rKTs


H25

(e-text produced by ACIP)

see text in transliteration
257b
།།རྒྱ་གར་སྐད་དུ། ཨཱརྱ་པཉྩ་བིདྴ་ཏི་ཀ་པྲ་ཛྙཱ་པ་ར་མི་ཏཱ་མུ་ཁ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་ལྷ་ཐམས་ཅད་ཀྱི་མཚན་མོའི་གནས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལྷ་
258a
༄#། །དང ། ལྷའི་བུ་དང ། ལྷ་མ་ཡིན་དང ། རླུང་ལྷ་དང ། ནམ་མཁའ་ལྡིང་དང ། ཀླུ་དང ། གནོད་སྦྱིན་དང ། མིའམ་ཅི་དང ། སྲིན་པོ་དང ། རིག་སྔགས་འཆང་བ་ཐམས་ཅད་དང ། འབྱུང་པོ་དང ། ལོག་འདྲེན་དང ། ཤ་ཟ་དང ། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་དཔག་ཚད་ལྔའི་དཀྱིལ་འཁོར་དུ་འདུས་པ་ཤ་སྟག་དང ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང ། རིག་པའི་ཚོགས་དང ། ཕྱག་རྒྱའི་ཚོགས་དེ་དག་ཐམས་ཅད་དང ། རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བར་སྣང་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ། ཉི་ཤུ་རྩ་ལྔ་པོ་འདི་དག་ནི། ངའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ོཾ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
258b
སྒོའོ། །ོཾ་ཀུན་ཏུ་བཟང་པོའི་སྤྱོད་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཡིད་བཞིན་གྱི་ནོར་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་འགོག་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་སྐྱེ་བར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་རྣམ་པར་ཤེས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་འབར་བ་ཆེན་པོའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་བརྩོན་འགྲུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཐམས་ཅད་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་རྡོ་རྗེ་ཐམས་ཅད་བརྟན་པའི་སེམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཡེ་ཤེས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ལས་རྣམ་པར་སྦྱོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ངེས་པར་གནོད་མཛེས་རྡོ་རྗེ་ཅན་ཕཊ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་འདོད་པ་ལ་འདོད་ཆགས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་མགྱོགས་པའི་རྡོ་རྗེ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། ། ོཾ་ཧཱུཾ་ཐམས་ཅད་ལ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཧྲཱིཿ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཨ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་
259a
༄#། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཨཾ་བ་ཧཱུཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་ཨེཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །ོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།།