rKTs


D684

(e-text produced by ADARSHA)

see text in transliteration
91-1-287b
༄#།རྒྱ་གར་སྐད་དུ། ནཱརཱཡ་ན་པརི་པྲྀཙྪྭ་ཨཱརྱ་མཧཱ་མཱཡཱ་བིཛ་ཡ་བཱ་ཧི་ནཱིནཱ་མ་ངྷཱ་ར་ཎཱི། བོད་སྐད་དུ། སྲིད་མེད་ཀྱི་བུས་ཞུས་པ་འཕགས་པ་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་གསེར་གྱི་རཝ་ཞེས་བྱ་བའི་རི་བོའི་རྩེ་ན་རྣམ་ཐོས་བུའི་ཁང་པ་ན་བཞུགས་ཏེ། ལྷ་དང་ཀླུ་དང་གནོད་སྤྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ ཆེན་པོ་དང་རིག་པ་འཛིན་པ་དང་ཆུ་སྐྱེས་མ་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པར་བྱེད་པའི་ཆོས་སྣང་བའི་སྒོ་ཞེས་བྱ་བའི་ཆོས་རྣམས་གྲངས་བསྟན་བར་མཛད་དོ། དེ་ནས་ལྷ་མ་ཡིན་རྣམས་ཀྱིས་བཅོམ་པ་ཕམ་པ་ཀུན་ཏུ་ཉམས་བ་གཟི་བརྗིད་ཀྱི་སྟོབས་དམན་པའི་སྲིད་མེད་ཀྱི་ བུ་གང་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་འོངས་སོ། ཉེ་བར་འོངས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་མངོན་པར་བཏུན་ནས་མཐའ་གཅིག་ཏུ་འདུག་གོ། མཐའ་གཅིག་ཏུ་འདུག་ནས་དེ་ཉིད་དུ་གསོལ་བ། འདི་ལྟར་བཅོམ་ལྡན་འདས་ཐམས་ ཅད་མཁྱེན་པ་ཐམས་ཅད་གཟིགས་པ་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཅན། ཆོས་ཀྱི་རྣམ་གྲངས་གང་གིས་ལྷ་དང་ཀླུ་དང་གནོད་སྤྱིན་དང་སྲིན་པོ་ལ་སོགས་པ་རྣམས་སམ་མི་རྣམས་ཀྱང་རུང་སྟེ། གཡུལ་འཁྲུགས་པའི་ཚེ་མཚོན་ཆ་ཆེན་པོ་ལྟུང་བའམ་ཉེ་བར་འཚོ་ བའམ་རྩོད་པ་ཐམས་ཅད་ལས་ཐམས་ཅད་དུ་རྣམ་པར་རྒྱལ་བར་འགྱུར་པ་དེ་ལྟ་བུ་བསྟན་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྲེད་མེད་ཀྱི་བུ་སྒྱུ་མ་འཆང་བ་ཁྱེད། སྲེད་མེད་ཀྱི་བུ་སྒྱུ་མ་དང་ལྡན་པ། སྟོབས་ཆེན་པོ་མཆིས་པ་གཡོ་སྒྱུ མང་པོས་སེམས་ཅན་རྣམས་སླུ་བར་བྱེད་པ་ཁྱེད་འདིར་འཇིགས་ནས་གཡུལ་དུ་རྣམ་པར་རྒྱལ་བ་འདྲི་ཞིང་ཡོངས་སུ་འདྲི་བར་བྱེད་པ་ཅི་ཡིན། སྲེད་མེད་བུས་འདི་སྐད་གསོལ་བ། བཅོམ་ལྡན་འདས་འདོད་པའི་ལྷ་མ་ཡི་གྱི་དབང་བོས་ལྷ་མ་ཡིན་གྱི་སྒྱུས་འདིར་བདག་བཅོམ
91-1-288a
སྟེ་ལྷ་རྣམས་འགའ་ཞིག་ནི་འཆི་བར་གྱུར། འགའ་ཞིག་ནི་ཕམ་བར་གྱུར། འགའ་ཞིག་ནི་བཅོམས་པར་གྱུར་ལགས་སོ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་རྣམས་གཡུལ་དུ་རྣམ་པར་རྒྱལ་བར་བྱེད་པར་འགྱུར་པ། ལྷ་མ་ཡིན་རྣམས་ཕམ་པར་བྱེད་ པར་འགྱུར་བ། ལྷ་མ་ཡིན་གྱི་དྲེགས་པ་སྙིལ་བར་བྱེད་པར་འགྱུར་བ་དེ་ལྟ་བུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྲེད་མེད་ཀྱི་བུ། སྔིན་བྱུང་འདས་བའི་དུས་སུ་མ་ག་ངྷཱ་རོ་ཧི་ཏའི་རི་ལ་རིན་ཆེན་དཔལ་ཞེས་བྱ་བའི་རྒྱལ་པོ་བྱུང་ངོ ། དེའི་ཚེ་དེའི་དུས་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་ལྷ་དང་ནི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དབང་ཕྱུག་ཅེས་བྱ་བ་བྱུང་ངོ་། བཅོམ་ལྡན་འདས་ཐམས་ཅད་དབང་ཕྱུག་དེའི་ཞལ་སྔ་ནས་སྒྱུ་མ་ཆེན་པོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཀྱི་ཚིག་འདི་རྣམས་བདག་གིས་ལེགས་པར་མནོས་ཏེ་འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པ་དང་རྗེས་སུ་ཡི་རང་པར་བྱས་ཏེ་གཞན་རྣམས་ལའང་རྒྱ་ཆེར་ ཡང་དག་པར་རབ་ཏུ་བསྟན་ཏོ། །སྲེད་མེད་ཀྱི་བུ་གཟུངས་འདིའི་མཐུས་ནམ་དུའང་དགྲའི་འཇིགས་པ་མེད་པ་དང་མ་\ུ0f72འཕྲོད་པའི་འཇིགས་པ་མེད་པ་དང་ཆོམ་རྐུན་གྱི་འཇིགས་པའང་འབྱུང་བ་མེད་པར་ལོ་སྟོང་ཕྲག་བརྒྱའི་པར་དུ་ཆོས་བཞིན་གྱི་རྒྱལ་སྲིད་བྱས་ནས། སླད་མར་ཡང་གྲོང་ ཁྱེར་དང་གྲོང་ཁྱེར་གཞན་དང་སྐྱེད་མོས་ཚལ་རྣམས་སུ་གཟུངས་ཀྱི་མཐུས་ལྟད་མོ་བཞིན་དུ་བདེ་བར་རྒྱུ་བར་བྱེད་དོ། སྐྱེ་བ་བརྗེས་ནས་མཱ་ངྷཱ་ཧཱ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་བོ་རིན་པོ་ཆེ་བདུན་དང་ཡང་དག་པར་ལྡན་པ། འཇིག་རྟེན་གསུམ་ པོ་མཐའ་དག་ལ་བཀའི་ལུང་བསྒྱུར་བ་བྱུང་ངོ ། སྔོན་དུ་སྦྱིན་བའི་ཕ་རོལ་དུ་ཕྱིན་པ་མ་ཉམས་པས་སེམས་ཅད་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་ཕན་འདོགས་པར་བྱེད་བའི་ཕམིར་ཕུན་སུམ་ཚོགས་པའི་སྐལ་བ་ཅན་ནོར་གྱི་རྒྱུན་འབེབས་པར་བྱེད་པ། སེམས་
91-1-288b
ཅན་ཐམས་ཅད་བདེ་བར་བྱེད་པ། ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་བྱུང་ངོ ། སྲེད་མེད་ཀྱི་བུ། དེ་ལྟར་གཟུངས་འདིའི་མཐུས་བསྐལ་པ་བརྒྱ་ཕྲག་མང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཚོགས་ཡོངས་སུ་རྫོགས་པར་བྱས་སོ། གང་ཡང་ལྷ་དང་ཀླུ་དང་ གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་འཛིན་དང་མི་དང་མི་མ་ཡིན་པ་རྣམས་བཀའ་བཞིན་དུ་གནས་པར་བྱེད་དེ། དེ་རྣམས་བཀའ་ལས་ཕྱིར་ཕྱོགས་པར་མི་བྱེད་དོ། བསྐལ་བ་སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས་ སུ་སྔོན་དུ་ཕྱོགས་པར་བྱས་ཏེ་ཕྱི་ནས་སྐྱེ་བ་གཅིག་ཏུ་མཁའ་ལྡིང་གི་འཇིགས་པ་ལས་ཐར་བའི་ཀླུའི་དབང་པོ་ཡང་དག་པར་གནས་པ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་བླ་ན་མེད་པའི་དགྲ་བཅོམ་པ་ལྷའི་ བླ་མར་གྱུར་ཏོ། སྲེད་མེད་ཀྱི་བུ། དེའི་ཕྱིར་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་བར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས་ཀྱི་ཚིག་རྣམས་ཁྱེད་ཀྱིས་ཟུངས་ཤིག་།ཏདྱཐཱ། ནམ་[\[]སྩྱ[\]]་ངྷཱ་ནུ་ག་ཏ་པྲ་ཏི་ཥྵི་ཏེ་བྷྱཿ ་སརྦ་བུདྔྷཱ་བོ་ངྷི་ས་ཏཱེ་བྷྱཿ ་སརྦ་མུ་དྲཱ་མནྟྲ་པ་ དེ་བྷྱཿ ོཾ་མཱ་ཡེ་མ་ཧཱ་མཱ་ལཱ་ངྷཱ་ར་ཎི་ཨི་ཡཾ་སཱ་མཧཱ་མཱ་ཡཱ་མནྟེ་ཎ་མ་ཧཱ་མཱ་ལཱ་རཱ་པེ་ཎ། བྷྲ་མ་བྷྲ་མ་མ་སརྦ་སཏྭཱ་ནཱཉྩ་ཡེ་བི་རཱུ་ངྷ་ཀཾ་ཙིནྟ་སརྦ་དུཥྚ་སཏྭཱ་སྟཱནྟྲཱ། མ་ཡ་མཡ། མོ་ཧ་ཡ་མོ་ཧ་ཡ། མུ་[\[]རྩྟཱ་[\]]པ་ཡ་མུ་[\[]རྩ[\]]བ་ཡ། མཱ་ར་ཏ་མཱ་ར་ཡ། བི་ ངྟཱཾ་ས་ཡ་བི་ངྟཱཾ་ས་ཡ། མ་ར་མ་ར། མ་ཧཱ་མཱ་ཡེ་ཨ་ལ་ལ་ལ་ལ་མ་ཧཱ་མཱ་ཡཱ་ཛཱ་ལ་སཧ་སྲ་མུ་ཁིས་ཧ་སྲ་ཤི་རེ་ས་ཧ་སྲ་གྷུ་ཛེ་ཛྭ་ལི་ཏ་ནེ་ཏྲེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ག[\[]རྦྦྟེ[\]]། ཨ་སི་ངྷ་ནུཿ བ་ར་ཤུ་བཱ་ཤ་ཏོ་མ་ར་ཀ་ན་ཡ་ཤ་ཀྟི་མུ་བུཎྜི་ཧ་སྟེ་མུང་\ུ0f92ར་ཙཀྲ་ཧ་སྟེ་ཨེ་ཧྱེ་ཧི་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏ་ ས་ཏྱེ་ན་དེ་བརྵི་ག་ཎ་ས་ཏྱེ་ན་མ་ཧཱ་མཱ་ལཱ་བི་ཛ་ཡཱ་བཱ་ཧི་ནི། སྨ་ར་སྨ་ར་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་རཱུ་པེ་ཎ། ག་ཙྪ་ག་ཙྪ་སརྦཱ་བ་ར་ཎ་ཀྵ་ཡཾ་ཀ་རི་བ་ར་སི་ནྱ་བི་དྲཱ་བ་ཎི་མོ་ཧ་ལ་མོ་ཧ་ཡ་མཾ་མ་སརྦ་ས་ཏྭཱ་ཎཱ་བྷཉྩ་སརྦ་དུ་ཥྜཱ་རྴ། རཀྵ་རཀྵ་མཱཾ་སརྦ་སཏྭཱ་ཉྩ་སཀྴ་བྷ་ཡོ་བ་དྲ་བེ་བྷྱཿ སཝཱ་ཧཱ། ཨོཾ་མ་ཧཱ་མཱ་ཡཱ་ངྷཱ་ར་ཎི་ཡེ་
91-1-289a
སཝཱ་ཧཱ། ཨོཾ་མ་ཧཱི་མཎྜ་ལཱ་ངྷི་[\[]ཥྚི་[\]]ནཱ་ངྷི་[\[]ཥྛི་[\]]ཏེ་སཝཱ་ཧཱ། ཨོཾ་བཛྲ་ངྷ་ར་བནྡི་ཏ་པཱུ་ཛི་ཏཱ་ཡེེ་སཝཱ་ཧཱ། ཨོཾ་པདྨ་ཡཱ་ཎི་བྲི་ཡཱ་ཡ་སཝཱ་ཧཱ། ཨོཾ་སརྦ་དེ་བ་ན་མ་སྐྲྀ་ཏེ་སཝཱ་ཧཱ། ཨོཾ་མཱ་ཏྲྀ་ག་ཎ་བནྡི་ཏ་པཱུ་ཛི་ཏཱ་ཡེེ་སཝཱ་ཧཱ། ཨོཾ་ཛ་ཡེ་སཝཱ་ཧཱ། ཨོཾ་ཛ་ཡེ་སཝཱ་ཧཱ། ཨོཾ་བི་ཛ་ཡེ་སཝཱ་ཧཱ། ཨོཾ་སཝཱ་ཧཱ། ཨོཾ་ཨ་བི་ངྷི་ ཏེ་སཝཱ་ཧཱ། ཨོཾ་ཨ་བ་རཝ་ཛི་ཏེ་སཝཱ་ཧཱ། ཨོཾ་མོ་ཧ་ནཱི་ཡ་སཝཱ་ཧཱ། ཨོཾ་སྟ་[\[]མྭྷ[\]]་ནཱ་ཡེ་སཝཱ་ཧཱ། ཨོཾ་ཛམྦྷ་ནཱི་ཡེ་སཝཱ་ཧཱ། ཨོཾ་ཛ་ཡནྟི་ཡེ་སཝཱ་ཧཱ། ཨོཾ་བྷ་མ་ཎཱི་ཡེ་སཝཱ་ཧཱ། ཨོཾ་བྷྲ་མ་ཎཱི་ཡེ་སཝཱ་ཧཱ། ཨོཾ་སརྦཱ་སུ་རད་མ་ནཱི་ཡེ་སཝཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་བནྡི་ཏ་བཱུ་ཛི་ཏཱ་ཡེེ་སཝཱ་ཧཱ། ཨོཾ་ཀཱ་མ་རུ་པི་ཎཱི་ཡེ་སཝཱ་ཧཱ། ོམཱ་ཡཱ་རཱ་ཀྵ་སཱི་ཡེ་སཝཱ་ཧཱ། ཨོཾ་རར་སཝཱ་ཧཱ། ཨོཾ་རཱུ་རཱུ་ཧཱུཾ་ཧཱུཾ་ཕཊ་ཧེ་ཛ་ཡེ་མཱ་ཡཱ་བྷ་ག་བ་ཏི་མ་ཧཱ་མཱ་ཡཱ་བི་ཛ་ཡ་བཱ་ཧི་ནཱི་གྲྀ་ཧྞ་ཤྵི་གྷྲ་མཱ་བི་ལ་མཱ་སཝ་མ་མ་སརྦ་ས་ཏྭཱ་ནཱ་ཉྩ་སརྦ་ཀཱ་[\[]ར[\]]་ཀུ་རུ་ཀུ་རུ་ཧུཾ་ཧུཾ་ཕཊ་ཕཊ་སཝཱ་ཧཱ། སྲེད་མེད་ཀྱི་བུ། འདི་ལྟར་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་ བྱེད་པ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ཟུངས་ཤིག་ཀློགས་ཤིག་གཞན་རྣམས་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་།སྲེད་མེད་ཀྱི་བུ། དེ་ནས་གཡུལ་འགྱེད་པ་དེའི་ཚེ་དམག་དཔུང་གཉིས་ཀྱི་བར་དུ་གནས་ལྔ་རྣམས་སུ་གཟུངས་འདིའི་འཁོར་ལོ་ ཤིང་རྟའི་དབྱིབས་སུ་སྦྱར་བར་བྱའོ། །སྲེད་མེད་ཀྱི་བུ། གང་གི་ཚེ་གཉིས་ཀའི་ནང་གི་དབུས་སུ་ཕ་རོལ་གྱ་\ུ0f72དཔུང་གི་སྤྱི་བོར་ཤིང་རྟའི་དབུས་དེར་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་མོ་བརྒྱ་སྟོང་ཕྲག་དུ་མའི་གཟུགས་དང་བརྒྱ་སྟོང་ཕྲག་དུ་མའི་ཕྱག་ དང་ལྡན་པ་སྤྱན་གསུམ་པ་དམར་ནག་འབར་བའི་ཞལ་བཞི་རྣམས་ཀྱིས་ཕ་རོལ་གྱི་དམག་དཔུང་ཟ་བར་བྱེད་པ་བཞིན་དུ་བསམ་པར་བྱའོ། །རང་ཉིད་འཁོར་ལོས་སྒྱུར་བའི་རྣམ་པར་བྱས་ནས་གདུགས་ལ་གཟུངས་གུར་གུམ་གྱིས་བྲི་བར་བྱས་ཏེ་རྒྱལ་བོ་དང་ཕ་རོལ་གྱི་དམག་དཔུང་ རང་བཞིན་གཅིག་པ་སྒྱུ་མ་ལྟ་བུས་རབ་ཏུ་སྒྲིབ་པར་བྱེད་ཅིང་སྙིང་བོ་དུ་མས་རྒྱལ་བོར་འགྱུར་རོ། །སྲེད་མེད་ཀྱི་བུ། ཕ་རོལ་གྱི་དམག་དཔུང་རྣམས་བཅོམས་ཤིང་ཕམ་སྟེ་ཁ་ཅིག་ནི་བརྒྱལ་ནས་ས་གཞི་ལ་ལྟུང་བར་སྨྲའོ། །སྲེད་མེད་ཀྱི་བུ། དེ་ལྟར་ལྟུང་བའང་ཇི་ལྟར་མི་དགེ་བ་
91-1-289b
བཅུའི་ལས་ཀྱི་ལམ་གྱི་ཆད་པས་དྲང་བར་བྱ་བ་སྟེ། དེ་རྣམས་ཀྱི་འཚོ་བ་ལ་བར་དུ་གཅོད་པའི་འབྲས་བུ་ཅན་ནི་མ་ཡིན་ནོ། །སྲེད་མེད་ཀྱི་བུ། བསྔགས་པར་འོས་པའི་གཟུངས་ཀྱི་མཐུ་ནི་དེ་ལྟ་བའོ། །སྲེད་མེད་ཀྱི་བུ། ཡང་གང་ཞིག་གཟུངས་སྔགས་ཀྱི་ཚིག་འདི་ རྣམས་གཙང་བར་བྱས་པས་སམ་གཙང་བར་མ་བྱས་པས་ཀྱང་རུང ། བསྙུང་བར་བྱས་པས་སམ་བསྙུང་བར་མ་བྱས་པས་ཀྱང་རུང་ཉི་མ་སོ་སོ་ལ་ལན་གསུམ་དུ་རྗོད་པར་བྱེད་པ་དེ་ཉིད་ནི་མཚམས་མེད་པ་ལྔ་བྱས་པའང་སྡིག་པའི་ཕུང་བོ་ཟད་པར་བྱས་ནས་བསོད་ནམས་ཀྱི་ཕུང་པོ་ཐོབ་ ཅིང་སྐྱེ་བ་དྲན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀུན་ཏུ་ཁྱབ་པའི་ནོར་ལ་ཉེ་བར་ལོངས་སྤྱོད་ཅིང་དགེ་བའི་ཆོས་རྣམས་ལ་མངོན་པར་དགའ་སྟེ་མི་དགེ་བ་ལོག་པར་ལྟུང་བ་རྣམས་ལ་ནི་མ་ཡིན་ནོ། །སྲེད་མེད་ཀྱི་བུ། ཡང་གང་ཞིང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་ དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མའམ་རྒྱལ་བོའམ་རྒྱལ་བོའི་བུའམ་བྲམ་ཟེའང་རུང་གཟུངས་འདི་འཛིན་པར་བྱེད་པ་འཆི་བའི་དུས་ལ་བབ་པ་ན་དམ་པའི་ཆོས་ཀྱི་སྣང་ཅན་དུ་འགྱུར་ཞིང་ཚིག་པའམ་ཐལ་བར་གྱུར་བ་ལའང་སྐྱེས་པའམ་བུད་མེད་གང་ལ་ལ་ ཞིག་གིས་རེག་པར་བགྱིད་པ་དེ་ཉིད་ངེས་པར་སྐྱེ་བ་དྲན་པར་འགྱུར་རོ། །དེ་ནས་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཀྱེ་མའོ་ཞེས་ངོ་མཚར་བར་བྱས་ནས་དུང་དང་འཁོར་ལོ་དང་དབྱུག་པ་དང་མེ་ཏོག་གི་ཕྲེང་བ་རྣམས་བཞག་སྟེ་སྟན་ལས་ལངས་ནས་བཅོན་ལྡན་འདས་ལ་ ལན་གསུམ་དུ་བསྐོར་ཞིང་ཕྱག་བྱས་ཏེ་རབ་ཏུ་འཛུམ་པ་དང་བཅས་པའི་བཞིན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ། ཨེ་མ་ལྷ་དང་ལྷ་མིན་འཇིག་རྟེན་གྱི། །གཙོ་བོ་མཆོག་གྱུར་བླ་ན་མེད་པ་སྟེ། །ཞི་བ་ཞི་བར་གྱུར་བ་ལེགས་ བཟུང་ནས། །འཇིག་རྟེན་འདས་ལ་ཕྱག་འཚལ་བསྟོད་པར་བགྱི། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །བྱུང་བའི་ཆོས་ནི་རབ་ཏུ་སྟོན། །ཆོས་དང་ཆོས་མིན་རྣམ་པར་གྲོལ། །ཆོས་བདེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་སྲེད་མེད་ཀྱི་བུས་
91-1-290a
བཅོམ་ལྡན་འདས་ལ་རབ་ཏུ་བཏུད་ནས་བཅོམ་ལྡན་འདས་ཁྱེད་ནི་བདག་གི་བྱ་བ་བདག་གོ་ཞེས་བྱས་ནས་སོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་བ་འདི་ཐོས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་ མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་པ་འཛིན་པ་དང་ཆུ་སྐྱེས་མ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་རྣམས་དང ། ལྷ་དང་མི་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། སྲེད་མེད་ཀྱི་བུས་ཞུས་པའི་འཕགས་པ་[\[]སྒྱུ[\]]་མ་ཆེན་པོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།འདི་ནི་སྔར་བོད་དུ་བསྒྱུར་བར་མ་གྲགས་པའི་གཟུངས་རིག་བྱེད་ཀྱི་ལོ་རྒྱུས་ལ་བརྟེན་པའི་ལོག་རྟོག་སེལ་བྱེད་ཁྱད་པར་དུ་འཕགས་པ་སྟེ་རབ་བྱུང་ བཅུ་གསུམ་པའི་དངོས་པོའི་ལོར། རྗེ་བཙུན་བླ་མ་དཔལ་རིག་པ་འཛིན་པ་གང་གིས་ནེ་གཱ་ལའི་ཡུལ་ནས་རྒྱ་དཔེ་བཙལ་ཏེ་བསྒྱུར་དགོས་པའི་བཀའ་ལུང་རྟ་ཟམ་བརྒྱུད་ཕེབ་པར་བརྟེན་ལོ་རེའི་ཁུམས་ཟླའི་ཡར་ཚེས་བཟང་པར་མདོ་སྨད་སྡེ་དགེའི་མངའ་རིས་དཔལ་སྤུངས་དགོན་ པར་ཆོས་སྨྲ་བ་བསྟན་པའི་ཉིན་བྱེད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཤུ་བྷཾ་ཛ་ཡནྟུ།། །། ་་