rKTs


D921

(e-text produced by ADARSHA)

see text in transliteration
101-1-265a
༄#། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ལ་མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་སྔགས་དང ། ཆོ་ག་ ནི་འཇིམ་པ་ལ་སོགས་པ་ཡོ་བྱད་ཐམས་ཅད་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ོཾ་ན་མོ་བྷ་ག་བ་ཏེ་བེེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་ཀྵ་མེ་སཱུ་ཀྵ་མེ་ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ་ཨ་ས་མཱ་ རོ་པེ་ཨ་ནཱ་ལཾ་པེ་ཏ་ར་ལ་བེ། ཡ་ཤཝ་བ་ཏི། མ་ཧཱ་ཏེ་ཛོ་ནི་རཱ་ཀུ་ལེ་ནི་ར་བཱ་ཎེ། སརྦ་བུདྡྷ་ཨདྷིཥྛཱ་ན། ཨ་དྷིཥྛི་ཏེ་སཝཱ་ཧཱ། ཙེེ་ཏྱ་འདེབས་པའི་འཇིམ་པའམ། སྔགས་བྲི་བའི་ཚེ་ལན་བདུན་དུ་གདབ་པའི་སྔགས་ལ། ན་མཿ ས་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་ སཝཱ་ཧཱ། འབི་འབིའི་སྔགས་ལ། ཨོཾ་བཛྲོད་བྷ་བ་ཡ་སཝཱ་ཧཱ། ཙེེ་ཏྱ་ཕོར་བུའི་ནང་དང ། ས་ཚའི་ནང་དུ་ཕྱེ་མ་གདབ་པའམ། འབྲུ་མར་བྱུག་པའི་སྔགས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སཝཱ་ཧཱ། ཕྱག་རྒྱའམ། སྔགས་གཞུག་པའི་སྔགས་ལ། ཨོཾ་དྷརྨ་དྷཱ་ ཏུ་གརྦྷེ་སཝཱ་ཧཱ། ཙེེ་ཏྱ་ཕོར་བུར་འབི་འབི་གཞུག་པའི་སྔགས་ལ། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སཝཱ་ཧཱ། ཐོ་བས་རྡེག་ཅིང་གདབ་པའི་སྔགས་ལ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། ཙེེ་ཏྱ་ཕོར་བུ་ནས་ཕྱིར་དབྱུང་བའི་སྔགས་ལ། ཨོཾ་དྷརྨ་ར་ཏེ་སཝཱ་ཧཱ། འཁོར་ ལོ་དང ། དབུ་ཞུ་གསོལ་བའི་སྔ་གསལ། ཨོཾ་བྷྲ་མ་ཎ་ཡེ་སཝཱ་ཧཱ། ཙེེ་ཏྱའི་དཀྱིལ་འཁོར་ལ་བཞུགས་པའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་ཏ་བཛྲ་སཝཱ་ཧཱ། ཆོ་ག་དེ་ལྟར་བྱས་ན་ཙེེ་ཏྱ་བཏབ་པས་བྱེ་བ་བཏབ་པར་འགྱུར་རོ། །ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། ། དཀྱིལ་འཁོར་བྱས་པའི་ལག་པ་འཇིམ་པ་ཅན་གྱིས་གང་ན་བར་བསྐུས་ན་ནད་མཛེའི་རྣམ་པ་བཅཝ་བརྒྱད་ལ་སོགས་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ། །མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་གཟུངས་རྫོགས་སྷོ།། །།