང་ཆུབ་ཡང་དག་དགུག་།རྡོ་རྗེ་སྔགས་ནི་རབ་ཏུ་ བསྐུལ། །ོཾ་བཛྲ་བི་དྱོཏྟ་མ་མ་ཧཱ་ཀྲོ་དྷ་ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་ཧཱུཾ་ཕཊ། བདག་ཉིད་ཁྲོ་བོ་བསྒོམ་བྱ་ཞིང ། །ཁྲོ་བོའི་ལྟ་བས་བལྟ་བར་བྱ། །འཁོར་བའི་བཙོན་ར་འཇིགས་རུང་བར། །སེམས་ཅན་ཐམས་ཅད་གསད་པར་བྱ། །ོཾ་དྲྀཥྚ་མ་ཧཱ་ཀྲོ་དྷ་མ་ར་ཡ་སརྦ་སཏྭ་ ཧཱུཾ།་རྟག་ཏུ་རང་ཉིད་གོ་བགོས་པར། །ཡིད་ཀྱིས་བདག་ཉིད་བསྒོམ་བྱ་ཞིང ། །གཞན་དག་ཀྱང་ནི་བསྒོམ་བྱས་ནས། །འགྲོ་བ་འདི་ཀུན་བསྲུང་བར་འགྱུར། །ོཾ་བཛྲ་རཀྵ་རཀྵ་སརྦ་ས་ཏྭ་ཧཱུཾ་ཕཊ། གསང་བའི་ཕྱག་རྒྱ་རྣལ་འབྱོར་ཆེ། །རྣམ་པ་བཞི་ནི་བསླབ་ པར་བྱ། །རྡོ་རྗེ་ཡེ་ཤེས་དེ་ཉིད་ཆེ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་བསམ། །རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས། །སེམས་ཅན་གང་ཕྱིར་ཀུན་དུ་ཆགས། །ཡིད་ཀྱིས་གཟུགས་ནི་བསྒོམ་བྱ་ཞིང ། །ཡི་གེ་ཧཱུཾ་ནི་རབ་ཏུ་བརྗོད། །རྡོ་རྗེའི་སྦྱོར་བ་འདི་དག་ནི། །རྡོ་རྗེ་མཁའ་ འགྲོའི་ཕྱག་རྒྱ་ཡིས། །སེམས་ཅན་གང་ལ་ཡོངས་སུ་ཆགས། །དེ་ཡི་ཉོན་མོངས་རྣམ་པར་ཉམས། །ཊཀྐི་ཨ་ས་ལ་བེ། ། ལ་བེ་ཨཙྪ་ཊཀྐི་ཧཱུཾ་ཕཊ། འདི་ནི་ལན་ཅིག་བརྗོད་པས་ཀྱང ། །ཀུན་ནས་ཉོན་མོངས་ཞུ་ཞིང་གཡོ། །ཊཀྐི་ཛ། སེམས་ཅན་གང་གི་
84-1-261a
རྒྱུད་ལ་ནི། །རྡོ་རྗེ་ཡི་ནི་ལྟ་བས་བལྟས། །རྡོ་རྗེ་རྣལ་འབྱོར་སྤྱན་ཆེན་པོས། །དེ་ཡི་སྡུག་བསྔལ་ཉམས་པར་གྱུར། །ཊཀྐི་ཧཱུཾ། ཡི་གེ་ཧཱུཾ་ནི་གྱུར་པ་ལས། །ཉེ་བའི་སེམས་ཅན་གང་ཡིན་པ། །དེ་ཡི་སྙིང་གར་རྡོ་རྗེ་ཡང ། །ཤེས་རབ་ཅན་གྱིས་ཡིད་ ཀྱིས་བསམ། །དེ་ནས་འཇིགས་པ་ཐམས་ཅད་ལས། །ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡང ། །རྡོ་རྗེ་རྣལ་འབྱོར་མཁའ་འགྲོ་དང ། །རྡོ་རྗེ་ཕྱག་རྒྱས་གདབ་པར་བྱ། །ཊཀྐི་ཧོ། རྡོ་རྗེ་རྣལ་འབྱོར་རྨད་བྱུང་ཆེ། །རྡོ་རྗེ་རྣལ་འབྱོར་རྡོ་རྗེ་གང ། །རྣལ་འབྱོར་མཁའ་འགྲོ་དཀྱིལ་ འཁོར་ནི། །ཤེས་རབ་ཅན་གྱིས་མཆོག་གསང་བརླབ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །ཡན་ལག་ཀུན་ལ་ཡོངས་སུ་འཁྱུད། །ཡི་གེ་ཧཱུཾ་ནི་སྦྱོར་བྱེད་པ། །སྡུག་བསྔལ་རྣམ་པར་ཉམས་པར་འགྱུར། །རྡོ་རྗེ་ཁྲོ་བོ་རབ་དྲག་འཛིན། །རྟག་ཏུ་བདག་ཉིད་བསྒོམ་ པར་བྱ། །དེ་ཡི་ཁྲོ་བོའི་སྐུ་གང་ཡིན། །གཅིག་ཏུ་མཆོག་ཏུ་གསང་བ་བདག་།སངས་རྒྱས་བྱང་ཆུབ་སེམས་དཔའང་རུང ། །བདག་ཉིད་དང་ནི་མཚུངས་པ་རུ། །ལུས་ནི་ཡང་དག་སྦྱོར་བ་ནི། །དབང་པོ་སྙོམས་འཇུག་བརྗོད་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་ དཔའ་འམ། །རྡོ་རྗེ་ཁྲོ་བོའམ་སེམས་དཔའ་གཞན། །དེའི་ལུས་གང་ཡིན་པ་དང ། བདག་གི་ལུས་གང་ཡིན་པ་མཚུངས་པར་ཤེས་པ་ཉིད། འདི་ནི་དབང་པོ་གཉིས་སྙོམས་པར་འཇུག་པ་ཞེས་བྱའོ། །ཡང་ན་རྣམ་པར་བསྒོམ་པ་ཡིས། །ཇི་སྐད་བཤད་བཞིན་ཡན་ལག་ འཁྱུད། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དཔུང་པ་དམ་པོར་བསྡམ་པར་བྱ། །ཡན་ལག་ཀུན་ལ་ཡོངས་འཁྱུད་པས། །སངས་རྒྱས་བྱང་ཆུབ་རབ་གྲུབ་འགྱུར། །དབང་པོ་གཉིས་ནི་སྙོམས་འཇུག་པ། །འདོད་པའི་འདོད་ཆགས་བརྟག་མི་བྱ། །འདི་ཡིས་མཚུངས་ པར་བསྒོམས་པ་ཡིས། །མཚུངས་པ་ཉིད་ནི་དབང་པོ་ཡིན། །ཧཾ་ཏྲཾ་ཧཱུཾ་གི་སྦྱོར་བའི་སོ་དག་གིས། །མཆུ་བཟུང་ནས་ནི་འོ་བྱ་ཞིང ། །སེམས་ཅན་གང་ཞིག་རྣམ་བསྒོམ་པ། །དེས་ནི་བདེ་བ་དོན་ཡོད་ཐོབ། །ཧཱུཾ་ཛ། སེམས་ཅན་ཐམས་ཅད་བདེ་བྱེད་པ། །ཡི་གེ་ཧཱུཾ་དེ་རབ་
84-1-261b
སྦྱོར་ཞིང ། །བདག་ཉིད་ཁྲོ་བོར་རྣམ་སྦྱངས་ནས། །དེ་ནས་བདེ་བ་ཐོབ་པར་འགྱུར། །ཧཱུཾ། གང་གིས་ཧཱུཾ་ནི་རབ་སྦྱོར་ཞིང ། །སེམས་ཅན་དག་ནི་གང་དག་གིས། །ཡན་ལག་ཐམས་ཅད་བསྡུས་བྱས་ན། །དེ་ཡི་ཉོན་མོངས་བསྲབས་པར་འགྱུར། །ཧཱུཾ་ཕཊ།ཡེ་ཤེས་ ཆེན་པོས་ཐབས་ལྡན་པ། །རྡོ་རྗེའི་རིགས་ནི་ཐམས་ཅད་ཉིད། །དེ་བཞིན་འཁོར་ལོའི་འཁོར་བཅས་པས། །མཁས་པ་ཡིས་ནི་བསླབ་པར་བྱ། །སངས་རྒྱས་སྦྱོར་བའི་ཏིང་འཛིན་གྱིས། །རྟག་ཏུ་བདག་ནི་བསྒོམ་པར་བྱ། །རྣམ་སྨིན་མཆོག་རྣམས་ཀུན་ལྡན་ པ། །སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། །བསྒོམ་པའི་སྦྱོར་བ་དེ་ཡིས་ནི། །སྐད་ཅིག་སངས་རྒྱས་ཉིད་ཐོབ་འགྱུར། །། རྡོ་རྗེའི་རིག་པ་མཆོག་རྒྱལ་པོ། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །ཧཱུཾ། རྡོ་རྗེ་ཁྲོ་བོ་ཁྲོ་གཉེར་ཅན། །མཁས་པ་ཡིས་ནི་བསྒོམ་ པར་བྱ། །ཏྲཾ། །རྡོ་རྗེ་སྡེ་རུ་རང་བདག་ཉིད། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །ཧྲཱིཿ ། རྡོ་རྗེ་དབབ་པ་ཁྲོ་བོ་ཆེ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །། བདག་ཉིད་རྡོ་རྗེ་སེམས་ལ་ནི། །རྡོ་རྗེ་སེམས་དཔར་རྣམ་པར་བསྒོམ། །ཧཱུཾ་བཛྲ་སཏྭ། རྡོ་རྗེ་རྒྱལ་པོ་བདག་ བསྒོམ་བྱ། །ཛ་བཛྲ་རཱ་ཛ། རྡོ་རྗེ་ཆགས་པར་བསམ་པར་བྱ། །ར་བཛྲ་རཱ་ག་།ཁྲོ་བོ་ལེགས་པ་བསྒོམ་པར་བྱ། །ས་བཛྲ་སཱ་དྷུ། དེ་ནས་རྡོ་རྗེ་རིན་ཆེན་ནོ། །ོཾ་བཛྲ་རཏྣ། རྡོ་རྗེ་གཟི་བརྗིད་དེ་བཞིན་ནོ། །ཛྭཱ་ལ་ཡ། བདག་ཉིད་རྡོ་རྗེ་རྒྱལ་མཚན་བསྒོམ། །དྷེ་ཧེ། རྡོ་རྗེ་བཞད་པ་ རྣམ་པར་བསྒོམ། །ཧཱ་ས་བཛྲ་ཧཱ་ས། རྡོ་རྗེ་ཆོས་ནི་བསྒོམ་པར་བྱ། །ཤོ་དྷ་ཡ། རྡོ་རྗེ་རྣོན་པོ་རྣམ་པར་བསྒོམ། །ཙྪིན་ད། རྡོ་རྗེ་རྒྱུ་ནི་འཁོར་ལོ་ཆེ། །པྲ་བེ་ཤ་ཡ། རྡོ་རྗེ་སྨྲ་བ་རྣམ་པར་བསྒོམ། །བྷཱ་ཥ། རྡོ་རྗེ་ལས་ནི་བསྒོམ་པར་བྱ། །ཀརྨ། རྡོ་རྗེ་གོ་ཆ་རྣམ་པར་བསྒོམ། །རཀྵ། རྡོ་རྗེ་ གནོད་སྦྱིན་བསྒོམ་པར་བྱ། །ཁཱ་ད། རྡོ་རྗེ་ཁུ་ཚུར་རྣམ་པར་བསྒོམ། །བཾ། གང་དང་གང་ལ་འདོད་པ་ཉིད། །རིགས་ཀྱི་ལྷ་ནི་ཅི་འདྲ་བར། །རང་བདག་ཉིད་ནི་བསྒོམ་པར་བྱ། །དེ་ནི་འདི་ཡིས་སྐད་ཅིག་འགྲུབ། །ཧཱུཾ། རྡོ་རྗེ་ཕྱག་རྒྱས་ལན་ཅིག་བཅིང ། །མཁས་པས་རྡོ་རྗེ་བཟླས་
84-1-262a
པ་བརྗོད། །ཇི་སྐད་བཟླས་པའི་རྒྱུད་དུ་བཤད། །གཞན་དུ་ཁྲོ་བོ་གཟུང་བར་བྱ། །ཡིད་ཀྱིས་ཀྱང་ནི་བརྗོད་བྱ་ཞིང ། །ལུས་ཀྱི་ཕྱག་རྒྱས་བསྐུལ་བར་བྱ། །དཀྱིལ་འཁོར་གསུམ་ནི་མཉམ་སྦྱོར་བས། །སྐད་ཅིག་དེ་ལ་མཁས་པས་བསྒྲུབ། །དེ་ནས་ ཉམས་དགའ་རྡོ་རྗེའི་རིགས། །ཕྱག་རྒྱ་ཆེན་པོ་གྲངས་མེད་པ། །ལུས་ཀྱི་ཕྱག་རྒྱ་ཡང་དག་ལྡན། །གང་ཕྱིར་སེམས་ཅན་སྣོད་མིན་པ། །དེ་ཡི་ཕྱིར་ན་ཉུང་བར་གསུངས། །ཕྱག་རྒྱ་ཆེན་པོ་ཡོངས་བསྡུ་བ། །ཐེག་པ་ཆེན་པོ་མངོན་བསྡུས་ལས། །རྒྱུད་ཆེན་གསང་བ་ཞེས་བྱ་བ། ། རྒྱུད་དེར་རབ་ཏུ་བཤད་པ་ཡིན། །གསང་བའི་ཆོ་ག་འདི་ཡིས་ནི། །རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ། །རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡིས། །སྐད་ཅིག་གིས་ནི་སངས་རྒྱས་འགྲུབ། །འདིར་ནི་ཕན་ཡོན་མང་པོ་དག་།རང་གི་ལས་ལ་ངེས་པར་སྦྱར། །གང་ཞིག་བཏུལ་ཞིང་ མངོན་པར་སྦྱོར། །སྐད་ཅིག་གིས་ནི་སངས་རྒྱས་འགྲུབ། །མཚམས་མེད་ལྔ་པོ་བྱེད་པ་ཡང ། །ཞུགས་ནས་མངོན་པར་བརྩོན་འགྱུར་ཞིང ། །རྣལ་འབྱོར་ཆོ་ག་སྒྲུབ་བྱེད་ན། །འགྲུབ་པར་འགྱུར་བར་ཐེ་ཙོམ་མེད། །ཚེ་འདི་ལ་ནི་རྣལ་འབྱོར་པས། །རབ་ཏུ་དགའ་བའི་ས་ ཐོབ་འགྱུར། །གང་གིས་རྡོ་རྗེ་ཅན་སྦྱོར་བས། །གདོན་མི་ཟ་བར་ས་ཐོབ་འགྱུར། །བསྐལ་པ་གྲངས་མེད་དཀའ་བ་ནི། །སྤྱོད་པའི་བདག་ཉིད་མེད་པར་མིན། །རྣལ་འབྱོར་འདི་ལ་མངོན་པར་བརྩོན། །དེ་བས་ས་ནི་རྙེད་དཀའ་མིན། །ཐེག་ཆེན་འདི་ནི་གསང་བ་སྟེ། ། སངས་རྒྱས་ཆོས་ཀྱི་ཚུལ་བསྟན་པ། །སངས་རྒྱས་བྱང་ཆུབ་སྙིང་པོ་ཆེ། །དེ་ལས་ས་ནི་ཐོབ་དཀའ་མིན། །གཡོན་བརྐྱང་ཆ་ལུགས་གནས་ནས་ནི། །ཁྲོ་བོའི་ཚིག་ནི་རབ་ཏུ་བརྗོད། །ཁྲོ་བོའི་ལྟ་བས་ཡང་དག་ཁྲོས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་མདོ་སྡེའི་དབང་པོ་གསང་བའི་རྣལ་འབྱོར་གསང་བ་དེ་ཁོ་ན་ཉིད་དམ་པ་མཆོག་ཏུ་གསང་བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣམ་པར་བཤད་པ་སྟེ་ལེའུ་གསུམ་པ་རྫོགས་སོ།། །།རྡོ་རྗེའི་
84-1-262b
རིགས་ལས་ལེའུ་དང་པོའོ།། །།དེ་ནས་གསང་བ་དག་ནི་ཀུན་བསྡུས་མཆོག་།སེམས་ཀྱི་དགའ་བ་ཀུན་སྦྱོར་ཡང་དག་བྱུང ། །བྱ་བ་བྱས་ཤིང་མཆོག་ཏུ་རྣམ་པར་མཛེས། །རྡོ་རྗེ་དབང་ཕྱུག་ཐམས་ཅད་རྣམ་འཕྲུལ་ཚོགས། །དེ་ནས་སངས་རྒྱས་ཀྱི་ནི་རིགས་ ཆེན་མཆོག་།རྡོ་རྗེ་སྙིང་པོའི་ཐུགས་བྱུང་བདེ་ལྡན་པ། །ཤིན་ཏུ་གསང་བའི་ཡོན་ཏན་མཆོག་བསྡུས་པ། །རྡོ་རྗེ་རྒྱལ་པོ་བུད་མེད་གཟུགས་ཅན་གྱུར། །ེ་མའོ་བུད་མེད་དགའ་བ་མཆོག་སྤྱོད་པ། །གསང་བ་ཀུན་ཏུ་བསྡུས་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ མཆོག་ཏུ་འཇིགས་མི་མངའ། །དེ་ཡིས་གསུངས་ནས་ཅང་མི་གསུང་བཞུགས་སོ། །གཟུངས་ཀྱི་དམ་ཚིག་ཡང་དག་བྱུང་བ་མཆོག་།ཏིང་འཛིན་གནས་ནས་ཆོས་ཉིད་གསང་བ་ནི། །སྤྱི་བོ་རྐང་མཐིལ་ཀུན་བསྡུས་བསྟན་པ་ལས། །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཚོགས་ དག་ཕྱུང ། །ཧྲཱིཿ ། དེ་ནས་དགའ་བའི་མིང་ཅན་དག་ཀྱང་ཕྱུང ། །རྡོ་རྗེ་བུད་མེད་ཐུགས་ལས་བྱུང་བ་མཆོག་།གཟུགས་ཁམས་མཆོག་གི་ལྷ་ལས་ཤིན་ཏུ་འདས། །རྡོ་རྗེའི་མཚམས་རྣམས་ལྷ་མོའི་ཚིག་དག་གྲག་།དགའ་བཅས་འཛུམ་པ་དང་ལྡན་སྤྱན་མངའ་བ། ། བཞད་ཅིང་སྒེག་དང་བཅས་པའི་ཞལ་ལྡན་པ། །ཚངས་སོགས་རིགས་ཀྱི་ལྷ་ཡི་ལྷ་མོ་སྟེ། །ཡིད་འོང་དགའ་བ་ཆེན་པོས་རྒྱལ་འགྱུར་བ། །ལྷ་མོ་རྡོ་རྗེ་རྣལ་འབྱོར་མ་དེ་ཡང ། །འཁོར་ལོའི་དབུས་སུ་གནས་ནས་རྟོག་བྱེད་པ། །དེ་ཡི་རིགས་བསྡུས་མཛེས་ཤིང་ཡིད་དུ་ འོང ། །རྡོ་རྗེ་ཆེན་མོ་རྡོ་རྗེ་རྨོངས་བྱེད་མ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཱ་ག་མོ་ཧ་ན་ཡ་ཧི། སྙིང་པོ་སངས་རྒྱས་རྨོངས་པར་བྱེད་པས་གསུངས། །དེ་བཞིན་གཤེགས་པ་མཆོག་ཀྱང་རྨོངས་པར་འགྱུར། །སངས་རྒྱས་ཀུན་གྱི་དགའ་བ་རྨོངས་བྱེད་དགའ། །སངས་རྒྱས་ གཟུགས་དག་ཡོངས་སུ་སྒྱུར་བ་མཆོག་།རྣམ་སྣང་ཐུབ་པའི་དབང་ཕྱུག་མཆོག་དེ་ནི། །བུད་མེད་གཟུགས་ཀྱི་སྤྲུལ་པ་ཉིད་དུ་འགྱུར། །དབང་ཕྱུག་རྫུ་འཕྲུལ་མཆོག་མངའ་གང་དེ་ནི། །འཁོར་གྱི་སྲིང་མོ་གང་ཡིན་བཞི་བོར་གྱུར། །ོཾ་བཛྲ་ཀྲོ་དྷ་ས་མ་ཡེ་སྠི། དེ་ནས་
84-1-263a
གསང་བ་བརྟན་པའི་ཚོགས་ཞི་བ། །ཆོས་དང་ལོངས་སྤྱོད་རྫོགས་སྐུས་ཀུན་ཁྱབ་པ། །རྡོ་རྗེ་གསང་བའི་དབང་ཕྱུག་རྨོངས་བྱེད་བདག་།སངས་རྒྱས་བཙུན་མོ་དག་པའི་ཆོས་ཉིད་བཞུགས། །ས་ནི་རྣམ་པ་དྲུག་ཏུ་གཡོས་པར་གྱུར། །འོད་ཟེར་སྣ་ཚོགས་ ཕྱོགས་བཅུ་དག་ཏུ་གསལ། །ལྷ་མོ་ལྷ་དང་བཅས་པའི་ལྷ་མོ་རྣམས། །ཟིལ་གྱིས་མནན་ཅིང་ཤིན་ཏུ་རྒྱས་པར་འགྱུར། །རིགས་ཀྱི་དཀྱིལ་འཁོར་དང་མཚུངས་ལྷ་མོའི་ཚོགས། །དེ་དག་རང་གི་གཞལ་ཡས་ཁང་ན་གནས། །དེ་ནས་སངས་རྒྱས་རིན་ཆེན་འབྱུང་བ་ཡི། ། གསང་བའི་དབང་ཕྱུག་དམ་པ་འདྲེན་པ་སྟེ། །རྡོ་རྗེ་དགའ་བ་ཆེན་པོ་རྣམ་པར་དགོད། །གདུག་པ་ཀུན་གྱི་དབང་ཕྱུག་ཡི་གེ་ནི། །སྙིང་པོ་ལས་བྱུང་ཆོས་ཉིད་དག་པ་སྟེ། །རྡོ་རྗེ་བཙུན་མོ་བཞི་དང་དབུས་མ་ལྔ། །དཀྱིལ་འཁོར་ཚོགས་ཀྱི་ཤར་ཕྱོགས་ཆ་ལ་གནས། །མི་ བསྐྱོད་པ་ཡི་དབང་ཕྱུག་དམ་པའི་མཆོག་།དེ་ནས་རྡོ་རྗེའི་རིགས་ཅན་ལས་བྱུང་བའི། །ཤར་གྱི་དཀྱིལ་འཁོར་ཁྲོ་བཅས་དཀྱིལ་འཁོར་བཅས། །མི་བསྐྱོད་དམ་པའི་དམ་ཚིག་བདག་ཉིད་ཅན། །དེ་ཡིས་སྙིང་པོ་བསྐུལ་བ་གསུངས་པར་གྱུར། །སྙིང་པོ་རབ་མཆོག་འབྱུང་ བ་གསུངས་པར་གྱུར། །ོཾ་བཛྲ་ཀྲོ་དྷ་ས་མ་ཡེ་ཛི། ཨོཾ་བཛྲ་རོ་ཥ་ཨཾ་ཀུ་ཤ་ཨཱ་ན་ཡ་སརྦ་ཛི། ཨོཾ་བཛྲ་རོ་ཥ་ཀརྨ་བཛྲི་བ་ཤཾ་མེ་ཨཱ་ན་ཡ་དི་ཛི། ཨོཾ་བཛྲ་དུཥྚི་ཀྲོ་དྷ་ཏིཥྛ་ཡ་སརྦ་ཛི། རིན་ཆེན་འབྱུང་ལྡན་དེ་ནི་བུད་མེད་གཟུགས། །རིན་ཆེན་མཆོག་ཏུ་ཡིད་དུ་འོང་བ་དེས། ། འཁོར་གྱི་སྙིང་པོ་དག་ནི་བཞི་པོ་གསུངས། །ོཾ་བཛྲ་བྷྲྀ་ཀུ་ཊཱི་ཀྲོ་དྷ་ཧ་ར་ཧ་ར་སརྦ་གརྦྷ་ཛི། ཨོཾ་བཛྲ་ཛྭ་ལ་མཱ་ལ་པྲ་བེ་ཤ་མ་ཧཱ་ཀྲོ་དྷ་ཨགྣི་ཛྭཱ་ལ་ཡ་སརྦ་ར་བྷི་ཥ་ཛ་ཛི། ཨོཾ་བཛྲ་དྷྭ་ཛ་ཨ་གྲ་ཀེ་ཡུ་རི་མ་ཧཱ་ཀྲོ་དྷི་དེ་ཧི་སརྦ་ཛི། ཨོཾ་བཛྲ་ཨཊྚཱཊྚ་ཧ་སི་ནི་ཧཱ་ས་མ་ཡཱ་ཊྚཱཊྚ་ཧ་ར་ཧ་ར་ཛི། ཡི་གེ་ ཛི་ནི་ཤིན་ཏུ་བརྟན་པར་གནས། །སྙིང་པོ་མཆོག་ཏུ་ཤིན་ཏུ་གྱུར་པ་གསུངས། །རིན་ཆེན་དབང་ཕྱུག་དམ་པ་དེ་ཡིས་ནི། །སྙིང་པོ་བསྐུལ་བར་བྱེད་པའི་མཆོག་དག་གསུངས། །སྙིང་པོ་མཆོག་གསུངས་རྨད་བྱུང་གསུངས་པར་གྱུར། །འོད་དཔག་མེད་དེ་བུད་མེད་གཟུགས་གྱུར་
84-1-263b
པ། །རྡོ་རྗེ་བཙུན་མོ་དམ་པ་འབྱུང་བའི་མཆོག་།སྙིང་པོ་བཞི་པོ་དག་ནི་གསུངས་པར་གྱུར། །ོཾ་བཛྲ་ཤུད་དྷི་ཧ་ན་དུཥྚི་དྷི། ཨོཾ་ཏཱིཀྵྞ་ཀྲོ་དྷ་ཙྪིན་ད་ནསརྦ་དྷི་རི། བཛྲ་ཧེ་ཏུ་མ་ཧཱ་ཀྲོ་དྷ་བྲ་བེ་ཤ་ཡ་སརྦ་དྷི། ཨོཾ་བཛྲ་ཛི་ཧཝཱ་མ་ཧཱ་ཀྲོ་དྷ་བྷཱ་ཥི་པ་ཙ་ཨུངྒ་ར་ཡ་དྷིཿ ། སྙིང་པོ་རིག་མཆོག་ བརྟན་པ་གསུངས་པར་གྱུར། །པདྨའི་དཀྱིལ་འཁོར་དབང་དང་ལྡན་པ་མཆོག་།འོད་དཔག་མེད་པའི་གསང་མཆོག་བསྟན་པ་སྟེ། །སྙིང་པོ་བསྐུལ་བའི་མཆོག་ནི་གསུངས་པར་གྱུར། །ཎི། དགའ་བ་ཆེན་པོས་མཚན་མ་དག་ཀྱང་ཕྱུང ། །དོན་ཡོད་གྲུབ་པ་བུད་མེད་གཟུགས་གྱུར་ པས། །ལས་ལ་ཤིན་ཏུ་བསྐུལ་བ་དང་ལྡན་ཏེ། །འཁོར་གྱི་སྲིང་མོ་དག་ནི་བཞི་པོ་གསུངས། །ོཾ་སརྦ་མུ་ཁེ་ཀརྨ་བཛྲི་ཎི་མ་ཧཱ་ཀྲོ་དྷ་ཀུ་རུ་སརྦ་ཎི། ཨོཾ་བཛྲ་ཀ་བ་ཙ་ཀྲོ་དྷི་རཀྵ་མ་ཎི། ཨོཾ་བཛྲ་ཀྲོ་དྷེ་མ་ཧཱ་ཡཀྵི་ཎི་བཛྲེ་དཾཥྚཱ་ཀ་རཱ་ལི་བི་ལཱ་ས་སརྦ་ཎི། ཨོཾ་བཛྲ་མུཥྚི་བཛྲ་ཀྲོ་དྷ་ནི། དེ་ནས་ ལས་ཀྱི་དཀྱིལ་འཁོར་སྣ་ཚོགས་དག་།མཆོག་ཏུ་གསང་བ་བསྡུས་པ་དགའ་ཆེན་པོ། །དབུས་ཀྱི་གཙོ་བོའི་དཀྱིལ་འཁོར་སྐུལ་བྱེད་པ། །ལས་ཀྱི་བཙུན་མོའི་སྙིང་པོ་མཆོག་འདི་གསུངས། །ཧཱུཾ། དབུས་ཀྱི་གསང་བ་སྣ་ཚོགས་འབྱུང་འགྱུར་བ། །གཙོ་བོ་འདི་དག་རྣམ་པར་སྣང་མཛད་ གསུངས། །ོཾ་བཛྲེ་ཤཝ་རཱི་ཧཱུཾ། ཨོཾ་རཏྣེ་ཤཝ་རཱི་ཧཱུཾ། ཨོཾ་པདྨེ་ཤཝ་རཱི་ཧཱུཾ། ཨོཾ་ཀརྨེ་ཤཝ་རཱི་ཧཱུཾ། རྡོ་རྗེ་རྒྱལ་མོ་དང་བཅས་བསྐུལ་བ་ལས་བྱུང་གང་ཡིན་པ། །རྡོ་རྗེ་བཙུན་མོ་རྣལ་འབྱོར་བཞི་ཡིས་དབུས་ཀྱི་དབང་ཕྱུག་ཉིད་དུ་གནས། །རྡོ་རྗེ་རིན་ཆེན་ཆོས་ལྡན་བཙུན་མོ་ཡན་ལག་མཛེས་པ་དང་ ལྡན་པ། །འདི་ནི་གསང་བའི་ཚོགས་ལས་གཞན་དུ་རྣལ་འབྱོར་མཆོག་ནི་འགའ་ཡང་མེད། །རྡོ་རྗེ་སེམས་དཔའ་མཆོག་ཏུ་འཇིགས་མི་མངའ། །དེ་ནི་རང་གི་འཁོར་ཚོགས་དབུས་ན་བཞུགས། །དེས་ནི་བརྩེ་དང་ཕན་པའི་སེམས་ཀྱིས་ནི། །རྡོ་རྗེ་གསང་བའི་དཀྱིལ་འཁོར་མཆོག་ གསུངས་གྱུར། །དེ་ནས་འཁོར་ལོའི་གྲོང་ཁྱེར་བསྟན་བྱས་ནས། །ཁམས་གསུམ་རྣམ་པར་རྒྱལ་བའི་བདག་ཉིད་དེས། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བཙུན་མོ་ཡི། །དཀྱིལ་འཁོར་གསང་བའི་རྣལ་འབྱོར་ཡང་དག་བྲི། །གྲོང་ཁྱེར་རྣམ་པ་གཉིས་སུ་ཡང་དག་བྲི། །འཁོར་ལོ་རྣམ་པ་
84-1-264a
གཉིས་སུ་སྦྱར་བར་བྱ། །དེ་བཞིན་གྲོང་ཁྱེར་འདི་རུ་ཡང་དག་འོང་བ་དང ། །ཡང་ན་ཇི་ལྟར་འདོད་བཞིན་ཡང་དག་བྲི། །དེ་ཡང་ཕྱག་རྒྱ་དག་གི་ཚོགས་དང་བཅས། །བསྒོམ་པར་འོས་པ་རྡོ་རྗེ་ཡང་དག་བྲི། །ཡང་ན་གསང་བའི་ཆོས་ཀྱིས་མཆོད་གྱུར་པ། ། ད་ནི་གཟུགས་དང་ལྡན་པ་ཡང་དག་བྲི། །དབུས་ཀྱི་རིམ་པར་རྡོ་རྗེ་སེམས་དཔའ་བཞུགས། །ཞགས་པ་དང་ལྡན་འཁོར་གྱི་ཕྱག་རྒྱ་བཅས། །རྡོ་རྗེ་འབར་བ་ནོར་བུ་པདྨ་ལས། །འབར་བའི་དང་བཅས་མེ་དང་ལྡན་པར་གཞག་།ཤར་གྱི་དཀྱིལ་འཁོར་འཁོར་ལོ་ལྔ་ཡི་ བདག་ཉིད་ཆེ། །རྡོ་རྗེའི་དཀྱིལ་འཁོར་གང་དུ་མི་བསྐྱོད་གཙོ། །རྡོ་རྗེའི་ཕྱག་རྒྱ་ཆེ་དང་རོལ་པར་གྱུར། །དབང་ཕྱུག་ཆེན་པོ་རྩེ་གསུམ་ལྡན་ནོན་མཆོག་།དེ་ནས་ཕྱོགས་བཞིའི་གནས་དག་དང ། །རྡོ་རྗེ་ལྕགས་ཀྱུ་མདའ་དང་དགའ་བ་དག་།འབར་བའི་མེ་ཡི་ འོད་ཟེར་ཡང་དག་ལྡན། །འབར་བའི་དབུས་ན་གནས་པའི་ཕྱག་རྒྱ་མངའ། །དེ་ནི་རིན་ཆེན་རིགས་ན་ཡིད་འོང་བ། །རྡོ་རྗེའི་དབུས་ན་རྡོ་རྗེ་རིན་ཆེན་བཞུགས། །དེ་ནས་ཕྱོགས་བཞིའི་གནས་དག་ཏུ། །རིན་ཆེན་གཟི་བརྗིད་རྒྱལ་མཚན་བཞད་ཕྱག་རྒྱ། །དེ་བཞིན་པདྨའི་ རིགས་ནི་ཡིད་འོང་ལ། །རྡོ་རྗེ་པདྨའི་ཕྱག་རྒྱ་སྟེ། །དེ་ནས་ཕྱོགས་བཞིའི་མཚམས་དག་ཏུ། །པདྨའི་རལ་གྲི་འཁོར་ལོ་དེ་བཞིན་སྨྲ། །དེ་བཞིན་ལས་ཀྱིས་བྱས་པའི་རིགས་དེ་ལས། །རྡོ་རྗེ་རྣོན་པོ་མེ་ཆེན་དང་ལྡན་པ། །དེ་ཡི་ཕྱོགས་བཞིའི་མཚམས་ནི་བརྟན་པ་རུ། ། ལས་དང་གནོད་སྦྱིན་བསྲུང་བ་ཁུ་ཚུར་རྣམས། །དེ་ལས་རྒྱ་ཆེར་གཟུགས་ཀྱི་ཚོགས་དག་ལ། །རྡོ་རྗེ་བཙུན་མོའི་མཆོག་དྲག་མཁའ་འགྲོ་མ། །འབར་བའི་མཆེ་བ་ཆེན་པོ་འཇིགས་རུང་མ། །དབུས་ན་རྡོ་རྗེ་ཉི་མ་འབར་བ་ལྡན། །ས་དག་བསྲུང་བའི་ཆོ་གར་བཅས། ། རྒྱ་ཆེར་གཞུང་མཆོག་རྟག་ཏུ་བལྟ་བར་བྱ། །སྦྱང་དང་དབབ་པའི་ལས་རྣམས་ཐམས་ཅད་ནི། །ཡན་ལག་མཆོག་ལྡན་དམ་པ་ལས་གཟུང་བྱ། །དེ་ནས་ཕྱག་རྒྱ་ཕྱག་རྒྱའི་ཡན་ལག་བསླབ། །མཆོད་པའི་ཕྱག་རྒྱས་མཆོད་པའི་ཕྱག་རྒྱར་བརྗོད། །དེ་ནས་སྒོ་དང་མཚམས་
84-1-264b
བཅས་དཀྱིལ་འཁོར་དུ། །བཙུན་མོ་དག་བོས་གནམ་ལྕགས་གནོད་སྦྱིན་མཆོག་།དེ་ནས་སྒོར་འཇུག་པ་ཡི་ཚོགས་ལ་ནི། །བཛྲ་ཛཿ ཛཿ ། དགུག་པའི་ཕེག་རྡོབ་སྤྲིན་ནི་རྒྱ་ཆེ་བ། །བཛྲ་ཧཱུཾ་ཧཱུཾ། དེ་བཞིན་འཆིང་བའི་ཆོས་ནི་སྟེར་བྱེད་པ། །བཛྲ་བཾ་བཾ། དེ་ནས་ཡེ་ཤེས་ ཆོས་ཉིད་སྣ་ཚོགས་པ། །བཛྲ་ཨཿ ཿ ། དེ་ནས་གསང་བའི་སྒེག་པ་དང་བཅས་མཆོད། །བཛྲ་ཧཱུཾ་ཁཾ། དེ་ནས་ཡན་ལག་ཕྲེང་བ་སྣ་ཚོགས་ལྡན། །བཛྲ་ཧཱུཾ་གྷུཾ། དེ་ནས་གླུ་བླང་བ་དང་རོལ་མོ་དག་།བཛྲ་ཧཱུཾ་ཏཾ། དེ་བཞིན་གཞན་དག་དཀྱིལ་འཁོར་དབང་ ཕྱུག་མཆོག་།བཛྲ་ཧཱུཾ་སྟེ། དེ་ནས་ཕྱི་རོལ་མེ་ཏོག་རྒྱ་ཆེན་པོ། །བཛྲ་ཏི་ཏེ། དེ་བཞིན་རོལ་ཆ་སྟོང་ཕྲག་དག་བརྡུངས་པ། །བཛྲ་ཊྲཾ་ཏ། སྤོས་དང་དྲི་ལྡན་རོལ་མོ་དག་བྲི་བ། །བཛྲ་དྷཱ་ཏུ། དེ་ནས་འོད་ཟེར་སྣང་བ་རབ་ཏུ་སྤྲོ། །བཛྲ་ཀྲོ་དྷ། དེ་ནས་རྡོ་རྗེ་ལྕགས་ཀྱུའི་་ ཚོགས་ཀྱིས་དགུག་པར་བྱ། །དགའ་བས་མཉེས་བྱ་རྡོ་རྗེ་ཡང་དག་ལྡན། །ོཾ་སིད་དྷི་ཡ་བཛྲ། །ཱ་ན་ཡ་བཛྲ། དེ་ནས་ཆགས་པའི་ས་ནི་འདོད་ཆགས་པ། །རཱ་ག་ཡ་བཛྲ་ཨ་ཧི་བཛྲ། དེ་བཞིན་ཉི་མ་ལ་ལྟ་བ། །ཛྭཱ་ལ་ཡ་བཛྲ། རྒྱལ་མཚན་གྱི་ནི། དེ་ཧི་བཛྲ། བཞད་པ་ཡི་ནི། །ཧཱ་ས་བཛྲ། དེ་བཞིན་རྗེས་སུ་ཆགས་པ་ནི། །ཀཱ་མ་ཡ་བཛྲ། རལ་གྲི་གཟུང་བར་བྱ་བ་ནི། །ཙྪེ་ད་ཡ་བཛྲ། གཞན་ཡང་བསྐོར་བ་ཡི་ནི། བྷྲ་མ་ཡ་བཛྲ། དེ་ནས་ཚིག་གི་ཚོགས་དབྱུང་བ། །བྲཱུ་ཧི་བཛྲ། ལས་ཀྱི་མཆོད་པའི་དཀྱིལ་འཁོར་བརྟན་པའི་ ཚོགས་ནི། ཏྱི་བཛྲ། དེ་ནས་ཆོ་གའི་ཆའི་ནི། རཀྵ་བཛྲ། དེ་བཞིན་དུ་བཟའ་བའི་ནི། ཁཱ་ཧི་བཛྲ། ཡིད་འོང་ལུས་ནི་བརྟན་པར་བཅིང་བར་བྱ། །བནྡྷ་ཡ་བཛྲ། དེ་ནས་ཡེ་ཤེས་ཀྱི་ནི་དེ་བཞིན་བརྐྱང ། །དེ་ནས་ཁྲོས་པའི་ཡིད་ཀྱིས་བསྐུལ་བར་བྱ། །སོ་དག་གིས་ནི་མ་མཆུ་ བསྡམ་པར་བྱ། །དེ་བཞིན་མིག་དག་ཀྱང་ནི་བཙུམ་པར་བྱ། །དེ་ནས་ཁྲོ་བོའི་ཏིང་འཛིན་རབ་ཏུ་བསྒོམ། །གསང་བའི་ཕྱག་རྒྱ་དག་གིས་བདུད་བཞི་བཅོམ། །དེ་ནས་རྡོ་རྗེའི་ཚིག་གི་སྙིང་པོ་བརྗོད། །ཕྱག་རྒྱའི་ཚོགས་ནི་རྣམ་པ་སྣ་ཚོགས་བསླབ། །ལུས་ཀྱི་ཕྱག་རྒྱའི་ཚོགས་དག་ནི། །ཐེག་པ་
84-1-265a
ཆེན་པོ་མངོན་བསྡུས་ལས། །རྡོ་རྗེ་སེམས་དཔའི་བཀའ་བཞིན་དུ། །རྒྱས་པ་རུ་ནི་ཡོངས་སུ་བརྗོད། །གསང་བ་མཆོག་རྫོགས་སོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་གནས་ཀྱི་དབང་ཕྱུག་ནི། །རྡོ་རྗེ་ཕྲ་མོ་ལ་བཞུགས་ནས། ། རྡོ་རྗེ་ཕྲ་མོ་བརྗོད་པར་གྱུར། །ོཾ་སརྦ་ཏ་ཐཱ་ག་ཏ་སཱུཀྵྨ་བཛྲ་ཀྲོ་དྷ་ཀྲ་མ་ཧཱུཾ་ཕཊ། བདག་ཉིད་སངས་རྒྱས་གཟུགས་སུ་ནི། །ཕན་པའི་དོན་དུ་རྣམ་བསམ་བྱ། །རྡོ་རྗེ་ཕྲ་མོ་འདི་ཡིས་ནི། །སེམས་ནི་ཞི་བ་ཉིད་དུ་གྱུར། །ོཾ་སཱུཀྵྨ་བཛྲ་ཀྲོ་དྷ་ཀྲ་མ་ཧཱུཾ་ཕཊ། རྡོ་རྗེ་རིག་ པ་མཆོག་རྒྱལ་པོ། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །རྡོ་རྗེ་ཕྲ་མོ་འདི་ཡིས་ནི། །རང་སེམས་སྐད་ཅིག་གིས་འདུལ་འགྱུར། །ོཾ་སཱུཀྵྨ་བཛྲ་རཏྣ་ཀྲོ་དྷ་ཀྲ་མ་ཀ་ཧཱུཾ་ཕཊ། རྡོ་རྗེ་རིན་ཆེན་རང་བདག་ཉིད། །མཁས་པ་ཡིས་ནི་བསྒོམ་པར་བྱ། །སངས་རྒྱས་ ཆོས་ནི་མྱུར་ཐོབ་ཅིང ། །རིན་ཆེན་ཀུན་མཆོག་གཙོ་བོར་འགྱུར། །ོཾ་སཱུཀྵྨ་བཛྲ་དྷརྨ་ཀྲོ་དྷ་ཀྲ་མ་ཧཱུཾ་ཕཊ། བདག་ཉིད་དག་ནི་རྡོ་རྗེ་ཆོས། །གཟོད་ནས་དག་པ་རྣམ་པར་བསྒོམ། །གསུང་གི་ཕྱག་རྒྱ་འདི་ཡིས་ནི། །རྡོ་རྗེ་ཆོས་དང་མཚུངས་པར་འགྱུར། །ོཾ་སཱུཀྵྨ་བཛྲ་ ཀརྨ་ཀྲོ་དྷ་ཀྲ་མ་ཧཱུཾ་ཕཊ། བདག་ཉིད་རྡོ་རྗེ་ལས་སུ་ནི། །ཡང་དང་ཡང་དུ་བསྒོམ་བྱ་ཞིང ། །རྡོ་རྗེ་སྔགས་ཀྱིས་བསྐུལ་ནས་ནི། །རྡོ་རྗེ་ལས་དང་མཚུངས་པར་འགྱུར། །དབང་བསྐུར་བ་ཡི་སེམས་དཔའ་ཆེ། །འཁོར་ལོས་སྒྱུར་བ་བཞི་བོ་རུ། །རྟག་ཏུ་བདག་ཉིད་ བསྒོམ་བྱས་ན། །དབང་བསྐུར་བ་ཡང་ཐོབ་པར་འགྱུར། །ཧཱུཾ་ཨོཾ་སཱུཀྵྨ་ཛྙཱ་ན་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་རྒྱལ་པོ་རང་བདག་ཉིད། །རྣམ་པར་བསྒོམས་ན་རེངས་པར་འགྱུར། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །སངས་རྒྱས་ཐམས་ཅད་ཀུན་ཏུ་དགུག་།ོཾ་སཱུ་ཀྵྨ་བཛྲ་ཨཾ་ཀུ་ཤ་ཨཱ་ ཀརྵ་ཡ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། མདའ་འགེངས་པ་ཡི་སྦྱོར་བ་ཡིས། །རྡོ་རྗེ་ཆགས་པ་བསྒོམ་པར་བྱ། །སྙིང་པོ་འདི་དག་ཉིད་ཀྱིས་ནི། །སངས་རྒྱས་ཐམས་ཅད་རྗེས་ཆགས་པ། །ོཾ་སཱུཀྵྨ་བཛྲ་ཀྲོ་དྷ་ཨ་ནུ་རཱ་ག་ཡ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་མཉེས་བྱས་ཤིང ། །
84-1-265b
བདག་ཉིད་ཀྱང་ནི་རྣམ་པར་བསྒོམ། །རྡོ་རྗེ་དགའ་བ་བདག་ཉིད་དེ། །རྡོ་རྗེ་དངོས་གྲུབ་ཐོབ་པར་འགྱུར། །ོཾ་སཱུཀྵྨ་བཛྲ་དུཥྚི་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་རིན་ཆེན་རྒྱལ་པོ་ང ། །དབང་བསྐུར་བ་ནི་བརྟན་པའི་མཆོག་།རྡོ་རྗེ་སྔགས་ཀྱིས་བསྐུལ་བྱས་ནས། །རྡོ་རྗེ་རིན་ཆེན་མཚུངས་པར་འགྱུར། །ོཾ་ སཱུཀྵྨ་བཛྲ་བྷྲྀ་ཀུ་ཊཱི་ཀྲོ་དྷ་ཧ་ར་ཧ་ར་ཧཱུཾ་ཕཊ། རྡོ་རྗེ་གཟི་བརྗིད་ཏིང་འཛིན་གྱིས། །རྟག་ཏུ་བདག་ཉིད་འབར་བར་བྱ། །ཕྱོགས་རྣམས་ཀུན་ཏུ་ཡོངས་སྤྲོས་ནས། །རྡོ་རྗེ་སྔགས་ནི་རབ་ཏུ་བསྐུལ། །ོཾ་སཱུཀྵྨ་ཛྭཱ་ལ་མཎྜ་ལ་ཀྲོ་དྷ་སཱུརྱ་ཛྭ་ལ་ཧཱུཾ་ཕཊ། སྦྱིན་པ་རིན་ཆེན་རྒྱལ་མཚན་དུ། །རྟག་ཏུ་ བདག་ཉིད་རྣམ་པར་བསམ། །སེམས་ཅན་ཐམས་ཅད་དག་བྱ་ཞིང ། །རྡོ་རྗེ་སྔགས་ནི་རབ་བསྐུལ་ཞིང ། །ོཾ་སཱུཀྵྨ་བཛྲ་དྷྭ་ཛ་ཀྲོ་དྷ་ཡ་ཤོ་དྷ་སརྦ་ཨཱཿ ཧཱུཾ་མེ་པྲ་ཡཙྪ་ཧཱུཾ་ཕཊ། ཆོས་ཆེན་པོ་ཡི་བཞད་པ་བཞད། །རྡོ་རྗེ་བཞད་པ་བདག་བརྟན་པའི། །རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང ། ། བདག་ཉིད་ཁོ་ན་ཆོས་ཀྱི་གསུང ། །ོཾ་སཱུཀྵྨ་བཛྲ་ཧ་ས་ཀྲོ་དྷ་ཧ་ཧ་ཧཱུཾ་ཕཊ་ཧ་ཧ། གཟོད་ནས་ཞི་བ་སྐྱེ་བ་མེད། །ཆོས་རྣམས་ཐམས་ཅད་རྣམ་དག་པ། །བདག་ཉིད་རྡོ་རྗེ་ཆོས་རྒྱལ་པོ། །རྡོ་རྗེ་ཚིག་གིས་ལན་ཅིག་བརྗོད། །ོཾ་སཱུཀྵྨ་བཛྲ་ཀྲོ་དྷ་ཡ་ཤོ་དྷ་ཧཱུཾ་ཕཊ། ཤུགས་ཅན་རལ་ གྲི་དག་གི་ཚོགས། །རྡོ་རྗེ་རྣོན་པོ་ཤིན་ཏུ་བརྟན། །ོཾ་སཱུཀྵྨ་བཛྲ་ཙྪེ་ད་ཀྲོདྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ནས། །རྡོ་རྗེ་འཁོར་ལོ་དང་མཚུངས་འགྱུར། །ོཾ་སཱུཀྵྨ་བཛྲ་ཀྲོ་དྷ་མ་ཧཱཾ་ཙཀྲ་ཙྪིནྡ་པ་ཧཱ་ཨི་ཤཝ་རི། པྲ་བེ་ཤ་ཧྲྀ་ད་ཡཾ་ཙྪིནྡ་ཧཱུཾ་ཕཊ། ད་ནི་རྗོད་བྱེད་བརྗོད་བྱ་མིན། །བདག་ ནི་རྡོ་རྗེ་སྨྲ་བ་བརྟན། །ཆོས་འདོད་པ་ཉིད་བརྟན་བྱས་ནས། །རྡོ་རྗེ་སྨྲ་བ་ཐོབ་པར་འགྱུར། །ོཾ་སཱུཀྵྨ་བཛྲ་ཧཱུཾ་ཀཱ་ར་ཀྲོ་དྷ་ཧ་ར་པ་ཙ་ཡ་ཝ་མུ་དྲེ་ཎ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང ། །རྡོ་རྗེ་ལས་ནི་བརྟན་པར་བརྟག་།རྡོ་རྗེ་ཚིག་གིས་ཆོས་བཤད་ན། །རྡོ་རྗེ་ལས་ནི་ཐོབ་པར་འགྱུར། ། ོཾ་སཱུཀྵྨ་བཛྲ་ཀརྨ་སརྦ་ཀཱརྱ་ཧྲྀ་ད་ཡ་ཧཱུཾ།བདག་ནི་རྒྱལ་པོ་བྱམས་པ་ཆེ། །རྡོ་རྗེ་སྲུང་བ་བརྟན་པའི་བདག་།རྟག་ཏུ་བདག་ཉིད་བསྒོམ་བྱས་ནས། །ངན་འགྲོ་ཐམས་ཅད་ཉམས་པར་འགྱུར། །ོཾ་སཱུཀྵྨ་བཛྲ་ཀ་བ་ཙ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བཟའ་བྱ་ཞིང ། །རྡོ་རྗེ་སྲུང་བ་
84-1-266a
བསྒོམ་པར་བྱ། །རྡོ་རྗེ་སྔགས་ནི་བསྐུལ་བྱས་ན། །རྡོ་རྗེ་ཉོན་མོངས་ཐམས་ཅད་འཇོམས། །ོཾ་སཱུཀྵྨ་བཛྲ་ཡཀྵ་ཧ་ར་བྷཀྵ་སརྦ་དུཥྚ་བཛྲ་ཡཀྵ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་རྒྱལ་པོ་བདག་།བྱང་ཆུབ་སེམས་ནི་རྗེས་སུ་དྲན། །བགེགས་རྣམས་ཐམས་ ཅད་བཅིང་བྱས་ན། །རྡོ་རྗེ་ཁུ་ཚུར་དང་མཚུངས་འགྱུར། །ོཾ་སཱུཀྵྨ་བཛྲ་མུཥྚི་བནྡྷ་བནྡྷ་ཧཱུཾ་ཕཊ། སྣ་ཡི་རྩེ་མོའི་སེམས་དེ་ནི། །བརྟན་པར་བྱས་ནས་ཡང་དག་བརྩམ། །ཡི་གེ་ཧཱུཾ་ཉིད་སྦྱོར་བྱས་ནས། །ཉོན་མོངས་ཐམས་ཅད་རྣམ་ཉམས་འགྱུར། །ཧཱུཾ། དང་ པོ་སྙིང་ག་སྣ་རྩེ་རུ། །བརྟན་པར་བྱས་ནས་དེ་རང་བཞིན། །མཚན་མ་དེ་ནི་སྤྲོ་བྱས་ན། །ནད་སོགས་དགྲ་ནི་འཇིག་པར་འགྱུར། །ནཱ་ཤ་ཡ་བཛྲཱི་ཧཱུཾ། སེམས་དེ་བརྟན་པར་བྱས་ནས་ཀྱང ། །རྣལ་འབྱོར་འཛིན་པས་སྤྲོ་བྱ་ཞིང ། །ཤེས་རབ་ཅན་གྱིས་ཁྲོ་བདག་ བརྩམ། །གནས་ངན་དག་ནི་ངེས་པར་འཇིག་།བི་ནཱ་ཤ་ཡ་སརྦ་བཛྲ་ཧཱུཾ། རྣལ་འབྱོར་རིག་པས་ཇི་སྲིད་འདོད། །མཚན་མ་དེ་ནི་བསྡུ་བྱས་ན། །མ་ལུས་སྡིག་པ་ཐམས་ཅད་ནི། །ཉམས་ཤིང་འབྱུང་བར་མི་འགྱུར་རོ། ཨོཾ་སཱུཀྵྨ་བཛྲ་པྲ་ཏྱ་ཤཱི་གྷཱཾ་ཧཱུཾ། གསལ་ བར་ཕྱོགས་རྣམས་མ་ལུས་པར། །སེམས་ཅན་ཀུན་ལ་བྱམས་པ་སྤྲོ། །ཇི་སྲིད་རྡོ་རྗེ་སྤྲོ་བྱས་པ། །དེ་སྲིད་སེམས་ཅན་བདེ་བར་འགྱུར། །བྷེ་ར་བ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཀྱེ་མའོ་མགོན་མེད་སེམས་ཅན་འདི། །འཇིགས་པ་ལས་ནི་སྐྱོབ་པ་དག་།སྙིང་རྗེའི་སེམས་ དེ་སྤྲོ་བར་བྱ། །རྡོ་རྗེ་ཡེ་ཤེས་ཐོབ་པར་འགྱུར། །ཀཱ་རུ་ཎཱ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཀུན་སྙིང་པོ། །སེམས་ཅན་ཐམས་ཅད་གཟོད་ནས་དག་།ེ་མའོ་བདེ་བ་ཨེ་མའོ་ཆོས། །ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་སྤྲོ། །ཧཱུཾ་ཀཱ་ར་བི་ཤུདྡྷ་ཧཱུཾ་ཕཊ། ། འཁོར་བའི་སེམས་ཅན་ལ་དམིགས་ནས། །བདེ་བ་དང་བཅས་བཏང་སྙོམས་བྱ། །བཏང་སྙོམས་སྦྱོར་བ་འདི་ཡིས་ནི། །སེམས་ཅན་རྣམས་ལ་ཡོངས་སུ་སྤྲོ། །ོཾ་བི་ཤོ་དྷ་ཡ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེའི་གཟུགས་ནི་ཡང་དག་བྲིས། །གང་གི་སྟེང་དུ་ངེས་བཞག་པ། །
84-1-266b
དེ་ཉིད་ཀྱིས་ནི་དྲི་མའི་ཚོགས། །ཐམས་ཅད་རྣལ་འབྱོར་པ་ཡིས་འཇོམས། །ཧཱུཾ་བཛྲ་པྲ་བརྟ། གང་ལ་བྱང་ཆུབ་སེམས་ཉིད་ནི། །རྗེས་སུ་དྲན་པས་རབ་ཕབ་ན། །སེམས་ཅན་དེ་ཡིས་སངས་རྒྱས་ཀྱི། །བྱང་ཆུབ་ཉིད་ནི་ཐོབ་པར་འགྱུར། །ཧཱུཾ་བོ་དྷི་སཏྭ་པྲ་བརྟ། ཕྱག་ ན་རྡོ་རྗེ་རྗེས་དྲན་ནས། །དག་པའི་ཆོས་ཉིད་ཕབ་བྱས་ནས། །སེམས་ཅན་དེ་ཡིས་བདེ་བ་ནི། །དམ་པའི་ཐོབ་འགྱུར་ཐེ་ཚོམ་མེད། །ཧཱུཾ་བཛྲ་དྷཱ་ར་པྲ་བརྟ། རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །སངས་རྒྱས་གཟུགས་ནི་རྣམ་པར་བསྒོམ། །སངས་རྒྱས་ཆོས་ རྣམས་ཕམ་བྱས་ན། །འཇིགས་པ་ངེས་པར་འབྱུང་མི་འགྱུར། །ཧཱུཾ་བུདྡྷ་པྲ་བརྟ། ཟླ་བ་རྡོ་རྗེ་རང་བཞིན་དངོས། །བསྐྱེད་པ་བཞིན་དུ་བསྒོམ་བྱས་ན། །བློ་བཟང་ཟླ་བ་རྡོ་རྗེ་མཚུངས། །མྱུར་དུ་མཁའ་ལ་འགྲོ་བར་འགྱུར། །བུདྡྷ་པྲ་བརྟ་ཡ་ཧཱུཾ། ཟླ་བའི་དབུས་སུ་རང་ བདག་ཉིད། །བསྒོམ་ཞིང་གང་ལ་ཕབ་བྱས་པ། །སེམས་ཅན་དེ་རྣམས་མི་ལྡོག་པར། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །ས་ཏྭ་པྲ་བརྟ་ཡ་ཧཱུཾ། ཕྱག་ན་རྡོ་རྗེ་རང་བདག་ཉིད། །མཁས་པ་ཡིས་ནི་བསྒོམ་བྱ་ཞིང ། །གང་དུ་ཕབ་པའི་གནས་དེ་ནི། །དཔལ་དང་བདེ་ བ་འཕེལ་བར་འགྱུར། །མྱུར་བ་ཉིད་དུ་ཐེ་ཚོམ་མེད། །བཛྲ་སཏྭ་པྲ་བརྟ་ཡ་ཧཱུཾ། སངས་རྒྱས་གཟུགས་སུ་རང་བདག་ཉིད། །མཉམ་པར་བཞག་པས་བསྒོམ་བྱ་ཞིང ། །རྡོ་རྗེ་དེ་ནི་གར་ཕབ་པ། །རྫུ་འཕྲུལ་རྒྱ་ནི་ཆེན་པོར་གྱུར། །བུདྡྷ་པྲ་བརྟ་ཡ་ཧཱུཾ། རྡོ་རྗེ་ ཁྲོ་བོ་སྙོམས་འཇུག་པས། །རང་གི་ལུས་ནི་རབ་བསྐོར་བ། །གང་གི་མིང་གིས་བྱས་པ་དེ། །ཐེ་ཚོམ་མེད་པར་བྱང་ཆུབ་ཐོབ། །ོཾ་བཛྲ་བ་ལི་ཏ་ཀྲོ་དྷ་མཱ་ར་ཡ་ཧཱུཾ། དབུགས་ནི་དབྱུང་དང་རྔུབ་པ་ལ། །ཡི་གེ་ཧཱུཾ་ནི་རབ་སྦྱོར་ཞིང ། །རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས། །འདོད་ ཆགས་ལ་སོགས་ཉེས་པ་གཞོམ། །ོཾ་བཛྲ་ཤཝཱ་ས་བི་བཱ་ཏ་ལ་ཧཱུཾ་ཕཊ། རྡོ་རྗེ་ལྟ་བས་བལྟ་བྱ་ཞིང ། །རྡོ་རྗེ་ཁྲོ་བོ་རབ་སྦྱོར་བས། །སེམས་ཅན་གང་ལ་བལྟ་བྱས་ན། །དེ་ནི་འཁོར་བ་ལས་གྲོལ་འགྱུར། །ོཾ་བཛྲ་དྲྀཥཱི་བི་ནཱ་ཤ་ཡ་ཧཱུཾ་ཕཊ། ལུས་ངག་གི་ནི་བདག་ཉིད་གནས། །རང་སེམས་
84-1-267a
འགྲོ་བར་འགྱུར་བ་དང ། །བྱང་ཆུབ་སེམས་ནི་རྗེས་དྲན་ན། །དེས་ཀྱང་སངས་རྒྱས་ཉིད་ཐོབ་འགྱུར། །ཧཱུཾ་ཧྲྀ་ད་ཡ་ཨཱ་ཀརྵ་ཡ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་རིག་པ་མཆོག་རྒྱལ་པོར། །མཁས་པ་ཡིས་ནི་བདག་ཉིད་བསྒོམ། །འབར་བ་ཡིས་ནི་ཁྱབ་པའི་སྐུ། །རྡོ་རྗེ་ བསྒོམ་པས་འགྲུབ་པར་འགྱུར། །ཧཱུཾ་གསང་བའི་བདག་པོ་ཀུན་གྱི་སྙིང་པོའི་སྔགས་ནི་གསུངས་པར་འགྱུར། །དེ་ནས་རྡོ་རྗེ་འཆང་བས་རྣལ་འབྱོར་དབང་པོ་རྟོག་པར་མཛད། །གདུལ་བྱ་མིན་ལ་ཤིན་ཏུ་འཕྲོག་ཅིང་གདུལ་བྱ་ལ་ཆགས་བློ། །ས་འཛིན་མཆོག་གི་དབང་ པོ་བསླབ་པ་རྣམ་པར་རོལ་པའི་ས། །སཱུཀྵྨ་རྫོགས་སོ།། །།གསང་བ་སྐར་མ་ཉི་ཟླ་སྟེ། །རྡོ་རྗེ་དམ་ཚིག་བརྗོད་པར་བྱ། །རྣམ་རྟོག་གིས་བརྟགས་མཛེས་གྱུར་པ། །དེ་ནས་མཆོད་པའི་ཆོ་ག་བཤད། །བདག་ཉིད་སངས་རྒྱས་གཟུགས་དང་ནི། །སངས་རྒྱས་ རྣམ་འཕྲུལ་རབ་ཏུ་བསྒོམ། །དང་པོ་སྦྱོར་བྱུང་ཇི་སྐད་བཤད། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨེ་ཤཝ་རི་ཧཱུཾ། རང་གི་སྙིང་ཁར་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ཚོགས་བསམས་ནས། །མཆོད་པ་ཡི་ནི་མཆོག་འདི་ཡིས། ། འདྲེན་པ་ཐམས་ཅད་མཆོད་པ་བྱ། །ཧཱུཾ། དབང་ཕྱུག་ཆེན་པོ་དང་བཅས་པ། །ལྷ་རྣམས་ཐམས་ཅད་དགུག་བྱ་ཞིང ། །བདག་ཉིད་རྡོ་རྗེ་ཁྲོ་བོ་ཡིས། །ཁྲོ་བོའི་མཆོད་པས་རབ་ཏུ་མཆོད། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ས་མ་ཡ་བི་སྟི་བི་སྟྭར་ཏྲཻ་ལོ་ཀྱ་བི་ཛ་ཡེ་ཤཝ་སརྦ་ དུཥྚཱ་ན་མ་ཧཱ་ས་མ་ཡ་བཛྲཱི་ཧཱུཾ། ཁྲོ་གཉེར་ཅན་ཀུན་ང་བདག་ཉིད། །ཁྲོ་བོ་རིན་ཆེན་གྱིས་བསྒོམ་བྱ། །སངས་རྒྱས་ཐམས་ཅད་འཇིགས་བྱ་ཞིང ། །རིན་ཆེན་མཆོད་པས་རབ་ཏུ་མཆོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཀ་པཱ་ཤ་ས་མ་ཡ་སྥ་ར་ཎ་མ་ཧཱ་པཱུ་ཛཱ་ཨཱ་ཀརྵ་ཡ་བི་དྷི་བི་སྟྭ་ར་ས་མ་ཡ་ ཧཱུཾ།་ཆོས་ཀྱི་དབྱིངས་དང་མཚུངས་པར་སྣང ། །རྡོ་རྗེ་ཆོས་ནི་བརྟན་པ་བདག་།ཆོས་ཀྱི་མཆོད་པས་རབ་མཆོད་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་སྥ་ར་ཎ་མ་ཧཱ་པཱུ་ཛཱ་བི་དྷི་བི་སྟྭ་ར་ས་མ་ཡ་ཧཱུཾ། བདག་ཉིད་རྡོ་རྗེ་ལས་ཉིད་
84-1-267b
ནས། །སངས་རྒྱས་རྣམ་འཕྲུལ་བསྒོམ་པར་བྱ། །སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང ། །ལས་ཀྱི་མཆོད་པས་རབ་ཏུ་མཆོད། །ོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་དྷཱ་ཏུ་ཛཱི་བི་ཏ་མ་ཧཱ་ཀརྨ་པཱུ་ཛཱ་བེ་དྷི་བི་སྟྭ་ར་ས་མ་ཡེ་ཧཱུཾ། ཕྱག་ན་རྡོ་རྗེ་བདག་རྡོ་རྗེ། །དེ་བཞིན་གཤེགས་རྣམས་ དགུག་པར་བྱ། །རྡོ་རྗེ་སེམས་དཔའ་རབ་མཆོད་པས། །མཆོད་པ་རུ་ནི་བསྒོམ་པར་བྱ། །ོཾ་བཛྲ་སཏྭ་སིདྡྷི་ཛྙཱ་ན་ས་མ་ཡེ་ཧཱུཾ་ཛཿ ། རྡོ་རྗེ་ལྕགས་ཀྱུ་བརྟན་པའི་མཆོག་།རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །བསྒོམ་པ་བསྒྲུབ་པར་བྱ་བའི་ཕྱིར། །སངས་ རྒྱས་ཐམས་ཅད་དགུག་པར་བྱ། །ོཾ་བཛྲ་ཨཱ་ཀརྵ་ཛྙཱ་ན་ས་མ་ཡ་ཧཱུཾ་ཛཿ ། རྡོ་རྗེ་ཆགས་པ་བདག་ཉིད་དེ། །བཀུག་པ་རྣམས་ནི་མཉེས་པར་བྱ། །རྡོ་རྗེ་ཆགས་པས་རབ་མཆོད་པས། །བསྒྲུབ་བར་བྱ་ཞེས་ཡང་དག་སྦྱར། །ོཾ་བཛྲ་ར་ཏི་རཱ་ག་ས་མ་ཡེ་ཧཱུཾ་ ཛཿ ། རྡོ་རྗེ་ལེགས་པ་རང་བདག་ཉིད། །བསྒོམ་ཞིང་རྒྱལ་བ་མཉེས་པར་བྱ། །རྡོ་རྗེ་ལེགས་པས་རབ་མཆོད་པས། །སངས་རྒྱས་ཐམས་ཅད་དགུག་པར་བྱ། །ོཾ་བཛྲ་སཱ་དྷུ་ཀརྨ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཛཿ ། རྡོ་རྗེ་རིན་ཆེན་རྒྱལ་པོ་ཆེ། །རང་བདག་ཉིད་ནི་བསྒོམ་པར་ བྱ། །དེ་བཞིན་གཤེགས་རྣམས་དབང་བྱ་ཞིང ། །རིན་ཆེན་ཆར་ནི་ཀུན་ཏུ་དབབ། །ོཾ་བཛྲ་བྷྲྀ་ཀུ་ཊཱི་བ་ཤཱི་ཀུ་རུ་ཧཱུཾ། རྡོ་རྗེ་ཉི་མར་རང་བདག་ཉིད། །འོད་ཟེར་ཕྲེང་བ་དང་ལྡན་བསྒོམ། །སངས་རྒྱས་རྣམས་ནི་དབང་བྱ་ཞིང ། །ཕྱོགས་རྣམས་སུ་ནི་འོད་ཟེར་སྤྲོ། ། ོཾ་བཛྲ་སཱུརྱ་མཎྜ་ལ་བ་ཤཱིཾ་ཀུ་རུ་ཧཱུཾ། དེ་བཞིན་གཤེགས་རྣམས་དབང་བྱ་ཞིང ། །བདག་ནི་པདྨའི་རྒྱལ་པོ་ཉིད། །སེམས་ཅན་བསམ་ཀུན་རྫོགས་པར་བྱ། །རིན་ཆེན་རྒྱལ་མཚན་རབ་ཏུ་མཆོད། །ོཾ་བཛྲ་དྷྭ་ཛཱ་གྲ་ཀེ་ཡཱུ་རེ་བ་ཤཱིཾ་ཀུ་རུ་ཧཱུཾ། ཧ་ཧ་ཞེས་དགོད་བཞད་བྱ་ ཞིང ། །རྡོ་རྗེ་བཞད་པ་བདག་ཉིད་དེ། །སངས་རྒྱས་ཐམས་ཅད་དབང་དུ་བྱ། །བཞད་པའི་མཆོད་པས་རབ་ཏུ་མཆོད། །ོཾ་བཛྲ་ཨཊྚ་ཧཱ་ས་ན་བ་ཤཱིཾ་ཀུ་རུ་ཧཱུཾ། བདག་ནི་པདྨའི་རྒྱལ་པོ་ཉིད། །བཙུན་མོ་བརྟན་པར་རང་བྱུང་བ། །བདག་གིས་སངས་རྒྱས་རྗེས་ཆགས་བྱ། །
84-1-268a
འདོད་ལ་ཆགས་པས་རབ་ཏུ་མཆོད། །ོཾ་བཛྲ་པདྨ་རཱ་ག་ཡ་ཧཱུཾ། བདག་ནི་རང་ཉིད་རྣོན་པོ་སྟེ། །ཤེས་རབ་ཕ་རོལ་ཕྱིན་པ་བརྟན། །བདག་གིས་ཉོན་མོངས་གཅད་བྱ་ཞིང ། །དེ་བཞིན་གཤེགས་རྣམས་ཆགས་པར་བྱ། །ོཾ་བཛྲ་ཏིཀྵྞ་རཱ་ག་ཡེ་ཧཱུཾ། ལྷ་མོ་རྡོ་རྗེ་ སྒྲོལ་མ་བདག་།ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །བདག་གིས་རྡོ་རྗེ་ཅན་མཉེས་བྱ། །འདོད་ཆགས་བརྟན་པས་རབ་ཏུ་མཆོད། །ོཾ་བཛྲ་མཎྜལ་རཱ་ག་རཱ་ག་ཡ་ཧཱུཾ། ནམ་མཁའི་ལྷ་མོ་ཆོས་སྨྲ་བ། །བརྗོད་དུ་མེད་པའི་བདག་ཉིད་བསྟན། །དག་པའི་ཆོས་ལ་དགའ་བྱ་ ཞིང ། །དེ་བཞིན་གཤེགས་རྣམས་མཉེས་པར་བྱ། །ོཾ་བཛྲ་བཱ་ཀ་རཱ་ག་རཱ་ག་ཡ་ཧཱུཾ། བདག་ནི་རང་ཉིད་ལས་ཡིན་ཏེ། །ཕྱོགས་རྣམས་ཀུན་དུ་རབ་ཏུ་གྲགས། །བདག་ནི་ནམ་མཁའི་མཛོད་ཀྱང་ཡིན། །མཆོད་པའི་ཆར་གྱིས་རབ་ཏུ་མཆོད། །ོཾ་བཛྲ་ཀརྨ་ས་མ་ཡེ་པཱུ་ ཛཱ་ཧཱུཾ། བདག་ནི་རང་ཉིད་བསྲུང་བ་སྟེ། །སངས་རྒྱས་བྱམས་པ་བརྟན་པ་དག་།བདག་གིས་སངས་རྒྱས་མཆོད་པར་བྱ། །ཆོས་ཀྱི་མཆོད་བས་ཀུན་དུ་མཆོད། །ོཾ་བཛྲ་ཀ་བ་ཙ་བནྡྷ་ར་ཀཱ་ཧཱུཾ། བདག་གིས་ཉོན་མོངས་བཟའ་བར་བྱ། །རྡོ་རྗེ་གནོད་སྦྱིན་བརྟན་པ་བདག་། བདག་གིས་སངས་རྒྱས་མཆོད་པར་བྱ། །ཆོས་ཀྱི་མཆོད་པས་རབ་ཏུ་མཆོད། །ོཾ་བཛྲ་ཡཀྵ་མཱ་ར་ཡ་བཛྲ་དཾཥྚྲ་ཧཱུཾ་ཕཊ། ང་ནི་སངས་རྒྱས་བྱང་ཆུབ་ཡིན། །རྡོ་རྗེ་ཁུ་ཚུར་རང་བདག་ཉིད། །ཕྱིར་མི་ལྡོག་པའི་འཁོར་ལོ་སྟེ། །ལས་ཀྱི་མཆོད་པས་རབ་ཏུ་མཆོད། །ོཾ་ བཛྲ་ཀརྨ་མུཥྚི་སིད་དྷྱ་སིད་དྷྱ་ཧཱུཾ་ཕཊ། འདི་འདྲའི་སྣ་ཚོགས་མཆོད་པ་ཀུན། །ཡེ་ཤེས་གསང་སྔགས་རབ་ཐོབ་བ་བྱེད། །མ་ལུས་ལྷ་མོ་སེམས་དཔའ་ཀུན། །རྒྱལ་པོ་ཇི་བཞིན་རབ་སྙིང་ཧཱུཾ། སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མེ་ཏོག་སོགས་སྦྱོར་བས། །སེམས་དཔའ་ལ་ སོགས་ལྷ་མོ་དག་།ཤིན་ཏུ་བསྲུང་བའི་མཆོད་པའི་མཆོད་པའོ། །དེ་ནས་ལས་ནི་ཐབས་ཆེན་པོ། །གང་གིས་མྱུར་དུ་རབ་གྲུབ་འགྱུར། །གང་གིས་དགའ་བ་ལ་སྦྱོར་བ། །སྦྱིན་སྲེག་ལས་ཀྱི་ཆོ་གའོ། །ཇི་ལྟར་སྦྱིན་སྲེག་དངོས་གྲུབ་ཀྱིས། །ལས་ནི་བླ་མེད་བྱེད་པ་ལྟར། །དེ་
84-1-268b
བཞིན་རིག་པའི་ལས་རྣམས་ཀུན། །དེ་ལྟ་བུ་ནི་བྱེད་པ་མིན། །སྦྱིན་སྲེག་རྣམ་པ་མང་ལྡན་པ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །རྒྱས་པར་རྣལ་འབྱོར་ཆེན་པོ་ཡི། །གསང་བའི་མདོ་ལས་རབ་ཏུ་བཤད། །རིག་པ་འཛིན་པའི་རྣམ་འཕྲུལ་བ། །ཇི་ལྟར་སྦྱིན་སྲེག་རྣམ་པ་ ཡིས། །རིགས་ཀྱི་དཀྱིལ་འཁོར་འགྲུབ་འགྱུར་བ། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །སྦྱིན་སྲེག་ལས་ནི་རྣམ་པ་ལྔ། །རེ་རེ་ཞིང་ཡང་རྣམ་པ་མང ། །ཞི་བ་དང་ནི་རྒྱས་པ་ཉིད། །མངོན་སྤྱོད་ཀྱི་ནི་གསུམ་པ་སྟེ། །དགུག་པ་ཡང་ནི་བཞི་པ་ཡིན། །ལྔ་པ་དབང་ དང་ཡང་དག་ལྡན། །སྦྱིན་སྲེག་ལྔ་པ་དེ་རྣམས་ནི། །དབང་དུ་བྱེད་པ་མཆོག་ཡིན་ནོ། །དེ་ནས་ཐབ་ཁུང་རབ་བཤད་བྱ། །སྦྱོར་བ་ཇི་བཞིན་སྦྱོར་བར་བྱ། །ཞི་ལ་ཐབ་ཁུང་ཟླུམ་པོ་སྟེ། །ཀུན་ནས་ཡོངས་སུ་ཟླུམ་པོ་ཡིན། །རྒྱས་པ་ལ་ནི་གྲུ་བཞི་སྟེ། །མངོན་སྤྱོད་ ལ་ནི་གྲུ་གསུམ་ཡིན། །ཐབ་ཁུང་རྡོ་རྗེའི་རྣམ་པ་ཅན། །ཀུན་དུ་དགུག་པར་བྱེད་པའི་མཆོག་།དེ་བཞིན་ཐབ་ཁུང་རིང་བོར་བྱ། །དབང་དུ་བྱེད་པའི་མཆོག་ཡིན་ནོ། །དེ་དག་རྣམ་པ་ལྔ་རུ་བཤད། །ཐབ་ཁུང་ལས་ནི་བླ་ན་མེད། །སྲོད་ཀྱི་དུས་སུ་ཞི་བ་བྱ། །སྔ་དྲོའི་ དུས་སུ་རྒྱས་པའི་ལས། །ཉི་མ་ཕྱེད་ན་མངོན་སྤྱོད་ཀྱི། །དྲག་པོའི་ལས་ནི་ངེས་པར་བྱ། །དགུག་པ་དུས་རྣམས་ཐམས་ཅད་དུ། །མཚན་མོ་དབང་དུ་བྱ་བ་ཡིན། །སྦྱོར་བ་ལྔ་པོ་འདི་ཡིས་ནི། །མཉམ་པར་གཞག་པས་ལས་རྣམས་བྱ། །ཤར་དུ་ཁ་བལྟས་ཞི་དོན་དུ། ། རྒྱས་པ་བྱང་དུ་ཡང་དག་གནས། །ལྷོ་རུ་ཁ་བལྟས་གྱུར་པ་ཡིས། །མངོན་སྤྱོད་ཀྱི་ནི་ལས་རྣམས་སོ། །སྟེང་དུ་ཁ་བལྟས་དེ་བཞིན་དགུག་།ཕྱོགས་རྣམས་ཀུན་དུ་དབང་དུ་བྱ། །ཕྱོགས་མཚམས་ཐམས་ཅད་མཉམ་སྦྱོར་བསམ། །ཡང་ན་ནུབ་ཀྱི་ཕྱོགས་སུ་བཤད། ། ཞི་ལ་སངས་རྒྱས་ཕྱག་རྒྱ་སྟེ། །རྒྱས་ལ་ནོར་བུའི་མཚན་མས་སོ། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །དབང་ལ་པདྨའི་རིགས་ཀྱིས་སོ། །ཤིན་ཏུ་དགུག་པ་དང་ལྡན་པ། །རྡོ་རྗེ་ལྕགས་ཀྱུས་དགུག་པ་ལ། །སྦྱོར་བ་ལྔ་པོ་འདི་ཡིས་ནི། །སྦྱིན་སྲེག་ལས་ནི་རབ་ཏུ་བསྒྲུབ། །
84-1-269a
ཞི་བའི་ཤིང་ནི་མངར་བ་སྟེ། །རྒྱས་པ་དེ་བཞིན་འབྲས་བུར་བཅས། །ཚ་བ་མངོན་སྤྱོད་ལས་དག་ལ། །དགུག་པ་ལ་ནི་ཚེར་མ་ཅན། །དབང་ལ་མེ་ཏོག་བཅས་པར་བཤད། །དེ་རྣམས་ཡམ་ཤིང་གོ་རིམས་བཞིན། །སྔོན་ལ་ཡམ་ཤིང་ རྣམ་པ་ལྔ། །རྣལ་འབྱོར་པ་ཡིས་ཡང་དག་སྦྱར། །དེ་ལ་འདམ་གྱིས་བྱུགས་པ་ཡི། །ཤིང་ལ་ཤི་བ་རབ་ཏུ་བསྒྲགས། །གང་དུ་སྡིག་པ་རྣམ་འཇིག་ཅིང ། །ཀུན་དུ་འཁྲུག་པར་སྲེག་འགྱུར་བ། །བུད་ཤིང་མངར་བ་དག་གི་མེ། །མཉམ་པར་ གཞག་པས་རབ་སྦར་ནས། །ཏིལ་མར་གྱིས་ནི་སྦྱིན་སྲེག་བྱས། །སྡིག་པ་ཐམས་ཅད་སྲེག་པར་འགྱུར། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སཝཱ་ཧཱ། བུད་ཤིང་མངར་བ་དག་གིས་ནི། །ཤིན་ཏུ་མཉམ་པར་གཞག་པས་སྦར། །འབྲས་ཀྱི་སྦྱིན་སྲེག་བྱས་ནས་ནི། ། བསོད་ནམས་ཚོགས་ནི་འཕེལ་བར་འགྱུར། །ོཾ་བཛྲ་པུཥྚ་ཡེ་སཝཱ་ཧཱ། བུད་ཤིང་མངར་པོ་དག་གིས་ནི། །མཉམ་པར་གཞག་པས་མེ་སྦར་ནས། །མར་སྨྱུགས་དཱུར་བའི་སྦྱིན་སྲེག་གིས། །རྡོ་རྗེ་ཚེ་ནི་མངོན་འཕེལ་འགྱུར། །ོཾ་བཛྲ་ཨཱ་ཡུ་ཥེ་སཝཱ་ཧཱ། ཡམ་ ཤིང་དེ་དག་ཉིད་ཀྱིས་ནི། །དགེ་བ་འབྱུང་བས་མེ་སྤར་ནས། །ཀུ་ཤའི་མྱུ་གུའི་ཏིལ་མར་གྱིས། །འཇིག་རྟེན་གསུམ་ཡང་སྲུང་བར་འགྱུར། །ོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སཝཱ་ཧཱ། སྔོན་ལ་ཞི་བ་སྦྱར་བར་བྱ། །དབུས་ཀྱི་གཉིས་ལ་རྒྱས་དེ་བཞིན། །ཞི་བ་དང་ནི་རྒྱས་པ་ ཡི། །སྦྱིན་སྲེག་ལས་ནི་དང་པོར་འགྱུར། །ཤིང་ནི་ཚ་བའི་ཡམ་ཤིང་གིས། །མངོན་སྤྱོད་ཀྱི་ནི་ལས་དག་ལ། །མངོན་སྤྱོད་དང་ནི་བཅས་པ་ཡི། །དགུག་པ་ལ་ཡང་དེ་ཉིད་ཀྱི། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །སྔོན་ལ་ཚ་བའི་ཡམ་ཤིང་གིས། །ཁྲོས་པས་མེ་ནི་ རབ་སྦར་ནས། །མཁས་པས་ཚེར་མས་སྦྱིན་སྲེག་བྱ། །ཚེར་མ་དང་བཅས་ཤིང་དག་ཀྱང ། །ཚེར་མ་ཅན་གྱིས་ངེས་པར་དགུག་།གང་དང་གང་ནི་འདོད་གྱུར་པ། །སངས་རྒྱས་རྣམས་ནི་ངེས་པར་འགུགས། །ོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ། བུད་ཤིང་མེ་ཏོག་དམར་སོགས་
84-1-269b
ཀྱིས། །རབ་ཏུ་འབར་བའི་མེ་སྦར་ནས། །མེ་ཏོག་འབྲས་བུ་དམར་པོ་ཡང ། །སྦྱིན་སྲེག་བྱས་ན་དབང་བྱེད་མཆོག་།ཧཱུཾ་བཛྲ་པཱ་ཤཱ་ཡ་ཛ། ཚ་བའི་ཡམ་ཤིང་དག་བྱ་ཞིང ། །རབ་ཏུ་དྲག་པའི་མེ་སྤར་ནས། །འབྲས་བུ་ཁ་བ་བསྲེག་བྱས་ན། །མངོན་སྤྱོད་ཀྱི་ནི་མཆོག་ཡིན་ནོ། །ཧཱུཾ་ བཛྲ་མཱ་ར་ཡ་ཕཊ། གསང་བའི་སྦྱིན་སྲེག་ཐམས་ཅད་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །སྦྱིན་སྲེག་འཁོར་ལོ་ཆོ་ག་ཡིས། །དེ་ཉིད་དུ་ནི་ཇི་བཞིན་སྦྱར། །ཡམ་ཤིང་ཚ་བ་དག་གིས་ནི། །ཤིན་ཏུ་དྲག་པས་མེ་སྦར་ནས། །འཇིགས་རུང་ལྕགས་ཀྱུས་སྦྱིན་སྲེག་ བྱ། །གདུག་པ་ཐམས་ཅད་རབ་འཇིགས་འགྱུར། །ོཾ་བཛྲ་བནྡྷཡ་ཕཊ། མེ་ཏོག་དང་བཅས་ཤིང་མེ་ལ། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །སྔགས་སོགས་འབྲས་བུའི་སྦྱིན་སྲེག་ནི། །དབང་དུ་བྱེད་པ་མཆོག་ཡིན་ནོ། །ོཾ་བཛྲ་བ་ཤཾ་ཀ་རཱ་ཡ་སཝཱ་ཧཱ། ཁ་བ་དང་ནི་མངར་བ་ ཉིད། །ཡམ་ཤིང་མངར་པོ་སྦྱར་བྱ་ཞིང ། །འདོད་པའི་མེ་ཏོག་འབྲས་བསྲེགས་ན། །འདོད་པའི་གཟུགས་ཅན་མཆོག་ཏུ་འགྱུར། །ོཾ་བཛྲ་ཀརྨ་རཱུ་པ་ཎེ་སཝཱ་ཧཱ། དེ་ནས་བུད་ཤིང་དེ་དག་ཉིད་ཀྱིས་ནི། །རབ་ཏུ་ཁྲོས་པས་མེ་སྦར་ནས། །སྨྱུག་མའི་འབྲས་བུ་ཕྲ་མོ་བསྲེགས། །མྱུར་དུ་མི་ སྣང་ཉིད་དུ་འགྱུར། །ོཾ་བཛྲ་ཨ་ཏྲི་ཥ་ཡ་སཝཱ་ཧཱ། ཤེས་རབ་བུད་ཤིང་དེ་ཉིད་ཀྱིས། །དྲག་པོའི་མེ་ནི་རབ་སྦྱར་ནས། །ནམ་མཁའ་སྟོབས་ཀྱི་མེ་ཏོག་དང ། །བསྲེགས་ན་མཁའ་ལ་འགྲོ་བར་འགྱུར། །ོཾ་བཛྲ་ཁེ་ཙ་རེ་ན་སཝཱ་ཧཱ། དེ་ནས་མངག་གཞུག་པ་དང་གཡོག་།བཀའ་བཞིན་ བྱེད་པ་རབ་ཏུ་བསྐུལ། །ཅི་ནས་ཀྱང་ནི་མྱུར་འགྲུབ་པའི། །གོ་རིམས་བཞིན་དུ་རབ་བཤད་བྱ། །ཤིང་ནི་ཁ་བོས་བུད་ཤིང་བྱ། །ཐག་ཁུང་རྡོ་རྗེའི་དབྱིབས་སུ་བརྐོ། །ཁྲོས་པས་རྡོ་རྗེ་མེ་ཏོག་སྲེག་།ཡི་གེ་ཛ་ནི་ཡོངས་སུ་བརྗོད། །སྔགས་ཀྱི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེའི་སྔགས་ནི་རབ་ཏུ་བསྐུལ། ། རྡོ་རྗེ་མེ་ཏོག་དག་བསྲེགས་ན། །བཀའ་བྱེད་མཆོག་ནི་རྙེད་པར་འགྱུར། །ོཾ་བཛྲ་ཨཱ་ཛྙཱ་ཀ་རཱ་ཡ་ཛ། ཡམ་ཤིང་དེ་དག་ཉིད་དང་ནི། །ཐབ་ཁུང་དེ་ཉིད་བརྐོ་བྱ་ཞིང ། །བྱང་ཆུབ་སེམས་དཔའི་སྨན་མ་གང ། །བསྲེགས་ན་བཀའ་བཞིན་བྱེད་པར་འགྱུར། །ོཾ་བཛྲ་སཽ་རི་བ་ཤཾ་ཀཱ་རཱ་ཡ་ཛ། བུད་ཤིང་
84-1-270a
དེ་དག་ཉིད་ཀྱིས་མེ། །ཀུན་དུ་ཐབ་ཁུང་དེ་ཁོ་ན། །རྡོ་རྗེ་སེམས་དཔའི་སྨན་མ་ནི། །བསྲེགས་ན་བཀའ་བཞིན་བྱེད་པར་འགྱུར། །ཧཱུཾ་བཛྲ་པཱ་ཎི་བ་ཤཾ་ཀ་རཱ་ཡ་ཛ། ཡང་ན་སངས་རྒྱས་སྨན་མའམ། །ཡང་ན་བདག་དང་མཚན་མ་དག་།སྒྲུབ་པའི་སྦྱོར་བས་སྦྱིན་སྲེག་བྱ། ། སངས་རྒྱས་བཀའ་བཞིན་བྱེད་པར་འགྱུར། །ོཾ་བུདྡྷ་ཤཾ་ཀ་རཱ་ཡ་ཛ། ཚིག་གི་སྦྱོར་བ་འདི་ཡིས་ནི། །སྦྱིན་སྲེག་བྱ་ཞིང་མྱུར་དུ་འགྲུབ། །རྡོ་རྗེའི་སྦྱོར་བས་དངོས་གྲུབ་ཀུན། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །རྡོ་རྗེ་རིགས་ལ་སོགས་ཀུན་ཀྱང ། །དེ་ནས་གསང་བ་ཕྱག་རྒྱ་ཆེ། ། རྡོ་རྗེའི་རྣལ་འབྱོར་རབ་སྒྲུབ་ཕྱིར། །རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱ། །རིག་པ་གང་ཞིག་ཡིད་འོང་བ། །སྲིང་མོའི་རིགས་ནི་ཐོབ་བྱའི་ཕྱིར། །རིག་པའི་ལྷ་མོ་དང་ལྡན་པར། །ཤིན་ཏུ་རྣལ་འབྱོར་བསྒྲུབ་པར་བྱ། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །མཁས་པས་འདུག་པ་བསྟེན་པར་ བྱ། །མདོ་སྡེ་གསང་དབང་རྒྱལ་པོ་ལས། །དེ་ཉིད་དུ་ནི་ཇི་སྐད་བཤད། །ཀུན་དུ་གུར་གུམ་ཕྱེ་མ་དང ། །བྷ་གར་མིག་སྨན་བཅུག་ནས་ནི། །དེ་ཡི་སེམས་དཔའ་ཤེས་པར་བྱ། །གང་ཕྱིར་དགོངས་པ་རབ་ཏུ་བསྒྲགས། །སྡུག་པ་དེ་ཡི་རིག་པ་ནི། །མངོན་པར་འདོད་པ་གང་ཡིད་འོང ། ། རང་གི་རིགས་ཀྱི་ལྷ་མོ་གང ། །དེ་ནི་བུད་མེད་ཅེས་བྱར་གྲགས། །རིག་པའི་སྦྱོར་བ་དེ་ཡིས་ནི། །རང་གི་རིགས་ཀྱི་ལྷ་དག་སྒྲུབ། །མིག་སྨན་ལ་སོགས་གཞུག་པ་ནི། །པདྨའི་སྟེང་དུ་ཡང་དག་དགོད། །བྷ་ག་པདྨ་ཞེས་བཤད་དེ། །གཞུག་པ་དགོད་པར་བཤད་པར་བྱ། །བྷ་གའི་ སྦྱོར་པ་འདི་ཡིས་ནི། །མིག་སྨན་དག་ནི་བསྒྲུབ་པར་བྱ། །བྷ་ག་མིག་སྨན་གཞུག་པ་ནི། །པདྨའི་སྟེང་དུ་ཡང་དག་དགོད། །པདྨ་དང་ནི་ལྷན་ཅིག་དགོད། །རྣམ་པ་བཞི་ནི་འགྲུབ་པར་འགྱུར། །ོཾ་གུ་ཧྱ་ར་ཏི་བཛྲ་བ་ཤཾ་ཀ་རཱི་སིདྡྷ་ཧཱུཾ། དྲོ་དང་དུ་བ་འབར་དང་རྡུལ། །རྣམ་པ་བཞི་ནི་འགྲུབ་ པར་འགྱུར། །ོཾ་གུ་ཧྱ་བཛྲ་སིདྡྷ་ཧཱུཾ། བྷ་གར་གི་ཝང་བཞག་ནས་ནི། །གསང་བའི་ཕྱག་རྒྱ་གཞག་པར་བྱ། །མཚན་མ་རྣམ་པ་བཞི་དག་གིས། །དངོས་གྲུབ་རྣམ་པ་བཞི་རུ་བཤད། །ོཾ་གུ་ཧྱ་བཛྲི་སིདྡྷི་ཧཱུཾ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིས། །བྷ་གར་གུར་གུམ་བཅུག་ནས་ནི། །དགབ་ཅིང་དེ་ནི་འབར་གྱུར་ན། །
84-1-270b
རྣམ་པ་བཞི་ནི་འགྲུབ་པར་འགྱུར། །ོཾ་བཛྲ་དྷ་ར་གུ་ཧྱ་སིདྡྷ་ཧཱུཾ། རྡོ་རྗེ་བྱ་བའི་སྦྱོར་བ་དང ། །རྡོ་རྗེ་ཕྱག་རྒྱ་བསྡུས་པ་དང ། །རྡོ་རྗེ་ཁྲོ་བོ་སྙོམས་འཇུག་དང ། །རྡོ་རྗེ་ཁུ་ཚུར་སྦྱོར་བ་དང ། །དམ་ཚིག་མཆོག་ནི་འདི་དག་དང ། །ཧཱུཾ་གི་སོར་མོའི་སྦྱོར་བ་དང ། །ཆོས་ཀྱི་ཕྱག་རྒྱ་དེ་བཞིན་ འདིར། །ོཾ་ལ་སོགས་པའི་ཡི་གེ་དང ། །སྦྱིན་སྲེག་ཆོ་ག་འདི་ཡིས་ནི། །ཡེ་ཤེས་ཕྱག་རྒྱ་རབ་བསྒྲུབ་བྱ། །རྒྱས་པ་རུ་ནི་ཐམས་ཅད་དག་།གསང་བའི་རྒྱུད་དུ་རབ་ཏུ་བཤད། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །ཚེ་འདི་ཉིད་ལ་སངས་རྒྱས་ནི། ། མཆོག་ཉིད་བསྒྲུབ་པར་འགྱུར་བ་ཡིན། །རྡོ་རྗེ་རིགས་ཆེན་ཡིད་འོང་བ། །རྒྱུད་ཆེན་ཀུན་ལས་བཏུས་པ་ལ། །གང་ཞིག་མངོན་པར་བརྩོན་འགྱུར་བ། །དོན་ཡོད་པ་ཡི་དངོས་གྲུབ་འགྱུར། །ཚོགས་ནི་བསགས་པ་མེད་པ་དང ། །སངས་རྒྱས་མཐོང་བ་མེད་པ་རུ། །གསང་བའི་སྙིང་པོ་ཆེན་པོ་འདི། ། ཐོས་པ་ཙམ་དུ་འང་མི་འགྱུར་རོ། །གསང་བའི་རྣལ་འབྱོར་གྱི་ཆོ་ག་རྫོགས་སོ།། །།དེ་ནས་གསང་བའི་ཕྱག་རྒྱ་བཞི། །དཀྱིལ་འཁོར་མཁས་པས་བསླབ་པར་བྱ། །ཡེ་ཤེས་དེ་ཉིད་གསང་བ་ཡང ། །ཡོངས་སུ་བསྒྲུབས་པར་རབ་ཏུ་བསྐོར། །ཤིན་ཏུ་གསང་བ་ཆེན་པོ་ནི། །དངོས་པོ་ཐམས་ཅད་ ཁྱབ་ལ་དགོད། །འདི་ནི་རྡོ་རྗེ་དྲག་པོ་བཞི། །རང་ཉིད་ལྔ་པ་དང་བཅས་པ། །གསང་བ་བརྗོད་དུ་མེད་པ་མཆོག་།ཡེ་ཤེས་མཆོག་གི་ཚུལ་ཐོབ་བྱེད། །བདེ་བ་ཆེན་པོ་རབ་གྲུབ་དོན། །དགའ་བ་ཆེན་པོ་ཤིན་ཏུ་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡེ་ཧཱུཾ། ཧཱུཾ་བཛྲ་མ་ཊ། ཨོཾ་བཛྲ་པྲ་ཏི་བྷྲྀ་ཀུ་ཊཱི་བཛྲ་ར་ ཏ། ཨོཾ་བཛྲ་པདྨ་བཛྲ་ཏི་ཏ། །ོཾ་བཛྲ་ཀརྨ་ཨ་ཏྲི་ཀྲོ་དྷ། ཤར་དང་ལྷོ་ཡི་ཕྱོགས་ཆ་དང ། །ནུབ་དང་བྱང་གི་ཕྱོགས་ཆ་དང ། །དབུས་དང་ཕྱོགས་བཞི་དག་དང་ནི། །སྦྱོར་བས་ཕྱག་རྒྱ་དགོད་པར་བྱ། །ཕྱག་རྒྱའི་དཀྱིལ་འཁོར་དམ་པ་ནི། །ཐམས་ཅད་བྲི་ཞིང་དགོད་པར་བྱ། །རྡོ་རྗེ་སེམས་དཔའ་རྒྱལ་ པོ་ཆེ། །མཐོང་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་སྐད་བཤད་པའི་རྣལ་འབྱོར་བཞིན། །རྡོ་རྗེ་རྣལ་འབྱོར་རྗེས་སྦྱོར་སྐྱེས། །རྣལ་འབྱོར་དག་ནི་ལྷག་མ་དག་།དེ་དག་ཐམས་ཅད་བརྟན་པར་བྱ། །ཤིན་ཏུ་གསང་བ་དེ་ཉིད་ཆེ། །མཆོག་ཏུ་གསང་བ་དེ་ཉིད་མཆོག་།གསང་བ་ཆེན་པོ་གསང་བ་འཛིན། །
84-1-271a
རྡོ་རྗེ་གསང་བ་བརྟན་པ་ཆེ། །རིག་པ་མངོན་པར་འདོད་འགྱུར་བ། །རང་གི་ལག་གིས་ཡང་དག་བྲི། །རྒྱལ་མོ་ཆེན་མོ་བརྗོད་བྱས་ན། །དཀྱིལ་འཁོར་དུ་ནི་སྐད་ཅིག་འགྲུབ། །ོཾ་སརྦ་ཏ་ཐཱ་ག་ཏ་བི་ཤུདྡྷ་དྷ་རྨ་ཧོཿ ། རང་གིས་དཀྱིལ་འཁོར་ཆེ་བྲིས་ནས། །རིག་པ་ བརྗོད་པ་ལ་བརྩོན་བྱ། །བྱམས་པས་དགུག་པའི་སྦྱོར་བ་ཡིས། །འཁོར་བ་སྙིང་རྗེ་སྦྱད་པར་བྱ། །ོཾ་བི་ཤུདྡྷ་དྷེཥྚི་ཛཿ ། རང་གིས་གསང་སྔགས་བྲིས་ནས་ནི། །བུ་མོའི་མཆུ་ལ་འོ་བྱས་ཏེ། །འཇིག་རྟེན་དབང་ཕྱུག་བཙུན་མོ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །ོཾ་སཝ་བྷཱ་བ་བི་ ཤུདྡྷཿ ། མུ་ཁེ་ཧཱུཾ། ཕ་རོལ་ཕྱིན་དྲུག་སྤྱོད་པ་ཡིས། །བྱང་ཆུབ་སྦྱོད་པ་རབ་རྙེད་དཀའ། །སངས་རྒྱས་རྣལ་འབྱོར་བརྟན་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་འདིར་ནི་འཇུག་བྱ་ཞིང ། །འདོད་པའི་ཡོན་ཏན་མཆོག་ལྔ་ཡིས། །རོལ་ཅིང་དགའ་ བ་ཉིད་དུ་བྱ། །མདོ་སྡེ་གསང་དབང་ལས་བཤད་པ། །གསང་བ་ལྔ་ནི་རབ་སྒྲུབ་པ། །འདོད་པའི་ཡོན་ཏན་ལྔ་རུ་བཤད། །དེ་བཞིན་གཤེགས་པའི་རིགས་ལ་སོགས། །འདོད་པའི་ཡོན་ཏན་ལྔ་རུ་བརྗོད། །འདོད་པའི་སྦྱོར་བ་འདི་ཡིས་ནི། །སྐལ་བ་ཅན་ གྱིས་དངོས་གྲུབ་ཐོབ། །གསང་བ་དེ་ཉིད་ཆེན་པོ་སྟེ། །རིགས་ལྔ་དག་ནི་རབ་བསྒྲུབ་པ། །འདོད་ཆགས་ཆེན་པོ་རབ་བསྒྲུབ་ཕྱིར། །རོལ་ཅིང་རབ་ཏུ་དགའ་བར་བྱ། །བདེ་བ་ཆེན་པོ་གྲུབ་དོན་དུ། །སྤྱོད་པ་ཆེན་པོ་ཚུལ་ཆེན་པོ། །དེ་ཉིད་རྣལ་འབྱོར་ཀུན་ བསྡུས་པ། །དེ་ནས་ཡང་དག་བཤད་པར་བྱ། །རྡོ་རྗེ་ཧཱུཾ་མཛད་རྣལ་འབྱོར་གྱིས། །རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ། །ཇི་ལྟར་ཡི་གེ་ཧཱུཾ་ལས་བྱུང ། །གསང་བ་རྒྱལ་པོ་ཆེན་པོ་བྱེད། །རྡོ་རྗེ་ཧཱུཾ་མཛད་སྦྱོར་བ་ཡིས། །རྣལ་འབྱོར་བྱ་བ་བསྒྲུབ་པར་བྱ། །དེ་ལྟར་ མིན་ན་ཕྱག་རྒྱ་ཆེ། །དམ་ཚིག་ཞེས་བྱ་གཏན་མི་འགྲུབ། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་ནས། །རྡོ་རྗེ་ཕྱག་རྒྱ་ཡོངས་སུ་གཟུང ། །དེ་ནས་གྲུབ་པའི་ཕྱག་རྒྱ་ཆེ། །གྲུབ་པའི་ཡི་གེ་ཡང་དག་གིས། །མྱུར་དུ་རབ་ཏུ་འགྲུབ་འགྱུར་བ། །རྨད་བྱུང་ཆེན་པོ་རབ་བཤད་བྱ། །
84-1-271b
ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡེ་ཧཱུཾ། ཟླ་བའི་དཀྱིལ་འཁོར་གང་བར་བཞུགས། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང ། །རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང ། །སངས་རྒྱས་བྱང་ཆུབ་རབ་ཏུ་བསྒྲུབ། །ཧཱུཾ་བཛྲ་མ་ཊ། རྡོ་རྗེའི་རིག་པ་མཆོག་རྒྱལ་པོ། །བདག་ཉིད་ཡོངས་སུ་ བསྒོམ་བྱ་ཞིང ། །སངས་རྒྱས་ཐམས་ཅད་འཇིགས་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ོཾ་བྷྲྀ་ཀུ་ཊཱི་བར་ཐ། རང་བདག་ཉིད་ནི་དབང་བསྐུར་བ། །རིན་ཆེན་ཕྱག་རྒྱ་ཡོངས་སུ་གཟུང ། །རིན་ཆེན་ཆར་ནི་དབབ་པ་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ོཾ་པདྨ་བཛྲི་ཧྲཱིཿ ཐ། ཤེས་རབ་སྤྱན་དུ་རང་བདག་ཉིད། །རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞེས། །པདྨའི་རིགས་ཆེན་བསྐུལ་བར་བྱ། །ཧཱུཾ་ཀརྨ་བཛྲ་ཀྲི་ཏི་ཏ། སྣ་ཚོགས་རྡོ་རྗེ་རྒྱལ་པོ་ཆེ། །བྱ་བ་སྣ་ཚོགས་བདག་ཉིད་ཆེ། །སངས་རྒྱས་ཐམས་ཅད་མཆོད་བྱས་ན། །དངོས་ གྲུབ་ལས་ནི་ཐོབ་པར་འགྱུར། །བུད་མེད་སྡུག་དང་ལྷན་ཅིག་ཏུ། །དཀྱིལ་འཁོར་དག་ནི་ཡང་དག་བྱ། །མདོ་སྡེ་གསང་དབང་རྒྱལ་པོ་ལས། །རྣམ་པ་བཞི་ནི་རབ་ཏུ་བྱུང ། །དེ་ནས་མཚན་ཉིད་སྣ་ཚོགས་ཡོངས་བསྡུས་པ། །རབ་ཏུ་སྤྱན་ཡངས་དགའ་བ་ཆེན་པོ་མཆོག་། དེ་བཞིན་ཆོགས་དང་རྡོ་རྗེ་སྤྱན་ལྡན་མ། །ཤེས་རབ་སྤྱན་གྱིས་བཙུན་མོ་མཆོག་ཆེན་ལྡན། །ོཾ་བཛྲ་ཀརྨ་ཧོ། བཛྲ་ཧཱུཾ་ཧཱུཾ། ཀ་ཊ་མ་ཊ། ར་ཊ་བ་ཊ། ཀ་ར་ན་བཛྲཱི་གྲི། བཛྲ་གུ་རུ། བཛྲ་ཕཊ། ཀ་ར་ར་གྲི། ཤུདྡྷི་གྷི། ཤུདྡྷི། ཤུདྡྷཾ་གྲི།བུདྡྷ། སཏྭ་རཱ་ཛ། རཱ་ག་ཏུཥྚི། རཏྣ། ཏེ་ཛ། ཀེ་ཏུ། ཧཱ་ས། དྷརྨ། ཏཱི་ཀྵྞ། ཧེ་ཏུ། གྷོ་ཥ། དྷརྨ། རཀྵ། ཡཀྵ། སནྦྷི། སིདྡྷི། ཡོ་ག་།གུ་ཧྱ། བི་ཥ་ཀ་།ཙཱརྱ། ཙ་རི། ཛྙཱ་ན། ར་ཏྭ། སུམ་བྷ། ཏ་ག་གྲུཾ། ཧཱུཾ་ཕཊ། ཧཱུཾ་བཾ། ཧཱུཾ་ཙ། ཧཱུཾ་མ། ཧཱུཾ་ས། ཧཱུཾ་ཧ། ཧཱུཾ་ཧཱུཾ། ཧཱུཾ་ཛ། ཧཱུཾ་ཧོ། ཧཱུཾ་ས། ཧཱུཾ་ཨཾ། ཧཱུཾ་ཨ། ཧཱུཾ་ཏྲཾ། ཧཱུཾ་ཏཾ། ཧཱུཾ་ཧཾ། ཧཱུཾ་དྷཾ། ཧཱུཾ་དྷི། ཧཱུཾ་མཾ། ཧཱུཾ་རཾ། ཧཱུཾ་ཀཾ། ཧཱུཾ་ཧཾ། ཧཱུཾ་བཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཛྙཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་གྲེ་ས། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤཱ་ཙ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲེ་དྷཾ། ཨོཾ་ཨ་ནུད་པ་ན་ནེ་ཨ། ཨོཾ་ཨ་ནུ་རུ་ཧེ་ཨཱ། ཨོཾ་ཨ་ན་ལེ་ཨི། ཨོཾ་ནཱི་ལེ་ཨཱི། ཨོཾ་རཏྣེ་ཨུ། ཨོཾ་རཏྟ་ཨཱུ། ཨོཾ་ས་ཨུ་རྀ། ཨོཾ་ལ་ཨེ་རཱྀ། ཨོཾ་ཨ་ཏ་ལྀ།
84-1-272a
ོཾ་ཨཱ་ཧ་རེ་ར་ལཱྀ། ཨོཾ་ཨཱ་ཤ་ནེ་ཨེ། ཨོཾ་བྷེ་ཧེ་གྷེ་ཨཻ། ཨོཾ་སརྦཱ་ཤཱ་པ་རི་པཱུརྞེ་ཨོ། ཨོཾ་བྷ་ར་དེ་ཨཽ། ཨོཾ་སྥ་ར་ཎེ་ཨཾ། ཨོཾ་བི་ཤཝ་ཨཿ ། ཨོཾ་མ་ཧོ་ཙེ་བྲེ་ཀ་།ོཾ་ཏིཥྛ་ཁ། ཨོཾ་ཨ་མུ་ཁ་ག་།ོཾ་ཨ་བྷི་ཥེ་གྷ། ཨོཾ་ཛྙཱ་ན་ང ། ོཾ་ཙྪེ་ད་ཙ། ཨོཾ་བཱ་རཱ་ཧི་རྱ་ཚ། ཨོཾ་བྷ་ཤེ་ཛ། ཨོཾ་བྷ་དྷེ་ ཛྷ། ཨོཾ་པྲ་ཤ་མེ་ཉ། ཨོཾ་ཀྲོ་དྷི་ཊ། ཨོཾ་ཧ་ར་ནེ་ཋ། ཨོཾ་བྷི་གྷ་ཌ། ཨོཾ་ཀྵ་བེ་ཌྷ། ཨོཾ་ཨ་ཎུ་ཎ། ཨོཾ་ཊཀྐི་ལེ་ཏ། ཨོཾ་བི་སུ་ལེ་ཐ། ཨོཾ་དྷཱ་ར་ཎཱི་ད། ཨོཾ་བ་ཏ་ཀེ་དྷ། ཨོཾ་བ་ལོ་ཀེ་ན། ཨོཾ་ཏྲ་ཏེ་པ། ཨོཾ་སརྦ་ཧ་ར་ནི་ཕ། ཨོཾ་བྷུ་ཤ་ནི་བ། ཨོཾ་བྷི་བ་ཤ་ནི་བྷ། ཨོཾ་ཨ་ར་ཏེ་མ། ཨོཾ་ཨ་ལི་ནི་ཡ། ོཾ་ཏྲ་ཧ་ར། ཨོཾ་བི་ཤ་ལ། ཨོཾ་བུདྡྷེ་ཝ། ཨོཾ་དྷ་མེ་ཤ་།ོཾ་ཡ་མ་བྷེ་ཥ། ཨོཾ་སརྦེ་ས། ཨོཾ་དྷ་ལི་ནི་ཧ། ཧོ་ཐ། ཧཱུཾ་ཛཿ ། ཧཱ་ས། ཨོཾ་ཨ། བ་ཧ། ཨ་རོ། ནི་བི། ད་ཤ་།ཏྲ་ར་དྷི། བྷུ་པ། ས་ཡ། ཨ་ཧི། ཀྲོདྷ། དྷ་མ་ཤ་།བྷ་ར་ཡ། ཡུ་ག་ཏི། དརྴ་ན། ཧཱ་ས་ཡ། ཧེ་མ་ཧཱ་ནེ། དྷ་ར་ཎ། ོཾ་སརྦ་ཏ་ཐཱ་ག་ཏ་ས་བི་ཛྙཱ་མ་ཧཱ་མུ་ནེ་རཱ་ཛཱ་གརྦྷོ་རཱ་ཛཱ་ཀྲ་ཡ་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧ། དེ་བཞིན་གཤེགས་པའི་གསང་བ་འདི། །མདོ་སྡེ་གསང་དབང་ལས་གསུངས་པས། །ཆོས་དབྱིངས་བརྟན་པའི་རང་བཞིན་ཏེ། །ཆོས་དང་ལོངས་སྤྱོད་རྫོགས་ལས་བྱུང ། །བདེ་ལེགས་བསྒོམ་པ་བྱས་དང་མཚུངས་ པ་མེད། །ེ་མའོ་སང་པ་ཆེན་པོ་གསང་བ་ཀུན་བསྡུས་པ། །རྣལ་འབྱོར་རྒྱ་ཆེར་བསྡུས་པའང་མཚུངས་པ་མེད། །བདེ་བ་ཆེན་པོ་འདི་ནི་བརྟན་ཞིང་བརྟན་པའི་དངོས་པོར་འགྱུར། །དགའ་བ་ཆེན་པོའི་སློབ་དཔོན་དགའ་ཆེན་ཉི་མ་སྟེ། །མཆོད་འོས་གསང་བའི་ཀུན་ བསྡུས་པ། །ཀུན་མཁྱེན་གསུང་ལས་བྱུང་བའི་དཀྱིལ་འཁོར་ཀུན་བསྡུས་པ། །ཚོགས་རྒྱས་རབ་ཏུ་འཕེལ་བར་གྱུར་པ་གསུངས་པ་ཡིན། །རྡོ་རྗེ་ཆེན་པོ་སྐལ་བ་ཆེས། །གསང་བ་ཐམས་ཅད་རྗེས་སུ་བསླབ། །དེ་ཉིད་ཆོས་ནི་རྣལ་འབྱོར་ཆེ། །སྟུག་པོ་བསྡུས་པར་འཇུག་པར་ བྱ། །བརྒྱ་དང་སུམ་ཅུ་རྩ་དྲུག་ལྷག་།ཚོགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་པ། །བྲི་དང་རྡོར་ཚིག་ཡི་གེ་ཡིས། །དཀྱིལ་འཁོར་གསང་བ་བསླབ་པར་བྱ། །རྒྱུད་ཀྱི་དཀྱིལ་འཁོར་ཀུན་བསྡུས་པ། །དཀྱིལ་འཁོར་གསང་བ་འདི་རུ་ནི། །དེ་ཉིད་ཡི་གེ་རྣམ་དག་པའི། །
84-1-272b
རྣལ་འབྱོར་ཆེན་པོ་འཇུག་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་གྱི་ཆུན་པོས་རྣམ་པར་བརྒྱན། །རྡོ་རྗེ་དབྱིངས་སོགས་སྦྱོར་བ་ཡི། །སྟུག་བོ་གསང་བ་ཤིན་ཏུ་བརྟན། །དེ་ཉིད་གསང་བ་ བསླབ་བྱའི་ཕྱིར། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསླབ། །ེ་མའོ་དཀྱིལ་འཁོར་སྦྱོར་བ་ཡིས། །གསང་བའི་དཀྱིལ་འཁོར་ཀུན་བསྡུས་པ། །རྡོ་རྗེ་དབྱིངས་སོགས་སྦྱོར་བ་ཡིས། །མཁས་པས་ཡང་དག་བྲི་ཞིང་དགོད། །གྲུ་བཞི་མཉམ་པའི་རིམ་ པ་ནི། །དེ་ཉིད་ཀྱི་ནི་ནང་དུ་བྱ། །དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར། །སངས་རྒྱས་གཟུགས་ནི་དགོད་པར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཅི་རིགས་པར་ནི་ཡང་དག་བྲི། །ངོས་བཞིའི་རང་བཞིན་དཀྱིལ་འཁོར་ལ། །ཡི་གེ་སུམ་ཅུ་རྩ་དྲུག་དག་དགོད། ། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཡི་གེ་བཅུ་དྲུག་ཡང་དག་བྲི། །ཡི་གེ་བཅུ་དྲུག་རྒྱལ་པོ་ནི། །ཕྱག་རྒྱའི་ཚོགས་དང་འོད་བཅས་པ། །དཀྱིལ་འཁོར་ཆེན་པོའི་ལོགས་བཞི་རུ། །ཡི་གེ་རྣམས་ནི་ཡང་དག་བྲི། །ཡི་གེ་སུམ་ཅུ་སུམ་ཅུ་ནི། །ཕྱོགས་རྣམས་ ཀུན་དུ་དགོད་པར་བྱ། །སངས་རྒྱས་ཐུགས་ཀའི་དབུས་སུ་ནི། །ཡི་གེ་ཧཱུཾ་ནི་སྦྱར་བར་བྱ། །གང་ཞིག་སྦྱོར་བའི་མིང་ཅན་གྱི། །སངས་རྒྱས་དབུས་སུ་དགོད་པར་བྱ། །རྡོ་རྗེ་ཡི་གེ་རབ་སྦྱོར་བྱེད། །ཤེས་རབ་ཅན་གྱིས་ཡི་གེ་རྣམས། །རྡོ་རྗེའི་རིག་པ་འཛིན་པ་ ཡིས། །དབུས་སུ་རྡོ་རྗེ་རྡོ་རྗེ་བཞི། །ཤར་དུ་ཡི་གེ་སུམ་ཅུ་བྲི། །ཡི་གེ་སུམ་ཅུ་དེ་བཞིན་ལྷོར། །སུམ་ཅུ་བྱང་གི་ཕྱོགས་ཆ་རུ། །ནུབ་ཏུ་སུམ་ཅུ་སྦྱར་བར་བྱ། །ཡི་གེ་བཅུ་དྲུག་ཡང་དག་སྦྱོར། །དབུས་སུ་སངས་རྒྱས་བཞི་ལྡན་བྱ། །རྡོ་རྗེ་རྣལ་འབྱོར་རྣལ་ འབྱོར་ཆེ། །རྣལ་འབྱོར་དབང་ཕྱུག་དབང་ཕྱུག་ཆེ། །དཔལ་ལྡན་འཇིག་རྟེན་རྣལ་འབྱོར་ལྡན། །དབབ་པ་བརྟན་པའི་ཚོགས་གྱུར་པ། །སྨྲ་བ་ལས་བྱུང་རྒྱལ་བ་ཆེ། །སངས་རྒྱས་རྣལ་འབྱོར་འཇུག་པར་བྱ། །ུ་རོ་ཏི་ཀོ་ཏ་མ་ཧཱརྱ་ཡོ་དྷ་རྱ་བིར་ཏེ་ནཱ་མ་ནེ། དེ་ནས་སྦྱོར་བ་
84-1-273a
འདི་ཡིས་ནི། །རྡོ་རྗེ་འཁོར་ལོ་གཞུག་པར་བྱ། །ཧ་ཧ་ཧོ་ཧོ་གསང་ཆེན་པོ། །རྩེ་གསུམ་རལ་པ་གསུམ་འཛིན་པ། །རྒྱལ་ཆེན་གཟི་བརྗིད་ཆེན་པོའི་དོན། །རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར། །སློབ་དཔོན་ཆེན་པོས་བལྟ་བྱས་ནས། །ཡི་གེ་རབ་ ཏུ་བརྗོད་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་ཡིས། །རྡོ་རྗེའི་འཁོར་ལོ་ཀུན་དུ་སྤྲོ། ། ཨཱའི་རྣལ་འབྱོར་ཡང་དག་གཟུང ། །ི་ཨཱི་དབང་ཕྱུག་ཆེན་པོའི་འོད། །ུ་ཨཱུ་རྣོན་པོ་འཆང་བ་སྟེ། །ེ་ཨཻ་སྒྲ་དབྱངས་རབ་བསྐུལ་བ། །ོ་ཨཽ་སྐྱབས་བྱེད་ རྩིབས་ཆེན་པོ། །[(]ཾ[)]་ཨཿ ཤེས་རབ་སྤྱན་བཟང་བ། །རྡོ་རྗེ་ལྕགས་ཀྱུ་འདི་ཡིས་ཀྱང ། །རྡོ་རྗེ་འཆང་ནི་བསྐུལ་བར་བྱ། །ཇི་ལྟར་འཁོར་ལོ་ཇི་ལྟར་རིགས། །ཅི་འོས་ཇི་ལྟར་རྡོ་རྗེའི་རིགས། །དེ་བཞིན་འཁོར་ལོ་ཡོངས་སུ་དགོད། །རྡོ་རྗེ་སློབ་དཔོན་དཀའ་ ཐུབ་ཆེ། །སྐལ་བ་ཆེན་པོ་གསང་བ་འདི། །རྡོ་རྗེ་འཁོར་ལོ་ཡང་དག་སྦྱོར། །རྣམ་འཕྲུལ་དེ་ནི་རབ་ཏུ་བསྐོར། །འཁོར་ལོ་དབབ་དང་གཞུག་པ་དང ། །ཆོ་ག་ཇི་བཞིན་འཇུག་པར་བྱ། །རྡོ་རྗེ་དབྱིངས་སོགས་དཀྱིལ་འཁོར་དུ། །རྒྱས་པར་ཇི་སྐད་བསྟན་པ་བཞིན། ། རིགས་ཀྱི་དཀྱིལ་འཁོར་འཁོར་ལོ་དང ། །འཁོར་ལོ་དཀྱིལ་འཁོར་དང་ལྡན་པ། །འཁོར་ལོའི་གནས་ནི་དབང་དུ་འགྱུར། །ཆོས་ཀྱི་འཁོར་ལོ་ཡང་དག་ལྡན། །རྡོ་རྗེ་འགུགས་དང་སྐལ་ལྡན་དང ། །ངས་བྱེད་རིན་ཆེན་གཟི་བརྗིད་དང ། །རྒྱལ་མཚན་བཞད་པ་ ཡང་དག་ལྡན། །ཆོས་དང་རྣོན་པོ་གཙོ་བོ་མཆོག་།རྒྱུ་དང་གཏུམ་པོ་དྲག་པོ་ཆེ། །ལས་དང་བསྲུང་བ་གནོད་སྦྱིན་གྲུབ། །སྣ་ཚོགས་སྦྱོར་བ་ཡང་དག་ལྡན། །འཁོར་ལོའི་རྣམ་པར་འཕྲུལ་པ་བྱུང ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་འཁོར་ལོ་ཀུན་དུ་ བྲི། །རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བུ་དང་སློབ་མ་མིན་པ་ལ། །གསང་བའི་ཚོགས་ཆེན་སྦྱིན་མི་བྱ། །གཞན་དུ་སྐལ་བ་དང་ལྡན་པ། །གཞུང་འདི་ཁྱེད་ཀྱིས་ཅི་འདིར་བྱིན། །དེ་བཞིན་གཤེགས་པ་ཐམས་ཅད་
84-1-273b
ཀྱི་གསང་བའི་མདོ་སྡེའི་དབང་པོའི་རྒྱལ་པོ་ཤིན་ཏུ་གསང་བའི་རྣལ་འབྱོར་མཆོག་ཏུ་གསང་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་རིགས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་གསང་བའི་རྣམ་པར་བཤད་པ་སྟེ། ལེའུ་བཞི་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་ སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པས། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པར་གྱུར་ཏོ། །རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་མཆོག་།རྡོ་རྗེ་མཆོག་འཛིན་རྡོ་རྗེའི་ མདའ། །རྡོ་རྗེ་ཁྲོ་གཉེར་རྡོ་རྗེའི་ལུས། །རྡོ་རྗེ་འབར་བ་རྒྱལ་མཚན་ཆེ། །རྡོ་རྗེ་གད་རྒྱངས་རྡོ་རྗེའི་བདག་།རྡོ་རྗེ་སྡེ་སྟེ་ཆོས་མཆོག་འཛིན། །རྡོ་རྗེ་རྒྱལ་མཚན་ཤིན་ཏུ་རྣོ། །རྡོ་རྗེ་འཁོར་ལོ་བཟླས་པ་ཆེ། །ལས་ཀྱི་རྡོ་རྗེ་རྡོ་རྗེ་ཆེ། །རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ། ། རྡོ་རྗེ་ཕྱག་རྒྱ་སྒྲ་ཆེན་པོ། །རྡོ་རྗེ་ཁུ་ཚུར་བརྟན་པ་ཆེ། །རྡོ་རྗེ་འབར་བ་རྡོ་རྗེ་ཆེ། །ལས་ཆེན་པོ་སྟེ་མདའ་ཆེན་པོ། །རྡོ་རྗེ་ལེགས་པ་དགའ་བ་ཆེ། །རྡོ་རྗེ་རྒྱན་ནི་འཕྲོག་བྱེད་པ། །རྡོ་རྗེ་འོད་དེ་རྒྱལ་མཚན་ཆེ། །རྡོ་རྗེའི་ཚེམས་ནི་རབ་དགའ་བ། །རྡོ་རྗེ་པདྨ་ཤིན་ཏུ་གཅོད། ། རྡོ་རྗེ་དཀྱིལ་འཁོར་རྡོ་རྗེ་རིག་།རྡོ་རྗེ་ལྗགས་ཏེ་སྣ་ཚོགས་ཆེ། །སྣ་ཚོགས་མཚོན་ཆེན་སྐྱེ་དགུ་མདའ། །གོ་ཆ་ཆེན་པོ་རྡོ་རྗེ་སྐུ། །རྡོ་རྗེ་མཆེ་བ་འཇིགས་བྱེད་པ། །རྡོ་རྗེ་བསྡམས་པ་རྡོ་རྗེ་ཆེ། །རྡོ་རྗེ་ཁྲོ་བོ་གཞུ་ཆེན་པོ། །རྡོ་རྗེ་ལྕགས་ཀྱུ་མཛོད་ཆེན་པོ། །ཞགས་ པ་ཆེན་པོ་དབང་ཆེན་པོ། །རྡོ་རྗེ་ལྕགས་སྒྲོག་འབེབས་པ་ཆེ། །རྡོ་རྗེ་དབབ་པ་འཇིགས་བྱེད་པ། །ཡི་གེ་ཛཿ སྟེ་ཡི་གེ་ཧཱུཾ། །ཡི་གེ་ཧཱུཾ་ནི་དམ་དུ་འཆིང ། །ཡི་གེ་ཧོཿ སྟེ་ཡི་གེ་ཧཿ ། །རྡོ་རྗེ་ཕྱག་རྒྱ་དྲེགས་པ་མཆོག་།རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །ལྕགས་ཀྱུ་བསྡིགས་མེད་རྡོ་རྗེ་ ཁྲོ། །རྡོ་རྗེ་བདུད་དེ་བདུད་ཀྱི་མཆོག་།བདུད་ཀྱི་བདུད་ནི་རབ་འཇོམས་པ། །རྡོ་རྗེ་དགའ་བ་ཞི་བ་ཆེ། །རྡོ་རྗེ་དཀའ་ཐུབ་ཤིས་མཛད་པ། །རྡོ་རྗེ་དྲག་པོ་ཤིན་ཏུ་གདུག་།རྡོ་རྗེ་རང་དབང་རྡོ་རྗེ་མཛད། །རྡོ་རྗེ་འདོད་པ་ཁྲོ་བོ་ཆེ། །རྡོ་རྗེ་སྒྲ་སྟེ་སྒྲ་ཆེན་པོ། །སངས་རྒྱས་ཧཱུཾ་
84-1-274a
མཛད་ཡི་གེ་ཧཱུཾ། ཡི་གེ་ཕཊ་སོགས་དང་མཉམ་པ། །ཡི་གེ་ཕཊ་ནི་འབར་བའི་བཀའ། །ཡི་གེ་སཝཱ་ཧཱ་རང་བཞིན་མེད། །གཙོ་བོ་གསོད་དང་སློང་མཛད་པ། །དྲི་མེད་སྐྲག་དང་དབུགས་འབྱིན་མཛད། །སངས་རྒྱས་སངས་རྒྱས་ཁྲོ་བོ་ཆེ། ། ཁྲོ་བོ་རྡོ་རྗེ་དེ་བཞིན་གཤེགས། །འདོད་ཆགས་ལས་བྱུང་དེ་བཞིན་ཉིད། །རྡོ་རྗེ་ཁྲོ་བོ་ཁྱེད་ཕྱག་འཚལ། །མཚན་བརྒྱ་རྩ་བརྒྱད་དམ་པ་འདི། །ཉིན་རེ་ཞིང་དུ་ལན་ཅིག་ནི། །གང་ཞིག་འདོན་པར་བྱེད་པ་དེ། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །དེ་ དག་ལ་ནི་འཇིགས་པ་མེད། །ཕོངས་དང་བྲན་དག་ཉིད་མི་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་བསྟན་པ། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །དཔའ་བོ་ཁྱོད་ལ་གསོལ་བ་འདེབས། །གདུག་པ་རྣམས་ནི་གདུལ་བ་དང ། །དེ་བཞིན་སེམས་ཅན་དོན་བྱའི་ ཕྱིར། །ཚུལ་ཆེན་བསྐྱེད་པར་མཛད་དུ་གསོལ། །གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས་དང ། ལོ་ཙྪ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ ཀྱིས་བསྒྱུར་ཅིང་ཞུས་པའོ།། །།བམ་པོ་བཅུ་གཉིས་པ།།