rKTs


H396

(e-text produced by ACIP)

see text in transliteration
354b
།།རྒྱ་གར་སྐད་དུ། སཾ་པུ་ཊི་ནཱ་མ་མཧཱ་ཏནྟ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་མཉན་པར་འཚལ་ལོ། །ེ་མའོ་རྡོ་རྗེ་སྙིང་པོ། ལེགས་སོ། །ལེགས་སོ། །
355a
༄#། །སྙིང་རྗེ་ཆེན་པོ། ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕུང་པོ། ལེགས་སོ། །ལེགས་སོ། །གང་ཞིག་རྒྱུད་ཐམས་ཅད་དུ་གསང་བ་དེ་ཐམས་ཅད་འདོད་པས་ཞུས་ཤིག་།དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་རབ་ཏུ་འཛུམ་ཞིང་མིག་ཕྱེ་བས་ཕྱག་བཙལ་ཏེ། རང་གི་ཐེ་ཚོམ་ཡང་དང་ཡང་དུ་ཞུས་པ། རྒྱུད་ནི་ཐམས་ཅད་ཅི་ཞེས་བརྗོད། །གླེང་གཞི་ཡང་ནི་ཇི་ལྟར་ལགས། །འདི་ལ་གསང་བ་ཅི་ཞེས་གསུངས། །ཇི་ལྟར་ཡང་དག་སྦྱོར་བྱུང་མིང ། །དེ་ལ་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། རྒྱུད་ཐམས་ཅད་དེ་ནི་རྒྱུད་ཐམས་ཅད་དོ། །རྒྱུད་ཐམས་ཅད་ཀྱི་སྒྲས་ནི་འདུས་པ་ལ་སོགས་པའོ། །དེ་རྣམས་ཀྱི་གླེང་གཞི་ནི་བྱུང་བར་ངེས་པ་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། ཚངས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །ཡང་དག་པར་སྦྱོར་བ་ནི་ཐབས་དང ། ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །དེ་ལས་བྱུང་བ་ནི་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏོ། །འབྱུང་བ་ནི་སྐྱེ་བ་སྟེ། །དེ་ལྟར་གནས་པ་དང ། གཡོ་བའི་དངོས་བོའི་རང་བཞིན་གྱི་བདག་ཉིད་ཅན་དུ་གྱུར་པའོ། །མཚན་ཉིད་ཅེས་
355b
བྱ་བ་ནི་འདིས་མཚོན་པར་བྱེད་པའོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཡང་དག་པར་སྦྱོར་བ་ལས་བྱུང་བ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །གསང་བ་ཞེས་བྱ་བ་འདིས་ནི་མན་ངག་ཅན་གྱི་སྔགས་བཏུ་བ་དང ། དཀྱིལ་འཁོར་གྱི་ལྷ་ལ་སོགས་པའི་མཚན་ཉིད་དོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱི་ཉོན། །དང་པོར་སྟོང་ཉིད་བསམས་པ་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཟུགས་ཀྱི་ཁམས་ནི་སྟོང་པ་ཡི། །སྒྲ་ལ་དེ་ཉིད་ཀྱིས་ནི་བྱ། །དྲི་ཡི་ཁམས་ནི་སྟོང་པ་ཡིས། །རོ་ལ་དེ་ཉིད་ཀྱིས་ནི་བྱ། །རེག་བྱའི་ཁམས་ནི་སྟོང་པ་ཡི། །ཡིད་ལ་དེ་ཉིད་ཀྱིས་ནི་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། མིག་གི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །རྣ་བའི་རང་བཞིན་སྟོང་པ་ཡིས། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །སྣ་ཡི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལྕེ་ཡི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ལུས་ཀྱི་རང་བཞིན་སྟོང་པ་ཡི། །ནང་དུ་རྣམ་ཤེས་ཇི་ལྟར་ལགས། །ཡིད་ཀྱི་རང་བཞིན་སྟོང་པ་ཡི། །དབུས་སུ་རྣམ་ཤེས་ཇི་ལྟར་ལགས། །དེ་ཕྱིར་གཟུགས་མེད་ལྟ་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་
356a
༄#། །ལས་བྱུང་བའང་མེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་མེད་གཉིས་ནི་རྣམ་སྤངས་པའི། །དེ་ཉིད་ལམ་ནི་ཇི་བཞིན་ཉོན། །རྟོག་གེ་མེད་ཅིང་རྣམ་ཤེས་མེད། །དེ་བཞིན་རྟོག་གེ་པས་མི་རྟོགས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ནམ་མཁའ་ལྟ་བུར་མཉམ་པ་ཉིད། །ཉན་ཐོས་རྣམས་ཀྱིས་མི་ཤེས་ཏེ། །མི་ཤེས་པ་ཡི་མུན་པས་བསྒྲིབས། །བག་ཆགས་སད་པའི་ཡེ་ཤེས་གང ། །རང་རྒྱལ་རྣམས་ཀྱི་སྤྲུལ་པ་འོ། །གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད། །དེ་རྣམས་ཀུན་གྱིས་མི་ཤེས་སོ། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །རྒལ་བར་འགྲོ་བའི་སེམས་ཀྱིས་ནི། །ལུས་ཀྱི་དབུས་སུ་བསྐོར་བ་ཡི། །རྒལ་བ་མཚོན་པར་གསུངས་པ་སྟེ། །རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་ཉིད་མཚན་གཞི་མཚོན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱ་རྣམས་ཀྱིས་འགྲོ་བ་བརྟག་།འགྲོ་བ་བརྟག་པའི་སེམས་ཀྱིས་ནི། །ཇི་ལྟར་རང་འདོད་ལ་སོགས་འགྲོ། །འགྲོ་བར་སྔོན་གྱི་སྐྱེ་བ་ནི། །སྟོང་ཕྲག་དུ་མ་དག་ཏུ་འགྲོ། །ཡོ་གིས་སྔར་གསུངས་མཚན་ཉིད་ཀྱིས། །མཉམ་ཉིད་སྟོང་པར་བསམས་ནས་ནི། །ལུས་ཀྱིས་སྟོང་པའི་ཞིང་སོགས་ལ། །བློ་དང་ལྡན་པས་ས་བོན་གདབ། །རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པའི་ཤེལ་གྱི་འོད་དང་
356b
མཉམ། །བྱང་ཆུབ་སེམས་དཔའི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་སྤོམ་ཕྲ་ཙམ། །དེ་ཡི་ནང་དུ་གནས་པའི་ལྟ། །མི་གསལ་གསལ་བའི་རང་བཞིན་ཅན། །མ་མོ་ཕྱེད་པ་མཆོག་ཏུ་ཕྲ། །ཐིག་ལེའི་གཟུགས་ནི་ཡིད་ཀྱི་དངོས། །སྙིང་གི་དབུས་སུ་རྟག་གནས་ཤིང ། །འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེ། །བཅུ་གཉིས་མཐའ་དང་དགུ་ཡི་མཐར། །རྐང་མཐིལ་མགོ་བོ་མེད་པར་ནི། །ཐེག་པ་གཅིག་ནི་རྣམ་ཕྱུང་ནས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཆ་ནི་ལྔ་པ་ཙམ་ཉིད་ནི། །རླུང་དབང་དབྱིབས་སུ་རྒྱས་པ་ལ། །དེ་ཡི་ཆ་ཡང་ཕྱེ་ནས་ནི། །རྡོ་རྗེའི་དབུས་སུ་རྣམ་ཕྱུང་སྟེ། །སྐྱེ་གནས་དབུས་སུ་ས་བོན་གནས། །ཆོས་དབྱིངས་ཁུ་བར་བྱས་ནས་ནི། །སྒོ་ནི་དགུ་པོ་ཐམས་ཅད་དུ།། དེ་ནི་རིམ་པས་འཕོ་བར་འགྱུར། །དེ་བཞིན་མེ་ནི་ཚངས་པའི་དངོས། །ས་ཡི་ས་བོན་གཉིས་ཀྱིས་ནི། །མིག་ལ་དེ་ཉིད་སྦྱར་བར་བྱ། །རླུང་གི་སྟོང་སོགས་ས་བོན་གྱི། །སེམས་ཀྱིས་སྣ་དང་རྣ་བ་སོགས། །བདུད་རྩི་ཆུ་ཡི་ས་བོན་ལྕེ། །དབང་པོར་གཙོ་བོ་དབང་ཕྱུག་ཉིད། །མགྲིན་པར་གཏི་མུག་ས་བོན་ཏེ། །ལག་པར་ཉོན་མོངས་དེ་བཞིན་ནོ། །གཡོ་བ་སྙིང་གི་གནས་རྣམས་སུ། །ཕྱུགས་བདག་ལྟེ་བའི་རྩ་བར་ནི། །ཡན་ལག་བརྒྱད་ཀྱི་ས་བོན་ཉིད། །ཡན་ལག་བརྒྱད་ཀྱི་ཆོ་གས་འཛིན། །བརྟན་སོགས་གཡོ་བར་བཅས་པ་ཡི། །འགྲོ་ཀུན་ཁྱབ་པར་
357a
༄#། །བྱེད་པས་ཁྱབ། །ཚངས་སོགས་ལྷ་དང་ལྷ་མིན་ནི། །དེ་ཡི་གདན་དུ་གྱུར་པ་ཡིན། །གང་ལ་གཙོ་བོར་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡི་ལས་དང་ལས་མིན་འགྱུར། །དགེ་དང་མི་དགེའི་གང་ཅུང་ཟད། །བྱས་པའི་ལས་ནི་ཐམས་ཅད་བྱེད། །རྣལ་འབྱོར་མཉམ་པ་ཉིད་དུ་གསུངས།། རབ་ཏུ་སྦྱོར་བ་སྒོམ་པ་ཡིན། །གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ལྟར་ལྷ་རུ་འགྱུར་བ་ཡིན། །གང་གིས་བརྟན་དང་གཡོ་ཁྱབ་པ། །དེས་ནི་དེ་ཚེ་རང་གིས་ནུས། །ནམ་མཁའ་ལྟ་བུར་མཉམ་ཉིད་ནི། །དེ་ཡི་ཁ་དོག་ཤེས་པར་བྱ། །མྱ་ངན་འདས་གནས་དཔའ་བོ་ནི། །གོས་པ་མེད་ཅིང་དྲི་མ་སྤངས། །མ་དང་སྲིང་མོ་ཉིད་དང་ཡང ། །བུ་མོ་དེ་བཞིན་གཉེན་མོ་དང། །བྲམ་ཟེ་མོ་དང་རྒྱལ་རིགས་དང ། །རྗེའུ་མོ་དེ་བཞིན་དམངས་མོ་དང ། །གར་མ་ཚོས་མ་གཡུང་མོ་དང ། །དེ་བཞིན་དུ་ནི་གདོལ་པ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས།། དེ་ཉིད་རིག་པས་མཆོད་པར་བྱ། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པར་བྱ། །མ་གསང་སྦྲུལ་དང་ཚོམ་རྐུན་སོགས། །ས་ལ་སྤྱོད་པ་སྡུག་བསྔལ་བྱེད།། རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། །ཕྱག་རྒྱ་རྣམ་པ་ལྔར་ནི་གསུངས། །བྲམ་ཟེ་སྐྱེ་གཉིས་རིགས་སྐྱེས་མ། །དེ་བཞིན་གཤེགས་པ་ཉིད་དུ་གསུངས། །རྒྱལ་རིགས་མ་ནི་རྒྱལ་པོའི་རུས།།
357b
རྨ་བྱ་ཟླ་སོགས་རིགས་ལས་སྐྱེས། །རྡོ་རྗེ་བདུད་རྩི་ཞེས་བྱར་གྲགས། །རྗེའུ་མོ་བ་གླང་སྐྱོང་བ་སྟེ། །ལས་ཀྱི་རིགས་ལས་སྐྱེས་པར་གསུངས། །དམངས་མོ་ཡང་ནི་བྲན་མོ་སྟེ། །རྣམ་པར་སྣང་མཛད་ཆེན་པོར་གསུངས། །གར་མ་པདྨའི་རིགས་ཉིད་དེ། །ཆོས་མ་དེ་བཞིན་ལས་ཀྱི་རིགས། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །རིན་ཆེན་གདོལ་པ་མོར་ཤེས་བྱ། ། ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང ། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པས་ནི། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །རིགས་ནི་རྣམ་པ་ལྔ་རུ་གསུངས། །རིགས་ནི་བརྒྱ་དང་མཐའ་ཡས་དང། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །རིགས་དང་འབྱུང་བ་ལྔ་རྣམས་དང ། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྡོ་རྗེ་རིན་ཆེན་པད་ནོར་བུ། ། འཛིན་པའི་རིམ་པའི་རིགས་རྣམས་སོ། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །སྔགས་མེད་ལྷ་ཡང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ཉིད། །སྔགས་དང་ལྷར་ནི་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་ཡོད་དང ། །རིན་ཆེན་དཔག་མེད་སེམས་དཔའ་འོ། །ཚངས་པ་ཁྱབ་འཇུག་ཞི་བ་དང ། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཚངས་པ་སྒྲིབ་བྲལ་
358a
༄#། །སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞི་བརྟག་ཏུ་དགེ་བ་སྟེ། །ཐམས་ཅད་ཀུན་གྱི་བདག་ཉིད་གནས། །དམ་བའི་བདེ་བས་དེ་ཉིད་དེ། །དགའ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །གང་ཕྱིར་ལུས་ལས་བྱུང་བའི་ཕྱིར། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །འདི་ལ་བྷ་ག་མངའ་བའི་ཕྱིར། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་པ། །འཇོམས་པའི་ཕྱིར་ནི་བཅོམ་ལྡན་འདས། །གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །ཤེས་རབ་དེ་ཉིད་སྲིང་མོ་ཉིད། །ཤེས་རབ་ཚོས་མར་བརྗོད་པ་ནི། ། སེམས་ཅན་ཐམས་ཅད་འཚེད་བའི་ཕྱིར། །བཙོ་བླག་མ་ཞེས་དེ་བཞིན་བརྗོད། །ཡོན་ཏན་འཇོ་བར་གསུངས་པའི་ཕྱིར། །ཤེས་རབ་བུ་མོར་བརྗོད་པར་བྱ། །སྙིང་རྗེ་ཆེན་པོས་གཡོ་བའི་ཕྱིར། །ཤེས་རབ་གར་མར་བརྗོད་པར་བྱ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །ཱ་ལི་ཀཱ་ལི་རབ་སྨྲས་པས། །བཟླས་པ་སྨྲ་པར་ཡང་དག་བཤད། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉིད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་སྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །གང་ཕྱིར་
358b
རྣམ་སེམས་བསམ་གཏན་ནི། །གང་སེམས་དེ་ནི་བསམ་གཏན་ནོ། །ཕ་ལས་བདེ་བ་གང་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །བརྗོད་པར་བྱ་བ་དང ། རྗོད་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོམ་པའི་དེ་ཁོ་ནའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པར་བྱའོ། །ནང་གི་ལུས་དང ། ཕྱིའི་ལུས་དང ། ཕྱི་ནང་གཉིས་ཀའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་ཚོར་བ་དང ། ཕྱིའི་ཚོར་བ་དང ། ཕྱི་ནང་གཉིས་ཀའི་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་བའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་ཆོས་རྣམས་དང ། ཕྱིའི་ཆོས་རྣམས་དང ། ཕྱི་ནང་གཉིས་ཀའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་བའི་འདུལ་བའི་འཇིག་རྟེན་ལ་དྲན་པ་དང་ལྡན་པའོ། །ནང་གི་སེམས་དང ། ཕྱིའི་སེམས་དང ། ཕྱི་ནང་
359a
༄#། །གཉིས་ཀའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་ཕྱིར་ཡང་དག་པར་རབ་ཏུ་ཤེས་ཏེ། མ་རིག་པ་ལ་སོགས་པས་ཡིད་གཉིས་སུ་གྱུར་པའི་འདུལ་བའི་སེམས་ཅན་ལ་དྲན་པ་དང་ལྡན་པའོ། །འདི་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇུག་གོ་།སྨོན་ལམ་ཡང་དག་པར་འདེབས་སོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇུག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇུག་གོ་།སྨོན་ལམ་ཡང་དག་པར་འདེབས་སོ། །དེ་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་ཐབས་ཚད་མེད་པ་བསྒོམས་པས་ཡོངས་སུ་གང་བའི་ཕྱིར་ཡོངས་སུ་གང་བར་གྱུར་པས་སྒོམ་པ་དམ་པ་འཕེལ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩམ་མོ། །སེམས་རབ་ཏུ་འཇུག་གོ། སྨོན་ལམ་ཡང་དག་པར་འདེབས་སོ། །འདི་རྣམས་ནི་ཡང་དག་པར་སྤོང་བ་བཞིའོ། །འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་
359b
སྟེ།་བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང ། །འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང ། འགོག་པས་ངེས་པར་འབྱུང་བ་དང ། རྣམ་པར་བྱང་བར་གྱུར་བས་བདག་གི་འདུན་པ་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང ། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང ། འགོག་པས་ངེས་པར་འབྱུང་བ་དང ། རྣམ་པར་བྱང་བར་གྱུར་པས་བདག་གི་བརྩོན་འགྲུས་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང ། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང ། འགོག་པས་ངེས་པར་འབྱུང་བ་དང ། རྣམ་པར་བྱང་བར་གྱུར་པས་བདག་གི་དཔྱོད་པ་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱ་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང ། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང ། འགོག་པས་ངེས་པར་འབྱུང་བ་དང ། རྣམ་པར་བྱང་པས་ངེས་པར་འབྱུང་བས་བདག་གི་སེམས་
360a
༄#། །ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །འདི་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། །འདོད་པར་སྤྱོད་པ་དང་བཅས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པར་བྱེད་དེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་ལ་སོ་སོར་ཡིད་ཆེས་པར་གྱུར་པ་གང་ཞིག་དེ་ལྟར་ལས་བྱེད་པར་འགྱུར་བ་དགེ་བའམ། སྡིག་པ་དེ་དང་དེའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་དེ་ནི་འཚོ་བའི་རྒྱུར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པའོ། །འདི་ནི་དད་པའི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམ་ལ་དད་པའི་དབང་པོས་རབ་ཏུ་འཇོག་པར་བྱེད་པའི་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པར་བྱེད་དོ། །འདི་ནི་བརྩོན་འགྲུས་ཀྱི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོས་ཤེས་པའི་ཆོས་རྣམས་ནི་དྲན་པའི་དབང་པོས་རབ་ཏུ་འཇོག་པར་བྱེད་དོ། །འདི་ནི་དྲན་པའི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་དྲན་པའི་དབང་པོས་རབ་ཏུ་འཇིག་པར་མི་བྱེད་པ་དེའི་ཆོས་རྣམས་ནི་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའོ། །འདི་ནི་ཏིང་ངེ་འཛིན་གྱི་དབང་པོར་གསུངས་སོ། །གང་ཞིག་ཆོས་རྣམས་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེའི་ཆོས་རྣམས་ནི་ཤེས་རབ་ཀྱི་དབང་
360b
བོས་སོ་སོར་རིག་པ་སྟེ། དེ་ནི་ཆོས་དེ་དང་དེ་རྣམས་ལ་སོ་སོར་རྟོག་པ་སྐྱེ་བར་འགྱུར་རོ། །འདི་ནི་ཤེས་རབ་ཀྱི་དབང་པོར་གསུངས་སོ། །དབང་པོ་ལྔ་པོ་འདི་རྣམས་འཕེལ་བ་ནི་སྟོབས་ལྔ་རུ་འགྱུར་ཏེ། དད་པའི་སྟོབས་དང ། བརྩོན་འགྲུས་ཀྱི་སྟོབས་དང ། དྲན་པའི་སྟོབས་དང ། ཏིང་ངེ་འཛིན་གྱི་སྟོབས་དང ། ཤེས་རབ་ཀྱི་སྟོབས་ཏེ། འདི་རྣམས་ནི་སྟོབས་ལྔའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང ། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང ། འགོག་པས་ངེས་པར་འབྱུང་བ་དང ། ཀུན་ནས་ཉོན་མོངས་པ་དང་བྲལ་བ། ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་སྒོམ་པའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་ནི་གང་ཞིག་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བས་ཀུན་ནས་བསླང་བ་
361a
༄#། །མ་ཡིན་པ་དང ། སེམས་ཅན་མེད་པ་དང ། འཚོ་བ་མེད་པ་དང ། གསོ་བ་མེད་པ་དང ། སྐྱེས་བུ་མེད་པ་དང ། གང་ཟག་མེད་པ་དང ། ཤེང་ལས་སྐྱེས་མེད་པ་དང ། ཤེད་བུ་མེད་པ་དང ། བྱེད་པ་པོ་མེད་པ་དང ། ཚོར་བ་པོ་མེད་པའི་ལྟ་བས་ཀུན་ནས་བསླང་བ་ཆད་པ་མ་ཡིན་པ་དང ། རྟག་པར་ལྟ་བས་ཀུན་ནས་བསླང་བ་མ་ཡིན་པ་དང ། སྲིང་པ་དང་བྲལ་བའི་ལྟ་བས་ཀུན་ནས་བསླང་བ་དང ། རིགས་སུ་ལུང་བསྟན་པའི་ལྟ་བས་ཀུན་ནས་བསླང་བ་དང ། ཇི་སྲིད་འཁོར་བ་མ་ཡིན་ཞིང་མྱ་ངན་ལས་འདས་པ་ཡང་ཡིན་པའི་ལྟ་བས་ཀུན་བསླང་བ་སྟེ། འདི་ནི་ཡང་དག་པའི་ལྟ་བར་གསུངས་སོ། །གང་ཞིག་ཡང་དག་པའི་རྟོག་པ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཉོན་མོངས་པས་ཀུན་ནས་བསླང་བའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་མི་འགྱུར་རོ། །ཡང་དག་པའི་རྟོག་པ་གང་ཞིག་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ཀུན་ནས་སློང་པ་དེའི་ཡང་དག་པའི་རྟོག་པ་དེ་ནི་ཡང་དག་པའི་རྟོག་པར་འགྱུར་ཏེ། འདི་ནི་ཡང་དག་པའི་རྟོག་པར་གསུངས་སོ། །གང་ཞིག་ཚིག་གིས་བདག་ལ་གདུང་པར་མི་བྱ་ཞིང་གཞན་ལ་གདུང་བར་མི་བྱ་བ་དང ། བདག་ལ་ཉོན་མོངས་པར་མི་བྱ་
361b
ཞིང་གཞན་དག་ཉོན་མོངས་པར་མི་བྱ་བ་དང ། བདག་ལ་མི་དཔྱ་ཞིང་གཞན་དག་ལའང་དཔྱ་བར་མི་བྱ་བ་སྟེ། དེ་མཉམ་པར་གཞག་པ་དང་ལྡན་པས་ཚིག་དང་ལྡན་པར་འགྱུར་ཞིང ། གང་ཞིག་ཚིག་གིས་ཡང་དག་པའི་འཕགས་པར་འཇུག་པར་འགྱུར་བ་འདི་ནི་ཡང་དག་པའི་ངག་ཅེས་གསུངས་སོ། །གང་ཞིག་ལས་ནག་པོ་དང ། ནག་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང ། གང་ཞིག་ལས་དཀར་བ་དང ། དཀར་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་བྱེད་པ་དང ། གང་ཞིག་ལས་དཀར་པོ་དང ། ནག་པོའི་རྣམ་པར་སྨིན་པ་དེའི་ལས་མངོན་པར་འདུ་མི་བྱེད་པ་དང ། གང་ཞིག་ལས་དཀར་པོ་དང ། ནག་པོ་དང ། དཀར་པོའི་རྣམ་པར་སྨིན་པ་དང ། ནག་པོ་ཟད་པའི་བསམ་པས་གནས་པ་དེའི་ལས་མངོན་པར་འདུ་བྱེད་དེ། དམ་པའི་ལས་ལྟ་བུར་འགྱུར་བ་ནི་ཡང་དག་པའི་ལས་ཀྱི་མཐའ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐར་གསུངས་སོ། །གང་གི་ཚེ་འཕགས་པ་ལྟ་བུར་དུལ་བ་དང ། ཡོན་ཏན་ཡང་དག་པའི་ཆས་ཞུམ་ཞིང་དུལ་བ་དང ། ཁ་གསག་མེད་པ་དང ། མང་དུ་སྨྲ་བ་མ་ཡིན་པ་དང ། གཏམ་ལ་མི་དགའ་བ་དང ། རང་གི་སྤྱོད་པའི་ཚུལ་ཁྲིམས་དང ། འཇིག་རྟེན་ཕ་རོལ་གྱི་དབང་ཕྱུག་དང་ལྡན་པ་དང ། བདག་གི་རྙེད་པ་ཁ་ན་མ་ཐོ་བ་མེད་པས་བདག་ཆོག་པར་འཛིན་པ་དང ། འཕགས་པའི་བཀའ་གནང་བས་འཚོ་བ་
362a
༄#། །སྟེ།་འདི་ནི་ཡང་དག་པའི་འཚོ་བར་གསུངས་སོ། །རྩོལ་བ་ནི་གང་ཞིག་རྫུན་དང ། འཕགས་པས་མ་གནང་པ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཉོན་མོངས་བ་རྗེས་སུ་སྟེན་པར་མི་འདོད་པ་ནི་རྩོལ་བ་སྟེ། རྩོལ་བ་གང་ཞིག་ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་འཇུག་ཅིང་མྱ་ངན་ལས་འདས་པར་འགྲོ་བ་དང ། སོ་སོའི་གནས་སུ་སྐྱེད་པར་བྱེད་པ་དེ་ནི་རྩོལ་པ་ཡང་དག་པར་རྗེས་སུ་འབྲང་བ་སྟེ། །འདི་ནི་ཡང་དག་པའི་རྩོལ་བར་གསུངས་སོ། །གང་ལ་ཉེ་བར་གནས་པ་དེ་ནི་རབ་ཏུ་མི་གཡོ་བ་དང ། ལུས་དྲང་པོས་ཀྱོག་པོ་མ་ཡིན་པ་དང ། འཁོར་བའི་སྐྱོན་སྣ་ཚོགས་ལ་སོགས་པ་དབང་དུ་བྱེད་པ་སྟོན་ཅིང ། མྱ་ངན་ལས་འདས་པའི་གནས་འདོད་པའི་དྲན་པ་ནི་མི་བརྗེད་པ། འདི་ནི་འཕགས་པའི་ཡང་དག་པའི་ལམ་ལ་སྦྱོར་བའོ། །འདི་ནི་ཡང་དག་པའི་དྲན་པར་གསུངས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་བྱ་བའི་ཕྱིར་ཡང་དག་པར་གནས་ཏེ། མྱ་ངན་ལས་འདས་པ་མནན་བའོ། །འདིས་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་གསུངས་སོ།། དེ་ཉིད་ཡང་དག་བཤད་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་
362b
པར་གྱིས། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག་།རང་ལུས་ཉིད་ལ་སངས་རྒྱས་ཉིད། །གཞན་ནི་གང་དུའང་མི་གནས་སོ། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡིས་བསྒྲིབས་པར་བརྗོད། །ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག། བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག་།གསུངས་པ། འདི་ལྟ་སྟེ། མི་བྱེད་མ་ཞེས་བརྗོད་པ་དང ། ཕྲ་གཟུགས་མ་དང ། རྩེ་བ་མ་དང ། གཡོན་པ་མ་དང ། ཐུང་དུ་མ་དང ། རུས་སྤལ་སྐྱེས་མ་དང ། སྒོམ་པ་མ་དང ། དབང་མ་དང ། སྐྱོན་མ་དང ། འཇུག་མ་དང ། མ་མོ་དང ། མཚན་མོ་དང ། བསིལ་སྦྱིན་མ་དང ། ཚ་བ་མ་དང།་རྐྱང་མ་དང ། རོ་མ་དང ། ཀུན་འདར་མ་དང ། འབབ་མ་དང ། རངས་མ་དང ། མདོག་མ་དང ། གཟུགས་ཅན་མ་དང ། སྤྱི་མ་དང ། རྒྱུ་སྦྱིན་མ་དང ། སྦྱོར་བྲལ་མ་དང ། སྡུ་གུ་མ་
363a
༄#། །དང།་གྲུབ་མ་དང ། འཚེད་མ་དང ། དེ་བཞིན་དུ་ཡིད་བཟང་མ་དང ། སུམ་སྐོར་མ་དང ། འདོད་མ་དང ། ཁྱིམ་མ་དང ། གཏུམ་མོ་དང ། བདུད་དྲལ་མའོ། །བཅོམ་ལྡན་འདས། རྩ་འདི་དག་ཇི་ལྟ་བུ་ལགས། སྲིད་གསུམ་ཡོངས་སུ་གྱུར་པ་སྟེ། གཟུང་བ་དང ། འཛིན་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་ཀྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཐར་ཐུག་པ་ལ་སོགས་པའི་རྣམ་པར་འགྲེལ་བ་བྱང་ཆུབ་ཀྱི་སེམས་འཇུག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ། །གསང་བའི་ཡེ་ཤེས་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་མར་མེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱུད་ཐམས་ཅད་ཀྱི་གསང་བ་འདི་བཀའ་སྩལ་པ། གསང་བའི་མཆོག་ནི་དགྱེས་པ་ན། །ཐམས་ཅད་བདག་
363b
ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།འདི་ནི་བཅོམ་ལྡན་རྣལ་འབྱོར་ཏེ། །བརྟན་པ་རྟག་པ་མཆོག་ཏུ་ཡང ། ། ཡིད་སྲུབ་སོ་སོར་སྐྱེས་པ་ཉིད། །རྟག་ཏུ་རང་བཞིན་མནན་དཀའ་བ། །སྣ་ཚོགས་ལས་ཀྱི་རྣལ་འབྱོར་གྱིས། །སྣ་ཚོགས་ཆོ་ག་འདོད་པ་ཡི། །སངས་རྒྱས་རྡོ་རྗེ་འཛིན་སོགས་རྣམས། །སེམས་ཅན་རྣམས་ནི་འདུལ་བར་བརྗོད། །སངས་རྒྱས་ཀུན་སོགས་བརྟན་དང་གཡོ། །ཐམས་ཅད་དངོས་པོ་སྲིད་པ་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །འདིས་ནི་སྒྱུ་མའི་རྣལ་འབྱོར་གྱིས། །ཐམས་ཅད་ལས་ནི་སྣ་ཚོགས་མཆོག་།སངས་རྒྱས་སོགས་པས་འདུལ་བའི་ཕྱིར། །དངོས་གྲུབ་སེམས་ཅན་ཀུན་དོན་མཆོག་།རང་གི་ངོ་བོས་ཡང་བསྒྱུར་བས། །བུད་མེད་སྒྱུ་མ་ཐམས་ཅད་འགྲུབ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་ཀླ་ཀློའི་སྐད། །ཌེ་བཻ་ཧཱ་ཡ་སར་འགྲོ་བར།། སྐད་དབྱིངས་འདི་ནི་རྣམ་པར་བརྟག་།ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པ་འོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །པདྨ་དེ་བཞིན་པདྨ་འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །འདི་རྣམས་ཀྱི་ནི་རིགས་རྣམས་ཡིན། །དེ་ནས་དེ་བཞིན་གཤེགས་པ་ཐམས་
364a
༄#། །ཅད་ཟིལ་གྱིས་གནོན་པ་རྡུལ་དང་བྲལ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་བཀའ་སྩལ་པ། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །དེ་ནས་མཛེས་པའི་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་སྒོམ་པའང་མེད། །རྣམ་རྟོག་མེད་པས་རྟག་མོས་པས། །བརྟག་པ་ཀུན་གྱིས་བརྟག་པར་བྱ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟག་།དེ་བཞིན་གཤེགས་པ་ཀུན་བདག་ཆོས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྒྲ་བརྙན་ལྟ་བུར་མཉམ་པ་ཉིད། །དེ་ནས་འདི་ནི་ཆོས་དག་འབྱུང ། །དེ་ནས་ཐེག་པ་ཆེན་པོ་ལས་བྱུང་བའི་སྒོམ་པས་ཡོན་ཏན་རྒྱས་པ་རྣམས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་ཡང་དག་པར་བསྟོད་པ། རྣལ་འབྱོར་གྱི་བདག་པོ་སེམས་ཅན་གྲོལ་བར་མཛད་པ་ལ་བསོད་ཅིང་ཕྱག་འཚལ་ལོ། །སེམས་ཅན་བདག་ཉིད་སྐྱེས་པ་གཅིག་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད་པར་མཛད་པ་ལ་
364b
བསྟོད་ཅིང་ཕྱག་འཚལ་ལོ། །དེ་ཁོ་ན་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་སྟོན་བར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ཏེ། བདག་རྟག་ཏུ་ཕྱག་འཚལ་ལོ། །ཡང་མཆོད་པ་བྱས་ནས་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཆོས་རྣམས་ཐམས་ཅད་གཅིག་པའི་སྐུའི། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་འགྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །གང་ཕྱིར་ཐམས་ཅད་བདག་ཉིད་ཀྱི། །རྣམ་ཤེས་ཕུང་པོར་གནས་པ་ནི། །སྐྱེས་བུ་ཐ་མལ་སེམས་རྨོངས་པ། །ལ་ལས་སོ་སོར་རྟོག་མི་ནུས། །སེམས་དང་སེམས་བྱུང་སེམས་ཀྱི་དངོས། །ཡེ་ཤེས་ཤེས་བྱ་རང་བཞིན་ཅན། །འབྲས་བུ་རྣམས་ལ་བྱེད་པ་ཉིད། །ཆོས་དང་ཆོས་ཅན་སྒོམ་པ་ཉིད། །གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཡིན། །མང་པོ་དམིགས་པར་མི་འགྱུར་རོ། །ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ནས་རྙེད་པར་འགྱུར། །དེ་ཁོ་ན་ཉིད་མདོར་བསྟན་པ་སྟེ། རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་རྒྱུད་རྣམས་ཐམས་ཅད་དུ། །གཏན་ལ་ཕབ་པ་རབ་བཤད་བྱ། །སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །གྲུ་གསུམ་རྒྱ་ཆེའི་གཟུགས་ཅན་ཉིད། །
365a
༄#། །ཚངས་སོགས་ལྷ་དང་ལྷ་མིན་བཅས། །དེ་རྣམས་ཀྱི་ནི་གནས་སུ་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ།། དེ་ཉིད་ཡུལ་ལས་རྣམ་པར་འདས། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས།། ཇི་ལྟར་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་རྡོ་རྗེ་འཁོར་ལོས་བསྒྱུར་བའམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཡང ། །གཏི་མུག་ཆགས་སྡང་ང་རྒྱལ་དང ། །ཕྲག་དོག་དང་ནི་ཉོན་མོངས་ལྔས། །སེམས་ཅན་སོ་སོར་བཅིངས་པ་གང ། །རང་གི་ཡན་ལག་ཉིད་ཀྱིས་འཇོམས། །འདིས་ནི་འགྲོ་དྲུག་སེམས་ཅན་བཅིངས། །འཁོར་བར་འཁོར་ཞིང་སྐྱེ་བ་ཉིད། །ཉོན་མོངས་པས་ནི་རྨོངས་གྱུར་པས། །སྡིག་པ་དུ་མ་བྱེད་པར་འགྱུར། །དེ་ཕྱིར་འདི་བཅོམ་ཅང་མཁྱེན་ཉིད། །སངས་རྒྱས་ཀྱིས་སྤྲུལ་རིགས་པས་ནི། །འཁོར་བའི་རྒྱ་མཚོར་ལྷུང་བ་ཡི། །སྤྱོར་བྲལ་སྡུག་བསྔལ་མཐོང་ནས་ནི། །ཐབས་དང་ཤེས་རབ་སྤྲུལ་པའི་རྒྱུས། །ཉོན་མོངས་རྣམས་ནི་ཡིད་ཅེས་འགྱུར། །མཚོན་པ་འདི་ནི་འབྲས་བུར་གྱུར། །ཁམས་གསུམ་དུ་ནི་དྲི་མེད་སྣང ། །གང་དང་གང་གིས་གནས་གྱུར་
365b
པ། །དེ་ནི་དེ་ཡི་དོ་བོ་ཅན། །བུད་ཤིང་བསྲེགས་པའི་རིགས་པས་ནི། །དགྱེས་པའི་རྒྱལ་བ་གར་མཁན་མཆོག་།ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འདི་ཉིད་རྣམ་དག་མཚོན་པ་འདི། ། ཇི་ལྟར་དགྲ་བོ་ནུས་པ་ལ། །དགྲ་པོ་ནུས་པས་དེ་བསྣུན་པ། །གཏི་མུག་དག་པས་གཏི་མུག་སྟེ། །ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་རྣམ་དག་ང་རྒྱལ་ཆེ། །ཕྲག་དོག་དག་པས་ཕྲག་དོག་སྙེད། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །དེ་ཡི་ངོ་བོ་རྣམ་དག་པ། །ཉོན་མོངས་ལྔ་ནི་མཉམ་པར་འགྱུར། །དེ་ལྟར་རིགས་ནི་ལྔ་རྣམས་དང ། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང ། །ཁྲོ་བོ་ཁམས་གསུམ་སེམས་ཅན་སྐྱེ། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །བླ་མ་དམན་པའི་སེམས་ཅན་རྣམས། །སྔགས་དང་ཕྱག་རྒྱ་རྙེད་མི་འགྱུར། །གང་ཞིག་ཤིན་ཏུ་གསལ་བ་ནི། །འཛམ་གླིང་དེ་འདིར་སངས་རྒྱས་བསྔགས། །གྲུ་གསུམ་དག་པ་ཨེ་ཡི་དབྱིབས། །དབུས་སུ་དགྱེས་པའི་ཨེ་བཾ་ཡིན། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་ར་ལི་རྣམ་པར་བྱུང ། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །དེ་ཡི་ནང་སོང་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་
366a
༄#། །གནས། །སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་ཀྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཡི་གེ་རྣམས་ནི་ལྔ་བཅུ་ཉིད། །རིག་བྱེད་རྣམས་ལ་ཉེ་བར་གནས། །སྔགས་རྣམས་ཉིད་དང་རྒྱུད་རྣམས་དང ། །ཕྱི་རོལ་ཚུལ་གྱིས་བསྟན་བཅོས་ཀྱི། །རྡོ་རྗེ་སྙིང་པོའི་རང་བཞིན་འདི། །གཞན་དུ་འང་ལས་ཅུང་ཟད་མེད། ། ཀ་ཙ་ཊ་ཏ་པ་ཡ་ཤ། །སྡེ་ཚན་དགའ་བ་ལྔ་བཅུ་ཡང ། །མཉམ་པ་དག་ཏུ་སྤྲུལ་པ་རྣམས། །རྡོ་རྗེ་ར་ལི་པདྨ་སོན། །འདབ་མ་བརྒྱད་པོ་ཕྱོགས་རྣམས་དང ། །མཚམས་རྣམས་སུ་ནི་འདི་རྣམས་རིགས། །དེ་རྣམས་དབུས་སུ་ཟེ་འབྲུ་ལ། །དམ་པའི་དབང་ཕྱུག་མ་ཡོད་དེ། །སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ནི། །ཡི་གེ་དམ་པ་ཡོངས་སུ་བསྐོར། ། ནི་ཡིག་འབྲུ་ཀུན་གྱི་མཆོག་།དོན་ཆེན་སྡེ་ཚན་གཙོ་པོ་ནི། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །དེ་ཉིད་ལས་ནི་ཡང་དག་འབྱུང ། །གང་ཞིག་རལ་གྲི་\?\་མིག་སྨན་དང ། །རྐང་བྱུག་རིལ་བུ་རྐང་འོག་དང ། །གནོད་སྦྱིན་མོ་ཡི་ཡན་ལག་མ། །འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ། །དངུལ་ཆུའི་འགྲོ་བས་རྗེས་སུ་འབྲང ། །གང་ཞིག་ཐམས་ཅད་མཐུ་ཆེ་བ།། རང་གི་ཁྱིམ་དུ་ལྔ་བཅུ་འདོད་པ་དང་ལྡན་པར་འགྲུབ་བོ། །དེ་ནི་སྡེ་ཚན་བརྒྱད་ནང་སོན། །དབྱངས་མཆོག་སྡེ་ཚན་བདག་ཉིད་འབྱིན། །སྐྱེ་བོ་རྣམས་ཀྱི་ཚིག་རྒྱས་པ། །
366b
གང་ཞིག་ཅུང་ཟད་རྟོགས་བྱ་པ། །དེ་ཀུན་སྔགས་ཀྱི་གཟུགས་ཀྱིས་ནི། །དེ་ཕྱིར་རབ་ཏུ་སྐྱེ་བར་འགྱུར། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པར་བྱ། ། སྣ་ཚོགས་མདུད་པའི་གནས་ཆེན་ལས། །ཆོས་ཀྱི་ར་ལི་རྣམ་པར་འབྱུང ། །དངོས་གྲུབ་རྫུ་འཕྲུལ་རྣམ་གནས་པའི། །སྔགས་དང་ངེས་པ་གང་ཡང་མེད། །རང་བཞིན་གྱིས་ནི་མ་སྐྱེས་པའི། །སྔགས་ཀྱིས་ཡིག་འབྲུ་དབང་ཕྱུག་མཆོག་།ཡང་དག་སྦྱོར་འབྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ེ་ནི་ས་རུ་\?\་ཞེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །བཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི་།བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མ་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡཱ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་
367a
༄#། །རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ེས་ནི་ཤེས་རབ་བརྗོད་པར་བྱ། །བཾ་ནི་ཐབས་དང་ལྡན་པ་ཉིད། །བཾ་གྱིས་རྣམ་པར་བརྒྱན་མ་ཉིད། །ེ་ནི་ངེས་པར་མཛེས་པར་འགྱུར། །ཐབས་དང་ཤེས་རབ་རང་བཞིན་གྱིས། །སྟེང་དང་འོག་ཏུ་སྙོམས་པར་འཇུག་།ེ་ཉིད་དང་ནི་བཾ་ཉིད་དག་།གཉིས་གཉིས་སུ་ནི་བརྗོད་པ་ཉིད། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་བསྙེགས་སོ་ཞེས་བརྗོད་དོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་དེ་སྐད་དུ་འདོད་ཆགས་ཆེན་པོ་འདི་ལ་རྟག་ཏུ་གནས་པའོ། །ཤྲུ་ཞེས་བྱ་བ་ནི་འཛག་བར་གསུངས་སོ། །ཏ་ཞེས་བྱ་བ་ནི་གང་ཡང་བདེ་བ་ཆེན་པོའི་མགོན་པོའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཐོས་པའི་ཕྱིར་རྣ་བའི་ཡེ་ཤེས་ཀྱི་ཐོས་པ་ཡིན་གྱི། རྟོགས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས། །མི་རྟོགས་པའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་སྡུད་པར་བྱེད་པ་དང ། འཆད་པ་བོ་དག་དབྱེར་མེད་པར་འགྱུར་རོ། །ཡང་ན་རྟོགས་པ་ཉིད་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ནས་འཆང་པ་པོ་ཉིད་སྡུད་པར་བྱེད་པ་
367b
ཡིན་ཏེ། འཆང་པ་པོ་ང་ཆོས་ཀྱང་པ། །རང་གི་ཚོགས་ལྡན་ཉན་པོ་ང ། །དེ་དག་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གར་མཛད་པའི་ཚེ། གཅིག་ཉིད་གཅིག་དང་།དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་པའོ། །རིགས་ཀྱི་བུ། བཅོམ་ལྡན་འདས་ཀྱིས་གང་ཅུང་ཟད་གསུངས་པ་དེ་བདག་གིས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཉིད་ལའོ། །གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལའོ། །ཐོས་པ་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་བསམ་གྱིས་མི་ཁྱབ་ལྷག་པར་མོས་པའི་ཏིང་ངེ་འཛིན་རྙེད་དོ་ཞེས་བྱ་བར་བསྙེགས་སོ། །དུས་ཞེས་བྱ་བ་ནི་དུས་ཚོད་ཅེས་གསུངས་སོ། །དུས་ནི་རྣམ་པ་གསུམ་དུ་བརྗོད། །བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །འོ་མའི་རྒྱུན་ལྟར་སྣ་བུག་ཏུ། །འོང་བ་བདེ་བའི་དུས་སུ་གསུངས། །མེ་ཡི་གཟུགས་ཀྱིས་འགྲོ་བ་ཉིད། །སྡུག་བསྔལ་དུས་དང་དེ་གཅིག་གྲགས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །དེ་ལ་འདོད་ཆགས་ནུས་མཚན་ཉིད། །འདོད་ཆགས་བྲལ་བ་འགོག་པར་གསུངས། །འདི་བྲལ་དབུ་མར་མི་རྟོག་པས། །འདི་གསུམ་དམིགས་པར་མི་འགྱུར་རོ། །འདོད་ཆགས་ཉིད་\?\་དང་ཆགས་བྲལ་ཉིད། །འདྲེས་པར་གྱུར་པར་རྙོག་པ་མེད། །དེ་
368a
༄#། །བཞིན་འདོད་ཆགས་ཆགས་བྲལ་ལས། །རོ་མཉམ་གཅིག་པུའི་སྐད་ཅིག་མ། །དངོས་པོ་ཀུན་གྱི་རོ་མཉམ་པ། །སྒོམ་པའི་དུས་ནི་གཅིག་ཏུ་གསུངས། ། འདི་ལྟ་སྟེ། དབང་ཕྱུག་དང ། གཟུགས་དང ། གྲགས་པ་དང ། དཔལ་དང ། ཡེ་ཤེས་དང ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། བྷ་ག་དྲུག་ཅེས་གསུངས་སོ། །དེ་འདི་ལ་མངའ་བའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་གང་ཞིག་མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་རྣམས་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྣམས་དང ། དེ་རྣམས་ཉིད་ཀྱི་སྙིང་པོ་དང ། དེ་ཉིད་ཀྱི་རྡོ་རྗེ་དང ། དེ་ཉིད་ཀྱི་བཙུན་མོ་དང ། དེའི་བྷ་ག་དེ་ལ་བཞུགས་སོ། །ཀྱེ་བཅོམ་ལྡན་འདས། བཞུགས་སོ་ཞེས་བྱ་བས་ཅི་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་ཐབས་སྣ་ཚོགས་ཀྱིས་འདུལ་བའི་སྐྱེ་བོའི་ཡིད་འཕྲོག་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་ཀྱི་སྙིང་པོ་རྡོ་རྗེའི་རང་བཞིན་གང་གིས་ཆོས་ཀྱི་འབྱུང་གནས་ལ། གང་གི་ཚེ་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་པའོ། །འདི་ལྟ་སྟེ། ཤེས་རབ་གང་གིས་ཉོན་མོངས་པ་
368b
དང།་ཉེ་བའི་ཉོན་མོངས་པ་འཛོམས་པ་དེའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ། བྷ་ག་དེར་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ཅིག་ཏུ་བཞུགས་སོ། །ེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེ་དོན་གང ། །བཙུན་མོ་ཉེ་བར་མཛད་པའོ། །རིགས་ཀྱི་བུ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡིག་འབྲུ་ནི་ཆོས་ཀྱི་ཐོག་མར་རྟག་ཏུ་ཡང་དག་པར་གནས་པ་སྟེ། དག་པ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་སྐྱེད་པར་བྱེད་པའོ། །ལག་ན་རྡོ་རྗེས་མ་བཤད་པ་དེ་ངས་ཁྱོད་ལ་བཤད་དོ། །ཚིག་འབྲུ་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་ཕ་རོལ་ཏུ་ཤིན་ཏུ་རིང་བར་འགྲོ་བ་མངོན་དུ་མཚོན་པར་མཛད་པ་དང ། མངོན་དུ་མ་མཛད་པ་དེ་ནུབ་པའི་སེམས་ཀྱི་སྐྱེ་བ་འདིར་སངས་རྒྱས་ཉིད་དམ། རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི་སེམས་དཔར་ཡང་དག་པར་གསུངས་ཏེ། སྡང་བས་བསྟན་པ་ཙམ་གྱིས་མནར་མེད་པར་རབ་ཏུ་ལྟུང་བར་འགྱུར་ངས་ན། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རོ་སྤངས་བར་བྱའོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སྲིད་པའི་འཇིགས་པ་ལས་འདས་
369a
༄#། །པའི་སྒྲུབ་པ་པོ་དཔལ་དང་ལྡན་པས་དག་པའི་སེམས་སྒོམ་པར་བྱེད་ན། །ཐབས་དང ། ཤེས་རབ་ཀྱི་སྦྱོར་བ་འདིས་ཇི་ལྟར་ཡང་དག་པ་ཐོབ་པ་དག་པའི་ཡང་དག་པར་རིག་པའི་བདག་ཉིད་ཅན་གྱི་མཚན་གཞི་ཐབས་དང ། ཤེས་རབ་ཀྱི་ནུས་པས་ནམ་མཁའ་དང་མཉམ་ཞིང་གནས་གསུམ་དུ་སྣང་བ་སྟེ། དེའི་མཚན་གཞི་ནི་མཚོན་པར་དཀའ་བ་དང ། །ཐམས་ཅད་དུ་སོན་ཞིང་རྒྱུ་དང ། རྐྱེན་སྤངས་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འཇིག་རྟེན་གྱི་རང་དང ། གཞན་གྱི་དོན་བྱེད་དེ། དངོས་གྲུབ་ཐམས་ཅད་ཀྱི་མཆོག་གོ་།རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བརྟག་པའི་རྒྱལ་པོ་སྟེ་དང་པོ་རྫོགས་སོ།། །།དེ་ནས་ཡང་དག་རབ་བཤད་བྱ། །སྒྲུབ་པ་པོ་ལ་ཕན་དོན་དུ། །གང་གིས་སློབ་མ་དབང་བསྐུར་བའི། །ཆོ་ག་ཡང་ནི་བཤད་པར་བྱ། །དང་པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་འབྱོར་པས་ནི་ནོར་འཛིན་སྦྱངས། །འབད་པས་ཧཱུཾ་ལས་རྡོ་རྗེ་ཅན། །བྱས་ཏེ་ཕྱི་ནས་དཀྱིལ་འཁོར་བྲི། །ཚལ་དང་སྐྱེ་བོ་མེད་གནས་དང ། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ཡང་།། ཁང་སྟོང་དང་ནི་ཁྱིམ་ནང་དུ། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །རྡུལ་ཚོན་དམ་པ་ཉིད་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་བདག་ཉིད་ཕྱེས།།
369b
ཡང་ན་འབྲས་ལ་སོགས་པས་བྲི། །དཀྱིལ་འཁོར་ཁྲུ་གསུམ་བྱ་བ་དང ། །མཐེ་བོང་གསུམ་ཡང་ལྷག་པར་བྱ། །དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་པོ་གཞུག་པར་བྱ། །སྔགས་ཀྱི་ལམ་གྱི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་གནས་སུ།། འཇིག་རྟེན་ཁམས་ནི་མཐའ་ཡས་བདག་།བློ་དང་ལྡན་པས་དེ་བཞིན་བླང ། །རང་བྱིན་བརླབ་པའི་གནས་ཐོབ་པས། །དམ་ཚིག་ཉམས་པས་འཇིགས་པ་ཡིས། །རྫོགས་སངས་རྒྱས་ཀྱིས་དོན་དམ་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །དམ་ཚིག་རིམ་པ་ཤིན་ཏུ་རིང ། །དེ་ཕྱིར་དོན་ཀུན་ལ་འབད་པས། ། དབང་དོན་རྒྱལ་བའི་བདག་ཉིད་སྐྱེས། །རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ། །ཇི་བཞིན་སྦྱོར་བས་གསོལ་བ་གདབ། །ཡང་ན་མ་དང་སྲིང་བུ་མོ། །བུ་སྲིང་མོ་ཡི་བུ་མོ་ཉིད། །འདི་ནང་གང་དེ་ཇི་ལྟ་བར། །རྙེད་ནས་སྒྲུབ་པ་ཉིད་དུ་གྱིས། །ཡང་ན་མངོན་དུ་འདི་མེད་ན། །ཀུན་གྱིས་བསྔགས་པའི་རིག་མ་ནི། །སངས་རྒྱས་རྣམས་ཀྱིས་ཁྱད་མཛད་པ། །དེ་ནི་དེ་ཕྱིར་གཟུང་བར་བྱ། །སྐྱེ་བ་གཉིས་ཀྱི་བུ་མོ་དང ། །ཡང་ན་བཙོ་བླག་མ་དང ། ཡང་ན་གདོལ་པ་མོ་དང ། གཡུང་མོ་དང ། རིགས་ལས་སྐྱེས་མ་དང ། ཡང་ན་རྒྱལ་མོ་དང ། གར་མཁན་གྱི་
370a
༄#། །བུ་མོ་དང ། བཟོ་མོ་དང ། ཡང་ན་རི་དྭགས་ཀྱི་མིག་མ་དང ། རྐེད་པ་ཕྲ་བ་དང ། རོ་སྨད་རྒྱས་པ་དང ། ནུ་མ་མཐོ་བ་དང ། བྷ་ག་བཟང་བ་དང ། དམ་ཚིག་གི་སྤྱོད་པ་ལ་ཤིན་ཏུ་དམ་པ་དང ། དེ་ཁོ་ན་ལ་གནས་པ་དང ། སྔགས་དང ། རྒྱུད་ཤེས་པ་སྟེ། སྒྲུབ་པ་པོའི་དབང་པོ་ལ་གནས་གསུམ་དུ་ཆེ་བའི་བུ་མོ་འདི་དག་བཤད་དོ། །རིགས་ཀྱི་རིམ་པ་ཉིད་ཀྱིས་འདི་རྣམས་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །མ་རྙེད་ཇི་ལྟར་གང་རྙེད་དེ། །དེ་བཞིན་བཅུ་དྲུག་ལོན་པ་ཉིད། །དང་པོའི་ལང་ཚོ་ཕུན་སུམ་ཚོགས། །མིག་མཛེས་ཕྱག་རྒྱ་རྙེད་ནས་ནི། །རིག་མ་དེ་ཉིད་བླངས་ནས་ནི། །སྐྱབས་སུ་འགྲོ་བའི་རིམ་པས་ནི། །སྦྱངས་ནས་དེ་ཉིད་གསང་བ་དང ། །སྔགས་དང་རྒྱུད་ཀྱི་རིམ་ཀུན་བསྒྲགས། །སྒྲའམ་འོག་གི་ལམ་དུ་ལྕེས། །དེ་ཉིད་དེ་བཞིན་སྟེང་དུ་གཞུག་།ཀུན་གྱི་ཆ་རིག་སྣ་ཚོགས་བྱེད། །རིམ་པ་ཉིད་ཀྱིས་རྣ་ཆ་དང ། །སྐ་རགས་ཆེ་དང་སེ་མོ་དོ། ། ལག་གདུབ་དང་ནི་རྐང་གདུབ་ལྡན། །དེ་ལྟར་དངོས་གྲུབ་དམ་པ་སྟེར། །གང་ཞིག་སྦྱངས་པའི་རིག་མ་ཀུན། །ཉེ་བར་འཚེ་བ་མེད་གནས་སུ། །རིག་པ་འཛིན་པ་འཁོར་མང་པོ། །དེ་ནས་ཙནྡན་གོས་ཕྲེང་སོགས། །རྣམ་པར་བརྒྱན་ནས་དབུལ་བར་བྱ། །དྲི་དང་ཕྲེང་སོགས་རིམ་གྲོ་ཡིས། །འོ་མའི་མཆོག་སོགས་རྒྱས་པས་ནི། །ཕྱག་རྒྱ་ཐབས་གཅིག་
370b
སྒྲུབ་པ་པོས། །གུས་པར་འབད་པས་ཡང་དག་མཆོད། །སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་བས་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་བསྟོད་པ་འདིས། །སྟོན་པ་ལ་ནི་ཞུ་བ་བྱ།། སྟོན་\?\་བའི་སྙིང་པོ་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་གཅོད་\?\་པ་ཅན། །དག་པའི་དེ་ཉིད་དོན་སྟོན་མཛད། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་བྱུང ། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་ཆེན་དང ། །དེ་བཞིན་བསྟན་དང་འགྲོ་བ་དང། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་དཔའ་བོ་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་ལྟར་གྱུར་པའི། །འགྲོ་བའི་འདོད་པའི་དོན་གྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོ་ཕྱག་འཚལ་བསྟོད། །དེ་ཉིད་བླ་མེད་བདག་འཚལ་བས། །ཡོན་ཏན་མཚོ་ཁྱོད་བཀའ་དྲིན་ལས། །ཀུན་མཁྱེན་རྡོ་རྗེ་དབང་གིས་ནི། །ད་ལྟ་ཉིད་དུ་བཀའ་དྲིན་སྐྱོབས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཇི་ལྟར་དཔལ་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་ཆོས་ཅན་ལ་གསུངས་པ། །དེ་བཞིན་མགོན་པོས་
371a
༄#། །བདག་གྲུབ་མཛོད། །བཅོམ་ལྡན་ཞབས་པད་སྤངས་ནས་ནི། །གཞན་དུ་བདག་ལ་འགྲོ་མ་མཆིས། །འཁོར་བའི་འགྲོ་ལས་ངེས་རྒྱལ་བར། །དེ་ཕྱིར་མགོན་པོས་ཐུགས་རྗེ་མཛོད། །དེ་ནས་རྡོ་རྗེ་སློབ་དཔོན་དཔལ། །རྗེས་སུ་བརྩེ་བཅས་ཕན་སེམས་ཀྱིས། །སློབ་ལ་སྙིང་རྗེ་བསྐྱེད་ནས་ནི། །ཚོགས་ཀྱི་དཀྱིལ་འཁོར་དགུག་པ་དང། །འདོད་ཡོན་ལྔ་ཡིས་གང་བ་དང ། །བླ་རེས་བྲེས་པས་ཉེ་བར་འབར། །རྣལ་འབྱོར་མ་དང་སྦྱོར་ལྡན་ཞིང ། །དྲིལ་བུ་སིལ་སིལ་སྒྲ་དང་ནི། །མེ་ཏོག་བདུག་འཁྱིལ་ཉམས་དགའ་བ། །ལྷ་ཡི་དྲི་ཕྲེང་བདེ་བའི་མཆོག་།དཔལ་ལྡན་རྡོ་རྗེ་སེམས་སོགས་ལྷའི། །དཀྱིལ་འཁོར་མཆོག་ཏུ་ངོ་མཚར་བར། །སློབ་དཔོན་སྐལ་བ་བཟང་པོ་མཆོག་།དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །རྒྱལ་བའི་བདག་སྐྱེས་བྱང་ཆུབ་སེམས། །པདྨའི་སྣོད་དུ་གཞུག་པར་བྱ། །རྔ་ཡབ་གཡོབ་ཅིང་གདུགས་དང་ནི། །བཀྲ་ཤིས་ཚིགས་བཅད་གླུ་རྣམས་ཀྱིས། །ཕྱག་རྒྱ་ལྡན་པས་སློབ་མ་དེ། །འགྲོ་བའི་གཙོ་བོས་དབང་བསྐུར་བྱ། །སློབ་དཔོན་མཆོག་གི་དབང་ཕྱུག་གིས། །དབང་ནི་རིན་ཆེན་མཆོག་བྱིན་ནས། །བཟང་པོའི་རང་བཞིན་ལེགས་སྦྱངས་པའི། །དམ་ཚིག་ཡིད་འོང་ངེས་པར་སྦྱིན། །ཁྲག་ཆེན་དང་ནི་ག་བུར་བཅས། །ཙནྡན་དམར་པོ་སྦྱར་བ་དང ། །རིགས་ཀྱི་བདག་པོའི་ཆུ་ལྡན་ཞིང ། །ལྔ་པ་
371b
སེམས་ལས་ཡང་དག་བྱུང ། །འདི་རྣམས་དམ་ཚིག་ཡང་དག་པར། །སངས་རྒྱས་རྣམས་ཀྱིས་ཉེ་བར་གསུངས། །བཟང་པོ་རྟག་ཏུ་བསྐྱང་བར་གྱིས། །སྡོམ་པ་ཡང་ནི་ད་ལྟར་ཉན།། སྲོག་ཆགས་གསད་པར་མི་བྱ་ཞིང ། །བུད་མེད་རིན་ཆེན་ཡོངས་མི་སྤང ། །དེས་ནི་སློབ་དཔོན་སྤང་མི་བྱ། །སྡོམ་པ་ཤིན་ཏུ་འདའ་བར་དཀའ། །གོང་དུ་གསུངས་པའི་རིག་མའམ།། ཡང་ན་བདག་གི་རྣལ་འབྱོར་མ། །དག་ཅིང་སྤྲུལ་པའི་རིག་མ་ནི། །སིཧལ་ག་པུར་བསྒོས་པ་ནི། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཕྱག་རྒྱའི་གདོང་ཡང་བཅིང་བ་དང ། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །བསྟེན་པས་ཡང་དག་གང་བྱུང་བ། །སློབ་མའི་ཁ་རུ་བཏུང་བར་བྱ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ནི་བྱ་བར་བཤད། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མིན་བདག་ཉིད་མཆོག་།ཐབས་དང་ཤེས་རབ་རྣམ་པར་འདྲེས། །འདོད་ཆགས་འདོད་ཆགས་བྲལ་བས་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་།དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འདི་ནི་ཀུན་ཁྱབ་བྱེད། །དེ་ཉིད་སངས་རྒྱས་ཡེ་ཤེས་ཅན། །ཧེ་རུ་ཀ་དཔལ་ཞེས་བྱར་བརྗོད། །གཞན་རྣམས་གང་རྣམས་དེ་རྣམས་དང ། །དངོས་དང་དངོས་མེད་དེ་ལས་བྱུང ། །དགའ་བ་དང་པོ་དཔའ་བོ་སྟེ།།
372a
༄#། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་ཐབས་ལས་ཐམས་ཅད་རིག་།དང་པོ་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གཉིས་པའི་གྲངས། །གསུམ་པ་དགའ་བྲལ་དགའ་བར་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །དེ་ཡང་དབང་ནི་རྣམ་པར་བཞི། །དང་པོ་ལ་ནི་བུམ་པའི་དབང ། །གཉིས་པ་ལ་ནི་གསང་བའི་དབང ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་དབང་གིས་ནི། །སློབ་མ་སྡིག་པ་བྲལ་བ་ཡིན། །སངས་རྒྱས་གྲོང་ཁྱེར་མཆོག་སྔོན་དུ། །དེ་ནས་དེ་ལ་གནང་བ་སྦྱིན། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཕྱོགས་ཀུན་ཏུ་ནི་འཁོར་ལོ་ནི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་ཏུ་མཆོག་ཏུ་རབ་ཏུ་བསྐོར། །ཐབས་དང་ཤེས་རབ་རང་བཞིན་བདག་།ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྦྱོར་མེད་བྲལ་ཞིང་མ་ཞུམ་པས། །སེམས་ཅན་དོན་ནི་ད་ལྟར་གྱིས། །དབང་དང་བཀའ་གནང་ཐོབ་ནས་ནི། །བྱ་བ་བྱས་པས་རབ་འཛུམ་ཞིང ། །འགྲོ་བ་དགའ་བར་བྱེད་པ་ཡི། །ཤིན་ཏུ་སྙན་པའི་ཚིག་འདི་བརྗོད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ང་ནི་སངས་རྒྱས་རིགས་སུ་འགྱུར། །བསྐལ་པ་རྒྱ་མཚོར་འཇིགས་ཆེན་
372b
པོར། །མནར་མེད་སྐྱེ་བ་ཡང་དག་འཁྲུགས། །ཉོན་མོངས་འདམ་ནི་བརྒལ་དཀའ་ལས། །བདག་ནི་མགོན་པོ་ཁྱོད་ཀྱིས་བསྒྲལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །ཐེག་པ་རྫོགས་པ་ལྟ་བུར་བདག་།བག་ཆགས་ཐམས་ཅད་བྲལ་བས་ན། །བདག་ལ་བྱང་ཆུབ་འཚལ་མ་མཆིས། །རངས་ཤིང་མིག་ནི་ཕྱེ་བ་ཡིས། །ཞབས་ལ་འཇུས་ནས་གུས་བར་བྱ། །གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ཉིད་དབུལ་བར་བྱ། །བླ་མའང་སྙིང་རྗེ་ལྡན་པས་ནི། །སློབ་མ་བསྡུ་བའི་བསམ་པའི་ཕྱིར།། དེ་ལ་ཕན་པའི་བསམ་པས་བཟུང ། །དེ་ནས་ཕྱག་འཚལ་མཆོད་ནས་ནི། །བླ་མ་ལ་ནི་ཡོན་རྣམས་དབུལ། །གསེར་ནི་སྟོང་ཕྲག་བརྒྱ་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང། །གོས་ནི་ཟུང་འགྱུར་བརྒྱ་ཉིད་དང ། །གླང་པོ་རྟ་དང་ཡུལ་འཁོར་ཉིད། །རྣ་ཆ་དང་ནི་རྐང་གདུབ་དང ། །ནོར་བུ་དང་ནི་སོར་གདུབ་མཆོག་།གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང ། །བྲན་ཕོ་བྲན་མོ་སྲིང་མོ་ཉིད། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །བདག་གི་དངོས་པོ་ཐམས་ཅད་ཀྱིས། །བློ་དང་ལྡན་པས་བླ་མར་དབུལ། །དེ་རིང་ཚུན་ཆད་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཞེས། །དེ་ལྟར་ཞུ་བ་བྱས་གྱུར་པས། །མངོན་པར་འདོད་པའི་གནས་ཐོབ་ནས། །ད་ནི་སངས་རྒྱས་
373a
༄#། །ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། །ཇི་ལྟར་བླ་མེད་བྱང་ཆུབ་དེ། །བྱིན་གྱིས་བརླབས་ཀྱིས་བདག་གིས་བསྒྲུབས། །བླ་ན་མེད་པའི་བྱང་ཆུབ་གནས། །ཀུན་མཆོག་མཆོད་པ་བསྐྱེད་པར་བགྱི། །སེམས་ཅན་གནས་གསུམ་འཁོར་བ་རྣམས། །དེ་ཉིད་ལ་ནི་བཞག་པར་བགྱི། །དབང་ཆོ་ག་འདིས་སྦྱིན་པར་བྱ་ཞིང་སློབ་མའི་ལྷག་པར་མོས་པ་དང ། །ཟབ་པ་དང ། རྒྱ་ཆེ་བ་རིག་པས་ལྷག་པར་མོས་པའི་ཡིད་ཀྱིས་ཤེས་པར་བྱས་ནས་ཚིག་ཉིད་ཀྱིས་དབང་རིན་པོ་ཆེ་སྦྱིན་པར་བྱའོ། །གང་ཐོབ་དབང་རབ་མཆོག་ནི་རིགས་ཀྱི་བདག་པོར་བཟུང་བ་རྙེད་པར་དཀའ་ཞིང་མཚུངས་པ་མེད་པར་གདམས། །ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ། །བཀའ་ཡི་གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ལས་རྒྱལ་རྩོམ་པའི་གོ་བགོས་པ་ཡི་བློས། །བྱང་ཆུབ་དག་ལ་དགོད་པའི་སངས་རྒྱས་འདིར་ནི་དེ་ཉིད་རྣལ་འབྱོར་པས་ནི་དྲི་མ་མེད་པར་སྤྱོད། །བྱང་ཆུབ་ཀྱི་སེམས་ཀྱི་དབང་གཉིས་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།དེ་ནས་ཐབས་དང་ཤེས་རབ་དོན། །སྒོམ་པ་ཡང་དག་རབ་བཤད་བྱ། །ཕ་རོལ་དོན་བརྩོན་བརྩོན་འགྲུས་ཀྱི། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར།།
373b
འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །བསྒྲལ་དཀའ་གང་ཞིག་རྣམ་སྒོམ་པས། །རྣལ་འབྱོར་པས་ནི་རང་དོན་དུ། །མྱ་ངན་འདས་པར་གནས་མི་འགྱུར། །གང་གིས་ཁྱད་འཕགས་མཐར་ཐུག་པར། །སངས་རྒྱས་དྲི་མེད་ངོ་མཚར་རྨད། །འགྲིབ་དང་འཕེལ་ལས་རྣམ་པར་གྲོལ། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །ཕུང་པོ་ལྔ་སོགས་ཆོས་རྣམས་དང ། ། ཐེག་གསུམ་ཤིན་ཏུ་སྤང་མི་བྱ། །ཆོས་དབྱིངས་མི་མཉམ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་བཟུང ། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ ། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང ། །གཉིས་ཀྱིས་གཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤང། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་སྒོམ། །སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང ། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་
374a
༄#། །ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང ། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །གང་ལ་སྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་སྒོམ་པའང་མེད།། བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ཡི་དེ་ཉིད་སྒོམ་པ་བརྗོད། །གང་ཡང་བྱ་བ་ཡོད་མིན་འདིར། །བཟའ་བྱ་ཉིད་ཀྱང་ཡོད་མ་ཡིན། །བྱེད་པོ་བཟའ་ལས་རྣམ་པར་གྲོལ། ། དོན་དམ་རྣམ་པར་བསྒོམས་པས་ནི། །འདི་ལ་སྒྲུབ་པོ་གང་ཡང་མེད། གང་ཡང་བསྟོད་པར་བྱེད་པ་མེད། །དོར་བ་ཅུང་ཟད་མེད་པར་བརྗོད། །བླང་པའང་ཅུང་ཟད་ཡོད་མ་ཡིན། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང ། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང ། །འཕྲོག་པ་ཟླ་བའི་གྲོང་ཁྱེར་མཚུངས། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །སྒྱུ་མ་ཇི་བཞིན་ཐམས་ཅད་དུ། །བལྟ་བ་ཉིད་དང་རེག་པར་བྱ། །འགྲོ་བ་ཐམས་ཅད་གནས་པ་ནི། །གང་ཡང་རྙེད་པར་མི་འགྱུར་ཏེ། །སྦྱོར་བའི་འདུས་པར་བསམ་མི་ཁྱབ། །རྨི་ལམ་སད་པ་ལྟ་བུ་ནི། །ཇི་ལྟར་གཞོན་ནུའི་གཟུགས་ཀྱིས་ནི། །དབང་པོ་གཉིས་ནི་འདུས་པ་ཡིས། །བྷ་གར་ལིང་ག་བཞག་ནས་ནི། །སངས་རྒྱས་རྗེས་སུ་དྲན་པ་སྒོམ། །ཡེ་ཤེས་ཅི་ཞིག་སྐྱེ་ཞེ་ན། །ཐོག་མ་དབུས་
374b
མཐའ་དྲི་མ་མེད། །རང་གིས་རིག་པའི་ཡེ་ཤེས་དེ། །གཞན་དུ་སྨྲ་བར་མི་ནུས་སོ། །གཟུགས་རྣམས་ཐམས་ཅད་བལྟ་བ་དང ། །སྒྲ་རྣམས་ཉིད་ཀྱང་ཉན་པ་དང ། །སྨྲ་བ་དང་ནི་རྒོད་པ་དང ། །སྣ་ཚོགས་རོ་ནི་ཟ་བ་དང ། །ལས་རྣམས་ཐམས་ཅད་བྱེད་པ་ནི། །གཞན་དུ་སེམས་ནི་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར།། འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་བྱ་ཉིད། །འགྲོ་བ་བརྟན་དང་གཡོ་བའི་བདག་།བྱང་ཆུབ་སེམས་དཔའ་མཐའ་ཡས་དང ། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །དེ་ཉིད་ལས་ནི་ཐམས་ཅད་སྐྱེས། །དངོས་དང་དངོས་མེད་སྦྱོར་བྲལ་བ། །རྣལ་འབྱོར་པས་ནི་དེ་ཉིད་སྒོམ། །དངོས་དང་དངོས་མེད་རྣམ་གྲོལ་བ། ། བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །མ་ལུས་སྐྱོན་ལ་སྡང་བ་དང ། །ཀུན་ནས་ཉོན་མོངས་རྒྱབ་ཕྱོགས་ངེས། །དཔལ་ལྡན་བདེ་གཤེགས་ཡོན་ཏན་རྣམས། །མཐའ་ཡས་དེ་ལས་སྐྱེ་བར་འགྱུར། །ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་བའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུར་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་བའི།།
375a
༄#། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག་།དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། །སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་གྱུར་པ། །དེ་ལས་གཞན་དུ་གྲོལ་བའང་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང ། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པས། །སེམས་ནི་བརྟན་པར་བྱས་ནས་འབད་པས་དཔྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱེད། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོ། །སྐྱེ་དགུའི་ཡིད་བསྒྲིབས་སྡུག་བསྔལ་མཐའ་ཡས་པ། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་པས། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཉིད་ཀྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡི་ཟད་ཕྱིར་རང་གི་བྱ་བ་ཡང ། །རྒྱས་པ་དེ་ཡི་ཡན་ལག་འགྲོ་བ་བལྟ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་གྱི་ངེས་པ་བྱས་ནས་བཀའི་གནང་བ་དང ། །རང་གི་དམ་ཚིག་ལ་གནས་པས་སྒོམ་པ་བྱེད་ན་ལག་པའི་ཕྱག་རྒྱ་དང ། །སྔགས་དང ། སྐུ་གཟུགས་ཀྱི་ང་རྒྱལ་སྒོམ་པ་དང ། དམ་ཚིག་གི་ཐུན་མོང་གི་
375b
དངོས་གྲུབ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་པ་ཅི་ཞིག་བྱ། སངས་རྒྱས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཚོན་པ་མངོན་དུ་རང་གི་ལྷའི་རྣལ་འབྱོར་ཡིན་ཏེ་བསྐྱེད་པ་དང ། དེ་མཚོན་པ་ན་གནས་གསུམ་པོ་ནམ་མཁའ་ལྟ་བུར་འགྱུར་རོ། །གཞུང་ཐམས་ཅད་སྤངས་ནས་ཐོབ་པའི་གནས་ཀྱི་བསམ་གཏན་གྱི་རྣལ་འབྱོར་དེ་ལ་བརྩོན་པས་རང་རིག་པ་ཙམ་ལ་སྤྲོ་བས་ཉིན་དང ། མཚན་དུ་གོམས་པར་བྱའོ། །རིའི་རྩེ་མོ་དང ། ཞི་བའི་གནས་དང ། པདྨའི་ཚལ་དང ། རྒྱལ་པོའི་ཚལ་དང ། དབེན་བ་དང ། ཐམས་ཅད་མཁྱེན་པའི་གནས་དང ། རང་གི་ཁྱིམ་མམ། སེམས་ལ་མངོན་པར་འདོད་པའི་ཐམས་ཅད་མཁྱེན་པས་བསྔགས་པ་འདིའི་ནང་དུ་གང་དང ། གང་གི་གནས་དེར་གནས་ཤིང་སྔགས་ཤེས་པས་སྤྲོ་བ་དང་ལྡན་པ་དེས་སྒོམ་པར་བྱེད་དེ། ཐབས་དང ། ཤེས་རབ་པ་མ་གཏོགས་པར་སངས་རྒྱས་ཉིད་མངོན་དུ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་མ་དངོས་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་བཟང་མོ་སྤང་བར་མི་བྱ་སྟེ། ཕྱག་རྒྱ་རེ་རེ་དང་ལྡན་པ་འདི་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ། །དེ་ཕྱིར་ཡེ་ཤེས་བསྐྱེད་པ་ཡི། །ཕྱག་རྒྱ་བཞི་ནི་སྦྱར་བར་བྱ། །གཏི་མུག་དམ་ཚིག་ཕྱག་རྒྱ་སྟེ། །ཞེ་སྡང་ཕྱག་རྒྱ་ཆེན་པོར་བརྗོད། །ཕྲག་དོག་ལས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱ་བདག་
376a
༄#། །ཡོ་གིས་ཕྱག་རྒྱ་སྣ་ཚོགས་འདི། །བསྐྱེད་ནས་རིག་མ་བཟའ་བར་བྱ། །དེ་ལ་གཉིས་ཀ་ལའང་ལྷའི་གཟུགས་སུ་མངོན་དུ་བསམས་ནས་གཏི་མུག་ཞི་བ་དང ། ཁྲོ་བ་ལས་མ་རུངས་པ་དང ། འདོད་ཆགས་ལས་ཆགས་པས་ལས་རྣམས་བྱེད་པའོ། །དེའི་དོན་དུ་རབ་ཏུ་བྱེད་པ་ལྔ་པོ་འདི་རྣམས་ཀྱིས་རྒྱལ་བ་རྣམས་ཡིན་ནོ། །སྔ་དྲོ་དང ། ཉི་མའི་མཐའ་དང ། ཉི་མ་ཕྱེད་དང ། ནམ་ཕྱེད་ཀྱི་དུས་སུ་འང་ཕྱག་རྒྱའི་རྣལ་འབྱོར་བྱའོ། །མཉམ་པར་སྦྱོར་བ་ལས་གཞན་དུ་ནི་འགྲུབ་པར་མི་འགྱུར་རོ། །བསྟན་པ་ལ་སྨོད་པའི་འཇིགས་པ་དང ། སྐྱེ་བོ་གདུག་པའི་ནང་དུ་གནས་པའི་རྣལ་འབྱོར་པས་རང་གི་སེམས་འབའ་ཞིག་དེ་བསམས་པས་སེམས་ལ་ལྷག་པར་མོས་པ་མངོན་དུ་བྱའོ། །གང་ཞིག་ཡང་རྣལ་འབྱོར་པ་བརྩོན་འགྲུས་ཀྱི་འབད་པས་རྣལ་འབྱོར་འདི་བསྒྲུབ་པར་བྱའོ། །ཤེས་རབ་མངོན་དུ་མ་རྙེད་ན་བྱོལ་སོང་དག་ལའང་རྟག་ཏུ་གོམས་པར་བྱའོ། །དེ་ལྟར་གང་ཞིག་རྣལ་འབྱོར་པས་གལ་ཏེ་པདྨ་འཛིན་པ་ལ་མངོན་དུ་ཉི་མ་རེ་རེའམ། ཟླ་བ་སོ་སོའམ། ལོ་ལ་རེག་པར་མི་བྱེད་ན་དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་པས་རྣལ་འབྱོར་པ་བག་མེད་པར་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ནས་ཡང་མི་བྱེད་པར་
376b
སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱིས་སྡོམ་པ་དང་ལྡན་ཞིང་དེ་ཁོ་ན་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། །གསང་བའི་ཉེ་བའི་རྫས་དང ། སྔགས་དང ། རྒྱུད་ཀྱིས་འདི་སྐད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་སྦྱོར་བའི་རྣལ་འབྱོར་ཀྱིས་རྟག་ཏུ་ཉེ་བར་འདུག་སྟེ། བསམ་གྱིས་མི་ཁྱབ་པའི་གནས་སུ་གནས་གསུམ་པོ་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཐབས་དང ། ཤེས་རབ་ཀྱི་དོན་སྒོམ་པ་ཞེས་བྱ་བ་གཉིས་པ་ལས། རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་འཁོར་ལོ་ཐམས་ཅད་ཀྱི། །རྣམ་པར་འཕྲུལ་པ་ཡང་དག་བཤད། །དཔལ་ལྡན་རྡོ་རྗེ་སེམས་སོགས་ལྷའི། །ཐམས་ཅད་ལས་ནི་སྣ་ཚོགས་མཆོག་།གསང་བ་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་འདི་ལ་སྒྲུབ། །རྣམ་པར་བྲལ་དང་གནས་སུ་ཡང ། །རང་གི་ཚལ་སོགས་རྣམས་སུ་ཡང ། །ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པས་ནི། །ཀུན་ལས་སྣ་ཚོགས་བྱ་བ་རྣམས། །ཇི་ལྟར་བདེ་བར་བསྒྲུབ་པར་བྱ། །བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་ནི། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཁྲོ་བོའི་སྒྲུབ་ཐབས་ཐམས་ཅད་དང ། །ཞི་བ་རྣམས་ཀྱི་ལྷ་རྣམས་ལ། །ཅི་ཞིག་ང་ཡིས་བཤད་པར་བྱ། །བསམ་གྱིས་མི་ཁྱབ་སངས་རྒྱས་གར། །སྒོམ་པ་ལྷ་ཡི་རྣལ་འབྱོར་དང ། །སྔགས་ཀྱི་བཟླས་
377a
༄#། །པའི་ཆོག་རིམ་དང ། །བྲིས་སྐུའམ་ནི་སྐུ་གཟུགས་ཀྱང ། །སེམས་ཀྱིས་ཐམས་ཅད་སྤྲུལ་པ་སྟེ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ང་ཡིས་རྒྱུད་དུ་བསྒྲགས་པ་ཡིན། །སྟོང་ཉིད་གཅིག་ལས་རྡོ་རྗེ་ཅན། །རིགས་ནི་རྣམ་པ་ལྔ་རུ་གསུངས། །རྡོ་རྗེ་སྙིང་པོས་གསོལ་པ། །བསྐྱེད་པའི་ཡིག་འབྲུ་གཟུགས་དང་ནི། །ཕྱག་རྒྱ་དབྱིངས་ཀྱི་ཆོག་རིམ་དང ། །སྔགས་ཀྱི་བཟླས་པའི་ཆོ་ག་ཡང ། །གང་གིས་སྒྲུབ་པོ་འགྲུབ་འགྱུར་བ། །གཙོ་བོ་ཤིན་ཏུ་དགའ་ཆེན་པོས། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་པར་སྒོམ། །གསུམ་པར་དགའ་བ་སྒོམ་པ་དང ། །ཀུན་གྱི་ཐ་མར་བཏང་སྙོམས་སོ། །ཡང་ན་སྙོམ་སའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རེ་བས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང ། །གུར་ཡང་ཆོ་ག་བཞིན་དུ་བསྒོམ་པར་བྱ། །དང་པོར་རོ་ནི་བསྒོམ་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །རང་གི་སྙིང་གར་རེ་པ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །
377b
ར་ནི་ཧཱུཾ་གི་དབྱིབས་ཉིད་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཉིད། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ན་ཧཱུཾ་ཤི་\?\་དེ་ཉིད་བསྒོམ། །དེ་ཉིད་ཡོངས་སུ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་དཔའ་བོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བ་འམ། །ཡང་ན་སྔོ་དང་ཉི་མ་ལྟར། །དད་པས་ངེས་པར་བསྒོམ་པར་བྱ། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ།། དཀར་མོ་རི་དྭགས་མཚན་པ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རི་ནི་སྨན་འཛིན་ཅིང ། །པུཀྐ་སཱི་ནི་རྡོ་རྗེ་ལག་།དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་བ་མོ་ནི་ཅང་ཏེའུ་རྡུང ། །གཡུང་མོ་སྐུ་ལ་འཁྱུད་པ་སྟེ། །མཆོད་པའི་ཆོ་ག་རྒྱས་པ་ཡིས། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །དེ་ནས་གནས་ལས་རྣམ་གྲོལ་བའི། །ཆོས་རྣམས་ཀུན་གྱི་བདག་ཉིད་འགྱུར། །ཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་རིག་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་དགུག་པ་ན། །ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ནམ་མཁའི་ཁམས་
378a
༄#། །ཀྱི་ནང་སོན་པོར། །དེ་ནས་ཉི་མའི་དཀྱིལ་འཁོར་བསམ། །ཧཱུཾ་སྐྱེས་སྔོ་དང་ཉི་མ་ལྟར། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་སྐྲ་ནི་གྱེན་དུ་སེར། །སྡང་མིག་བརྒྱད་གཉིས་ལོ་ཡི་དབྱིབས། །འཇིགས་བྱེད་མནན་ཅིང་གཡོན་པ་ན། །རྡོ་རྗེ་ཁ་ཊྭཱཾ་ག་ཉིད་དང ། །ཐོད་པ་ཡང་ནི་གཡོན་པ་ན། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུཾ་ནི་འདོན་པར་བྱེད་པའི་བདག་།ལྷ་མོ་བརྒྱད་ཀྱིས་བསྐོར་ནས་ནི། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དེ་ལྟར་རྣལ་འབྱོར་པས་ནི་བསྒོམ། །རྣལ་འབྱོར་བདུད་རྩི་སྡོམ་པ་ཀུན། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁྲོ་བོའི་གཟུགས་ནི་འཛིན་གྱུར་པ། །ཕྱག་བཞི་ཡིས་ནི་རྣམ་པར་བརྒྱན། །བདུད་བཞི་རྣམ་པར་དག་པ་ནི། །དགའ་བ་བཞི་ཡི་རང་བཞིན་ནོ། །སྔར་གསུངས་དཀྱིལ་འཁོར་འཁོར་ལོར་གནས། །ཧཱུཾ་གི་ས་བོན་ལས་བྱུང་བའི།། གཡོན་ན་ཐོད་པ་ལྷ་དང་ནི། །ལྷ་མིན་ཁྲག་གིས་བཀང་བ་དང ། །གཡས་ན་རྡོ་རྗེ་མེ་ལྟ་བུས། །འཇིགས་པའང་ནི་འཇིགས་པར་མཛད། །གཞན་པ་ཡི་ནི་ཕྱག་དག་གིས། །ལུས་ལ་ཡང་དག་འཁྱུད་པ་ཉིད། །ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བསྒོམ། །དང་པོར་སྟོང་བ་བསྒོམ་བྱ་ཞིང ། །ཟེ་འབྲུ་ལ་ནི་ཆ་བྲལ་ཉིད། །ཟླ་བའི་
378b
དཀྱིལ་འཁོར་དབུས་གནས་པར། །ཧཱུཾ་ནི་དེར་ནི་བསྒོམ་པར་བྱ། །དེ་བཞིན་ཞལ་གསུམ་ཕྱག་དྲུག་པར། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །དང་པོའི་ཞལ་ནི་དཀར་མིན་ཞིང། །གཡས་པ་དཀར་ཞིང་ཞི་བ་ཉིད། །གཡོན་པ་དམར་པོ་ལྟ་བུ་སྟེ། །སྤྱན་གསུམ་བཟང་པོའི་གཟུགས་ཅན་ཉིད། །རྒྱན་རྣམས་ཀུན་གྱིས་ཡང་དག་གང ། །ཐོད་པའི་གདན་ལ་ཡང་དག་གནས། །བཤང་གཅི་ཁུ་བ་ཁྲག་རྣམས་ཀྱི། །ཐོད་པ་ཕྱག་གིས་བཟུང་བ་དང ། །གཞུ་དང་མདའ་ནི་འཛིན་པ་ཉིད། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །དང་པོ་རྡོ་རྗེ་འབར་བ་ཉིད། །གསུམ་པར་དེ་བཞིན་རྩེ་གསུམ་པ། །དཔལ་ལྡན་ཤེས་རབ་འཁྱུད་པ་དང ། །རལ་བའི་ཅོད་པན་བརྒྱན་པ་སྟེ། །སྤྲིན་གྱི་འོད་འབར་དུ་མ་ནི། །སངས་རྒྱས་དམ་ཚིག་སྤྲོ་བར་བྱ། །བྷ་གའི་དབུས་སུ་སྒྲུབ་པ་པོས། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ལྷ་མོ་ལྷན་ཅིག་ལྡན་པར་ནི། །དེ་ནས་ཕྱག་རྒྱ་བསྒོམ་པར་བྱ། །ཐོད་པའི་སྟན་ལ་གནས་པར་ནི། །འདབ་མར་ལྷ་མོ་བྲི་བར་བ། །སྣ་ཚོགས་གཟུགས་མ་ཡིད་འོང་མ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །དང་པོར་རིམ་པ་བྲི་བར་བྱ། །གཞུ་དང་མདའ་ནི་འཛིན་མ་མཛེས།། ཐོད་པ་ཁུ་བས་གང་བ་དང ། །ལྕགས་ཀྱུ་ལག་པས་འཛིན་པ་མོའོ། །གཉིས་པ་རྩེ་གསུམ་ལག་པ་དང ། །ཁྲག་གིས་གང་བའི་ཐོད་པ་དང ། །རྡོ་རྗེ་དེ་བཞིན་ཞགས་པ་ཉིད། །གསུམ་པ་
379a
༄#། །ལག་པར་རལ་གྲི་དང ། །ཐོད་པ་ཆུ་ཡིས་གང་བ་དང ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །བཞི་པ་ཁ་ཊྭཱཾ་ག་ལག་མ། །གཡོན་པའི་ལག་པས་ཐོད་པ་ཉིད། ། མུ་སུཎྜི་དང་བ་དན་གསུམ། །ལྔ་པ་ཞགས་པའི་ལག་པ་དང ། །ཐོད་པ་ལག་པས་བཟུང་བ་དང ། །དེ་བཞིན་ཨུཏྤལ་ཅང་ཏེའུ་ཉིད། །དྲུག་པའི་ལག་པས་པདྨ་དང ། །ཐོད་པ་ཚིལ་གྱིས་གང་བ་དང ། །དེ་བཞིན་མེ་ལོང་དགྲ་སྟ་ཉིད། །བདུན་པ་འཕང་མདུང་ལག་པ་དང ། །དུང་དང་འཁོར་ལོའི་མཚོན་ཆ་འཛིན། །ཐོད་པ་ཁྲག་གིས་གང་བར་ནི། །ཁྲུ་གང་ཙམ་དུ་ཡང་དག་བྲི། །བརྒྱད་པ་བུམ་པའི་ལག་པ་དང ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཐོད་པ་སྐྱེས་པའི་ལྤགས་པ་ཡིས། །བཀབ་པ་རྫས་ཀྱིས་གང་བ་ནི། །ཟེ་འབྲུར་བདེ་བ་ཆེན་པོ་དང ། །འདབ་མར་ལྷ་མོ་བྲི་བར་བྱ། །རོལ་མོ་རྣམ་པ་སྣ་ཚོགས་རྣམས། །གསང་བའི་དཀྱིལ་འཁོར་བྲི་བར་བྱ། །ལྷ་མོ་རྡོ་རྗེ་ལྕགས་ཀྱུ་དང ། །རྡོ་རྗེ་ཞགས་པ་ལྕགས་སྒྲོག་དང ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །སྒོ་ཡི་སྐྱོང་བ་ཡང་དག་བྲི། །བྷ་གའི་དབུས་སུ་བསྒོམ་བྱ་ཞིང ། །ཕྱིས་ནི་བཟླས་པ་ཡང་དག་བརྩམས། །ཧཱུཾ་ནི་རྡོ་རྗེ་སེམས་དཔའ་ཡི། །ོཾ་ནི་དབྱངས་ཀྱི་དབྱེ་བ་ཉིད། །ཱ་ནི་ངག་དང་ཡང་དག་ལྡན། །ཤེལ་ནི་དག་པ་ལྟ་བུ་ཉིད། །ཧྲཱིཿ ་ནི་དེ་ལ་ཡང་དག་སྦྱར། །དེ་བཞིན་དུ་ཡང་སཝཱཧཱ་ཉིད། །སྔགས་
379b
ཀྱི་བཟླས་པར་ཡང་དག་གསུངས། །བསམ་གཏན་ཡི་གེ་གཅིག་པོ་ཉིད། །ལྷ་མོ་རྣམས་ཀྱི་ཧྲཱིཿ ་ཉིད་ནི། །འདབ་མ་རྣམས་ལ་དེ་ནས་དགོད། །མཆོད་པ་བཞི་ཡི་རང་བཞིན་གྱིས། །ས་བོན་བཞི་དང་ཡང་དག་ལྡན། །སྒོ་ཡི་སྐྱོང་བ་ཐམས་ཅད་དུ། །དང་པོ་དབྱངས་ཡིག་ལ་སོགས་ལྡན། །བྷ་ག་ཉིད་དུ་སྒྲུབ་པ་པོས། །དེ་ནས་རྡོ་རྗེ་གཞུག་པར་བྱ། །ཧྲཱིཿ ་ཡི་རྣམ་པ་ཉིད་དང་ཡང ། །དེ་ལ་ཧཱུཾ་ནི་བརྗོད་པར་བྱ། །ཟླ་མཚན་དུས་སུ་ཁྲག་བཅས་པའི། །ཁུ་བ་ཁ་ཡིས་བཟའ་བར་བྱ། །བདག་ཉིད་དང་ནི་བྷ་ག་ལ། །མེ་ཏོག་དྲི་ཡིས་མཆོད་པར་བྱ། །གལ་ཏེ་སྒྲུབ་པོ་སྒྲུབ་འདོད་ན། །དེ་ཉིད་ལ་ནི་བཟླས་པར་བྱ། །རྡོ་རྗེ་དྲག་མོ་དེ་བཞིན་གཅིག་།དེ་བཞིན་རྡོ་རྗེ་གཟུགས་བརྙན་ཉིད། །གསུམ་པ་རྡོ་རྗེ་འདོད་ཆགས་མ། །བཞི་པ་རྡོ་རྗེ་ཞི་བ་མ། །ལྔ་པ་རྡོ་རྗེ་གནོད་སྦྱིན་མ། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །བདུན་པ་སྒྲ་ཡི་རྡོ་རྗེ་མ། །དེ་བཞིན་བརྒྱད་པ་རྡོ་རྗེ་ས། །གཉིས་པ་ལས། །རབ་ཏུ་བྱེད་པ་གསུམ་པའོ།། །།འཁོར་ལོ་སྒྲུབ་པའི་ཁྱད་པར་གྱི། །རིམ་པ་ཇི་བཞིན་རྡོ་རྗེ་ཉོན། །ཞི་དང་རྒྱས་དང་དབང་དང་ནི། །སྲུང་དང་དེ་བཞིན་མངོན་སྤྱོད་ཉིན། །རེའུ་མིག་དགུ་སོགས་འཁོར་ལོ་ཡི། །ཕྱི་རོལ་མུ་ཁྱུད་ཉིད་དུ་བྱ། །འཁོར་ལོ་ལས་ཀྱི་ཁ་དོག་སོགས། །མཁས་པས་རྣམ་པར་བསྒོམ་པར་བྱ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ། འདི་ཡིས་
380a
༄#། །ས་བོན་ཐམས་ཅད་ཀྱི། །ཕྱག་འཚལ་སྲེག་བླུགས་ཐ་མ་ནི། །དབུས་སུ་མིང་ནི་སྦྱར་བར་བྱ། །སྲུང་བའི་ཚིག་ཀྱང་རྣམ་པར་བྱ། །མཉམ་ཉིད་ཡེ་ཤེས་སྟོང་པས་ནི། །བདག་ཉིད་ཀྱི་ནི་གཟུགས་སུ་བྱ། །མཉམ་ཉིད་ཐམས་ཅད་རིག་པའི་གནས། །སྲུང་བའི་འཁོར་ལོ་སྦྱར་བྱ་བ། །སྲུང་བ་ཡེ་ཤེས་ཅན་གྱིས་བསྒོམ། ། འཇིགས་པ་ཐམས་ཅད་རིང་དུ་བྱེད། །སེམས་ཅན་དངོས་པོ་མེད་ན་ནི། །རྣལ་འབྱོར་དངོས་པོ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །པདྨའི་གདན་ནི་བསམ་པར་བྱ། །དངོས་གྲུབ་ཐམས་ཅད་རབ་སྟེར་མར། །བདག་གི་ལུས་ནི་བསྒོམ་པར་བྱ། །ོཾ་ཏཱ་རེ་སཝཱཧཱ། མགོ་བོ་ལའོ། །ོཾ་ཏུ་རེ་སཝཱཧཱ། མིག་དག་ལའོ། །ོཾ་ཏཱ་རེ་སཝཱཧཱ།་སྣ་དག་ལའོ། །ོཾ་ཏུ་སཝཱཧཱ། རྣ་བ་དག་ལའོ། །ོཾ་རེ་སཝཱཧཱ། ལྕེ་ལའོ། །ོཾ་ཏཱ་རེ་ནི་སཝཱཧཱ། སྙིང་གར་རོ། །ཡན་ལག་དྲུག་ནི་རྟག་ཏུ་བཟུང ། །འཕགས་མ་སྒྲོལ་མ་བསམ་པར་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཀུན་ལ་སྐྱབས་སྦྱིན་ལག་པ་དང ། །གཡོན་པ་ཨུཏྤལ་ལྟ་བུ་མཆོག་།སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །ལྷ་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ོཾ་ཀུ་རུ་ཀུ་ལླེ་ཧྲཱིཿ སཝཱཧཱ། ལས་ཐམས་ཅད་པའི་སྔགས་སོ། །དགྲ་དང་རྒྱལ་པོས་
380b
བཅིངས་པ་དང ། །འགྲོ་བའི་ཤིན་ཏུ་འཇིགས་པའི་དུག་།ཡན་ལག་རིམས་ནི་སྣ་ཚོགས་དང ། །དུག་སོགས་དུས་མིན་འཆི་བ་ཡི། །འཇིགས་པའི་གནས་ནི་གང་གང་ལ། །དེ་དང་དེ་ལ་རབ་སྦྱར་བྱ། །ཤེས་རབ་ཆུང་བ་བློ་ལྡན་པར། །སྲུང་བ་བྲིས་ནས་བཟུང་བར་བྱ། །སྲུང་བ་བཟང་པོ་འདི་ཉིད་ནི། །འཇིགས་པ་ཐམས་ཅད་དུ་ནི་སྤངས། །སྲུང་བ་འདི་ནི་ཐམས་ཅད་ལས། །རྣལ་འབྱོར་དེ་ཉིད་གོང་ན་མེད། །ཟླ་བའི་འོད་ཟེར་ལྟ་བུ་ཡི། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །དེ་ཡི་དབུས་སུ་ཧྲཱིཿ ་ཉིད་ནི། །ཁ་དོག་དམར་པོ་ལྟ་བུའི་འོད།། དེ་ནས་བདག་ཉིད་བསྒོམ་པར་བྱ། །ཞལ་གཅིག་མ་ལ་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ུཏྤལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །འཁོར་ལོ་འདབ་མ་བརྒྱད་པ་འདི། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །མཉམ་ཉིད་གཟུགས་སུ་བསམས་ནས་ནི། །ཁམས་གསུམ་གྱི་ནི་རང་བཞིན་ལས། །སྔར་གསུངས་མཚན་ཉིད་ཡང་དག་ལྡན། །གོང་དུ་གསུངས་པས་བསྒྲུབ་པར་བྱ། །ཤེས་རབ་འབར་
381a
༄#། །བའི་ལས་རྣམས་ནི། །འདི་ཡི་འཁོར་ལོ་བསྒོམ་པར་བྱ། །ོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུཾ་སཝཱཧཱ། །དངོས་པོའི་ངོ་བོས་བསྒོམ་པར་བྱ། །འོད་ཟེར་འབར་བ་དུ་མ་ཡི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་བདག་ཉིད་རྣམ་པར་སྤྲུལ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ཁ་དོག་དཀར་མོ་འོད་གསལ་མ། །ཤེས་རབ་བདག་ཉིད་གཟུང་བར་བྱ། །འདི་ཡི་ས་བོན་བཟླས་ནས་ནི། །ཤེས་རབ་འདབ་མ་ལྟ་བུར་འཕེལ། །གུ་པའམ་བློ་ནི་དམན་པ་ཡི། །ཤེས་རབ་འཕེལ་བའི་རྣལ་འབྱོར་རོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་དེ་ལ་དགོད་པར་བྱ། །ཐོད་པའི་གདན་གྱི་དབུས་གནས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞི་བའི་འཁོར་ལོ་དྲིལ་བུ་འཛིན། །ཐོད་པ་དང་ནི་ཞགས་པ་ཉིད། །དེ་བཞིན་འབར་བའི་ཕྲེང་འཁྲུགས་པར། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །འདིས་ནི་རྣལ་འབྱོར་རིམ་པས་ནི། །རིན་ཆེན་འབྱུང་གནས་བསྒོམ་པར་བྱ། །བཙོ་མ་གསེར་གྱི་མདོག་ལྟ་བུ། །སྐུ་མདོག་སེར་པོ་གཟི་བརྗིད་ཆེ། །ཐོད་པའི་གདན་གྱི་དབུས་བཞུགས་པ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དཔའ་བོ་རིན་ཆེན་ལྕགས་ཀྱུ་འཛིན། །ཐོད་པ་དེ་བཞིན་ཞགས་པ་ཉིད། །འདིར་ནི་རྣལ་འབྱོར་རིམ་པས་ནི། །པདྨ་རྡོ་རྗེ་
381b
འཆང་བ་བསྒོམ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །པདྨ་རཱ་ག་ལྟ་བུའི་འོད། །དཔའ་བོ་མདའ་དང་གཞུ་འཛིན་ཅིང ། །ཐོད་པའི་གདན་ལ་ཡང་དག་བཞུགས། །པདྨ་ཞགས་པ་འཛིན་པ་ཉིད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །དོན་ཡོད་ཕྱག་ན་རལ་གྲི་འཛིན། །ཐོད་པའི་གདན་གྱི་དབུས་བཞུགས་པ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་རྡོ་རྗེ་དྲིལ་བུ་དང ། །ལྕགས་ཀྱུ་དང་ནི་གཡས་པས་འཕྱར། །བཻ་ཌཱུརྱ་ལྟར་ལྗང་གུ་སྟེ། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །ནམ་མཁའི་ཁམས་ཀྱི་དབུས་སོན་པར། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་ནང་སོན་ས་བོན་ནི། །བྲུཾ་ལས་སྤྱན་གྱི་དབྱིབས་སུ་ནི། །ཐོད་པའི་གདན་གྱི་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །འཁོར་ལོའི་ལག་པ་མདའ་དང་གཞུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཞགས་པ་རལ་གྲི་ཐོད་པ་ཉིད། །སྤྱན་གསུམ་པ་ལ་ཞལ་གཅིག་མ། ། རྒྱན་རྣམས་ཀུན་གྱིས་ཡང་དག་གང ། །དོ་ཤལ་དང་ནི་རྐང་གདུབ་རྒྱན། །ཁ་དོག་དཀར་མོ་ཤིན་ཏུ་མཛེས། །དེ་བཞིན་ཐོད་པའི་དབུ་རྒྱན་ཉིད། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་ཡོངས་གང་པ། །དེ་ཡི་ནང་སོན་བསམ་པར་བྱ། །ཧཱུཾ་ལས་མཱ་མ་ཀི་ཡི་དབྱིབས། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་སྔོན་
382a
༄#། །མོ་འབར་ཆེན་ནོ། །སྤྱན་གསུམ་པ་ལ་ཞལ་གཅིག་མ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མདའ་དང་གཞུ་ནི་འཛིན་པ་ཉིད། །ལྕགས་ཀྱུ་དང་ནི་རལ་གྲི་ཉིད། །ཞགས་པ་རྡོ་རྗེ་དེ་བཞིན་དུ། །དྲིལ་བུ་དང་ནི་ཐོད་པའོ། །འཁོར་ལོ་རིན་ཆེན་པདྨ་དང ། །ཁ་ཊྭཱཾ་གདང་བཅུ་གཉིས་ནི། །གསང་བའི་དཀྱིལ་འཁོར་བྲི་བར་བྱ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བྷ་གའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེར་ནི་ཧྲཱིཿ ་ནི་བསམ་བྱ་ཞིང ། །གོས་དཀར་ཞེས་བྱ་རྣམ་པར་སྒོམ། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་དམར་མོ་འབར་ཆེན་མོ། །རྒྱན་རྣམས་ཀུན་གྱིས་ཡོངས་གང་བ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །གཞུ་དང་མདའ་ནི་འཛིན་པ་དང ། །པདྨའི་ལག་པར་རལ་གྲི་དང ། །ཐོད་པ་རྡོ་རྗེ་དྲིལ་བུ་དང ། །ཞགས་པ་དེ་བཞིན་རིན་ཆེན་ཉིད། །དོ་ཤལ་དང་ནི་རྐང་གདུབ་སྒྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་པས་ནི་འདི་བསྒོམས་ན། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ནམ་མཁའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་ནང་སོང་ཏཱཾ་ཉིད་ནི། །སྒྲོལ་མའི་དབྱིབས་སུ་བསམ་པར་བྱ། །ཐོད་པའི་གདན་གྱི་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །རལ་གྲི་ཕྱག་ན་
382b
ཆགས་བཅས་མ། །ུཏྤལ་དེ་བཞིན་ལྕགས་ཀྱུ་དང ། །ཐོད་པ་ཁྲག་གིས་གང་བ་དང ། །ཞགས་པ་དེ་བཞིན་འཁོར་ལོ་དང ། །གཞུ་དང་མདའ་ནི་འཛིན་པ་ཉིད། །ཞལ་གཅིག་མ་ནི་ཡང་དག་བྲི། །ཁ་དོག་ལྗང་གུ་སྤྱན་གསུམ་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ལྟར་རྣལ་འབྱོར་པས་བསྒོམས་པས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ལས། བརྟག་པའི་རྒྱལ་པོ་གཉིས་པའོ།། །།ཧེ་རུ་ཀ་དང་བདག་མེད་མའི། །བསྐྱེད་པའི་སྒྲུབ་དང་དེ་ཉིད་ཉོན། །གང་གིས་གདུག་པ་དྲག་པོ་ཡི། །སེམས་ཅན་འདུལ་བར་འགྱུར་བ་ཡི། །མཁའ་འགྲོ་མཁའ་འགྲོ་མས་མཛད་པའི། །དེ་དག་ཐམས་ཅད་ཁྱོད་ལ་བཤད། །རྡོ་རྗེ་སེམས་དཔའ་གྱུར་ནས་ཀྱང ། །རྡོ་རྗེ་ཅན་ཉིད་རྡོ་རྗེར་དབབ། །འབར་བའི་ཕྲེང་འཁྲུགས་དྲག་པོ་ནི། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ས་བོན་ཕྲེང་བ་དེ་ནས་དགོད། །དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་རིག་མ་བསྐུལ་བར་བྱ། །རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག་།པུ་ཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམས་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་
383a
༄#། །བཞེངས་ཤིག་།སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱི། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག་།གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག་།ཾ་དང་ཧཱུཾ་ལས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་རྡེབས་པ་དང ། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། །འདི་ཡི་ས་བོན་དབྱུང་བར་བྱ། །བདག་པོ་དགའ་མའི་ས་བོན་ལས། །ཾ་ཧཱུཾ་སྔོན་པོ་འབར་བཙིགས་པས། །མ་མོའི་འཁོར་ལོ་གྲོང་ཉམས་དགར། །གཙོ་བོ་འདི་ལྟར་བསྒོམ་པར་བྱ། །ཞལ་བརྒྱད་བ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་ཉིད། །འཇིགས་པ་ཡང་ནི་འཇིགས་པ་པོ། །སྒེག་ཅིང་དཔའ་བོ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང ། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །མགོ་ཡི་ཕྲེང་བས་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཁ་དོག་གནག་པ་འཇིགས་པ་པོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་
383b
ཞལ་ནས་ཧཱུཾ་སྤྲོ་ཞིང ། །ཐལ་བས་སྐུ་ལ་བྱུགས་པ་ཉིད། །བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང ། །དགའ་བ་གཉེས་གཉིས་སྙོམས་འཇུག་པས། །དབའ་རླབས་མེད་པའི་རང་བཞིན་ཅན། །རྩ་བའི་ཞལ་ནི་བཞད་ཅིང་གནག་།གཡས་པའི་ཞལ་ནི་ཀུན་ད་མཚུངས། །གཡོན་པ་དམར་ཞལ་ཆེར་འཇིགས་པ། །སྟེང་མའི་ཞལ་ནི་རྣམ་པར་གཙིགས། །སྤྱན་ནི་ཉི་ཤུ་རྩ་བཞི་ཆེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །རྡོ་རྗེ་རལ་གྲི་འཛིན་པ་དང ། །མདའ་དང་དེ་བཞིན་འཁོར་ལོ་ཉིད། །དེ་བཞིན་གཤོར་དང་དབྱིག་པ་དང ། །རྩེ་གསུམ་པ་དང་ལྕགས་ཀྱུ་ཉིད། །གཡོན་པར་དྲིལ་བུ་པདྨར་བཅས། །གཞུ་དང་ཁ་ཊྭཱཾ་ག་འཕྱར་ཞིང ། །ཐོད་པ་དང་ནི་རིན་ཆེན་ཉིད། །བསྡིགས་མཛུབ་ཞགས་པ་དེ་བཞིན་ནོ། །སངས་རྒྱས་སྤྲིན་གྱི་འོད་ཟེར་ལྡན། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས། །དཀར་མོ་ལ་སོགས་དེ་རྣམས་དགོད། །དཀར་མོ་ཁ་དོག་དཀར་མོ་སྟེ། །གཞུ་དང་མདའ་ནི་འགེངས་མ་མཆོག་།ཐོད་པ་ཁྲག་གིས་བཀང་བ་དང ། །དེ་བཞིན་རྡོ་རྗེ་གྲི་གུག་ཉིད། །ཆོམ་རྐུན་མ་ནི་ཁ་དོག་དམར། །འཁོར་ལོ་ལྕགས་ཀྱུ་འཛིན་མར་བརྗོད། །ཐོད་པ་དང་ནི་ཅང་ཏེའུ་ཉིད། །གསལ་བའི་གཟུགས་ཅན་དགོད་པར་བྱ། །རྨོངས་བྱེད་མ་ནི་སྐུ་མདོག་གནག་།དེ་བཞིན་ཐོད་པ་དང་ནི་གཤོར། །ས་ལ་ཟློག་པ་ཉིད་དང་ནི། །གཡས་པ་རྩེ་གསུམ་འཕྱང་
384a
༄#། །བའོ། །རོ་ལངས་མ་ནི་དཀར་སེར་མཚུངས། །ཕྱག་དག་ན་ནི་ཆང་དང་ཆུ། །རལ་གྲི་དང་ནི་ཐོད་པ་ཉིད། །མཛེས་མའི་གཟུགས་ཅན་བསྒོམ་པར་བྱ། ། པུཀྐ་སཱི་ནི་ཁ་དོག་སེར། །དཔག་བསམ་ཤིང་གི་ལྕུག་མ་དང ། །ཤ་ཡིས་གང་བའི་ཐོད་པ་དང ། །རིན་ཆེན་དང་ནི་མཆོད་སྦྱིན་ཉིད། །གདོལ་པ་མོ་ནི་སྔོ་མདོག་མ་ཚུངས། །དེ་བཞིན་རླུང་གི་གོས་འཛིན་མ། །གཞན་པ་དག་གིས་ཐོད་པ་དང ། །དེ་བཞིན་པདྨ་དཀར་པོ་ཉིད། །གཡུང་མོ་སྔོ་དང་དཀར་བའི་མདོག་།རྡོ་རྗེ་དང་ནི་ལྕགས་ཀྱུ་འཛིན། །གཡོན་པས་ཐོད་པ་འཛིན་པ་སྟེ། །གཞན་པས་རླུང་གི་གོས་འཛིན་མ། །གྷསྨ་རཱི་ནི་ལྗང་སེར་མཚུངས། །རྡོ་རྗེ་མེ་ཐབ་དགྲ་སྟའི་ལག་།ཐོད་པ་ཚིལ་བུས་ཡོངས་གང་བའི། །གཡས་པ་མི་འཇིགས་སྦྱིན་བྱེད་མ། །རི་ཁྲོད་མ་ནི་དཀར་མདོག་མཚུངས། །ཁ་ཊྭཱཾ་ག་དང་ཐོད་པའི་ལག་།རྡོ་རྗེ་དེ་བཞིན་ཞགས་པ་ཉིད། །སྣ་ཚོགས་གཟུགས་ཅན་བསྒོམ་པར་བྱ། །རོ་ཧི་ཏ་དང་ཕག་ཉིད་དང ། །རུས་སྦལ་དེ་བཞིན་ལྟོ་འཕྱེ་ཉིད། །སེང་གེ་དེ་བཞིན་སྟག་ཉིད་དང ། །ཝ་དང་དགེ་སློང་ཉིད་རྣམས་དང ། །དེ་ལྟར་དཀར་མོ་ལ་སོགས་པའི།། ཐོད་པ་བརྒྱད་དུ་ཆོ་ག་བཞིན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སྒེག་པ་ལ་སོགས་རོ་ངང་ལྡན། །རྟ་ཡི་གཟུགས་དང་ཕག་གི་གདོང ། །ཁྱི་གདོང་དེ་བཞིན་སེང་གེ་མ།།
384b
ཞལ་བཞི་པ་ལ་ཕྱག་བཞི་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གླིང་བུ་དང་ནི་པི་ཝང་དང ། །མུ་ཀུན་ད་དང་རྫ་རྔ་སྟེ། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནག་མོ་དཀར་སེར་ལྟ་བུ་དང ། །དེ་བཞིན་སྟེང་དུ་རྟ་གདོང་ལྗང ། །སེར་མོ་ནག་མོ་དཀར་མ་ཚུངས་དང ། །དེ་བཞིན་སྟེང་དུ་ཕག་གདོང་དམར། །དམར་ཞིང་གནག་དང་དཀར་མཚུངས་ཤིང ། །དེ་བཞིན་སྟེང་དུ་ཁྱི་གདོང་སེར། །ལྗང་དང་གནག་དང་དཀར་བའི་གདོང ། །སྟེང་དུ་འབར་བའི་སེང་གེ་གདོང ། །ཐམས་ཅད་སྐྲ་ནི་སྟེང་དུ་འབར། །གཡོན་བརྐྱང་བ་ཡིས་རོ་མནན་ཅིང ། །སྤྱན་གསུམ་ཁྲོ་ཞིང་སྒེག་པ་དང ། །རྒོད་པའི་བཞིན་ནི་བསྒོམ་པར་བྱ། །ཧེ་རུ་ཀ་བསྐྱེད་པ་གསུམ་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་ནི། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །གཉིས་མེད་ཡེ་ཤེས་ཆོས་ལྡན་པའི། །གཉིས་ཀྱི་དངོས་པོ་སྤངས་པ་ཡིས། །རྣལ་འབྱོར་ཀུན་སོགས་དང་པོར་ནི། །དག་པ་གསུམ་ནི་གདོན་པར་བྱ། །སཝ་བྷཱ་བ་ཤུད་དྷཱཿ ་སརྦ་དྷརྨཱ་སཝ་བྷཱ་བ་ཤུད་དྷོ་ཉཧཾ། བཛྲ་ཤུད་དྷཱཿ ་སརྦ་དྷརྨཱ་བཛྲ་ཤུད་ ། །ཡོ་ག་ཤུད་དྷཱཿ ་སརྦ་དྷ་རྨཱ་ཡོ་ག་ཤུད་དྷོ་ཧཾ། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ན་བསམ་གཏན་དེ་ཉིད་བྱ། །ཡིད་དང་རྗེས་མཐུན་གནས་རྣམས་སུ། །དེ་ནས་བསམ་གཏན་བརྩམ་པར་བྱ།།
385a
༄#། །བླ་རེ་ཡང་ནི་བྲེ་བ་ཉིད། །སྣ་ཚོགས་གོས་ནི་འཕྱང་བ་དང ། །འཕན་དང་རྒྱལ་མཚན་སྒྲེང་བ་དང ། །ཕྱོགས་བཅུའི་གནས་ནི་ཐམས་ཅད་དུ། །དྲི་ཞིམ་མེ་ཏོག་སྣ་ཚོགས་དང ། །དེ་བཞིན་དྲི་ཡི་དཀྱིལ་འཁོར་དུ། །སྐད་ཅིག་གཅིག་པའི་རྣལ་འབྱོར་གྱིས། །བདག་གི་ལུས་ནི་བསམ་པར་བྱ། །བློ་གྲོས་ལྡན་པས་སྔར་མཆོད་ནས། །ཡེ་ཤེས་མཁའ་འགྲོ་མ་ནི་གཟུང ། །དེ་ལྟར་ཆོ་ག་སྣ་ཚོགས་ནི། །ངེས་པར་བསྒོམ་པ་ཉིད་དུ་བྱ། །ཡེ་ཤེས་རྒྱ་མཚོ་རི་བོའི་མགོར། །ཕྱོགས་སོགས་ཁ་དོག་བཞི་ནི་བསམ། །དེ་བཞིན་གསེར་གྱི་རྒྱན་བྱུང་དང ། །རིན་ཆེན་བདུན་གྱིས་རྣམ་པར་སྤྲས། །གཡེར་ཀ་འབར་བའི་ཕྲེང་བ་ནི། །འདོད་པས་ཀུན་ཏུ་རྒྱས་པར་ནི། །གནས་ནི་ལྔ་ར་སེང་གེ་ཡི། །གདན་ནི་བསྒོམ་པ་ཉིད་དུ་བྱ། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །གདུགས་ནི་དཀར་པོས་རྣམ་པར་སྤྲས། །བདག་གིས་དབུགས་ཀྱིས་ཕྱུང་ནས་ནི། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །ཞལ་གསུམ་མ་ལ་ཕྱག་དྲུག་ཉིད། །སེམས་དཔའི་སྐྱིལ་མོ་ཀྲུང་གི་གནས། །མ་བཅིངས་སྐྲ་ཡི་མཛེས་པ་དང ། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་དོག་སྔོན་མོ་འཇིགས་ཆེན་མོ། །སྤྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །རྒོད་དང་ཁྲོ་བ་སྒེག་པ་དང ། །སྤྱན་གསུམ་གསལ་བའི་གཟུགས་
385b
ཅན་མ། །སྒྲ་ཆེར་དགོད་དང་འཇིགས་པ་མོ། །གོས་ནི་དམར་པོས་ཤིན་ཏུ་མཛེས། །སྟེང་དུ་ཁ་ཊྭཱཾ་གཉིད་དང ། །གཉིས་པ་ལ་ནི་དགྲ་སྟ་ཉིད། །གསུམ་པ་ལ་ནི་རྡོ་རྗེ་ཉིད། །གཡོན་ན་དེ་བཞིན་དྲིལ་བུའི་སྒྲ། །གཉིས་པ་ལ་ནི་ལྷུང་བཟེད་ཉིད། །གསུམ་པར་དེ་བཞིན་རལ་གྲི་འཛིན། །འོད་ཟེར་འབར་བ་དུ་མ་དང ། །དབུས་སུ་མཁས་པས་བསྒོམ་པར་བྱ། ། ཡེ་ཤེས་མཁའ་འགྲོའི་མདུན་དུ་ནི། །བདག་གི་དབུགས་ཀྱིས་ཕྱུང་ནས་ནི། ཁ་དོག་དཀར་མོ་ཤིན་ཏུ་མཛེས། །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང། །སྒེག་པའི་རོ་དང་ལྡན་པ་དང ། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཕྱག་གཉིས་ཀྱིས་ནི་རྣམ་པར་སྤྲས། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག་།རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །ཡེ་ཤེས་བྱང་གི་ཆ་ལ་ནི། །བདག་གི་དབུགས་ལས་ཕྱུང་ནས་ནི། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །བཙོ་མ་གསེར་གྱི་མདོག་ལྟ་བུ། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག་།མ་བཅིངས་སྐྲ་ཡིས་རྣམ་པར་བརྒྱན། །ཡན་ལག་སྦྲུལ་གྱིས་བརྒྱན་དང་ནི། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །འཇིགས་པའི་མཁའ་འགྲོ་ཞེས་བྱ་བསྒོམ། །ཡེ་ཤེས་ནུབ་ཀྱི་ཆ་ལ་ནི། །ཡང་ནི་རོ་ལངས་མ་བྱུང་ནས། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། ཁ་དོག་སྔོན་མོ་ཤིན་ཏུ་མཛེས། །རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག་།མ་བཅིངས་པ་ཡི་སྐྲ་
386a
༄#། །ཡིས་བརྒྱན། །ལུས་ལ་སྦྲུལ་གྱིས་བརྒྱན་པ་དང ། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཡེ་ཤེས་ལྷོ་ཡི་ཆ་ལ་ནི། །གདོལ་པ་མོ་ནི་དམར་མོ་ལྟར། ། རྣལ་འབྱོར་ལྷུང་བཟེད་ཁ་ཊྭཱཾ་ག་།མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཡོངས་གང་གཟུགས་དང་གཟི་བརྗིད་ལྡན། །འདི་ནི་རྣལ་འབྱོར་པ་ཡིས་བསྒོམ། །དབང་ལྡན་ལྷ་མོ་སེང་གེ་མ། །གདོང་ནི་སེང་གེར་བསམ་པར་བྱ། །དཀར་དང་སེར་བ་ལྟ་བུར་ནི། །ཀླུ་དབང་སྟན་ལ་གཡས་བརྐྱང་གནས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ཞགས། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་འབར་བར་བསྒོམ་པར་བྱ། །མེར་ནི་སྟག་མོ་ཞེས་བྱ་བ། །རིན་ཆེན་བདུན་པོ་མཆོག་གི་གདན། །ཕྱག་གཉིས་སྔོ་དང་དཀར་བ་མཚུངས། །གོས་དང་རྒྱན་གྱིས་བརྒྱན་པ་དང ། །འབར་བའི་རྡོ་རྗེ་ལྕགས་ཀྱུ་དང ། །དེ་བཞིན་སྡིགས་མཛུབ་ཞགས་པ་ཉིད། །འོད་ཟེར་འབར་བ་དུ་མས་ནི། །ལུས་ནི་འབར་བར་བསྒོམ་པར་བྱ། །བདེན་བྲལ་ལྷ་མོ་ཝ་གདོང་མ། །སྒྲ་ཆེར་དགོད་དང་འཇིགས་པ་མོ། །མ་ཧེའི་གདན་དང་ཡང་དག་ལྡན། །དམར་ཞིང་གནག་པའི་ཁ་དོག་མ། །ལུས་ལ་ཤིན་ཏུ་མཛེས་གོས་དང ། །ཕྱག་གཉིས་ཀྱིས་ནི་རྣམ་པར་སྤྲས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་
386b
མ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པའོ། །རླུང་དུ་ལྷ་མོ་འུག་པ་མ། །སེར་དང་དམར་བའི་ཁ་དོག་མ། །ཀླུ་ཡི་གདན་ལ་གནས་པ་དང ། །དེ་ཉིད་རྒྱན་ནི་རབ་ཏུ་བརྟག་།ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་གནས། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མ། །འོད་ཟེར་འབར་བ་དུ་མ་ཡིས། །ཐམས་ཅད་ཀྱི་ནི་ཐམས་ཅད་འབར། །མཁའ་འགྲོ་མ་བརྒྱད་དབུས་སུ་སྟེ། ། ཕྱི་རོལ་ཏུ་ནི་བཞི་པོ་རྣམས། །དེ་ལྟར་དགོད་པའི་རིམ་བལྟས་ནས། །ཕྱི་ནས་གནས་ནི་རབ་ཏུ་བརྟག། ཤར་དུ་མཁའ་འགྲོའི་རྒྱལ་དབང་མོ། །ཕྱག་གཉིས་དང་ནི་མདོག་དཀར་མོ། །ཡི་དྭགས་གདན་ལ་གནས་པ་དང ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང ། །སྐྲ་ནི་གྲོལ་ཞིང་དྲག་མོ་དང ། །མེ་ནི་འབར་བའི་འོད་ལྟ་བུ། །ཁར་ནི་ལག་པ་བཅུག་ནས་ནི། །སྒྲ་ཆེར་དགོད་དང་དེ་བཞིན་འབར། །བྱང་དུ་མར་མེ་རྒྱལ་མོ་དབང ། །ཁ་དོག་གསེར་མདོག་དྲག་ཤུལ་མ། །འཇིགས་པའི་གཟུགས་ཅན་གཙིགས་པ་ཅན། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །རབ་ཏུ་སོང་བའི་སྟན་ལ་གནས། །འབར་བའི་མེ་ནི་ལྟ་བུའི་འོད། །ཐལ་མོ་གཉིས་ཀྱི་ལག་པ་ནི། །མགོ་བོའི་སྟེང་དུ་མར་མེ་བཞིན། །ནུབ་ཏུ་ལྷ་མོ་འཇིབ་བྱེད་མ། ། ཁ་དོག་དམར་མོ་འཇིགས་པ་མོ། །རབ་ཏུ་སོང་བའི་སྟན་ལ་གནས། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །ཁྲག་གི་སྲད་བུ་ལག་པ་ཡི། །སྙིམ་པར་ཁྲག་ནི་འཐུང་བར་
387a
༄#། །བྱེད། །མེ་ནི་འབར་བའི་འོད་དྲག་མོ། །ལྷ་མོ་གཙོ་མོ་འཇིགས་བྱེད་མ། །ལྷོ་རུ་གཡོ་ལྡན་མ་ཞེས་པ། །ཁ་དོག་གནག་མོ་ལྟ་བུའི་འོད། །རབ་ཏུ་སོང་བའི་སྟན་ལ་གནས། །མ་བཅིངས་པ་ཡི་སྐྲ་ཡིས་བརྒྱན། །གོས་ནི་དམར་པོ་ཤིན་ཏུ་མཛེས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་དང ། །སྡིགས་མཛུབ་དང་ནི་གཏུན་ཤིང་ལག། ཐམས་ཅད་སེམས་ནི་རྨོངས་པར་བྱེད། །འབར་བའི་མེ་ཡི་འོད་དྲག་མོ། །ཐམས་ཅད་རིག་པས་ཐམས་ཅད་བསྒོམ། །འདི་རྣམས་གཟུགས་སོགས་མདུན་དུ་ནི། །དམ་ཚིག་དེ་བཞིན་བསྟན་པར་བྱ། །རླུང་དང་མེ་ཡིས་བདུན་པའི་དོན། །རྡོ་རྗེའི་ས་བོན་གྱིས་ནི་བསྐུལ། །ཐིག་ལེ་སྒྲས་ནི་མནན་པས་ནི། །རྒྱུན་གྱི་ཆར་ནི་ཞེས་བྱར་གསུངས། །གསུམ་པ་ལས། རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་བདག་མེད་སྒྲུབ་པ་ནི། །ཅི་གསུངས་མདོ་རུ་བསྡུས་ནས་བཤད། །ནམ་མཁའི་ཁམས་ཀྱི་དབུས་སོན་པར། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། །གོ་རིམ་བཞིན་དུ་བྱིན་ཟ་དང ། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང ། །ཇི་ལྟར་སྒོམ་པ་པོ་འབྱུང་བའི། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །འཕར་མ་གཉིས་དག་སྐྱོན་མེད་པ། །ཟེ་འབྲུ་
387b
ལས་ནི་གཅིག་ཡིན་ཏེ། །རྡོ་རྗེ་ཅན་གྱི་སྐུ་གསུམ་མཆོག་།བཅོ་ལྔའི་གདན་དང་ལྡན་པ་ཡི། །རོ་ནི་ངེས་པར་བསམ་པར་བྱ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་གཉིས་འདུས་པས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །གཟུགས་བརྙན་རྫོགས་པ་དག་པའོ། །མཁས་པས་ཆོ་ག་གསུངས་པས་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པར་འདོད་མི་བྱ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་བདག་པོ་བསྒོམ་པར་བྱ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེས་ནོར་བུའི་འོད། །ཐབས་དང་ཤེས་རབ་རང་བཞིན་ལས། །དེ་ལྟར་ཐམས་ཅད་རྫོགས་པ་ཉིད། །ཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཟླ་བ་ཉི་མའི་རབ་དབྱེ་བས། །གང་ཕྱིར་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བས་སོ་སོ་ཡིན། །དེ་ཕྱིར་ཀུན་ཏུ་རབ་འབད་
388a
༄#། །པས། །དཀྱིལ་འཁོར་པ་ཡང་རབ་ཏུ་བརྟག་།རྣལ་འབྱོར་མ་ལྔ་འདི་དག་ནི། །ནང་གི་འབར་མ་ཡང་དག་གནས། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། ། རྣལ་འབྱོར་རིག་པས་རྟག་ཏུ་སྒོམ། །དབང་པོར་རྡོ་རྗེ་གཤིན་རྗེར་དཀར། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། ། ཕྱི་རོལ་འཕར་མ་དཀར་མོ་དང ། །ཆོམ་རྐུན་དེ་བཞིན་རོ་ལངས་མ། །གྷསྨ་རཱེ་དང་པུཀྐ་སཱི། །རི་ཁྲོད་མ་དང་གདོལ་པ་མོ། །བརྒྱད་པ་གཡུང་མོས་གང་བའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་ས་སྤྱོད་མ་ཞེས་བརྗོད། །སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་གྱུར་མ་ཡང་དག་གནས། །ལྷ་མོ་ཐམས་ཅད་སྣ་ཚོགས་མདོག། དྲན་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་མ་ལ་ཕྱག་བཞི་མ། །སྤྱན་གསུམ་གསལ་བའི་གཟུགས་ཅན་མ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང ། །ལག་པར་གདུ་བུ་སྐྲ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པར་གསུངས། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །གཡོན་པས་རྣལ་འབྱོར་ལྷུང་བཟེད་དང ། །དེ་བཞིན་སྟེང་དུ་ཁ་ཊྭཱཾ་ག་།གཡས་ན་རྡོ་རྗེ་སྔོན་པོ་དང ། །དེ་བཞིན་དུ་ཡང་གྲི་གུག་ཉིད། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །སྤྱན་དམར་
388b
དེ་བཞིན་སྟེང་སྐྱེས་སེར། །ཁ་དོག་སྔོན་མོ་ཆས་གསལ་མ། །སྟག་གི་པགས་པས་རྣམ་དཀྲིས་ཤིང ། །འཇིགས་པའི་མེ་ནི་ལྟ་བུར་ནི། །གསལ་བའི་གཟུགས་ཅན་མ་དེ་གནས། ། གཡས་ན་དཀར་དང་སྔོ་བ་སྟེ། །གཡོན་ན་མ་རྒད་སྔོ་དང་མཚུངས། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལག་པ་གཅིག་ན་ཐོད་པས་བྲེལ། །གཡས་ན་གྲི་གུག་འཛིན་པ་མ། །རྒོད་དང་ཁྲོ་དང་སྒེག་པ་དང ། །དེ་ནི་མཆོད་པའི་གཟུགས་གནས་པས། །སངས་རྒྱས་སྤྲིན་དང་མཉམ་པ་ཡི། །འོད་ཟེར་སྣ་ཚོགས་ཀུན་ཏུ་སྤྲོ། །དེ་ཉིད་གསུམ་གྱི་རང་བཞིན་བདག་།མཁས་པས་དབུས་སུ་བསྒོམ་པར་བྱ། །གསུམ་པ་ལས། རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་པར་བྱ། །རྡོ་རྗེ་དབྱིངས་དང་མཉམ་པའི་དབྱིབས། །རྡོ་རྗེ་དབྱིངས་ཞེས་བྱ་བར་གསུངས། །དཀྱིལ་འཁོར་གནས་ནི་སྦྱངས་ནས་ནི། །ཕྱག་རྒྱ་ཆེན་པོར་ཡོངས་སུ་གཟུང ། །ཐམས་ཅད་རྣམ་པར་བལྟས་ནས་ནི། །སྔགས་པས་འདི་ནི་བསྒྲུབ་པར་བྱ། །སར་པ་ལེགས་པར་བཀལ་པ་དང ། །ཤིན་ཏུ་ཚད་མ་མཛེས་པས་ནི། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །ཇི་ལྟར་ནུབ་པར་དཀྱིལ་འཁོར་ཉིད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམས་ཀྱིས་ཤིན་ཏུ་མཛེས། །ཐིག་བཞི་དང་ནི་ཡང་དག་
389a
༄#། །ལྡན། །གོས་དང་མེ་ཏོག་ཕྲེང་བས་བརྒྱན། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དང ། །སྒོ་ཡི་ཁྱུད་ཀྱི་གྲཝ་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་འཁོར་ལོ་སོ་སོའི་སྐབས། །ནང་དུ་ཡང་ནི་ཞུགས་ནས་ནི། །རྡོ་རྗེ་ཐིག་ནི་ཡོངས་བཅུག་ཅིང ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་པའི་ནང་ལེགས་སུ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །དེ་ནས་དཀྱིལ་འཁོར་ནང་དུ་ནི། །སངས་རྒྱས་གཟུགས་བརྙན་རྣམ་པར་དགོད། །གསུངས་པའི་དཀྱིལ་འཁོར་ཆོ་ག་ཡི། །སྒྲུབ་པའང་ཁྱོད་ལ་བཤད་པར་བྱ། །དེ་ལ་དང་པོར་ལྷ་ཉིད་ཀྱི། །ཁྱིམ་དུ་སྔགས་པ་ཞུགས་ནས་ནི། ། ལས་ཟླ་བའི་དཀྱིལ་འཁོར་ནི། །བསམས་ནས་དེ་སྟེང་རྡོ་རྗེ་ནི། །དཀར་པོ་རྩེ་མོ་ལྔ་པ་ཉིད། །ཆོ་གས་བསམ་པར་བྱས་ནས་ནི། །དེ་བཞིན་གཤེགས་པ་ཀུན་སོགས་ལ། །མཆོད་ནས་ཕྱགས་འཚལ་འདི་སྐད་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་ནི་ཆེ་གེ་མོ་ཞེས་བགྱི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་མཆོག་།དམ་པ་བདག་གིས་བསྐྱེད་པར་བགྱི། །དགེ་བའི་ཆོས་ནི་སྡུད་པ་དང ། །
389b
སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང ། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །སོ་སོར་བདག་གིས་བརྟན་པར་གཟུང ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །དེ་ཉིད་ལས་ནི་སོ་སོར་གཟུང། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་དྲུག་བྱས་ནས། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། ། བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་གཟུང ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཐམས་ཅད་སོ་སོར་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་སྒྲོལ་བར་བགྱི། །དབུགས་མ་ཕྱིན་བ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་གཞག་།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་རྩེ་མོ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཚིག་
390a
༄#། །འདི་དག་བཀའ་སྩལ་པ། །དེ་ནས་བསམ་གཏན་གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པར། །ཡང་དག་རྗེས་སུ་བལྟ་བར་བྱ། །ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བརྟགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཆོས་ཀུན་རང་བཞིན་འོད་གསལ་བ། །ཆོས་ཀུན་དང་པོར་མ་སྐྱེས་ཕྱིར། །ཡིད་ཀྱིས་ཨ་ནུཏྤ་ནྣ་བརྗོད། །དེ་ནས་རང་སེམས་དེ་ཉིད་འདིས། །རང་བཞིན་གྱིས་ནི་འོད་གསལ་བ། །འདོད་པའི་སྔགས་ཀྱི་བཟླས་པས་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བལྟ། །ོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། །ཚོགས་ཀྱི་དཀྱིལ་འཁོར་ཆེ་དག་པ། །ནམ་མཁའ་ལྟ་བུར་དྲི་མ་མེད། །ཡིད་གཉིས་ཀུན་ལས་རྣམ་པར་གྲོལ། །མཆོག་ཏུ་རྣམ་པར་རྟོག་པ་འཇོམས། །ཉོན་མོངས་དྲི་མ་ཐམས་ཅད་དག་།དང་པོ་ཟླ་བ་ལྟར་བལྟས་ནས། །སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། ། སོགས་གཟུགས་ཀྱིས་འཇུག་པར་འགྱུར། ། ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ། བཅོམ་ལྡན་ཟླ་བའི་དཀྱིལ་འཁོར་གྱི། །ཡོན་ཏན་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གྲུ་གསུམ་རྒྱ་ཆེར་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ནི་ཨ་སོགས་གཟུགས་
390b
ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འཇུག་།ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །སེམས་ནི་རང་བཞིན་འོད་གསལ་བས། །དེ་ཉིད་དགའ་བར་བྱེད་པའི་རྒྱུ། །སྔགས་པས་འདི་ཡི་སྔགས་ཀྱིས་ནི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱེད། །ོཾ་བོ་དྷི་ཙིཏྟ་ཨུཏྤ་ད་ཡཱ་མི། །བྱས་པའི་རྗེས་སུ་རིམ་འབྱུང་བ། །སེམས་ཅན་རྗེས་སུ་འཛིན་པའོ། །དགེ་བའི་ཆོས་ཀྱིས་ཡང་དག་དང ། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདིར་ཡང་སྐར་མའི་རྣམ་པས་ནི། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །གཟུགས་ཀྱི་གཟུགས་བརྙན་ལྟ་བུ་ཡི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ། ཊ་ཊྷ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་ཡི་དཀྱིལ་འཁོར་ཆོ་ག་ཀུན། །རྒྱུད་ནི་གཞན་དུ་མ་གསུངས་སོ། །དེ་ལ་དབུས་སུ་རྩེ་ལྔ་པ། །འོད་ཟེར་དཀར་པོ་བཅས་པ་ཉིད། །ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ། །བརྟན་པར་བྱེད་པའི་རྒྱུ་ཡི་ཕྱིར། །བདག་ཉིད་རྡོ་རྗེའི་གཟུགས་བརྙན་དུ། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ོཾ་ཏཥྛི་བཛྲ། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་འདི། །ཡེ་ཤེས་དག་པ་ཟག་པ་མེད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ནམ་མཁའི་ཁམ་
391a
༄#། །ནི་ཐམས་ཅད་ཀྱི། །ཚད་དུ་ཡང་དག་གང་བ་ཡི། །རྡོ་རྗེའི་ལུས་ཀྱི་བདག་ཉིད་དུ། །སྔགས་པས་བསྒོམ་པར་བྱ་བའོ། །འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས་སྒྲོ་\?\་བ་དང་ནི་བསྡུ་བར་བྱ། །ོཾ་བྫྲ་ཨཱཏྨ་ཀོཉཧཾ། སངས་རྒྱས་ཀུན་གྱི་སྐུ་གང་ནི། སྣང་བ་མེད་ཅིང་གནས་པ་མེད། །མ་སྐྱེས་མ་བྱས་དག་པ་ཉིད། །དངོས་པོ་མེད་པ་ལ་སོགས་སྤངས། །བཅད་མེད་དབྱེར་མེད་གཟུང་དུ་མེད། །ཆོས་ཀྱི་སྐུ་ནི་གཟུགས་མེད་པ། །རྡོ་རྗེ་བདག་མེད་ཡང་དག་གྱུར། །རྡོ་རྗེའི་སྐུ་ནི་གོང་ན་མེད། །དེ་ལྟར་ཡང་རྡོ་རྗེས་མཚན་པ་བསྒོམ་པར་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཉོན་ཅིག་།ཡང་ནི་རྡོ་རྗེ་སེམས་དཔའ་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་རྣམས་ཀྱི་གཟུགས་བརྟན་ནི། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱསྟ་ཐཱ་ཧཾ། །སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་དེ་ཉིད་རྟོགས་པ་ནི། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་གྱི་བདག་ཉིད་དགེ་།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གསང་བའི་རྡོ་རྗེ་དང ། པདྨའི་རིགས་ཀྱི་མིང་ཅི་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྡོ་རྗེ་དེ་བཞིན་གཤེགས་བ་ཀུན་
391b
ལ་གནས། །པདྨའི་རིགས་ནི་ལྷ་མོ་ཆེན་པོ་ལྡན། །དེ་ཡི་རྡོ་རྗེ་པདྨའི་སྟེང་དུ་གནས། །དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དོན། །དེ་ནས་དེ་ལྟར་བདག་ཉིད་རྣམ་པར་སྣང་མཛད་དུ་བསྐྱེད་ནས་སྟེང་དང ། འོག་ཏུ་སྔགས་ཀྱི་ཡི་གེ་བཀོད། ཆོ་ག་བཞིན་དུ་རི་རབ་དང ། གྲུ་གསུམ་རྒྱ་ཆེན་པོ་བསྐྱེད་པར་བྱ་སྟེ། འོད་ཟེར་སྣ་ཚོགས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ལས་ཡང་དག་པར་བྱུང་བའི་མཛེས་པའི་གནས་བསྒོམས་ནས། དེར་པཾ་ལས་བྱུང་བའི་སྣ་ཚོགས་པདྨར་ཉི་མའི་དཀྱིལ་འཁོར་རོ། །རླུང་དང ། །མེའི་དཀྱིལ་འཁོར་དང་ལྡན་པ་ཡ་ར་ལ་ཝས་བརྒྱན་པའོ། །དེ་ནས་དེ་ཡི་སྟེང་དུ་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་བསྟོད་པ་རབ་ཏུ་བསྔགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་འོད་གསལ་བ་དང ། ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་དབྱངས་བ་དང ། རླུང་གིས་བསྐྱོད་པའི་གོས་དང ། འཕན་དང ། མེ་ཏོག་གི་ཕྲེང་བ་དང ། དོ་ཤལ་དང ། དོ་ཤལ་ཕྱེད་པ་དང ། ཟླ་བས་ཉེ་བར་མཛེས་པར་རྡོ་རྗེ་ནོར་བུའི་རྩེ་མོར་གཞལ་མེད་ཁང་བསམ་པར་བྱའོ། །ཧཱུཾ་གི་སྔགས་འདིས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་སྔགས་འདི་བཀོད་དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །ཡང་སངས་རྒྱས་ཐམས་ཅད་སྤྲོ་བ་དང ། །བསྡུ་བར་བྱ་ཞིང་རྡོ་རྗེ་དེ་ཉིད་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཟླ་
392a
༄#། །བའི་ཁ་དོག་གི་འོད་ལྟ་བུ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་ཤིང་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། དཔའ་བོ་ཤེས་རབ་དང ། དགའ་བ་གཅིག་པུས་མཇེས་པས་རྡོ་རྗེ་དང ། དྲིལ་བུ་དང ། རལ་གྲི་དང ། ལྕགས་ཀྱུ་ཉིད་དང ། ཐོད་པ་དང ། ཞགས་པ་འཛིན་པ་ཉིད་དོ། །གཡས་པ་ནི་ཁ་དོག་ནག་པའོ། །གཡོན་པ་ནི་པདྨ་རཱ་གའི་འོད་དོ། །ཞལ་གསུམ་པ་དང ། ཕྱག་དྲུག་པ་ཉིད་དང ། སྤྱན་གསུམ་པ་ཉིད་དང ། བཟང་པོའི་གཟུགས་ཅན་ཏེ། རང་གི་རིག་མའི་པདྨ་ལ་བཞུགས་པ། དགྱེས་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་དཀྱིལ་འཁོར་པའང་རབ་ཏུ་བརྟག་པར་བྱའོ། །ཤར་དུ་ནི་རྣམ་པར་སྣང་མཛད་དོ། །ལྷོར་ནི་རིན་ཆེན་འབྱུང་གནས་སོ། །ནུབ་ཏུ་ནི་འོད་དཔག་ཏུ་མེད་པའོ། །བྱང་དུ་ནི་གདོན་མི་ཟ་བར་གྲུབ་པའོ། །དབང་ལྡན་དུ་ནི་སྤྱན་ནོ། །མེར་ནི་མཱ་མ་ཀཱིའོ། །བདེན་བྲལ་དུ་ནི་གོས་དཀར་མོའོ། །རླུང་དུ་ནི་སྒྲོལ་མའོ། །ཕྱི་རོལ་གྱི་འཕར་མ་ལ་དྲག་ཤུལ་མ་ནི་ཁ་དོག་དཀར་མོའོ། །ལྷོ་རུ་ནི་རྡོ་རྗེ་གཟུགས་བརྙན་མ་ནི་ཁ་དོག་སེར་མོའོ། །ནུབ་ཏུ་ནི་འདོད་ཆགས་རྡོ་རྗེ་མ་ཁ་དོག་དམར་མོའོ། བྱང་དུ་ནི་རྡོ་རྗེ་ཞི་བ་མོ་ཁ་དོག་ལྗང་གུ་མའོ། །དབང་ལྡན་དུ་ནི་རྡོ་རྗེ་གནོད་སྦྱིན་མོ་ཁ་དོག་དཀར་སེར་ལྟ་བུའོ། །མེ་རུ་ནི་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ལྟ་བུའོ། །བདེན་བྲལ་དུ་ནི་སྒྲའི་
392b
རྡོ་རྗེ་མ་ནི་སྔོན་དམར་ལྟ་བུའོ། །རླུང་དུ་སའི་རྡོ་རྗེ་མ་ནི་ཁ་དོག་ལྗང་སྐྱ་མ་ལྟ་བུའོ། །ཕྱི་རོལ་གྱི་འཕར་མ་ལ་དབང་ལྡན་དུ་ནི་གླིང་བུ་མའོ། །མེ་རུ་ནི་པི་ཝཾ་མའོ། །བདེན་བྲལ་དུ་ནི་མུ་ཀུན་ད་མའོ། །རླུང་དུ་ནི་རྫ་རྔ་མའོ། །གླིང་བུ་མ་ལ་སོགས་པ་ནི་ཕྱག་གཉིས་མ་ལ་ཞལ་གཅིག་མའོ། །ཕྱི་རོལ་གྱི་སྣམ་བུ་ལ་མེ་ཏོག་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ། དེ་བཞིན་དུ་ཕྱག་གཉིས་མའོ། །ཤར་གྱི་སྒོ་ལ་ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་སྡོ་བསངས་མའི་མདོག་བྲི་བར་བྱ་སྟེ། ཞལ་གཡས་པ་དང ། གཞན་པ་ནི་གནག་པ་དང ། དཀར་བའོ། །ཕྱག་གཡས་པའི་དང་པོ་ན་ནི་ལྕགས་ཀྱུའོ། །གཉིས་པ་ལ་ནི་རལ་གྲི་འཕྱར་བའོ། །གསུམ་པ་ལ་ནི་འཁོར་ལོའོ། །གཡོན་པ་ན་ནི་ཞགས་པ་དང ། སྡིགས་མཛུབ་དང ། དྲིལ་བུ་འཛིན་པ་སྟེ་ཕྱག་དྲུག་པ་བྲི་བར་བྱའོ། །ལྷོའི་སྒོར་ལྷ་མོ་རྡོ་རྗེ་ཞགས་པ་མ་ཁ་དོག་དཀར་སེར་ཏེ། ཞལ་གཡས་པ་དང ། གཞན་པ་ནི་གནག་པ་དང ། དམར་བའོ། །གཡས་པ་ན་ནི་ཞགས་པ་དང ། རྡོ་རྗེ་དང ། རལ་གྲི་འཕྱར་བའོ། །འཁོར་ལོ་དང ། དྲིལ་བུ་དང ། སྡིགས་མཛུབ་ཞགས་བ་ཅན་སྟེ་ཕྱག་དྲུག་།ནུབ་ཀྱི་སྒོ་ལ་ནི་རྡོ་རྗེ་ལྕགས་སྒྲོག་མ་སྟེ། དེ་བཞིན་དུའང་ཁ་དོག་དམར་ཞིང་གཟི་བརྗིད་ཆེ་བ་སྟེ། ཞལ་གཡས་པ་དང ། གཞན་པ་ནི་གནག་པ་དང ། དཀར་བའོ། །ཕྱག་དག་ན་ལྕགས་སྒྲོག་དང ། རྡོ་རྗེ་དང ། རལ་གྲི་དང ། འཁོར་ལོ་དང ། དྲིལ་བུ་དང ། ལྕགས་ཀྱུའོ། །བྱང་གི་སྒོ་ལ་
393a
༄#། །ནི་རྡོ་རྗེ་དྲིལ་བུ་མ་འཇིགས་པར་བྱེད་མ་སྟེ། ཞལ་གསུམ་ནི་ལྗང་གུ་དང ། ནག་མོ་དང ། དཀར་མོའོ། །ཕྱག་དྲུག་ན་ནི་དྲིལ་བུ་དང ། རྡོ་རྗེ་དང ། རལ་གྲི་དང ། འཁོར་ལོ་དང།་ལྕགས་ཀྱུ་དང ། ཞགས་པའོ། །ཐམས་ཅད་ཀྱང་སྐྲ་སྟེང་དུ་འབར་བ་སྟེ། སྣ་ཚོགས་པདྨར་ཉི་མའི་དཀྱིལ་འཁོར་དུ་གཞག་པར་བྱའོ། །མེའི་ཕྱོགས་ནས་བརྩམས་ཏེ་མེ་ཏོག་ལ་སོགས་པའི་མཚན་མ་འཛིན་པའི་རྣལ་འབྱོར་མ་དེ་གཞག་པར་བྱ་སྟེ་ཕྱག་གཉིས་མར་གསུངས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྣལ་འབྱོར་མ་ལྕགས་ཀྱུ་མ་དང ། ཞགས་པ་མ་དང ། ལྕགས་སྒྲོག་མ་དང ། དྲིལ་བུའི་ལག་པས་སྟེ། སྒོ་སྲུང་མ་དང་ཡང་དག་པར་ལྡན་པའོ། །ཛཿ ཧཱུཾ་བཾ་ཧོཿ ་ཞེས་བྱ་བ་འདི་རྣམས་ཀྱི་སྙིང་པོ་བསྟན་པ་སྟེ་ཐེ་ཚོམ་མི་ཟའོ། །དེ་ལྟར་བཀོད་པ་དང་བྱས་པ་ལ་སོགས་པའི་ཚུལ་གྱིས་ཀྱང་མཚན་མ་དང ། ཕྱག་རྒྱ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་རོ། །གོང་མ་ལྟ་བུ་དེའི་ཕྱེད་ཀྱིས་དེའི་ནང་དུ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་རླུང་གི་དཀྱིལ་འཁོར་དང ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་དང ། ཕྱི་རོལ་ཏུ་རི་མོ་བཞིས་ཡོངས་སུ་བསྐོར་བའོ། །ལྷ་མོ་ཐམས་ཅད་ཀྱི་གནས་སུ་ཇི་སྐད་གསུངས་པའི་གདན་རྣམས་ནི་དཀར་མོ་ལ་སོགས་པར་རབ་ཏུ་བརྟག་པར་བྱའོ། །དེ་ལ་དབུས་སུ་ཧྲཱིཿ འི་ཡི་གེ་རྣམ་པར་བསྒོམ་པར་བྱའོ། །དེའི་ཤར་གྱི་རེའུ་མིག་
393b
ལ་ནི་ཧྲཱིཿ འོ། །ལྷོ་རུ་ནི་ཧོའོ། །ནུབ་ཏུ་ནི་གཱིའོ། །བྱང་དུ་ནི་ཛིའོ། །མེ་རུ་ནི་ཧཾ་ངོ ། །བདེན་བྲལ་དུ་ནི་ཛཾ་ངོ ། །རླུང་དུ་ནི་མཾ་ངོ ། །དབང་ལྡན་དུ་ཧཾ་ངོ ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་པ་ནི་མེའི་མཚམས་སུ་ཨཾ་ངོ ། །བདེན་བྲལ་དུ་ནི་ཨུའོ། །རླུང་དུ་ནི་ཨེའོ། །དབང་ལྡན་དུ་ནི་ཨཻ་དགཽད་པར་བྱའོ། །ཤར་གྱི་སྒོ་ལ་ཛཿ འོ། །ལྷོ་རུ་ནི་ཧཱུཾ་ངོ ། །ནུབ་ཏུ་ནི་བཾ་མོ། །བྱང་དུ་ནི་ཧོཿ ་དགོད་པར་བྱའོ། །ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་བསམས་ཏེ། དེར་དབང་པོ་ལ་སོགས་པའི་འབྱུང་བོ་ཆེན་པོ་བརྒྱད་པོ་འཇིགས་པར་བྱེད་པ་དགོད་པར་བྱའོ།། ཤར་དུ་ཧ་རི་བྷ་ས་ལ། །ལྷ་ཡི་ཚོགས་ནི་ཡང་དག་བྲི། །ལྷོ་རུ་ཙུ་ཏའི་ཤིང་ལ་ནི། །གཤིན་རྗེའི་གཙོ་བོའི་དབང་ཕྱུག་བྲི། །ནུབ་ཏུ་ཨ་ཤོ་ཀ་གནས་སུ། །སྤྲིན་གྱི་རྒྱལ་པོ་དེར་ནི་དགོད།། དེ་བཞིན་བྱང་དུ་བྱང་ཆུབ་ཤིང ། །གནོད་སྦྱིན་སྡེ་དཔོན་མཉམ་པར་གཞག་།དེ་བཞིན་མེར་ནི་ཀ་རཉྫར། །དྲང་སྲོང་ཚོགས་ཀྱིས་ཡང་དག་ཁྱབ། །བདེན་བྲལ་ཏ་ཛ་ཏ་ར་ནི། །སྲིན་པོ་ལ་སོགས་དེ་ནས་དགོད། །རླུང་དུ་བྷ་ལི་པ་ལར་ནི། །རླུང་གི་བདག་པོ་ཡང་དག་བྲི། །དབང་ལྡན་པ་ཌ་སྠ་ལར་ནི། །ཡི་དྭགས་ཚོགས་ནི་ཡང་དག་བྲི། །དྲག་བཅས་དབང་བཅས་ཉེ་དབང་བཅས།། ཟླ་བཅས་ཉི་མ་གཤིན་རྗེའི་ཆེ། །རྒྱས་བཏབ་རྨོངས་བྱས་ཟོས་བྱས་ཤིང ། །ཐལ་བའི་དངོས་བཅས་འཚོ་བར་བྱེད། །ཐབས་དང་ཤེས་རབ་རྣལ་འབྱོར་གྱིས། །གཡོན་པར་ཁ་ཊྭཱཾ་བརྟེན་
394a
༄#། །ནས་སུ། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང ། །ཁྲག་གིས་བཀང་བའི་ཐོད་པ་བསྣམས། །གཡསུ་རྡོ་རྗེ་འབར་བ་སྟེ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །སྐྱིལ་ཀྲུང་ཕྱེད་པ་བྱས་ནས་ནི། །ཉིད་ཀྱི་བརླ་སྟེང་གཡོན་པ་མནན། །ཚངས་པ་ལ་སོགས་མནན་པ་དེ། །གྲགས་པ་ཉེ་བར་མི་ཟ་སྟེ། །ཀུན་ཏུ་འོད་ཟེར་སྣ་ཚོགས་ཀྱི། །སངས་རྒྱས་སྤྲིན་དང་མཉམ་པ་འདིས། །སྤྲོ་བ་ཡང་ནི་སྦྱིན་པར་བྱ། །དེ་ལྟར་རྣལ་འབྱོར་བས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་སྟེ་བརྟག་པའི་རྒྱལ་པོ་གསུམ་པའོ།། །།བཅོམ་ལྡན་རྣལ་འབྱོར་རྣལ་འབྱོར་མའི། །ངག་གི་ཕྱག་རྒྱའི་མཚན་ཉིད་ཅི། །གསང་བ་ཉན་པར་འཚལ་ལགས་ན།། ཐུབ་བ་ཆེན་པོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་མ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཀའ་སྩལ་པ། ཀོལླ་ཨི་རི་ཊྭཱི་ཨ་བོ་ལླ། མུ་མྨུ་ཎི་རེ་ཀཀྐོ་ལཱ། གཱ་ཎ་ཀི་བཱིཊྚ་ཧོ་བཱཛྫ་ཨི། ཀཱ་རུ་ཎི་ཀི་ཨ་ཨིན་རོ་ལཱ། ཏ་ཧི་བ་ལཱ་ཁཱཛྫ་ཨི། གྷ་ཌེ་མ་ཨ་ཎཱ་བིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུ་དྷུ་ར་བཛྵ་ཨ་ཨི། ཙ་ཨུ་ས་མ་ཀཱསྠུ་རི་སཧལཱི། ཀཔྤུ་རུ་ལཱ་ཨི་ཨ་ཨི། མ་ལ་ཨིནྡྷཱ་ཎཾ་ཤཱ་ལི་ཛ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁེཊྚ་ཀར་ནྟེ། ཤུདྡྷ་ཨ་
394b
ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་ཤུ་ཨང་ག་ཙ་ཌཱ་བི་ཨ། ཏ་ཧི་ཛ་ས་རཱ་བ་པ་ཎི་ཨ་ཨི། མ་ལ་ཨ་ཧཾ་ཀུན་དུ་རུ་བཱཊྚ་ཨི། ཌི་ཌི་མ་ཏ་ཧིཎྞ་བཛྫ་ཨ་ཨི། མུ་ཁེ་གྷོ་གྷུ་གུ་གྷུ། མུ་གྷུ་ལུ་གྷུ། དྲ་ཥྚཱ། འདི་རྣམས་བལྟས་ནས་རྣལ་འབྱོར་པས་མཚན་མ་གསུངས་པ་ཞེས་བྱ་བ་ལ་སྤྲོ་བར་བྱའོ། །ཌཱ། ཌཱི། བུ། སུ། མཱ། ཡོ། བྷི། དྷཱི། ལུ། སྟི། ས། པེ། པཱི། བྷ། བྷུ། པཱི། བྷུ། ཧཱི། ག། ཏྲི། ཀུ། ཧཱ། ཛཱ། ཀེ།་བྷ། སཝཱ། པུ། ཛཱ། ཨོ། ཨ། གོ། རཱ། དེ། མཱ། ཀཱ། ཨོ། ཏྲི། ཀཽ། ཀ། ལ། ཀཱ། ཧི། པྲེ། གྲྀ། སཽ། སུ། ནཱ། ཤི། མ། ཀུ། དེ་ནས་ངག་གི་ཙྪེ་མ་ཡི། །ཆོ་གའི་རིམ་པ་བཤད་པར་བྱ། །གང་གིས་སྤུན་དང་སྲིང་མོར་ཡང ། །ཐེ་ཚོམ་མེད་པར་ཤེས་བྱ་བ། །པོ་ཏཾ་གཱི་དང ། །བྲ་ཏི་པོ་ཏཾ་གཱི་དང ། ག་མུ་དང ། ལུམྦ་དང ། ནི་གར་དང ། ཙ་ཊུ་ཀཾ་དང ། ཧྲྀ་ད་ཡཾ་དང ། ཀཽ་ར་བ་དང ། ཀརྞྞ་ཀཱ་དང ། ་ལི་ཀ་ར་ཎ་དང ། པ་རཱ་ཧ་དང ། ཤྲ་ཝ་ཎ་དང ། མནྠཱ་ན་དང ། ན་རཿ ་དང ། ཏཱ་ལི་ཀཱ་དང ། ན་ར་ཀཾ་དང ། ་མྲུ་ཀཾ་དང ། ཀཱ་ཁི་ལཱ་དང ། སཝ་ས་ཎི་དང ། བ་རི་དྷིཿ ་དང ། བི་ར་དྷིཿ ་དང ། ཀྲུ་རཱ་དང ། ནྟཿ ་དང ། ་ལི་ཀཱ་དང ། བྷ་གི་ནཱི་དང ། བུ་ད་ཀཾ་དང ། གྲྀ་ཧཱ་ཎ་དང ། མུ་དྲ་དང ། དནྟ་སྦཪྴ་ཛི་ཧཝཱ་དང ། གནྡྷ་བཱ་ཧི་ནཱི་དང ། ཱ་ག་མ་ནཾ་དང ། སྠཱ་ནཱ་ཏ་དང ། ཀི་ར་ཎཿ ་དང།་གོ་མ་དང ། ནཱ་དཱ་དང ། ལམྦོ་ད་ར་དང ། དནྟཿ ་དང ། ནི་རོ་དྷ་དང ། བིཛྙ་པྟི་དང ། དྷུརྱ་དང ། དྷུ་མྲ་པྲི་ཡཱ་དང ། སཱ་ནུ་དང ། ས་རི་ཏཿ ་དང ། ཾ་གུ་ལྱཱ་དང ། བ་ད་ནཾ་དང ། རཱ་ཛ་
395a
༄#། །ཀ་དང ། ་ད་ནཱ་དང ། པཾ་ཀྟི་དང ། ཙྪན་དོ་དང ། ཙ་ལོཿ ་དང ། མྲྀ་ག་པ་ཏི་དང ། མཎྜ་ལཾ་དང ། ས་མཾ་དང ། ཕལ་གུ་ཥཾ་དང ། མཧཱ་ཀྵ་རཾ་དང ། ཙྪཱ། ནཱ། གོ་དང ། མ་དང ། བྷ་དང ། ཧཱ་དང ། ་བྱ་ཀཱ་དང ། སྠ་དང ། དནྟ་སྤཪྴ་ན་དང ། མུ་ཁ་སྦཪྴ་ནེ་དང ། ཧོ་དང ། ཧྲཱི་ཀཱ་དང ། ཤཱུ་ནྱ་སྤཪྴ་ནེ་དང ། ུ་རུ་སྤཪྴ་ནེ་དང ། སྟེང་དང ། འོག་ཏུ་ཡོད་པ་ནི་ཕྱག་རྒྱའི་ལན་དུ་གསུངས་སོ། །ཡི་གེ་དང ། ངག་གི་ཙྪོ་མ་སྟེ་བཞི་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། ། གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་མོ་དང་འདོད་པ་མོ། །འདི་དག་མཁའ་འགྲོ་བདུན་དུ་གསུངས། །མངོན་པར་ཞེན་པས་ལྟ་བ་དང ། །སྨིན་མ་ཡོན་པོར་གང་བྱེད་ཅིང ། །སྔོན་གྱི་གཟུགས་ནི་སྡུད་པ་དང ། །ཕྱིས་ནས་འཇིགས་པར་བྱེད་པ་ནི། །དེ་ནི་གཟུགས་ཅན་མ་ཞེས་བྱ། །དཔའ་བོས་གཉིས་མེད་སྟེན་པའོ། །སྡུག་པའམ་གལ་ཏེ་མི་སྡུག་པའི། །བྱིས་པ་ལྟ་ཞིང་འོ་བྱེད་ན། །དེ་ནི་འོ་བྱེད་མར་ཤེས་བྱ། །མཁའ་འགྲོ་མཆོག་ཀྱང་དེ་ཉིད་ཡིན། །བྱོལ་སོང་ལྟ་སྟངས་ཁྲོ་གཉེར་གདོང ། །འདི་ནི་སྨན་སྒྱུར་སྡིགས་པར་བྱེད། །གཞན་དུ་དབུགས་ཀྱི་འཇིགས་བྱེད་མ། །དེ་ནི་ལཱ་མར་རྣམ་པར་བསྟན། །ཕག་དང་ལྕེ་སྤྱང་བྱི་ལ་དང ། །རྟ་རྣམས་ཐམས་ཅད་འཇིགས་བྱེད་པ། །དེ་ནི་
395b
ཡོངས་གྱུར་མ་རུ་གསུངས། །རབ་ཏུ་དགའ་ཞིང་གསལ་བར་དགོད། །སོང་བར་གྱུར་ནས་མི་ལྡོག་མ། །དེ་ནི་བྱིས་བཅས་མོ་རུ་གསུངས། །གང་ཞིག་སྐྱོ་བས་ལག་པའམ། །བོང་བ་འམ་ནི་རྐང་པས་སམ། །གོས་མཐའ་འམ་ཡང་ན་ཤིང་གིས་ནི། །དེས་རེག་པ་ནི་འཚོ་མི་འགྱུར། །དེ་ནི་མི་ལྡོག་མར་ཤེས་བྱ། །དགོད་དང་སྨྲ་དང་དུ་བ་དང ། །གློ་བུར་དུ་ནི་ཁྲོ་འགྱུར་བ། །དེ་ནི་འདོད་པ་མར་ཤེས་བྱ། །མཁའ་འགྲོ་རྣལ་འབྱོར་མ་མོར་གསུངས། །ཐོད་པ་དགྲ་སྟ་མཆེ་བ་དང ། །ཆུ་སྲིན་རྒྱལ་མཚན་རལ་གྲི་དང ། །འཕང་མདུང་དང་ནི་བདུན་དུ་གསུངས། །ཡང་དག་སྦྱོར་བའི་ཆོ་ག་འདི། །རྣལ་འབྱོར་རིག་པས་རྟག་ཏུ་མཚོན། །ལུས་སྲུལ་མོའི་མཚན་མ་དང ། །ཕྱག་རྒྱ་སྟེ་བཞི་པ་ལས། རབ་ཏུ་བྱེད་པ་གཉིས་པའོ།། །། དེ་ནས་ལཱ་མའི་མཚན་ཉིད་ནི། །ཡང་དག་རབ་ཏུ་བཤད་པར་བྱ། །དམར་ཞིང་དཀར་བའི་བུད་མེད་གང ། །པདྨའི་འདབ་མ་ལྟ་བུའི་འོད། །དཀར་པོའི་གོས་ལ་རྟག་དགའ་ཞིང་།། ཙནྡན་སར་པའི་དྲི་དང་ལྡན། །བདེ་གཤེགས་འདུས་པ་ཉིད་ལ་དགའ། །ཆགས་ཤིང་མཐོང་ན་རྗེས་འགྲོ་མ། །ཁྱིམ་དུ་པདྨའི་དྲ་བྱེད་པ། །པདྨ་གར་དབང་རིགས་ལས་བྱུང ། ། སྨིན་མའི་དབུས་སུ་རྩེ་གསུམ་སོན། །ལུས་ནི་སྔོ་བསངས་སྐྱ་བ་དང ། །ུཏྤལ་སྔོན་པོའི་དྲི་དང་མཚུངས། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། །རྟག་ཏུ་མཆོད་པར་བྱེད་པ་ནི། །ཧེ་རུ་ཀ་དཔལ་
396a
༄#། །རིགས་བྱུང་བ། །དེ་ནི་མཁའ་འགྲོ་མར་ཤེས་བྱ། །མིག་དམར་དཀར་དང་དམར་བ་དང ། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་གིས་ཀྱང། །རྟག་ཏུ་དགའ་བར་གྱུར་པ་དང ། །དེ་ཡི་ཁྱིམ་དུ་རྡོ་རྗེ་ནི། །བྲིས་ནས་རྟག་ཏུ་མཆོད་བྱེད་པ། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །མཁའ་འགྲོར་འདི་ལ་ཐེ་ཚོམ་མེད། ། འཁོར་ལོ་གང་གི་དཔྲལ་བ་འམ། །ལག་པར་ཡང་ནི་མཐོང་གྱུར་པའི། །སེར་ཞིང་སྔོ་སངས་བུད་མེད་གང ། །རྟག་ཏུ་གོས་སེར་དགའ་བ་ཉིད། །མེ་ཏོག་དཀར་པོ་དྲི་ཆེན་དང་།། སྐལ་བཟང་ཕུན་སུམ་ཚོགས་མ་དེ། །ཁྱིམ་དུ་འཁོར་ལོ་འདྲི་བར་བྱེད། །དེ་བཞིན་གཤེགས་པའི་རིགས་རྗེས་འགྲོ་།གནག་ཅིང་སྡོ་སངས་བུད་མེད་གང ། །སོ་ནི་དཀར་ཞིང་མཐོ་བ་དང ། །རྟག་ཏུ་གདུག་པའི་གཡོན་པ་ནི། །སྐྲ་ནི་རྟག་ཏུ་གྲོལ་བ་ཡིན། །རྟག་ཏུ་ཁྲུས་ལ་དགའ་བ་དང ། །སྤྱོད་ཅིང་མང་དུ་སྨྲ་བ་དང ། །རྡོ་རྗེ་ཁྱིམ་དུ་བྲིས་ནས་ནི།། རྟག་ཏུ་མཆོད་པ་བྱེད་པ་ནི། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང ། །དཀར་ཞིང་གསེར་དང་མཚུངས་པ་དང ། །འབར་བའི་མིག་དང་བ་སྤུ་གང ། །རྡོ་རྗེ་གང་གི་དཔྲལ་བའམ།། ལག་པར་ཡང་ནི་མཐོང་གྱུར་པ། །རྟག་ཏུ་རྒྱལ་སྲིད་དགའ་བ་དང ། །སྙེམས་ཤིང་བདེན་པར་སྨྲ་བ་དང ། །མ་ལི་ཀ་ཡི་དྲི་དང་ལྡན། །ཁྱིམ་དུ་རྡོ་རྗེ་བྲིས་ནས་ནི། །རྟག་ཏུ་མཆོད་
396b
མ་བྱེད་པ་ནི། །དུམ་སྐྱེས་མ་ཡི་རིགས་ལས་བྱུང ། །རྣལ་འབྱོར་དབང་ཆེན་མོ་ནི་མཆོག། ཤ་ལ་དགའ་བའི་བུད་མེད་གང ། །མིག་སྨན་ནག་པོ་ལྟ་བུའི་འོད། །དཔྲལ་བར་མདུང་རྩེའི་རྣམ་པ་ཉིད། །དྲག་ཤུལ་ལས་ལ་དགའ་བ་གང ། །རྟག་ཏུ་དུར་ཁྲོད་འགྲོ་གང་དང ། །འཇིགས་མེད་སྐྱུག་བྲོ་མེད་པ་དང ། །གང་གི་དཔྲལ་བར་བསྡུས་ནས་ནི། །ཁྱིམ་དུ་ཐོད་པ་འདྲི་བྱེད་ཅིང ། །རྟག་ཏུ་མཆོད་པ་བྱེད་པ་ནི། །ཧེ་རུ་ཀ་ཡི་རིགས་ལས་བྱུང ། །ཆར་སྤྲིན་མདོག་འདྲའི་བུད་མེད་གང ། །སོ་ནི་མི་མཉམ་པར་གནས་ཤིང ། །རྟག་ཏུ་དྲག་ཤུལ་ལས་རྣམས་དང ། །གཡོན་པའི་མཆེ་བ་བྱུང་བ་ནི། །ཁྱིམ་དུ་དགྲ་སྟ་འདྲི་བྱེད་ཅིང ། །རྟག་ཏུ་མཆོད་པ་བྱེད་པ་ནི། །རྣམ་པར་འདྲེན་པའི་རིགས་བྱུང་བ། །དེ་ནི་མཁའ་འགྲོར་ཐེ་ཚོམ་མེད། །གང་གི་སྐྲ་ནི་ལི་བ་དང ། །བཞིན་ནི་ཡོངས་སུ་ཟླུམ་པ་དང ། །རྟག་ཏུ་ཁ་ལ་སྨ་ར་དང ། །སྨིན་མ་རིང་ཞིང་བ་སྤུ་དང ། །གོས་དཀར་གཙང་ཞིང་ཞི་བ་དང ། །མི་བསྐྱོད་བདེན་པར་སྨྲ་བ་དང ། །རྟག་ཏུ་དམ་པའི་ཆོས་དགའ་བ། །དཔའ་བོའི་སྲིང་མོར་དེ་ཤེས་བྱ། །པདྨའི་ཕྱག་རྒྱ་སྦྱིན་པར་བྱ། །ཡང་ན་རུས་སྤལ་ཕྱག་རྒྱ་བྱ། །རིལ་བ་སྤྱི་བླུགས་མཆོད་བྱེད་པ། །ཕྱག་རྒྱ་ལན་དུ་བརྗོད་པར་བྱ། །དེ་ནི་ཚེས་བཅུའི་རེས་དག་ལ། །ཁྱིམ་དུ་པདྨ་འདྲི་བར་བྱེད། །མ་མཆུ་འཕྱང་ཞིང་མིག་ཡངས་མ། །མིག་ནི་དམར་ཞིང་
397a
༄#། །སེར་པ་དང ། །ཆེ་ཞིང་སྐལ་བཟང་ནོར་དང་ལྡན། །སེར་ཞིང་ཙམ་པ་ལྟ་བུ་ཉིད། །རིང་ཞིང་ལག་པ་རིང་པ་དང ། །སྣ་ཚོགས་གོས་ལ་དགའ་བ་དང ། །རི་མོ་གསུམ་ནི་དཔྲལ་བའམ། །སྟེང་གི་མཚམས་སུ་ངེས་པར་གནས། །དགོད་པ་དང་ནི་དགའ་བ་ཉིད། །ལམ་གྱི་རྣམ་པ་གནོན་ཅིང་མནན། །གཡུལ་དུ་ཤི་བ་རྣམས་ཀྱི་ནི། ། གཏམ་ལ་རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །མདུས་རྩེའི་ཕྱག་རྒྱ་རབ་བསྟན་བྱ། །རྐང་པ་གཡོན་པ་བསྐུམས་པ་ཡི། །གར་ཉིད་ཀྱང་ནི་རབ་བསྟན་བྱ།། གཡོན་གྱིས་ཡོངས་སུ་བསྐོར་བ་ནི། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །དེ་ཡི་བཅུ་བཞིའམ་བརྒྱད་པ་ལ། །དེ་ཁྱིམ་མདུང་རྩེ་བྲིས་ཤིང་མཆོད། །འཇིག་རྟེན་དབང་ཕྱུག་མཚན་ཉིད་ཡིན། །དམར་ཞིང་དཀར་བའི་བུད་མེད་གང ། །མིག་ནི་ལྗང་ཞིང་སེར་བ་དང ། །དེ་བཞིན་སྐྲ་ནི་འཁྱིལ་བ་དང ། །དར་དབྱངས་བཅིངས་པར་སྣང་བ་ཉིད། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་སྟེང་དུ་རིང་བ་དང ། །རྟག་ཏུ་གོས་དམར་ལ་དགའ་ཞིང ། །རྟག་ཏུ་དགོད་ཅིང་གླུ་ལེན་དང ། །གློ་བུར་དུ་ནི་ཁྲོ་བ་དང ། །ཁྱད་པར་དུ་ནི་སེམས་གཡོ་དང ། །རྩོད་པ་རྟག་ཏུ་དགའ་བ་ཉིད། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །འཕང་མདུང་ཕྱག་རྒྱས་རབ་བསྟན་བྱ། །གཉིས་པ་ཡིས་ཀྱང་འབད་པ་ཡིས། །
397b
དྲིལ་བུའི་ཕྱག་རྒྱ་རབ་ཏུ་སྦྱིན། །གཡོན་ནས་ཡོངས་སུ་བསྐོར་བ་དང ། །ཕྱག་རྒྱའི་ལན་དུ་བརྗོད་པར་བྱ། །ཐུང་ཞིང་བྱིན་པ་སྦོམ་པ་དང ། །རྟག་ཏུ་གོས་སེར་དགའ་བ་དང ། །མགྲིན་པ་ནས་ནི་གོས་འཕྱང་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །འཁོར་ལོའི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པའང་རབ་ཏུ་འབད་པས་ནི། །དུང་གི་ཕྱག་རྒྱ་སྦྱིན་པར་བྱ། །དེ་བཞིན་ཡོངས་སུ་བསྐོར་བ་ཉིད། །དེ་ཡི་དུས་ན་བཅུ་བཞི་ལ། །ཁྱིམ་དུ་རྡོ་རྗེ་འདྲི་བར་བྱེད། །ཡན་ལག་ཀུན་ལ་བ་སྤུར་བཅས། །མིག་ནི་གནག་ཅིང་སེར་བ་དང ། །གཙིགས་ཤིང་རྣམ་འགྱུར་འཇིགས་པ་དང། །བཞིན་སྦོམ་ཁ་ནི་སྦོམ་པ་དང ། །མ་མཆུ་འཕྱང་ཞིང་ཁུང་མིག་དང ། །སྣ་ནི་ཉམས་པར་གྱུར་པ་དང ། །རྟག་ཏུ་དྲི་བ་འདོད་པ་དང ། །སྤྲིན་གྱི་ཁ་དོག་ལྟོ་ཆེ་བ། །དེ་འདྲའི་རབ་མྱོས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་རབ་སྦྱིན་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །འཕང་མདུང་ཕྱག་རྒྱ་སྦྱིན་པར་བྱ། །ཡོངས་སུ་བསྐོར་བ་གོང་མ་བཞིན། །དེ་ནི་བཅུ་གཅིག་ཚེས་ལ་ནི།། མཆེ་བ་འདྲི་ཞིང་རྟག་ཏུ་མཆོད། །མཚན་མའི་ཕྱག་རྒྱ་སྟེ་བཞི་པ་ལས། །རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་ཡན་ལག་ཕྱག་རྒྱ་ཡི། །མཚན་ཉིད་ཡང་དག་རབ་བཤད་བྱ། །བུད་མེད་གང་ཞིག་སྤྱི་གཙུག་རེག་།སྤྱི་བོ་དེ་ཡིས་རབ་བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་པ་ལ། །མཁུར་ཚོས་དེ་ཡིས་རབ་བསྟན་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །ལྕེ་ནི་དེ་ཡིས་རབ་
398a
༄#། །བསྟན་བྱ། །གང་ཞིག་མ་མཆུ་སྟོན་པ་ལ། །ཀོས་ཀོ་དེ་ཡིས་རབ་བསྟན་བྱ། །གང་ཞིག་མགྲིན་པ་རེག་པ་ལ། །ལྟོ་བ་དེ་ཡིས་རབ་བསྟན་བྱ། །གང་ཞིག་ལྟོ་བ་སྟོན་པ་ལ། །ལྟོ་བ་དེ་ཡིས་རབ་བསྟན་བྱ། །གང་ཞིག་མཇུག་མ་སྟོན་པ་ལ། །ས་ནི་དེ་ཡིས་རབ་བསྟན་བྱ། །གང་ཞིག་གསང་བ་སྟོན་པ་ལ། །ལིང་ག་དེ་ཡིས་རབ་བསྟན་བྱ། ། གང་ཞིག་བུས་མོ་སྟོན་པ་ལ། །དབུང་པ་དེ་ཡིས་རབ་བསྟན་བྱ། །གང་ཞིག་རྐང་པ་སྟོན་པ་ལ། །རྐང་མཐིལ་དེ་ཡིས་རབ་བསྟན་བྱ། །གང་ཞིག་སོར་མོ་སྟོན་པ་ལ། །སེན་མོ་དེ་ཡིས་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་པ་ལ། །ནམ་མཁའ་དེ་ཡིས་རབ་བསྟན་བྱ། །གང་ཞིག་ནམ་མཁའ་སྟོན་པ་ལ། །ཉི་མ་དེ་ཡིས་རབ་བསྟན་བྱ། །གང་ཞིག་ཆུ་བོ་སྟོན་པ་ལ། །རྒྱ་མཚོ་དེ་ཡིས་རབ་བསྟན་བྱ། །གང་ཞིག་སོར་མོ་གཅིག་སྟོན་པ། །ལེགས་པར་འོངས་ཤེས་བརྗོད་པ་ཡིན། །གང་ཞིག་སོར་མོ་གཉིས་སྟོན་པ། །ཤིན་ཏུ་ལེགས་འོང་བརྗོད་པ་ཡིན། །གཡས་པའི་སྨིན་མ་སྒྱུར་ཚུལ་དང ། །གཡོན་པའི་སྨིན་སྒྱུར་ཚུལ་སྟོན་པ། །སློབ་དཔོན་གཉིས་དང་འདུ་བ་སྟོན། །རྒྱུད་ཐམས་ཅད་ཀྱི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བ་རྡོ་རྗེ་མཁའ་འགྲོ་མའི་བརྡ་སྟེ་བརྟག་པའི་རྒྱལ་པོ་བཞི་པའོ།། །།དེ་ནས་སྐྱེ་བོ་དམ་པ་ཀུན། །འདུ་བ་ཡང་དག་རབ་བཤད་བྱ།།
398b
དེ་ལ་ཟས་གཅིག་བཟའ་བར་བྱ། །སྣོད་གཉིས་སུ་ཡང་མ་ལུས་བརྩོན། ཀྱེ། བཅོམ་ལྡན་འདས། །འདུ་བའི་གནས་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་དེ་བཞིན་ཉེ་བའི་ཞིང ། །ཙོཚ་ནོ་ཉེ་བའི་ཙྪནྡོ་ཧ། །འདུ་བ་དེ་བཞིན་ཉེ་འདུ་བ། །དུར་ཁྲོད་ཉེ་བའི་དུར་ཁྲོད་དང ། །འཐུང་གཅོད་ཉེ་བའི་འཐུང་གཅིག་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདི་ནི་གཞན་གིས་བརྗོད་མི་བྱ། །ཀྱེ། བཅོམ་ལྡན་འདས། གནས་ལ་སོགས་པ་གང་ལགས། །དེ་བཞིན་དུ་ས་བཅུ་གཉིས་པོ་རྣམས་རྒྱ་ཆེན་པོ་ལས་འབྱུང་བ་བཀའ་དྲིན་གྱིས་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ནི་ཛཱ་ལནྡྷ་རར་གསུངས། །དེ་བཞིན་དུ་ནི་ཨུཌྱན་ཉིད། །གནས་ནི་ཀོ་ལླ་གི་རི་དང ། །དེ་བཞིན་ཨརྦུ་ད་ཉིད་དོ། །ཉེ་གནས་གོ་དཱ་བ་ཡི་ཉིད། །དེ་བཞིན་དགའ་བའི་དབང་ཕྱུག་དང ། །དེ་བཞིན་དེ་བཱི་ཀོ་ཊར་བཤད། །དེ་བཞིན་མཱ་ལ་བ་ཉིད་དང ། །དེ་བཞིན་ཀཱ་མ་རཱུ་པར་གསུངས། །ོ་ཏྲེ་ཞིང་ནི་ཉིད་དུ་གསུངས། །ཉེ་ཞིང་ཏྲི་ཤ་ཀུན་ནི་དང ། །དེ་བཞིན་ཀོ་ཤ་ལ་ཉིད་དང ། །ཀ་ལི་ཀར་ནི་ཅི་གསུངས་པའོ། །དེ་བཞིན་ལཾ་པཱ་ཀ་ཉིད་དང ། །ཀཉྩི་ཁ་བའི་གནས་ཉིད་ནི། །ཙྪནྡོ་ར་ཡང་དག་གསུངས་པ་དང ། །ཉེ་བ་ཡི་ཡད་ཙྪ་ནྡོའོ། །པྲེ་ཏ་ཨ་ཧི་པཱ་སི་གསུངས། །དེ་བཞིན་ཁྱིམ་གྱི་ལྷ་ཉིད་དང་།།
399a
༄#། །སཽ་རཱཥྚ་དང་གསེར་གླིང་ཉིད། །འདུ་བ་དེ་བཞིན་ཉེ་འདུ་བ། །ནཱ་གར་དང་སིནྡྷཱ་ནི། །དུར་ཁྲོད་ཉིད་དུ་བརྗོད་བ་དང ། །མ་རུ་དང་ནི་ཀུ་ལུ་ཏ། །ཉེ་པ་ཡི་ནི་དུར་ཁྲོད་ཉིད། །སྙིང་རྗེ་དེ་བཞིན་ལས་ཀྱི་བྲང ། །ཧ་རི་ཀེ་ལ་ཉིད་དང་ནི། །ལན་ཚཝ་རྒྱ་མཚོའི་ནང་སོང་དང ། །བིནྡྷཱ་གཞོན་ནུའི་གྲོང་ཁྱེར་ཉིད། །འཐུང་གཅོད་ཉེ་བའི་འཐུང་གཅོད་དོ། །དེ་དང་ཉེ་བ་དུར་ཁྲོད་ཉིད། །རབ་སོང་དགེ་འདུན་རྒྱ་མཚོའི་འགྲམ། །སྐྱེད་མཚོ་ཚལ་གྱི་རྫིང་བུའི་འབྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །དེ་ནས་གནས་ལ་ལྷག་པར་གནས་པའི་ཆོ་ག་བཤད་པར་བྱ་སྟེ། །རྡུལ་བྲལ་གནས་སུ་ཙཱུ་ཏ་གནས། །ཀོང་ཀ་ནར་ནི་ཟླ་བའི་གླིང ། །ཀ་རཉྫ་ར་གནས་ཙཱ་རི་ཏྲ། །ཊྚ་ཧ་སར་ཀ་དམ་པ། །ལྷ་མོའི་མཁར་དུ་བ་ཊ་གནས། །ཧ་རི་ཀེ་ལ་ར་ཧ་རི་གནས། །ུཊྱན་ཨ་ཤོ་ཀ་ནི་གནས། །ཛཱ་ལནྡྷ་རར་གསེར་ཤིང་གནས། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་བར་བྱ། །ཉེས་པའི་ཞིང་ནི་འོད་འཕྲོ་ཅན། །ཙྪ་ནྡོ་མངོན་དུ་འགྱུར་པར་ངེས། །ཉེ་བའི་ཙྪ་ནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །བུ་ལ་སོགས་པ་རི་གསུངས་པ། །ཕྱི་ངང་མང་དུ་བསམ་པར་
399b
བྱ། །རྣལ་འབྱོར་མ་རྣམས་ལེགས་འདུ་བའི། །ཉིན་པར་ཉིད་ཀྱང་ལེགས་བཤད་བྱ། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང ། །བརྒྱད་པ་ལ་ཡང་ཁྱད་པར་དུ། །རྒྱལ་མཆེན་དང་ནི་མཚོན་བསྣུན་ཉིད། །སྐྱེ་བ་བདུན་པ་ཁྱད་པར་དུ། །འབད་པས་སྙིང་རྗེ་བསྐྱེད་ནས་ནི། །མཁས་པས་གསད་པར་བྱ་བ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་བཤད། །ཇི་ལྟར་བདག་བཞིན་སེམས་ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག་།འདི་ལྟར་སེམས་དཔའི་རྣལ་འབྱོར་བདག་།དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདུ་བའི་གནས་ཏེ་ལྔ་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།གསང་བའི་པདྨའི་མཚན་ཉིད་ནི། །ཡེ་ཤེས་དབང་པོ་ཉན་པར་འཚལ། །ཡེ་ཤེས་སེམས་དང་འདྲེས་པ་ཡི། །རྫོགས་པའི་བྱང་ཆུབ་རིམ་པ་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་བཞི་མཉམ་པར་གནས་ནས་ནི། །རྫོགས་བྱ་རིམ་པ་རྡོ་རྗེ་འཛིན། །མཉམ་ཉིད་སེམས་ནི་བསྐྱེད་ནས་ནི། །འདོད་ཆགས་ལ་སོགས་རིང་དུ་སྤངས། །ཡིད་དང་མཐུན་པའི་གནས་སུ་ནི། །བདེ་བའི་བསྟན་ལ་འདུག་ནས་ནི། །བརྟན་དང་གཡོ་བའི་དངོས་པོ་ཀུན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །སྤྱི་བོ་མེད་པའི་སྤྱི་བོ་དང ། །སྒྲ་མཐའི་དེ་བཞིན་གསང་པདྨ། །ཆ་ནི་སྣ་ཚོགས་ཡིག་འབྲུ་རྣམས། །དེ་བཞིན་དུ་ཡང་བསྟན་རྣམས་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོས་ཀྱི་དབྱིངས་
400a
༄#། །ཀྱི་རྣམ་པར་བྱེད། །བསྡུས་ནས་གོང་བུའི་རྣལ་འབྱོར་གྱིས། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཆུ་ཡི་ཁམས་དང་མེ་ཡི་ཁམས། །རོ་གཅིག་མཆོག་གི་གནས་སུ་ནི། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །སངས་རྒྱས་གཟུགས་བརྙན་དབང་པོ་དྲུག་།བསྟན་བཅོས་ཚད་མ་སློབ་དཔོན་དང ། །ལུང་གི་རྗེས་འབྲངས་དེ་ཉིད་ཤེས། །གསང་དོན་དེ་ཉིད་དངོས་པོ་ཡང ། །དེ་ཉིད་ལས་ནི་གཅིག་ལས་གཅིག་།སྔར་གྱི་མཚན་ཉིད་ཐམས་ཅད་ཀྱི། །སྟོང་སོགས་དེ་ཉིད་མཚན་ཉིད་ཀྱིས། །ལུས་ཀྱི་དྲི་མ་བཀྲུས་ནས་ནི། །རྫོགས་པའི་བྱང་ཆུབ་རིམ་པར་སྦྱར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་སེམས་དཔའ་བསམ་པར་བྱ། །མདོག་དཀར་ཀུན་ད་ཟླ་པ་ཡི། །འོད་ཟེར་རྣམ་པར་སྤྲོ་བ་ནི། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །པདྨའི་གནས་ལ་ཡང་དག་བཞུགས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་རྒྱ་ཆེན་པོ་ཕྱག་གཉིས་ཀྱིས། །སྙིང་གི་གནས་སུ་གཟིར་བར་མཛད། །གཟུགས་དང་གཟི་བརྗིད་ཡོངས་གང་བ། །ཡེ་ཤེས་སེམས་དཔར་སྒོམ་པ་ཉིད། །ཆུ་ཤིང་མེ་ཏོག་ལྟ་བུར་ནི། །ལྟེ་བ་རུ་ནི་ཡང་དག་གནས། །ལངས་ནས་སྙིང་གར་ཀུན་ཏུ་གནས། །སྔར་གྱི་མཚན་ཉིད་ཡོངས་གང་བ། །བཏོན་ནས་དང་པོ་པདྨ་ནི།
400b
འདབ་མ་བརྒྱད་པ་ཤིན་ཏུ་མཛེས། །ཟེ་བ་དང་ནི་ཟེ་འབྲུར་བཅས། །ཡི་གེ་རྣམ་དགོད་དགོད་པར་བྱ། །དཀྱིལ་འཁོར་དབུས་སུ་གནས་པ་ཡི། །ཕྱག་གཉིས་ཞལ་གཅིག་དཀར་པོ་ནི། །བཟང་པོ་དྲི་མེད་དབུས་སུ་བསམ། །དེ་ཡི་དབུས་སུ་རྣམ་ཤེས་དང ། །ཡེ་ཤེས་དེ་ཉིད་སྦྱར་བར་བྱ། །དང་པོ་ཤར་གྱི་འདབ་མ་ལ། །བྱམས་པར་ལྡན་པའི་མི་བསྐྱོད་པ། །ལྷོ་ཡི་སྒོར་ནི་སྙིང་རྗེ་ཉིད། ། རིམ་ཆེན་དེ་ཉིད་ས་བོན་ལས། །ནུབ་ཀྱི་སྒོ་ཡི་འདབ་མ་ལ། །འོད་དཔག་མེད་པའི་ས་བོན་དགོད། །བྱང་གི་སྒོ་ཡི་གནས་སུ་ནི། །སེམས་ཀྱི་དོན་ཡོད་གཙོ་བོ་ཉིད། །དང་པོའི་དབྱངས་སོགས་ས་བོན་གྱི། །ཟླ་བའི་ཐིག་ལེ་ཇི་བཞིན་རིམ། །ཟླ་བའི་འོད་ཟེར་དཀར་བརྒྱན་པའི། །ཡི་གེ་བཞི་ནི་དགོད་པར་བྱ། །མཚམས་རྣམས་སུ་ནི་མ་ནི་པ་ཉིད། །རྣམ་པ་བཞི་པོ་སྔར་གསུངས་པ། །དེ་ཡི་དབུས་སུ་དེ་ཡི་སེམས། །ཡི་གེ་ཡིས་ནི་སྦྱར་བར་བྱ། །རྡོ་རྗེ་སྙིང་པོས་གསོལ་བ། །སེམས་ལ་ཐེ་ཚོམ་འཁྲུངས་ལགས་པ། །བཅོམ་ལྡན་བདག་ལ་བཤད་དུ་གསོལ། །སྟོང་བ་མཚོན་དུ་མེད་པ་ལ། །ཡི་གེའི་རྣལ་འབྱོར་ལ་སོགས་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །མཚན་གཞི་མཚན་ཉིད་སྟོང་པ་ཉིད། །སྙིང་པོ་མེད་པའི་ཆུ་ཤིང་ལས། །སྙིང་པོ་བདུད་རྩི་འབྲས་འབྱུང་ལྟར། །འབྲས་བུ་རྣམ་ཤེས་ཡེ་ཤེས་ནི། །གཟུགས་མེད་པ་ལ་ཡེ་ཤེས་གཟུགས། །ཡེ་ཤེས་སྐུ་ནི་སྐྱོན་མེད་
401a
༄#། །པ། །མཆན་ཉིད་མཚོན་དུ་མེད་པ་ཉིད། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཡིག་འབྲུ་མེད་ལས་ཡིག་འབྲུའི་གཟུགས། །དེ་དབུས་ངོ་བོ་སྟོང་པ་ཉིད། །དེ་ཉིད་རྣལ་འབྱོར་པ་ཡིས་གཟུང ། །ཇི་ལྟར་མཚན་ཉིད་ཤེས་ཀྱང་ནི། །མཉམ་ཉིད་ཡེ་ཤེས་སེམས་ཀྱིས་ནི། །དེ་ཡི་རྫོགས་པའི་བྱང་ཆུབ་ལམ། །མྱུར་བ་ཉིད་དུ་མཐོང་བར་འགྱུར་བླ་མའི་མན་ངག་ལམ་གྱིས་ནི། །ཡེ་ཤེས་རྣམ་ཤེས་ངོ་བོ་ལས། །མཚན་ཉིད་བསྟན་བཅོས་མདོར་བསྡུས་པ། །དེ་ཉིད་དཔའ་བོ་སྟོན་པ་པོ། །འདི་ཡི་སྒོམ་པ་ཐམས་ཅད་ཀྱི།། འོད་ཟེར་དཀར་པོས་རྣམ་པར་བརྒྱན། །ལྕགས་སྒྲོག་ལྔ་པོ་མཆོད་རྟེན་གྱི། །བདུད་རྩིའི་ས་བོན་བསམས་ནས་ནི། །ཁ་དོག་དཀར་པོ་འོད་གསལ་བ། །བདུད་རྩིའི་རྒྱུན་ནི་འཛག་པར་འགྱུར། །སྙིང་གི་ས་བོན་པད་དབུས་སུ། །མཐེ་བོང་ཡོངས་ཀྱི་དཀྱིལ་འཁོར་ཉིད། །དེ་ཡི་དབུས་སུ་ས་བོན་ནི། །ཱ་ལི་ཀཱ་ལི་ཡོངས་བཏུས་པ། །ཁ་དོག་དཀར་པོ་ཤིན་ཏུ་མཛེས། །ཟླ་བའི་འོད་ཟེར་འཕྲོ་བ་ནི། །དེ་ཡི་དབུས་སུ་སྒོ་རྣམས་ཀྱི། །ཐིག་ལེ་བསམ་པར་རབ་ཏུ་གྲགས། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཆར། །ཕྲ་རབ་གཟུགས་སུ་ཡང་དག་གནས། རྣམ་པར་ཤེས་པའི་རང་བཞིན་ལས། །ཡེ་ཤེས་ཅན་གྱི་མཚན་ཉིད་མཚོན། །གོ་འཕང་གནས་ཀྱི་ཐིག་ལེ་ལྟོས། །སེམས་ཀྱི་མཚན་ཉིད་ཐམས་ཅད་ཤེས། །སྙིང་ལ་ཚངས་
401b
པའི་སྒོ་ཡི་ནི། །ཐིག་ལེ་སྒོ་ཡི་ལམ་ལས་ནི། །བླ་མའི་མན་ངག་བརྩོན་པ་ཡིས། །རྣམ་ཤེས་ཡེ་ཤེས་ཀྱི་ཡང་བླང ། །ལམ་གྱི་ཕ་རོལ་བསྟན་བཅོས་ཀྱང ། །མ་ཡིན་རིང་བར་གྱུར་པ་མིན།། བསྟན་བཅོས་རྣམས་ནི་རྙེད་སླ་ཡང ། །སྦྱོར་བ་དེ་ལ་རྙེད་པར་དཀའ། །རྣལ་འབྱོར་པ་ཡི་ཐབས་ཀྱིས་ནི། །བླ་མ་གསོལ་བ་འདེབས་ལ་བརྩོན། །བླ་མའི་མན་ངག་ལམ་གྱིས་ནི། །རྣམ་པར་མཁས་པས་མཐོང་བར་འགྱུར། །མཉམ་གཞག་དངོས་པོའི་རང་བཞིན་གྱིས། །གཡོ་བ་མེད་ཅིང་འཚེ་བ་མེད། །ཡིད་ནི་ཆོས་རྣམས་སྔོན་དུ་འགྲོ་།ཡིད་ནི་དག་ཅིང་ཡིད་ལྟར་མགྱོགས། །ཡིད་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །སྨྲ་བ་དང་ནི་བྱེད་པར་འགྱུར། །དེ་ཕྱིར་ཡིད་ཀྱིས་བདག་ཉིད་ཀུན། །ཡིད་ལ་བྱུང་བར་བློ་ལྡན་པས། །སྙིང་གར་སེམས་སྒོམ་སྡོམ་པ་ནི། །གལ་ཏེ་འདོད་ན་ཡོ་གིས་བཟླས། །རྒྱུ་རུ་གྱུར་པའི་ས་བོན་ཏེ། །དེ་ཉིད་དཔྱད་པས་མ་ཡིན་ནོ། །འབྲས་བུ་རྒྱུ་ཡི་ས་བོན་ཏེ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གཟུགས་སོགས་སྲིད་པའི་ལོངས་སྤྱོད་ཀྱི། །དམིགས་པའི་ས་བོན་རྣམ་པ་ལྔ། །སྤྱི་བོ་སྤྱི་མེད་ཡང་དག་གནས། །ཀུན་ནས་ཀུན་ཏུ་འབར་བར་འགྱུར། །རྟག་ཏུ་རྩ་བའི་ས་བོན་གྱི། །ཡེ་ཤེས་རྣམ་ཤེས་ས་བོན་ལས། །ཐིག་ལེ་སྒྲ་དང་ཡང་དག་ལྡན། །འཁོར་བའི་ལོངས་སྤྱོད་འདོད་པ་ཡིས། །ཡིད་ཀྱི་བཟླས་པ་ཡང་དག་ལྡན། །ཡི་གེ་ངག་ནི་རྣམ་པར་སྤངས། །ངེས་པར་རྟག་ཏུ་གོ་
402a
༄#། །འཕང་གནས། །རྟག་པ་དང་ནི་ཆོས་ཀྱི་དབྱིངས། །རྟག་ཏུ་ཕྲ་ཞིང་སྐྱོན་མེད་པ། །ཡེ་ཤེས་ལ་ནི་རྣམ་ཤེས་ནུབ། །ཡེ་ཤེས་དངོས་པོས་རྣམ་ཤེས་ཀྱི།། རྫོགས་པའི་བྱང་ཆུབ་རིམ་མཐོང་འགྱུར། །དང་པོར་མཚན་མ་ཐམས་ཅད་ཀྱི། །མར་མེའི་རྣམ་པ་མཐོང་བར་འགྱུར། །གཉིས་པ་མཚན་མོ་མེ་ཁྱེར་གྱི། །རྣམ་པའི་རྡུལ་དུ་མཚོན་པར་བྱེད། །རྡུལ་དཀར་ཙ་ན་ཀ་དབྱིབས་སུ། །ཕྱོགས་བཅུར་དེ་བཞིན་མཐོང་བར་འགྱུར། །གསུམ་པར་ཉོན་མོངས་བཅོམ་པ་ནི། །རྣལ་འབྱོར་པ་ཡིས་རྣམ་པར་བརྟག་།ལྷ་ཡི་ལོངས་སྤྱོད་འདོད་པ་ཡང ། །བཞི་པར་ཡང་ནི་བསྟན་པའོ། །ལྷ་ཡི་གཟུགས་ནི་རྣམས་ཅད་ཀྱང ། །ལྔ་པར་སེམས་ཀྱིས་བརྟག་པར་བྱ། །དྲུག་པ་གཟུགས་ནི་མེད་པའི་ཚེ། །བདུན་པ་ཆོས་ཀྱི་དབྱིངས་ཉིད་དེ། །བརྒྱད་པར་རང་འདོད་རྣལ་འབྱོར་པའི། །སངས་རྒྱས་རྣམས་ཀྱི་འབྲས་བུའི་དོན། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱིས་ནི་རེ་རེར་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ལུས་ཅན་རྣམས་ཀྱི་ཕུང་པོ་དང ། །ཁམས་རྣམས་དང་ནི་སྐྱེ་མཆེད་རྣམས། །རང་བཞིན་གྱིས་ནི་རྣམ་པར་དག་།ཉོན་མོངས་མི་ཤེས་སྒྲིབ་སྦྱང་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་
402b
གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག་།གཟུགས་ལ་སོགས་པའི་ཡུལ་གང་དང ། །གཞན་ཡང་རྣལ་འབྱོར་པ་སྣང་བ།། དེ་ཀུན་རང་བཞིན་དག་པ་སྟེ། །དེ་ཕྱིར་སངས་རྒྱས་སྣ་ཚོགས་དངོས། །ཀྱེ།་བཅོམ་ལྡན་འདས། རྣམ་པར་མ་དག་པ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང ། འཛིན་པའི་ཕྱིར་རོ། །གསོལ་བ། གཟུང་བ་དང ། འཛིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རིག་པར་བྱ། །ལུས་ཀྱིས་དངོས་པོ་རིག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། ། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པར་བྱ། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག་།དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་གྱི་ངོ་བོ་ཧེ་རུ་ཀ་།མིག་ལ་གཏི་མུག་རྡོ་རྗེ་བཤད། །ཞེ་སྡང་རྡོ་རྗེ་མངོན་ཐོས་པ། །ཕྲག་དོག་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བཤད། །རེག་ལས་སེར་སྣ་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ་།ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཁམས་གསོད་པར་བྱེད་
403a
༄#། །མར་བརྗོད། །མེ་ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག་།ནམ་མཁའི་ཁམས་སུ་བརྗོད་པ་ནི། །པདྨ་འབར་བ་འཁྱིལ་བ་ཉིད། །འདི་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་དེར་བསྐྱེད་པའི། །བསྐྱེད་པའི་ཆ་ལ་ལེགས་གནས་པས།། སྲིད་དང་མྱ་ངན་འདས་པ་ཐོབ། །ཕུང་པོ་དང ། སྐྱེ་མཆེད་རྣམ་པར་དག་པ་སྟེ་ལྔ་པ་ལས། རབ་ཏུ་བྱེད་པ་གཉིས་པའོ།། །།དེ་ནས་སྤྱོད་བ་རྟོག་པ་རྣམས། །འཇིག་པར་བྱེད་པ་བཤད་པར་བྱ། །ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གོང་ན་མེད། །སངས་རྒྱས་སྲས་ལ་ཕན་པའི་ཕྱིར། །རྫོགས་པའི་བྱང་ཆུབ་རྣམ་གནས་པ། །གང་ཞིག་ཡང་ནི་དེ་ཉིད་ལས། །རྡོ་རྗེ་ཡན་ལག་མེད་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་།སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོར། །རྒ་བའི་རླབས་ཀྱིས་འཁྲུགས་པ་ལས། ། སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །ཚོང་པ་དགེ་བར་འགྲོ་བ་དང ། །མྱུར་དུ་དངོས་གྲུབ་གསལ་བྱེད་ཅིང ། །སྙིང་པོའི་ཡོན་ཏན་ཀུན་གྱི་གནས། །སེམས་ཀྱི་རིན་ཆེན་ལས་བྱུང་བ། །འདོད་ཡོན་རབ་ཏུ་སྒྲུབ་པར་བྱེད། །རྡོ་རྗེ་འཛིན་པས་རབ་བསྔགས་པའི། །ལོངས་སྤྱོད་རྫོགས་པའི་ཡོན་ཏན་ཀུན། །ལུས་འབྱུང་འདི་ལས་མ་གཏོགས་པར། །དགའ་བའི་དངོས་
403b
གྲུབ་འབྱུང་མི་འགྱུར། །མཁས་མཆོག་སྤྱོད་པ་མཚུངས་མེད་འདི། །གྲོལ་བར་འདོད་པས་སྤྱད་པར་གྱིས། །ལྷ་ཡི་དགྲ་དང་བརྒྱ་བྱིན་དང ། །གྲོང་ཁྱེར་སུམ་བརྩེགས་དགྲ་བོ་དང ། །ནོར་སྦྱན་ཚངས་པ་ལ་སོགས་པས། །ཞབས་ཀྱི་འདམ་སྐྱེས་མཆོད་པ་ཡི། །སྡིག་པ་འཇིག་བྱེད་འདི་ལ་སྤྱོད། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གནས་ཀྱི་མཆོག་ནི་ཐོབ་པར་འགྱུར། །དཔལ་ལྡན་རྡོ་རྗེ་སེམས་དཔས་ནི། །གང་ཞིག་འགྲོ་ལ་ཕན་པར་ནི། །ཀུན་འདར་གྱི་ནི་སྤྱོད་པ་གསུངས། །དེ་ལྟར་མཆོག་ཏུ་བསམ་ཡས་གནས། །ཤིན་ཏུ་གསང་བ་ཡོ་གིས་སྒོམ། །རྟོག་པ་ཐམས་ཅད་བྲལ་བ་ནི། །དམ་ཚིག་ལ་ནི་སྤྱོད་པར་བྱ། །རྒྱུ་མཐུན་འབྲས་བུ་རང་བཞིན་ལས། །དང་པོའི་རྩོམ་བར་ཡོ་གི་གནས། །དེ་ནས་བསྒོམས་པས་དུབ་པ་ན། །བསྡུས་ནས་བྱིས་བའི་རྩེ་བར་བྱ། །སྣ་ཚོགས་གདུལ་བྱའི་འཇིག་རྟེན་ལ། །འཇམ་པའི་གཟུགས་ཅན་རང་ཉིད་བསྒོམ། །གྲུབ་པར་གྲགས་པ་མ་ལུས་པ། །ཅི་གསུངས་རྣམ་པ་སྣ་ཚོགས་པའི། །སྤྱོད་པ་བླ་ན་མེད་པ་ཡིས། །ཀུན་བཟང་མཚུངས་པ་མེད་འགྲུབ་པས། །སྤྱོད་པ་ངེས་རིག་རྡོ་རྗེ་ཅན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །གསང་བའི་སྤྱོད་པས་གནས་ནས་ནི། །བློ་གྲོས་ཆེན་པོ་བྱ་བ་བྱས། །དེ་ནས་རང་གི་འདོད་སྒྱུར་བས། །སྦྱོར་བ་ཀུན་ལ་ཁ་ཕྱིར་བལྟས། །ཀུན་ཏུ་སེང་གེ་ལྟ་བུར་ནི། །དེ་ཉིད་
404a
༄#། །ལྡན་པས་བདག་གིས་སྤྱད། །ཇི་ལྟར་བྱུང་དོན་ཡང་དག་རིག་།འགྲོ་བ་འདོན་པའི་བསམ་པ་ཡིས། །ཡང་དག་ལྟ་བ་རབ་སྒྱུར་བདག་།བརྟན་པའི་སེམས་ནི་གནས་མེད་པས། །ཕུང་པོ་ཁམས་སོགས་མཚན་ཉིད་ནི། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟར། །ཁམས་གསུམ་འདི་དག་ཐམས་ཅད་ནི། །མདོར་བསྡུས་ནས་ནི་འདིར་ཤེས་བྱ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །འཚོ་བར་དབང་ཕྱུག་འདུ་བ་དང ། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་རིང་དུ་སྤངས། །རྟག་ཏུ་རྟོག་པ་མེད་གྱུར་བས། །གཉིས་སུ་མེད་བར་ངེས་བྱས་ནས། །ཕ་རོལ་ཕྱིན་དྲུག་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་གྲུབ་ཕྱིར། །སེམས་ཅན་དོན་ལ་ལེགས་ནུས་ཀྱང ། །སེམས་ཅན་ཡོངས་སུ་བརྟག་མི་བྱ། །བྱང་ཆུབ་ལ་ནི་སེམས་བཞག་ནས། །ཕྱོགས་ལས་རྒྱལ་བའི་སྤྱོད་པ་བརྩམ། །ཐབས་དང་ཤེས་རབ་ལྡན་པའི་བདག་།སྦྱོར་བ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་ཉིད་གོམས་པར་རབ་བྱས་པས། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །རྟོག་པ་ཀུན་ལས་རྣམ་པར་གྲོལ། །སེམས་ཅན་བསམ་པའི་ཁྱད་པར་ལས། །སྒྱུ་མ་ལྟར་སོགས་རྣལ་འབྱོར་གྱིས། །ཐམས་ཅད་ཉིད་ནི་བཟའ་བར་བྱ། །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང ། །མི་མཐུན་ཕྱོགས་ནི་གང་ཡང་མེད། །དོགས་བ་མེད་པའི་སེམས་ཀྱིས་ནི། །
404b
ཇི་ལྟར་འདོད་པར་རབ་ཏུ་བཟའ། །ལོངས་སྤྱོད་རྫོགས་དོན་འདི་དག་ཀུན། །ཁམས་གསུམ་དག་ནི་མ་ལུས་པ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་རྣམ་པར་སྤྲུལ། ། ཡེ་ཤེས་མཐའ་ཡས་ཐོབ་པ་ཡིས། །དེ་བཞིན་གཤེགས་ཕྱག་མི་བྱ་ན། །རྟག་ཏུ་སྒོམ་པ་ལྡན་པ་ཡིས། །དབང་བསྐུར་མེད་སོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །དངོས་པོ་ཀུན་གྱི་རང་བཞིན་འདི། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །དེ་ཕྱིར་དེ་ཉིད་ལྷ་རྣམས་ཉིད། །དཀྱིལ་འཁོར་སྨྱུང་བར་མི་བྱ་ཞིང ། །ཕྱག་རྒྱ་མཆོད་རྟེན་ལས་མི་བྱ། །དཔལ་ལྡན་རྡོ་རྗེ་མགོན་པོས་ནི། །གང་ཡང་གཞན་དུ་བསྟན་པ་རྣམས། །ལག་པར་མོས་པས་གནས་གང་ཡང ། །དེ་རྣམས་ཀྱིས་ཀྱང་དེ་ཉིད་རིག་།ཇི་ལྟར་བདུད་རྩི་དོན་གཉེར་བས། །སྙིང་པོ་བླངས་ནས་དོར་བ་སྤོང ། །དེ་ལྟར་ཆོས་ཀྱི་སྙིང་པོ་ནི། །ཐོབ་ནས་རྟོག་པ་ཐམས་ཅད་སྤངས། །རྟོག་མེད་གང་ཚེ་བློ་ལྡན་པས། །དོགས་པ་སྤངས་ཤིང་གནས་མེད་པ། །ཐུགས་ཀྱི་རྡོ་རྗེ་ཅི་གསུངས་བཞིན། །དེ་ཚེ་འགྲུབ་འགྱུར་ཐེ་ཚོམ་མེད། །རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བར་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་མེད་ན་གྲོལ་འགྱུར་ཞིང ། །གནས་ནི་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དྲ་གཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང ། །དེ་ནི་རྟག་ཏུ་གོམས་པར་བྱ། །གང་གིས་དམ་ཚིག་གནས་གྱུར་
405a
༄#། །པ། །སྔགས་ཤེས་བསམ་པའི་ནུས་པས་བྱ། །དངོས་བོ་ཀུན་ལ་བལྟ་བར་བྱ། །ངེས་པར་ཐམས་ཅད་མ་སྐྱེས་པའི། །རྣམ་བ་ཡི་ནི་རྣལ་འབྱོར་གྱིས། ། ཁྱི་དང་བོང་བུ་རྔ་མོ་དང ། །གླང་པོ་ལ་སོགས་ཁྲག་འཐུངས་ནས། །ཤ་ཡང་རྟག་ཏུ་བཟའ་བ་ཉིད། །ཤ་ཆེན་ཁྲག་གིས་གོས་པ་ནི། །ཐམས་ཅད་ཁྱད་པར་དུ་ནི་བལྟ། །དམན་པའི་ཤ་ནི་ཐམས་ཅད་དང ། །སྲོག་ཆགས་འབུམ་ཕྲག་བརྒྱ་ལྡན་བཟའ། །རྣམ་སྣང་ཤིན་ཏུ་རུལ་པ་ཡི། །སྲིན་བུ་བརྒྱ་ཕྲག་ཟི་ཟིར་ལྡན། །ཁྱི་དང་མི་སྐྱུགས་བསྲེས་ནས་ནི། །ཤ་ནི་རྡོ་རྗེའི་ཆུ་གོས་ལྡན། །རྣལ་འབྱོར་བས་ནི་སྤྲོ་བ་ཡིས། །རྣམ་སྣང་བསྲེས་ནས་བཟའ་བར་བྱ། །རྡོ་རྗེའི་ཆུ་ནི་བཏུང་བར་བྱ། །གང་གི་ཤ་ཡང་ཟ་བར་མ་གྱུར་ན་གཞན་དུ་རྣམ་པར་རྟོག་པའི་ཤའི་རང་གི་ངོ་བོས་བཟའ་བས་བཟའ་བར་བྱ་སྟེ། གང་ཞིག་གཞན་པའི་འཇིག་རྟེན་ཟ་བ་དེ་བཟའ་བར་བྱའོ། །དེ་ཁོ་ན་སྒྲུབ་པ་པོའི་དབང་པོ་གང་ཞིག་བགྲོད་པར་བྱ་བ་མ་ཡིན་པ་དེ་ལ་བགྲོད་པར་བྱ་བ་དང ། གང་ཞིག་བྱ་བ་མ་ཡིན་པ་དེ་ནི་དེའི་བྱ་བ་དང ། བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པར་རྣམ་པར་རྟོག་པ་དང ། བཟའ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང ། སྡུག་པ་དང་མི་སྡུག་པ་དང ། བཏུང་བ་དང་བཏུང་བ་མ་ཡིན་པར་སྔགས་པས་མི་བྱ་སྟེ། སྐུ་དང ། གསུང་དང ། ཐུགས་མཉམ་པར་
405b
གཞག་པར་འགྱུར་རོ། །ཇི་ལྟར་ཡང་སེམས་འཁྲུལ་པ་མ་ཡིན་པ་དེ་ལྟར་ཆང་རྣལ་འབྱོར་བས་རྟག་ཏུ་བཏུང་བར་བྱ་བ་དང ། དམན་པས་ཤིན་ཏུ་སྒོག་པ་དང ། རིགས་དང་བཅས་པ་དང ། རིགས་མེད་པ་དང ། སྡུག་ཅིག་ཕོངས་པའི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བའི་ཚུལ་གྱིས་རྒྱལ་བ་ལྟ་བུར་ལྟ་བ་དང ། གླེགས་བམ་བཀླགས་པར་གསུངས་བ་མི་བྱ་བ་དང ། དཀྱིལ་འཁོར་དང ། མེ་ཏོག་བསྡུ་བར་མི་བྱ་བ་དང ། སྔགས་ཀྱི་བཟླས་པ་མི་བྱ་བ་དང ། ལྷ་དང་དབང་བསྐུར་བ་ལ་སོགས་པ་ལ་ཕྱག་མི་བྱ་བ་དང ། བརྫུན་དུ་སྨྲ་བ་དང ། ཕ་རོལ་གྱི་བུད་མེད་སྐལ་བ་བཟང་མོ་བསྟེན་པར་བྱ་བ་དང ། གདུག་པ་ཅན་ལ་བྱམས་པ་མི་བྱ་བར་གསུངས་པ་དང ། སངས་རྒྱས་དང ། སྲོག་ཆགས་བསད་པ་དང ། རྒྱལ་བས་མཆོད་པའི་སློབ་དཔོན་དང ། ཡེ་ཤེས་ཀྱི་དམ་ཚིག་སེམས་ཅན་ཏེ་དམ་ཚིག་རྟག་ཏུ་དངོས་གྲུབ་སྣ་ཚོགས་སྦྱིན་པར་བྱེད་དེ། བློ་དང་ལྡན་པ་ལ་ཕྱོགས་བཅུར་རྣམ་པར་བཞུགས་པས་མཆོད་པར་བྱེད་དེ། གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སློབ་དཔོན་གྱི་བ་སྤུའི་ཁུང་བུའི་རྩེ་མོ་ལ་མཐོང་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སློབ་དཔོན་ལ་སངས་རྒྱས་ཀྱིས་མཆོད་པ་བྱེད་པ་མཐོང་ངོ ། །ངེས་པར་རང་གི་དམ་ཚིག་སངས་རྒྱས་འདོད་པས་དངོས་གྲུབ་སྦྱིན་པར་བྱེད་པས་བླ་མ་དམ་པ་
406a
༄#། །ལ་སྨད་པར་མི་བྱ་བ་དང ། རྡོ་རྗེ་སྤུན་པ་མི་གུས་པར་མི་བྱ་བ་དང ། གང་ཞིག་བྱིན་པ་དེ་བཟུང་ནས་མཆོད་རྟེན་ལ་ཕྱག་མི་བྱ་བ་དང ། སྤུན་དང ། བུ་དང ། ཕ་དང ། རྒྱལ་སྲིད་ཀྱི་ལོངས་སྤྱོད་དང ། གཏེར་དང ། ནོར་བུ་དང ། འཕྲུ་ཐམས་ཅད་ལ་རྩཝ་ལྟ་བུར་མཐོང་ནས་ཁམས་གསུམ་གྱི་རྒྱལ་པོ་བསྒྲུབ་པར་བྱའོ། །འཁྱུད་པའམ་སྤྱོད་པ་སྟེ་ལྔ་པ་ལས། རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་ཡང་དག་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཚན་ཉིད། །གང་གིས་རིང་ནས་ཤེས་པ་དེ། །རྡོ་རྗེ་ཡོ་གིར་ཐེ་ཚོམ་མེད། །མཁའ་འགྲོ་མ་སོགས་གཏོར་མ་ནི། །ཇི་ལྟར་རྙེད་དང་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་པ་ཡིས་བཟའ། །རོ་ཡི་དཀྲིས་མའི་གོས་བཟང་དང ། །རོ་བསྲེགས་ཐལ་བས་རྣམ་པར་བརྒྱན། །ཕྲུ་ཆགས་ཤིན་ཏུ་གསང་བར་ནི། །མཚན་མོའི་དུས་སུ་རྒྱུ་བར་བྱ། །བཞི་མདོ་དང་ནི་རི་བོ་དང ། །ཤིང་གཅིག་གམ་ནི་དུར་ཁྲོད་དང ། །བཞིར་ནི་དེ་ནས་སྔགས་པ་ཡིས། །སྒོམ་པ་བཟང་པོ་བྱ་བར་བརྗོད། །མ་མོའི་ཁྱིམ་དང་མཚན་མོ་དང ། །ཡང་ན་དབེན་པའམ་བས་མཐར་ནི། །ཅུང་ཟད་དོད་ནི་ཐོབ་པ་ཡིས། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །བདག་ཉིད་གལ་ཏེ་འགྲུབ་འདོད་པས། །བྱིས་པ་བཞིན་དུ་སྤྱད་ནས་ནི། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེན་པ་མེད་པའི་
406b
སེམས་ཀྱིས་ནི། །ཁ་དོག་ཅན་གྱིས་རྟག་སྒྲིབ་པ། །བ་སྤུའི་ཁུང་བུའི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་དབྱུང་བར་བྱ། །འཇམ་པའི་རྡོ་རྗེར་རང་གྱུར་ནས། །དཀྱིལ་འཁོར་པར་ནི་རབ་ཏུ་བརྟག་།པདྨའི་ཚལ་ནི་ཉམས་དགའ་བའམ། །ཆུ་བོ་འདུས་པ་རྣམས་སུ་ཡང ། །དེར་གནས་རྣལ་འབྱོར་པས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཕུག་གམ་རི་ཡི་རྩེ་མོར་ནི། །ཤིན་ཏུ་མཉམ་པར་བཞག་པས་གནས། །ཇི་ལྟར་རྙེད་པ་བཞིན་དུ་བཟའ། །ཟོས་ཤིང་ཟོས་ནས་གཏོར་མ་སྦྱིན། །འབྲས་བུ་སྣ་ཚོགས་དོ་ཤལ་སོགས། །འོལ་མ་ཟི་སོགས་དེ་བཞིན་སྤྲས། །སྲོག་ཆགས་ཡན་ལག་གོས་གོན་ཞིང ། །བདེ་དོན་གཉེར་ལ་བདེ་བ་སྦྱིན། །རེས་འགའ་ལེགས་སྦྱར་ཟུར་ཆག་ནི། །བཟློག་པ་ཡིས་ནི་འདོན་པར་བྱེད། །བཟའ་དང་བཟའ་མིན་ཅི་རྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །གཞན་པའི་ཡུལ་འཁོར་གྲུབ་པ་དང ། །རི་ཡི་ཕུག་དང་ཚང་ཆིང་དང ། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཡང ། །དེར་གནས་ཤེས་རབ་ཅན་གྱིས་སྒོམ། །སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ།། སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །ཕྱོགས་བཅུར་རྣམ་པར་གནས་པ་ཡི། །སྐྱེ་བའི་སྒྲིབ་པས་བསྒྲིབས་པ་ཡི། །ཀུན་གྱི་བསམ་པ་ཡོངས་སུ་འགེངས། །གཟུང་བ་དང་ནི་\?\་
407a
༄#། །ཀུན། །སྒོམ་པས་སྤངས་ཤིང་རྣམ་པར་སྤངས། །འདིས་ནི་སྒོམ་པ་ཐམས་ཅད་ཀྱིས། །ཕྱོགས་ལས་རྣམ་རྒྱལ་མངོན་པར་བརྗོད། །དེ་ལྟར་རེ་ཞིག་གནས་བྱས་ནས། །དེ་ཉིད་མི་ཤིགས་རྣལ་འབྱོར་པས། །རིག་མའི་ལྷ་མོ་འདོད་པ་ཡི། །ཤིན་ཏུ་གཟུགས་ཅན་བསྡུས་ནས་བྱ། །ཆུས་བྱུང་ཡིད་འོང་རིན་ཆེན་དང ། །རིག་པ་འཛིན་པའི་ཉམས་དགའ་མ། །ལྷ་ཡི་བུ་མོ་གནོད་སྦྱིན་ནོ། །ཡང་ན་ཀླུ་མོ་རྐང་འོག་ཏུ། །གནས་པ་དང་ནི་ལྷ་མིན་མ། །འདི་ནང་ཡོ་གིས་རིག་མ་གཅིག་།རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པའི་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་སྒྲུབ། །ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བསླངས་པར་ནི་ལྷ་ཡིས་སྟེར། །རྒ་དང་ནད་ལས་རྣམ་པར་གྲོལ། །གཉིས་མེད་གནས་གསུམ་སྡིག་པ་མེད། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་དང་སྐལ་མིན་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་སྦྱིན་མ་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་བཟའ་བར་བྱ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱ་འོ། །བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་བྱ་བ་ཉིད། །དངོས་པོ་ཀུན་གྱིས་རང་བཞིན་གྱིས། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། །མཆོད་སྦྱིན་སྦྱིན་
407b
དྲག་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཤིན་ཏུ་རྣལ་འབྱོར་ལྡན་སྤྱོད་ཀྱིས། །ངེས་པར་སྔོན་དུ་ལྷ་མིན་གང ། །བརྒྱ་བྱིན་ལྷ་བུ་ཡིན་ན་ཡང ། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེས་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་པའི་བཏུང་བས་བཟི་བ་མེད། །ཡང་ན་དཔལ་ལྡན་རྒྱལ་ཚབ་ཆེ། །བརྟུལ་ཞུགས་སྤྱོད་པའང་བསྒྲགས་པ་ཡང ། །གང་གིས་དངོས་གྲུབ་མཐར་འགྲོ་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྒོམ་པ་པོ་ཡིས་རྣམ་བཟུང་བ། །རྣ་བ་དག་ལ་རྣ་ཆ་བཟང ། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཉིད། །རྐང་པ་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་ནོར་བུ་སྟེ། །བགོ་བ་སྟག་གི་པགས་པ་ཉིད།། བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །མཉམ་བར་གཞག་པས་གནས་པར་བྱ། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན།། རྡོ་རྗེ་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བརྟུལ་ཞུགས་རྟོགས་པར་བྱ། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །གང་ཞིག་རང་གི་འདོད་པའི་ལྷའི། །རིགས་ཀྱིས་ཀྱང་ནི་བྱ་བའོ། །ཡང་ན་གཞན་གྱི་
408a
༄#། །རིགས་བྱུང་བ། །བྱང་ཆུབ་ས་བོན་བཅུག་པ་ཡིས། །སྦྱང་བར་བྱས་ཏེ་ཁྱེར་ནས་ནི། །གང་ཚེ་རྡོ་རྗེ་མཆོག་ལྡན་པར། །དེ་ཚེ་གླུ་ནི་བླང་བར་བྱ། །གང་ཚེ་དག་བ་སྐྱེས་པ་ན། །ཐར་པའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱ། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །སྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བར་རིན་ཆེན་བདག་།ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཤེས་རབ་ཁནྡཱཾ་ག་གཟུགས་ཅན། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ། །སྨན་ནི་རྣམ་པར་བཟའ་བར་བྱ། །ཆུ་ནི་རྟག་ཏུ་བཏུང་བྱ་སྟེ། །རྒ་ཤིས་ཟིལ་གྱིས་མི་ནོན་ཅིང ། །ཀུན་ཏུ་སྲུང་བར་གྱུར་པ་ཡིན། །རྐུན་མའི་སྐྲས་བྱས་ཅོད་པན་ཅན། །དེ་ལ་ཧཱུཾ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །སོར་ལྔའི་དུམ་བུར་བྱས་ནས་ནི། །ཅོད་པན་ལ་ནི་རྣམ་པར་འཛིན། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་སྐོར་ཉིད། །ཐལ་པ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་སྤྱོད་པས་འཛིན། །ཅང་ཏེའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བའོ། །ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་སྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་པ། །
408b
ཀརྨ་དང་རྨོངས་དང་དེ་བཞིན་འཇིགས། །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །ཧེ་རུ་ཀ་བདག་རྣལ་འབྱོར་པ། །རིགས་ལྔ་ལ་ནི་གནས་པར་བྱ། །རིགས་ལྔ་དག་དང་མཉམ་ལྡན་པར། །རིགས་ནི་གཅིག་ཏུ་རྣམ་པར་བརྟག་།རིགས་གཅིག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བ་བསྐྱེད་མི་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པར་བྱ། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་ལས་སྤྱོད་པའི་བརྟག་པ་སྟེ་ལྔ་པའོ།། །།ལྷ་ལགས་མཉན་པར་འཚལ་ལགས་ན། །རང་བྱིན་བརླབ་པའི་རིམ་ཅི་ལགས། །གསང་བ་ལ་སོགས་དགོངས་པ་ཅི། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། །ཡིད་ནི་གཅིག་ཏུ་གྱུར་པས་ཉོན། །ཐམས་ཅད་རྒྱུད་ཀྱི་གཏན་ཕབ་པ། །མདོར་བསྡུས་ནས་ནི་བསྒྲག་པར་བྱ། །ེ་ཡི་རྣམ་པ་གང་གསུངས་པ། །གནས་ཀྱི་མཚན་ཉིད་མི་གསལ་བར། །འགྲོ་དང་རྗེས་སུ་འོང་བ་ཉིད། །ཁམས་དང་སེམས་ཀྱི་རྟག་འགྲོ་བའོ། །ཁམས་ཞེས་བྱ་བའི་སྒྲ་དུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་གསང་བའི་ཡི་གེ་བཅུ་དྲུག་བརྗོད་པར་བྱ་སྟེ། ར་ཡི་རྣམ་པ་ཁྲག་གི་ཁམས། །ཧ་ནི་དེ་བཞིན་རེག་བྱ་ཉིད། །སྱེ་ནི་བན་ཀན་ཞེས་བྱར་གསུངས། །པ་ཡི་རྣམ་པ་སེམས་ཉིད་དང ། །ར་ཡི་རྣམ་པ་རོ་ཉིད་དེ། །མེས་ནི་དེ་བཞིན་ལྟོ་ཚིལ་དག་།ར་ནི་མེ་ཉིད་དུ་ནི་གསུངས། །མེ་ཡི་རྣམ་
409a
༄#། །པར་ཤ་རུ་གསུངས། །ས་ཡི་རྣམ་པ་བཤད་པར་གསུངས། །རྦཱ་ཡི་རྣམ་པས་དེ་བཞིན་ཚིལ། །ཏྨ་ནི་པགས་པ་ཉིད་དུ་གསུངས། །ནི་ཡི་རྣམ་པས་རུས་པ་ཉིད། །ས་ནི་གཅི་བ་ཉིད་དུ་གསུངས། །དཱ་ཡི་རྣམ་པས་གློ་བ་ཉིད། །སྠི་ནི་པདྨ་ཉིད་དུ་གསུངས། །ཤིན་ཏུ་མཛེས་པའི་རྫས་དང་ལྡན། །ཏ་ཡི་རྣམ་པས་ཁུ་བ་ནི། །བྱང་ཆུབ་སེམས་ལས་བྱུང་བ་ཡིན། །རྩ་ཡི་སྒྲ་ཡི་རང་བཞིན་ལས། །དེ་ལྟར་ལྷ་མོ་བསྒྲགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཆ་ཡི་བདག་ཉིད་འགྱུར་བ་ཉིད། །ར་ནི་མེ་ཞེས་བྱ་བར་གསུངས། །ཁྲག་ལས་མཁྲིས་པ་ཡང་དག་བླངས། །མཚན་ཉིད་གཅིག་འདོད་བད་ཀན་ལས། །རྡུལ་དང་ཆུ་རྒྱུས་ཡང་དག་བྱུང ། །དེ་ཡི་མགོན་པོར་བརྗོད་པའི་རླུང ། །ཧ་ནི་ཀུན་ཏུ་འགྲོ་བར་གསུངས། །རུས་པའི་མཚམས་ནི་འདི་རྣམས་སུ། །ས་བོན་ལྔ་ནི་ཡང་དག་བཏབ། །རྐན་ཏུ་ར་དང་ཐམས་ཅད་དུ། །ས་བོན་བཞི་ནི་དམ་པོ་ཉིད། །དང་པོའི་རེ་མིག་གནས་དེར་ནི། །ས་བོན་ལྔ་ནི་མཛེས་པ་ཉིད། །ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པར་ཡོངས་སུ་གྲགས། །ཧ་ཡི་རྣམ་པས་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །སྒྲ་ཡི་ཚུལ་ལས་བྱུང་བཏོན་ཞིང ། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཉིད། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐའ་
409b
ཡང་དག་གནས། །སྲུབ་དང་སྲུབ་བྱེད་སྦྱོར་བ་ལས། །ཇི་ལྟ་བ་ནི་དེ་བཞིན་ནོ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུན་ལས་གསུངས་པ་མཉན་པར་གྱིས། །རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་གཡས་སུ་དེ་བཞིན་དུ། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ལ་ནི་ཁྲག་ཉིད་དེ། །དེ་ཡི་ཕན་ཚུན་བསྡུ་བ་ཡང ། །ཆོས་ཀྱི་དབྱིངས་ནི་སྡུད་པ་ཡིན། །སྙིང་སྟོབས་སྐུ་དང་རྡུལ་དག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །རྡོ་རྗེ་པདྨོ་མཉམ་སྦྱོར་བས། །དངོས་དང་དངོས་མེད་རོ་གཅིག་འགྱུར། །བཤང་བ་གཅི་བ་བད་ཀན་དང ། །ཁྲག་དང་ལྔ་པ་ཁུ་བ་ཉིད། །བདུད་རྩི་ལྔ་ཡི་གོང་བུ་དངོས། །དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་དེ་བཞིན་གསུངས། །པགས་པ་དང་ནི་ཤ་དང་ཁྲག་།མ་ལས་སྐྱེས་པ་ཞེས་བྱར་བསྒྲགས། །གོང་བུའི་བསྡུ་བ་རྣམས་ཀྱི་ཡང ། །ཚད་ནི་འདི་དག་གསུངས་པ་སྟེ། །གོང་བུ་གཅིག་པུ་གཉིས་སུ་འགྱུར། །གཉིས་སུ་གྱུར་པ་དུ་མ་རྣམས། །གཅིག་པུ་དུ་མའི་རང་བཞིན་གྱིས། །དེ་ཕྱིར་རྡོ་རྗེ་ཅན་འདིར་གསུངས། །རྩ་ཡི་ཀུན་སྤྱོད་ཉིད་གསུངས་པ། །དེ་ཡི་སྒོ་ཡང་དེ་གཉིས་ལ། །དེ་རྣམས་འདུ་བའི་དུས་སུ་ནི། །ལྷ་ནི་དམིགས་པར་འགྱུར་བ་ཡིན། །སྟེང་གི་སྒོ་དང་འོག་ཉིད་དེ། །འོག་གི་སྒོ་ནི་རྣམ་པར་ཤེས། །
410a
༄#། །སྟེང་གི་སྒོ་ནི་དབྱིངས་ཉིད་དོ། །རྩ་ནི་ཐམས་ཅད་མཉམ་སྦྱོར་བས། །རྣལ་འབྱོར་བས་ནི་འཇུག་པར་བསམ། །དེ་ཡི་ལུས་ཀྱི་སྟེང་སྒོ་ལའང ། །རྡོ་རྗེ་ཅན་གྱི་རྟག་རྒྱུན་བཞུགས། །སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཀྱེ།་བཅོམ་ལྡན་འདས། སྦྱོར་བ་གསུམ་ནི་ཅི་ཞེས་བཤད། །ཇི་ལྟར་གང་གི་རྣམ་པ་ཡིས། །སེམས་ཀྱི་རྟག་ཏུ་འགྲོ་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསུམ་ཉིད་སྦྱོར་བ་སྦྱོར་བ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། ། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཐ་མ་འབྲིང་པོ་དམ་པ་ཉིད། །ཀ་བ་གཅིག་དང་སྒོ་དགུ་པ། །སྦོམ་པོ་ལྔ་ནི་ལྷག་པའི་ལྷ། །བུག་པ་དགུར་ནི་སོན་པའི་སྒོ། །དགུ་ཡི་རྣམ་པར་ཡོངས་སུ་གྲགས། །ཐ་མའི་སྒོ་ནི་སྐུར་ལྡན་པ། །སྤོམ་པོ་ལྷ་ཡི་སྤྲུལ་པའོ། །སེམས་དང་སྐྱེས་བུ་སྐྱེས་བུ་ཅན། །ཁྱད་པར་རྣལ་འབྱོར་བ་ཡི་དོན། །རྟག་པར་ཀུན་ཏུ་དུས་སུ་ནི། ། འགྲོ་དང་འོང་བའི་ཁྱད་པར་ལས། །རྐང་མེད་རྐང་གཅིག་རྐང་གཉིས་དང ། །རྐང་བཞི་ལས་ནི་སོགས་པ་ཡི། །རླུང་ལ་སོགས་པས་རབ་དབྱེ་བས། །རྟག་ཏུ་འགྲོ་བ་རླུང་རྣམས་བཞི། ། སེམས་ཀྱི་གནས་པ་རྣམ་པ་གཉིས། །ནུབ་དང་རབ་རྒྱུའི་ཆོ་ག་ཡིས། །རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་འགྲོ་བའོ། །དེ་ལྟར་གང་ཞིག་མི་རིག་པ། །སེམས་མེད་
410b
སྐྱེས་བུ་མེད་པ་དང ། ཡིད་དང་ལྡན་པ་མེད་པ་དང ། །རྣལ་འབྱོར་པ་ཡི་དོན་མེད་པ། །མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ།། སྟེང་དང་ངོས་དང་བྲང་འོག་འགྲོ་།ཟླ་བ་ཉི་མའི་རབ་དབྱེ་བས། །གསུམ་པའི་སྒོ་ནི་ཡིད་དང་བཅས། །རྡུབ་དང་དབྱུང་བ་གཉིས་ཀ་ཡང ། །སྒོ་ཡི་དམ་པ་ཉིད་ཡིན་ཏེ། །གཙོ་བོ་དམ་པ་ཡི་ནི་སྒོ། །སྟེང་དང་འོག་ཏུ་རབ་ཏུ་གྲགས། །འོག་གི་སྒོས་ནི་རྣམ་པར་ཤེས། །སྟེང་གི་སྒོས་ནི་དབྱིངས་ཉིད་དེ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས་དེ་རྣམས་འོག་ཏུ་རྣམ་པར་གནས། །སྟེང་གིས་གཤེགས་སུ་གསོལ་བ་ཉིད། །དགུག་དང་གཤེགས་སུ་གསོལ་བ་ཡི། །ཚུལ་གྱི་སེམས་ཀྱིས་རྟག་ཏུ་འགྲོ་།དུས་གསུམ་སངས་རྒྱས་ཐམས་ཅད་དང ། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །འཇུག་པ་དང་ནི་ལྡོག་པ་ལ། །ཡོན་ཏན་སྐྱོན་ནི་རབ་བརྗོད་པས། །བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པ་གྲུབ་པའི་གནས། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་ནས་བཅོམ་ལྡན་ལྷ་མོས་ནི། །བོ་ལླ་ཀཀྐོ་ལར་བཅུག་ནས། །སེམས་དཔའ་ཆེན་པོ་མཉེས་བྱས་ཏེ། །ཚིག་ནི་འདི་དག་ཡང་དག་གསོལ། །དཔྱིད་ཅེས་བགྱི་བ་ཇི་ལྟར་ལགས། །ཐིག་ལེ་བགྱི་བ་ཇི་ལྟར་ལགས། །མི་ཕྱེད་མ་སོགས་ཇི་ལྟར་གནས། །དེ་ཡི་གནས་
411a
༄#། །ནི་ཇི་ལྟར་ལགས། །པུ་ལླི་ར་སོགས་ཅི་གསུངས་དང ། །འཁོར་ལོ་བཀོད་པ་དེ་བཞིན་གཞན། །ཇི་ལྟར་རྩ་ཡི་རྫོགས་པ་ཡི། །དེ་ཡི་དབྱེ་བ་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་བཤད་པར་བྱ་ཡི་ཉོན། །གསང་བ་ལས་ནི་ཆེས་གསང་མཆོག་།རྩའི་རང་བཞིན་དང ། གནས་ལ་སོགས་པ་དང ། ས་བཅུ་དང ། ཕ་རོལ་ཏུ་ཕྱིན་པའི་སྐུ་དང ། གསུང་དང ། ཐུགས་ཀྱི་འཁོར་ལོར་སོན་པ་གནས་ཀྱི་ནང་གི་རབ་ཏུ་དབྱེ་བས་ཉི་ཤུ་རྩ་བཞིར་གསུངས་པ། སྤྱི་བོ་མ་ལ་ཡ་ཡི་ཡུལ། །དེ་བཞིན་སྤྱི་གཙུག་འབར་བ་འཛིན། །དེ་བཞིན་དུ་ནི་ཨུཌྡྱ་ན་ཉིད། །རྣ་བ་གཡས་པ་ཉིད་དུ་བརྗོད། །རྩིབ་མའི་རྒྱབ་ནི་ཨརྦུ་ད། །བཞི་ནི་གནས་ཤེས་པ་བྱའོ། །རྣ་བ་གཡོན་པའི་རང་བཞིན་ནི། །དེ་བཞིན་གོ་ད་བ་རིར་ཤེས། །དགའ་བའི་དབང་ཕྱུག་བཤད་པ་ནི། །སྨིན་མའི་དབུས་གནས་རབ་ཏུ་བསྐུལ། །དེ་བཞིན་མིག་དག་ལྷ་མོའི་མཁར། །ལག་པའི་རྩ་བར་མཱ་ལ་བ། །དེ་ལྟར་ཉེ་བའི་གནས་ཉིད་དེ། །ཐུགས་ཀྱི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ཁྱད་པར་རང་བཞིན་གྱི། །མཁའ་སྤྱོད་རྣམས་ཀྱིས་ཡང་དག་བཤད། །མཆན་ཁུང་ཀཱ་མ་རཱུ་པ་ཉིད། །ནུ་མ་ཨོ་ཏྲེར་རབ་ཏུ་གྲགས། །འདི་དག་ཞིང་དུ་ཡང་དག་བརྗོད། །ལྟེ་བ་ཏྲི་ཤ་ཀ་ནི་ར་བརྗོད། །སྣ་ཡི་རྩེ་མོར་ཀོ་
411b
ཤ་ལཱ། །ཉེ་བའི་ཞིང་དུ་བརྗོད་པའོ། །ཁ་ནི་ལིང་ཀ་རུ་བརྗོད། །མགྲིན་པ་ལཾ་པ་ཀ་རུ་གསུངས། །ཙྪནྡོ་ཧ་ཞེས་རྣམ་པར་བཤད། །སྙིང་ནི་ཀཱཉྩིར་བརྗོད་པ་སྟེ། །དབང་པོ་ཧི་མ་ལ་ཡ་ཉིད། །ཉེ་བ་ཡི་ནི་ཙྪནྡོར་བརྗོད། །དེ་ལྟར་ཡུལ་རྣམས་ཐམས་ཅད་དུ། །གསུང་གི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ཁྱད་པར་ཡུལ་གྱི་ནི། །ས་སྤྱོད་རྣམས་ཀྱི་ཡང་དག་བཤད། །རྟགས་ལ་ཡི་དྭགས་ལྷག་པར་གནས། །གསང་བ་ལ་ནི་ཁྱིམ་གྱི་ལྷ། །འདི་དག་འདུ་བར་བརྗོད་པའོ། །བརླ་ནི་སཽ་རཱ་ཥྚར་བརྗོད། །རྗེ་དར་གཉིས་ནི་གསེར་གླིང་གི་།རང་གི་ངོ་བོར་རྣམ་པར་བཤད། །ཉེ་བ་ཡི་ནི་འདུ་བ་ཉིད། །སོར་མོ་ནཱ་ག་ར་རུ་བརྗོད། །རྐང་པའི་རྒྱབ་ནི་སིནྡྷུར་ངེས། །དུར་ཁྲོད་དུ་ནི་ཡང་དག་བརྗོད། །མཐེ་བོང་ལ་ནི་མ་རུ་ཟེར། ། པུས་མོ་ཀུ་ལ་ཏྲཱ་རུ་བརྗོད། །འདི་དག་ཉེ་བའི་དུར་ཁྲོད་ཉིད། །མཁའ་འགྲོ་མར་ནི་གསུངས་པའོ། །འདི་དག་ཡུལ་དང་རང་ལུས་སྐྱེས། །རང་གི་ནང་དང་ཕྱི་རོལ་གནས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཐམས་ཅད་དུ་ནི་ཡང་དག་བཤད། །འདི་རྣམས་གནས་སུ་མཁའ་འགྲོ་མ། །རྩ་ཡི་གཟུག་ཀྱིས་ཡང་དག་གནས། །དྲུག་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།དེ་ནས་གཞན་ཡང་དམ་པའི་དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་གནས་སུ་སོན་པའི་རྩའི་འཁོར་ལོ་
412a
༄#། །བཤད་པར་བྱའོ། །སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གིས་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤྲཱི་ནི་ཧེ་རུ་ཀ་།འདི་ནི་དཔྱིད་ཀྱི་ཐིག་ལེར་བརྗོད། །རྣལ་འབྱོར་མ་ཡི་གཟུགས་འཛིན་མ། །རྒྱུ་དང་མི་རྒྱུ་བཅས་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བས་ནི། །སྒོ་ནི་རྣམ་གསུམ་འབྱུང་བ་ལས། ། འགྲོ་བ་དང་ནི་འོང་བར་བྱེད། །འདི་ནི་ཀུན་གྱི་ལུས་ལ་གནས། །ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལ་ཡང་ནི་ཧཱུཾ་ཉིད་ནི། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་པ་ལུ་ཏ། །དཔྲལ་བར་ཧཾ་གིས་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །འཁོར་ལོ་བཞི་ཡི་རབ་
412b
དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང ། །ཐུན་བཞིར་བྱིན་གྱིས་བརླབས་པ་དང ། །པདྨ་བཞི་ལས་བྱུང་བ་དང ། །དགའ་བ་བཞི་ཡི་ངོ་བོ་ཡིས། །རྣལ་འབྱོར་བཞི་ནི་མངོན་དུའོ།། མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་གཞི་ལ་ཡང ། ། འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང ། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་ལྔ་རྣམས་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་ནི་སྤྱི་བོ་སྐྱེས་ཞེས་བརྗོད། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །དེ་ཡི་ནང་ནས་གཙོ་མ་ནི། །པུ་ལླཱི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་པ་ཕྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ུཌྱཱཎ་གནས་ནི་ཆེན་པོ་ལ། །རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་
413a
༄#། །དྲི་མ་འབབ་མ་གནས། །རྦུ་དར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མར་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་གནས། །དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོ་གནས་པའི་ཕྱིར། །རུས་པའི་ཕྲེང་བ་འཁྲུགས་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་རྟག་པར་གནས། །མཱ་ལ་བར་ནི་དབང་མ་ནི། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །རྩ་ནི་གང་ཞིག་མིག་འབབ་མ། །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་བྲལ་མ་ཞེས་རྣམ་པར་བཤད། །ོ་ཌེར་མཁྲིས་པ་འབབ་པའི་རྩ། །གང་ཞིག་མཇུག་མ་ཆེན་མོར་བརྗོད། །ཏྲེ་ཤ་ཀུ་ནེར་བྱུང་བ་ནི། །མ་མོ་ངེས་པར་གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །སྒྱུ་མའི་ཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངོས། །ལཾ་\?\་པཱ་ཀར་ནི་རབ་ཏུ་གྲགས། །འབབ་མ་ཉིད་ནི་ཀཱཉྩིར་གནས། །ཐམས་ཅད་དུ་ནི་བཤང་པ་འབབ། །མཚམས་ཀྱི་མཐའ་ཡི་ནང་དུ་ཡང ། །ཁ་བའི་གནས་སུ་རངས་མའི་
413b
གདོང ། །ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དྭགས་ལྷ་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རང་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སཽ་རཱཥྚར་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་ནི་དམར་པོ་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །སྦྱོར་བྲལ་མར་ནི་རབ་ཏུ་གྲགས། །ནཱ་ག་རར་ནི་སྡུ་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིནྡྷུར་ཤིན་ཏུ་གྲུབ་པ་ཉིད། །མྱ་ངན་མཆི་མ་འབབ་མར་བརྗོད། །མ་རུར་གནས་མ་ལུད་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བསྟན། །ཀུ་ལུ་ཏར་ནི་ཡིད་བཟང་མ། །ཤ་དང་སྣབས་ནི་འབབ་པའོ། །དྲུག་པ་ལས་ཡུལ་གྱི་དགོད་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྷ་ལགས་མཉན་པར་འཚལ་ལགས་ན། །ནང་གི་དཀྱིལ་འཁོར་མཆོད་པ་ལས། །སོགས་པའི་ལས་ནི་ཇི་ལྟར་ལགས། །སྦྱིན་སྲེག་ལས་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་།། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་
414a
༄#། །ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་གསུངས། །རི་ནི་མགོ་བོའི་ཟེ་འབྲུ་ལ། ། ཇི་ལྟར་རྩེ་མ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་གཉིས་ཀྱིས། །དེ་ནི་རྫོགས་པའི་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང ། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟེ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །དེ་ནི་སྤྱི་བོའི་ཆར་གནས་པ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །དབྱངས་དང་གསལ་བྱེད་མཛེས་པར་གནས། །སུམ་ཅུ་རྩ་གཉིས་བྱང་ཆུབ་འདོད། །པདྨའི་ནང་དུ་སོན་པ་གང ། །དེ་ནི་ཟླ་བའི་དཀྱིལ་འཁོར་བརྗོད།། སྤྱི་བོའི་ནང་དུ་ཀླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧཾ་གིས་རྣམ་པ་ཉིད། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟན་པའི་བདག་ཉིད་གཡོ་བའི་བདག་།གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱི་རྣམ་པར་གནས། །ལུས་ཅན་རྣམས་ནི་ཀུན་གྱི་གཟུགས། །དེ་ཕྱིར་
414b
གདོད་ནས་རྫོགས་པ་ཉིད། །བདུད་རྩིའི་གཟུགས་ཀྱིས་འཛག་པར་ནི། །ཉིན་དང་མཚན་དུ་རྣམ་པར་གནས། །དེ་ཉིད་ཀྱིས་ནི་སྒྲ་འབྱེད་ཅིང ། །མེ་ནི་དགའ་བར་བྱེད་པ་སྟེ། །དེས་ནི་གང་བའི་དཀྱིལ་འཁོར་ནི། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །དེ་ཉིད་དཀྱིལ་འཁོར་ཞེས་བྱར་གསུངས། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག་།དེ་ནི་ལེན་ཅིང་གཅོད་པའི་ཕྱིར། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱིས། །འཁོར་ལོར་ཡང་ནི་དཀྱིལ་འཁོར་བརྗོད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ཉིད། །ཕྱི་རོལ་བཅས་པའི་ནང་གཟུགས་ཀྱིས། །སྣ་ཚོགས་ཁྱབ་ཅིང་རྣམ་པར་གནས། །ཕྱི་རོལ་གཟུགས་དང་སྒྲ་ལ་སོགས། །དབང་པོ་ཐམས་ཅད་འཇུག་པའོ། །ནང་གི་ཁུ་བ་ལ་སོགས་པ། །གྲུབ་པའི་རྫས་ནི་རྣམ་པར་གནས། །ཕྱི་རོལ་བཅས་པའི་ནང་ཉིད་ཀྱིས། །རྡོ་རྗེ་ཅན་གྱི་བྱང་ཆུབ་སེམས། །སྦོམ་\?\་དང་ཕྲ་བའི་རང་བཞིན་གྱིས། །འགྲོ་བའི་གཉེན་གྱི་རང་བཞིན་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དམ་ཚིག་དོན་དུ་གསུངས་པས་ནི། །དཀྱིལ་འཁོར་གོམས་པས་སྐྱེ་བ་འདིར། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཉན་ཐོས་རྣམས་ཀྱིས་སངས་རྒྱས་དང ། །དེ་བཞིན་རང་རྒྱལ་རྣམས་ཀྱི་དང ། །ཚངས་པ་ལ་སོགས་ལྷ་རྣམས་ཀྱི། །དཀྱིལ་འཁོར་གོམས་པས་རྫོགས་པ་ཉིད། །ཤེས་རབ་མེ་ནི་ཆེར་
415a
༄#། །འབར་བར། །ནང་གི་ཁུ་བ་ལ་སོགས་དང ། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱི། །སྲེག་རྫས་ཀྱིས་ནི་སྦྱིན་སྲེག་བྱ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང ། །ཕུང་པོ་ལ་སོགས་ཁྱད་པར་ལས། །དེ་རྣམས་ཀྱི་ནི་གཟུགས་ཅན་ལྷ། །དེ་བཞིན་མཁའ་འགྲོ་མ་ཉིད་ནི། །དེ་ས་ནི་དེ་མཆོད་གང་གི་ཕྱིར། །རྣལ་འབྱོར་མཆོད་པར་ཡང་དག་བཤད། །ཐོད་པ་འདི་ནི་མགོ་བོ་ཉིད། །སྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་བཟར་རོ་མར་བཤད་པ་སྟེ། །སྙིང་གི་འཁོར་ལོ་རྐྱང་མ་དག་།དགང་གཟར་ཞེས་བྱར་ཡང་དག་བརྗོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །སྒྲ་ནི་སྔགས་ཞེས་བརྗོད་པ་སྟེ། །བཟླས་པ་འཁོར་བར་བྱེད་པ་ཡིན། །སྒོམ་པ་མཚུངས་པར་སྣང་བ་ཉིད། །དཀྱིལ་འཁོར་གཉིས་མེད་རྣལ་འབྱོར་ཕྱིར། །ལྷན་ཅིག་སྐྱེས་པ་ཞོན་པ་འདི། །དེ་ནི་རྒྱལ་བའི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་བདག་པོའི་གཟུགས་ཀྱི་ཕྱིར། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཉིད། །དེ་སྐད་ལ་སོགས་ཅི་གསུངས་པ། །རྒྱུད་ནི་ཐམས་ཅད་རྟོགས་པར་བྱ། །ད་དུང་བདག་ལ་ཐེ་ཚོམ་མཆིས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང ། །བདེ་བ་ཆེན་པོའི་གཟུགས་ཀྱིས་ནི། །མགོན་པོ་ཇི་ལྟར་རོལ་བར་འགྱུར། །དེ་རྣམས་དབྱེ་བ་མི་འཚལ་བས། །
415b
བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤྱི་བོ་ལྟེ་སོན་འཁོར་ལོ་ནི། །ེ་ཡི་དབྱིབས་སུ་ཡང་དག་གནས། །སྙིང་དང་མགྲིན་པར་ཡང་དག་གནས། །བཾ་གྱི་རྣམ་པ་ལྟ་བུར་བརྗོད། །ལྟེ་བའི་ནང་གནས་པདྨ་ནི། །འདབ་མ་དྲུག་ཅུ་རྩ་བཞིར་ལྡན། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །སྤྱི་བོའི་ནང་དུ་རྣམ་པར་གནས། །མགྲིན་པའི་ནང་དུ་སོན་པ་ཡང ། །པདྨ་ལོ་མ་བཅུ་དྲུག་ཉིད། །དེ་ཡི་སྙིང་གའི་གནས་སུ་ནི། །པདྨ་འདབ་མ་བརྒྱད་དུ་བརྗོད། །འདབ་མ་དྲུག་ཅུ་རྩ་བཞི་ཉིད། །སྤྲུལ་པ་ལ་ནི་རབ་ཏུ་གྲགས།། པདྨ་ཆེན་པོ་འདབ་བརྒྱད་པར། །ཆོས་ཀྱི་སྐུ་ནི་རབ་ཏུ་བསྐོར། །ལོངས་སྤྱོད་རྫོགས་པ་བཅུ་དྲུག་རྩིབས། །དེ་བཞིན་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་ཡེ་ཤེས་ཆེན་པོ་ལ། །ཀུན་ཏུ་ཡང་དག་རྣམ་པར་གནས། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཡིག་འབྲུ་དང་པོའི་ངོ་བོ་ཡིས། །འདི་ནི་ཨ་སྟེ་ཡི་གེ་མཆོག་།ཆོས་ཀྱི་འཁོར་ལོར་རྣམ་བཤད་པ། །ཧཱུཾ་ནི་མི་ཤིགས་པ་རུ་བརྗོད། །དབྱངས་སྒྲ་ལྔ་ནི་ཡང་དག་ལྡན། །ཡ་ར་ལ་ཝ་ས་རྣམ་པར་བརྒྱན། །ལོངས་སྤྱོད་འཁོར་ལོའི་ནང་གནས་པ། །ོཾ་ནི་ཡིག་འབྲུ་གསལ་བར་བྱེད། །ཆ་ནི་རྣམ་པ་བཞི་རྣམས་ཀྱིས། །ཀུན་ཏུ་ཡོངས་སུ་བསྐོར་བའོ། །བདེ་ཆེན་འཁོར་ལོ་ཆེན་པོ་ལ། །ཧི་ནི་ཐིག་།སླེའི་གཟུགས་ཅན་ནོ། །གཡོན་དང་གཡས་པའི་ངོས་དག་
416a
༄#། །ལ། །ཟླ་བ་ཉི་མ་རྣམ་པར་བཤད། །མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་སོས་ཤིང ། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལས་སྟེང་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་སོས་ཤིང ། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་བྱར་བཤད། །ཁྲག་ནི་ཉི་མ་ཞེས་བྱར་གསུངས། །སྒོ་གཉིས་མཉམ་པར་ཞོན་ནས་ནི། །སྟེང་དང་འོག་ཏུ་མཉམ་གནས་པ། །འདི་དག་ཟླ་བ་ཉི་མ་གཉིས། །རྩ་ནི་གཉིས་སུ་རབ་ཏུ་གྲགས། །དཔའ་བོ་རྣམས་དང་མཁའ་འགྲོ་མའི། །འགྲོ་བ་དང་ནི་འོང་བའི་རྒྱུ། །ནུབ་པ་དང་ནི་འཆར་བ་ཉིད། །ལོག་དང་སད་པ་ལྟ་བུར་གསུངས། །གཡོན་དང་གཡས་པའི་ངོས་ལ་ནི། །དབྱངས་ནི་བཅུ་གཉིས་ཡང་དག་གནས། །ཁ་ནི་སྟེང་དུ་ཡང་དག་བཤད། །ཀ་ལ་སོགས་པ་རྣམས་ཀྱིས་བསྐོར། །ཁ་ནི་འོག་གི་གནས་སུ་གནས། །ལྷག་པར་བྱས་ནས་སྦྱར་བ་ཉིད། །ཀྵ་ནི་སྲིན་པོ་ཉིད་གསུངས་པ། །འོག་གི་ཆར་ནི་རྣམ་པར་གནས། །གང་ཚེ་མགྲིན་པར་ཆགས་ཆེན་གྱི། །གཟུགས་ཀྱི་ཟླ་བ་གནས་པ་ན། །སངས་རྒྱས་རྣམས་ཀྱི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེར་ནི་སྣ་རྩེར་རོ། །གང་ཚེ་ལོངས་སྤྱོད་རྫོགས་སྐུ་
416b
ཡང ། །ནུབ་པར་གནས་པར་འགྱུར་བ་ན། །བྷ་གའི་ནང་དུ་སོན་དེ་ཡང ། །ཡུངས་ཀར་ཙམ་དུ་རྣམ་པར་གནས། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲོས་པ་དེ་ཡིས་བསྐྱེད་པའོ། །པདྨ་གར་དབང་རྒྱལ་པོ་ནི། །འདབ་མ་འབྱེད་པའི་སྦྱོར་བ་ཅན། །སྤྲུལ་པའི་སྐུ་ཡི་གཟུགས་སུ་ནི།། དེར་ནི་ཉི་མ་ནུབ་པ་ན། །གང་ཚེ་རྫོགས་པའི་བྱང་ཆུབ་སེམས། །གོང་བུར་གྱུར་པ་རྙོག་པ་མེད། །འཁོར་བའི་ལམ་ནི་རྣམ་བཅད་ཅིང ། །སྤྲོས་པ་ཉེར་ཞི་དགེ་བ་སྟེ། །གཉིས་མེད་མཆོག་ཏུ་དག་པ་ཉིད། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས། །ཤྲཱི་ནི་ཧེ་རུ་ཀ་ཞེས་བཤད། །རྒྱུད་ནི་སྲིན་བུའི་གཟུགས་ཅན་ཉིད། །དགོད་དང་ལྟ་དང་ལག་བཅངས་ཉིད། ། རྒྱུད་ནི་དེ་ཉིད་རྣམ་པར་གནས། །འདོད་ཆགས་ཉིད་དང་ཆགས་བྲལ་ཡང ། །ཟོས་ནས་སྲིན་བུ་གནས་པ་ཉིད། །རྩ་ཐམས་ཅད་ཀྱི་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་སྡོམ་པ་སྟེ་དྲུག་པ་ལས། རབ་ཏུ་བྱེད་པ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་དང ། རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ། །འཁོར་ལོའི་སྡོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་འབྱུང་བ་དང ། །མཁའ་འགྲོའི་འཁོར་ལོའི་ཁྱད་པར་དང ། །དགོང་\?\་པའི་
417a
༄#། །སྐད་ཀྱིས་ཁྱད་པར་ནི། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །སྡོམ་པའང་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་མ་ལུས་དབུས་གནས་པར། ། ཡི་རྣམ་པར་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང ། །སྡོམ་པ་དེ་ཉིད་རབ་ཏུ་ཕྱེ། །པོ་ལའི་བདེ་བ་ཕྱག་རྒྱ་ཆེ།། རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །འདིས་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ལས། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང ། །དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་མགྲིན་སྙིང་དབུས་སུ་ནི། །སྐུ་གསུམ་པོ་ནི་རྣམ་པར་གནས། །མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། །གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །ཆོས་ནི་སེམས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་འཁོར་ལོ་སྙིང་གར་ཡིན། །རོ་རྣམ་དག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད།། ཆོས་རྣམས་ཀུན་ལ་བརྟན་པའི་ཕྱིར། །ཐམས་ཅད་ཡོད་པའི་རང་བཞིན་ཅན། །མགྲིན་པར་ལོངས་སྤྱོད་འཁོར་ལོ་དང ། །བདེ་བ་ཆེན་པོ་སྤྱི་བོར་གནས། །ེ་བཾ་རྣམ་པ་རྒྱུ་
417b
མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས་\?\། །སྐྱེས་བུ་བྱེད་པ་ལོངས་སྤྱོད་ལ། །བདེ་ཆེན་འཁོར་ལོར་དྲི་མེད་ཉིད། །རྒྱུ་མཐུན་ལ་སོགས་རབ་དབྱེ་བས། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལས་ལ་བཅོམ་ལྡན་ཤེས་རབ་བརྗོད། །གང་ཞིག་སྤྲུལ་པ་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོ་གནས་བརྟན་བརྗོད། །ཆོས་ནི་ངག་ལས་བྱུང་བའི་ཕྱིར། །འཁོར་ལོ་ཐམས་ཅད་ཡོད་པར་སྨྲ། །གང་ཞིག་མགྲིན་པ་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོ་ཀུན་བཀུར་ཉིད། །གང་ཞིག་བདེ་ཆེན་མགོར་གནས་ཕྱིར། །བདེ་ཆེན་འཁོར་ལོ་དགེ་འདུན་ཆེ། །སྡེ་པ་སྐུ་ཞེས་བརྗོད་པ་སྟེ། །ལྟོ་བ་གནས་སུ་བརྗོད་པ་བྱ། །སྐྱེ་གནས་འདོད་ཆགས་བྲལ་བ་ཉིད། །མངལ་གྱི་ཕྲུ་མ་ཆོས་གོས་ཏེ། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག་།འགྲོ་བའི་བྱ་བ་ཁྲིམས་ཀྱིས་གནས། །དེ་བཞིན་སྔགས་བཟླས་ཨ་དང་ཧཾ། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ་།བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བ་ཞེས་བྱ་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་སྤངས་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་
418a
༄#། །བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་བོ་མིན། །དེ་ཉིད་དངོས་མེད་ཚུལ་ཀྱང་མིན། །ཞལ་ཕྱག་རྣམ་པ་གཟུགས་ཅན་ཉིད།། མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་རང་བཞིན་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་གྱིས་ནི་མྱ་ངན་འདས། །ཞལ་ཕྱག་ཁ་དོག་དབྱི་བས་ལས་ནི། །ལྷ་ཡི་གཟུགས་ཀྱིས་རྣལ་འབྱོར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །དེ་སྐད་ལྷ་མོས་བཤད་པ་ནི། །རྣལ་འབྱོར་ཀུན་གྱི་གོང་ན་མེད། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང ། མཱ་མ་ཀཱི་དང ། གོས་དཀར་མོ་དང ། སྒྲོལ་མ་དང ། ཁྲོ་གཉེར་ཅན་དང ། སྐུལ་བྱེད་མ་དང ། རི་ཁྲོད་མ་ཤིང་ལོ་ཅན་དང ། འོག་ཞལ་མ་དང ། སྡོམ་པ་མ་དང ། དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་མཆོག་ཏུ་ངོ་མཚར་བར་གྱུར་ཅིང་བརྒྱལ་བ་དང ། སྐྲག་པར་གྱུར་ཏོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྣལ་འབྱོར་མ་ནི་ཀུན་གྱི་ཚོགས། །བཅོམ་ལྡན་འདས་ཀྱིས་བསླང་དུ་གསོལ། །དེ་ནས་བཅོམ་ལྡན་
418b
འདས་ཐམས་ཅད་མཁྱེན་པ་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྣལ་འབྱོར་མ་ཐམས་ཅད་བསླང་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་བས་ནི་སངས་རྒྱས་ཉིད། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །རིགས་ཀྱི་བུ། གང་ཞིག་མི་ཤེས་འཇིག་རྟེན་པ། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡི་དེ་ཉིད་ཡོངས་སུ་གཅོད། །དུག་གི་དུམ་བུ་གང་ཉིད་ཀྱིས། ། སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་དེ་ལ། །མ་ཤའི་བཟའ་བ་སྦྱིན་པར་བྱ། །བཟློག་པའི་སྨན་ནི་རྟགས་པ་ལས། །རླུང་གིས་རླུང་ནི་སྣུན་པར་བྱེད། །སོ་སོར་རྟོག་ལས་རྣམ་རྟོག་དང ། །སྲིད་པ་ཉིད་ཀྱིས་སྲིད་དག་བྱེད། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང ། །རྣམ་པར་ངེས་པར་སྦྱང་བར་བྱ། །ཇི་ལྟར་འཚེད་པས་ཚིག་པ་ལ། །ཡང་ནི་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་
419a
༄#། །གྲོལ་འགྱུར། །འདོད་ཆགས་ཀྱིས་ནི་འཇིག་རྟེན་འཆིང ། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་ཏུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་པུ་ཉིད། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཡིན་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་ངོ་བོའི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀ་ཀོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །དོན་ཡོད་རླུང་ལས་འབྱུང་བའི་ཕྱིར། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །བདེ་བ་འདོད་ཆགས་སེམས་ཡིན་ཏེ། །རིན་ཆེན་ཁྲག་དང་འདོད་ཆགས་ཉིད། །སེར་སྣ་ནམ་མཁའ་ལས་བྱུང་བ། །ནམ་མཁའ་སེར་སྣ་རྡོ་རྗེ་ཡིན། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚོན་པ་ཉིད། །རིགས་ནི་ལྔ་པོ་སྐྱེས་པ་ལ། །དེ་ལ་སྟོང་ཕྲག་དུ་མ་ཉིད། །དེ་ཕྱིར་
419b
འདི་དག་རང་བཞིན་གཅིག་།བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གང་གཱའི་ཀླུང་ནི་བཅུ་ཡི་བྱེ་མ་སྙེད། ། ་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཆེན་ལྔ་ནི་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལས་བརྒྱ་ཕྲག་དུ་མ་རྣམས། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་བཀའ་སྩལ་ཏོ། །འདིར་གསོལ་པ། ཅི། གོང་བུའི་གཟུགས་ཙམ་དུའང་ཆུང་བ་དེ་སྙེད་ཀྱི་རང་བཞིན་དུ་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐྲ་ཡི་ཁྱོན་ཙམ་ཕྲ་བ་ལ། །སངས་རྒྱས་ཞིང་ཁམས་དུ་མ་ནི། །གནས་དང་དོག་དང་འཛེར་མིན་པ། །དེ་བཞིན་འདིར་ཡང་བལྟ་བྱ་སྟེ། །སྟོབས་བཅུ་དག་དང་ལྡན་པའི་ལྷ། །བཞེངས་ཤིག་བཞེངས་ཤིག་བདག་གི་ནི། །སྡུམ་པར་སྟོན་མོ་བཞེས་པར་འཚལ། །རྫུ་འཕྲུལ་སྟོབས་ཀྱིས་རིགས་ཀྱི་བུ། །ཡང་དག་བྱུང་བ་བཀའ་སྩལ་པ། །ཡང་དག་སྦྱོར་འབྱུང་མཚན་ཉིད་ནི། །བཤད་པར་བྱ་ཡི་ལྷ་མོ་ཉོན། །གསང་བ་ལ་ནི་ས་ཡི་ཁམས། །མཆོག་ལ་དེ་བཞིན་དུ་ནི་ཆུ། །དགྱེས་པ་ལ་ནི་མེ་རུ་བཤད། །ཐམས་ཅད་བདག་
420a
༄#། །ཉིད་རླུང་ལ་གནས། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག་།ཡང་ན་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་བསྐྱོད་པ་ཉིད་དང ། །ཡང་ན་རིན་ཆེན་འབྱུང་གནས་ལ། །ཡང་ན་འོད་དཔག་མེད་པ་ཡིས། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུ་དངོས། །ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེར། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་གནས་པའི་གཟུགས་ཅན་མ། ། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལུས། ། གློག་གི་ཟེར་མ་མཉམ་པའི་འོད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུའི་ཁུང་བུའི་རྩེ་བུག་ནས། །ཕྱོགས་བཅུར་རྣམ་པར་ཕྱུང་ནས་ནི། །ཀུན་ཏུ་ལྷ་དང་ལྷ་མིན་བསྡིགས། །
420b
སྙིང་ག་ཆོས་ཀྱི་འཁོར་ལོར་ནི། །བསྲེགས་ནས་ལོངས་སྤྱོད་འཁོར་ལོར་སོང ། །སྣ་ཡི་བུ་ག་གཡས་པ་ནས། །ཐམས་ཅད་དུ་ནི་ཕྱུང་ནས་ནི། །མཛོད་སྤུར་སོང་བ་དག་གིས་ཀྱང་།། བུག་པ་ངེས་པར་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཤངས་ཀྱི་བུ་ག་གཡོན་པར་ནི། །ཞུགས་ནས་སྤྱི་གཙུག་འཁོར་ལོར་ནི། །ཀུན་བསྲེགས་རྣམ་པར་ཕྱུང་ནས་ནི། །སྔར་གསུངས་ཉིད་ཀྱི་བུག་པ་ནས། །ཡང་ནི་སྤྱི་གཙུག་ཞུགས་པར་བྱ། །སངས་རྒྱས་རྣམས་ནི་བསྲེགས་པ་ཡི། །དགའ་བ་དེ་ནས་བསྐྱེད་པར་བྱ། །ལྟེ་བའི་དཀྱིལ་འཁོར་ཕྱིན་ནས་ནི། །སྔ་མ་བཞིན་དུ་གནས་པར་འགྱུར། །ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཆེན་པོ་ལས། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་སྟེ་དྲུག་པའོ།། །། ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་རྟག་དམ་ཚིག། ཉན་ཐོས་ལ་སོགས་མི་ཤེས་པ།། དགོད་དང་ལྟ་བ་དག་གིས་ཀྱང ། །འཁྱུད་དང་དེ་བཞིན་གཉིས་གཉིས་སོགས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །དགོངས་པའི་སྐད་ནི་སྐད་ཆེན་པོར། །དམ་ཚིག་བརྡ་ནི་རྒྱས་པ་རུ། །རྡོ་རྗེ་སྙིང་པོ་ངས་བཤད་ཀྱི། །དེ་ཉིད་རྩེ་གཅིག་སེམས་ཀྱིས་ཉོན། །མ་ད་ན་ཆང་བ་ལ་ཤ། འདུ་
421a
༄#། །བ་མཱ་ལ་ཡ་ཛ་ཉིད། །འགྲོ་བ་ཁ་ཊ་རོ་ནི་ཤྲ་བ། །རུས་པའི་རྒྱན་ནི་ཎི་རཾ་ཤུ། །འོང་བ་ཕྲེཾ་ཀ་ན་རུ་བརྗོད། །ཅང་ཏེ་ཀྲི་པྲི་ཏ་རུ་བརྗོད། །སྐལ་མེད་དུ་དུ་ར་ཞེས་བཤད། །སྐལ་ལྡན་ཀ་ལཉྫི་རར་བརྗོད། །རེག་མིན་ཌི་ཌི་མ་ཞེས་བརྗོད། །ཐོད་པ་པདྨ་བྷ་ཛ་ནཾ། །བཟའ་བ་ཏྲི་བྲི་ཏར་ཤེས་བྱ། །ཆོད་མ་མཱ་ལ་ཏཱིནྡྷ་ནཾ། །བཤང་བ་ཙ་ཏུ་ས་མཾ་བརྗོད། །གཅི་བ་ཀ་སྟྲུ་རི་ཞེས་བརྗོད། །རང་བྱུང་སི་ལྷར་ཤེས་པར་བྱ། །ཁུ་བ་ག་བུར་བརྗོད་པར་བྱ། །ཤ་ཆེན་ཤ་ལི་ཛ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུན་ཏུ་རུ། །རྡོ་རྗེ་བོ་ལ་ཞེས་བརྗོད་དེ། །པདྨ་ཀཀྐོ་ལ་ཞེས་ཟེར། །མུ་ཁི་སོར་མོ་ཁ་རུ་བཅུག་པ་ནི། །མཁའ་འགྲོ་མ་ཡི་མཚན་མའོ། །གྷོ་བྷུ། ཐལ་མོ་སྤྱི་བོར་ཡང་དག་བཞག་།མར་མེ་མ་ཡི་མཚན་མའོ། །གྷུ་གྷུ་།མཐེ་བོང་རྒན་པོ་བཅངས་པ་ནི། །འཇིབ་བྱེད་མ་ཡི་མཚན་མའོ། །མུགྷུ། ལག་པས་རྣ་བ་བརྡེབས་པ་ནི། །གཡོ་ལྡན་མ་ཡི་མཚན་མ་ཉིད། །ལུ་གྷུ། སྣ་རྩེར་ཐལ་མོ་རྡེབས་པ་ནི། །དགེ་བའི་གཏམ་ནི་འདྲི་བའོ། །དྲཥྚ་རི་དྭགས་འོག་སྟོན་པ། །རྣལ་འབྱོར་མ་ཡི་མཚན་མར་མཚོན། །ཌ་ཞེས་བྱ་བ་སྐྱེས་བུར་ངེས། །ཌཱི་ནི་བུད་མེད་དེ་ནས་བརྗོད། །བུ་ཞེས་བྱ་བར་རེངས་པ་ཉིད། །སུ་ནི་དེ་བཞིན་ཟ་བ་ཉིད། །མ་ཞེས་བྱ་བ་མ་རུ་བརྗོད། །ཡོ་ནི་དེ་བཞིན་ཆུང་མར་ངེས། །བྷི་ཞེས་བྱ་བ་སྲིང་མོ་ཉིད། །བྷི་ཞེས་བྱ་བ་
421b
མཛའ་མོར་བརྗོད། །ལུ་ཞེས་བྱ་བ་བུ་མོར་ངེས། །སྟྲི་ནི་ཁྲག་ཏུ་ཤེས་པར་བྱ། །ས་ནི་ཞི་བའི་བཏུང་བ་ཉིད། །ཕེ་ཞེས་བྱ་བ་ཐུག་པ་སྟེ། །བི་ཞེས་བྱ་བ་ངེས་པར་བཤད། །བྷ་ཞེས་བྱ་བ་བཟའ་བར་བརྗོད། །བྷུ་ཞེས་བྱ་བ་འདུ་བ་ཉིད། །པི་ཞེས་བྱ་བ་དུར་ཁྲོད་ཉིད། །བྷུ་ཞེས་བྱ་བ་རོ་རུ་བརྗོད། །ཌི་ཞེས་བྱ་བ་རྣལ་འབྱོར་མ། །ག་ནི་དེ་བཞིན་ལཱ་མ་ཉིད། །སྟི་ཞེས་བྱ་བ་གཟུགས་ཅན་མ་\?\། །ཀུ་ཞེས་བྱ་བ་མཁའ་འགྲོ་མ། །ཁ་ཞེས་བྱ་བ་དུམ་སྐྱེས་མ། །ཛ་ཞེས་བྱ་བ་བྱིན་པ་ཟུང ། །ཀེ་ཞེས་བྱ་བ་ལག་པ་གཉིས། །བྷ་ཞེས་བྱ་བ་གསོང་པོར་སྨྲ། །སཝ་ནི་ལེགས་འོངས་བྱ་བ་ཡིན། །འདི་རྣམས་ནི་ཡི་གེ་རེ་རེ་ཞིང་ཡང་བདའ་སྟེ། དཔའ་བོ་དང ། སྲིང་མོར་དེས་ཤེས་པར་བྱའོ། །ཡི་གེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ།། །། རྡོ་རྗེ་སྙིང་པོས་གསོལ་པ། ངག་གི་བརྡ་ནི་མི་འཚལ་བས། །བདེ་བ་ཆེན་པོ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མདོར་བསྡུས་ནས་ནི་བཤད་བྱ་བ། །དེ་ནི་ང་ཡིས་བཤད་ཀྱི་ཉོན། །པོ་ཏཾ་གི་ཞེས་བྱ་བ་ནི་ཕྱག་གོ་།པྲ་ཏི་པོ་ཏཾ་གི་ཞེས་བྱ་བ་ནི་ཕྱག་གི་ལན་ནོ། ག་མུ་ཞེས་བྱ་བ་ནི་འགྲོ་བ་ཞེས་བརྗོད་པར་འགྱུར་རོ། །ལུཾ་པ་ཞེས་བྱ་བ་ནི་འོང་བ་ཉིད་དོ། །ནིག་རཾ་ཞེས་བྱ་བ་ནི་བྱིན་ཅིག་ཅེས་བརྗོད་པར་འགྱུར་རོ། །ཙཊྚུ་ཀ་ཞེས་བྱ་བ་ནི་ཁྱེར་ཅིག་ཅེས་བརྗོད་པ་ཡིན་ནོ། །ཧྲི་ད་ཡ་ཞེས་བྱ་བ་ནི་དཔའ་བོ་ཞེས་བྱ་བ་ཡིན་
422a
༄#། །ནོ། །ཀཽ་ར་བ་ཞེས་བྱ་བ་ནི་གསོད་པ་ཞེས་བརྗོད་པ་ཡིན་ནོ། །ཀཎྞི་ཀ་ཞེས་བྱ་བ་ནི་དྲིལ་བུ་ཞེས་བརྗོད་པ་ཡིན་ནོ། ། ལི་ཀ་ར་ཎ་ཞེས་བྱ་བ་ནི་སྤྱི་བོ་ཞེས་བརྗོད་པ་ཡིན་ནོ། །བ་ར་ཧ་ཞེས་བྱ་བ་ནི་སྒྲ་ཞེས་བརྗོད་པ་ཡིན་ནོ། །ཤྲ་བ་ན་ཞེས་བྱ་བ་ནི་རྣ་བའོ། །མནྠུ་ཞེས་བྱ་བ་ནི་བདུད་རྩིའོ། །ན་ར་ཞེས་བྱ་བ་ནི་མཉམ་པར་སྦྱར་བ་ཞེས་བརྗོད་པ་ཡིན་ནོ། །ཏཱ་ལི་ཀཱ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །ན་ར་ཀ་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། ། མུ་ཀཾ་ཞེས་བྱ་བ་ནི་དུར་ཁྲོད་དོ། །ཀཱ་ཁི་ལ་ཞེས་བྱ་བ་ནི་སྒོའོ། །སཝ་སན་ཞེས་བྱ་བ་ནི་བྲམ་ཟེའོ། །པ་རི་དྷི་ནི་རྒྱལ་རིགས་སོ། །བི་ར་ཏེ་ནི་རྗེའུ་རིགས་སོ། །ཀྲུ་ར་ཞེས་བྱ་བ་ནི་དམངས་རིགས་སོ། །ནྟ་ནི་གདོལ་པའི་ཁྱིམ་མོ། ། ལི་ཀ་ལི་ཕྱུགས་སོ། ། བྷ་ཀི་ནི་ནི་མཁའ་འགྲོ་མའོ། །མ་ད་ཀཾ་ནི་ཚིལ་བུའོ། །གྲི་ཧ་ན་ཞེས་བྱ་བ་ནི་ཕྱག་རྒྱའོ། །དནྷ་སྤཪྴ་ཏི་ཛྭ་ཧ་ཞེས་བྱ་བ་བཀྲེས་སོ་ཞེས་བརྗོད་པ་ཡིན་ནོ། །གྷནྡ་བཱ་ཏི་ནི་སྲེད་པའོ། ། ཀཾ་ན་ཞེས་བྱ་བ་ནི་གན་དུའོ། །སྠ་ན་ཏ་ན་ཞེས་བྱ་བ་ནི་ཆེ་གེ་མོར་རོ། །ཀི་ར་ཎ་ནི་མེ་ཏོག་གོ་།ལཾ་པོ་ནི་འཇིགས་པའོ། །དནྟ་ནི་རྒོད་པ་ཞེས་བརྗོད་པ་ཡིན་ནོ། །ནི་རོ་དྷ་ནི་ཆར་པའོ། །བི་ཛཱཔྟི་ནི་ཆོག་པར་འཛིན་པའོ། །དྷུ་མཱ་ནི་སྤྲིན་ནོ། །དྷུ་མྲ་པྲི་ཡ་དང་སཱ་ནུ་ནི་རིའོ། །ས་རི་ཧ་ནི་ཆུ་བོའོ། །ཾ་གུ་ལྱ་ནི་ཡན་ལག་དང ། ཉིད་ལག་གོ། བ་ད་ནཾ་ན་
422b
ཁའོ། །རི་ཛ་ཀ་ནི་ལྕེའོ། །ནད་ནཱ་ནི་སོའོ། །བཾ་ཀ་ཏ་ནི་རྒྱལ་མཚན་ནོ། །ཙྪནྡོ་ནི་ཕྲེང་བའོ། །ཙ་ལ་ནི་རླུང་ངོ ། །མྲྀ་ཀ་པ་ཏི་ནི་ཕྱུགས་སོ། །མནད་ལ་ནི་མཉམ་པའོ། །སཝཱ་ས་ནི་ལམ་གྱི་བཞི་མདོའོ། །བལྒུ་ཤ་ནི་སྐྱེ་བའོ། །མཧཱ་ཀྵ་ར་ནི་ཕྱུགས་ཆེན་པོའོ། །ཙྪ་ནི་རའོ། །ན་ཞེས་བྱ་བ་ནི་སྐྱེས་པའོ། །གོ་ཞེས་བྱ་བ་ནི་བ་གླང་ངོ ། །མ་ཞེས་བྱ་བ་ནི་མ་ཧེའོ། །བྷི་ཞེས་བྱ་བ་ནི་བཟའ་བའོ། །ཧ་ཞེས་བྱ་བ་ནི་རྣམ་གྲངས་སོ། ། པྱ་ཀ་ཞེས་བྱ་བ་ནི་རྒྱལ་པོའི་སྐྱེས་བུའོ། །སྠ་ཞེས་བྱ་བ་ནི་གནས་སོ། །མུ་ཁ་སྤཪྴ་ན་ནི་ཟོས་སོ་ཞེས་བྱ་བའོ། །དནྟ་སྤཪྴ་ན་ནི་འགྲངས་སོ་ཞེས་བྱའོ། །ཧོ་ཞེས་བྱ་བ་ནི་གང་ཡང་རྣམ་གྲངས་སོ། །ཧྲི་ཀ་ནི་ངོ་ཚའོ། །ཤུ་ནྱ་སྤཪྴ་ན་ནི་མེ་ཐུ་ན་གྱིས་ཤིག་ཅེས་བྱའོ། །ུ་རུ་སྤཪྴ་ནེ་ནི་ད་ལྟ་ད་ལྟར་གྱིས་ཤིག་ཅེས་བྱའོ། །ངག་གི་བརྡའི་ཡེ་ཤེས་སོ། །མཉམ་པར་དྲག་ཤུལ་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །དབང་གི་སྟ་སྟངས་གཡོན་ན་གནས། །གཡོན་པ་ན་ནི་གཟུགས་བརྙན་གཉིས། །གཡས་པའི་ཆ་ལ་དགུག་པ་ཉིད། །གཉིས་ནི་སྟེང་དུ་སྦྱར་བར་བྱའོ། །དབུ་མ་རངས་པའི་སྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །དུད་འགྲོའི་སྟ་སྟངས་བསད་པ་ལ། །སྣ་ཡི་རྩེ་མོར་གཟུགས་བརྙན་གཉིས། ། དབྱུང་བ་གཉིས་ཀྱིས་ལྟུང་བར་བྱེད། །བུམ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡི་ནི་དགུག་པ་ཉིད། །ཞི་བ་ཉིད་ཀྱིས་རེངས་པར་བྱེད། །རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །མེ་ཏོག་
423a
༄#། །ལ་ནི་དབང་དུ་གྲགས། །རྡོ་རྗེ་ཤིང་ལ་དགུག་པ་ཉིད། །གཡོ་བཅས་རྩ་ལ་རེངས་བྱེད་ཉིད། །ཟླ་དྲུག་གོམས་པའི་རྣལ་འབྱོར་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་པར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །སློབ་དཔོན་གཉིས་ལ་ཕྱག་འཚལ་ནས། །ཤིན་ཏུ་ཕྱག་འཚལ་དཔལ་ལྡན་ནི། །རྡོ་རྗེ་སེམས་སོགས་རྣལ་འབྱོར་གྱིས། །གཡས་པའི་སྨིན་མ་སྒྱུར་ཚུལ་གྱིས། །ནམ་མཁར་འགྲོ་བར་བསྒོམས་པས་ནི། །གང་ཞིག་གནས་པས་འགྲུབ་པར་འགྱུར། །གཡོན་པའི་སྨིན་སྒྱུར་ཕ་རོལ་གྱི། །སྡེ་ལས་མཆོག་ཏུ་རྒྱལ་བར་འགྱུར། །བདུད་ཀྱི་དཔུང་ནི་གཞོམ་པའི་ཕྱིར། །དེ་ཉིད་ཀྱི་ནི་རྣལ་འབྱོར་གྱིས། །གཡོན་པའི་མིག་བསྒུལ་ཞེས་བྱ་བས། ། དཀར་མོ་ལ་སོགས་གཟུགས་བསྒོམས་པས། །དེར་ནི་རྫོགས་ན་འགྲུབ་པར་འགྱུར། །གཡས་པའི་མིག་བསྒུལ་ཞེས་བྱ་བས། །དཔལ་ལྡན་རྡོ་རྗེ་སེམས་སོགས་ཀྱིས། །སྐྱེས་བུའི་གཟུགས་ནི་རྫོགས་པར་འགྱུར། །ངག་གི་ཐ་སྙད་མ་གཏོགས་པར། །འཇིག་རྟེན་རབ་ཏུ་གྲགས་པ་ཡི། །ཐ་སྙད་དུ་ཡང་འགྲུབ་པར་འགྱུར། །དེ་ལྟར་ཡོ་གིས་འཇིག་རྟེན་དང ། །འཇིག་རྟེན་འདས་པར་བསྡུས་པར་འགྲུབ། །ལེགས་པར་བཤད་པའི་དངོས་གྲུབ་བོ། །ལྟ་སྟངས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དཔལ་ལྡན་རྡོ་རྗེ་སེམས་
423b
སྦྱར་ཞིང ། །ཇི་ལྟར་དབྱིབས་ཀྱི་སྐུ་ལྡན་པས། །འདིར་ནི་མི་ཡི་ཐོད་པར་ནི། །ཡུངས་ཀར་ཆོ་ག་བཞིན་དུ་གདབ། །བཙོས་པའི་མར་ཁུ་བཟའ་བྱས་ཤིང ། །མགོ་བོ་འབྲས་བུས་དེ་བཞིན་བྱུགས། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་པས། །སྲུང་བ་ཀུན་གྱི་གོང་ན་མེད། །དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང ། །ཚེམས་ནི་བསྡམས་ཤིང་ཞལ་བཙུམས་པས། །དཔལ་ལྡན་གཡོན་པ་བསྒྱིངས་འཛིན་ཅིང ། །གཡས་པར་འཁོར་ལོ་ཕྱོགས་ཚུལ་གྱིས། །གསལ་བར་སྟེང་འོག་བྱིན་གྱིས་བརླབ། །ས་ལ་རང་གི་ཕྱག་རྒྱ་བྱ། །སངས་རྒྱས་ཀུན་དངོས་དངོས་གྲུབ་སྦྱིན། །སྐྱེ་བ་གཉིས་པའི་ཐོད་པར་འདི་བཏབ་ནས། །ཕྱི་ནས་ནི་མིའི་ཐོད་པར་རོ། །དེ་ནས་བཏུས་ནས་བུད་མེད་དང ། སྐྱེས་པ་དང ། མ་ནིང་ལ་སོགས་པ་དང ། ཁཝ་དང ། འུག་པ་དང ། བྱ་རྒོད་དང ། མཆིལ་པའི་དངོས་གྲུབ་མཆོག་སྣ་ཚོགས་བྱེད་དོ། །འོལ་མ་སེ་དཀར་པོ་སྒྲུབ་པའི་ཆོགས་ཀྱང ། འདོད་ན་གླང་པོ་དང ། རྟའི་གཟུགས་འཛིན་པར་འགྱུར་བ་དང ། འདོད་ན་བ་གླང་དང ། མ་ཧེའི་གཟུགས་འཛིན་པར་འགྱུར་བ་དང ། འདོད་ན་ཁྱི་དང ། བྱི་ལ་དང ། ལྕེ་སྤྱང་གི་གཟུགས་འཛིན་པར་འགྱུར་བ་དང ། འདོང་ན་བུད་མེད་དང ། སྐྱེས་པའི་གཟུགས་འཛིན་པར་འགྱུར་རོ། །རོའི་ཁའི་བུག་པའི་ནང་དུ་སོང་བ་རོ་བསྲེགས་པའི་མེས་བུ་ར་ནག་པོ་མར་ངོའི་འབྱུང་
424a
༄#། །པོའི་ཉི་མ་ལ་གདུངས་ཤིང་བདུག་པ་བྱིན་ན་འགྲོ་བ་མ་ལུས་པ་འབེབས་པར་འགྱུར་རོ། །ཀ་ན་ཀའི་འབྲས་བུ་དང ། ་ལོ་ཀ་དང ། མ་ཏུ་ལུང་ག་དང ། ཙི་ཏཱ་ཀ་དང ། བ་ཙ་དང ། ཁྱིམ་བྱའི་སྒོ་ང་དང ། །རྒའི་འབྲས་བུ་རྣམས་ཐམས་ཅད་བདུག་པ་ལས་རྒྱུ་བ་དང ། མི་རྒྱུ་བའི་འཇིག་རྟེན་ཀུན་འབེབས་པར་འགྱུར་རོ། །རྟ་གསོད་པ་སྐྱ་བོའི་རྩ་བ་དང ། ཉི་མའི་ལྗོན་ཤིང་དང ། ཕེ་ཆག་པ་དང ། སྡིག་པའི་རྔ་མ་དང ། དུག་ཏུ་ངེས་པའི་བརྒྱའི་ཆ་དང་ལྡན་པ་འདིས་དེ་རྣམས་ཆ་བསྙམས་ཏེ་ལག་པ་ལ་བྱུགས་ན་བ་གླང་གི་སྣར་འགྱུར་རོ། །ད་ནི་ཀ་རའི་འོ་མས་བཱ་ན་རི་ཉི་མ་བདུན་དུ་བྱུགས་ནས་ནགས་ཀྱི་མི་ཞག་བདུན་སྤངས་ཏེ། དེ་བཞིན་དུ་ཁ་ཊི་ཀས་བྲིས་པའི་ལག་པ་དག་གིས་རེག་ན་ཀླུའི་དབང་པོའི་དུག་འབྱིན་པར་འགྱུར་རོ། །འདིའི་ཕྱིར་བཟློག་པ་སྦྱིན་པར་བྱ་སྟེ། མ་ལ་ཡ་ལས་བྱུང་བ་དང ། ནཱ་གེ་སར་དང ། ནང་ཀྱི་དབང་པོ་དང ། མ་ད་ན་ཕ་ལ་དང་\?\། ཛ་གུའི་ཡུལ་དང ། ཏ་ཀར་དང་ལྡན་པར་འབྲས་ཀྱི་ཆུ་དང་ལྡན་པས་འགྲོ་བའི་དུག་སྣ་ཚོགས་འཇིག་པར་བྱེད་དོ། །དེའི་ཉིན་པར་སྐྱེས་པའི་བྱིས་པའི་རོ་ཙན་ཏ་ཀ་རའི་སྙིང་པོར་གནས་པའི་རིལ་བུ་ཟོས་ན་ལག་ན་རྡོ་རྗེ་ལྟ་བུར་ཇི་ལྟར་འདོད་པར་དུག་བཏུང་བར་བྱའོ། །སྦལ་བ་དང ། སྤྲུལ་གདོང་གཉིས་པའི་ཚལ་བུ་བསྡུས་ལ་ཤླེཥྨའི་
424b
ཤིང་གི་འབྲས་བུ་འདིས་ལག་པ་ལ་བྱུགས་པས་རེག་ན་དུག་ཞི་བར་བྱེད་དོ། །བའི་མར་དང ། བཛྲོ་དང ། བ་ཧིའི་ཁྲག་དང ། སྤྲུལ་མགོ་གཉིས་པའི་ཤ་དང ། སྒལ་ཚིགས་ཀྱིས་ལག་པ་ལ་བྱུགས་ན་གནས་གསུམ་གྱིའང་དུག་མེད་པར་བྱེད་དོ། །གཅེར་བུ་ལ་སོགས་པའི་ཆོ་གས་མཉམ་པར་གཞག་པས་བཱ་ལ་ཀའི་རྩ་བ་ཆ་བདུན་དུ་བྱས་ནས་འབྱུང་པོའི་ཉི་མ་ལ་ལག་པ་ལ་བཅིངས་ན་ཉིན་བཞི་པ་འཇིག་པར་བྱེད་དོ། །ལྟོ་འཕྱེའི་དབང་པོའི་ཤུན་པ་སར་པ་དང ། ལྟོ་འཕྱེའི་དགྲའི་གཤོག་པའི་ཆ་དང་ལྡན་པར་གདུག་པ་དང་ལྡན་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་སྡང་བར་བྱེད་དོ། །ཡང་ན་ཀཱ་གཉིས་དང ། ཉིན་མོ་འཇིགས་པའི་གཤོག་པ་དག་ཆོ་ག་བཞིན་དུ་གདུགས་པས་ནི་འཕྲོག་བྱེད་མ་སྨད་ཀྱང་འབྱེད་པར་བྱེད་དོ། །གཞན་དུ་ནི་མ་ཡིན་ནོ། །རྟའི་རྨིག་པའི་ཁུང་བུར་སྦྲུལ་གྱི་མགོ་བཞག་ཅིང ། གནོད་སྦྱིན་སྨྱོན་པའི་ལྕེ་དང་ལྷན་ཅིག་དགྲའི་གནས་ཀྱི་སྒོར་སྦས་ན་ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །ཧ་ལི་ནི་དང ། ཕག་གི་རྟུག་པ་དང ། རོའི་མགོ་སྐྱེས་དང ། མགྲིན་རིངས་ཀྱི་རུས་པ་རྣམས་གནས་གསུམ་གྱི་སྦྱོར་བའི་མཆོག་སྟེ་ཉི་མ་བདུན་གྱིས་སྤྲོད་པར་བྱེད་དོ།། རྟ་གསོད་པ་དམར་པོའི་མེ་ཏོག་དང ། བཱ་ལ་ཏ་ཀ་དང ། སྟར་བུ་རྣམས་ཀྱིས་མེ་ལོང་ལ་བསྐུས་ན་རྟ་དང ། བོང་བུ་དང ། རྔ་མོ་ལ་སོགས་པའི་གཟུགས་མཐོང་བར་འགྱུར་རོ། །རྟ་དང །
425a
༄#། །བ་གླང་དང ། ཕག་དང ། སྤྲེའུ་དང ། བོང་བུ་དང ། རྔ་མའི་ལག་སྐྱེས་རྣམས་ཁ་སྦྱོར་དུ་མེས་བསྲེགས་ནས་སྦལ་བའི་ཚིལ་བུ་བསྲེགས་པས་དེ་རྣམས་ཀྱི་གཟུགས་སྔ་མ་བཞིན་དུ་མཐོང་བར་འགྱུར་རོ། །ཾ་ཀོ་ཊ་ཀའི་ས་བོན་གྱི་མར་ཁུ་དང ། བའི་འོ་མ་དང ། མིག་སྨན་གྱི་འབྲས་བུས་བྱུགས་ནས་གང་ཞིག་སྲིད་པའི་མཐའི་གཟུགས་རྣམས་མེ་ལོང་གི་དབུས་སུ་མིག་སྨན་གྱིས་བྱུགས་པའི་མིའི་མིག་གིས་མཐོང་བར་འགྱུར་རོ། །ཏ་ཀ་རའི་འབྲས་བུ་དང ། ཾ་ཀོ་ཊ་ཀའི་འབྲས་བུ་དང ། མར་ཁུའི་ཚིགས་མས་རང་བཞིན་གྱིས་གནས་པའི་སྐྱེས་བུ་བཟང་པོ་མཐོང་བར་འགྱུར་ཏེ། །ཏ་ཀ་རའི་མིག་སྨན་གྱིས་མི་མཐོང་བར་འགྱུར་རོ། །རི་བོང་ཅན་གྱི་ཆུ་དང ། ཛ་ལུ་ཀ་དང ། སྦལ་པའི་མར་ཁུ་དང ། པཱ་ཊ་ལིའི་རྩབས་རྐང་པའི་མཐིལ་བྱུགས་ན་སྐྱེས་བུ་མེ་མ་མུར་གྱི་ཚོགས་ལ་འགྲོ་བར་འགྱུར་རོ། །ཤྲ་མ་ནི་ཀ་དང ། སྦལ་པའི་ཚིལ་བུ་དང ། ཛ་ལོའུ་ཀ་དང ། ཟླ་བ་ལས་བྱུང་བ་དང་ལྡན་པས་ལག་པ་དང ། རྐང་པ་བྱུགས་ན་མེ་ཁ་བ་ལྟར་བསིལ་བར་བྱེད་པར་འགྱུར་རོ། །ཁའི་ནང་དུ་དུན་དུ་བའི་རིན་པོ་ཆེ་བཅུག་སྟེ་ཆུར་ཞུགས་ན་ཤཱཀྱའི་གནས་ཀྱི་ནང་དུ་ཞུགས་པ་ལྟ་བུར་བློ་དང་ལྡན་པ་འདོད་པས་གནས་སོ། །སོ་ན་གའི་ས་བོན་གྱིས་རྐང་\?\་བའི་ལྷམ་ཟུང་བྱས་ན་ཆུའི་སྟེང་དུ་སྐྱེས་པ་ཤིན་ཏུ་རྣམ་པར་
425b
དག་པ་གྲུ་ལྟ་བུར་འཆག་ཅིང་འགྲོ་བར་འགྱུར་རོ། །མར་སར་དང ། བཙག་སྐྱ་བོ་དང ། དྲི་ང་དང ། ཉའི་མར་ཁུའི་ཚིགས་མས་བུག་པ་ཐམས་ཅད་བྱུགས་ན་སྐྱེས་པ་བློ་དང་ལྡན་པ་ཆུ་སྲིན་ལྟ་བུར་རྒྱུ་བར་འགྱུར་རོ། །ས་བོན་དང ། ཀ་ན་ཀའི་དྲུངས་པ་ཆེན་པོའི་སྲིན་བུའི་ཕྱེ་མ་དང་ལྡན་པ་དང ། ཀཽཀྐི་ལ་རྣམས་ཀྱིས་སྐྱེས་པ་འདྲོར་བྱེད་པར་འགྱུར་རོ། །བུ་རཾ་དང ། ་ར་ན་ལ་དག་གིས་ནི་ཕྱིར་བཟློག་པར་བྱེད་དོ། །སྐྱེ་བ་གཉིས་པ་དང ། བྱི་ལ་དང ། སྤྲེའུ་དང ། རང་འཚེང་དང ། ཁཝའི་དགྲ་དང ། སྲེ་མོང་གི་སྤུ་རྣམས་བརྡུངས་ཤིང་རྩ་ར་མའི་རྟུག་པའི་ཕྱེ་མས་འཇིག་རྟེན་པ་ཐམས་ཅད་སྨྱོ་བར་བྱེད་དོ། །བ་གླང་ཚའི་རྔ་མ་དང ། ཀ་གཉིས་པ་གཤོག་པ་གཡས་པ་དང་ལྡན་པ་མལ་དུ་བཅུག་ན་མྱུར་དུ་དགྲ་བོ་བརྗེད་བྱེད་ཀྱིས་འཇིགས་པར་བྱེད་དོ། །ཀ་ན་ཀའི་འབྲས་བུ་དང ། །མ་དུ་ལུང་ག་དང ། ཕུག་རོན་དང ། རྨ་བྱ་དང ། ཟངས་ཀྱི་གཙུག་ཕུད་ཅན་གྱིས་ལན་གཅིག་སྨྱོ་བར་བྱེད་ཅིང་བློ་གྲོས་དང་བྲལ་བར་བྱེད་དོ། །སྐྲའི་ལས་ཀྱི་མཐའ་ཡིན་ནོ། །ཀ་ན་ཀའི་འབྲས་བུ་བླངས་ནས་དམ་ཚིག་ཆེན་པོ་དང ། སྲིན་བུའི་ཕྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་སྦྱར་ན་དེའི་སྐད་ཅིག་ལ་སྨྱོ་བར་འགྱུར་ཏེ། ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །ཚ་བའི་མར་ཁུས་པི་ཙུ་མ་རྡའི་ཤིང་ལ་གཏོར་ཟན་གྱི་བླངས་ཏེ་བྱུགས་ནས་ལག་པ་དེ་ཉིད་ཀྱིས་མ་རེག་པར་དུ་
426a
༄#། །ཁྲོད་དུ་ཤིང་བསྲེགས་པའི་ཐལ་བ་བླངས་ནས་གང་གི་སྤྱི་བོར་བྱིན་པ་དེ་སྐྲོད་པར་བྱེད་དོ། །ཁཝ་དང་འུག་པའི་གཤོག་པ་དག་དང ། བྲམ་ཟེ་དང ། གཅེར་བུ་པ་དག་གི་སྐྲ་གཅིག་ཏུ་བྱས་ནས་ད་དུ་རའི་ཤིང་ལ་མེ་སྦར་ནས་དུ་བ་མེད་པར་བསྲེགས་ཏེ། དེའི་ཐལ་བ་བླངས་ལ་སྐྱེས་པའམ། བུད་མེད་ཀྱི་གནས་མལ་གྱི་འོག་ཏུ་བཅུག་ན་དེའི་སྐད་ཅིག་ལ་སྡང་བར་འགྱུར་རོ། །རྣམ་པར་ཤེས་པ་དང ། ཡེ་ཤེས་སོ། །ཡང་ན་དབང་དུ་བྱ་བར་འདོད་ན་དགའ་བ་དང་བཅས་པ་དཀར་མོའི་སྙིང་པོའི་ནུས་པ་མདའི་རྨ་ཕྱེ་མར་བྱས་ནས་འདོད་པའི་ཕྱེ་མས་རང་གི་ས་བོན་དང་ལྡན་པས་རྒྱལ་ལ་བདག་པོའི་བརྟུལ་ཞུགས་མའང་དབང་དུ་བྱེད་དོ། །སྐྱེས་མ་སྐལ་བ་ངན་པ་བཟུང་ནས་ན་རའི་ཤིང་གི་ཡལ་གའི་ཚིགས་མ་དང ། གླང་པོ་ཆེའི་ཆང་དང་མཉམ་པར་བུ་མོའི་ལག་པར་བཞག་ན་སྐལ་པ་བཟང་བ་པོ་སྟེང་དུ་འདྲེན་པར་བྱེད་དོ། །བྷུ་ཏ་ཀེ་ཤི་དང ། རུ་དནྟི་དང ། དཎྜ་ཨུཏྤ་ལ་དང ། ཧ་ས་དེ་བ་དང ། ཕྱོགས་ཀྱི་ཆུ་དང ། བདག་ཉིད་ཀྱི་མྱོས་བྱེད་དང་བཏགས་པས་སྐད་ཅིག་གིས་བརྐྱང་མ་དབང་དུ་བྱེད་དོ། །བུཏྟོཉྫ་རི་དང ། ་པརྞ་དང ། དུ་བ་དང ། དཎྜ་ཨུཏྤ་ལ་ལྷན་ཅིག་བཏགས་པའི་ཕྱེ་མ་དང ། ཕྱོགས་ཀྱི་ཆུས་སམ། རེག་པ་ཉིད་ཀྱིས་འགྲོ་བའི་ཡན་ལག་མ་དབང་དུ་བྱེད་དོ། །བིཥྞུ་ཀྲཱནྟྲ་དང ། སྲ་བནྟི་དང །
426b
ལཀྵ་ཎ་དང ། ་བཱ་ན་ཏཱ་དང ། མིག་ལས་བྱུང་བ་དང ། ཕྱོགས་ཀྱི་ཆུ་ལྷན་ཅིག་བཏགས་པས་ལྷའི་དབང་པོའི་བརྐྱང་མའང་སྐད་ཅིག་གིས་དབང་དུ་བྱེད་དོ། །དི་ན་ཀ་ར་དཀར་པོའི་ཤིང་གི་རྩ་བ་དང ། མཉྫི་ཥྚ་དང ། མཆིལ་པ་དང ། ཀུཥྚ་དང ། རང་གི་ཡན་ལག་གི་རྨ་ལས་བྱུང་བ་དང ། དི་ག་དྷ་འདི་རྣམས་ཀྱིས་གནས་གསུམ་པོ་དབང་དུ་བྱེད་དོ། །རིམ་དུ་ཏཱི་དང ། རུ་དནྟི་དང ། ཀྵ་ར་དྷི་དང ། བདག་གི་མྱོས་བྱེད་དང་བསྲེས་ཤིང་སེང་ལྡེང་དང་བཏགས་པའི་རིལ་བུ་དང་སོ་རྩི་ལྷན་ཅིག་པས་རང་བྱུང་གི་བརྐྱང་མའང་སྐད་ཅིག་གིས་དབང་དུ་བྱེད་དོ་\?\་ཧེ་ལ་བཅིངས་པའི་སྣ་ཐག་དང ། ཀ་ན་ཀའི་ཤིང་གིས་རོ་བསྲེགས་པའི་ཐལ་བ་དང ། ཡན་ལག་ཅན་ཤི་བའི་རོ་བསྲེགས་པའི་མེ་མདག་ཀ་ན་ཀའི་ཁུ་བས་བསད་པའི་ཕྱེ་མ་དང ། བདག་གི་མྱོས་བྱེད་ཀྱིས་ལྷའི་བདག་པོའི་བུ་མོའང་སྐད་ཅིག་གིས་དབང་དུ་བྱེད་དོ། །རེག་པ་ལ་སོགས་པས་བདག་གི་ཡེ་ཤེས་སོ། །ཤྲིཾ་ཁ་དང ། མཁའ་འགྲོའི་བདག་པོའི་འཁོར་ལོ་དང ། ལྷའི་བདག་པོའི་སྦས་པ་དང ། བ་བླ་དང ། བ་གླང་གི་གི་ཝང་དང ། ལྡོང་རོས་དང་ལྡན་པས་དཔྲལ་བར་ཐིག་ལེ་བྱས་ན་སྐད་ཅིག་གིས་དབང་དུ་བྱེད་དོ། །དུ་རྔ་དཀར་པོ་དང ། རི་དྭགས་ཀྱི་དུརྦ་དང ། བ་གླང་གི་གི་ཝང་དང་ལྷན་ཅིག་པས་དཔྲལ་བར་ཐིག་ལེ་བྱས་ཤིང་ལྷན་ཅིག་མཐོང་བས་མིའི་
427a
༄#། །དབང་པོའང་དབང་དུ་བྱེད་དོ། །ནམ་མཁའ་ལྡིང་གི་བདག་པོའི་འཁོར་ལོ་དང ། ལྷའི་བདག་པོའི་སྦས་པ་དང ། ་བ་ན་ཏའི་རལ་པ་དང ། དུ་རནྟི་དང ། ཕྱོགས་ཀྱི་ཆུ་དང་བཏགས་པའི་ཕྱེ་མས་མིའི་བདག་པོའི་བརྐྱང་མའང་སྐད་ཅིག་གིས་དབང་དུ་བྱེད་དོ། །སྐྱེས་པ་བག་མ་སར་པ་བླངས་པ་ཤི་བའི་མེ་ཏོག་དང་དབང་ཕྱུག་ཆེན་པོ་ལ་བནྡུ་ཀའི་མཆོད་པའི་སྤྱི་བོའི་མེ་ཏོག་དང ། སྐྱེས་པ་ཤི་བ་དང་མཚུངས་པར་གཡོན་པ་བསྲེགས་པའི་ཐལ་བ་དང ། བདག་གི་མྱོས་བྱེད་ལྷན་ཅིག་པས་བསྣུན་པའི་བུད་མེད་ཕྱི་ནས་རྗེས་སུ་འབྲང་བར་འགྱུར་རོ། །བིཥྞུ་ཀྲཱནྟ་དང་ལྡན་པའི་བདག་པོས་སྦས་པ་དང ། མཚན་ཉིད་དང ། དུ་བ་དང ། ལྟོ་བའི་སྲིན་བུ་དང་ལྷན་ཅིག་ནམ་མཁའི་ཆུ་དང་བཏགས་པའི་ཕྱེ་མས་སྐད་ཅིག་གིས་དབང་དུ་བྱེད་དོ། །ུ་གྲ་དང ། ཙྪིནྡ་རུ་ཧ་དཀར་པོ་དང ། བཾ་སེ་དང ། ཀ་ན་བྷི་དང ། ིནྡྲ་ཡ་བ་མཉམ་པ་འདི་རྣམས་དང་ལྡན་པས་མན་ངག་ལས་ཐིག་ལེ་བྱས་པས་དབང་དུ་བྱེད་དོ། །ཤྲི་ས་ཀ་ལ་དང ། ཾ་ནུ་ཎ་དང ། ཙནྡན་དང ། རི་བོང་འཛིན་པ་འདི་རྣམས་ཀྱིས་མཉམ་པར་ཤིན་ཏུ་སྦྱར་བ་དང་དྲང་སྲོང་གི་བུ་མཁའ་འགྲོ་མའི་ཁྲག་གིས་བྱུགས་པའི་ཐིག་ལེས་འགྲོ་བ་དབང་དུ་བྱེད་དོ། །ཛ་ཡནྟི་དཀར་པོའི་ས་བོན་དང ། དེ་བཞིན་དུ་གི་རི་ཀཎྞི་ཀཱ་དཀར་པོའི་ས་བོན་
427b
དང་ལྷན་ཅིག་གི་ཝང་དང ། དེ་ཡང་ཕག་གི་སོས་བཏགས་ཏེ་རྒྱལ་ལ་དཔྲལ་བར་ཐིག་ལེ་བྱས་ཤིང་རྒྱལ་པོའི་དབང་པོ་ལ་བལྟས་ན་ཁྲོ་བར་མི་འགྱུར་རོ། །ཐིག་ལེ་འབྱུང་བར་བྱེད་པའི་ཡེ་ཤེས་སོ། །ཡང་ན་རིལ་བུ་བྱ་བར་འདོད་པས་བྱི་ལ་ནག་པོའི་མིག་དང ། བྱ་རོག་ནག་པོའི་མིག་དང ། ཕག་ནག་པོའི་རྣ་བ་གཡོན་པའི་ཁྲག་གིས་མཉེ་ཞིང་བདེ་བར་གཤེགས་པའི་གདུང་གི་དངོས་པོའི་རིལ་བུ་ཉི་མ་དང ། ཟླ་བ་དང ། མེའི་ནང་དུ་སོན་པར་སོ་སོར་དཀྲིས་པ་རྒྱལ་ལ་སྒྲུབ་ཅིང་རང་འདོད་པའི་ལྷའི་སྔགས་ཀྱིས་བཟླས་པས་འགྲུབ་པར་འགྱུར་ཏེ། ཁར་བཅུག་ན་དཔལ་དང་ལྡན་པ་གནོད་སྦྱིན་ལྟར་འདོད་པའི་གཟུགས་ཅན་དུ་རྣམ་པར་སྤྱོད་དོ། །ཡང་ན་ངང་མོ་ནག་མོའི་མིག་དང ། བྱ་རོག་དང ། འུག་པ་ནག་པོའི་མིག་དང ། ཁུ་བྱུག་ནག་པོའི་མིག་དང ། བདེ་བར་གཤེགས་པའི་གདུང་དུ་ཡིད་ཆེས་པ་དང ། བཛྲིའི་འོ་མས་རིལ་བུ་བྱས་པ་ཉི་མ་དང ། ཟླ་བ་དང ། མེའི་ནང་དུ་སོར་བར་དཀྲིས་ནས་ཁར་བཅུག་ན་མི་སྣང་བར་བྱེད་དོ། །ཡང་ན་གདུང་གི་དངོས་པོའི་རིལ་བུ་སྐྱེས་བ་ཤི་བ་དང་མཚུངས་པར་བུད་མེད་བསྲེགས་པའི་ཐལ་བ་དང ། ཀ་པིཏྠ་ཡོངས་སུ་སྨིན་པའི་ཕྱེ་མ་དང ། སརྫ་རཱ་ཛའི་ཁུ་བ་དང ། རྡུལ་དང ། དེ་ཡོངས་སུ་བཏགས་པས་བདེ་བར་གཤེགས་པའི་གདུང་གི་དངོས་པོ་ཡིད་ཆེས་པ་ཉི་
428a
༄#། །མ་དང ། ཟླ་བ་དང ། མེའི་ནང་དུ་སོན་པར་དེ་ཉིད་ཀྱིས་ཡོངས་སུ་དཀྲིས་ནས་རྒྱལ་ལ་སྒྲུབ་ཅིང་རིལ་བུ་ཁར་བཅུག་ན་གནོད་སྦྱིན་ལྟ་བུར་འདོད་པའི་གཟུགས་ཅན་དུ་དཔལ་དང་ལྡན་པར་གནས་པར་འགྱུར་རོ། །ཡང་ན་སོ་ཏ་ཀ་དང ། རི་བོང་གི་མཚན་མའི་ཚེར་མ་དང ། སྦྲང་རྩི་དང ། སྦྲང་རྩི་ཅན་དང ། དང་པོའི་མེ་ཏོག་དང་ལྡན་པ་དང ། པདྨ་སར་པའི་གེ་སར་དང་ལྡན་པའི་རིལ་བུ་ལྕགས་གསུམ་གྱི་ནང་དུ་གནས་པས་སྦེད་པར་བྱེད་དོ། །ཡང་ན་ཨ་ཤོ་ཀ་སྔོན་པོ་རབ་ཏུ་རྒྱས་པའི་མྱུ་གུ་།བུད་མེད་ཀྱི་ཁྲག་གིས་ལན་བདུན་དུ་བྱུགས་ཤིང་ལྕགས་གསུམ་གྱི་ནང་དུ་བཅུག་པ་ཁར་བཅུག་པས་ནི་འགྲོ་བ་མ་ལུས་པ་སྦེད་པར་བྱེད་དོ། །ཡང་ན་ཏ་ཀ་རའི་བྱང་ཕྱོགས་ཀྱི་རྩ་བ་ཕྱོགས་ཀྱི་གོས་ཀྱིས་གཏུམ་ཞིང་ཟླ་བ་གཟས་ཟིན་པ་ན་རིལ་བུ་ཉི་མ་དང ། ཟླ་བ་དང ། མེའི་ནང་དུ་བཅུག་ན་ཁའི་ནང་དུ་གནས་པས་མི་སྣང་བར་བྱེད་དོ། །བ་གླང་གི་གི་ཝང་དང ། ་གུ་ཏའི་ཤིང་གི་མེ་ཏོག་དང ། འགགས་ནས་ཤི་བའི་མིག་དང ། ཚིལ་བླངས་ཤིང་ཁྲ་གཉིས་པས་ཟོས་པའི་ལྷག་མ་དང་ལྡན་པའི་རིལ་བུ་འདི་ནི་བརྟགས་པའི་བརྐྱང་མ་ཞེས་བྱའོ། །ཡང་ན་པའི་ཚལ་དུ་ཟླ་མཚན་གྱིས་མྱོས་པའི་བུ་མོ་མཉེས་པའི་རྫས་དང ། བ་བླ་དང་ལྡན་པས་དཔྲལ་བའི་གནས་ཀྱི་ངོས་ཀྱི་གནས་སུ་ཐིག་ལེ་བྱས་ན་
428b
གནས་གསུམ་པོའང་སྤེད་པར་བྱེད་དོ། །ཡང་ན་ཨ་ཤོ་ཀ་སྔོན་པོའི་བྱང་གི་ཕྱོགས་སུ་ཁཝའི་ཚང་གི་མྱུག་གུས་དཔྲལ་བའི་འགྲམ་དུ་ཐིག་ལེ་བྱས་ན་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་སྦེད་པར་བྱེད་དོ། །ཕུ་རོན་གྱི་ཁོང་པར་སྲོ་ཏའི་མིག་སྨན་བཅུག་ནས། རོ་སྲེག་གི་མེ་ལ་བསྲེགས་ཏེ་གྲུབ་པའི་མིག་སྨན་བྱི་ལ་དཀར་པོ་མ་ཡིན་པའི་ཁྲག་གིས་བསད་པས་སྦེད་པར་བྱེད་དོ། །ཡང་ན་ཏྲིརྞཱ་སར་པའི་ཚོགས་ཀྱིས་མྱུ་གུས་བཏགས་པའི་ས་དང ། སར་གྷ་དང ། ཏ་ལ་དང་ལྡན་པ་རྒྱལ་ལ་གྲུབ་པས་དཔྲལ་བའི་ངོས་སུ་ཐིག་ལེ་བྱས་ན་སྦེད་པར་འགྱུར་རོ། །ཡང་ན་རིལ་བུ་མཆོག་ཏུ་གྱུར་པ་བ་བླ་དང ། བ་གླང་གི་གི་ལྡང་འདི་དག་ལྷན་ཅིག་གོང་གི་བསྟན་པའི་དགོས་པའི་རིལ་བུ་མཆོག་འདི་སྒྲུབ་པའོ། ། མི་སྣང་བའི་ཡེ་ཤེས་སོ། །དེ་ནས་མིག་སྨན་གྱི་སྦྱོར་བ་བཤད་པར་བྱ་སྟེ། ཤཱ་ལི་ཛ་ལས་བྱུང་བའི་མར་ཁུ་དང་ལྷན་ཅིག་དུར་ཁྲོད་ཀྱི་རས་ལས་བྱུང་བའི་སྡོང་བུ་འབྱུང་པོའི་ཉི་མའི་མཚན་མོ་ཕའི་སྐྱེད་མོས་ཚལ་དུ་སྐྱེས་པའི་ཐོད་པ་གསུམ་གྱི་ནང་དུ་མར་ཁུ་དང་བཅས་པའི་མར་མེ་བྱའོ། །དེའི་སྟེང་དུ་པདྨའི་འདབ་མ་བཞག་ནས་དགའ་མའི་ཐོད་པ་ལས་དུ་བ་བླང་བར་བྱའོ། །དེ་ནས་ཉིན་མོ་འཇིགས་པའི་མགོ་བོ་བསྲེགས་ནས་ཙནྡན་དམར་པོ་དང་མང་དུ་བཏགས་ཏེ་དེ་ཉིད་ཀྱི་མཚན་མོ་རྡོའི་གཏན་པ་ལ་ཞིབ་ཏུ་
429a
༄#། །བཏགས་ཤིང་ཕྱེ་མར་བྱའོ། །གོང་དུ་བླངས་པའི་དུ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་བྱ་རྒོད་ཀྱི་ལྤགས་པའི་སྣོད་དུ་བཅིངས་ཏེ། བྱ་རྒོད་ཀྱི་རྗེ་ངར་གྱི་རྐང་ངམ། གོང་གི་མིའི་རུས་པའི་ཐུར་མས་སོ། །དེ་ནས་མིག་སྨན་ཇི་ལྟར་སྒྲུབ་པར་བགྱི། །བཀའ་སྩལ་བ། བྷ་གའི་ནང་དུ་སྔགས་པས་ཆོ་གས་བསྒྲུབ་པར་བྱའོ། །གྲུབ་པའི་མིག་སྨན་གྱི་སྦྱོང་བའི་ཡེ་ཤེས། དེ་ནས་ལས་ཀྱི་ཆོ་ག་བཤད། །བཟླས་དང་བསམ་གཏན་རྟག་\?\། །གང་གིས་སྒྲུབ་པོ་འགྲུབ་འགྱུར་བའི། །བཅུད་ཀྱི་ལས་ཀྱི་ཆོ་ག་བརྗོད། །ཆོ་གའི་དངོས་པོ་མ་གང་ཡང ། །ཕོངས་པའི་སེམས་ཅན་བདེ་བ་འབབ། །རི་དང་རྒྱ་མཚོ་ལས་སྐྱེས་པ་དུ་མ་དང ། བྱིས་པའི་སྐྱུར་པོ་དང ། བུ་དང ། མདུད་པ་དང ། རྡོའི་གཏན་པ་ཚན་ཏེ་ལ་ཡང་དང་ཡང་མཉེས་ནས་སྣུ་ཧི་དང ། རིའི་ཟེ་འབྲུ་དང ། རོལ་པ་དང ། འདབ་མའི་ཆུ་སིངས་པོ་དང་བཅས་པར་ཟངས་ཀྱི་སྣོད་དུ་བསྐོལ་བར་བྱའོ།། ལྕགས་བླངས་ནས་སྦྱར་བར་བྱ་ཞིང་བ་གུ་ལ་དང ། ུཏྤ་ལ་ཆེན་པོའི་ཆ་དང་ལྡན་པར་ཇི་སྲིད་དུ་མར་སར་བྱུང་བ་དེ་སྲིད་དུ་མཉེ་བར་བྱའོ། །དེ་མ་ཐག་ཏུ་རྡོ་རྗེ་ཅན་གྱིའོ་མས་བཏགས་ནས་སིན་དྷུ་དང་ཚ་ལས་ཁུ་བར་འགྱུར་བ་སྟེ། ཟངས་དང ། དངུལ་གྱི་ཆ་དང ། གསེར་ལྷན་ཅིག་པའི་ཆ་ཁྱོར་བུ་ཁ་བཀབ་པར་བཞུ་ཞིང ། དེ་ནས་དྲིའི་རྡོ་བ་ཕྱེད་
429b
ཙམ་དུ་སྦྱིན་པར་བྱས་ལ་གསེར་ཕྱེད་ཀྱི་ཆེད་གཞུག་པར་བྱའོ། །བཅུད་ཀྱི་ཡེ་ཤེས་སོ། །དེ་ནས་བཅུད་ལེན་བཤད་པར་བྱ། །ཐམས་ཅད་སྙིང་པོ་ཀུན་བསྡུས་པ། །དུས་ཀྱི་འཆིང་བར་གནས་ནས་ནི། །རྣལ་འབྱོར་ཕྱག་རྒྱ་བསྒྲུབ་པར་བྱ། །གཞི་མཉམ་ཉིད་དང་གླ་རྩི་དང ། །ཙནྡན་དམར་པོ་ག་བུར་ཉིད། །སཱ་ལུ་སྐྱེས་དང་སི་ཧལ་དང ། །ཀུན་ཏུ་རུ་དང་ཀཀྐོ་ལ། །དེ་བཞིན་རྐང་གི་སྙིང་པོ་ཉིད། །འདི་རྣམས་སྨན་ནི་ཆེན་པོ་ཉིད། །དུས་ནི་དྲུག་ཏུ་འོད་ཟེར་ཅན། །དཔྱིད་དང་སོ་གཉིད་དང་ནི། །དེ་བཞིན་དུ་ནི་དབྱར་ཉིད་དང ། །སྟོང་ཡི་དུས་དང་དགུན་སྟོད་དང ། །དེ་བཞིན་གཞན་ཡང་དགུན་སྨད་དོ། །དཔྱིད་ལ་ཆོ་ག་ཉི་ཤར་ན། །སོ་ག་མཁས་པས་ཉིན་ཕྱེད་ན། །དབྱར་ལ་ཉི་མ་བསྣུར་བ་ན། །སྟོན་ནི་དེ་བཞིན་ཉི་ནུབ་ན། །དགུན་སྟོད་ལ་ནི་ནམ་ཕྱེད་ན། །དགུན་སྨད་ལ་ནི་ཐོ་རངས་སོ། །དུས་ཀྱི་སྦྱོར་བ་མཆོག་འདི་ནི། །ཞལ་མཆོག་མ་ནི་ཁྱོད་ལ་བཤད། །དགུན་སྟོད་དུས་སུ་ནམ་ཕྱེད་ན། །མེ་ཏོག་ཏུ་ནི་གསུངས་པ་ཉིད། །དཔྱིད་ལ་ཡང་ནི་བཞི་མཉམ་ཉིད། །ཉི་ཤར་དེ་བཞིན་དངོས་གྲུབ་སྟེར། །དབྱར་ལ་ཉི་མ་བསྣུར་བ་ན། །གླ་རྩི་ཡིད་དུ་འོང་བ་ཉིད། །སོ་ཀར་དོན་ཀུན་གྲུབ་པ་པོས། །ཉི་མ་ཕྱེད་ན་རྐང་སྐྱེས་ཉིད། །སྟོན་ཀ་པདྨ་སྣུམ་པ་ཉིད། །སྲོད་ལ་དངོས་གྲུབ་བྱེད་པ་ཉིད། །དགུན་སྨད་ལ་ནི་ཐོ་རེངས་ན། །ཁྱད་པར་དུ་ནི་ག་བུར་ཉིད། །རྣལ་འབྱོར་མཆོག་རབ་
430a
༄#། །འདི་ཉིད་ནི། །ཤིན་ཏུ་མཉམ་པར་གཞག་པར་བྱེད། །རྒ་དང་འཆི་ལས་རྣམ་གྲོལ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །བུ་དང་གན་དྷ་གཉིད་དང ། །མཆོག་དང་ཡང་དག་ལྡན་པར་ནི། །མར་གྱིས་ཁྱབ་པར་བྱས་ནས་ནི། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །རྫས་ནི་བཅུ་བཞི་བླངས་ན་ནི། །རྒ་དང་འབད་པས་བཟའ་བར་བྱ། །ཟླ་བ་ཉི་མའི་རྣམ་པའི་ཆས། །ཇི་ལྟར་འདོད་པའི་ལས་རྣམས་བྱ། །ཉི་མ་བདུན་ཕྲག་གསུམ་གྱིས་འགྲུབ། །སོ་དང་སེན་མོ་སྐྲ་ལྟུང་ཞིང ། །ཡང་ནི་ཉེ་བར་སྐྱེ་བར་འགྱུར། །གྲུབ་ན་ཁམས་རྣམས་ཐམས་ཅད་ནི། །གསེར་གྱི་དངོས་པོར་བྱེད་པར་འགྱུར། །དེ་ནས་འབྲུ་མར་གྱི་ཆོ་ག་བཤད་པར་བྱ་སྟེ། པདྨ་ལས་སྐྱེས་པ་དང ། པོ་ལ་ལས་སྐྱེས་པའི་མར་ཁུ་ཉིད་དང ། བཞི་མཉམ་འདི་དག་མཉམ་ཞིང་མཉམ་པར་ལྡན་པ་དང ། ཡུང་བ་དཀར་པོ་མ་ཡིན་པའི་ཚིགས་མ་དང ། བོ་ལའི་ཆུ་དང་བཅས་པ་དང ། གུ་ཌཱུ་རྩིའི་སྙིང་པོ་བླངས་ནས་ཐམས་ཅད་དུ་བ་ལང་གི་འོ་མས་བྱའོ། །དེ་ནས་ཆ་བཤད་པར་བྱ་སྟེ། ཕྱེ་མ་སྲང་སུམ་ཅུ་རྩ་གཉིས་བླངས་ནས་ཆུ་ཉིས་འགྱུར་དང ། ཇི་སྲིད་ཁམ་པོར་བཞི་ཆ་ལུས་པ་དེ་སྲིད་དུ་བསྐོལ་བར་བྱའོ། །བོ་ལ་གསུམ་དང ། ཇི་ལྟར་རྗེས་སུ་རིམ་པས་ལན་གསུམ་དུ་བསྒྲུབ་པར་བྱའོ། །འབྲུ་མར་བཞི་འགྱུར་འོ་མ་དང ། །གུ་ཌཱུ་ཙི་ཏ་དེའི་ཕྱེད་དང ། དེའི་ཕྱེད་ཀྱི་ཚིག་མར་
430b
འགྱུར་བ་དང ། གོང་དུ་གསུངས་པའི་རྫས་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཞེན་པས་བཙོ་བར་བྱའོ། །གལ་ཏེ་འདི་དེའི་ཚེ་འབྲིང་པོ་ལ་ནི་ཀུ་ཌཱུ་ཙི་ཕྱི་རོལ་དུ་གནས་སོ། །མགོ་བྱུག་པ་ལ་ནི་དྲག་པོར་གསུངས་ཏེ། གཙོ་བ་གསུམ་ནི་མཆོག་ཏུ་འདོད་དོ། །སྣར་བླུགས་པ་ནི་སྲང་བཅུའོ། །བཏུང་བ་ལ་ནི་བརྒྱར་གསུངས་སོ། །བྱུག་པ་ལ་ནི་རྣལ་འབྱོར་པ་ཤིན་ཏུ་མཉམ་པར་གཞག་པས་བརྒྱ་རྩ་བརྒྱད་དུ་བྱའོ། །སྣར་བླུགས་པས་ནི་ལོ་སྟོང་ཐུབ་པར་འགྱུར་རོ། །བཏུང་བ་ལ་ནི་དེ་བཞིན་དུ་ལྔ་བརྒྱའོ། །མགོ་བོ་བྱུགས་པ་ལ་ནི་སུམ་བརྒྱའོ། །ངའི་ཚིག་ལ་ཐེ་ཚོམ་མེད་དེ། ལྷའི་གཟུགས་སུ་འགྱུར་བ་དང ། དབྱངས་སྙན་པར་འགྱུར་བ་དང ། རྟག་ཏུ་སྡུག་པར་འགྱུར་ཞིང་བསྟན་བཅོས་ཐམས་ཅད་རྒྱས་པར་ཤེས་ཤིང་ལུས་གསལ་ཞིང་གཟི་བརྗིད་ཆེ་བ་དང ། བགེགས་ཐམས་ཅད་འཇོམས་པར་བྱེད་དོ། །བཞི་མཉམ་བླངས་ནས་སྐམ་པར་བྱས་ནས་འོ་མ་དང་ལན་མང་དུ་བཏག་པར་བྱའོ། །བ་གླང་གི་ལྕི་བའི་མེས་མི་སྣང་བར་བསྲེགས་ནས་འབྲུ་མར་བླངས་ཏེ་འབྲུ་མར་ནག་པོ་གཉིས་དང ། མར་ཁུ་བཅུ་གཉིས་དང ། འབྲུ་མར་གྱི་ཉིས་འགྱུར་གྱི་འོ་མ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཆོ་ག་བཞིན་དུ་རྣལ་འབྱོར་པས་གཙོ་བར་བྱའོ། །གསེར་བཞི་དང ། འབྲས་བུ་གསུམ་དང ། ནརི་བ་དང ། ཙེ་ཏི་དང ། ཏ་ལ་དང ། འདི་རྣམས་
431a
༄#། །ཀྱིས་རིམ་པ་འཕེལ་བའི་ཚིགས་མར་བརྗོད་པ་དང ། མཚན་མོ་དང ། བ་ཀུ་ཙི་དཀར་པོ་དང ། ུཏྤ་ལའི་སྙིང་པོ་དང ། ལྕགས་ཀྱི་དྲི་མ་དང ། དྲིའི་རྡོ་དང ། གུ་གུལ་དང ། སརྫ་ར་ས་དང ། ག་བུར་དང ། རི་དྭགས་ལས་སྐྱེས་པའི་ཆང་དང ། རྫས་འདི་རྣམས་མར་ཁུས་བཙོས་པས་ནད་མེད་ཅིང་ཚེ་རིང་བར་འཕེལ་བར་བྱེད་དོ། །མགོ་བོ་ལ་བྱུགས་ན་གཉེར་མ་དང ། སྐྲ་དཀར་སེལ་བར་བྱེད་ཅིང་ནད་ཐམས་ཅད་འཇོམས་པར་འགྱུར་བ་ཉིད་དུ་ཐེ་ཚོམ་མེད་དོ། །དེ་ནས་ལུས་ཀྱི་བྱུག་པའི་འབྲུ་མར་གྱི་ཆོ་ག་བཤད་པར་བྱའོ། །དེ་ཉིད་ཀྱིས་འབྲུ་མར་དེ་འོན་ཀྱང་ཁྲག་སེལ་བར་བྱེད་པ་དང ། གསེར་གྱི་ཤིང་དང ། བརྟན་པར་རབ་ཏུ་སྐྱེས་པ་དང ། སིནྡྷུ་བཱ་རེ་དང་ལྷན་ཅིག་གོང་དུ་གསུངས་པའི་ཆོ་གས་སྔགས་པས་ཆུ་བསྒྲུབ་པར་བྱའོ། །དེའི་རྗེས་སུ་ཤྱཱ་མ་དང ། པྲི་ཡ་དང ། ཀེ་ཤ་རི་དང ། བ་ཀུ་ལ་དང ། རིག་པ་འཇིན་མ་དང ། ནཱ་ག་དང ། འཁོར་ལོ་འཐག་པ་དང ། མཚན་མོ་རྒྱུ་བ་དང ། ཀ་ན་ཀ་དང ། ཤི་ཁེ་དང ། པྲ་བ་ར་དང ། བྷུ་ཏཱ་རི་དང ། པཱ་ར་ཧྲི་ད་དང ། པལླ་བྷི་དང ། གྲོལ་བ་དང ། ལག་པའི་རྩིབས་དང ། མ་ཛ་རི་དང ། གསེར་ཤིང་དང ། བ་ཙཱ་དང ། བ་ཀུ་ཙ་དང ། སྒྲིན་གྱི་ཤིང་དང ། ཡུང་བ་དང ། མཉྫི་ཥྛ་དང ། ནད་ཀྱི་དབང་པོ་
431b
དང ། གླང་པོའི་སྟོབས་འདི་དག་གིས་ནི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ཙནྡན་གཉིས་དང ། རི་དྭགས་ཀྱི་ཆང་དང ། ག་བུར་དང ། ཤ་ལ་ཀི་དང ། ན་ཁ་དང ། བུ་རམ་དང་མཉམ་པར་ལྡན་པའི་བདུག་པ་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་དོ། །གཡན་པ་དང ། ཤུ་བ་དང ། ཟ་འབྲུམ་དང ། ཡན་ལག་ལས་སྐྱེས་པའི་དུག་ཐམས་ཅད་འཇིག་པར་བྱེད་དོ། །ལྷ་མོ་ངས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །ཡུང་བ་དང ། སྲིད་པའི་རྡུལ་དང ། སིནྡྷུ་བཱ་ར་དང ། ལྷ་ཁང་གི་སོ་ཕག་གི་རྡུལ་དང ། ཀ་ན་ཀའི་འདབ་མའི་ཚིགས་མ་དང ། གླ་རྩི་དང ། བཞི་མཉམ་འདི་དག་མཉམ་པ་དང ། རྐུན་མ་དང ། ཀེཾ་སུ་དང་ལྷན་ཅིག་པས་ནད་རྣམ་པ་སྣ་ཚོགས་པ་སྲིན་བུ་དང ། མཛེ་དང ། ཡན་ལག་ལས་སྐྱེས་པའི་དུག་ལས་བྱུང་བ་ཡང་འཇིག་པར་བྱེད་ན། ཡང་པཱ་ཀུ་ཙི་དང་ལྷན་ཅིག་པ་ལྟ་སྨོས་ཀྱང་ཅི་དགོས། ལུས་བྱུག་པའི་ཆོ་གའོ། །དེ་ནས་བསྐ་བ་གསུམ་དང་བཞི་མཉམ་ལྷན་ཅིག་ཕྱེ་མར་བྱས་ནས། གླ་རྩི་གྲང་མོ་དང་ལྷན་ཅིག་ལོ་གཅིག་ཏུ་བརྟུལ་ཞུགས་ཅན་གྱིས་བཏུང་བར་བྱའོ། །དེ་ལྟར་ཁོང་དུ་སོང་བའི་ནད་རྣམ་པ་སྣ་ཚོགས་པ་བད་ཀན་ལ་སོགས་པ་ལྟུང་བར་བྱེད་དོ། །ཞུ་ན་སྔགས་པའི་སྐྲ་དཀར་པོ་ལ་སོགས་པ་འཇིག་པར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། །ཡང་ན་བཞི་མཉམ་བླངས་ནས་ཞིབ་པར་ཕྱེ་མར་
432a
༄#། །བྱས་ནས་འབྲས་བུ་གསུམ་དང་ལྷན་ཅིག་མར་དང་སྦྲང་རྩིས་བརྫིས་ནས་ཞོ་གཉིས་བཟའ་བར་བྱའོ། །དེ་ནས་གཟུགས་བཟང་པོར་འགྱུར་ཞིང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། །དེ་ནི་རློན་པས་ཀྱང་ཡིན་མོད་ཀྱི། འོན་ཀྱང་མར་དང ། སྦྲང་རྩི་དང་བྲལ་བའོ། །ཡང་ན་བསྐ་བ་གསུམ་བླངས་ནས་ཕྱེ་མ་ཞིབ་མོར་བྱའོ། །བྱི་ལའི་རྐང་རྗེས་ཙམ་ལས་རིམ་པས་འཕེལ་བས་གླ་རྩི་འབྲིང་པོ་ཤིན་ཏུ་བསིལ་བར་བྱས་ནས་རྣལ་འབྱོར་བས་བདག་གི་ནུས་པ་ཉེ་བར་བརྟགས་ནས་བཏུང་བར་བྱས་ན་རླུང་དང་བད་ཀན་འཇོམས་པ་དང ། སྐྲ་དཀར་སེལ་བར་བྱེད་ལ། དྲོན་པོས་ནི་སྐྲ་དཀར་བྱེད་པ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་བླངས་ནས་འོ་མ་དང་ཆུར་བཙོ་བར་བྱ་སྟེ། མགོ་བོར་བསྐུ་བར་བྱའོ། །དབང་པོའི་སྟན་དང ། འབྲས་སཱ་ལུ་དམར་པོ་དང་ལྷན་ཅིག་བཏགས་པར་བྱས་ལ་ཁུ་བ་བྱས་ཏེ་མར་གྱིས་བཙོས་ནས་སྦྲང་རྩི་དང་ལྷན་ཅིག་བཟའ་བར་བྱའོ། །དེ་ནས་ཟླ་བ་གསུམ་ན་ནད་ཐམས་ཅད་དང ། ཁྱད་པར་དུ་སྐྲ་དཀར་འཇོམས་སོ། །ཟླ་བ་དྲུག་ཏུ་སྦྱོར་བ་གོམས་པས་རྣལ་འབྱོར་པ་ཤིན་ཏུ་དབྱངས་སྙན་པར་འགྱུར་བ་དང ། ཚིལ་བུ་དང་ལྡན་པར་འགྱུར་རོ། །ཟླ་བ་དགུ་ན་ལུས་བཟང་པོ་དང ། ཡིད་ལྟར་མགྱོགས་བ་དང ། ཐོས་པར་འཛིན་པར་འགྱུར་རོ། །ལོ་གཅིག་ན་ནི་གླང་པོའི་སྟོབས་
432b
ཉིད་དང ། ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། །ཡང་ན་ནཱ་ག་མཱུ་ལ་དང ། ཞགས་པ་དང ། པ་ལ་ཤ་དང ། ཀུ་ཋ་ཆ་གསུམ་དང ། མཱ་ག་དྷ་བཅུའི་ཆ་གཅིག་དང་ཆ་མཉམ་པའི་ཕྱེ་མ་དང ། བའི་འོ་མ་དང་ཕྱེ་མ་ཞོ་གཉིས་བསྲེས་ནས་ཡང་དག་པར་བརྫིས་ཏེ། འདི་ཉི་མ་རེ་རེ་ལ་རྣལ་འབྱོར་པས་བཟའ་བར་བྱའོ། །རྣལ་འབྱོར་པས་ལོ་བརྒྱར་བྲག་སྟོང་པ་ལ་སོགས་པས་གནས་ན་ངེས་པར་ཤིན་ཏུ་ཡོངས་སུ་ཚིམ་པ་དང ། བཀྲེས་པ་དང ། སྐོམ་པ་ལས་རྣམ་པར་གྲོལ་བར་འགྱུར་བས་སྨན་འདི་དང་ལྡན་པས་བྲག་སྟོང་པ་ལ་སོགས་པ་ལ་གནས་པར་བྱའོ། །སྦྱོར་བ་གཞིན་ནི་རྒན་པོ་ལྟ་བུར་དོན་མེད་པའོ། །སྦྱོར་བ་མེད་པས་རྣལ་འབྱོར་པ་ཀུན་རྫོབ་ཀྱི་བདེན་པའི་གནས་བྲག་འབབ་ཆུ་དང་བཅས་པ་དེའི་གནས་སུ་བསྒོམ་པར་བྱའོ། །དུས་ཀྱི་འཆི་བ་མི་རིག་པ། །གང་ཞིག་རྣལ་འབྱོར་པར་འདོད་པ། །མཁའ་ལ་ཁུ་ཚུར་བསྣུན་པ་དང ། སྨིག་སྒྱུའི་ཆུ་ནི་འཐུང་བ་དང ། །བཀྲེས་ཕྱིར་ཕུབ་མ་རྡུང་བ་ལྟར། །དེ་ནི་ངལ་བ་དོན་མེད་ཅིང ། །དེ་ཉིད་འབྲས་བུ་འཐོབ་མི་འགྱུར། །ཡོ་གི་ཤིན་ཏུ་མཉམ་གཞག་པ། །དེ་ལྟར་ཆོ་ག་ང་ཡིས་བསྔགས། །ཡེ་ཤེས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཚེ་རིང་བའི་རིག་པ་སྟེ་བདུན་པ་ལས། རབ་ཏུ་བྱེད་པ་དང་པོའོ།། །།བཅོམ་ལྡན་བདག་ནི་ཉན་པར་འཚལ། །བཟླས་སོགས་སྦྱིན་སྲེག་ཇི་ལྟར་ལགས།།
433a
༄#། །ཞི་རྒྱས་དབང་དང་མངོན་སྤྱོད་དང ། །གཏོར་མ་མཆོད་སོགས་ཇི་ལྟར་ལགས། །སྦྱིན་སྲེག་ལ་སོགས་མཚན་ཉིད་ནི། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །དང་པོར་བསྔགས་པས་འབུམ་བཟླས་བྱ། །ཕྱི་ནས་ལས་ནི་ཡང་དག་བརྩམ། །གཡས་བརྐྱང་བ་དང་གཡོན་བརྐྱང་ཉིད། །མཉམ་སྟབས་བི་ཤཱ་ཁི་ལཾ་ནི། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ནི་ཕྱི་ནས་རིག་མ་གཞུག་།བྲམ་ཟེ་མོ་དང་རྒྱལ་རིགས་ཉིད། །རྗེའུ་རིགས་དེ་བཞིན་དམངས་མོ་ནི། །དེ་ལྟར་ཆོ་ག་སྣ་ཚོགས་ཉིད། །དེ་ཚེ་སྦྱིན་སྲེག་ཡང་དག་བརྩམ། །ཞི་བར་ཐབ་ཁུང་ཟླུམ་པོ་ཉིད། །ཁྲུ་གང་ཚད་ཙམ་ཐིག་གདབ་བྱ། །བཏབ་ནས་ཁྲུ་ཕྱེད་བརྐོས་ནས་ནི། །འོག་ཏུ་ས་ལ་མ་ཐོ་གང་ཁུང ། །ཙན་དན་དཀར་པོས་ངོས་དག་བྱུག་།དེ་ཡི་ཕྱི་རོལ་ཟླུམ་པོར་ས། །སོར་བཞི་པ་ཡི་མུ་རན་ཡིན། །རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །འོག་ཏུ་ཁུང་བུ་ཁྲུ་གང་པ། །མུ་རན་ལ་ནི་སོར་བརྒྱད་ཉིད། །མེ་ཏོག་སེར་པོས་བརྒྱན་པ་དང ། །དྲི་ནི་སེར་པོས་རྗེས་སུ་བྱུག་།མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །རྒྱར་ནི་སོར་མོ་ཉི་ཤུ་སྟེ།། འོག་གི་འཕང་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །དབང་དང་དགུག་པ་ཐུན་མོང་སྟེ། །ཐབ་ཁུང་གཅིག་པའི་མཚན་ཉིད་གསུངས།།
433b
དགུག་པ་ཟླ་བ་ཕྱེད་པའི་དབྱིབས། །ཐབ་ཚད་ཁུང་བུ་ཐབ་ཁུང་ཕྱེད། །ཚད་གཟུགས་མུ་རན་བྱས་ནས་ནི། །དྲི་ནི་དམར་པོ་ས་བྱུག་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཡིན། །རྒྱས་པ་དེ་བཞིན་སེར་པོ་ཉིད། །གསད་པ་ཁ་དོག་ནག་པོ་སྟེ། །དབང་ལ་དེ་བཞིན་དམར་པོ་ཡིན། །ཇི་ལྟར་དབང་ལ་དེ་བཞིན་དགུག་།ཇི་ལྟར་གསད་ལ་དེ་བཞིན་སྡང ། །ཕྱོགས་ཀྱི་ཆ་ནི་བཤད་པར་བྱ། །ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །གོང་གི་ལས་ལ་ལྟོས་ནས་ནི། །རྡུལ་\?\་ཚོན་རྣམས་ནི་བཤད་པར་བྱ། །ཐབ་ཁུང་རྐོ་བའི་བྱ་བའོ། །དེ་ནས་འབྲུ་སྣ་ཚོགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། འབྲས་སཱ་ལུ་དང ། སོ་བ་དང ། ཏིལ་དཀར་པོ་དང ། ནས་དང ། འབྲས་བུ་དང ། དུར་བ་དང ། འོ་མ་དང ། མར་དང ། སྦྲང་རྩི་དང་ལྷན་ཅིག་ཏུ་བདུད་རྩི་ལྔ་དང ། བསྲེག་རྫས་དང ། འོ་མ་ཅན་གྱི་ཤིང་ལྔ་ལས་སྐྱེས་པའི་རློན་པའི་ཤིང་ཡལ་ག་དང་བཅས་པ་རྩེ་མོའི་ཆར་གནས་པ་འདི་སྦྲང་རྩི་དང ། འོ་མ་དང ། མར་ལ་གཉིས་ཀྱི་རྩེ་མོ་བཏགས་ཏེ་བསྲེག་བླུགས་བྱའོ། །ུ་དུམ་བཱ་ར་དང ། པ་ལ་ཤ་ལས་བསྐྱེད་པའི་མེ་རབ་ཏུ་སྦར་ལ་ཞི་བར་འདོད་པས་དུས་གསུམ་དུ་ཁ་ཤར་དུ་ལྟ་ཞིང་གནས་ནས་བསྲེག་བླུགས་བརྒྱ་རྩ་བརྒྱད་བྱའོ། །དེ་ལ་དཀྱིལ་འཁོར་བ་ཡང་ཞི་བར་
434a
༄#། །འགྱུར་རོ། །དེ་ནས་རྒྱས་པར་བྱ་བར་འདོད་ན་ཏིལ་ནག་པོ་དང ། མོ་སྲན་གྲེའུ་དང ། སཱ་ལི་དམར་པོ་དང ། ནས་ལ་སོགས་པ་དང ། དེ་ཉིད་ཀྱི་ཡམ་ཤིང་དུ་བརྗོད་པ་སྟེ། འོན་ཀྱང་ཁུ་ཚུར་གྱི་ཚད་དང ། ཁྲུ་གང་ཙམ་གྱི་ཚད་འོ་མ་དང་མར་ལ་བཏགས་ཏེ། གུར་གུམ་གྱི་དྲིའི་ཆུས་གཏོར་ནས་མངར་གསུམ་དང ། ཞོ་དང ། ཟན་མཆོག་དང ། སྦྲང་རྩི་དང ། མར་དང་ལྡན་པ་དང ། མེ་ཏོག་བརྒྱ་པ་དང ། བིལ་བའི་འབྲས་བུ་དང ། པདྨ་དང ། ནཱ་ག་གེ་སར་དང ། འབྲུ་རྣམས་དང ། དེ་ནས་ཨུ་དུམ་བཱ་རའི་ཤིང་ལ་མེ་སྦར་ལ་ལས་ཀྱི་རྗེས་སུ་ལྷའི་རྣལ་འབྱོར་དམིགས་ཏེ། ཁ་བྱང་དུ་བལྟ་ཞིང་གནས་ནས་ཐུན་གསུམ་དུ་ཤིན་ཏུ་མཉམ་པར་བཞག་པས་སྟོང་ཕྲག་གཅིག་བསྲེག་བླུགས་བྱའོ། །ཉི་མ་བདུན་གང་བ་ན་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དེ་ནས་དབང་དུ་བྱ་བར་འདོད་ན་ཏིལ་དམར་པོ་དང ། ནག་པོ་དང ། པྲི་ཡང་ཀུ་དང ། ནཱག་གེ་སར་དང ། ཙམ་པ་ཀ་དང ། ་ཤོ་ཀ་དང ། བ་ཀུ་ལ་དང ། བ་ཎཱ་དང ། མེ་ཏོག་བརྒྱ་པ་རྣམས། དྲི་དང ། མར་མེ་དང ། སྦྲང་རྩི་དང་སྦྱར་ཞིང ། ལྷའི་ཤིང་དང ། པ་ཊ་དང ། པིཔྤ་ལི་དང ། ུ་དུམ་བཱ་ར་ལ་སོགས་པའི་ཤིང་རྣམས་ལས་བྱུང་བ་སོར་བརྒྱད་པ་དང ། ཤལླ་ཀི་དང ། གུ་གུལ་གྱི་ཤིང་དག་དང ། སེང་ལྡེང་ཉིད་དང །
434b
དྲི་བཟང་པོ་ལ་སོགས་པ་དང ། དེ་ནས་སྐྱེས་པ་དང ། བུད་མེད་ཀྱི་རྡོ་རྗེ་ཆུ་དང་ལྷན་ཅིག་བསྲེས་པས་གཟུགས་དམར་པོར་དམིགས་ནས་ཁ་ནུབ་ཏུ་བསྟན་ཏེ་གང་གི་མིང་ནས་བསྲེག་བླུགས་བྱས་པ་དེ་ཞག་བདུན་གྱིས་དབང་དུ་བྱེད་དེ། ཇི་སྲིད་འཚོའི་བར་དུ་སྤོང་བར་མི་འགྱུར་རོ། །དེ་ནས་མངོན་སྤྱོད་བྱ་བར་འདོད་པས་ཏིལ་ནག་པོ་དང ། མོ་སྲན་གྲེའུ་ལ་སོགས་པ་དང ། བྷ་ལ་ཏ་ཀའི་འབྲས་བུ་དང ། ནག་པོར་གྱུར་པ་དང ། ཡུངས་ཀར་གྱི་མར་ཁུས་བསྐུས་ནས་ཁྲག་དང་བསྲེས་པས་ལྷན་ཅིག་ཤིང་ནག་པོ་འཁྱོར་པོ་ལས་སྐྱེས་པའི་ཚེར་མ་དང ། ཚ་བ་དང ། ཁ་བ་ལ་སོགས་པའི་ཤིང་ཐམས་ཅད་ལས་སྐྱེས་པ་སོར་བཅུ་དང ། སྐྱེས་པའི་རུས་པ་དང ། རྣམ་པར་སྣང་མཛད་དང ། བོང་བུའི་སྦངས་དང ། སྤུ་དང ། ཁྱིའི་རྟུག་པ་དང ། སྤུ་དང ། སེན་མོ་དང་བཅས་པ་ཐམས་ཅད་འབྲུ་མར་གྱིས་ཡང་དག་པར་བྱུགས་ནས་རོ་བསྲེགས་པའི་མེ་ལ་མཉམ་པར་བཞག་པས་ཁ་ལྷོར་བལྟས་ཏེ་གང་གི་མིང་ནས་བརྒྱ་རྩ་བརྒྱད་བསྲེག་བླུགས་བྱས་ན་ཉི་མ་གསུམ་གྱིས་འཆི་བར་འགྱུར་རོ། །མ་ཤི་ན་མཐའ་གཅིག་ཏུ་གནས་ནས་མེའི་ཐབ་ཁུང་གྲུ་གསུམ་བྱས་ཏེ། གོང་དུ་གསུངས་པའི་རྫས་དེ་ཉིད་གདོལ་པའི་མེ་ལ་བསྲེག་བླུགས་བྱས་ན། དེ་ཉིད་ཀྱི་རྣལ་འབྱོར་གྱིས་མཐར་བྱེད་ཀྱི་གནས་སུ་
435a
༄#། །ཁྱེར་བར་འགྱུར་ཏེ་འོད་\?\་ལ་ཐེ་ཚོམ་མི་བྱའོ། །ཡང་ན་བསྐྲད་པར་བྱ་བར་འདོད་པས་ཡུངས་ཀར་དང ། ཁྲེ་དང ། མོ་སྲན་གྲེའུ་དང ། རྐང་རྗེས་ཀྱི་རྡུལ་བསྲེས་ནས་ཁྲག་དང ། ཡུངས་མར་གྱིས་བསྐུས་ཏེ་དེ་ཉིད་ལ་བྱའོ། །གསེར་ཤིང་ལ་ཁཝའི་ཚང་དང་ལྷན་ཅིག་སྦྱར་བས་གང་གི་མིང་ནས་བསྲེག་བླུགས་བྱས་ན་དེ་སྐད་ཅིག་ལ་སྐྲོད་པར་བྱེད་དོ། །ཡང་ན་ཁཝའི་ཤིང་དང ། རྔ་མོའི་རྟུག་པ་དང་ལྷན་ཅིག་ཆང་དང་ལྡན་པར་སྐྲ་གོལ་ཞིང་གཅེར་བུར་གྱུར་པས་གང་གི་མིང་གིས་རོ་བསྲེགས་ཀྱི་མེ་ལ་བསྲེག་བླུགས་བྱས་ན་དེའི་སྐད་ཅིག་ལ་སྐྲོད་པར་བྱེད་དོ། །ཡང་ན་རེངས་པར་འདོད་པས་ཉ་དང ། ཤ་ལ་སོགས་པའི་རྫས་དང ། བག་ཕྱེ་དང་ལྷན་ཅིག་འབྲུ་དང ། ཁྲག་དང ། སྦྲང་རྩི་བསྐུས་ནས་ཁཝའི་གཤོག་པ་དང་སྦྱར་ཞིང་ཁཝའི་ཁྱིམ་གྱི་ཤིང་ལ་སོགས་པ་དང ། ལྷག་མ་དང ། སོ་ཤིང་ལྷན་ཅིག་ཐབ་ཁུང་གྲུ་བཞི་པར་གང་གི་མིང་ནས་བསྲེག་བླུགས་བྱས་ན་དེ་བྱ་བ་ཀུན་ལ་རེངས་པར་བྱེད་དོ། །ཡང་ན་ཡུང་བ་དང ། ལྡོང་རོས་དང ། བ་བླ་དང ། གི་ཝང་དང་ལྷན་ཅིག་ཁ་བྱང་དུ་བལྟས་ཏེ་གནས་ནས་གང་གི་མིང་ནས་བསྲེག་བླུགས་བྱས་པ་དེ་རེངས་པར་འགྱུར་རོ། །ཁྱི་དང ། ཁྱིམ་བྱའི་ཤ་དང ། རྔ་མོའི་རྟུག་པ་བྱི་ལའི་ཁྲག་གིས་བྱུགས་པས་པི་ཙུམ་མྲྡའི་ཤིང་གིས་མེ་སྦར་ལ་གང་
435b
གི་གྲོང་གི་མིང་ནས་བསྲེག་བླུགས་བྱས་པ་དེ་གྲོང་སྟོང་པར་འགྱུར་རོ། །དམ་ཚིག་ཆེན་པོ་ཆང་གིས་བྱུགས་བས་ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཐུན་གསུམ་གྱི་བར་དུ་བསྲེག་བླུགས་བྱས་ན་ཟླ་བ་དྲུག་གིས་ཡུལ་གྱི་བདག་པོར་འགྱུར་རོ། །ཝའི་ཤའི་སྲེག་རྫས་ཀྱིས་བསྲེག་བླུགས་བརྒྱ་བྱས་ན་ཟླ་བ་གསུམ་ལོན་ནས་དབུལ་པོ་སྐད་ཅིག་གིས་འཇིག་པར་བྱེད་དོ། ། བ་ལང་གི་ཤ་ཁྲག་གིས་བསྒོས་པས་བསྲེག་བླུགས་སྟོང་བྱས་ན་དབང་དུ་བྱེད་དོ། །ཇི་སྲིད་འཚོའི་བར་དུ་ཐེ་ཚོམ་མེད་དོ། །དེ་ཉིད་ཀྱི་ཤ་ཆང་གིས་བྱུགས་ནས་ལག་པ་གཡོན་པས་བསྲེག་བླུགས་སྟོང་བྱས་ན། སངས་རྒྱས་ཀྱང་དབང་དུ་བྱེད་ན་དམན་པའི་མི་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་ནཱིཥྛཱ་ནཾ་གྱི་སོ་ཤིང་དང ། དེ་བཞིན་དུ་རང་གི་ལུས་དྲིལ་བ་དང ། ཆང་གིས་བྱུགས་པའི་སྦྱིན་སྲེག་དག་གིས་དབང་དུ་བྱེད་པར་ཐེ་ཚོམ་མེད་དོ། །ཁྱིམ་གྱི་མེ་ཏོག་ཟོས་ནས་སྐྱུགས་པ་དང ། མིའི་སྐྲ་དང་ལྡན་པའི་སྦྱིན་སྲེག་གིས་རྟག་ཏུ་མཆོག་ཏུ་འགུགས་པར་བྱེད་པ་ཡིན་ནོ། །ཁཝའི་གཤོག་པ་ཡུངས་མར་གྱིས་བྱུགས་ནས་དྷ་དུ་རའི་མེ་ལ་གང་གི་མིང་གིས་བསྲེག་བླུགས་བྱས་ན་འཕྲལ་དུ་སྐྲོད་པ་དང ། གསོད་པར་བྱེད་དོ། །ལྷག་པར་གྲོལ་བ་དང ། ཀུཥྨཱ་ཎྜ་དང ། ཁྲེ་དང ། མོ་སྲན་གྲེའུ་དང ། ཥ་ན་དང ། སྐྱུགས་པ་དང ། སྐེ་ཚ་དང ། ཁྱིམ་གྱི་མེ་ཏོག་དང ། འདབ་མ་ལྷན་ཅིག་སྦྱིན་སྲེག་བྱས་ན་
436a
༄#། །ཁ་འཆིང་བར་བྱེད་པ་འདི་ལ་ཐེ་ཚོམ་མེད་དོ། །ཁྱིའི་ཤ་དང ། རྡོ་རྗེའི་ཆུ་ལྷན་ཅིག་གང་གི་མིང་ནས་བསྲེག་བླུགས་བྱས་ན་དེ་ཉི་མ་བདུན་གྱིས་དབང་དུ་བྱེད་པར་འགྱུར་རོ། །རྟའི་ཤ་དང་ལྷན་ཅིག་རྣམ་པར་སྣང་མཛད་ཀྱི་བསྲེག་བླུགས་བྱས་ན་ཉི་མ་བདུན་གྱིས་མིའི་བདག་པོ་དབང་དུ་བྱེད་དོ། །གླང་པོའི་ཤ་དང ། ཁུ་བས་ལྷན་ཅིག་བསྲེག་བླུགས་བྱས་ན་གྲོང་ཁྱེར་དབང་དུ་བྱེད་དོ། །ཉ་དང ། ཤ་ཆང་དང་ལྷན་ཅིག་ཇི་སྲིད་དུ་བསྲེག་བླུགས་བརྒྱ་རྩ་བརྒྱད་བྱས་ན་བུད་མེད་ཐམས་ཅད་དབང་དུ་བྱེད་དོ། །ཡང་ན་ཁྲའི་ཤ་འབའ་ཞིག་གང་གི་མིང་ནས་ཇི་སྲིད་སྟོང་དུ་བསྲེག་བླུགས་བྱས་ན་ཉི་མ་གསུམ་གྱིས་རྡོ་རྗེ་སེམས་དཔའ་ཡང་འབྲོས་ན་ཡང་དམན་པའི་མི་ལྟ་ཅི་སྨོས། ཁ་དང ། ཁྲའི་ཤ་དག་གང་གི་མིང་གིས་དྷ་དུ་རའི་ཤིང་གི་མེ་ལ་སྲེག་བླུགས་བྱས་ན་དེ་སྐྲོད་བར་བྱེད་དོ། །ཤ་ཆེན་དང ། བྱ་རྒོད་ཀྱི་ཤ་གང་གི་མིང་གིས་བསྲེག་བླུགས་བྱས་ན་སྨྱོ་བར་འགྱུར་རོ། །དེ་རྣམས་མེ་ལ་བསྲེག་བླུགས་བྱས་ན་སོས་པར་འགྱུར་རོ། །དེ་ལྟར་ལས་རྣམས་བྱས་པ་ནི། །ངེས་པར་འགྲུབ་ན་བྱ་བ་ཉིད། ། གང་གཞན་དཔྱས་པར་འགྱུར་བ་སྟེ། །གང་ལའང་བྱ་བ་སྦྱིན་མི་བྱ། །བྱེ་བར་གྱུར་ན་མི་འགྲུབ་ཅིང ། །བདེ་བ་མི་ཡིས་རྙེད་མི་འགྱུར། །དེ་ཕྱིར་སྔགས་པས་གང་ལ་ཡང་།།
436b
ལས་སྐྱེས་དང་པོ་གར་བྱ་མིན། །གལ་ཏེ་བྱེད་པར་འདོད་ན་ནི། །དེ་ཚེ་གཅིག་པུ་གཉིས་མེད་བྱ། །དེ་ཚེ་སྔགས་པས་ལས་ཀུན་འགྲུབ། །བདུན་པ་ལས། སྦྱིན་སྲེག་གི་ཆོ་ག་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྷ་ལགས་མཉན་པར་འཚལ་ལགས་ན། །སྔགས་བཏུའི་ཆོ་ག་ཇི་ལྟར་ལགས། །དེ་རྣམས་དབྱེ་བ་མི་འཚལ་པས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་ཤེས་རབ་ཆེན་པོ་ཉོན། །དེ་ཡི་སྔགས་ནི་ཁྱོད་ལ་བཤད། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར།། གསང་བའི་པདྨ་མཱ་མ་ཀི་།པདྨ་འདབ་མ་བརྒྱད་བྱས་ནས། །ལྟེ་བ་སྦས་པའི་སྤྱོད་ཡུལ་དུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དེར་གནས་དཔའ་བོ་བཏུ་བར་བྱ། ། ལ་སོགས་པས་རབ་དབྱེ་བས། །སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག་།དང་པོ་ཡི་ནི་གཉིས་པ་དང ། །སྟོང་པས་སྟོང་པ་མནན་པ་ཉིད། །བདུན་པ་ཡི་ནི་གསུམ་པ་ལ། །བཅོ་ལྔ་ཟླ་བ་ཕྱེད་པས་རྒྱན། །བྱང་ཆུབ་ས་བོན་དེ་ནས་བླང ། །བཅོ་ལྔ་ཡིས་ནི་རྣམ་པར་མཆོད། །འདི་དག་སྙིང་པོར་ཡང་དག་གསུངས། །ཉེ་སྙིང་ཁྱོད་ལ་བཤད་པར་བྱ། །བདུན་པ་ཡི་ནི་གཉིས་པ་ནི། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཉིས་འགྱུར་ཨུཥྨ་རྣམས་ཀྱི་ནི། །གསུམ་པ་བླངས་ནས་དྲུག་པ་ཡི། །གཉིས་ལྡན་དབྱངས་ཀྱི་ལྔ་པས་ནི། །སྦྱར་ཞིང་
437a
༄#། །གང་ཞིག་མཐར་གནས་པའི། །གཉིས་པར་ལྔ་པ་སྟན་དུ་བྱ། །གསུམ་པ་ཡི་ནི་གསུམ་པ་ལ། །ཉི་ཤུ་རྩ་དགུ་པ་ཡི་གདན། །གང་ཞིག་བདུན་པའི་གསུམ་པ་དང ། །ལྔ་པ་ཡི་ནི་དང་པོ་ཉིད། །དབྱངས་ཀྱི་གསུམ་པ་སྦྱར་བར་བྱ། །བརྒྱད་པ་ཡི་ནི་གཉིས་པ་ལ། །བཅུ་གཉིས་པ་ཡིས་སྟན་དུ་བྱ། །སུམ་ཅུ་རྩ་གཉིས་བླངས་ནས་ནི། །དཀར་མོ་དེ་ལ་སྦྱར་བར་བྱ། །གང་ཞིག་ལྔ་པའི་གསུམ་པ་ལ། །དེ་ཉིད་བཞི་པ་འོག་ཏུ་སྦྱིན། །མཐར་གནས་གསུམ་པ་བླངས་ནས་ནི། །གྷསྨ་རཱི་ཡིས་མཆོག་ཏུ་མཛེས། །གསུམ་པའི་དང་པོའི་ས་བོན་དང ། །ལྔ་པ་ཡི་ཡང་ལྔ་པ་དང ། །ཆོམ་རྐུན་མ་ནི་མཆོག་ཏུ་འདོད། །སངས་རྒྱས་རྣམས་ཀྱི་ཞི་བ་སྐྱེད། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །ཤི་བ་སློང་བར་བྱེད་པར་གསུངས། །རྡོ་རྗེ་དམ་ཚིག་བསྐུལ་བར་བྱེད་པ་ཞེས་བྱ་བ་ཡང་བཀའ་སྩལ་པ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སཝཱཧཱ། །གཉིས་པའི་བཞི་པ་ཆུ་མས་བརྒྱན། །དེ་ནས་ཉེ་བའི་སྙིང་པོ་བཀའ་སྩལ་པ། །ུཥྨའི་དང་པོའི་ས་བོན་ནི། །མཁའ་སྤྱོད་མ་ཡིས་སྟེང་དུ་བརྒྱན། །གཉིས་པ་ཡི་ནི་དང་པོ་དང་།། བདུན་པ་ཡི་ནི་གཉིས་པ་ལ། །ཆོམ་རྐུན་མ་ཡིས་དེ་བཞིན་སྦྱར། །བརྒྱད་པ་ཡི་ནི་དང་པོ་ཉིད། །རྡོ་རྗེ་མ་ནི་མཆོག་ཏུ་འདོད། །ཡི་གེ་ཉི་ཤུ་བཟུང་ནས་ནི། །ལྔ་པ་ཡིས་
437b
ནི་སྟན་དུ་བྱ། །དཀར་མོ་ཡིས་ནི་མཛེས་པར་གསུངས། །གཉིས་པ་ཡི་ནི་དང་པོ་དང ། །ཉི་ཤུ་རྩ་བདུན་བླངས་ནས་ནི། །དེ་ཉིད་ཆོམ་རྐུན་མ་ཡིས་བརྟག་།གཉིས་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡི་སྟན། །གསུམ་པའི་དང་པོ་ཉིས་འགྱུར་ཉིད། །གང་ཞིག་གཉིས་པའི་བཞི་པ་ནི། །རྡོ་རྗེ་མཁའ་འགྲོ་མ་ཡིས་སྦྱར། །ཡི་གེ་བཅུ་གཅིག་པ་བླངས་ནས། །དབྱངས་ཀྱི་གསུམ་པས་ཕྱེ་བ་ཉིད། །ལྔ་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ལ་ནི་དཀར་མོར་སྦྱར། །གཉིས་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་མ་ཡི་སྙིང་པོ་མཆོག་།བཅུ་དྲུག་དེ་ནས་བླངས་ནས་ནི། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །ཉིས་འགྱུར་དང་ནི་གཉིས་པ་ཡི། །བཞི་པ་དབྱངས་ཀྱི་ལྔ་པས་བརྒྱན། །གང་ཞིག་བཞི་པའི་དང་པོ་ལ། །དཀར་མོ་ལྷན་ཅིག་སྙོམས་པར་འཇུག་།ལྔ་པ་ཡི་ནི་ལྔ་པ་ལ། །དེ་ཉིད་ལ་ནི་དཀར་མོར་སྦྱར། །རྡོ་རྗེ་སྲུང་བའི་སྦྱོར་བ་ལ། །རྟག་ཏུ་ལས་ནི་རབ་ཏུ་སྒྲུབ། །རྡོ་རྗེ་ཆེན་པོ་འཇིགས་དོན་དུ། །དེ་ཡི་སྟོབས་ནི་བྱེད་པར་བརྗོད། །ཅེས་བཀའ་སྩལ་ཏོ། །ོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཕཊ་སཝཱཧཱ། །གཉིས་པ་ཡི་ནི་དང་པོ་དང ། །བཞི་པ་ཡི་ནི་དང་པོ་ལ། །ཆོམ་རྐུན་མས་ནི་མཛེས་པར་གསུངས། །བདུན་པ་ཡི་ནི་བཞི་པ་ལ། །སྟེང་དུ་དཀར་མོས་བརྒྱན་པ་ཉིད། །གཉིས་པ་ཡི་ནི་དང་པོ་དང ། །བཅུ་གཅིག་པ་ནི་དེ་ནས་བཟུང་།ཆོམ་རྐུན་མས་ནི་སྤྱི་བོར་མཛེས། །ལྔ་པ་ཡི་ནི་ལྔ་པ་ལ།།
438a
༄#། །དབྱངས་ཀྱི་གསུམ་པས་སྦྱར་བར་བྱ། །གཉིས་པ་ཡི་ནི་དང་པོ་དང ། །གང་ཞིག་བཞི་པའི་དང་པོ་ལ། །ཆོམ་རྐུན་མ་ནི་མཆོག་ཏུ་འདོད། །གཉིས་པ་ཡི་ནི་དང་པོ་དང ། །བཞི་པའི་དང་པོར་མཁའ་སྤྱོད་མ། །སྤྱི་བོ་རུ་ནི་རྣམ་པར་མཛེས། །གཉིས་པ་ཡི་ནི་དང་པོ་དང ། །བཅུ་གཅིག་པ་ལ་ཆོམ་རྐུན་མ། །ལྷན་ཅིག་ཏུ་ནི་སྙོམས་པར་འཇུག་།རྟག་ཏུ་ཆོས་ནི་རྒྱས་པའི་སྟོབས། །དེ་བཞིན་མཛོད་ནི་ཆེན་པོར་གནས། །གསུང་གི་རྡོ་རྗེས་གསུངས་པ་བཞིན། །སྔགས་ཀྱིས་བཟླས་པ་བྱེད་པར་འགྱུར། །ོཾ་བཛྲ་དྷ་རྨ་ཧྲཱིཿ ་སཝཱཧཱ། །དེ་ནས་བཅུ་དྲུག་བླངས་ནས་ནི། །རྡོ་རྗེ་སེམས་ནི་མཆོག་ཏུ་མཛེས། །མཐར་གནས་པ་ཡི་གཉིས་པ་ཉིད། །དེ་ཉིད་ལ་ནི་ཆོམ་རྐུན་སྦྱར། །དེ་ནས་ལྔ་པ་བླངས་ནས་ནི། །མཁའ་འགྲོ་མ་ནི་རྒྱས་པར་བརྗོད། །དེ་ནས་བཅུ་དྲུག་པ་བཟུང་ནས། །ལྔ་པའི་དང་པོ་སྟན་དུ་བྱ། །རྡོ་རྗེ་མ་ནི་དེ་ལ་སྦྱར། །ཡི་གེ་ཉི་ཤུ་བདུན་པ་བཟུང ། །ཆོམ་རྐུན་མ་ནི་མཉམ་པར་སྒོམ། །གང་ཞིག་ལྔ་པའི་དང་པོ་ལ། །མཁའ་འགྲོ་འོག་གི་ཆ་ལ་སྦྱར། །གང་ཞིག་བདུན་པའི་གཉིས་པ་ལ། །ཆོམ་རྐུན་སྙིང་པོ་འོད་གསལ་བ། །སངས་རྒྱས་རྡོ་རྗེ་སྡེ་ཆེན་དང ། །སེམས་ཅན་ཁམས་ནི་ཐམས་ཅད་གཅིག་།བྲན་ཁོལ་ལྟ་བུར་ཐམས་ཅད་ནི། །ངེས་པར་དབང་དུ་བྱེད་
438b
པར་འགྱུར། །དེའི་སྐད་ཅིག་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་བཀའ་སྩལ་ཏོ། །ོཾ་ནི་ཐམས་ཅད་གསལ་བར་བྱེད། །མཐར་ནི་སཝཱཧཱ་སྔགས་བཏུ་བྱ། །དེ་བཞིན་གཤེགས་པས་གསུངས་པ་བཞིན། །འདོད་པའི་དངོས་གྲུབ་ཐམས་ཅད་སྟེར། །ོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿ ་ཧྲཿ ་ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནེ། གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒ་སརྦ་པཱ་ཏརྫྫ་ཡ་ཏྲྫྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ།་ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། །རིག་པའི་རྒྱལ་པོ་ཡི་ནི་སྔགས། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །དང་པོ་རྣམ་པར་སྣང་མཛད་སྦྱིན། །ུཥྨཱ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱི་ས་མཛེས་སྟོང་པས་མནན། །མཐར་ནི་སཝཱཧཱ་སྦྱར་བར་བྱ། །འདི་ནི་འབུམ་དུ་བཟླས་པས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །དང་པོར་ཡིག་འབྲུའི་བདག་པོ་སྦྱིན། །དེ་ནས་དེ་རྗེས་མཁའ་སྤྱོད་མ། །མཐར་ནི་སཝཱཧཱ་སྦྱར་བྱས་པས། །སངས་རྒྱས་རྣམས་ཀྱང་དབང་དུ་བྱེད། །རིག་བྱེད་རྣམས་ཀྱི་དབང་པོ་སྦྱིན། །གཉིས་པའི་གཉིས་པ་བཟུང་ནས་ནི། །སྟོང་པས་མནན་ཅིང་མཐར་སཝཱཧཱ། །སངས་རྒྱས་ཀྱང་སྐྲོད་ཤེས་རབ་ཅན། །དང་པོར་རྣམ་པར་སྣང་མཛད་
439a
༄#། །སྦྱིན། །གསུམ་པ་ཡི་ནི་གསུམ་པ་ལ། །མ་ནིང་དང་ནི་ཆུ་མས་བརྒྱན། །སྟོང་བཅས་མཐར་ནི་སཝཱཧཱ་ནི། །སྡང་བར་བྱེད་པ་ཉིད་དུ་བརྗོད། །དང་པོར་ཡིག་འབྲུའི་དབང་ཕྱུག་སྦྱིན། །བདུན་པ་ཡི་ནི་བཞི་པ་ལ། །སྟོང་པ་རྡོ་རྗེ་མཁའ་འགྲོར་ལྡན། །མཐར་ནི་སཝཱཧཱ་མངོན་སྤྱོད་ཉིད། །ཡང་ནི་ཡིག་འབྲུའི་དབང་ཕྱུག་སྦྱིན། །ཧཱུཾ་ནི་དམར་པོ་འདྲ་བ་ཉིད། །མཐར་ནི་སཝཱཧཱ་ཐིག་ལེ་མཆོག་།དགའ་བཟང་ལ་སོགས་འགྲོ་རྟག་འགུགས། །གཏི་མུག་རིགས་ནི་དབང་པོར་སྦྱིན། །གྷུཿ ་ནི་ཡང་དག་རབ་ཏུ་སྦྱོར། ། ཡང་ནི་སཝཱཧཱ་བྱས་ནས་ནི། །ལྷ་དང་མི་ནི་གསོད་པར་བྱེད། །བརྒྱད་པ་གཉིས་ཀྱི་ནང་དུ་ནི། །བརྒྱད་ཀྱི་བརྒྱད་པས་རྣམ་པར་བརྒྱན། །གཏི་མུག་རིགས་ནི་དང་པོར་སྦྱིན། །དྲི་མེད་མཐར་ནི་སཝཱཧཱ་སྦྱར། །ལས་ཀྱི་ས་བོན་དེ་ནས་བཟུང ། །རྣམ་སྣང་མཐར་ནི་སཝཱཧཱ་སྦྱར། །ཐམས་ཅད་དུ་ནི་སྒོ་སྲུང་ལ། །མ་ནིང་བཞི་ནི་ས་བོན་དང ། །དེ་བཞིན་དབྱངས་ཀྱི་ལྷག་མ་ཉིད། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །མཐར་ནི་སཝཱཧཱ་གདོན་པར་བྱ། །མེ་ཏོག་མ་དང་བདུག་པ་མ། །དྲི་དང་དེ་བཞིན་མར་མེ་ཉིད། །གླིང་བུ་མ་དང་པི་ཝང་མ།། མུ་ཀུན་ད་དང་རྫ་རྔ་མ། །དེ་ལྟར་ཆོག་སྣ་ཚོགས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །དེ་ནས་ལས་རྣམས་ཀུན་བྱེད་པའི། །སྒྲོལ་མའི་འབྱུང་བ་བཤད་པར་བྱ།།
439b
ུཏྤ་ལ་ནི་ཁ་བཞི་དང ། །མཚམས་སུ་རྣམ་པར་གནས་པ་ཡིན། །ཏཱཾ་ནི་གསུམ་གྱིས་མཚན་མ་དང ། །དེ་ཡི་ལྟེ་བར་ཆོ་ག་ཡིས། །ཀུན་ནས་ཟླུམ་པོའི་རྣམ་པར་ནི། །སྔགས་པ་ཡིས་ནི་བྲི་བར་བྱ། །འདི་ལྟ་སྟེ། ཨོཾ་པྲ་སནྣ་ཏཱ་རེ། ཨ་མྲྀ་ཏ་མུ་ཁི། ཨ་མྲྀ་ཏ་ལོ་ཙ་ནེ། སརྦཱརྠ་སཱ་དྷ་ནི། སརྦ་སྟྭ་བ་ཤངྐ་རི། སྟྲི་བཱ་པུ་རུ་ཥོ་བཱ། རཱ་ཛཱ་ནོ་བཱ་བ་ཤཾ་ཀུ་རུ་ཏཾ་སཝཱཧཱ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་དང་ལྡན་པར་བྱ་བ་ཡིན་ནོ། །དེའི་ལྟེ་བ་ལ་ལྔ་པའི་དང་པོ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །དེ་ནས་ཕྲེང་བའི་དབྱིབས་སུ་བསྐོར་ཞིང་མཐར་སཝཱ་ཧཱ་དང ། །ཟེའུ་འབྲུ་ལ་ནི་ཧྲཱིཿ ་འི་ནང་དུ་ཆུད་པར་བྱའོ། །སྔགས་པས་འཁོར་ལོ་གཉིས་ཆོ་ག་བཞིན་དུ་བྱས་ན་ཉི་མ་བདུན་གྱིས་མིའི་དབང་པོའང་དབང་དུ་བྱེད་དོ།། ཡང་ན་འཁོར་ལོ་རྩིབས་བཅུ་པར་པདྨའི་དབུས་སུ་སྔགས་ཀྱི་ཡི་གེ་བཅུའི་རིག་པ་དང་ལྟེ་བ་ལ་བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ན་ཇི་སྲིད་འཚོའི་བར་དུ་བྱེད་པར་ཐེ་ཚོམ་མི་ཟའོ། །འཁོར་ལོ་རྩིབས་དྲུག་པ་བྲིས་ནས་སྔགས་ཀྱི་ཡི་གེ་དྲུག་རིག་པ་དང་དབུས་སུ་ཧྲཱིཿ ་བ་ཤངྐུ་རུ་ཧྲཱིཿ ་སཝཱཧཱ་སྦྱར་བར་བྱ་སྟེ། བ་ལང་གི་གི་ཝང་དང ། ་ལཀྟ་དང ། ཙནྡན་དམར་པོ་དང ། རང་གི་ཁྲག་ལྷན་ཅིག་པས་གྲོ་ག་ལ་བྲིས་ནས་གང་ཞིག་འདི་འཛིན་པར་བྱེད་པས་ལྷ་ལ་སོགས་པའང་དབང་དུ་བྱེད་ན་ཡང་དམན་པའི་མི་ལྟ་
440a
༄#། །ཅི་སྨོས། ཆུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་གསུམ་པ་གདོང་བཞི་པ་བྲི་བར་བྱའོ། །དེའི་ལྟེ་བར་བསྒྲུབ་བྱའི་མིང་ནང་དུ་ཆུད་པར་བྱའོ།། ཁམ་ཕོར་གཉིས་སུ་ཆོ་ག་བཞིན་དུ་ཁཊི་ཀ་ཡིས་བྲིས་ན་རེངས་པར་བྱེད་དོ། །འཁོར་ལོ་རྩིབས་བརྒྱད་པ་པདྨའི་རྣམ་པར་ཀུན་ནས་གྱུར་པ་ལ་ཡི་གེའི་རྣམ་པར་དགོད་པ་བྱ་སྟེ། གཿ འི་ཆོ་གས་ནང་དུ་ཆུད་པར་བྱའོ། །པདྨའི་ལྟེ་བར་གཿ ་བརྒྱད་ཀྱིས་བརྒྱན་ཏེ་དབུས་སུ་གཿ ་སཝཱཧཱ་གཿ ་བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ནས་ཡུད་བའི་ཁུ་བས་རྡོ་བའི་གཏན་པ་ལ་འདི་དག་བྲིས་ནས་ཁས་ཕུབ་སྟེ་བཞག་པར་བྱས་ན་ཤིན་ཏུ་རེངས་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །འཁོར་ལོ་ནི་དེ་ཉིད་དེ་འོན་ཀྱང་ཧཱུམ་དང་ཕཊ་ནང་དུ་གཞུག་པར་བྱའོ། །དུག་དང ། ཁྲག་དང ། སྐེ་ཚེ་ལྷན་ཅིག་ཏུ་མིའི་རུས་པས་ཐོད་པ་ལ་བྲིས་ཏེ་དུར་ཁྲོད་དུ་བཞག་ན་འཆི་བར་འགྱུར་རོ། །དེ་ཉིད་ཡིན་མོད་ཀྱི་ཨོཾ་ནང་དུ་ཆུད་པར་བྱས་ནས་གུར་གུམ་གྱིས་གྲོ་ག་ལ་བྲིས་ཏེ་མེ་ཏོག་སེར་པོས་མཆོད་པར་བྱའོ། །ཡང་ན་མཆོད་པ་རྣམ་པ་ལྔ་དང་ལྷན་ཅིག་པས་ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཡི་གེ་དང་སཝཱཧཱ་ནང་དུ་ཆུད་པར་བྱས་ན་སྲུང་བར་འགྱུར་རོ། །སྔགས་ཀྱི་ཡི་གེ་བཅུ་པོ་དེ་ཉིད་རིག་པས་ཨ་ནང་དུ་ཆུད་
440b
བར་བྱས་ནས། ཙནྡན་དཀར་པོས་མིང་བྲིས་ཏེ། ཁམ་ཕོར་ལ་མེ་ཏོག་དཀར་པོ་དྲི་བཟང་པོས་ཇི་ལྟར་ནུས་པས་མཆོད་ཅིང་མཆོད་ནས་ཐུན་གསུམ་དུ་ཆོ་ག་བཞིན་དུ་བརྒྱ་རྩ་བརྒྱད་བཟླས་ན་ཉི་མ་བདུན་གྱིས་ཞི་བར་འགྱུར་རོ། །འི་དབུས་སུ་ཨཱ་ཆེ་གེ་མོ་ཞེས་བྲི་བར་བྱ་ཞིང ། དེའི་སྟེང་དང ། ངོས་དག་དང ། འོག་ཏུ་ཧཱུཾ་དང ། མཚམས་སུ་བཾ་དང ། ཕྱི་རོལ་དུ་རི་མོ་གསུམ་བསྐོར་ནས་བ་ལང་གི་ཝང་གིས་གྲོ་ག་ལ་བྲིས་ཏེ་མར་དང་སྦྲང་རྩིའི་ནང་དུ་བཞག་པར་བྱས་ན་ཉི་མ་བདུན་གྱིས་དབང་དུ་བྱེད་དོ། །འདབ་མ་བཞི་ལ་ཧྲཱི་དང་ལྡན་ཞིང་དབུས་སུ་ཧྲཱི་ལྷ་སྦྱིན་ཞེས་བྱ་བ་དང ། ཕྱི་རོལ་དུ་དེ་ནས་ཧཱུཾ་བཞི་བྲི་བར་བྱ་སྟེ། ཙནྡན་དམར་པོས་ཁམ་ཕོར་སོ་མ་བཏང་བ་ལ་མིང་བྲིས་ན། ཁྲོས་པ་ཞི་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །གུར་གུམ་དང ། བ་ལང་གི་གྷི་ཝང་ངམ། ཡང་ན་ཨ་ལ་ཀ་ཏའི་ཁུ་བས་གྲོ་ག་ལ་འཁོར་ལོ་བྲིས་ནས་གཅིག་འཛིན་པར་བྱེད་ཅིང་འཁོར་ལོ་གཞན་མར་དང་སྦྲང་རྩིའི་ནང་དུ་བཅུག་སྟེ། གང་ལ་ཁ་བལྟས་པ་དེ་སྡུག་པར་འགྱུར་རོ། །ཐ་དད་པའི་སྔགས་ནི། ཨོཾ་སརྦ་མོ་ཧ་ན་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་མོ་ཧ་ཡ་མོ་ཧ་ཡ་བྷ་ག་ཝ་ཏི་སརད་དུཥྚཱ་ནཱི་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སཝཱཧཱ། གོས་ཀྱི་མཐའ་མ་ལ་མདུད་པ་བྱས་ནས་ལམ་དུ་འགྲོ་བ་ན་ཆོམ་རྐུན་གྱིས་མི་ཚུགས་སོ། །ུཏྤ་ལ་ལ་ལན་བདུན་དུ་མངོན་པར་སྔགས་
441a
༄#། །པ་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ུཏྤ་ལས་མཚན་པའི་འཁོར་ལོ། །པདྨ་འདབ་མ་བརྒྱད་པར་གྱུར་པ་ལས་ཧྲཱིཿ དང་ཤྲཱི་མཆོག་དང་ལྡན་ཞིང ། ལྟེ་བ་ལ་ཧྲཱིཿ ལྷ་སྦྱིན་ཤྲཱི་བ་ལང་གི་གི་ཝང་གིས་གྲོ་ག་ལ་བྲིས་ནས་འཛིན་པར་བྱེད་ན་ཐམས་ཅད་དུ་སྐལ་བ་བཟང་པོར་འགྱུར་རོ། །པདྨ་འདབ་བརྒྱད་པ་བྱས་ནས་གཏི་མུག་གི་རིགས་ཀྱི་སྔགས་བཏུ་བར་བྱ་ཞིང་ཕྱི་རོལ་དུ་རི་མོ་ཡོངས་སུ་ཟླུམ་པོར་བསྐོར་ཏེ། རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་བསྐོར་ཏེ། དེ་ལྟར་ཆོ་གས་གུར་གུམ་གྱིས་བྲིས་ནས་དཔུང་པ་ལ་བཅིངས་ཏེ་གདགས་པ་བྱས་ན་ཐམས་ཅད་དུ་སྲུང་བར་འགྱུར་རོ། །དེའི་འཁོར་ལོ་ནི་དེ་ཉིད་དེ། འོན་ཀྱང་རྡོ་རྗེ་དང་བྲལ་བའོ། །ལྟོ་བའམ། ཡང་ན་ཕྱི་རོལ་ཏུ་འདི་ལྟ་སྟེ། ཨོཾ་ཧཱུཾ་ཧཱུཾ་བུ་དྷྱ་བུ་དྷྱ། ཁཱ་ད་ཁཱ་ད། ཙྪིནྡ་ཙིནྡ། དྷུ་ན་དྷུ་ན། མ་ཐ་མ་ཐ། བཾ་དྷ་བཾ་དྷ། ཨ་མུ་ཀཾ་ཨ་མུ་ཀེ་ན། ས་ཧ་བི་དེ་ཥ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། སྡང་བར་བྱེད་པ་འདི་ནི་རྟ་མགྲིན་གྱིའོ། །མངོན་སྤྱོད་ཀྱི་རྫས་ནི་མ་ཧེ་དང ། རྟའི་རྨིག་པའི་ནང་དུ་དྲིས་ན་སྐད་ཅིག་གིས་འཕྲོག་པ་དང ། བགྲོད་པར་དཀའ་བ་ལྷན་ཅིག་པའང་སྡང་བར་བྱེད་ན། ཡང་དམན་པའི་མི་ལྟ་ཅི་སྨོས། མེའི་དཀྱིལ་འཁོར་གཉིས་བྲིས་ནས་སྟེང་དང ། འོག་དང་མཚམས་ཟུང་གི་ཆོ་གས། ཧཱུཾ་གཿ ཧཱུཾ་ཧཱུཾ་གཿ ཧཱུཾ་དེ་རྣམས་ནི་སྟེང་དུའོ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་འོག་
441b
གི་\?\་ཆ་ལའོ། །ཧཱུཾ་གཿ ཧཱུཾ་ཧཱུཾ་གཿ ཧཱུཾ་འདི་དག་ཕྱི་རོལ་གྱི་སྤྱི་བོར་བྲིའོ། །དབུས་སུ་ནི་ཧཱུཾ་གཿ ཧཱུཾ་ཧཱུཾ་གཿ ཧཱུཾ་སྟེ། དུག་དང ། ཁྲག་དང ། སྐེ་ཚེ་དང ། དུར་ཁྲོད་ཀྱི་སོལ་བ་དང ། ནིམ་པའི་ལོ་མའི་ཁུ་བ་དང ། རྡོ་རྗེའི་ཆུས་དུར་ཁྲོད་ཀྱི་རས་སམ། སྨྱོན་པའི་རས་ལ་བྲིས་ནས་སྟོབས་པོ་ཆེའི་སྔགས་ཀྱིས་བསྐོར་ནས་འབར་བའི་མེའི་ནང་དུ་བཞག་ན་དགྲ་བོ་དེ་རེངས་པར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་དུ་གནས་པའི་ཨོཾ་གནས་བརྒྱད་དུ་བྲིས་པའི་དབུས་སུ་པདྨ་ངེས་པར་བཞག་ནས་ཨ་བརྒྱད་ཀྱིས་བརྒྱན་ནོ། །ལྟེ་བའི་ནང་དུ་བསྒྲུབ་བྱ་གནས་པར་བྱས་ལ། ཧཱུཾ་བཞི་ཡིས་སྤྲས་པར་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་གནས་པའི་སྤྱི་བོར་རྡོ་རྗེ་འཛིན་པས་མནན་ཅིང་བསྐུལ་བར་བྱེད་པའི་སྔགས་ཀྱི་རྐང་པ་བཟླས་ཤིང་བསྒོམས་ནས་རྡོ་རྗེའི་སྐུད་པས་ཀུན་ཏུ་དཀྲིས་ན། འདིས་མི་ཐམས་ཅད་དང ། ལྷ་རྣམས་དང ། སྐུ་གསུམ་ལས་སྐྱེས་པ་རྣམས་རེངས་པར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་དུ་རྡོ་རྗེ་རྩེ་གསུམ་པ་བརྒྱད་ཀྱིས་མཚན་ཅིང ། དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་པ་ལ། འདི་ལྟ་སྟེ། ཨོཾ་པཱ་ཏ་ནི་པཱ་ཏ་ནི་སཝཱཧཱ། ཤར་དུའོ། །ོཾ་ཛམྦྷ་ནི་ཛ་མྦྷ་ནི་སཝཱ་ཧཱ། གཡས་སུའོ། །ོཾ་མོ་ཧ་ནི་མོ་ཧ་ནི་སཝཱ་ཧཱ། ནུབ་ཏུའོ། །ོཾ་སྟཾ་བྷ་ནི་སྟཾ་བྷ་ནི་སཝཱཧཱ། བྱང་དུའོ། །ཡང་དཀྱིལ་འཁོར་གྲུ་བཞི་པ་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་
442a
༄#། །ཆེ་གེ་མོ་རེངས་པར་མཛོད་ཅིག་ཅེས་བྱ་བ་འདི་ཉིད་ཀྱི་སྔགས་གྲོག་ལ་ཡུང་བའི་ཁུ་བས་བྲིས་ནས་སྦལ་པའི་ཁར་བཅུག་སྟེ། དེའི་ཁ་མྱོས་བྱེད་ཀྱི་ཚེར་མས་ཕུག་ནས་སྦལ་པའི་སྟེང་གི་ཡ་མཁལ་དེ་ཡང་སྤང་ལེབ་ལ་ཁ་འོག་ཏུ་བཞག་པར་བྱས་ན་དེའི་སྐད་ཅིག་གིས་ཕ་རོལ་གྱི་དཔུང་རེངས་པར་བྱེད་དོ། །འཁོར་ལོ་ཟླུམ་པོའི་རྣམ་པར་གྱུར་པ་ལ་རྡོ་རྗེ་རྩེ་ལྔ་པ་མཚམས་སུ་རྣམ་པར་གནས་པའོ། །དེའི་རཝ་དབུས་མའི་སྟེང་གི་མགོ་བོ་ལ་ཧཱུཾ་བཞིའོ། །དེའི་ལྟེ་བ་ལའང་སྔགས་བྲི་བ། འདི་ལྟ་སྟེ། ཨོཾ་པ་ཏཱ་ཀྲ་མཱ་སི། པ་རཱ་ཀྲ་མཱ་སི། ཨུ་ད་ཡ་མཱ་སི། ནཻ་ར་མཱ་སི། ཨ་རྐ་མཱ་སི། མ་རྐ་མཱ་སི། ཨུ་རྨ་མཱ་སི། བ་ནཱ་མཱ་སི། གུལ་མཱ་སི། ཙཱི་བ་ར་མཱ་སི། མཧཱ་ཙཱི་བར་མཱ་སི། ན་མཱ་སི་སཝཱ་ཧཱ། ཨོཾ་ནི་ཐམས་ཅད་དུའོ། །དེའི་དབུས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་ཕྱོགས་སུ་གནས་པའོ། །ོཾ་བ་དཱ་ལི། བ་རཱ་ལི། ཨོཾ་བཱ་རཱ་ཧ་མུ་ཁི། དེ་བཞིན་དུ་གཡས་དང་གཡོན་དུའོ། །དེ་ལྟར་རྩེ་མོ་ཐམས་ཅད་ཀྱི་མགོར་རིམ་པས་བྲི་བར་བྱའོ། །ོཾ་མཱ་རཱི་ཙྱེ་ནི་དབང་ལྡན་ལ་སོགས་པའི་མཚམས་སུའོ། །དེ་ལྟར་དབུས་སུ་ནི། ཨོཾ་པ་རཱ་ལི། ཨོཾ་བ་ཏཱ་ལི། ཨོཾ་ཁཱ་\?\་བཱ་\?\་ཧ་མུ་ཁི། སརྦ་དུཥྚཱཾ། པྲ་དུཥྚཱ་ནཾ། ཀ་ཡ་བཱཀྕྟྟི་མུ་ཁཾ། ཛམྦྷ་ཡ་སྟ་མྦྷ་ཡ་དོའི་དབུས་སུ་མཱཾ་མོ། །དེའི་དབུས་སུ་ལྷ་སྦྱིན་རཀྵ་རཀྵཱོ། །མཱཾ་གི་ཕྱི་རོལ་དུ་ནི་ཨོཾ་མཱ་རཱི་
442b
ཙྱཻ་ལྷས་སྦྱིན་ཞེས་བྱའོ། །འཁོར་ལོ་འདི་གྲོ་ག་ལ་གུར་གུམ་གྱིས་བྲིས་ནས་བཟུང་བར་བྱས་ན་ཐམས་ཅད་སྲུང་བར་འགྱུར་རོ། །སྐྱེས་བུ་ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ་དང ། རྣ་བར་རྣ་ཆ་གཉིས་དང ། སྤྱི་གཙུག་གི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་གནས་ཤིང་ཧཾ་དང་ལྡན་པ་དང ། དཔྲལ་བའི་སྟེང་དུ་ལཾ་ལཾ་དང ། གཡས་པའི་ཀོས་ཀོ་ནས་བརྩམས་ཏེ།་གང་ཞིག་བདག་གི་སེམས་ལ་སྣུན་པར་བྱེད་པ་དེ་ལ་ལྟུང་བ་དང ། རིག་སྔགས་ཕྱིར་བཟློག་པར་མཛོད་ཅིག། དེའི་ལྟེ་བ་ལས་སྟེང་དུ་ཁའི་བར་དུ་མཆོད་རྟེན་གྱི་ ་སུ་བྲི་བར་བྱའོ། །དེའི་སྟེང་དུ་གནས་པར་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱ་ཞིང ། མཆོད་རྟེན་གྱི་སྙིང་པོ་དང ། གཡས་པ་དང ། བྲང་དང ། གཡོན་པ་དང ། འོག་གི་བར་ཇི་སྙེད་པ་འདིར་གནས་ཏེ། ཡེ་དྷ་རྨཱ་ཕྲེང་བའི་དབྱིབས་སུ་བྲི་བར་བྱའོ། །དེའི་མགྲིན་པར་ཧཱུཾ་ཁ་འོག་ཏུ་བལྟས་པའོ། །དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཁ་སྟེང་དུ་བལྟས་པ་བྲི་ཞིང་ངོས་དག་ཏུ་ཧཱུཾ་བཅུ་གཉིས་སོ། །དེ་ནས་མཆོད་རྟེན་གྱི་བང་རིམ་ལ་དབྱངས་མ་ནིང་དང་བྲལ་བའོ། །སྐྱེས་བུའི་སྙིང་གར་རིག་སྔགས་ཕྱིར་བཟློག་ཅིང་ལྟུང་བར་བྱེད་པ་གོང་མ་བཞིན་དུ་སྟེ། འོན་ཀྱང་ཆར་དུའོ། །ཡང་བྱིན་པ་དང ། ཕོ་མཚན་དང ། རྟགས་ལ་ཚར་དུའོ། །པུཾ་ཡུཾ་རཾ་ཡན་ལག་བརྒྱད་པའོ། །ཏཾ་ཏཾ་རོལ་པ་དང་བཅས་པའི་དབྱིག་པ་ལའོ། །པྲཾ་རཾ་རྐང་པ་དག་
443a
༄#། །ལའོ། །སྐར་མ་རྒྱལ་ལ་དུག་དང ། ལན་ཚཝ་དང ། སྐེ་ཚེ་དང ། ནིམ་པའི་ལོ་མ་དང ། སྨྱོ་བྱེད་ཀྱི་ཁུ་བ་དང ། དུར་ཁྲོད་ཀྱི་སོལ་བ་དང་ལྷན་ཅིག་པ་སྐྱེས་བུ་འདི་འདྲིར་གཞུག་པར་བྱའོ། །རྡོ་རྗེའི་ལྟེ་བའི་དབུས་སུ་ཙནྡན་དཀར་པོས་ལྷས་སྦྱིན་ནང་དུ་ཆུད་པར་བྱ་ཞིང་ཙནྡན་དཀར་པོས་རྗེ་བཙུན་མཆོད་རྟེན་བྲི། གུར་གུམ་གྱིས་རྡོ་རྗེ་བྲིས་པ་འདིས་རིག་པ་འཛིན་པར་བྱེད་ན། དེའི་ཐམས་ཅད་དུ་སྲུང་བ་ཆེན་པོར་འགྱུར་རོ། །རི་རབ་ཟུར་བརྒྱད་པ་རྡོ་རྗེ་རྩེ་གསུམ་པས་མཚན་ཅིང་མཚམས་ཀྱི་ནང་དུ་ནི་ནཱཾ་གྱིས་མཚན་པ་བྲི་བར་བྱའོ། །ཧཱུཾ་གཉིས་ཀྱིས་བསྐོར་བ་དང ། ་ལ་ཀ་ཏཱ་ཀ་བཱ་པ་མཾ་སཾ་གྲཝ་གཉིས་ཀྱི་ནང་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བྲི་བར་བྱ་ཞིང ། ཕྱི་རོལ་དུ་རི་མོ་ཡོངས་སུ་ཟླུམ་པོས་བསྐོར་བར་བྱའོ། །དེའི་དབུས་སུ་ཚོགས་ཀྱི་བདག་པོ་བྲི་བར་བྱ་སྟེ། གར་གྱི་དབང་ཕྱུག་གི་ཚུལ་དུ་ལ་དུའི་སྣོད་དང ། གཡས་པར་བགྲང་ཕྲེང་དང ། གཡོན་ན་རྡོ་རྗེ་རྩེ་གསུམ་དང ། ལ་ཕུབ་ལོ་མ་དང་བཅས་པར་བྱི་བ་ལ་ཞོན་ཅིང་པདྨ་ལ་གནས་པ་དགོད་པར་བྱའོ། །ཧཱུཾ་གཿ ཧཱུཾ་ཧཱུཾ་གཿ གཿ ཧཱུཾ་བྲྀ་ཥི་ཀུ་རུ་ཧཱུཾ་གཿ ་གཿ ་གཿ ཧཱུཾ། གླང་པོའི་དཔྲལ་བ་དང ། སྙིང་ག་དང ། ཕོ་བ་དང ། ལྟེ་བའི་སྟེང་དུ་བྲི་བར་བྱ་སྟེ། ཚ་བ་གསུམ་དང ། སྲིན་ལག་གི་ཁྲག་ལྷན་ཅིག་པས་ཁམ་ཕོར་སོ་མ་བཏང་བ་ལ་འདི་བྲིས་ནས་སེང་ལྡེང་གི་མེ་ལ་གདུང་བར་
443b
བྱས་ན་ངེས་པར་ཆར་འབེབ་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །ལྡོང་རོས་ཀྱིས་དེ་ཉིད་ཀྱི་གདོང་གི་ནང་དུ་བྲིས་ནས་མེ་ལ་གདུངས་ན་སྤྲིན་རེངས་ཤིང་ཆར་འཆད་པར་འགྱུར་རོ། །འཁོར་ལོ་རྩིབས་བརྒྱད་པ་བྲིས་ནས་གཿ ་བརྒྱད་ཀྱིས་བརྒྱན་ཅིང་དེའི་དབུས་སུ་ཆོ་གས་བསྒྲུབ་བྱ་ནང་དུ་ཆུད་པར་བྱ་སྟེ། དུར་ཁྲོད་ཀྱི་རས་སམ། མཚོན་གྱིས་བསྣུན་པའི་རས་ལ་ལྡོང་རོས་དང་ཡུང་བའི་ཁུ་བས་བྲི་བར་བྱའོ། །སཱ་ལུ་བཏགས་པ་ལ་ཚོགས་ཀྱི་བདག་པོ་བྱས་ནས་དེའི་སྙིང་གར་འཁོར་ལོ་འདི་བཅུག་སྟེ། ཁམ་ཕོར་ཤིན་ཏུ་ཚོས་པ་ཁ་སྦྱར་ནང་དུ་བཞག་ནས་སྐུད་པ་སེར་པོས་དཀྲིས་ཤིང ། མེ་ཏོག་སེར་པོས་མན་ངག་ཇི་ལྟ་བས་མཆོད་པར་བྱའོ། །ལྷ་མོ་དེ་ལྟར་བཤད་པ་ནི་རྒྱལ་པོ་རེངས་པར་བྱེད་པའི་མཆོག་གོ་།མཱཾ་གི་ནང་དུ་འདི་ཉིད་ཀྱི་སྔགས་བྲི་བར་བྱ་སྟེ། ཨོཾ་བཏྟཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚ་ནཾ་མུ་ཁཾ་སྟ་མྦྷ་ཡ། ཡུང་བའི་ཁུ་བས་སོ་ཕག་གཉིས་ལ་ཡང་དག་པར་བྲིས་ནས་ཁ་སྦྱོར་བྱས་ཏེ། ལེགས་པར་འཁྲུལ་འཁོར་བྱས་ནས་ས་ལ་སྦས་ན། གདུག་པ་ཐམས་ཅད་རེངས་པར་བྱེད་དེ། གཞན་དུ་ནི་མ་ཡིན་ནོ། །དེ་ནས་ས་ལ་འཁྲུལ་འཁོར་བྲི་བར་བྱ་སྟེ། བྷ་གའི་ནང་དུ་ལིང་ག་དང་བཅས་པར་དེར་མིང་བྲི་བར་བྱའོ། །གཅིག་པུ་གཉིས་སུ་མེད་པར་བདག་ཉིད་གཅི་བ་བྱས་ན་ཇི་སྲིད་ཉི་མ་བདུན་གྱིས་གང་ཞིག་བུད་མེད་འདོད་པ་དེ་ཧྲཱིཿ འི་ཞགས་པས་བསྐོར་
444a
༄#། །བའི་ཆོ་གས་འགུགས་པར་བྱེད་དོ། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་གནས་པར་བྲི་བར་བྱ་སྟེ། རྡོ་རྗེ་དང ། རྒྱལ་མཚན་དང ། དགྲ་སྟ་དང ། རྩེ་གསུམ་དང ། ཞགས་པ་དང ། སྣ་ཚོགས་རྡོ་རྗེ་དང ། ཁ་ཊྭཱཾ་ག་དང ། དེ་བཞིན་དུ་ལྕགས་ཀྱུ་ཉིད་དེ་ལྟར་མདོར་བསྡུས་ནས་བྲི་བར་བྱའོ། ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བའི་ནང་དུ་ཆེ་གེ་མོ་དང ། ཆེ་གེ་མོས་བུ་རྙེད་པར་གྱུར་ཅིག་ཅེས་བྱ་བ་དང ། འཁོར་ལོའི་ལྟེ་བར་སྔགས་འདི་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཨོཾ་མ་ཎི་དྷ་རི་བྫྲི་ཎི། མཧཱ་པྲྀ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྔགས་འདི་བྲི་བར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི། གརྦྷ་སཾ་རཀྵ་ཎི་ཨཱ་ཀ་ཪྵཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། སྐར་མ་རྒྱལ་ལ་གུར་གུམ་དང ། བ་ལང་གི་གི་ཝང་གིས་གྲོ་ག་ལ་བྲིས་ནས་འཛིན་པར་བྱེད་ན་བུ་རྙེད་པར་འགྱུར་རོ། ། འཁོར་ལོ་བུམ་པའི་དབྱིབས་སུ་གྱུར་པའི་མགྲིན་པ་རིང་པོའི་མགྲིན་པར་ཡང ། ཡཿ དེ་ཡཿ བ་ཡཿ ད་ཡཿ ་ཏྟ་ཡཿ མུ་ཡཿ ་ཙྪ་ཡཿ ་ཊ་ཡཿ ་ཡ་ཡཿ ་དེ་ལྟར་ཆོ་གས་བྲི་བར་བྱ་སྟེ། དབང་ཕྱུག་གི་གནས་ཀྱི་རྒྱལ་མཚན་གྱི་རས་ལ་ཁཝའི་ཁྲག་གིས་གང་གི་མིང་ནས་མངོན་པར་བྲིས་ནས་ཁཝ་གསོན་པོའི་མགྲིན་པ་ལ་བཏགས་ཏེ་རླུང་གི་
444b
ཕྱོགས་སུ་བཏང་ན་མྱུར་དུ་སྐྲོད་པར་བྱེད་དོ། །ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱ་སྟེ། ཧཱུཾ་གི་དེ་ཁོ་ན་ཉིད་ཀྱིས་བོན་སྙིང་པོར་ཆུང་པར་བྱས་ནས་རྡོ་རྗེས་མཚན་པ་རྣམ་པར་བསམས་ཤིང་ཕྱིས་བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ཏེ། གུར་གུམ་དང ། བ་ལང་གི་གི་ཝང་གིས་གྲོ་ག་ལ་ཆོ་ག་བཞིན་དུ་བྲིས་ནས་འཛིན་ན་རྣལ་འབྱོར་པ་དེའི་རྟག་ཏུ་སྲུང་བར་འགྱུར་རོ། །པདྨ་འདབ་མ་ཉི་ཤུ་རྩ་བཞི་པར་གྱུར་པ་ཀུན་ཏུ་རི་མོ་གསུམ་པར། ཨོཾ་ཧྲཱིཾ་ཀླཱིཾ། འདིས་ཆོ་ག་བཞིན་དུ་སྐར་མ་རྒྱལ་ལ་བྲིས་ཏེ། ལག་པས་རེག་ན་བྲན་བཞིན་དུ་བྱེད་དོ། །འཁོར་ལོ་རྫ་རྔའི་དབྱིབས་སུ་གྱུར་པ་རྡོ་རྗེ་དང ། པདྨས་མཚན་པ་སྐུ་རྡོ་རྗེ་ལ་སོགས་པ་མདོར་བསྡུས་ནས་ཕྱི་རོལ་ཏུ་རི་མོ་གསུམ་གྱིས་བསྐོར་ཏེ། ལས་ཀྱི་རྡོ་རྗེ་རབ་ཏུ་བསྒོམས་པས་དགྲ་ཐམས་ཅད་ངེས་པར་གནོན་ཅིང ། ལས་ཀྱི་ཆོ་ག་མཐོང་བས་སྔགས་ཀྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། དེའི་སྔགས་བཀའ་སྩལ་པ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་བནཱ་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཡ་མཚན་བརྒྱད་པོའི་ས་བོན་དང ། །དེ་བཞིན་མ་མོ་བཅུ་གཉིས་ཀྱི། །ཡི་གེ་བར་མ་ཕྱི་བྱས་པ། །ཡན་ལག་དྲུག་ནི་ཧེ་རུ་ཀ་།དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་
445a
༄#། །རེ་ཡང་དག་གནས། །སྙིང་ག་རུ་ནི་དང་པོ་ཉིད། །གཉིས་པ་སྤྱི་བོ་རུ་ནི་བརྗོད། །གསུམ་པ་སྤྱི་གཙུག་སྦྱིན་པར་བྱ། །བཞི་པ་གོ་ཆར་གྱུར་པ་སྟེ། ། མིག་ལ་ལྔ་པར་གྱུར་པ་ཡིན། །དྲུག་པ་མཚོན་ཆར་བརྗོད་པར་བྱ། །རྡོ་རྗེ་ཕག་མོ་མཉམ་སྦྱོར་བ། །ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། །འོད་ཟེར་སེར་པོས་གསལ་བར་བརྒྱན། །དབུ་སྐྱེས་ཟླ་བ་ཕྱེད་པས་མཛེས། །རུས་པའི་ཕྲེང་བ་ནར་བ་དང ། །ཁ་ཊྭཱཾ་ག་ནི་ལག་ན་གནས། །བདག་ཉིད་ཧེ་རུ་ཀར་བྱས་ནས། །ཧེ་རུ་ཀ་ཉིད་དེས་དྲན་བྱ། ། ཡེ་ཤེས་སེམས་དཔའ་སྙིང་བསམས་ནས། །རབ་ཕྱོགས་སུ་དགོད་པར་བྱའོ། །ཁྲོ་བོ་འབར་འཁྲུགས་བསམས་ནས་ནི། །མི་བཟད་འཇིགས་པའི་རྒྱན་གྱིས་བརྒྱན།། བགེགས་བསྐྲད་ཕུར་པས་བཏབ་ནས་ནི། །ཕྱོགས་ནི་ཀུན་ཏུ་ལྷ་དང་ནི། །ལྷ་མིན་མི་ནི་སྡིགས་པར་བྱེད། །དེ་ལྟར་གོ་ཆས་བགོས་པ་ནི། །སུམ་ཅུ་རྩ་གསུམ་པས་མི་ཤིགས། །དེ་ནས་དཀྱིལ་འཁོར་གྲུ་བཞི་པ་དང ། སྒོ་བཞི་པར་ཡང་དག་པར་བྲིས་པར་བྱའོ། །དེར་འདབ་མ་དྲུག་པ་གེ་སར་དང་ལྡན་པ་བཞག་པར་བྱ་ཞིང། །སྔགས་པས་མཁའ་འགྲོ་མའི་འཁོར་ལོའི་ཉིས་འགྱུར་དུ་རྣམ་པར་བྲི་བར་བྱའོ། །ལྟེ་བ་ལ་དཔའ་བོ་དགོད་པར་བྱ་ཞིང ། དེ་བཞིན་དུ་གཞན་ལ་མཁའ་འགྲོ།
445b
མའོ། །སྒོ་ཀུན་ཏུ་རྡོ་རྗེ་རྩེ་གསུམ་པ་ཁ་དོག་སེར་པོས་མཚན་པར་བྱ་བ་དང ། འཁོར་ལོའི་སྙིང་པོར་ཕོ་ཉ་མོ་དགོད་པར་བྱ་ཞིང ། སྒོ་ལ་འང་ཆོ་གའི་རིམ་པ་བཞིན་དུའོ། །མཆོད་པ་ཆེན་པོ་བྱས་ནས། །སྐར་མ་བཟང་པོ་ལ་བརྟུལ་ཞུགས་ཅན་གྱིས་འདི་འཛིན་པར་བྱེད་ན་དུས་མ་ཡིན་པར་འཆི་བ་དང ། མཚོན་འཕོག་པ་ལ་སོགས་པ་ཟློག་པར་བྱེད་དེ། ལྷ་མོ་ངས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །སྐྱེས་བུ་དགྲ་ལས་རྒྱལ་བ་ཞེས་བྱ་བའི་འཁོར་ལོའོ། །ཡང་ན་ཟངས་ཀྱི་འདབ་མ་ལ་སྐར་མ་རྒྱལ་ལ་བརྐོ་བར་བྱ་ཞིང ། དེ་ཉིད་ཀྱི་སྔགས་པ་བསྒྲུབ་བྱ་ནང་དུ་བཅུག་ཅིང་སྒོ་དང་བྲལ་བ་སྟེ། ཆུར་བཞག་ཅིང་དུས་གསུམ་དུ་མཆོད་པ་བྱས་ནས་དེ་ནས་དགྲ་ཐམས་ཅད་རེངས་པར་བྱེད་དོ། །སྔགས་པས་མཉམ་པར་བཞག་པས་ཆོ་ག་བཞིན་དུ་མཚོ་སྐམ་པ་མེད་པར་བཅུག་ན་ཞི་བར་བྱེད་དོ། །དེ་ནས་གཞན་ཡང་འཁོར་ལོར་གྱུར་པ་གྲུ་བཞི་པ་དང ། སྒོ་བཞི་པ་དང ། རིག་བྱེད་ལ་དེ་བཞིན་དུ་རྡོ་རྗེས་མཚན་པའོ། །སྒོ་ལ་རྡོ་རྗེ་ཐོ་བ་དང ། རིན་ཆེན་དབྱིག་ཏོ་དང ། པདྨ་དང ། དེ་བཞིན་དུ་རྡོ་རྗེ་རལ་གྲིའོ། །མཚམས་སུ་ཐོད་པ་དཀར་པོ་གནས་པའི་ཨུཏྤ་ལ་དང ། ལྕགས་ཀྱུའོ། །དེ་བཞིན་དུ་དེའི་དབུས་སུ་པདྨ་འདབ་མ་བཅུ་པ་ལ་མཁས་པས་ཡི་གེ་དགོད་པར་བྱ་བ་ཡིན་ནོ། །དེའི་ལྟེ་བ་ལ་སྔགས་ཀྱི་མཆོག་འདི་བྲི་བར་བྱ་སྟེ།
446a
༄#། །འདི་ལྟ་སྟེ། ཨོཾ་པྲ་སནྣ་ཏཱ་རེ། ཨ་མྲྀ་ཏ་མུ་ཁི། ཨ་མྲྀ་ཏ་ལོ་ཙ་ནེ། སརྦ་ཨརྠ་སཱ་དྷ་ནི་སཝཱ་ཧཱ། དབང་གི་སྔགས་འདི་བྲི་བར་བྱའོ། །དེ་ནས་གདུག་པ་ཐམས་ཅད་ཟློག་པར་བྱེད་པའི་སྔགས་འདི་བཀའ་སྩལ་པ། ཨོཾ་སརྦ་མོ་ཧ་ནི་ཏཱ་རེ་ཏུ་ཏྟཱ་རེ་སརྦ་དུཥྚཱ་ནཱཾ་མོ་ཧ་ཡ་མོ་ཧ་ཡ་བྷ་ག་བ་ཏི་སརྦ་དུ་ཥྚཱ་ནཱཾ། བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། དེའི་དབུས་སུ་ཟླ་བ་བྱ་ཞིང ། ཟླ་བའི་དབུས་སུ་བཞི་པའི་དང་པོ་ཟེ་བའི་དབྱིབས་སུ་ཟླུམ་པོའི་རྣམ་པ་བྲི་བར་བྱའོ། །དེའི་དབུས་སུ་རྩིབས་དྲུག་པ་བྱ་ཞིང ། དེ་ནས་སྔགས་རིག་པས་ཡི་གེ་དྲུག་ཧྲཱིཿ འི་ཆོ་གས་ནང་དུ་ཆུད་པར་བྱས་ན་ཕ་རོལ་གྱི་དཔུང་ཐམས་ཅད་ལས་རྒྱལ་བ་སྒྲོལ་མ་འབྱུང་བ་ཞེས་བྱའོ། །འདི་འབུམ་བཟླས་པས་ས་གཡོ་བ་དང ། རྒྱ་མཚོ་དང ། མཚོལ་སོགས་པ་བསྐམ་པར་འགྱུར་བ་དང ། དུག་བདུད་རྩིར་བྱེད་པར་འགྱུར་བ་དང ། བདུད་རྩིའང་དུག་ཏུ་བྱེད་པར་འགྱུར་རོ།། གྱོ་མོ་ལ་མངོན་པར་བསྔགས་ནས་སྟེང་དང ། འོག་དང ། ཕྱོགས་དང ། མཚམས་སུ་གཏོར་བ་བྱས་ན་ལྷ་ཐམས་ཅད་དང ། ལྷ་མ་ཡིན་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་བཅིངས་པ་དང ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྦྱོར་བ་འཕྲོག་པ་དང ། ཀླུ་ཐམས་ཅད་ཀྱི་དུག་
446b
འཕྲོག་པར་འགྱུར་རོ། །གྱོ་མོ་ལ་ཡོངས་སུ་བཟླས་ནས་ཆུ་ལ་གཏོར་ན་རྒྱུན་ལས་བཟློག་ནས་འབབ་པར་འགྱུར་རོ། །གྱོ་མོ་དེ་ཉིད་ཀྱིས་རྦ་རླབས་རེངས་པར་བྱེད་དོ། །སྟེང་དུ་བལྟས་ནས་སྟོང་བཟླས་ན་ཆར་ཆེན་པོ་ཟློག་པར་བྱེད་དོ། །ཕ་རོལ་གྱི་དཔུང་ལ་ཁ་བལྟས་ནས་སྟོང་བཟླས་པ་བྱས་ནས་གཡུལ་དུ་ཞུགས་ན་མཚོན་བརྒྱ་ཡིས་བསྣུན་ཀྱང་ན་པ་སྐྱེ་བར་མི་འགྱུར་སྟེ། མཚོན་གྱིས་ཆོད་པར་མི་འགྱུར་ཞིང་རྡོ་རྗེའི་ལུས་སུ་འགྱུར་བ་དང ། ངོ་མཚར་དུ་མ་བྱེད་པར་འགྱུར་བ་དང ། སྔགས་ཀྱི་རྒྱལ་པོས་བསྐུལ་བར་རྩེ་བར་འགྱུར་རོ། །བདུན་པ་ལས། རྒྱས་པའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།རབ་གནས་མཚན་ཉིད་བཟང་པོ་ནི། །རིམ་པ་ཇི་ལྟར་བཤད་དུ་གསོལ། །བཟླས་དང་བསམ་གཏན་མི་འཚལ་བས། །སྦྱིན་སྲེག་ལས་ཆོག་ཇི་ལྟར་ལགས། །བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག་།ཆོས་ཀུན་གཅིག་ཏུ་བསྡུས་པ་ཡི། ། དགྱེས་པ་ཆེན་པོས་རྙེད་དཀའ་བས། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསམ་གཏན་ལས་ཆོག་ཇི་ལྟ་བར། །བཤད་པར་བྱ་ཡི་ལྷ་མོ་ཉོན། །བསམ་གཏན་ཙམ་གྱིས་སྦྱོར་བས་ནི། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་ལ་དང་པོ་ས་སྦྱངས་པ་བཤད་པར་བྱ་བའི་ཕྱིར་བཀའ་སྩལ་པ། །རྡོ་རྗེ་
447a
༄#། །སེམས་དཔར་སྙེམས་བྱས་ནས། །ཁེངས་བཅས་གཉིས་མེད་ཡང་དག་གནས། །འཇིག་རྟེན་གསུམ་རྒྱལ་གྱུར་ནས་ནི། །བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ། །རྐང་པའི་དགོད་པ་ཅི་གསུངས་དང ། །དེ་བཞིན་དུ་ནི་ལྷ་རྣམས་ཉིད། །སྦྱིན་སྲེག་ལས་ནི་ཅི་གསུངས་དང ། །ཐབ་ཁུང་གི་ནི་མཚན་ཉིད་དང ། །དེ་ནས་ཕྱག་རྒྱ་སྦྱོར་བྱས་ནས། །ཕྱི་ནས་དཀྱིལ་འཁོར་བྲི་བར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་ཞལ་གསུམ་པ་ཕྱག་དྲུག་པར་གྱུར་པ་བསྒོམས་ནས་ཁྲོ་བོའི་སྤྲིན་ཕྱུང་སྟེ། དེ་ཉིད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པ་ལ་ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབ་པའི་གནས་སུ་དགོངས་པ་མཛད་པ་དང ། སློབ་དཔོན་དང་དེའི་སློབ་མ་རྣམས་སྲུང་བར་མཛད་དུ་གསོལ་ཞེས་བསྐུལ་ལོ། །དེ་ནས་དེ་བསྡུས་ནས་ནང་དུ་བཅུག་སྟེ། རང་གི་སྙིང་གར་ཟླ་བ་ལ་རིགས་ཀྱི་བདག་པོའི་ལྟེ་བའི་ནང་དུ་ཧཱུཾ་གནས་པར་བྱས་ནས། དེ་ཡང་རྡོ་རྗེ་འཛིན་པའི་གཟུགས་རང་གི་རིག་མ་དང་རྣལ་འབྱོར་མ་དང ། བཅོམ་ལྡན་འདས་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་པས་དང་པོའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང ། འདོད་པས་བསྐོར་བ་བྱས་ནས་ལག་པ་གཡས་པས་རྡོ་རྗེ་གསོར་བ་བྱ་བ་
447b
དང ། གཡོན་པས་དྲིལ་བུ་སྒྲ་སྙན་པ་དཀྲོལ་བར་བྱའོ། །རྐང་པའི་མཐིལ་དུ་ཧཱུཾ་ལས་རྡོ་རྗེ་འབར་བ་དགོད་པར་བྱ་ཞིང ། ཁྲོ་བོ་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་བློ་དང་ལྡན་པས་དང་པོར་ཧཱུཾ་བརྗོད་པས་བསྐྲད་པར་བྱའོ། །ལྷ་དང ། ལྷ་མ་ཡིན་དང ། གསང་བ་པ་གདུག་པ་ཅན་ཐམས་ཅད་ལ་ཁྲོ་བོའི་སྐུར་བསྒོམས་པས་ཚིག་འདི་དག་བརྗོད་པར་བྱ་སྟེ། གང་ཡང་ལྷ་དང ། ལྷ་མ་ཡིན་དང ། གནོད་སྦྱིན་དང ། སྲིན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། བརྗེད་བྱེད་པས་\?\་འབྱུང་པོ་དང ། མཁའ་འགྲོ་མ་དང ། ལུས་སྲུལ་པོ་དང ། གནོན་པོ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་རྗེས་སུ་འབྲང་བའི་འཁོར་དང་བཅས་པ་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། རིག་སྔགས་གྲུབ་པ་ཁྱོད་སོང་ཞིག་།སའི་ཕྱོགས་འདིར་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བའི་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དང ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་རྒྱལ་པོ་ཆེ་གེ་མོ་ཞེས་བྱ་བ་འདྲི་བས་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་དེ་དག་མྱུར་བ་ཉིད་དུ་སོང་ཞིག་།གང་ཞིག་མི་འགྲོ་བ་དེ་དག་ལག་ན་རྡོ་རྗེས་ཧཱུཾ་མཛད་ཁྲོས་པའི་གདོང་རབ་ཏུ་འབར་བ། ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་ཡེ་ཤེས་ཆེན་པོའི་རྡོ་རྗེའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་བརྒྱར་འགེམས་པར་
448a
༄#། །འགྱུར་རོ། །ཞེས་ལན་གསུམ་དུ་བརྗོད་དོ། །རྡོ་རྗེ་ཆེན་པོ་ལག་པར་བཟུང་ནས་རང་གི་རྡོ་རྗེ་ལས་ཁྲོ་བོའི་སྐུ་བཏོན་ཏེ། རྡོ་རྗེའི་རྐང་པས་དཀྱིལ་འཁོར་གྱི་ས་ཀུན་ཏུ་བསྐོར་ཞིང་ཡོངས་སུ་བཅགས་པས་གདུག་པ་ཅན་ཐམས་ཅད་བསྐྲད་པར་བྱའོ། །དེ་ལྟར་ས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ནས་སའི་ལྷ་མོ་དགུག་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་ཞིང ། བླ་མ་ལ་ཕྱག་འཚལ་ནས་སྔགས་ཀྱི་མཁན་པོ་ཕྱག་འཚལ་ཏེ། ཕྱིས་སའི་ལྷ་མོ་གསེར་གྱི་ཁ་དོག་ཅན་བུམ་པ་ལག་ན་ཐོགས་པ་བཀུག་ཅིང་བཅུག་སྟེ་བཅིངས་ནས་དྲི་ཞིམ་པོ་ལ་སོགས་པའི་མཆོད་པ་ལྔ་པོ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ལྷག་པར་གནས་ནས་ཉེ་བར་བྱའོ། །དེའི་དགུག་པའི་སྔགས་བཀའ་སྩལ་པ། ཨོཾ་ཨེ་ཧྱེ་ཧི་མཧཱ་དེ་བི་བྲྀ་ཐི་བཱི་ལོ་ཀ་མཱ་ཏ་རེ། སརྦ་ར་ཏྣ་སཾ་པུ་རྞེ་དེ་བྱ་ལཾ་ཀཱ་ར་བྷཱ་ཥི་ཏེ་ཧཱ་ར་ནཱུ་པུ་ར་ནི་རྒྟོ་ཥེ། བྫྲ་སཏྭ་པྲ་པཱུ་ཛི་ཏེ། གྲྀ་ཧཱི་ཏྭ་ཨི་དཾ་མརྒཾ་ཧོ་མ་ཀ་རྨ་སུ་སཱ་དྷ་ཡེ་ཏ། ཧཱི་ཧཱི་ཧཱི་ཧཱི་ཧཾ་སཝཱ་ཧཱ། སྔགས་འདིས་སྟ་གོན་ལ་གནས་པ་ལ་སོགས་པ་བྱས་ནས་ས་བྱུག་པ་བྱ་བའི་ཕྱིར་བཤད་བ་དང ། གཅི་བ་ལ་སོགས་པ་བསང་གཏོར་བྱས་ཏེ་བྱུག་པར་བྱའོ། །དེ་ནས་ཤ་ཆེན་གྱི་བདུག་པས་བདུག་པར་བྱའོ། །བདུག་མ་ཐག་ཏུ་མཆོད་ནས་དེ་ལ་དབུས་
448b
ཏུ་\?\་ཕྱག་རྒྱ་གཞག་པ་ནི་རིག་མ་རབ་ཏུ་གཞུག་པར་བྱའོ། །ཅི་ལགས། བཅོམ་ལྡན་འདས། ལུགས་མ་དང་འདུས་བྱས་པ་དང ། རི་མོ་སྣ་ཚོགས་དང ། ཤིང་ལ་སོགས་པ་ལས་བྱས་པའི་རིག་མའི་ལྷ་མོ་གཞུག་པར་བགྱི་ཞེས་གསུངས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདོལ་པ་ལ་སོགས་པའི་མིའི་བུ་མོ་གཞུག་པར་བྱའོ། །དེའི་དངོས་པོ་མེད་ན་གཞན་ཕལ་པ་མཆོག་གི་ཡན་ལག་ལ་ཧྲཱིཿ འི་སྔགས་དགོད་པར་བྱའོ། །ཡན་ལག་ཐམས་ཅད་ལ་ཞེས་བྱ་བ་ནི་སྙིང་ག་དང ། སྨིན་མཚམས་དང ། ལྐོག་མ་དང ། སྤྱི་བོ་རྣམས་སུ་ཧྲཱིཿ དང ། བྷ་གའི་དབུས་སུ་བྷྲུཾ་དགོད་པར་བྱའོ། །ཅི། བཅོམ་ལྡན་འདས། གང་དུ་དེ་རྣམས་ཀྱིས་དབུས་སུ་བྷྲུཾ་དགོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། དབུས་ཀྱི་སྒྲས་ནི་ལྟེ་བར་གསུངས་སོ། །དེར་བྷྲུཾ་དགོད་པར་བྱའོ། །དེ་ལྟར་ཡི་གེ་བཀོད་ནས་སྤྱན་ལ་སོགས་པའི་གཟུགས་སུ་བསྒོམ་པར་བྱ་ཞེས་བཀའ་སྩལ་ཏོ། །སྤྱན་གྱིས་དབྱིབས་སུ་བསྒོམ་པར་བྱ་ཞིང ། དེར་བྲམ་ཟེ་མོའམ། དམངས་མོ་ཞི་བ་ལ་སྤྱན་གྱི་རྣམ་པ་ཞེས་བྱ་བ་ཁ་དོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ་པར་བྱའོ། །དབང་ལ་གདོལ་པ་མོ་སྒྲོལ་མ་ཁ་དོག་དམར་མོ་བསྒོམ་པར་བྱའོ། །རྒྱལ་པ་ལ་གར་མ་དང ། རྒྱལ་རིགས་དག་གོས་
449a
༄#། །དཀར་མོ་ཁ་དོག་སེར་མོའོ། །དེ་ལྟར་ལས་ཀྱི་དབྱེ་བས་མཆོད་པ་ལྔས་མཆོད་དོ། །མེ་ཏོག་སྙིམ་པར་གཞུག་པར་བྱ་ཞེས་བྱ་བ་ནི་དེའི་བྷ་ག་ལ་མེ་ཏོག་དང་ཁུ་བ་གཞུག་པར་བྱའོ། །དེ་ལྟར་སྦྱིན་སྲེག་གིས་སྦྱངས་པར་བྱས་པ་ཡིན་ནོ། །དཀྱིལ་འཁོར་གྱི་ཆོ་ག་ལའང་གཞན་ཕལ་པ་མཆོག་གི་བུ་མོར་རྟོགས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱིར་སྦྱིན་སྲེག་གི་ཆོ་ག་དེ་ཉེ་བར་བསྟན་པར་བྱ་སྟེ། གང་ལ་གསང་བ་ཆོས་ཀྱི་དཀྱིལ་འཁོར་དང ། ཕྱི་རོལ་གྱི་དཀྱིལ་འཁོར་ལའང་ཆོ་ག་འདིས་ཐིག་གདབ་པར་བྱ་ཞིང།་རྡུལ་ཚོན་གྱི་དཀྱིལ་འཁོར་དང ། གསང་བ་ཆོས་ཀྱི་དཀྱིལ་འཁོར་ཇི་སྙེད་པའི་རང་གི་དམ་ཚིག་སྟེ། འདི་སྐད་དུ་རྣལ་འབྱོར་གྱི་གནས་སུ་གྱུར་པའི་སའི་ཕྱོགས་སུ་ཐབ་ཁུང་བྱའོ་ཞེས་བཀའ་སྩལ་ཏོ། །སྣ་ཚོགས་ལས་ནི་རབ་སྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་རབ་བཤད་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག་།སྦྱིན་སྲེག་གིས་ནི་ཀུན་ཏུ་དགང ། །སྐུ་གསུམ་མཆོག་གི་རྩེ་ལས་སྐྱེས། །དེ་ཕྱིར་སྦྱིན་སྲེག་རབ་ཏུ་བསྔགས། །གཙུབ་པ་ལས་ནི་བྱུང་བའི་མེས། །དག་བྱེད་ལས་ནི་བྱེད་པར་འགྱུར། །གདོལ་པའམ་དུར་ཁྲོད་སྐྱེས་པ་ནི། །མི་དགེ་བ་ནི་
449b
རབ་ཏུ་སྒྲུབ། །ཟླུམ་པོ་དང་ནི་གྲུ་བཞི་དང ། །ཟླ་ཕྱེད་དང་ནི་གྲུ་གསུམ་པ། །རྡོ་རྗེའི་མཚན་མའི་མུ་རན་དང ། །དཀྱིལ་འཁོར་གྲཝར་ནི་སྤྲོ་བར་བྱ། །ཐབ་ཁུང་དབུས་སུ་གཙུག་ཏོར་དང ། །ཆུ་སྐྱེས་རྡོ་རྗེ་རིན་ཆེན་དང ། །པདྨ་གཞུག་པར་བྱ་བའོ། །སྦྱིན་སྲེག་དེ་ཉིད་ཆོག་རིམ་པས། །རྣལ་འབྱོར་ཇི་བཞིན་གནས་ནས་ནི། །པུས་མོའི་ནང་དུ་ལག་པ་ཉིད། །བླུགས་གཟར་མར་ཁུས་ཁྱབ་པས་ནི། །དེ་བཞིན་དགང་གཟར་དགང་བླུགས་ཉིད། །གཡས་སུ་སྦྱིན་སྲེག་ཡོ་བྱད་བཞག་།གཡོན་དུ་ཆུ་ཡི་སྣོད་ཉིད་དེ། །མདུན་དུ་མཆོད་ཡོན་སྣོད་ཉིད་དོ། །ལས་ཀུན་བྱེད་པ་བཟླས་པས་ནི། །གསང་གཏོར་དང་ནི་འཐོར་འཐུང་བྱ། །ཐབ་ཁུང་ཀུན་ཏུ་ཀུ་ཤ་ཡི། །རྩེ་མོ་དྲང་པོས་ཡོངས་སུ་བསྐོར། །མེ་ནི་འབར་བར་རིག་ནས་ནི། །མེ་ལྷ་སྤྱན་ནི་དྲང་བར་བྱ། །སྔགས་འདིས་ཆོ་ག་བཞིན་དུ་གཡས་པའི་མཐེ་བོང་དང ། མི་འཇིགས་པ་གཡོ་བས། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྟ་མ། གྲྀ་ཧཱི་ཏྭ་ཨཱ་ཧུ་ཏི་མ་ཧཱ་ར་སྨིནྶནྣི་ཧི་ཏོ་བྷ་ག། ཨོཾ་ཨགྣེ་དཱི་པྱཱ་དི་པྱཱ་བི་ཤུ་དྡྷ་མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སཝཱ་ཧཱ། །མཆོད་པ་ལྔ་ལ་གཡོན་པའི་རྡོ་རྗེས་བསང་གཏོར་བྱ་ཞིང ། མེའི་ཕྱོགས་ནས་བཀུག་པ་ལྟོ་བའི་ཕྱང་ཞིང་མིག་གསུམ་པ་དང ། ཞལ་བཞི་པ་དང ། ཕྱག་བཞི་པ་དང ། ཁ་དོག་དམར་ཞིང་རལ་པ་ཆེན་པོ་དང ། མེའི་དཀྱིལ་འཁོར་
450a
༄#། །ལ་གནས་ཤིང་ལས་ཀྱི་འོད་ཟེར་གྱིས་བརྒྱན་པ་སྟེ། ལག་པ་དང་པོ་ནི་མཆོག་སྦྱིན། །གཉིས་པ་ན་བགྲང་ཕྲེང ། གཡོན་པ་ན་རིལ་བ་སྤྱི་བླུགས་ཉིད་དང ། གཉིས་པ་ན་དབྱིག་གུ་ཉིད། ཁ་དོག་དམར་པོས་རྣམ་པར་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འདི་ལྟ་བུའི་གཟུགས་སུ་བསམས་ནས་ཐབ་ཁུང་གི་དབུས་སུ་གཞུག་པར་བྱའོ། །དེའི་སྦྱིན་སྲེག་ཐམས་ཅད་ལ་ལན་གསུམ་གྱི་བར་དུ་སྲེག་བླུགས་སྦྱིན་ཏེ། དེ་ནས་འཐོར་འཐུང་བྱས་ནས་འབར་བའི་རྣམ་པས་ཐིམ་པར་བྱའོ། །རིམ་པའི་སྦྱོར་བ་འདིས་ལྷ་རྣམས་མཁས་པས་ཚིམ་པར་བྱའོ། །ཚིམ་པར་བྱས་ནས་བཟོད་པར་གསོལ་ཏོ། །དངོས་གྲུབ་འདོད་པས་ཤེས་པར་བྱ་སྟེ། གདུགས་དང ། རྒྱལ་མཚན་དང ། རྡོ་རྗེ་དང ། བུམ་པ་དང ། པདྨ་དང ། ལྕགས་ཀྱུའི་དབྱིབས་དང ། རྩེ་གཅིག་པ་དང ། རྩེ་གཉིས་པ་དང ། རྩེ་གསུམ་པ་དང ། མཆོག་དང ། འབྲིང་དང ། ཐ་མ་དང ། ཁྱད་པར་དུ་གཡས་སུ་འཁྱིལ་བ་དང ། འབར་བའི་ཁ་དོག་དཀར་པེ་དང ། བཟང་པོའི་འཁྱིལ་བ་མཁས་པས་བརྟག་པར་བྱ་བ་དང ། བརྒྱ་བྱིན་གྱི་གཞུ་ལྟ་བུར་གཙང་བ་དང ། སྣུམ་པ་དང ། དབང་པོ་སྦས་པ་ལྟ་བུའི་འོད་དང ། ཀུ་སུ་མྦྷ་དང ། བཻ་ཌཱུ་རྱ་ལྟ་བུ་དང ། དྲི་ཞིམ་པ་དང ། ཡིད་དུ་འོང་
450b
བ་དང ། གསེར་དང ། དངུལ་ལྟ་བུ་དང ། དུ་བ་མེད་པ་དང ། ཉི་མ་ལྟ་བུར་འབར་བ་དང ། །དྲི་མ་མེད་པ་དང ། ཞི་བ་ལ་ཁ་དོག་དཀར་པོ་ལྟ་བུ་དང ། རྒྱས་པ་ལ་ནི་སེར་པོ་ལྟ་བུ་དང ། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང ། མངོན་སྤྱོད་ལ་ནི་སྔོན་པོ་དང ། ནག་པོ་དང ། མེ་ལྕེ་མང་པོ་དང ། དུ་བ་དང ། མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང ། ཆུང་དུ་ཆུང་དུ་འཆད་པ་དང ། མྱུར་བར་གཟི་བརྗིད་ཆུང་བ་དང ། ནག་པོ་དང་བཅས་པ་དང ། པ་ལ་ཤའི་མདོག་དང ། རྩེ་གསུམ་པ་དང ། ཉི་མ་ལྟ་བུ་ཉིད་དང ། དེ་བཞིན་དུ་བ་གླང་གི་མགོ་ལྟ་བུ་ཉིད་དང ། རོའི་དྲི་དང ། ཉའི་དྲི་དང ། བོང་བུའི་དང ། ཁྱིའི་དང ། རྔ་མོའི་ནི་བགེགས་དང ། བགེགས་མེད་པའི་འབར་བའི་མཚན་མ་མཚོན་པར་བྱ་བ་ཡིན་ནོ། །མྱུར་བར་བཟླས་པ་དང ། །སྒོམ་པ་ལ་དགའ་བས་དེ་ལྟར་འགྲུབ་པར་འགྱུར་རོ། །ོཾ་དང་པོ་དང ། སཝཱ་ཧཱའི་མཐར་འགྲོ་བའི་སྔགས་བརྗོད་དོ། ། ཞི་བ་དང ། རྒྱས་པ་དང ། དབང་ལ་རྒྱུན་མི་འཆད་པར་དབྱངས་སྦྱར་བར་བྱ་ཞིང ། ཞི་བ་ལ་ཞི་བའི་ཡིད་དང ། རྒྱས་པ་ལ་སོགས་པ་ལ་ཚིམ་པས་མངོན་པར་འཕེལ་པར་འགྱུར་བ་དང ། དབང་ལ་དབང་གི་ཡིད་དང ། མྱོས་པར་བྱེད་ཅིང་ནང་གིས་གུས་པ་དང་བཅས་པ་དང ། མངོན་སྤྱོད་ལ་ཧཱུཾ་དང་ཕཊ་ཀྱིས་ལུས་འབར་ཞིང་འབར་བ་དང ། འཇིག་རྟེན་
451a
༄#། །གསུམ་བཟའ་བའི་སེམས་ཀྱི་ཆོ་གས་གནས་སོ། །སྔགས་ཀྱི་ཡི་གེའི་རྐང་པ་ཡི། །ནང་དུ་ཆུད་པས་བསྐུལ་བས་སྦྱར། །གང་ཡང་ཁ་དང་ལྡན་པའི་ལྷ། །སྣ་ཚོགས་ལས་ཀྱིས་མཆོད་པར་བྱ། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལས། །སྔགས་ཀྱི་སྒྲུབ་པོས་ཆོག་ཤེས་པས། །དང་པོར་སྲེག་བླུགས་གང་བར་དབུལ། །ཕྱི་ནས་ལས་ནི་བརྩམ་པར་བྱ། །སྦྱིན་སྲེག་དེ་ཉིད་ཀྱིས་ནི་བསྐུལ། །སྦྱིན་སྲེག་ཆོ་གའི་རིམ་པ་འདི། །ཞི་བ་རྒྱས་པ་དབང་དང་ནི། །ཁུ་བ་སྲིད་པའི་སྦྱིན་སྲེག་ལ། །བཤད་གཅི་ཁྲག་དང་རྐང་དང་ནི། །རུས་པ་ཤ་ཆེན་སྦྱིན་སྲེག་གི་།ཐམས་ཅད་ལས་ནི་ཁ་བསྐང་ཡིན། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པའི་རྡོ་རྗེ་ཡེ་ཤེས་ཀྱི་འཁོར་ལོ་སྒྲུབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་ལོ་ཐམས་ཅད་རབ་ཏུ་སྒྲུབ་པའི་སྦྱོར་བའི་ལས་རྒྱས་པ་ཕྱི་དང་ནང་དུ་གྱུར་པ་འདི་བཀའ་སྩལ་པ། གང་གི་གང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བསྟན་པར་འགྱུར་བའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ། །ཞི་བ་དང ། རྒྱས་པ་དང ། དབང་དང ། མངོན་སྤྱོད་ཀྱི་ལས་རྣམས་ལ་བདག་པོས་འཁོར་ལོའི་རྒྱལ་མོ་རྣམ་པར་བསྒོམ་པར་སྦྱོར་བར་བྱེད་
451b
དེ། །བྷ་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གང་བ་བསྒོམ་པར་བྱ་སྟེ། ཏཱཾ་ལས་སྐྱེས་པའི་ལྷ་མོ་སྒྲོལ་མ་མཐུ་ཆེན་མོ་སྒེག་པའི་རོས་ཡང་དག་པར་གནས་མ། ཞལ་བརྒྱད་མ།་སྤྱན་གསུམ་མ། ཕྱག་བཅུ་དྲུག་མ། ཞལ་འཛུམ་པ། མ་ར་ཀ་ཏ་ལྟ་བུ་ལང་ཚོ་ཕུན་སུམ་ཚོགས་མ། ན་བཟའ་སྣ་ཚོགས་མནབས་མ། དོ་ཤལ་དང ། རྐང་གདུབ་དང ། ལག་གདུབ་དང ། དཔུང་རྒྱན་དང ། རྣ་རྒྱན་དང ། སྐ་རགས་ཆེན་པོ་དང ། རྒྱན་སྣ་ཚོགས་ཀྱིས་བརྒྱན་མ། ཨུཏྤ་ལ་ཡིས་སྤྱི་བོ་བརྒྱན་མ། ཡ་བའི་མེ་ཏོག་ལྟ་བུར་མཆོག་མ། གཡོན་བརྐྱང་པས་གནས་སུ་བཞུགས་མ། སུམ་ཅུ་རྩ་གསུམ་གྱི་བདག་པོ་ཡང་འཇིགས་ཤིང་སྐྲག་པར་མཛད་ཅིང ། གཞན་ཡང་ཐལ་མོ་སྦྱོར་བ་དང ། འོད་ཟེར་དམར་མོ་ཉེ་བར་འབར་ཞིང་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་སྤྲོ་བ་དང ། སེམས་ཅན་ཐམས་ཅད་ལ་མ་ལྟ་བུར་སྡུག་པར་རྣལ་འབྱོར་པས་སྒོམ་པར་བྱས་ན་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དང་པོ་ནི་རལ་གྲིའོ། །གཉིས་པ་ནི་ཨུཏྤ་ལའོ། །གསུམ་པ་ལ་ནི་མདའོ། །བཞི་པ་ལ་ནི་རྡོ་རྗེའོ། །ལྔ་པ་ལ་ནི་ལྕགས་ཀྱུའོ། །དྲུག་པ་ལ་ནི་དབྱིག་པའོ། །བདུན་པ་ལ་ནི་གྲི་གུག་གོ་།བརྒྱད་པ་ལ་ནི་མི་འཇིགས་པའོ། །གཡོན་པའི་དང་པོ་ན་ནི་ཐོད་པའོ། །གཉིས་པ་ལ་ནི་སྡིགས་མཛུབ་བོ། །གསུམ་པ་ལ་ནི་
452a
༄#། །གཞུའོ། །བཞི་པ་ལ་ནི་ཁ་ཊྭཱཾ་གའོ། །ལྔ་པ་ལ་ནི་ཞགས་པའོ། །དྲུག་པ་ལ་ནི་མིའི་མགོ་བོའོ། །བདུན་པ་ལ་ནི་རིན་པོ་ཆེའོ། །བརྒྱད་པ་ལ་ནི་བུམ་པ་འཛིན་པའོ། །གཡས་པའི་ཞལ་དང་པོ་ནི་སྔོན་པོའོ། །གཉིས་པ་ནི་སེར་པོ་ཡང་དག་པར་འབར་བའོ། །གཡོན་པའི་དང་པོར་ནི་དཀར་པོའོ། །གཉིས་པ་ནི་ལྗང་གུ་དང ། བཻ་ཌཱུརྱ་ལྟ་བུའོ། །སྟེང་གི་ཞལ་ནི་རྣམ་པར་གཙིགས་ཤིང ། དུ་བའི་མདོག་དང ། འཇིགས་པ་ཆེན་པོ་དང ། ཁྲོ་གཉེར་ཤིན་ཏུ་འཇིགས་པར་བྱེད་པ། དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པ། དེ་ལྟར་ལྷ་མོ་བསྒོམ་པར་བྱའོ། །དེ་ནས་སྟེང་གི་ཞལ་བོང་བུའི་རྣམ་པ་དང ། འདོད་པའི་གཟུགས་ཅན་མ་ཞབས་བཞི་པ། རྩེ་གསུམ་སྦྲུལ་གྱིས་སྐོར་བ།་དེ་བཞིན་དུ་ཧེ་རུ་ཀ་ཞེས་བྱ་བ་ངེས་པར་རྒྱུའི་མཆོག་བསྒོམ་པར་བྱའོ། །བྷ་གའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དབུས་སུ་དྷཱིཿ ་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་ཀྱི་གཟུགས་སུ་བདག་ཉིད་བསམ་ནས་དེའི་སྙིང་གར་ཨ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེ་ནས་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་ཕྱུང་སྟེ་ཆོ་ག་བཞིན་དུ་མཆོད་པར་བྱའོ། །དེའི་སྟེང་དུ་ཧཱུཾ་འོད་ཟེར་ལྔ་དང་ལྡན་པ་བསམས་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་
452b
རྗེ་འཇིགས་བྱེད་ཞལ་དགུ་པ་མ་ཧེའི་གཟུགས་དང ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་པ། གཅེར་བུ། སྐུ་མདོག་གནག་ཅིང་གཟི་བརྗིད་ཆེན་པོ། ཐོད་པ་མཆོག་གིས་བརྒྱན་པར་མཛད་ཅིང ། འཇིགས་བྱེད་ཆེན་པོའི་སྟེང་གི་ལིང་ག་དང ། གཡོན་བརྐྱང་བས་བཞུགས་ཤིང ། གསུས་པ་ཆེ་བ་དང ། སྐུ་ཆེ་ཞིང་སྟེང་དུ་སྐྲ་འབར་བས་འཇིགས་པའི་རྣམ་པ་དང ། ཐོད་པའི་ཕྲེང་བའི་རྒྱན་གྱིས་བརྒྱན་པ་དང ། འཇིགས་པ་ཆེན་པོའི་དུས་ལྟ་བུར་སྒྲོགས་པ་དང ། སྐྱེས་པའི་པགས་པ་དང ། ཚིལ་དང ། ཁྲག་དང ། ཤ་དང ། ལྟོ་བའི་ཚིལ་དང ། རྐང་ཟ་བ་དང ། ཚངས་པ་དང་བཅས་པ། ཉེ་དབང་དང ། དྲག་པོ་ལ་སོགས་པའི་འཇིག་རྟེན་གསུམ་ཟ་བ་དང ། སྒྲ་ཆེར་བཞད་ཅིང་ལྕེ་སྣར་བ་དང ། འཇིག་པའང་འཇིགས་པར་མཛད་པ་བསམ་པར་བྱའོ། །དང་པོ་ནི་མ་ཧེའི་གདོང་ངོ ། །གཡས་པའི་རའི་ཞལ་གསུམ་ནི་སྔོན་པོ་དང ། དམར་པོ་དང ། སེར་པོ་སྟེ། ཁྲོ་གཉེར་དང ། ཞལ་གཅིག་པའོ། །གཡོན་པ་ནི་དཀར་པོ་དང ། དུ་བ་དང ། ནག་པོའོ། །དེ་དག་གི་དབུས་སུ་ཞལ་ཤིན་ཏུ་དམར་བ་ཁྲག་འཛག་པའོ། །དེའི་སྟེང་དུ་འཇམ་པའི་གཟུགས་ཤིན་ཏུ་སེར་ཞིང་ཅུང་ཟད་ཁྲོ་བ་དང ། བྱིས་པའི་རྒྱན་དང ། གཙུག་ཕུད་ལྔའི་མཆོག་དང་གཞོན་ནུ་སྟེ། དེ་ལྟར་བརྟན་པར་བྱས་ནས་ཤིན་ཏུ་མཉམ་པར་གཞག་པས་སྔགས་
453a
༄#། །པས་བསྒོམ་པར་བྱའོ། །དེ་ནས་ཕྱག་གཡས་པའི་དང་པོ་ན་ནི་གྲི་གུག་གོ་།གཉིས་པ་ན་ནི་འབིགས་བྱེད་སྐྱོང་བའོ། །གསུམ་པ་ལ་ནི་གཏུན་ཤིང་ངོ་།། བཞི་པ་ན་ནི་ཆུ་གྲིའོ། །ལྔ་པ་ན་ནི་ཀན་ཡའོ། །དྲུག་པ་ལ་ནི་སྟ་རེའོ། །བདུན་པ་ལ་ནི་མདུང་ངོ ། །བརྒྱད་པ་ལ་ནི་མདའོ། །དགུ་པ་ལ་ནི་ལྕགས་ཀྱུའོ། །བཅུ་པ་ན་ནི་དབྱུག་ཐོའོ།། བཅུ་གཅིག་པ་ན་ནི་ཁ་ཊྭཱཾ་གའོ། །བཅུ་གཉིས་པ་ན་ནི་འཁོར་ལོའོ། །བཅུ་གསུམ་པ་ན་ནི་རྡོ་རྗེའོ། །བཅུ་བཞི་པ་ན་ནི་ཐོ་བའོ། །བཅོ་ལྔ་པ་ན་ནི་རལ་གྲིའོ། །བཅུ་དྲུག་པ་ལ་ནི་ཅང་ཏེའུའོ། །ཕྱག་གཡོན་པའི་དང་པོ་ན་ནི་ཐོད་པའོ། །གཉིས་པ་ན་ནི་མགོ་བོའོ། །གསུམ་པ་ན་ནི་ཕུབ་བོ། །བཞི་པ་ན་ནི་རྐང་པའོ། །ལྔ་པ་ན་ནི་ཞགས་པའོ། །དྲུག་པ་ལ་ནི་གཞུའོ། །བདུན་པ་ལ་ནི་རྒྱུ་མའོ། །བརྒྱད་པ་ལ་ནི་དྲིལ་བུའོ། །དགུ་པ་ལ་ནི་ལག་པའོ། །བཅུ་པ་ན་ནི་དུར་ཁྲོད་ཀྱི་རས་སོ། །བཅུ་གཅིག་པ་ན་ནི་གསལ་ཤིང་གིས་ཕུག་པའི་སྐྱེས་བུའོ། །བཅུ་གཉིས་པ་ལ་ནི་མེའི་ཐབ་ཁུང་ངོ ། །བཅུ་གསུམ་པ་ན་ནི་ཐོད་པའོ། །བཅུ་བཞི་པ་ལ་ནི་སྡིགས་མཛུབ་བོ། །བཅོ་ལྔ་པ་ལ་ནི་བ་དན་རྩེ་གསུམ་པའོ། ། བཅུ་དྲུག་པ་ལ་ནི་རླུང་གི་རས་སོ། །གཉིས་ཀྱིས་ནི་གླང་པོའི་པགས་པ་འཛིན་པའོ། །ཞབས་གཡས་པའི་འོག་ཏུ་ནི་མི་དང ། མ་ཧེ་དང ། གླང་དང ། བོང་བུ་དང ། རྔ་མོ་དང །
453b
ཁྱི་དང ། ལུག་དང ། ལྕེ་སྦྱང་ངོ ། །ཞབས་གཡོན་པའི་འོག་ཏུ་ནི་བྱ་རྒོད་དང ། འུག་པ་དང ། ཁཝ་དང ། ནེ་ཙོ་དང ། ཁྲ་དང ། མན་ཏྲི་དང ། བྱ་རྒོད་ཆེན་པོ་དང ། བྱ་ལོང་ངོ ། །དེ་ལྟར་གྱུར་པའི་རྡོ་རྗེ་འཇིགས་བྱེད་བསམ་གཏན་ནམ་འདྲིར་གཞུག་པ་བྱའོ། །དེའི་འོག་ཏུ་དུར་ཁྲོད་ཆེན་པོའི་སྲིན་པོ་དང ། ཞིང་སྐྱོང་བ་དང ། རོ་ལངས་དང་ལྡན་པ་དང ། གསལ་ཤིང་གིས་ཕུག་པའི་སྐྱེས་བུ་དང ། བསྲེགས་པའི་སྐྱེས་བུ་དང ། མདུང་གིས་ཕུག་པ་དང ། ཁཝ་དང ། བྱ་དུམ་དང ། ཁྱི་དང་ལྡན་པར་ཧ་ཧས་ཀུན་ཏུ་ཁྱབ་པར་བྱེད་པ་དེ་ལྟར་ཆོ་གས་རྣལ་འབྱོར་པས་བསྒོམ་པར་བྱའོ། །དྲག་ཤུལ་གྱི་ལས་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པ་ཞེས་བྱ་བ་འདི། རྡོ་རྗེ་འཇིགས་བྱེད་ཆེན་པོ་འདི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་མཾ་ལས་ཡེ་ཤེས་སྐྱེས། །འོད་ཟེར་ཅན་ནི་སྣང་བྱེད་དོ། །རྟ་བདུན་དག་གི་ཤིང་རྟར་གནས། །འབར་བའི་དཀྱིལ་འཁོར་འཇིགས་བྱེད་མ། ། ཞལ་གསུམ་མ་ལ་སྤྱན་གསུམ་མ། །ཕྱག་དྲུག་གདོང་ནི་སེར་མོ་མཚུངས། །གཡས་པ་སྔོན་པོར་གྱུར་པ་དང ། །གཡོན་པ་ཀུན་ད་ཟླ་བ་མཚུངས། །འོད་ཟེར་དུ་མའི་འོད་གསལ་མ། །ཕྱོགས་བཅུ་སྲུང་བ་བརྩོན་མ་མོ། །ཞལ་ནི་རྣམ་པར་འཛུམ་པ་དང ། །སྒེག་ཅིང་ཤིན་ཏུ་ལང་ཚོ་བབ། །སྣ་ཚོགས་གོས་ལ་སོགས་པ་དང ། །རྒྱན་རྣམས་
454a
༄#། །ཀུན་གྱིས་བརྒྱན་བྱས་མ། །དབུ་རྒྱན་རྫོགས་པའི་སངས་རྒྱས་ལྔ། །ཐོར་གཙུག་མེ་ཏོག་དག་གིས་སྤྲས། །གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་ཁབ་ནི་སྐུད་པ་ཅན། །གསུམ་པར་མདའ་ནི་གསོར་བ་སྟེ། །གཡོན་པ་ལ་ནི་སྡིགས་མཛུབ་ཞགས། ། ཤོ་ཀ་ཡི་ཡལ་ག་གཉིས། །གསུམ་པ་ལ་ནི་གཞུ་ཉིད་དོ། །ཀུན་ཏུ་འོད་ཟེར་སྣ་ཚོགས་ནི། །སངས་རྒྱས་སྤྲིན་དང་འདྲ་བ་སྤྲོ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །སེམས་ཅན་རྣམས་ནི་དབང་དུ་སྡུད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ནམ་མཁའི་ཁམས་ཀྱི་ནང་སོན་པར། །ཉི་མའི་དཀྱིལ་འཁོར་ངེས་བསམ་བྱ། །པཾ་ལས་ཡོངས་གྱུར་ལྷ་མོ་ནི། ། ཁ་དོག་སེར་མོ་ཆེར་འབར་མ། །ཞལ་གསུམ་མ་ལ་སྤྱན་གསུམ་ཉིད། །ཁྲོ་བཅས་ཞལ་ནི་འཛུམ་པ་དང ། །རྒྱན་རྣམས་ཀུན་གྱིས་ཤིན་ཏུ་བརྒྱན། །ཕྱག་དྲུག་སར་པའི་ལང་ཚོ་མ། །གཡས་པའི་ཕྱག་ན་རྡོ་རྗེ་དང ། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་པན་ནི་མདའ་སོར་མ། །གཡོན་པ་ན་ནི་སྡིགས་མཛུབ་ཞགས། །གཉིས་པར་ཤིང་ལོའི་རྔ་ཡབ་དང ། །གསུམ་པར་གཞུ་ནི་འཛིན་པ་ཉིད། །མེ་ཏོག་གིས་ནི་ཐོར་ཚུགས་དཀྲིས། །པདྨ་དཀར་པོ་གནས་པ་དང ། །འོད་ཟེར་དམར་པོས་བརྒྱན་པ་མ། །
454b
ཁྲོ་བོ་འབར་བའི་སྤྲོ་བ་འབབ། །ཁྲོ་བོ་འབར་བས་ཀུན་སྐྲག་ཅིང ། །བསྲེགས་ཤིང་སྐྱེ་དགུ་གཟས་ཟིན་གང ། །ཁྲོ་བོ་འབར་བས་སྨོད་པ་དང ། །མི་བསྐྱོད་པ་ཡིས་མགོ་བོ་མནན། ། དཀར་པོ་རིགས་ལྔ་སངས་རྒྱས་ཡང ། །བདུད་རྩི་རབ་ཏུ་ཆར་འབེབས་པ། །སྔར་བཞིན་གཡས་དང་གཞན་པའི་ཞལ། །འདི་འདྲ་སྒྱུ་མ་ཀུན་གྱི་ཕྱིར། །དེ་ལྟར་རྣལ་འབྱོར་པ་ཡིས་སྒོམ། །ནད་ཐམས་ཅད་འཇོམས་པར་བྱེད་པ་རི་ཁྲོད་མ་ཤིང་ལོ་ཅན་ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཆེན་པོས་བཀའ་སྩལ་ཏོ། །རྡོ་རྗེ་ཁྲོ་བོའི་སྒོམ་པ་ནི། །ལྷ་མོ་སྐལ་པ་ཆེན་མོ་ཉོན། །ཁྲོ་བོའི་སྐུར་ནི་བླངས་ནས་ནི། །ཁྲོ་བོའི་རྒྱལ་པོ་བསྒོམ་པར་བྱ། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཇི་སྲིད་དེ་བཞིན་ཕྱག་འབུམ་ཉིད། །ཁྲོ་བོ་ཆེན་པོ་ལུས་དཀར་པ། །དེ་མ་དོག་མཚོན་ཆ་འཛིན་མར་ནི། །རྡོ་རྗེ་ཕག་མོ་བརྟག་པར་བྱ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཐལ་བས་ལུས་ལ་བྱུགས་པ་དང ། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མདུད་རྩེའི་རལ་པའི་ཅོད་པན་མཚན། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དྭགས་ཆེན་པོ་གདན་མཛད་པ། །པདྨ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དམར་པོར་མཉམ་འོད་དུ། །རིག་མ་བཞི་དང་མཉམ་པར་ལྡན། །སངས་རྒྱས་གཟུགས་བརྙན་ཉེ་བར་མཛེས། །རྟ་ཡི་གཟུགས་སོགས་ཕྱག་བཞིམ། །ཞལ་བཞི་དང་
455a
༄#། །ནི་སྦྲུལ་གྱིས་བརྒྱན། །ཡི་གེ་ཡི་གེ་ཡང་དག་ལྡན། །ཐོད་པར་བཞུགས་ཤིང་སྐུ་མདོག་དཀར། །ཞལ་བཞི་ཡིས་ནི་རྣམ་པར་སྤྲས། །ཡ་ར་ལ་ཝས་རྣམ་བར་བརྒྱན། །ཆོ་གས་ཇི་སྲིད་བསྒྲུབ་བྱ་བརྩམ། །རླུང་སོགས་ཇི་ལྟར་རིམ་པས་ནི། །དུ་བ་དམར་དང་སེར་དང་དཀར། །བསམ་གཏན་འདི་ནི་བལྟས་ཙམ་གྱིས། །འོ་མའི་ཤིང་ལྟར་བུད་མེད་རྣམས། །འཇུ་བར་འགྱུར་ཏེ་གཞན་དུ་མིན། །ར་ཡི་ཡི་གེ་ཡང་དག་ལྡན། །ཁ་དོག་དམར་པོ་ཕྱག་བཞི་མ། །འབར་བའི་ཕྲེང་ཁྱབ་འཇིགས་མ་སྟེ། །ཞལ་བཞི་ཝ་ཡི་གདོང་གིས་སྨྲས། །ཧཱུཾ་གིས་བཀང་བ་ཉིད་ཀྱིས་ནི། །རྡོ་རྗེ་ཕྲ་མོ་རྣམས་བསྒོམས་པས། །སྣ་ཡི་རྩེ་མོར་རྫོགས་པ་ལས། །བསྒྲུབ་བྱའི་ལུས་ལ་དགང་བ་བྱ། །ཡན་ལག་ཚིགས་ནི་ཐམས་ཅད་ལ། །སྣ་ཚོགས་རྡོ་རྗེ་ངེས་སྦྱར་བ། །དེས་ནི་རྡོ་རྗེ་མཚོན་ཆ་ཡིས། །འབར་བ་དང་ནི་ཁྲག་གི་ལུས། །ཀུན་ཏུ་འཇིབ་པར་བྱེད་པར་ནི། །རྡོ་རྗེ་མཁའ་འགྲོ་མ་ནི་སྒོམ། ། ོཾ་བཛྲ་ཌཱ་ཀི་ནཱི་ཨ་མུ་ཀ་སྱ་རཀྟི་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །ཁྲག་ནི་འགུགས་པར་བྱེད་པའི་མཆོག་།ལྷ་མོ་དེ་ལྟར་བཤད་པས་ནི། །སྐེམས་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་དེ་ཉིད་ཀུན་རྫོགས་ནས། །མ་ཧེའི་གཟུགས་ནི་འཇིགས་པ་པོ། །སྐུ་མདོག་ནག་པོ་འཇིགས་ཆེན་པོ། །ཞལ་བཞི་པ་དང་འཇིགས་པར་
455b
མཛད། །ཕྱག་རྒྱས་པ་དང་ཞབས་བཞིས་སྤྲས། །རྡོ་རྗེ་གཏུན་ཤིང་རལ་གྲི་དང ། །འཁོར་ལོ་དེ་བཞིན་ཅང་ཏེའུ་ཉིད། །གཡོན་ན་ཁ་ཊྭཱཾ་ག་དང་ནི། །ཐོད་པ་གཞུ་དང་ཞགས་པ་ཉིད། །སྣ་ཚོགས་མཚོན་ཆ་འཛིན་པ་ཡིས། །རྡོ་རྗེ་ཁྲོ་བོ་ཡང་ནི་སྤྲོ། །ཡིད་ཀྱིས་བསྒྲུབ་བྱའི་སྲུང་བ་ནི། །ཆོ་ག་ཡིས་ནི་བཀུག་ནས་ནི། །དེས་ནི་བསྒྲུབ་བྱ་རྣམ་པར་བསམ། །ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ། །རྡོ་རྗེ་ཁྲོ་བོས་དྲངས་ནས་ནི། །རྡོ་རྗེ་གཞན་གྱིས་བརྡེགས་པ་དང ། །རལ་གྲི་ཡིས་ནི་དྲལ་བ་དང ། །རྒྱུ་མ་ནར་ཞིང་མྱོས་པ་ཉིད། །ོཾ་བཛྲ་རཀྵ་ས་བྷ་ཀཱ་ཡ་ཏི་ཕཊ། །དེ་ནས་ཁྱི་ཡི་གདོང་བྱས་ནས། །རྡོ་རྗེ་སྲིན་པོ་སྒོམ་པའོ། །ོཾ་ཧྲཱིཿ ་ཥྚཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། །འདི་ནི་མ་ཧེའི་གདོང་གཤིན་རྗེའི་གཟུགས་ཀྱི་སྔགས་སོ། །ཁྲ་དང་ཝ་དང་བྱ་རྒོད་ཀྱིས། །ཐམས་ཅད་དུ་ནི་ཡོངས་སུ་བསྐོར། །དེས་ན་བཟའ་བ་ལྡན་པར་ནི། །ཡིད་ཀྱིས་བསྐུལ་བར་བསྒོམ་པར་བྱ། །རླུང་གི་དཀྱིལ་འཁོར་མཉམ་ཞོན་པར། །རྡོ་རྗེ་མཆེ་བ་རྣམ་པར་བསམ། །དེ་ཡི་རྒྱབ་ཏུ་ཞོན་པར་ནི། །བསྒྲུབ་པར་བྱ་བ་སྱོངྶ་སུ་བརྟག་།རྡོ་རྗེ་འཁྲོ་བོས་གཟིར་ནས་ནི། །ལྷོ་ཡི་ཕྱོགས་སུ་ཁྱེར་བར་བྱ། །རླུང་གི་དཀྱིལ་འཁོར་ལོ་མ་དང ། །དེ་ཡི་ངེས་པར་རྐང་རྗེས་ས། །རྡོ་རྗེ་མགོ་བོར་ཀང་པར་ནི། །དེ་ཡི་མིང་ནི་གཟུང་བས་སྦ། །དེ་ལྟར་བསྒོམས་པའི་སྦྱོར་བས་ནི། །ཆོ་ག་ཡིས་ནི་ལས་རྣམས་བྱ། །རྒྱ་བྱིན་ཀྱང་ནི་
456a
༄#། །སྐྲོད་བྱེད་ན། །ས་ཡི་སྐྱེ་པོ་འང་སྨོས་ཅི་དགོས། །བྲམ་ཟེའི་སྐྲ་དང་དགེ་སྦྱོང་སྤུས། །འུག་པའི་གཤོག་པ་དཀྲིས་ནས་ནི། །དེ་མིང་སྔགས་ཀྱི་ནང་བཅུག་སྟེ། །བྲིས་ནས་ས་ལ་སྦས་ནས་ནི། །རྡོ་རྗེ་ཁྲོ་བོ་གཉིས་དག་གིས། །འཐབ་པ་རུ་ནི་རྣམ་པར་བསམ། །དོ་ལྟར་རྣམ་བསམས་སྦྱོར་བས་ནི། །ཇི་ལྟར་འདོད་པས་སྡང་བར་བྱེད། །ཙི་ཡི་ཡི་གེ་དང་ལྡན་པས། །རྟའི་རྣམ་པའི་གདོང་དུ་བྱས་པ་ནི་ཆང་འགུགས་པར་བྱེད་པ་ལ་མཆོག་སྟེ། སྐུ་མདོག་ལྗང་གུ་དང ། ཞལ་བཞི་པ་དང ། ཞབས་བཞི་པ་དང ། ཕྱག་བརྒྱད་པ་དང ། རྟ་མགྲིན་གྱི་རྒྱལ་པོ་ཆེན་པོ་དམ་པའི་དབང་ཕྱུག་འགྲུབ་པར་འགྱུར་རོ། །དང་པོ་ནི་ལྗང་གུ་ལ་ཅུང་ཟད་སེར་བ་སྟེ། སྤྱན་གསུམ་པའོ།། ཞལ་གཡས་པ་དང ། གཞན་པ་ནི་ནག་པོ་དང ། དཀར་པོའོ། །དེ་བཞིན་དུ་སྟེང་མ་ནི་རྟ་གདོང་སྟེ། །རྣམ་པར་གཙིགས་ཤིང་ལྗང་གུའོ། །གཡས་པ་ནི་བ་དན་རྩེ་གསུམ་པ་འཕྱར་བའི་ཚུལ་ལོ། །གཉིས་པ་ན་ནི་སྣ་ཚོགས་རྡོ་རྗེ། གསུམ་པ་ལ་ནི་རལ་གྲི། བཞི་པ་ན་ནི་མདའོ། །གཡོན་པ་ན་ནི་སྣ་ཚོགས་པདྨའོ། །གཉིས་པ་ལ་ནི་འཕང་མདུང ། གསུམ་པ་ལ་ནི་མེ་ལོང ། བཞི་པ་ལ་ནི་གཞུའོ། །གཡོན་བརྐྱང་བས་ཉི་མ་ལ་བཞུགས་ཤིང་གར་དང་བཅས་པ་དང ། སྲེད་མེད་ཀྱི་བུ་དང ། །དབང་ཕྱུག་ཆེན་པོ་ལ་སོགས་པ་འགྱེལ་
456b
བར་འགྱུར་བ་དེ་ལྟར་སྔགས་པས་ཆོ་གས་བསྒོམ་པར་བྱའོ། །བསྒྲུབ་བྱའི་ལྟེ་བར་ཡི་གི་རྣམ་པ་བསྒོམ་པར་བྱ་ཞིང ། མཾ་གི་རྣམ་པ་གྱུར་པ་ལས་ཆང་ལྟོ་བར་བསྒོམ་པར་བྱ་སྟེ། ཕྱིས་སྐྱུགས་པར་བྱེད་པར་བལྟས་ན་ཆང་སྐྱུག་པར་འགྱུར་རོ། །རླུང་གི་ཕྱོགས་སུ་སོང་སྟེ། དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་དྲིའི་ཐིག་ལེ་བདུན་བློ་དང་ལྡན་པས་བྱ་ཞིང ། ཁམ་ཕོར་གྱིས་སྦ་བར་བྱའོ། །དེར་རི་རབ་ཟུར་བརྒྱད་པ་རཝ་བརྒྱད་ཀྱིས་ཀུན་ཏུ་སྤྲས་པར་སྤྲུལ་ཏེ། སྤྲུལ་པའི་རྡོ་རྗེས་མནན་ནས་ཡའི་རྣམ་པ་རླུང་བདུན་པོ་ཀུན་གྱི་ས་བོན་དབུགས་རྡུབ་པས་ནང་དུ་སྦས་ཏེ། དབང་ཆེན་ལཾ་གྱིས་མཚན་པས་སྤའོ། །དེ་ལྟར་སྦྱོར་བས་བསྒྲུབས་ན་འཇིགས་པ་ལྟ་བུའི་རླུང་འཆིང་བར་བྱེད་དོ། །པདྨ་འདབ་མ་བརྒྱད་པ་བསྒོམས་ནས། དེའི་འདབ་མ་ལ་ཀླུ་བདག་བརྒྱད་དང ། དབུས་སུ་འབར་བའི་འབར་བ་ཆེན་པོ་ཅན་བཀོད་ནས་རྡོ་རྗེ་ཁྲོ་བོའི་སྐུས་ཞབས་ཀྱི་མཐིལ་གྱིས་གཟིར་བར་བྱ་བ་དང ། ལྟོ་འཕྱེས་སྤྲིན་གྱི་ཆུ་གཏོར་བར་བྱེད་པ་དང ། ཧཱུཾ་གཉིས་ཀྱི་ནང་དུ་བཅུག་ནས་དབུས་སུ་ཀླུའི་ས་བོན་བཅུག་སྟེ་གཟིར་བར་བྱ་ཞིང ། ཧཱུཾ་གི་བཟླས་པ་བྱས་པས་ཆར་འབེབས་པར་འགྱུར་རོ། །འཇིགས་པ་ཆེན་པོ་བྱེད་པའི་ཉི་མའི་མདོག་གི་འོད་ལྟར་ཤིན་ཏུ་དམར་བས་ཁ་གདངས་ནས་ནམ་མཁའ་ལ་བཞུགས་པ་དང ། ཧཱུཾ་འཕར་བའི་ལྗགས་ཀྱིས་སྤྲིན་ལ་བལྡག་པ་དང ། རོལ་མཚོ་བདུན་ཡོངས་སུ་གང་བ་འགུགས་པ་
457a
༄#། །དང ། དབུགས་རྡུབ་པ་དང ། དབུགས་འབྱིན་པས་རས་བལ་གྱི་ཕུར་མ་ལྟར་གཏོར་བ་དང ། དེ་ནས་རང་གི་ཕྱག་རྒྱའི་ཚོགས་འབར་བ་བཏོན་པས་སྐད་ཅིག་གིས་འདྲལ་བ་དང ། གཅོད་པ་དང ། ཧཱུཾ་གིས་རྣམ་པས་སྡིགས་པར་བྱེད་དོ། །སྟོན་ཀའི་དུས་ཀྱི་ནམ་མཁའ་ལྟ་བུའི་མེའི་དཀྱིལ་འཁོར་ལ་གནས་པའི་མི་གཡོ་མགོན་དཔྲལ་བའི་ནང་ནས་བཏོན་ཏེ། རྣམ་པར་སྣང་མཛད་ཀྱི་དབུས་སུ་ཕྱག་དྲུག་ན་རལ་གྲི་དང ། སྡིགས་མཛུབ་དང ། མདའ་དང ། ཞགས་པ་དང ། གཞུ་དང ། རྡོ་རྗེ་སྟེ། ཆར་རབ་ཏུ་འབེབས་ཤིང་ཁྲོ་བོ་གྲངས་མེད་པས་ཡོངས་སུ་བསྐོར་བས་བདུད་ལས་རྣམ་པར་རྒྱལ་བ་དང ། བགེགས་ཐམས་ཅད་བསྐྲད་པ་དང ། ཧཱུཾ་གི་སྒྲས་གང་བས་འཇིག་རྟེན་གསུམ་གང་བའང་འཇིགས་པར་བྱེད་དོ། །སྐྱེས་པའི་ཁྲག་དང ། རྐང་རྗེས་ཀྱི་ས་ལས་མིའི་གཟུགས་བྱས་ནས། མིག་ལ་མིའི་རུས་པའི་ཕུར་བུས་འོད་ཟེར་ཅན་གྱི་སྔགས་ལན་ཉི་ཤུར་མངོན་པར་སྔགས་ཏེ་གདབ་པར་བྱ་ཞིང་བཏབ་མཐག་ཏུ་དེ་ཚོགས་ཀྱི་བདག་པོའི་ཁར་བཅུག་ནས་རྒྱབ་ཏུ་རྡོ་རྗེ་གཏུན་ཤིང་གིས་བརྡུང་བར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་བཛྲ་མུ་ཥ་ལེ་ན་ཙཱུ་རྞྞ་ཡ་བིགྷྣཾ་ཧཱུཾ་ཕཊ། དེ་ལྟར་བསམ་གཏན་གྱི་ལས་ཀྱི་སྐྱེས་པའི་བགེགས་བཟློག་པར་བྱེད་དོ། །ནམ་མཁའ་ལྡིང་མིག་སྨན་གྱི་ཁ་དོག་ལྟ་བུ་ཀླུ་བརྒྱ་སྟོང་
457b
གིས་བརྒྱན་ཅིང ། ལུས་ལ་ཀླུ་བརྒྱད་དང ། བརྒྱ་སྟོང་གིས་གདོང་དང ། ནམ་མཁར་གནས་པའི་བཀའ་སྤྲིན་དེ་རྣམས་ཀྱིས་ཐོས་ནས་སྤྲིན་གྱི་ཚོགས་ཀྱིས་ཆར་ཟློག་པར་བྱེད་དོ།། ནམ་མཁའ་ལྡིང་གི་གཤོག་པའི་མདོག་སྔོན་པོའང་མཆུས་བསྣུན་པས་ཆུ་བོའི་ཚོགས་སྐེམས་པར་བྱེད་དོ། །ོཾ་བཛྲ་ནཱ་རཱ་ཡ་ན་ནིརྦཱ་པ་ཡ་བྷནིནྣ་པཱ་ཙ་བཱ་མྦུ་མེ་གྷཻཿ ཧཱུཾ། ནམ་མཁའི་ཁམས་ཀྱི་ནང་སོན་པར། །ཞལ་གསུམ་པ་ལ་སྤྱན་གསུམ་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །སྟག་གི་པགས་པ་མནབས་པ་དང ། ཁ་དོག་དམར་པོ་གཟི་བརྗིད་ཆེ། །ཉི་མ་ཤར་བའི་འོད་ལྟ་བུ། །རལ་གྲི་ཉིད་དང་ཁ་ཊྭཱཾ་ག་།གཞུ་དང་དེ་བཞིན་མདའ་ཉིད་དང ། ཤ་ཆེན་གྱི་ནི་ཐོད་པ་དང ། །དེ་བཞིན་དུ་ནི་ཅང་ཏེའུ་ཉིད། །ཞགས་པ་ཉིད་དང་ལྕགས་ཀྱུ་དང ། །གཡོན་ན་ཨུཏྤལ་རྣམ་པར་སྤྲས། །གཡོན་བརྐྱང་འཇིགས་པ་ཆེན་པོ་ནི། །ཉི་མར་གནས་ཤིང་གར་དང་ལྡན། །དམར་པོ་འབར་ཞིང་འཁྱིལ་བ་དང ། །གོས་ནི་ཆེན་པོ་བླ་བྲེས་དང ། །དུར་ཁྲོད་དུ་ནི་རབ་ཏུ་བྱ། །ཧྲཱིཿ ་ལས་བྱུང་བའི་ལྷ་མོ་ནི། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །དེ་ལྟར་བསྒོམས་པ་ཙམ་གྱིས་ནི། །ཡོ་གིས་སངས་རྒྱས་ཉིད་ཐོབ་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་ནས་དབང་དུ་བྱ་བར་འདོད་པས། མྱ་ངན་མེད་པའི་བརྒྱད་ལ་མྱ་ངན་མེད་པའི་འོག་ཏུ་སོང་སྟེ། གོས་དམར་པོ་བགོས་ནས་
458a
༄#། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྔགས་བཟླ་བར་བྱའོ། །ཞལ་གསུམ་པའི་རྣལ་འབྱོར་ལ་གནས་ནས་བདག་ཉིད་ཁ་དོག་དམར་པོར་བསམས་ཏེ། ཕྱི་ནས་རང་གི་སྐུ་ལས་ཕྱག་གཉིས་མ་དམར་མོ་ལག་པས་ལྕགས་ཀྱུ་དང ། ཞགས་པ་འཛིན་མ་དབྱུང་བར་བྱའོ། །དེས་བསྒྲུབ་བྱའི་སྙིང་དང ། མགྲིན་པ་བཅིངས་ནས་དགུག ་ ་པར་བསམ་པར་བྱ་ཞིང་རང་གི་ལུས་ལ་ལྷ་མོ་དེ་གཞུག་པར་བྱའོ། །བསྒྲུབ་བྱ་མྱོས་པར་གྱུར་ནས་དེའི་སྙིང་གར་སྔགས་ཀྱི་ཡི་གེ་བཅུ་ཁ་དོག་དམར་པོར་དགོད་པར་བྱ་སྟེ། ཡང་ན་བསྒྲུབ་བྱ་དང ། ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་དེ་རྣམས་ལ་དེ་ཞུགས་པས་དེ་རྣམས་ལྷན་ཅིག་ཏུ་འདྲེས་པར་གྱུར་པ་བསམ་པར་བྱའོ། །བསམ་གཏན་གྱི་སྦྱོར་བ་འདིས་ཉི་མ་བདུན་གྱིས་འཁོར་ལོས་བསྒྱུར་བའང་ཇི་སྲིད་འཚོའི་བར་དུ་དབང་དུ་བྱེད་པར་ཐེ་ཚོམ་མི་ཟའོ། །དེ་ནས་རྡོ་རྗེའི་བར་ཆད་བཟློག་པའི་དོན་དུ་བཀའ་སྩལ་པ། དཔལ་མཆོག་དང་པོའི་གཟུགས་སུ་བདག་ཉིད་ཞལ་གསུམ་པ། ཞབས་བཞི་པ་དང ། ཕྱག་བཞི་པ། ཞལ་དམར་པོའི་འོད་ཟེར་འབར་བ་སྙེམས་མ་ལ་སོགས་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་བར་རྣམ་པར་བསམས་ནས་རྡོ་རྗེ་མཚོན་ཆ་མ་དང ། རྡོ་རྗེ་ཀཱི་ལི་ཀཱི་ལ་དང ། རྡོ་རྗེ་སྡུག་པ་མ་དང ། རྡོ་རྗེ་སྙེམས་མའི་གཡས་ན་རྡོ་རྗེ་མདའ་
458b
འགེངས་ཤིང་འཛིན་པའོ། །གཡོན་པ་བསྒྱིངས་ཤིང་རྐེད་པར་བཞག་པ་དང ། གཞུ་འཛིན་པར་བསམས་ཏེ། དེ་ནས་སེམས་དཔའ་ཕྱུང་སྟེ། སངས་རྒྱས་ཀྱི་མཛད་པའི་སྤྲིན་རྣམ་པ་ཐམས་ཅད་ཀྱིས་རྣམ་པར་སྤྲོས་པའི་གཡས་ན་མི་འཇིགས་པ་སྦྱིན་པ་དང ། དབང་གི་ཐོད་རིན་པོ་ཆེ་འཛག་པ་ནམ་མཁར་སོན་པས་ནི་རྡོ་རྗེ་ཟློག་པར་བྱེད་དོ། །ོཾ་མཧཱ་སུ་ཁ་བཛྲེ་ཏི་ཛཿ ཧཱུཾ། དེ་ལྟར་ཤིན་ཏུ་དགའ་བའི་བཅིང་བ་བྱས་ནས་རྣལ་འབྱོར་བླ་ན་མེད་པར་བཤད་དོ། །གང་ཞིག་རྣམ་པར་ཕྱེ་བས་གསོད་པར་བྱེད་པ་འདི་བཀའ་སྩལ་པ། ཞི་བ་ལ་ནི་མཐའི་ཡ་དང ། ནི་གཉིས་དང ། ཕྱི་ནས་ཡ་དབུ་མ་ཕྱི་བས་ཡིག་འབྲུ་ལྷག་མས་ཇི་ལྟར་བདེ་བས་སོ། །ལྷ་མོ་དེ་ལྟར་བཤད་པས་ནི་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་དོ། ། རབ་ཏུ་མྱོས་མ་དབང་དུ་བྱ་བར་འདོད་པས་ཡང་བརྒྱད་པ་ལ་ཀུ་རུ་ཀུལླེའི་རྣལ་འབྱོར་ལ་གནས་ནས་བསམ་གཏན་འདི་བྱའོ། །མྱོས་བྱེད་ཀྱི་འབྲས་བུ་བཟའ་ཞིང ། དེ་ནས་ཀ་ཀཱ་མ་ཅི་ཀའི་ཁུ་བས་ཐིག་ལེ་བྱས་ནས་སྔགས་བཟླ་བར་བྱའོ། །ོཾ་ཨ་མུ་ཀཱི་མེ་ཧྲཱིཿ ་བ་ཤི་བྷ་བ་ཏུ། གྲུབ་ན་ཁྲི་ཡིས་འགྲུབ་པར་འགྱུར་རོ། །དེ་ནས་དུག་གིས་ཟིན་པ་བསླང་བའི་ཕྱིར་རང་གི་སྙིང་གར་པདྨ་འདབ་མ་བརྒྱད་པ་བསམ་པར་བྱའོ། །དེའི་སྟེང་དུ་དབྱངས་ཀྱི་གསུམ་པ་འདབ་མ་བརྒྱད་ལ་ཁ་དོག་དཀར་པོ་བསམ་པར་བྱ་ཞིང ། བདག་ཉིད་ཡང་
459a
༄#། །འོག་གི་ཀླུའི་གཟུགས་ཁ་དོག་དཀར་པོ་ཨིའི་བདུད་རྩི་འཛག་པར་བསམ་པར་བྱའོ། །ཀླུ་དེའི་མིག་ལས་བདུད་རྩི་བྱུང་པས་དེར་བསྒྲུབ་པར་བྱ་བ་དེའི་ལུས་ལ་ལྟུང་བ་བསམ་པར་བྱའོ། །བསམ་གཏན་གྱི་སྦྱོར་བ་འདིས་ཁམས་གསུམ་ཡོངས་སུ་གང་བའི་དུག་མེད་པར་བྱེད་དོ། །དེ་ནས་ཟླ་བ་དང ། ཉི་མ་རྣམ་པར་གཟུང་བར་འདོད་པས་སཱ་ལུ་བཏགས་པའི་བདག་ཉིད་ལས་ཟླ་བ་དང ། ཉི་མ་བྱས་ཏེ། རྡོ་རྗེའི་ཆུ་ལ་གཞུག་པར་བྱ་ཞིང་སྔགས་བཟླ་བར་བྱའོ། །ོཾ་ཙནྡྲཱ་ཨརྐ་མཱ་ཙ་ལ་མཱ་ཙ་ལ་ཏིཥྛ་ཏིཥྛ་ཧེ་བཛྲ་ཡ་སཝཱཧཱ། བྱེ་བ་ཕྲག་དྲུག་བཟླ་བར་བྱ་སྟེ། ཕྱི་ནས་ལས་འདི་ཡང་དག་པར་བརྩམ་པར་བྱའོ། །ཟླ་བ་དང ། ཉི་མ་དག་གནས་ཤིང་ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ། །ཕ་རོལ་གྱི་སྡེ་རྣམ་པར་གཞིག་པའི་ཕྱིར་བསྒྲུབ་པར་བྱ་སྟེ། ཁ་ཊི་ཀཱ་དང ། བདུད་རྩི་ལྔ་དང ། ཀུཥྛ་ར་ཙྪིནྣ་དང་ལྷན་ཅིག་བཏགས་ལ་རིལ་བུ་བྱའོ། །ོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་སཝཱཧཱ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ཤིང་དེ་གྲུབ་ན་བསྒྲུབ་བྱའི་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་བསྐོར་ཞིང་བཅག་ན་དགྲ་ཐམས་ཅད་ཀྱི་མགོ་འཆད་པར་འགྱུར་རོ། །ལྷ་དགས་པར་འདོད་པས་ཐིག་ལེ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་བཅིངས་པས་རྡོ་རྗེ་ཅན་གྱི་མེ་ཏོག་བསྒྲུབས་ཏེ། སྟ་རེས་བཅད་པ་དང་བསྲེས་ནས་ཉི་མ་གཟས་ཟིན་པ་དང་མི་བསྐྱོད་པ་དང་
459b
བཏགས་པར་བྱ་ཞེབ། བཏགས་ནས་དགྲ་སྟ་བྱ་སྟེ། དེ་རྡོག་པས་མནན་ནས་སྔགས་བཟླ་བར་བྱའོ། །ོཾ་བཛྲ་ཀུ་ཊྠཱ་ཡ་སྥཱ་ཊ་ཡ་སྥཱ་ཊ་ཡ་ཕཊ་ཕཊ་སཝཱཧཱ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ལ། ཕྱི་ནས་ཐིག་ལེ་ཕྱས་ན་གང་ལ་ཕྱག་བྱས་པ་དེ་འགས་སོ། །དེ་ནས་ཆར་གྱི་རབ་ཏུ་སྦྱོར་བ་བཤད་པར་བྱ་སྟེ། ཨོཾ་ཨཱ་ཕུཿ འི་རྣམ་པའི་ཆོ་ག་ལྟར་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་བདུད་རྩི་ལྔས་ནི་བླུགས་པར་བྱའོ། །མེ་ཏོག་ནག་པོས་ནི་མཆོད་པར་བྱ། ཀླུ་འདུལ་བའི་ཁུ་བས་ནི་བྱུག་པར་བྱ། གླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུག་པར་བྱ། ཁམ་ཕོར་ཁ་སྦྱར་དུ་ནི་བཞག་པར་བྱ། བ་ནག་མོའི་འོ་མས་ནི་དགང་བར་བྱ། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་ནི་དཀྲི་བར་བྱ། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ནས་དེར་མཐའ་ཡས་བཞག་པར་བྱ། དེའི་འགྲམ་དུ་ཆོ་གས་དཀྱིལ་འཁོར་བཞེངས་པར་བྱ། དེའི་དབུས་སུ་མཐའ་ཡས་བཞག་པར་བྱའོ། །མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞི་པར་བསྒོམ་པར་བྱའོ། །ཕྱིས་ནི་སློབ་དཔོན་ནང་གི་མ་རུངས་པའི་སེམས་ཀྱིས་དབེན་པའི་གནས་སུ་སྔགས་བཟླ་བར་བྱའོ། །ོཾ་གྷུ་རུ་གྷུ་རུ། གྷུ་ཊ་གྷུ་ཊ། ཤ་མ་ཤ་མ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། ནཱ་གཱ་དྷི་པ་ཏ་ཡེ། ཧེ་ཧེ་
460a
༄#། །རུ་རུ་ཀཾ་།སཔྟ་པཱ་ཏཱ་ལ། ག་ཏནྣ་གནྣཱ་ཀཪྵ་ཡ། བཪྵ་ཡ། གརྫ་ཡ། ཏརྫ་ཡ། ཕུཿ ་ཕུཿ ་ཕུཿ ་ཕུཿ ་ཕུཿ ་ཕུཿ ་ཕུཿ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སཝཱཧཱ། གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྔགས་འདི་བཟློག་ལ་བཟླས་ན་ཆར་པ་འབབ་པར་འགྱུར་རོ། །གལ་ཏེ་མི་འབབ་ན་དེའི་ཚེ་མགོ་ཨརྫ་ཀའི་དོག་པ་ལྟར་འགས་པར་འགྱུར་རོ། །སྤྲིན་བྲལ་བར་འདོད་པས་དེའི་ཚེ་དུར་ཁྲོད་ཀྱི་རས་ལ་སྔགས་འདི་བྲི་བར་བྱའོ། །ོཾ་ཏརྫྫ་ཡ་ཏརྫྫ་ཡ། ཤྨ་ཤཱ་ན་པྲི་ཡཱ་ཡ་ཕཊ་སཝཱཧཱ། དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་སྟེ་བདུན་པའོ།། །། གཞན་དུ་མཚན་ཉིད་མཚོན་པ་ནི། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །དེ་ཉིད་བཞི་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །འཁོར་བ་སྒྲོལ་བའི་མཚན་ཉིད་ཀྱི། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །དང་པོར་རྡོ་རྗེའི་དབང་བསྐུར་བ། །དྲིལ་བུ་ཡང་ནི་གཉིས་པ་ལ། །གསུམ་པ་ལ་ནི་ཕྲེང་བ་ཉིད། །བཞི་པར་ཡེ་ཤེས་མཚན་ཉིད་དོ། །དེ་ཉིད་བཞི་ཡི་རྦ་རླབས་ལས། །ཕ་རོལ་འདོད་པ་འདྲེན་པའོ། །དབུས་སུ་རྣམ་པར་སྣང་མཛད་མགོན། །ཤར་དུ་མི་བསྐྱོད་དེ་བཞིན་ཡང ། །རིན་ཆེན་ལྷོ་ཡི་རཝ་ལ་འོ། །
460b
འོད་དཔག་མེད་ནི་ནུབ་ཏུ་དགོད། །བྱང་དུ་དོན་ཡོན་གྲུབ་པ་སྟེ། །རཝ་ལྔ་རྣམས་ཀྱི་ལྷ་ཉིད་དོ། །པདྨར་བྱང་ཆུབ་ཡན་ལག་བརྒྱད། །ས་ཇི་ལྟ་བར་གཞག་པར་བྱ། །ཕྱག་ན་པདྨ་བྱམས་པ་དང ། །ནམ་མཁའ་ཀུན་ཏུ་བཟང་པོ་བཞིན། །གནོད་སྦྱིན་དབང་པོ་འཇམ་དཔལ་དང ། །རྣམ་པར་སེལ་དང་ས་ཉིད་ཀྱང ། །ལྷ་རྣམས་བརྒྱད་པོ་འདི་རྣམས་ཀྱིས། །ས་ཇི་ལྟ་བར་གཞག་པར་བྱ། །དབུས་སུ་སྐབས་གསུམ་སྒོ་ང་ལ། །ཡེ་ཤེས་ལྷ་ནི་ཐིམ་པར་བྱ། །པདྨར་ལྷ་མོ་བརྒྱད་པོ་རྣམས། །ཇི་བཞིན་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །དེ་བཞིན་རྩེ་ནམ་ཕྱོགས་བྲལ་ལོ། །རཝ་ལ་མཁའ་འགྲོ་མ་ལྔ་སྟེ། །དབུས་སུ་ཡེ་ཤེས་མིང་ཅན་ཏེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོའི་མིང་ཅན་ཏེ། །རོ་ལངས་མ་ནི་ཕྱོགས་ཀྱི་མཐར། །གཏུམ་མོ་ལྷ་ཡི་དབང་ཕྱུག་མ། །རྡོ་རྗེའི་དེ་ཉིད་ལྷ་རྣམས་སུ། །མཁས་པས་ཤེས་པར་བྱ་བ་ཡིན། །གང་ཕྱིར་དེ་ཉིད་རྡོ་རྗེ་ཡི། །རྡོ་རྗེའི་བདག་ཉིད་བདག་སེམས་ལ། །རྡོ་རྗེ་སྙིང་ཅན་རྣལ་འབྱོར་པ། །རྡོ་རྗེ་སེམས་ནི་བྱེད་དུ་གཞུག་།རྡོ་རྗེ་དག་པ་བསྟན་པར་བྱ། །རྡོ་རྗེ་ཆོས་ལ་བརྩོན་པའི་ཡིད། །རྡོ་རྗེ་དེ་ཉིད་ཅན་ཀུན་རྣམས། །རྡོ་རྗེ་ལས་ལ་མངོན་པར་འགྲོ། །རྡོ་རྗེ་སྤྲོ་བའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་ཅན་འཁོར་བ་སྒྲོལ། །རྡོ་རྗེ་དགུག་པའི་རྣལ་འབྱོར་དང ། །རྡོ་རྗེ་རེངས་པའི་རྣལ་འབྱོར་རིག་།མུན་པ་ལྟ་བུའི་ཉོན་མོངས་པ། ། རྣམ་ཤེས་མར་མེ་དང་ལྷན་ཅིག་།ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །སྣང་བའི་ཕྱོགས་ནི་འཐོབ་པའོ། །རྡོ་རྗེས་བསྒྲུབ་པ་ཐམས་ཅད་ལ། །རྡོ་རྗེའི་བདག་ཅེས་བསྟན་པ་ཡིན། །རྡོ་རྗེ་ཆོས་ཀྱི་སྙིང་པོ་ཅན།།
461a
༄#། །རྡོ་རྗེ་ཐར་པའི་ལྷུར་ལེན་པ། །རྡོ་རྗེ་པདྨ་རྣམ་མནན་ཏེ། །བསྒྲུབ་བྱ་དེ་ཉིད་ཐམས་ཅད་ནས། །རྡོ་རྗེ་པདྨ་ཀུན་ཞུགས་པ། །རྣམ་པར་མཁས་པས་བསྒྲུབ་པར་བྱ། །རྡོ་རྗེ་དྲིལ་བུའི་མཚན་ཉིད་ནི། །རྡོ་རྗེ་འཛིན་པའི་རྒྱལ་པོ་ཉོན། །ཤེས་རབ་དགྲོལ་བའི་དེ་ཉིད་ནི། །ལྷ་ནི་ཀུན་གྱིས་ཐོས་པར་འགྱུར། །ཆ་གསུམ་བཟུང་བའི་གནས་གསལ་ཞིང ། །སྐ་རགས་བྱས་པ་བཟང་པོ་ཉིད། །ཞི་བ་ཨུཏྤལ་ཀུ་མུ་ད། །རིན་ཆེན་པདྨ་རྣམ་བར་གནས། །ཕྱོགས་མཚམས་བརྒྱད་པའི་དབུས་སུ་ནི། །དགུ་པ་ལ་ནི་སངས་རྒྱས་ཉིད། །ལྷ་དགུ་ལ་སོགས་རྩེ་མོ་ནི། །ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས། །ཆུ་སྲིན་ཁ་ལས་བྱུང་བ་ཡི། །རྩེ་མོ་འོད་ཟེར་ཟླ་བར་གནས། །རྩེ་མོ་དགུ་པ་རྣམ་པར་བཤད། །ཡེ་ཤེས་རྡོ་རྗེ་འགྲོ་བ་འདོན། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །བྱང་ཆུབ་སྙིང་པོར་རྣམ་པར་གནས། །ཕྱོགས་བཅུ་ཐམས་ཅད་རིག་པའི་གནས། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །ཕྱོགས་ནི་བརྒྱད་ཅེས་བྱ་བར་ནི། །ལྷ་མོ་བརྒྱད་དུ་རབ་ཏུ་གྲགས ། ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་དགོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོའོ། །ནུབ་ཀྱི་ཕྱོགས་སུ་མཱ་མ་ཀི་།ལྷོ་རུ་ཡང་ནི་སངས་རྒྱས་སྤྱན།། གསེར་དང་སྦྲང་རྩི་གཟི་བརྗིད་མ། །རྡོ་རྗེ་ཕྲེང་བ་བཞི་པ་འོ། །ནང་གི་གཟུགས་ནི་ནམ་མཁའ་སྟེ། །གཟུགས་ཀྱི་གང་བ་གཟི་བརྗིད་ཅན། །པདྨ་ཁ་ཕྱེ་ལས་བྱུང་བ། །གཟུགས་མེད་སྲིད་
461b
པའི་གནས་སུ་ནི། །ཤེས་རབ་བདུད་རྩི་བུམ་པ་ལྟར། །ཡེ་ཤེས་བདུད་རྩིའི་གནས་སུ་ནི། །དེ་ཡི་དབུས་སུ་ཡིད་ཀྱི་ནི། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གཟུགས་ནི་མཛེས་ཤིང་ཡོན་ཏན་གནས། །སྟེང་གི་པདྨོ་རྡོ་རྗེ་རྣམས། །ཇི་ལྟར་གོང་མས་བསམ་པར་བྱ། །ནང་གི་ཡེ་ཤེས་དབྱུག་གུ་ནི། །ཐམས་ཅད་སྡུད་ཅིང་འབྱིན་པར་ནི། །ཱ་ལི་ཀཱ་ལི་དགོས་པ་ནི། །གནས་ནི་བརྒྱད་དུ་བསྐྱོད་པར་བྱ། །ཱ་ལི་ཀཱ་ལི་རབ་སྦྱར་བས། །འཁོར་བ་ཐམས་ཅད་གཅོད་པར་བྱེད། །རྡོ་རྗེ་དྲིལ་བུའི་ཐབས་ཉིད་དེ། །ཐབས་ནི་ཡང་ནི་ནང་དུ་ཉིད། །དེ་ལ་ལག་གཉིས་རབ་ཏུ་བརྐྱང་།། རྣམ་ལྔ་འདོད་པའི་བསྐོར་བ་བྱ། །གཡས་པར་ཉི་མ་ཡང་དག་བསམ། །གཡོན་པར་ཡང་ནི་ཟླ་བ་ཉིད། །ལུས་ཅན་རྣམས་ཀྱི་ཐབས་ཉིད་དེ། །རང་འདོད་ལྷ་ནི་བསམ་པར་བྱ། །བྱང་དུ་རྡོ་རྗེ་གསོར་ནས་ནི། །ཕྱི་ནས་བློ་ལྡན་ཡང་དག་གདབ། །ཧཱུཾ་གི་གླུ་ཡི་རྣམ་པ་ཡིས། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རྡོ་རྗེ་གསོར་བས་མཛེས་པ་ཡིས། །རྨོངས་པའི་སེམས་ཅན་རྣམ་པར་སྒྲོལ། །ཆོས་ཀྱི་རྣམ་ཐབ་\?\་འབྲས་བུ་ཉིད། །རྡོ་རྗེ་དགྱེས་པ་འཛིན་པ་སྟེ། །ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ། །ཐབས་དང་ཤེས་རབ་སྒྲ་འཁྲོལ་ཞིང ། །ཐབས་དང་ཤེས་རབ་ལག་པའི་དངོས། །ོཾ་བཛྲ་དྷ་རྨ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཝ་བྷཱ་བེ་བཛྲ་སཏྭ་ཧྲྀ་ད་ཡ་སཾ་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཧོཿ ཧོཿ ཧོཿ སཝཱཧཱ།
462a
༄#། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྠ་ཨེ་ཥ་ཏྭཱནྡྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། །ཐབས་དང་ཤེས་རབ་ཆོས་ཀྱིས་ནི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀོལ། །རྡོ་རྗེ་དེ་ཉིད་ཀྱིས་ནི་གཟུང ། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །སེམས་ཅན་དོན་ནི་ཡོ་གིས་བྱེད། །དེ་ཉིད་མེད་སེམས་རྣལ་འབྱོར་པ། །གླང་པོ་དྲིལ་བུ་འཁྲོལ་བ་ཉིད། །རྣལ་འབྱོར་དེ་ཉིད་མནན་པ་ཡི། །རང་གི་དངོས་གྲུབ་རབ་ཏུ་བརྟག་།བརྒྱད་པ་ལས་།དྲིལ་བུའི་དེ་ཁོ་ན་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།ཕྲེང་བ་ལ་སོགས་མཚན་ཉིད་ནི། །ཡང་དག་ཇི་ལྟར་རྡོ་རྗེ་ཉོན། །གང་གིས་ཡང་དག་ཆོ་ག་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་མུ་ཏིག་དང ། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང ། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །སྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཏང་དང ། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་
462b
པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཚེ་ནི་ལས་ཀུན་བྱེད། །སྔགས་ཀྱི་བསྒྲུབ་བྱ་ལྔ་བཅུ་སྟེ། །དབང་ལ་དེ་ཡིས་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། ། ཕྲེང་བ་ལ་སོགས་བྱ་བའོ། །ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུག་པ་སངས་རྒྱས་ཀྱི། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཕྲེང་བ་ཀུན་ནི་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་རབ་ཏུ་བརྟག་།མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ལག་མཐིལ་ཉི་མ་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་པས། །སྒོམ་ཞིང་བདུད་རྩི་ཡི་གེ་ནང ། །འོད་ཟེར་འཕྲོ་བ་དུ་མ་དང ། །ཁ་དོག་དཀར་པོ་བསམས་ནས་ནི། །སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨ་འདབ་མར་སྒོམ། །པདྨ་རྡོ་རྗེ་སྙོམས་འཇུག་པའི། །ཁ་སྦྱར་དབུས་སུ་ཕྲེང་བཞག་ལ། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང ། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །སོར་མོ་ལ་སོགས་བྱེ་བྲག་ལས། །ཕྱིས་ནི་སྔགས་པས་བཟླས་པ་བྱས། །རྡོ་རྗེ་གཉིས་མེད་དངོས་པོ་ལས། །གཡོན་པའི་རྡོ་རྗེ་ཅན་གྱི་དངོས། །ཞི་ལ་ཁྲོ་
463a
༄#། །བོར་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་མཐའ་མར་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལ། །དངོས་པོ་ལས་ནི་དགུག་པར་བྱ། །མཉམ་གཞག་བཟླས་དང་སྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མེད་པའི་རྣལ་འབྱོར་པ། །དེ་ཉིད་མེད་པའི་སྔགས་ཟློས་དང ། །རྡོ་རྗེ་དྲིལ་བུ་དེ་ཉིད་མེད། །ཕྱག་རྒྱའི་དེ་ཉིད་སྐྱེ་མི་འགྱུར། །རྣལ་འབྱོར་པ་ཡིས་དེ་ཉིད་དམིགས། །དེ་ཉིད་ཐམས་ཅད་བྱེད་པ་ཉིད། །ཡི་གེ་རྣམས་ཀྱི་རྒྱུད་ལས་ནི། །གཟུགས་ཀྱི་སྙིང་པོ་མཛེས་པ་སྟེ། །སྔགས་ཀྱི་སྙིང་པོ་བགྲང་བའི་གྲངས། །བརྫུན་པས་རྣལ་འབྱོར་མ་སྙིང་འགྲུབ། །ོཾ་པ་དེ་པ་དེ་མཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཧཾ་བྷ་བེ་ཏ་ཧཱུཾ་ཧཱུཾ་ཧཱུཾ། ཧོཿ ་ཧོཿ ་ཧོཿ ་ཨ་ཁཾ་སཝཱཧཱ། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ནི། །གང་འདོད་དེ་ཉིད་བསྒྲུབ་པར་བྱ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བ་མེད་ན་རིང ། །ཡེ་ཤེས་དེ་ཉིད་ཁྱད་པར་དུ། །ཡེ་ཤེས་ཆེན་པོ་ཡང་དག་ཉོན། །མཉམ་ཉིད་སེམས་ཀྱི་དབྱེ་བ་ལས། །མཉམ་པར་གཞག་པས་འཁོར་ལོ་བརྟག་།ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ས་བོན་གྱིས་ནི་སྤྲུལ། །སྐུ་མདོག་དཀར་པོ་བསྒོམ་པར་བྱ། །པདྨའི་གདན་ལ་བཞུགས་པར་ནི། །ཕྱག་གཉིས་
463b
སེམས་དཔའི་སྐྱིལ་མོ་ཀྲུང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་རྒྱ་ཆེན་པོ་ཕྱག་གཉིས་ཀྱིས། །སྙིང་གའི་གནས་སུ་བཙིར་བ་ཉིད། །སྐུ་མདོག་དཀར་པོ་ཤིན་ཏུ་མཛེས། །འཕགས་པ་རྣམ་པར་སྣང་མཛད་གཙོ། །ཀུན་ཏུ་འོད་ཟེར་སྣ་ཚོགས་ཀྱིས། །སངས་རྒྱས་དམ་ཚིག་སྤྲིན་གྱིས་སྤྲོ། །ཟུང་ལྟར་རིམ་པའི་ཆོ་ག་ཡིས། །སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །གཡོན་དང་གཡས་པའི་ལག་གཉིས་ཀྱིས། །བསྐོར་བས་མཁའ་འགྲོ་མ་དེ་བདེ། །ཱ་ལི་ཀཱ་ལིའི་ས་བོན་ནི། །ཧཱུཾ་གི་སྲད་བུས་བརྒྱུ་བ་ཉིད། །འདི་ཡིས་ས་བོན་རྣལ་འབྱོར་པས། །བསྒོམས་ན་མྱུར་དུ་སངས་རྒྱས་ཐོབ། །བརྒྱད་པ་ལས། སྔགས་ཀྱི་བཟླས་པ་དང ། སྒོམ་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།འཕོ་བའི་རྣལ་འབྱོར་མཚན་ཉིད་ཀྱིས།། དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། །བཟང་པོའི་ལམ་དུ་རྣལ་འབྱོར་པའི། །འགྲོ་བ་མཛེས་པ་ཁྱོད་ལ་བསྟན། །ཡེ་ཤེས་དབང་པོ་ཉན་པར་འཚལ། །སྒོ་རྣམས་དགུ་ནི་ཇི་ལྟར་ལགས། །ཡེ་ཤེས་སྒོ་ཡི་དབྱེ་བས་ནི། །ཡོན་ཏན་སྐྱོན་ནི་ཇི་ལྟར་ལགས། །དུས་སུ་སྲོག་ནི་འཆད་པ་ཡི། །ཡང་དག་རབ་ཏུ་སྦྱོར་བ་ཉོན། །ལེགས་པའི་ལམ་ནི་མཛེས་པའི་གནས། །ངན་པའི་ལམ་ཡང་སྐྱོན་རྣམས་ཉིད། །ལྟེ་བ་སྟེང་ན་ཐིག་ལེ་དང ། །མིག་དང་སྣ་ཚོགས་རྣ་བ་དང ། །བཏུང་དང་བཏུང་བ་མིན་པའི་སྒོ། །མཚན་ཉིད་ལྟེ་བར་འདོད་པ་ཅན། །མཐོ་རིས་
464a
༄#། །ཐིག་ལེ་གཟུགས་ལུས་ཅན། །སྟེང་ནི་སྟེང་དུ་གནས་པ་ཡི། །འགྲོ་དང་འོང་བར་ཡོངས་སུ་གྲགས། །སྣ་ལས་གནོད་སྦྱིན་དག་ཏུ་འགྱུར། །རྣ་བ་དག་ལས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཤེས་འགྲོ་ན། །ཡི་\?\་རྣམས་ཀྱི་ནི་རྒྱལ་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་ཏེ། །གཅི་ལས་དེ་བཞིན་བྱོལ་སོང་ངོ ། །དམྱལ་བ་བརྒྱད་ནི་བཏུང་མིན་པས། །དེ་ལྟར་སྤང་ཕྱིར་རིགས་ཀྱི་བུ། །སྲིད་པའི་འཕོ་བའི་མཚན་ཉིད་ནི། །གང་ཕྱིར་སྒོ་ཡི་ཁྱད་པར་ནི། །འཁོར་བའི་དབྱེ་བ་ཡང་དག་འབྱུང ། །དེ་ཕྱིར་སྒོ་ཡི་ཁྱད་པར་གྱིས། །རྣལ་འབྱོར་པས་ནི་མཉམ་གཞག་པ། །འཆི་བའི་དུས་ཀྱིས་ཐོབ་པ་ནི། །འཆི་བའི་མཚན་མ་བསྟན་པ་ཉིད། །རིམས་ལ་སོགས་པ་མ་ཕྱེ་བའི། །འཕོ་བའི་རྣལ་འབྱོར་དམ་པ་ཉིད། །བུམ་པ་དང་པོར་བརྩམས་ནས་ནི། །སྒོ་རྣམས་ཐམས་ཅད་རེངས་པར་བྱེད། །མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ། །སྒོ་ཡི་བུག་པའི་སྒོམ་པ་ནི། །དེ་བས་དམའ་བའི་སྒོ་ཉིད་དོ། །ས་བོན་ཆུ་ལྟར་དཀར་པོ་ཉིད། །བཏུང་དང་བཏུང་མིན་མེ་ཡི་ནི། །དེ་ཡི་ས་བོན་འབར་བ་ལྟར། །དེ་ཡི་དང་པོ་དབུགས་ཀྱི་ཡང ། །དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་བསྒོམ་བྱ། །ལུས་ཀྱི་རླུང་གི་ཁ་དོག་དང ། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །རླུང་གི་ས་བོན་རྩ་བ་རྣམས། །རླུང་གི་མཐའ་ཡི་རྩ་བ་
464b
ཅན། །ཐིག་ལེ་སྒྲ་དང་ལྡན་པ་ཡིས། །སེམས་ཀྱི་ས་བོན་གྱིས་ནི་དྲང ། །རྡོ་རྗེ་ཅན་གྱི་ས་བོན་གྱིས། །འཇིགས་པའི་ལྕགས་ཀྱུ་ལ་སོགས་སྦྱར། །གནས་ནི་བཅུ་དང་ཉི་ཤུ་ནི།། རྩ་བཞིའི་གནས་ལས་འཇིགས་མས་དགུག་།གོ་འཕང་གནས་ནི་གོ་འཕང་སྟེར། །བུག་པ་དགུ་ཡི་སྟེང་མས་སོ། །མཛོད་སྤུར་སྐྲ་དཀར་ས་བོན་གྱི། །ཡི་གེ་ཕྱེད་དང་གཉིས་ནི་སྦྱར། །དྲག་པོའི་སྒྲ་ཡིས་བརྗོད་ནས་ནི། །བརྒྱད་ཀྱི་མཐའ་ཡི་ས་བོན་གྱིས། །འཇིགས་དང་འཇིགས་པའི་སྡེ་ཚན་གྱིས། །དང་པོ་ལ་སོགས་དང་པོ་ཡི། །ཡི་གེ་ཕྱེད་པས་སྦྱར་ནས་ནི། །རླུང་གི་ས་བོན་འོག་མ་ལས། །སྒྲ་ནི་སྒྲ་ཡིས་བསྐུལ་བར་བྱ། །རླུང་གི་ས་བོན་ལྡན་པ་དང ། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །གནས་ནི་ཉི་ཤི་རྩ་བཞིར་ནི། །དེ་ནས་སྟེང་ནས་སྟེང་དུ་མཆོག་།རྣལ་འབྱོར་པ་ཡི་སྐྲ་དཀར་བས། །སྟེང་གི་ཡི་གེ་བཟའ་བར་བྱ། །བུ་ག་དགུ་ཡི་སྟེང་མཆོག་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བར་བྱེད། །ཉིན་ཞིང་བྲམ་ཟེ་གསོད་པ་དང ། །མཚམས་མེད་ལྡ་ནི་བྱེད་པ་དང ། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང ། །སྲིད་པའི་སྐྱོན་ལས་ཤིན་ཏུ་གྲོལ། །དཔེར་ན་འདམ་ལས་སྐྱེས་པ་ཡི། །པདྨ་གཟི་བརྗིད་དྲི་མ་མེད། །དེ་བཞིན་འདམ་སོགས་ལུས་ཀྱིས་ནི། །ཡེ་ཤེས་སྐུ་ནི་རང་འདོད་པས། །དུས་ཐོབ་ན་ཡང་
465a
༄#། །འཕོ་བྱ་སྟེ། །དུས་མིན་ལྷ་ནི་གསོད་པ་ཉིད། །དེ་ཕྱིར་ལུས་མཚན་ཉིད་ཤེས་ནས། །བློ་དང་ལྡན་པས་རྣལ་འབྱོར་བརྩམ། །རྣལ་འབྱོར་བསྒྲུབ་བྱའི་ཁྱད་པར་ལས། །ཇི་ལྟར་དེ་ཉིད་རྡོ་རྗེ་ཉོན། །མཉམ་ཉིད་སེམས་ཀྱི་དངོས་པོ་ནི། །སྔར་གྱི་མཚན་ཉིད་ཐམས་ཅད་ལས། །སྙིང་གི་དཀྱིལ་གྱི་དབུས་གནས་པར། །སངས་རྒྱས་ལྔ་ཡི་ས་བོན་རྣམས། །འདི་ཡི་ཉི་མའི་འོད་ཟེར་འབར། །ངོ་བོ་སེམས་ཀྱིས་མཚོན་པར་བྱ། །སྔར་གསུངས་སྟོང་པ་ཉིད་ཀྱིས་ནི། །སྔར་གྱི་མཚན་ཉིད་ཡང་དག་ལྡན། །ཧཱུཾ་ལ་གནས་པའི་སེམས་ཀྱིས་ནི། །གཟུགས་ལ་སོགས་པ་ཐམས་ཅད་གཞིག་།ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ས་བོན་གྱིས་ནི་གཟུགས་བསྐྱེད་ནས། །པདྨའི་གདན་ལ་བཞུགས་པར་ནི། །ཡེ་ཤེས་མཁའ་འགྲོར་བདག་ཉིད་བསམ། །ཞལ་གསུམ་པ་ལ་ཕྱག་དྲུག་ཉིད། །སྤྱན་གསུམ་དབུ་རྒྱན་གྱིས་ནི་བརྒྱན། །བཞད་དང་ཁྲོ་ཞིང་སྒེག་པ་དང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཀུན་ད་ཟླ་བའི་མདོག་ལྟར་དཀར། །ཤིན་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །སངས་རྒྱས་སྦྲིན་ནི་སྤྲོ་བར་བྱ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས། །དང་པོར་མདའ་ནི་དགོད་པར་བྱ། །དེ་བཞིན་གཉིས་པར་ལྕགས་ཀྱུ་ཉིད། །གསུམ་པར་རྡོ་རྗེ་འཕྱར་བའོ། །གཡོན་པ་སྡིགས་
465b
མཛུབ་ཞགས་པ་ཉིད། །གཉིས་པར་དཔག་བསམ་ཤིང་ལྕུག་མ། །གསུམ་པར་གཞུ་ཡི་ཆོ་གས་ཁྱབ། །འོད་ཟེར་ཕྲེང་བ་དུ་མ་དང ། །དབུགས་ནི་གཡོ་བ་མེད་པར་སྒོམ། །ས་བོན་བརྒྱད་ལ་སོགས་པ་ཡིས། །ཡི་གེ་རྣམ་དགོང་དགོང་པར་བྱ། །ཱ་ལི་ཀཱ་ལི་རབ་འབྱོར་བས། །ཇི་ལྟར་བཏུས་པའི་ས་བོན་བཞིན། །ཐམས་ཅད་ཁ་དོག་དཀར་པོ་རྣམས། །ས་བོན་ཟླ་བའི་འོད་ཟེར་ལྡན། །པདྨའི་ཆུ་ཤིང་མེ་ཏོག་གིས། །སྙིང་ལ་སྒོང་སྐྱེས་གཞག་པར་བྱ། །དེ་ཡི་དབུས་སུ་ཡེ་ཤེས་དང ། །རྣམ་པར་ཤེས་པ་ལྷན་ཅིག་པས། །དངོས་པོའི་ངོ་བོས་བསྒོམ་པར་བྱ། །གཡོ་བ་མེད་ཅིང་འཚེ་པ་མེད། །དེ་ནས་ཕྱི་རོལ་རྣལ་འབྱོར་རྣམས། །རྣམ་པར་མཁས་པས་གཟུང་བར་བྱ། །གནས་གཉིས་ཀྱི་ནི་སེམས་དང་ནི། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །དེ་ཡི་དབུས་སུ་མེ་ཉིད་དེ། །དེ་ཡི་སྟེང་དུ་ཉི་མ་དེར། །ཱ་ལི་ཀཱ་ལི་ལྡན་པ་ཡི། །ས་བོན་དེ་ཉིད་དམར་པོའོ། །རྣལ་འབྱོར་པ་ཡི་ཁྱད་པར་དུ། །དབྱུང་དང་རྡུབ་པའི་བཟླས་པ་བྱ། །ཡེ་ཤེས་ས་བོན་དབུས་སུ་ནི། །འབྱུང་བ་ཡིས་ནི་བསྣུན་བྱ་ཞིང ། །རྡུབ་པས་སྙིང་གའི་ཡེ་ཤེས་ནི། །མེ་ཏོག་ལྟ་བུར་བསྣུན་པར་བྱ།། དབྱུང་དང་དབྱུང་མིན་བཟླས་པས་ནི། །དབྱུང་དང་རྡུབ་པའི་རྣལ་འབྱོར་པ། །བདག་ཉིད་ཕྱི་རོལ་དུ་ནི་བྱེད། །དབྱུང་པའི་མཚན་བྙིད་མཚན་པ་དང ། །རྡུབ་པའི་མཚན་ཉིད་
466a
༄#། །མཚོན་པར་བྱ། །དབྱུང་དང་རྔུབ་པའི་རྣལ་འབྱོར་གྱིས། །མཚན་ཉིད་དེ་ཉིད་བསྒོམས་པས་ནི། །མཉམ་གཞག་དངོས་པོའི་རང་བཞིན་གྱིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཕྱི་རོལ་རྣམས་ཀྱི་ལུས། །སྒྲུབ་པ་པོས་ནི་རྣམ་པར་སྦྲུལ། །གཞན་གྱི་སེམས་ཀྱི་རྗེས་སུ་སེམས། །རྣམ་པར་མཁས་པས་ཤེས་པར་བྱ།། བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །ལེགས་པའི་ལམ་ནི་བསམ་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཡེ་ཤེས་གཟུགས་གྱུར་དང ། །དེ་ཕྱིར་མར་མེའི་སེམས་ཀྱིས་ནི། །རྣམ་པར་མཁས་པས་ལས་རྣམས་བྱེད། །ཉན་ཐོས་ལ་སོགས་དེ་ཉིད་ནི། །ལེགས་པར་བཤད་པ་བསྒྲགས་པ་ཉིད། །ཤེལ་ལྟར་སེམས་ནི་བརྟན་བྱས་ནས། མར་མེའི་རྣམ་པའི་སེམས་ཀྱིས་ནི། །སྤྲོས་པ་ཐམས་ཅད་དམིགས་ཅན་ནི། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །རང་བཞིན་རྣལ་འབྱོར་དམིགས་ནས་ནི། །འདི་དག་ཐམས་ཅད་ཡོངས་སུ་སྤངས། །ཀྱེ་བཅོམ་ལྡན་འདས། ཡེ་ཤེས་གང་གིས་ཡེ་ཤེས་ཁྱད་པར་དུ་འཕགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡེ་ཤེས་རྣམ་པ་ལྔ་རུ་གསུངས། །གསང་བའི་མེ་ལོང་ཡེ་ཤེས་ལྷ། །ཁྲོ་བོའི་ཡེ་ཤེས་ལྷ་མ་ཡིན། །ཡི་དྭགས་ཡེ་ཤེས་ཉི་མ་སྟེ། །
466b
དམྱལ་བའི་འཇིགས་ཤིང་དུ་བ་ཉིད། །གཏི་མུག་ཡེ་ཤེས་བྱོལ་སོང་རྣམས། །སེམས་མེད་བརྟན་པ་ལ་སོགས་པ། །མི་ལ་རྣམ་ཤེས་ཁྱད་པར་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ལྔ་ཡི་དབྱེ་བས་ཡེ་ཤེས་བསྒྲགས། །གླེན་ཞིང་ལྐུགས་པས་ཁེབས་པ་ཡི། །བྱིས་པའི་ཤེས་པའི་ཤེས་པ་ཅན། །ཡེ་ཤེས་དེ་ཉིད་ཁྱད་པར་ཅན། །རྣལ་འབྱོར་བསྟན་ཆོས་ཁྱད་པར་ལས། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་བ། །མཁས་པས་རྣལ་འབྱོར་བསྟན་བཅོས་ལ། །འབད་པས་དད་པ་བསྐྱེད་པར་བྱ། །ཕྱི་རོལ་བསྟན་བཅོས་སྒྲ་ལ་སོགས། །དཔེར་ན་གར་མཁན་ཁ་དོག་བཞིན། །རྣལ་འབྱོར་བསྟན་བཅོས་རྗེས་བཙལ་བས། །བཟའ་དང་གྲོལ་བའི་གནས་སུ་བྱ། །སྙིང་པོ་ལས་ནི་སྙིང་བོ་མཆོག་།རྣལ་འབྱོར་ཞལ་མཆོག་ཁྱེད་ལ་བཤད། །བརྒྱད་པ་ལས། མུ་སྟེགས་ཀྱི་ཡེ་ཤེས་འཇིག་པ་ཞེས་བྱ་བ་སྟེ་རབ་ཏེ་བྱེད་པ་གསུམ་པའོ།། །།སྔགས་རྣམས་ཀྱི་ནི་མཚན་ཉིད་ནི། །རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །ོཾ་བཛྲ་མྲྀ་ཏ་མཧཱ་སུ་ཁ་ཧཾ་སཝཱཧཱ། སྙིང་པོའོ། །ོཾ་ཨཱཿ ཧཾ་ཧཱུཾ་སཝཱཧཱ། རྡོ་རྗེ་སེམས་དཔའི་བཟླས་པའི་སྔགས་སོ། །ོཾ་ཨཱཿ ་ཨཾ་ཧཾ་སཝཱཧཱ།་རྡོ་རྗེ་དྲག་མོའིའོ། །ོཾ་ཨཱཿ ་ཨཱཾ་ཧཾ་སཝཱཧཱ། རྡོ་རྗེ་གཟུགས་བརྙན་མའིའོ། །ོཾ་ཨཱཿ ་ཨིཾ་ཧཾ་སཝཱཧཱ། འདོད་ཆགས་རྡོ་རྗེ་མིའིའོ། །ོཾ་ཨཱཿ ཱིཾ་ཧཾ་སཝཱཧཱ། རྡོ་རྗེ་ཞི་བ་མའིའོ། །ོཾ་
467a
༄#། །ཱཿ ུཾ་ཧཾ་སཝཱཧཱ། རྡོ་རྗེ་གནོད་སྦྱིན་མའིའོ། །ོཾ་ཨཱཿ ཱུཾ་ཧཾ་སཝཱཧཱ། རྡོ་རྗེ་མཁའ་འགྲོ་མའིའོ། །ོཾ་ཨཱཿ ་ཨཾ་ཧཾ་སཝཱཧཱ། སྒྲའི་རྡོ་རྗེ་མའིའོ། །ོཾ་ཨཱཿ ཿ ་ཧཾ་སཝཱཧཱ། སའི་རྡོ་རྗེ་མའིའོ། །ཾ་ཨཱཿ ་ཨོཾ་ཧཾ་སཝཱཧཱ། གླིང་བུ་མའིའོ། །ོཾ་ཨཱཿ ་ཨཽཾ་ཧཾ་སཝཱཧཱ། པི་ཝང་མའིའོ། །ོཾ་ཨཱཿ ་ཨཻཾ་ཧཾ་སཝཱཧཱ། མུ་ཀུན་དའིའོ། །ོཾ་ཨཾ་ཨཿ ་ཨཻཾ་ཧཾ་སཝཱཧཱ། རྫ་རྔ་མའི་འོ། །ོཾ་ཨཱཿ བཛྲ་ཀུ་ཤི་ཛཿ ་ཧཾ་སཝཱཧཱ། རྡོ་རྗེ་ལྕགས་ཀྱུ་མའིའོ། །ོཾ་ཨཱཿ བཛྲ་པཱ་ཤེ་ཧཱུཾ་ཧཾ་སཝཱཧཱ། རྡོ་རྗེ་ཞགས་པ་མའིའོ། །ོཾ་ཨཱཿ ་བཛྲ་སྥོཊ་བཾ་ཧཾ་སཝཱཧཱ། རྡོ་རྗེ་ལྕགས་སྒྲོགས་མའིའོ།། ཨོཾ་ཨཱཿ བཛྲ་བྷཎྜེ་ཧོཿ ་ཧཾ་སཝཱཧཱ། རྡོ་རྗེ་དྲིལ་བུ་མའིའོ། །སྤྱན་ལ་སོགས་པའི་སྔགས་ནི་སྔ་མ་བཞིན་དུ་སྔགས་པས་བཟླས་པར་བྱའོ། །ོཾ་རྀཾ་སཝཱཧཱ། མེ་ཏོག་མའིའོ། ། ོཾ་རཱྀཾ་སཝཱཧཱ། བདུག་པ་མའིའོ། །ོཾ་ལྀཾ་སཝཱཧཱ། དྲི་མའིའོ། །ོཾ་ལཱྀཾ་སཝཱཧཱ། མར་མེ་མའིའོ། །འདི་དག་ནི་རྡོ་རྗེ་སེམས་དཔའིའོ། །ོཾ་ཧྲྀཿ ་སཝཱཧཱ། ཧེ་རུ་ཀའིའོ། །ོཾ་བཛྲ་གུ་ཧྱེ་སིདྡྷ་པ་ར་མ་ཡོ་གི་ཤཝ་རི་ཀ་པཱ་ལ་མཱ་ལཱ་དྷཱ་རི་ནི། རུ་དྷི་ར་པྲི་ཡེ་ཤྨ་ཤཱ་ན་བཱ་སི་ནི་ཧཱུཾ་ཕཊ་སཝཱཧཱ། དཀར་མོའིའོ། །ོཾ་བཛྲཱ་ཙཎྜེ་ཤཝ་རི་ཁ་ཊྭཱཾ་གི་མཧཱ་བཛྲེ་ཎཱི་ཀ་པཱ་ལ་མཱ་ལཱ་ཀུ་ཊེ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་སརྦ་དུཥྚ་ཧྲི་ད་ཡ་མཱ་ཀཌྜྷྱ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཆོམ་རྐུན་མའིའོ། །ོཾ་བཛྲ་བ་རཱ་ཛི་ཏེ་པ་ར་མ་གུ་ཧྱ་ཀ་པཱ་ལ་མཱ་ལཱ་བི་བྷཱུ་ཥི་ཏེ་སརྦ་དུཥྚ་
467b
མོ་ཧི་ནི་པྲི་ཡེ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་བཛྲ་གུ་ཧྱེ་ཤཝ་རི་བ་ཧུ་བི་བི་དྷ་བེ་ཥ་དྷཱ་རི་ཎི་སརྦ་དུཥྚཾ་ནི་བཱ་ར་ཎི་ཧཱུཾ་ཕཊ། རབ་ཏུ་རྨོངས་མའིའོ། །ོཾ་བཛྲ་བེ་ཏཱ་ལི་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་ན་བི་ཀྲྀ་ཏ་བེ་ཥ་དྷཱ་རི་ཎི་བི་ཀྲྀ་ཏཱ་ལཾ་ཀཱ་ར། བྷཱུ་ཥི་ཏེ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ་མཱ་བི་ལམྦ་ས་མ་ཡ་མ་ནུ་སྨྲ་ར་པྲ་བེ་ཤ་ཡ་མཎྜ་ལ་མ་དྷྱེ་ཨུསྠཱ་པ་ཡ། སརྦཾ་ཧཱུཾ་ཧཱུཾ་ཕཊ། རོ་ལངས་མའིའོ། །ོཾ་ཨེ་ཧྱེ་ཧེ་བྷ་ག་ཝ་ཏི་བཛྲ་གུ་ཧྱེ་ཤཝ་རི་བ་ཧུ་བི་བི་དྷ་བེ་ཥ་དྷཱ་རི་ཎི་སརྦ་ཏ་ཐཱ་ག་ཏ་དུཥྚ་ས་མ་ཡ་མ་ནུ་སྨར་ཧ་ན་ཧ་ན། རཾ་ག་རཾ་ག་།རཾ་གཱ་པ་ཡ་རཾགཱ་པ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཤ་ཡ་ཨཱ་བི་ཤ་ཡ། སརྦ་བྷཱུ་ཏཱན། ནརྟ་ནརྟ། ནརྟཱ་པ་ཡ་ནརྟཱ་བ་ཡ་ཧཿ ་ཧ་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། པུཀྐ་སཱིའོའོ། །ོཾ་བཛྲ་ཤཱུ་ལཱ་གྲི་བྷྣིད་བྷྣིད་སརྦ་དུཥྚཾ་ཧྲི་ད་ཡཱ་ཀཪྵ་ཡཱ་ཀཪྵ་ཡ་ཧ་ན་ཧ་ན། ད་ཧ་ད་ཧ། ནིརྨ་ཐ་ནིརྨ་ཐ། མཱ་ར་ཡ་མཱ་ར་ཡ། མཱ་བི་ལ་མྦ་མཱ་བི་ལམྦ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཕཊ། གདོལ་པོ་མོའིའོ། །ོཾ་བཛྲ་མ་ཧེ་ཤཝེ་རི་ཧཾ་ཧཾ་ཧཾ་ཧཾ་ཧཿ ་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཧཱུཾ་ཕཊ། བྷཀྵ་ཡ་སརྦ་དུཥྚ་ནྣིརྨ་ཐ་ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། གྷསྨ་རཱིའིའོ། །ོཾ་སུམྦྷ་ནི་དེ་པྟ་ས་མ་ཡ་བཛྲ་ཧཱུཾ་ཕཊ། ཧེ་རུ་ཀ་དང་མཚུངས་པའི་འོ། །ོཾ་བཛྲ་བཾ་ཤེ་ཧཱུཾ་སཝཱཧཱ། གླིང་བུ་མའིའོ། །ོཾ་བཛྲ་བཱི་ཎེ་ཧཱུཾ་སཝཱཧཱ། པི་མུ་ཁི་ཏྲཱཾ་བ་ཏྲཱཾ་ཧཱུཾ། རྡོ་རྗེ་ཕག་གདོང་མའིའོ། །ོཾ །
468a
༄#། །ོཾ་བཛྲ་མྲྀ་དཾ་གེ་ཧཱུཾ་སཝཱཧཱ། རྫ་རྔ་མའི་འོ། །ོཾ་བཛྲ་བ་ཌ་བཱ་མུ་ཁྲི་ཡོ་གི་ཤཝ་རི་ཧྲཱིཿ ་ཧི་ཧི་ཧི་ཧི་ཧཱུཾ་ཛཿ ་རྟ་གདོང་མའི་འོ། །ོཾ་བཛྲ་དཾཥྚཱ་བ་རཱ་ཧ་མུ་ཁི་ཏྲཱཾ་བ་ཏྲཱཾ་ཧཱུཾ། རྡོ་རྗེ་ཕག་གདོང་མའིའོ། །ོཾ་བཛྲ་ཙནྡྲ་སཱུརྱ་ཧཱུ་ཏྲཱ་ས་ནི་སིང་ཧ་ནིར་ནཱ་དེ་སི་ད་ཧ་བ་ཀྟྲེ་སིང་ཧ་ནི་ཊཾ་ཊཾ་བཾ། སེང་གེའི་གདོང་མའི་འོ། །ོཾ་བཛྲ་དྷཱ་ཏུ་སཾ་ཛཱི་བ་ནི་མཧཱ་ཡཀྵི་ཎི་ཤཝཱ་ནཱ་རཱུ་པི་ཎི་མཧཱ་པྲ་ལ་ཡ་ནི་རྣཱ་དེ་ཀཱ་མ་རུ་པི་ཎི་ཏྲཱཾ་ཊ་ཏྲ་ཊ་ཏྲ་ཊ་ཧོཿ ་ཁྱི་གདོང་མའིའོ། །སཝཱཧཱ། ཞེས་བྱ་བ་ནི་ཐམས་ཅད་དུའོ། །འདི་རྣམས་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་འོ། །ོཾ་ཨཾ་སཝཱཧཱ། བདག་མེད་མའིའོ། །ོཾ་ཨཱཾ་སཝཱཧཱ། རྡོ་རྗེ་མའིའོ། །ོཾ་ཨིཾ་སཝཱཧཱ། དཀར་མོའིའོ། །ོཾ་ཨཱིཾ་སཝཱཧཱ། ཆུའི་རྣལ་འབྱོར་མའིའོ། །ོཾ་ཨུཾ་སཝཱཧཱ། རྡོ་རྗེ་མཁའ་འགྲོ་མའིའོ། །ོཾ་ཨུཾ་སཝཱཧཱ། པུཀྐ་སཱིའི་འོ། །ོཾ་རྀཾ་སཝཱཧཱ། རི་ཁྲོད་མའིའོ། །ོཾ་རཱྀཾ་སཝཱཧཱ། གདོལ་པ་མའིའོ། །ོཾ་ལྀཾ་སཝཱཧཱ། གཡུང་མོའིའོ། །ོཾ་ལའྀཾ་སཝཱཧཱ། དཀར་མོའིའོ། །ོཾ་ཨེཾ་སཝཱཧཱ། ཆོམ་རྐུན་མའིའོ། །ོཾ་ཨཻཾ་སཝཱཧཱ། རོ་ལངས་མའིའོ། །ོཾ་ཨོ་སཝཱཧཱ། གྷསྨ་རིའིའོ། །ོཾ་ཨཽཾ་སཝཱཧཱ། ས་སྦྱོད་མའིའོ། །ོཾ་ཨི་སཝཱཧཱ། མཁའ་སྤྱོད་མའིའོ། །འདི་རྣམས་ནི་བཅག་མེད་མ་འཁོར་དང་བཅས་པའིའོ། །ོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཀྱེའི་རྡོ་རྗེའི་སྙིང་པོའོ། །
468b
ོཾ་ཏྲེ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཕྱག་གཉིས་པའིའོ། །ོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཕྱག་བཞི་པའིའོ། །ོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཕྱག་དྲུག་པའིའོ།། ཨོཾ་ན་མོ་བྷ་ག་ཝ་ཏེ་པཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀ་ལྤཱགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲཱར་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧའ་ ་ཕཊ། ཨོཾ་ས་ཧ་སཝ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཱཾ་ས་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱ་\?\་ཛི་ནཱ་མྦ་ར་དྷ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུ་མྭཱནྡྷ་ཀཱ་ར་ཝ་པུཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཕྱག་འབུམ་པའིའོ། །ོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་བཛྲ་ཌཱ་ཀི་ནཱི་ཛ་ལ་སཾ་བྷ་ར་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། དུར་ཁྲོད་ལ་དགྱེས་པ་ཕྱག་གཉིས་པའིའོ། །ོཾ་ཤྲཱི་ཧེ་དུ་ཀ་བཛྭ་སརྦ་དུཥྚ་ས་མ་ཡ་མུ་དྲཱ་པྲ་བྷཾ་ཛ་ཀ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། དྲག་པོའི་གདན་ཅན་གྱི་ཕྱག་གཉིས་པའིའོ། །ོཾ་ཧྲཱིཿ ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། རིག་པའི་རྒྱལ་པོའིའོ། འོད་ཟེར་རྣམས་ནི་ཧེ་རུ་ཀ་འབྱུང་བའི་སྔགས་སོ། །ོཾ་བཛྲ་བེད་རོ་ཙ་ནི་ཡེ་སཝཱཧཱ། ཡི་གེ་བཅུ་པོ་འདི་རྣམས་ནི་མཁའ་འགྲོ་མའི་རྩ་བའི་སྔགས་སོ། །ོཾ་མཱ་རཱི་ཙྱཻ་སཝཱཧཱ། འོད་ཟེར་ཅན་གྱི་སྙིང་པོའོ། །ོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལཱི་བ་རཱ་ལི་བ་ར་ཧ་མུ་ཁེ་སཝཱཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ོཾ་པི་ཤཱ་ཙི་པརྞྞ་ཤ་བ་རི་སརྦ་མཱ་ར་པྲ་ཤ་མ་ནི་ཧཱུཾ་ཧཱུཾ་མ་ཧོ་ད་རི་
469a
༄#། །ཕཊ། རི་ཁྲོད་མ་ཤིང་ལོ་ཅན་གྱིའོ། །ོཾ་བཛྲཱཾ་ཀུ་ཤ་ཀཪྵ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཏརྫ་ཡ་ཧཱུཾ། ཨོཾ་བཛྲ་མུཥྚི་གྲིཧྞ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། ཨོཾ་བཛར་མུངྒ་རཱ་ཀོ་ཊེ་ཡ་ཧཱུཾ། སྔགས་འདི་རྣམས་ནི་ཤིན་ཏུ་གྲུབ་པ་སྟེ། དོན་ཡོད་པའི་དངོས་གྲུབ་སྒྲུབ་པའོ། །ོཾ་བཛྲ་ཌཱ་གི་ནཱི་ཨིམཾ་བ་ལྀཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཕཊ་སཝཱཧཱ། ཨོཾ་ཛཿ ་ཧཱུཾ་བཾ་ཧོཿ ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ་དེ་ལྟར་ལན་གསུམ་བཞི་ལྔར་བཟླས་ནས་གཏོར་མ་སྦྱིན་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མའི་གཏོར་མའི་སྔགས་སོ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ཨུནྨཱ་དཱ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ། ཨི་མཾ་བ་ལཾ་གྲྀཧྞཾ་ཏུ་ས་མ་ཡ་རཀྵནྟུ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། འབྱུང་པོ་ཐམས་ཅད་ཀྱི་གཏོ་རྨའི་སྔགས་སོ། །ོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ། བྱིན་གྱིས་བརླབ་པའི་སྔགས་སོ། །ོཾ་ཨཱཿ ་ཧཱུཾ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཕཊ། ས་སྦྱངས་པའི་སྔགས་སོ། །ོཾ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཨོཾ་གཽ་རཱི་ཧཱུཾ་ཕཊ་སཝཱཧཱ། ཨོཾ་ཙཎྜ་ལཱི་ཧཱུཾ་ཕཊ་སཝཱཧཱ། ཨོཾ་བེ་ཏཱ་ལཱི་ཧཱུཾ་ཕཊ་སཝཱཧཱ། སྔགས་པས་ཆོགས་བསྣུན་པ་དང ། གསད་པ་དང ། དགུག་པ་དང ། གར་བྱེད་པའོ། །ོཾ་བཛྲེ་སིཾ་ཧི་ནི་ཨཱཾ་སཝཱཧཱ། ཨོཾ་བཛྲ་བྱཱ་གྷྲ་ཨིཾ་སཝཱཧཱ། ཨོཾ་བཛྲ་ཛ་བུ་ཀེ་ཨཱུཾ་སཝཱཧཱ། ཨོཾ་བཛྲ་ཨུ་ལཱུ་ཀཱ་སྱེ་རཱྀཾ་སཝཱཧཱ། ཨོཾ་བཛྲ་ར་ཛེནྡྲི་
469b
ལཱཾ་སཝཱཧཱ། ཨོཾ་བཛྲ་དཱིཔྟ་ཧེ་ཛེ་ཨཻཾ་སཝཱཧཱ། ཨོཾ་བཛྲ་ཙཱུ་ཥི་ཎཱི་ཙཱུ་ཥ་ཡ་སརྦ་སཏྭཱན་ཨཽཾ་སཝཱཧཱ། ཨོཾ་བཛྲ་ཀཾ་པོ་ཛེ་ཨཿ ་སཝཱཧཱ། ཨོཾ་ཧྲཱིཿ ་སཝཱཧཱ། དབུས་སུ་སྟེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པའོ། །ོཾ་ཛཿ ་ཧཱུཾ་བཾ་ཧོཿ ་ཁཾ་རཾ། མཆོད་ཡོན་གྱི་སྔགས་སོ། །ོཾ་ཁཾ་ནི་རཱི་ཧཱུཾ་ཁཾ། ཞབས་བསིལ་གྱི་སྔགས་སོ། །ོཾ་དྷྭཾ་དྷྭཾ། དྲི་དང་བཤོས་གཙང་མ་ལ་སོགས་པའི་སྔགས་སོ། །ོཾ་ཧ་ཧོ་ཧྲཱིཿ སཝཱཧཱ། ཕྱག་རྒྱ་ཆེན་པོའི་སྔགས་སོ། །ོཾ་ཀུ་རུ་ཀུ་རུ་ས་མ་ཡཱ་དྷི་པ་ཏི་ཧཱུཾ་ཛཿ ་སཝཱཧཱ། དགུག་པའི་སྔགས་སོ། །ཧེ་ཧེ་ཧུ་ཧེ་ཧོ་ཧཾ། ཡན་ལག་དྲུག་ལ་དགོད་པའི་སྔགས་སོ། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ་བྱ་བ་ཐམས་ཅད་ཡང་དག་པར་འབྱུང་བའི་བརྟག་པའི་རྒྱལ་པོ་སྟེ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །མྱ་ངན་འདས་པའི་གནས་རྒྱས་པ། །བཅོམ་ལྡན་ལྷ་ཡིས་བཤད་དུ་གསོལ། །གང་དུ་གནས་སུ་བཞུགས་གྱུར་པས། །རྒྱུ་དང་མི་རྒྱུ་བཅས་པར་རོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་རིགས་བརྟགས་པས་སེམས་འཛིན་པ། །ང་ཡིས་བཤད་པར་བྱ་ཡི་ཉོན། །གང་ཞིག་དེ་སྐད་སྔར་གསུངས་པ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དཀྱིལ་
470a
༄#། །འཁོར་ལུས་ཞེས་བརྗོད་པར་བྱ། །སྒོ་བཞི་ཇི་སྐད་གསུངས་པའོ། །ལྟེ་བའི་དབུས་གནས་པད་ཆེན་པོ། །ཀུན་མཁྱེན་ཡེ་བལྟམས་བ་རྣམ་དག་ཅིང ། ། ཁ་ཅིག་ཏུ་ནི་ཁབ་ནས་གསལ་བྱུང་མེད་དྲི་མ་རྣམ་པར་སྤངས། །ལུས་ལ་གནས་ཤིང་ནག་ནོག་མེད། །ལུས་ཅན་ཀུན་ལ་རྣམ་པར་རོལ། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །རྣམ་པར་མཛད་ཅིང་རབ་ཏུ་བསྒྱུར། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། །ཁ་ཅིག་ཏུ་ནི་ཇི་ལྟར་སྤྱོད་ཅེས་འབྲང ། །ཁ་ཅིག་ཏུ་ནི་དགའ་ལྡན་ལྷ་རྣམས་དང། །ཁ་ཅིག་མཆོག་ཏུ་འབབ་པར་གྱུར་པ་དང ། །ཁ་ཅིག་ཏུ་ནི་བལྟམས་བ་རྣམ་དག་ཅིང ། །ཁ་ཅིག་ཏུ་ནི་ཁབ་ནས་གསལ་བྱུང་དང ། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོར་མཆོད། །ཁ་ཅིག་ཏུ་ནི་བདུང་ལས་མཆོག་ཏུ་རྒྱལ། །ཁ་ཅིག་ཏུ་ནི་མངོན་པར་རྫོགས་བྱང་ཆུབ། །ཁ་ཅིག་ཏུ་ནི་འཁོར་ལོ་རབ་ཏུ་བསྐོར། །ཁ་ཅིག་ཏུ་ནི་ཕས་ཀྱི་རྒོལ་བ་དང ། །ལྷན་ཅིག་ཆོས་ཀྱིས་ཚར་ནི་གཅོད་པ་པོ། །ཁ་ཅིག་ཏུ་ནི་དངོས་གྲུབ་ཀུན་དབང་ཕྱུག། །ཁ་ཅིག་དཔལ་ལྡན་འཇིག་རྟེན་གསུམ་ལས་རྒྱལ། །ཁ་ཅིག་ཏུ་ནི་དཔག་བསམ་ཤིང་མཆོག་ཀུན། །དངོས་གྲུབ་དབང་ཕྱུག་བླ་ན་མེད་པ་ཉིད། །དེ་ལྟར་ལ་སོགས་མཐའ་ཡས་མཆོག་།སངས་རྒྱས་ཀུན་བདག་སྡོམ་པས་ནི། །དངོས་དང་དངོས་མེད་
470b
རྣམ་པར་གྲོལ། །དེ་ཕྱིར་གཏི་མུག་ཡོངས་སུ་སྤངས། །ཱ་ལི་བུང་བ་ཞེས་བྱར་བརྗོད། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །ཱ་ལི་ནམ་མཁའི་མཐར་གཏུགས་པར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །རྒྱུ་དང་མི་རྒྱུ་གསང་བློ་འཛིན། །ཕུང་པོ་ཁམས་དང་སྐྱེ་མཆེད་དང ། །དབང་པོ་ཀུན་གྱི་བདུད་རྩི་དང ། །ལས་རྣམས་ཐམས་ཅད་སྐྱེ་བ་ཉིད། །དེ་ཕྱིར་ཐམས་ཅན་བཀུག་ནས་ནི། །རྩ་ཡི་དབུས་སུ་ཐིམ་པར་བྱ། །འཇིགས་བྱེད་རྡོ་རྗེ་སྒྲ་ཡིས་ནི། །རྫོགས་པའི་རྣལ་འབྱོར་རྫས་ལས་ནི། །རླུང་དང་མེ་དང་བདུན་པའི་དོན། །རྡོ་རྗེ་ཅན་གྱི་ས་བོན་སྦྱར། །ཐིག་ལེ་སྒྲ་ཡིས་ཡང་དག་མནན། །ཆར་གྱི་རྒྱུན་ཅེས་བརྗོད་པར་བྱ། །དབྱངས་ཀྱི་དངོས་པོ་མཆོག་ས་བོན། །དེ་ཡི་དབུས་སུ་གཟུང་བར་བྱ། །ཀཱ་ལི་མེ་ཏོག་ཤེས་པར་བྱ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །མ་མོ་ཀུན་གྱི་ས་རྣམས་ཀྱང ། །ཀུན་ལ་འཁོར་བ་སྐྱེ་བར་འགྱུར། །ཡེ་ཤེས་ཆུ་བོ་རྒྱ་མཚོ་འདིར། །ཤེས་རབ་ཆུ་སྲིན་དབྱངས་ཀྱི་ཉེས། །གཉིས་མེད་འདམ་གྱི་དབུས་སུ་ནི། །ཐབས་ཀྱི་རྣམ་པའི་མྱུ་གུ་ཉིད། །བི་དུ་ལྟ་བུར་བྱེ་བ་ཉིད། །སྦྲང་རྩི་དང་ནི་བདུད་རྩི་གནས། །ཀཱ་ལི་དང་ནི་བདུད་རྩི་ཉིད། །ཆུ་དང་མེ་ཏོག་ནང་དུ་འཁོར། །བདུད་རྩིའི་ཆུ་ཡི་ཆོ་ག་མཆོག་།གཉིས་ལས་ལུས་ནི་སྐྱེ་བར་འགྱུར། །གང་དུ་བདུད་རྩི་དང་ནི་ཆུ། །ལྔ་ཡི་བདག་ཉིད་དུ་ནི་གསུངས། །མེ་ནི་ཚ་བ་ཉིད་ཡིན་ཏེ་
471a
༄#། །རེག་པས་རླུང་ནི་དུ་བར་བལྟ། །ཆུ་ནི་གཤེར་བའི་དངོས་པོ་སྟེ། །ས་ནི་གཟུགས་སུ་བལྟ་བར་བྱ། །ཡེ་ཤེས་རྡོ་རྗེ་བྱིན་བརླབས་པས། །རྣམ་པ་ལྔ་ནི། རབ་ཏུ་བསྐྱེད། །ཡང་ནི་ཆུ་ནི་ཀུན་གྱི་དབྱིབས། །དེ་བཞིན་མེ་ཡིས་ཟད་\?\་པར་བྱེད། །དེ་བཞིན་རླུང་ནི་རྟག་པ་ཡི། །ས་ནི་དབང་པོའི་གཟུགས་ཅན་མ། །ཧཱུཾ་གི་གླུ་ཡི་རྣམ་པ་ཡིས། །རྣལ་འབྱོར་མ་ཀུན་མཉེས་པར་བྱེད། །རྡོ་རྗེ་ཡན་ལག་དགྱེས་པའི་མཐུས། །སྤྱན་གྱིས་གཟིགས་པར་མཛད་པ་ཡིས། །ཡི་གེའི་དངོས་པོའི་རང་བཞིན་ནི། །སྟོང་པར་རོལ་པ་ཉིད་ཀྱིས་ནི། །དངོས་དང་དངོས་མེད་རྣམ་སྤངས་ནས། །སྙིང་པོ་ཡང་ནི་འཚལ་བ་ཉིད། །མ་ལུས་པ་ཡི་བསམ་པ་དང ། །ཡི་གེ་ཐམས་ཅད་གཞོམ་པར་གྱིས། །གཉིས་གཉིས་འཁྱུད་པའི་རྣལ་འབྱོར་ནི། །ཆུ་རྣམས་ཀྱི་ནི་དགོས་པ་ཅན། །གཉིས་མེད་ཆོས་ནི་ཐོབ་པ་ན། །ཐར་པ་ཡང་ནི་ཐོབ་པ་ཉིད། །འཁོར་བའི་བདེ་བས་རྨོངས་པ་ལ། །གྲོལ་བ་ཡང་ནི་སྤངས་པ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་ལ། །རྣལ་འབྱོར་མ་ཡི་སྔགས་ཀྱིས་རོལ། །རྣལ་འབྱོར་མ་ནི་ལྔ་པོ་རྣམས། །སངས་རྒྱས་དེ་ཉིད་མཚོན་པར་བྱ། །སྒྱུ་མར་གནས་པ་དུ་མ་ཀུན། །སྣ་ཚོགས་གཟུགས་ཀྱིས་སེམས་ཅན་སྨིན། །རྡོ་རྗེ་བརྐྱང་བའི་དགོས་པ་ནི། །ཆོས་ཀྱི་རྨོངས་པ་བྲལ་བར་བྱེད། །རྣལ་འབྱོར་མ་ཡི་ཐར་པ་ཅན། །སྙིང་པོ་ཆོས་
471b
ལ་ཕྱག་ཚོལ་ཅིག་།རིགས་ཀྱི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུ་འདིས་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེ་བར་འགྱུར་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགུ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།གཏོར་མའི་ལས་ཆོག་ཇི་ལྟ་བར།། རྡོ་རྗེ་གཙོ་བོ་རྒྱལ་པོ་ཉོན། །ཁྲུ་གང་ཙམ་གྱི་ཚད་དུ་ནི། །དམར་པོའི་དྲི་ཡིས་དཀྱིལ་འཁོར་བྱ། །དཀར་པོས་ཕྱི་རོལ་གྲུ་གསུམ་བྱ། །མཆོད་ཡོན་མཆོད་སོགས་རིམ་གྲོ་དང ། །ཉ་དང་ཤ་སོགས་བཟའ་བ་དང ། །ཆང་དང་མྱོས་བྱེད་སྤྲོ་བ་དང ། །གཡོན་དུ་ཉེ་བར་དགོས་པ་ཀུན། །གཡས་པ་དག་ཏུ་ཆུ་ཡི་སྣོད། །མངོན་དུ་མཆོད་ཡོན་དག་གི་སྣོད། །རྫས་ནི་འདི་དག་ཐམས་ཅད་རྣམས། །བདུད་རྩི་ལྔ་ཡིས་སྦྱང་བར་བྱ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་ནམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །སྔགས་དང་ཕྱག་རྒྱས་དགུག་པར་བྱ། །མེ་ཏོག་དམར་པོ་བདུག་པ་སོགས། །དྲི་ལ་སོགས་པ་དབུལ་བར་བྱ། །ོཾ་གྱིས་མཚན་པའི་པདྨའི་སྣོད། །ལྕེ་ཧཱུཾ་དེ་ཉིད་ཁྱད་པར་ལས། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། །ཡིད་ཀྱིས་ཐམས་ཅད་དགུག་པའོ། །ཀྱེ།བཅོམ་ལྡན་འདས་ཡེ་ཤེས་ཀྱི་ལྕགས་ཁྱུས་དུར་གསུངས། དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
472a
༄#། །སྩལ་པ།་དང་པོར་སྐྱེ་དགུའི་བདག་པོར་བརྗོད། །དེ་བཞིན་གཉིས་པར་སྒྲོལ་མ་ཉིད། །གསུམ་པ་ལ་ནི་རབ་མཆོག་བརྗོད། །བཞི་པ་ལ་ནི ་ ་མང་པོ་སྐྱེས། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །རིགས་ལྔ་རྣམས་ཀྱི་སྔགས་འདི་དག་།ཡེ་ཤེས་ལྔ་ཡིས་རབ་དབྱེ་བས། །ཡེ་ཤེས་ཆེན་པོ་ལྔ་པོ་འདི། །ཁྱོད་ལ་ཕན་པའི་བསམ་པས་བཤད། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །གལ་ཏེ་ལས་ལ་ཕན་འདོད་པས། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །འདོད་ལ་དགའ་བར་མི་བྱ་ཞིང ། །ལོངས་སྤྱོད་ལ་ནི་སྦྱར་མི་བྱ། །སེམས་ཅན་དོན་རྒྱུ་རྣལ་འབྱོར་པས། །མཆོད་པ་ཐམས་ཅད་ཡང་དག་བརྟག་།དབྱངས་ཀྱི་བཅུ་གསུམ་ལས་བྱུང་བ། །གང་ཞིང་ཟླ་བ་དེ་རབ་གྲགས། །དེ་ཡི་དབུས་ས་ས་བོན་གྱི། །ཱ་ལི་ཀཱ་ལི་མཉམ་སྦྱར་བས། །ལྷ་ཀུན་དེ་ནས་ཚིམ་པར་བྱ། །འབུད་པ་སྦར་བ་ཉིད་དང་ནི། །ཁྱད་པར་དུ་ནི་བསྐོལ་བ་ཉིད། ། ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང ། །དེ་ཕྱིར་ཐམས་ཅད་བརྟག་པར་བྱ། །དེ་ཡི་དབུས་ནས་བླངས་ནས་ནི། །དེ་ནས་བདུད་རྩི་མྱང་བར་བྱ། །ལྷག་མ་ལ་སོགས་དངོས་པོ་ཀུན། ། ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །གཡོན་པའི་ཆ་ཡི་སྣོད་དང་ནི། །གཡས་པའི་ཁྲོ་བོ་བསྟན་པར་བྱ། །རྐང་པས་མནན་ཅིང་སྟེང་དུ་བལྟ། །སྤྱི་བོར་ཕཻཾ་གྱི་རྣམ་པ་འབྱུང ། །ཟླ་བ་
472b
མར་ངོའི་བཅུ་བཞི་དང ། །ཁྱད་པར་དུ་ནི་བརྒྱད་པ་དང ། །ཡར་གྱི་ངོ་ཡི་བཅུ་པ་ལ། །མཆོད་པ་མཆོད་པའི་བདག་ཉིད་འགྱུར། །ོཾ། ཤིང་གཅིག་དང་ནི་དུར་ཁྲོད་དང ། །རི་བོང་དང་ནི་འབབ་ཆུ་དང ། །ཁྱིམ་དང་གྲོང་གི་ངོས་དག་དང ། །ཞིང་དང་གྲོང་ནི་སྟོང་པ་དང ། །སེམས་ཅན་སྣོད་དང་ཐང་སྟོང་དང ། །ཆུ་ལ་ཡང་ནི་ཁྱད་པར་དུའོ། །དྲག་པོ་ནག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང ། །ནག་པོ་ཐོད་པ་ཅན་འཇིགས་རུང ། །ལྷ་མོ་ཡང་ནི་མཉམ་པར་གནས། །ནག་པོ་གཙིགས་པ་འཇིགས་སུ་རུང ། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང ། །གདོལ་པ་མོ་དང་འཇིགས་པའི་གཟུགས། །ལྷ་མོ་དཀའ་བཟློག་ཐམས་ཅད་དུ། །རྒྱལ་མ་དང་ནི་རྣམ་རྒྱལ་ཉིད། །མི་ཐུབ་པ་དང་གཞན་མི་ཐུབ། །ནག་མོ་བཟང་མོ་ནག་མོ་ཆེ། །རྩེ་མོ་ནག་མོ་རྣལ་འབྱོར་མོ། །དབང་མོ་ཟླ་མོ་འཇིགས་པ་མ། །གདུག་པ་ཅན་དང་ལཾ་པཱ་ཀི་།སུམ་ཅུ་རྩ་གསུམ་དབང་ཕྱུག་མ། །གཡོ་ལྡན་མར་མེ་འཇིབ་བྱེད་མ། །གྲོང་དུ་གནས་པའི་རྣལ་འབྱོར་མ། །འཇིགས་པའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཟུགས་ངན་གཙིགས་པ་ཉིད། །ཐོད་པའི་ཕྲེང་བ་ཕྲེང་བ་ཅན། །མཐུ་ཆེན་ལག་ན་ཁ་ཊྭཱཾ་ག་།ལག་ན་དགྲ་སྟ་རལ་གྲི་དང ། །རྡོ་རྗེ་ལག་མ་གཞུ་ཡི་ལག་།མཁའ་འགྲོ་མ་ཡི་དེ་ཉིད་ཆེ། །ལས་རྣམས་རྗེས་སུ་སྒྲུབ་པར་བྱེད། །རྣམ་འབྱོར་དཀྱིལ་འཁོར་
473a
༄#། །རྒྱལ་མོ་ཆེ། །དེ་བཞིན་རྡོ་རྗེའི་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་དབང་ཕྱུག་བྱིན་པ་མོ། །རྡོ་རྗེ་དབང་ཕྱུག་བཀའ་ལུང་\?\་འདིས། །ཐམས་ཅད་ལས་ནི་ཐམས་ཅད་དགུག་།ོཾ་ཀ་ཀ་ཀ་ཌྷྱ་ན་བ་བ་བནྡྷ་ན་ཁ་ཁ་ཁཱ་ད་ན་སརྦ་དུཥྚཱ་ནཱཾ་ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿ ་སཝཱཧཱ། བདུད་རྩི་བསམ་གཏན་དམིགས་ནས་ནི། །བདུད་རྩིས་ཁ་ནི་དགང་བར་བྱ། །ལས་སོགས་བསམས་ནས་རྣལ་འབྱོར་དང ། །རྣལ་འབྱོར་མ་ནི་བསྒོམ་པར་བྱ། །ལས་རྣམས་ཐམས་ཅད་རབ་འགྲུབ་འགྱུར། །ཧས་ནི་ཁ་དོག་འཕྲོག་པར་བྱེད། །ཧོས་ནི་དྲི་ནི་འཇིགས་པར་བྱེད། །ཧྲཱིཿ ་ས་ནི་བརྩོན་འགྲུས་འཇོམས་པར་བྱེད། །རིམ་པ་འདི་ནི་བརྗོད་པར་བྱ། །རྣམ་གསུམ་ལན་གསུམ་བརྗོད་པས་ནི། །གསུམ་གྱིས་ལྷ་རྣམས་ཚིམ་པར་བྱ། །པདྨའི་དབང་ཕྱུག་གཟུགས་གསེར་མདོག་།གཟི་བརྗིད་དྲི་ཆུ་རྣམ་སྣང་དང ། །རྡོ་རྗེའི་དབང་ཕྱུག་མྱང་བ་ནི། །ལག་ན་རྡོ་རྗེ་ལྷ་གསུམ་དག་།རྣམ་པ་གསུམ་དུ་ཤེས་པར་བྱ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཚིགས་བཅད་འདིས་ནི་དེ་ནས་སྦྱིན། །རོལ་བཅས་མཆོག་ཏུ་རྗེས་བསྐོར་བས། །གཡོན་དང་གཡས་པའི་ལག་པ་ཡིས། །འདོད་པས་
473b
བསྐོར་བར་བྱ་བའོ། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ཇི་ལྟར་རབ་ཏུ་བསྒྱུར་པར་འཇུག་།བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་དྲི་མ་རྣམ་པར་བསལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །གུས་པས་དེ་ལ་ཕྱག་ཚོལ་ཅིག་།ཚིགས་བཅད་འདིས་ནི་བླང་བར་བྱ། །ཡང་དག་སྤྱོད་པའི་དེ་ཉིད་འདི། །གཙང་སྦྲ་ཀུན་ཏུ་རྣལ་འབྱོར་པའི། །ཇི་ལྟར་བདེ་བ་ཞེས་བྱར་བརྗོད། །ཡན་ལག་ཡན་ལག་བདེ་གསོལ་འདེབས། །གཉིས་གཉིས་འཁྱུད་པའི་སྦྱོར་བ་ཡིས། །སྒྱུ་མ་ཡིས་ནི་རྣམ་པར་བརྒྱན། །དངོས་པོ་རྣམ་གྲོལ་ཕྱག་འཚོལ་ཅིག་།རྡོ་རྗེ་དྲིལ་བུའི་སྒྲ་རྣམས་ཀྱིས། །ཅི་འདོད་པ་ཡི་བཀྲ་ཤིས་གླུས། །ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་ཐལ་མོ་སྦྱར་བྱས་ནས། །སྙིང་ག་རུ་ནི་གཟུང་བར་བྱ། །དེ་ནས་སེམས་ཅན་ཀུན་སོགས་ལ། །སྨོན་ལམ་རྣམས་ནི་གདབ་བྱ་བ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་འགྲོ་འགྱུར་བ། །དེ་ནི་སངས་རྒྱས་ཉིད་ཐོབ་འགྱུར། །མ་བསྒྲལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་བདག་གིས་དགྲོལ། །རྣལ་འབྱོར་བསྟན་བཅོས་བྱ་བའི་དངོས། །ད་ལྟ་རུ་ནི་ཡང་དག་བརྟགས། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་བཞག་པར་བྱ། །ལག་པ་གཡས་པ་བརྐྱང་ནས་ནི། །ས་ལ་བཞག་ནས་གཤེགས་སུ་གསོལ། །ོཾ་ཨཱཏྨ་ཏཱིཥྛ་ཧཱུཾ་སཝཱཧཱ། །ཕྱིས་ནས་བདག་
474a
༄#། །གི་དབུགས་ཀྱིས་ནི། །བདག་གི་ལུས་ལ་ཐིམ་བར་བྱ། །སྐད་ཅིག་གཅིག་བའི་རྣལ་འབྱོར་གྱིས། །བདག་གི་དངོས་པོས་མཆོད་པར་བྱ། །ོཾ་སརྦ་དུཥྚཱ་གྲྀཧྞ་གྲྀཧྞ་གཙྪ་ཧཱུཾ་ཕཊ། སེ་གོལ་གསུམ་གཏོགས་ནས། ཕྱི་རོལ་གྱི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དགུ་པ་ལས། གཏོར་མའི་མཆོད་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།གསང་བའི་པདྨ་བདེ་བ་ཅན། །ཐམས་ཅད་བདག་ཉིད་རྟག་བཞུགས་ལ། །གསང་བ་ལ་ནི་རྣམ་གནས་ནས། །དེ་ལ་ལྷ་མོ་དེས་ཞུས་པ། །སྦས་པ་དམ་པའི་དངོས་སྤྱོད་ཡུལ། །བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་དང ། །ཁྲོ་བོ་རྣམས་དང་ལྷ་རྣམས་ཀྱང ། །ཐམས་ཅད་ལྷ་ནི་ཁྱོད་ཀྱིས་གསུངས། །ཇི་ལྟར་ནང་ལ་རྣམ་གནས་པའི། ། དེ་ཉིད་བླ་མེད་བདག་འཚལ་ཡང ། །བདག་ལ་ད་དུང་ཐེ་ཚོམ་མཆིས། །གང་གི་ཆོགས་བྲིས་སྐུ་དང ། །གླེགས་བམ་ཡང་ནི་བྲི་བར་བགྱི། །ལྷ་ལགས་འདི་དག་མི་འཚལ་བས། ། བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དད་བདག་ལང་ཚོ་དལ་བ་དང ། །རྒྱས་ཤིང་རྣམ་རྟོག་མེད་པ་དང ། །ཁྲོ་མེད་ལྐོག་འཕྱས་མེད་པ་དང ། །ཤིན་ཏུ་ཆ་ཕྲ་མཁས་སྤྲོ་དང ། །བཟོད་དང་དད་པ་སྙིང་རྗེར་ལྡན། །དེ་ལྟར་གྱུར་པའི་རི་མོ་མཁན། །ཡང་ན་དམ་ཚིག་ཅན་གྱི་ཡང ། །རི་མོ་མཁན་གྱིས་བྲི་བར་བྱ། །སྒྲུབ་
474b
པ་པོ་དམ་པས་དཔའ་བོ་ཤི་པའི་རས་སམ། རོ་ལ་དཀྲིས་པའི་རས་སམ། བུ་བཙས་བའི་རས་སམ། ཁྲག་ཆེན་བོས་བཙོས་པའི་རས་སམ། བུད་མེད་ཀྱི་མེ་ཏོག་གིས་རབ་ཏུ་བསྒྲུབས་པའི་རས་རྣམས་ལ་སྒྲོལ་མ་དང ། །འོད་ཟེར་ཅན་དང ། དེ་བཞིན་དུ་ནི་རི་ཁྲོད་མ་ཤིང་ལོ་ཅན་ལ་སོགས་པ་བྲི་བར་བྱའོ། །དེ་ལ་འདིའི་ཆོ་ག་ནི་གསང་བའི་ཕྱོགས་གཅིག་ཏུ་འདུག་ནས་ཤིན་ཏུ་མཉམ་པར་བཞག་པས་འདྲིར་གཞུག་པར་བྱའོ། །སྐྱེས་པའི་ཐོད་པར་གནས་པའི་ཇི་ལྟར་གསུངས་པའི་ཁ་དོག་ལྔ་དང ། སིཧལ་དང ། ག་བུར་ལ་སོགས་པ་བསྲེས་པ་དང ། རོའི་སྐྲའི་པིར་གྱིས་བྲིས་སྐུ་འཇིགས་པར་བྲི་བར་བྱའོ། །དང་པོར་སློབ་དཔོན་གྱིས་མཉམ་པར་གཞག་པས་ཤེས་རབ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང ། དཔལ་ཡང་དག་པར་སྦྱོར་པའི་རྣལ་འབྱོར་དང་ལྡན་པས་ཡན་ལག་ལ་ནི་རཾ་ཤུ་བསམ་ཞིང་གཅེར་བུར་གྱུར་པ་དང ། དེ་བཞིན་དུ་འང་ལྷག་མ་དང ། མ་དག་པས་མཁས་པས་མི་བྱའོ། །ཀྱེ།་བཅོམ་ལྡན་འདས། གལ་ཏེ་སིཧལ་ལ་སོགས་པས་བསྲེས་པ་ལགས་ན། དེའི་ཚེ་ཇི་ལྟར་མ་དག་པ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ཉ་གཙང་སྦྲ་དང་པོ་སྟེ། །གཉིས་པ་ལ་ནི་ཞི་བར་འདོད། །སྣོད་གཅིག་ཏུ་ནི་བས་ཉིད་ནི། །གཅང་\?\་སྦྲ་གསུམ་པ་ཉིད་དུ་གསུངས། །ཕྱི་རོལ་རྣལ་འབྱོར་ལ་དགའ་བས། །གཙང་སྒྲ་
475a
༄#། །འདི་དག་ཡང་དག་བརྩམ། །རང་སེམས་དྲི་མ་ཅན་གྱུར་ལ། །གནས་ནི་འདི་ཡིས་ཅི་ཞིག་དགོས། །གང་ཡང་ལོག་པའི་ཆོས་གནས་པ། །འདོད་པའི་དོན་ཀུན་འདོད་པ་ཡི། །ཁྱི་ཡི་སྐྱེ་གནས་བརྒྱར་འགྲོ་སྟེ། །སྨེ་ཤ་ཅན་དུའང་སྐྱེ་བར་འགྱུར། །དཔེར་ན་ཁ་ཅིག་མར་དོན་གཉེར། །དད་པས་ཆུ་ནི་བསྲུབས་གྱུར་ཀྱང ། །མར་སར་ཐོབ་པར་མི་འགྱུར་ཏེ། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཛིན་དང་མཆོད་པ་མ་གཏོགས་པར། །གཞན་དུ་བཟང་མོ་དོན་མེད་འགྱུར། །འཚོ་བའི་ཐབས་ཀྱི་རྒྱུ་ཡི་ཕྱིར། །རྣལ་འབྱོར་གཞན་ལ་བརྟེན་པ་ཉིད། །དུང་དང་ཉ་ཕྱིས་མུ་ཏིག་རྣམས། །གསུམ་ཆར་རྒྱུ་ལས་བྱུང་བ་ཉིད། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །མཆོད་ཕྱིར་ཐོགས་པ་དག་བྱེད་ཀྱང ། །དམ་པའི་ཆོས་ཀྱི་རིམ་པར་གསུངས། །གཙང་སྦྲ་ཧེ་རུ་ཀ་དཔལ་གནས། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པས་མཆོད། །ཤིན་ཏུ་བཞིན་མཛེས་སྙིང་རྗེ་ཅན། །གཟུགས་དང་ལང་ཚོ་སྐལ་བཟང་མ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག་།པིར་ལ་བྱིན་བརླབས་འདྲི་མཁན་ལ། །བྱིན་ཏེ་བྲིས་སྐུ་འཇིགས་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །དེ་ནས་ཡང་དག་བྲི་བར་བྱ། །འཇིག་རྟེན་གཞན་ལ་མི་བསྟན་ཞིང ། །རི་མོ་མཁན་དང་
475b
སྒྲུབ་པོས་བལྟ། །གླེགས་བམ་ཁྱོད་ལ་བཤད་བྱ་ཡི། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །གྲོ་གའམ་ཏ་ལའི་འདབ་མ་ལ། །གླེགས་བམ་སོར་ནི་བཅུ་གཉིས་པ། །སྦྲང་ཆེན་སྣག་ཚ་བྱས་ནས་ནི། །མི་ཡི་རུས་པའི་མྱུ་གུ་ཡིས། །དམ་ཚིག་ཅན་གྱིས་བྲི་བར་བྱ། །གླེགས་དམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་པ་མེད་མཐོང་ན། །སྐྱེ་པ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །དམ་ཚིག་སེམས་དཔའ་སྦྱིན་པར་བྱ། །རེས་འགའ་ཙམ་ཞིག་བསྟན་པའོ། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་དག་ཏུ་སྦ། །དམ་ཚིག་སེམས་དཔའ་སྦྱིན་པར་བྱ། །དག་པ་ལས། བྲིས་སྐུ་དང ། གླེགས་བམ་གཏན་ལ་དབབ་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།སིལ་སྙན་ཡང་དག་སྦྱོར་མཚན་ཉིད། །བཤད་པར་བྱ་ཡི་ལྷ་མོ་ཉོན། ། ར་ཨ་ར་ཛྷཻཾ་ཛྷཻཾ་སྨ་ར་སྨ་ར་ཙ་ཊ་བཾ་ཧོཿ ་ར་ཊ་བཾ་ཧོཿ ་ཧུ་ལུ་ཧུ་ལུ་ཧཱུཾ་ཛཿ ་ཧཱུཾ་ཛཿ ་ཨ་ལ་ཨ་ལ། ཧཱུ་ཎུ་ཧཱུ་ཎུ་ཧཱུ་ཎུ། ཧྲཾ་ཧྲཾ་ཧྲཾ། ཧུ་ཏཾ་གྷཻ་ཧུ་ཏམྒྷཻ་གྷཻ་གྷཻ་གྷཻ་ཏ་ཊ་གྷཻ་གྷཻ་ཏཾ་ཊ་གྷཻཾ་གྷཻཾ་ཏ་གྷཻ་ཏ་གྷཻ་ཏ་གྷེ་ཧོནྔོ་ཧནྔོ་དོ་ཧཱུཾ་དོ་ཧཱུཾ། ཀ་ཀ་ཀ་ཀ་།ཀཽ་ཀཽ་ཀཽ། ཀཽཾ་ཀཽཾ་ཀཽཾ། པཻཾ་ཀཻཾ་བཻཾ་ཀཻཾ་བཻཾ་ཀཻཾ། བིཾ་བཛྲ་བཛྲི་བི་བཛྲ་བཛྲཾ་པཻ་\?\་ཀཾཿ ་བཻཾཿ ཀཻཾཿ ་བཾཿ ་ཀཻཾཿ ་བཻཾཿ ་ཀཻཾཿ ་བཻཾཿ ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རྡོ་རྗེ་འཛིན་པ་ལ་སོགས་པའི་འོ། །ཊཀྐི་ཧཱུཾ་ཛཿ ། ཏཀྐི་ཧཱུཾ་ཛཿ ། ཏཀྐི་ཛཿ ། འདི་ནི་རོལ་པའི་འོ། །ཏ་ཌ་བ་ཏ་ཌ་བ། བྲཏྨེ་བྲཧྨེ། རྟ་མགྲིན་གྱིའོ།
476a
༄#། །ཧྲཱིཾ་ཥྚྲཱིཾ་ཧྲཱིཾ་ཥྚྲཱིཾ་ཧྲཱིཾ་ཥྚྲཱིཾ་ཥྚྲཱིཾ་ཥྚྲཱིཾ། ཧྲཱི་ཥྟྲཱི་ཧྲཱི་ཥྟྲཱི་ཧྲཱི་ཥྟྲཱི། གཤིན་རྗེའི་རྒྱལ་པོའི་འོ། །ཧྲཱིཾ་ཧྲཱིཾ། ཀུཾ་ཧྲཱིཾ་ཀུཾ་ཧྲཱིཾ་ཁནྟ་ཁེཾ་ཁནྟ་ཁེཾ་ཁནྟ་ཁེཾ། པདྨཾ་པདྨཾ། ཧྲཱིཾ་པདྨཾ་ཧྲཱིཾ་པདྨཾ། ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱིཾ་ཏྲཱི།་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཧྲཱིཾ་ཏཾ་ཧྲཱིཾ་ཏཾ། སྒྲོལ་མའི་འོ། །དེ་ནས་ཅང་ཏེའུའི་མཚན་ཉིད་བཤད། །བཛྲི་ཤིཪྴ་རྩ་བ་དང ། །ཙནྡན་དམར་པོ་ལས་བྱུང་དང ། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །དེ་ཡི་ཚད་འདི་བཀའ་སྩལ་པ། །བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །གཞན་པ་ཡི་ཡང་རྡེའུ་ཆུང་ནི། །ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུའི་པགས་པས་གཡོགས་པ་འོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པར་བྱ། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་ནས་རུས་པ་གཉིས་ནི་བཅིང ། །ཁྱིམ་གྱི་མེ་ཏོག་ཉིད་ཀྱིས་ནི། །པདྨ་ཟེ་འབྲུ་གཉིས་པ་ལ། །དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། །མཚན་མོ་བཞི་མདོ་དག་ཏུ་ནི། །རྐང་པ་གཡོན་པའི་མཐེ་བོང་གིས། །དཀྱིལ་འཁོར་གྲུ་བཞི་མཚམས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ། །དེར་གནས་གཡོན་པའི་ངོས་སུ་ནི། །ཇི་ལྟར་དང་པོར་མིང་བཟུང་བ། །ཁྲེཾ་ཧཱུཾ་ཞེས་ནི་བརྗོད་ནས་ནི། །ཆུ་སྐྱར་རྐང་པའི་རུས་པས་གདབ། །དེ་ལྟར་གཡོ་ལྡན་མ་ལ་སོགས། །ཐམས་ཅད་འགུགས་
476b
པར་བྱེད་པར་འགྱུར། །གལ་ཏེ་འོངས་པ་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པ་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གལ་ཏེ་ཁྲོས་པས་སློབ་དཔོན་གྱིས། །ཅང་ཏེའུ་རྡུང་བར་བྱེད་པ་ན། །དེ་ཚེ་མཆི་མ་འཛག་ཅིང་དུ། །ཁྱོད་ནི་དམ་ཚིག་ལ་ནི་ཁྲོ་བོ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱིག་ཏོ་དང་ནི་རིན་ཆེན་བཅིངས་པ་འཛིན། །ཀྱེ།་དཔལ་ལྡན་དཔའ་བོ་འདུ་བར་འཁོར་བ་སྒྲོལ་བ་འཁུམས། །མཁའ་མཛེས་རྣལ་འབྱོར་མ་ཡི་ནང་དུ་བདག་ཐོངས་ཤིག་།ཚོགས་ཀྱི་འདུ་བ་བཟང་པོ་ཉིད། །ལྷ་མོ་སྐལ་བ་ཆེན་མོ་ཉོན། །འདོད་པའི་དོན་ཀུན་སྒྲུབ་པ་མོ། །གང་དུ་ཟོས་པས་འགྲུབ་འགྱུར་བ། །དུར་ཁྲོད་རི་ཡི་ཚང་ཚིང་དང ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཡང ། །ཡང་ན་དབེན་པའམ་བས་མཐའ་རུ། །བཟའ་བ་འདི་དག་ཡང་དག་བརྩམ། །མེ་ཏོག་བདུག་པ་མར་མེ་དང ། །དེ་བཞིན་བཟའ་བ་བཅའ་བ་ཉིད། །ཆང་ནི་སྒེག་མོ་རུ་ནི་བརྗོད། །སྦྲང་ཆད་རབ་ཏུ་མྱོས་མར་བརྗོད། །བུ་རམ་ཆང་ནི་མྱོས་བྱེད་གསུངས། །སྙིང་པོ་བདུད་རྩི་རོ་མཆོག་དང ། །སངས་རྒྱས་ཀུན་གྱི་ཀླ་ཀློ་ཡིས། །བདུད་རྩི་ལམ་ནི་ཡན་ལག་བརྒྱད། །རྒུན་འབྲུམ་སྦྲང་རྩི་དཔའ་བོ་གཅིག་།ཉ་ཕྱིས་རྩུབ་པའི་འདོད་པ་ཅན། །སིངས་པོ་བཤང་བར་བརྗོད་པ་སྟེ། །རྩབས་དང་བྲན་མོ་སིངས་པོར་བརྗོད། །དེ་ལྟར་བཟའ་བ་སྣ་ཚོགས་དང ། །ཆང་དང་ཉ་
477a
༄#། །དང་ཡང་དག་ལྡན། །དགའ་བའི་ལོངས་སྤྱོད་སྐལ་བཟང་བས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་འགྲུབ། ། མྲ་སྨིན་དང་པ་ན་སཾ། །རྒུན་འབྲུམ་ནཱ་རི་ཀེ་ལ་དང ། །ཱ་ལུ་ཀ་ལ་སོགས་པ་ན། །འབྲས་བུ་སྣ་ཚོགས་ཐ་དད་པ། །ཚོགས་ཀྱི་དཀྱིལ་འཁོར་དབུལ་བར་བྱ། །འདིས་ནི་གླུ་དང་ཕྱག་རྒྱ་དང ། །ངེས་པར་གར་ཀྱང་ཁྱད་པར་དུའོ།།་ཀ་ཀ་ཀ་ཀ་ཀ་ཀ་ཀ་ཀ་།ཧི་ཧི་ཧི་ཧི་ཧི་ཧི་ཧི་ཧི། ཧྲིཾ་ཧྲིཾ་ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཨི་ཧཱ་ཧཱ་ཨི་ཧཱ་ཧཱ། ཧཱ་ཧཱ་ཧཱ། ཛཱཾ་ཛཱཾ་ཛཱཾ་ཛཱཾ། ཨ་ཨི་ཨ་ཨི་ཨ་ཨི།་ཛཾ་ཛཱ། ཨིཾ་ཛཻ་ཛཱེཾ། ཨིཾ་ཛཱ་ཨིཾ་ཛཱ་ཨི་ཛཱ་ཨིཾ་ཛི་ཛི་ཛཾ་ཨིཾ་ཏེ་ཨེཾ། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཧི་ཧི་ཧི་ཧི་ཧཱི། ཉྫ་ཧཱི་ཧཱི་ཧི་ཧ་ཧི་ཧཱ་ཉྫ་ཧཱི་ཧཱི་ཧི་ཧི་ཧི་ཧཱི་ཉྫ་ཧཱི་ཧཱི། ཀརྫ་ཧི་ཧི། དེ་ལྟར་ཀླ་ཀློས་ཀུན་འདར་ཉིད། །ཧེ་རུ་ཀ་ཡི་སྦྱོར་བས་གར། །ཕྱག་རྒྱ་ཉིད་ཀྱང་ཁྱད་པར་དུའོ། །གང་ཕྱིར་ལྟ་སྟངས་དེ་ཁུ་ཚུར། །ལྟ་སྟངས་ཁུ་ཚུར་རྐང་པས་རྐང ། ། ཇི་ལྟར་རྣལ་འབྱོར་རིམ་པ་ལས། །སངས་རྒྱས་ཀུན་གྱིས་རྣམ་པར་མཛད། །སྲིང་མོའི་བུ་མོ་སྒྱུག་མོ་དང ། །མ་དང་སྲིང་མོ་ཡིན་ན་ཡང ། །དེ་རྣམས་གང་བར་མཆོད་བྱས་ན། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་
477b
འཚལ་ནས་ནི་རང་ཡང་བཏུང ། །པདྨའི་ལག་པས་བླང་བ་དང ། །དེ་ཉིད་ཀྱིས་ནི་ལག་པས་དབུལ། །ཡང་ནས་ཡང་དུ་ཕྱག་འཚལ་བ། །དེ་ལ་སྒྲུབ་པ་པོ་ཡིས་བྱ། །དཔལ་ཡང་དག་པར་སྦྱོར་བ་ལས། བྱུང་བ་བྱ་བ་བཞིའི་དེ་ཁོ་ནའི་རྒྱལ་པོ་སྟེ་བརྟག་པ་དགུ་པའོ།། །།རྡོ་རྗེ་སློབ་དཔོན་དམ་ཚིག་གོ་།གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །དང་པོར་དཀྱིལ་འཁོར་ཆེན་པོ་ནི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡིས། །རང་གིས་ནང་དུ་ཞུགས་པས་ན། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཕྱིར་ཐོས་པ་དེ་ཉིད་ཀྱིས། །བསམ་གཏན་སྤྲོ་བ་ཉིད་ཀྱི་ཕྱིར། །རྡོ་རྗེ་སློབ་དཔོན་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའི་སྙིང་པོ་སོགས། །འབུམ་དུ་བཟླས་པས་རབ་ཏུ་འགྲུབ། །སྐལ་བ་ཀུན་གྱི་སྔོན་འགྲུབ་པས། །སློབ་དཔོན་ཆེན་པོ་གདོད་ནས་གྲུབ། །ཆོ་ག་འདིས་ནི་སེམས་ཅན་རྣམས། །རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །གཉིས་མེད་སྤྲོ་བར་བཅས་པ་རྣམས། །དེ་ཉིད་གནས་ཤིང་གོ་ཆ་བགོས། །ཐམས་ཅད་མཁྱེན་པ་གང་གང་གི་།རིགས་ཀྱི་རབ་ཏུ་དབྱེ་བ་ལས། ། ཕྱག་རྒྱ་གང་དང་གང་གསུངས་པ། །དེ་དང་དེ་ཡི་ཚོགས་བླང ། །དེ་དང་དེ་ཉིད་ཀྱིས་ནི་སྒྲུབ། །གཏི་མུག་བདག་ཉིད་ངེས་པར་མ། །ལྷ་མོ་འམ་སྐྱེ་གཉིས་བདག་ཉིད་སྐྱེས། །གཏི་
478a
༄#། །མུག་རྣམ་དག་བསམ་གཏན་པས། །བླངས་ནས་མངོན་དུ་རྣམ་སྣང་འགྱུར། །མ་ནི་རིག་མ་དམ་པ་སྟེ། །གལ་ཏེ་པ་ཡིས་སྔར་བསྟན་ཀྱང ། །དེ་བཞིན་དེ་ཉིད་གྱས་ཀྱང་འགྲུབ། །བདེ་བ་ཆེན་པོས་བཀའ་སྩལ་ཏོ། །ཞེ་སྡང་བདག་ཉིད་གདོལ་པ་མོ། །བུ་མོ་\?\་མ་གནོད་སྦྱིན་བུ་མོ་བླང ། །ཞེ་སྡང་རྣམ་དག་བསམ་གཏན་པ། །མི་བསྐྱོད་པ་ནི་མངོན་དུ་འགྱུར། །འདོད་ཆགས་བདག་ཉིད་གར་མཁན་མ། །སྲིང་མོ་འམ་ཀླུ་མོ་ལྷ་མིན་བླངས། །འདོད་ཆགས་རྣམ་དག་བསམ་གཏན་པ། །འོད་དཔག་མེད་པར་སྒོམ་པར་འགྱུར། །ཕྲག་དོག་བདག་ཉིད་བཟོ་ཤེས་མ། །ཆུ་བྱུང་དགའ་མའམ་སྲིང་མོ་ཡི། །བུ་མོ་ཡང་དག་བླངས་ནས་ནི། །ཕྲག་དོག་རྣམ་དག་བསམ་གཏན་པ། །དཔའ་བོ་དོན་ཡོད་གྲུབ་པར་འགྱུར། །ང་རྒྱལ་བདག་ཉིད་མནའ་མའམ། །རྒྱལ་པོའི་བུ་མོ་འམ་རིག་འཛིན་མ། །བླངས་ནས་ང་རྒྱལ་རྣམ་དག་པའི། །བསམ་གཏན་པ་དེ་ནོར་བུའི་རིགས། །འབྱུང་གནས་སུ་ནི་འགྱུར་བའོ། །སྤྱན་དང་ལྷན་ཅིག་སངས་རྒྱས་ཉིད། །མཱ་མ་ཀི་དང་མི་བསྐྱོད་པར། །འགྲུབ་འགྱུར་དཀར་མོ་ལྷན་ཅིག་ཏུ། །པདྨ་ཅན་དང་སྒྲོལ་མ་ནི། །ལྷན་ཅིག་དོན་ཡོད་གྲུབ་པར་འགྱུར། །རིན་ཆེན་རིན་ཆེན་མ་དང་འགྲུབ། །རིགས་པས་འདོད་པ་འདི་དག་འགྲུབ། །
478b
གཞན་ཡང་འདིས་ནི་ཁྲོ་བོ་ཡི། །ལྷ་དང་རྒྱལ་བའི་སྲས་པོ་དང ། །ཁྲོ་བོ་རབ་གཏུམ་ཆོ་ག་དང ། །ཞི་ལ་ཞི་བའི་ཆོ་ག་ཡིས། །ཞི་བ་རབ་ཏུ་འགྲུབ་པར་འགྱུར། །འདོད་ཆགས་རྒྱ་ཆེན་ཞེན་པ་དང ། །ང་རྒྱལ་ལྡན་པས་འགྲུབ་པར་འགྱུར། །དེ་ལྟར་དཀའ་བ་མེད་པའི་ཐབས། །ཀུན་མཁྱེན་ཐུགས་རྗེ་བཅས་པས་བསྔགས། །ཤིན་ཏུ་བདེ་བ་སྒྲུབ་པའི་ཐབས། །བརྟུལ་ཞུགས་དཀའ་ཐུབ་སྤྱོད་པ་སྤངས། །དེ་ལྟར་བདུད་རྩིའི་རོ་རྙེད་ནས། །ཉོན་མོངས་གཞོམ་ཕྱིར་མི་བརྩོན་གང ། །ཇི་ལྟར་དཀའ་ཐུབ་བརྟུལ་ཞུགས་དེས། །སངས་རྒྱས་ཉིད་ནི་བྱ་བར་ནུས། ། རང་གི་བདེ་བའི་ཐབས་རྙེད་ནས། །གང་ཞིག་བདག་དོན་མི་བྱེད་པ། །རྨོངས་པའི་བདག་ཉིད་དེ་ཡི་ནི། །སངས་རྒྱས་ཉིད་ནི་གང་དུ་འགྱུར། །ཡང་ནི་དེ་ནི་ཤེས་མི་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དུ། །སྐྱེ་བོ་དམ་པས་མཐོང་བ་ཉིད། །ལས་ཀུན་རྨི་ལམ་སྒྱུ་མ་ལྟར། །སངས་རྒྱས་ཆོས་ལ་མི་ཤེས་པས། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ། །ཇི་སྲིད་མ་ཕྱིན་བར་དུ་བྱ། །བཅུ་པ་ལས། སློབ་དཔོན་དང་།ཕྱག་རྒྱ་བྱིན་གྱིས་བརླབ་པ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས་བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང ། ཕྱོགས་བཅུར་བསྐལ་པའི་མེ་
479a
༄#། །ལྟ་བུའི་སྐར་མདའ་ལྟུང་བ་དང ། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང ། ཐམས་ཅད་དུ་གནམ་རྡོ་ལྷུང་བ་དང ། དེ་ཉིད་དུ་བསྐལ་བའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང ། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་སྣང་བ་དང ། ཚངས་པ་དང ། ཁྱབ་འཇུག་དང ། ཆུ་བདག་དང ། བརྒྱ་བྱིན་དང ། དྲག་པོ་དང ། མེ་དང ། སྟོབས་བཟང་པོ་དང ། ཉི་མ་དང ། ཟླ་བ་དང ། གནོད་སྦྱིན་དང ། གྲུབ་པ་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟོ་འཕྱེ་དང ། ལྷའི་མཆོག་དང ། རིག་བ་འཛིན་པ་དང ། ཆུ་བྱུང་ལ་སོགས་པ་གང་ཞིག་གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད་དོ། །པི་ཝང་དང ། གླིང་བུ་དང ། མུ་ཀུཎྜ་དང ། ཏམྦུ་ར་དང ། དུང་དང ། ཟངས་དུང་དང ། ནནྡི་དང ། པ་ཊ་ཧ་དང ། རྫ་རྔས་ནམ་མཁར་གནས་ཏེ་དེས་རྟག་ཏུ་མཆོད་པར་བྱེད་དོ། །ལྷའི་བུ་མོ་དང ། རིག་པ་འཛིན་པའི་རྒྱལ་པོའི་བུ་མོ་ཐམས་ཅད་ཀྱིས་གར་བྱེད་པ་དང ། སིལ་སྙན་དུ་མ་བྱེད་པ་དང ། གང་ཞིག་གྲུབ་པ་ནམ་མཁར་གནས་པ་རྣམས་ཀྱིས་ནི་ལེགས་སོའི་རྣམ་པ་རབ་ཏུ་གསོལ་བར་མཛད་དོ། །གང་ཞིག་དགའ་ལྡན་དུ་གནས་པའི་ལྷའི་རབ་མཆོག་དང ། གང་ཞིག་ལྷའི་བུ་དང ། རིག་པ་འཛིན་པ་པ་དང ། འོག་
479b
མིན་གྱི་བར་དུ་འོངས་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་རྣམ་པ་དང ། དྲི་སྣ་ཚོགས་ཀྱི་ཆར་དང ། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་གུས་པའི་ཚུལ་གྱིས་མཆོད་པར་བྱེད་དོ། །གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །བཅུ་པ་ལས། བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོད་པ་དང ། རིམ་གྲོ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།རིག་མའི་སྐྱེས་བུའི་གྲུབ་པ་ནི། །གང་དུ་མཆི་ཞིང་གང་དུ་གནས། །བདག་ལ་ཐེ་ཚོམ་འདི་དག་ནི། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིག་མའི་སྐྱེས་བུ་གྲུབ་པ་ནི་གང་དུའང་མི་འགྲོ། །གང་དུའང་མི་གནས། ཐོག་མ་དང ། ཐ་མ་དང ། དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ། མཉམ་པ་མེད་པ། རྟག་ཏུ་འཆར་བར་མཛད་
480a
༄#། །པ།་མགོན་པོ། སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། དབྱིབས་དང ། ཁ་དོག་དང་བྲལ་བ། རྒྱལ་བའི་ཡང་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོ། །ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་པ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ་།གཏིང་དཔག་པར་དཀའ་བའི་ཕྱིར་ཆུའི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་དཔེར་བྱའོ། །དེ་ཉིད་གཅིག་པུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང ། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་བལྟམས་པ་སྟོན་པ་དང ། ཁབ་ནས་མངོན་པར་འབྱུང་བ་དང ། གཞོན་ནུའི་རོལ་རྩེད་མཛད་པ་དང ། རབ་ཏུ་འབྱུང་བ་དང ། རྡོ་རྗེ་གདན་གྱིས་ས་མནན་པ་དང ། བདུད་བཏུལ་བ་མཉམ་པ་མེད་པ་དང ། སངས་རྒྱས་པ་དང ། དམ་པའི་ཆོས་ཀྱི་འཁོར་ལོ་བསྟན་པ་དང ། ལྷ་ལས་བབས་པ་ཉམས་དགའ་བ་དང ། ཤིན་ཏུ་སྣ་ཚོགས་པའི་ཆོ་འཕྲུལ་དང ། གླང་པོ་ཆེ་ནོར་སྐྱོང་འདུལ་བ་དང ། སྐལ་བ་དང་ལྡན་པའི་སྐྱེ་བོ་དག་པ་གཞུག་པ་དང ། ཕས་ཀྱི་རྒོལ་བ་ཚར་བཅད་པ་དང ། བསོད་ནམས་ཀྱིས་ལྷུང་བཟེད་ལ་ལྟོས་པ་མེད་པ་དང ། འཇིག་རྟེན་གསུམ་གྱི་འཁོར་ལོ་འདུལ་བ་དང ། བྱང་ཆུབ་སེམས་དཔའི་
480b
རྒྱལ་ཚབ་ཉིད་དང ། ཡོངས་སུ་མྱ་ངན་ལས་འདས་པ་དང ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ་དེ་ལྟར། རིགས་ཀྱི་བུ། འདི་ལྟར་ཁྱད་པར་དུ་མ་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དེ། གང་ཞིག་གྲུབ་པ་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །བཅུ་པ་ལས། སངས་རྒྱས་ཀྱི་སྒྱུ་མ་རྣམ་པར་མཛད་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།གོང་དུ་བཤད་གཅི་ཁྲག་དང་ནི། །ཉ་དང་ཤ་ཡི་སྦྱིན་སྲེག་ནི། །ལྷ་ནི་ཁྱོད་ཀྱིས་གསུངས་པ་ཉིད། །ཇི་ལྟར་ཡེ་ཤེས་སེམས་དཔའ་ལ། །མི་གཅང་བས་ནི་ཁ་བ་བཀང་ན། །སྡིག་པ་ཇི་ལྟར་སྐྱེ་མི་འགྱུར། །གལ་ཏེ་སྡིག་ལས་ཇི་ལྟར་འབྲས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཤེས་རྨོངས་པའི་སེམས་ཅན་གང ། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲ་བས་དྲ་བར་བྱས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །འདི་རྣམས་ཆོས་ནི་རང་བཞིན་དག་།མ་སྐྱེས་པ་དང་གནས་མེད་ཅིང ། །སེམས་ཅན་ཡེ་ཤེས་འཕེལ་བའི་ཕྱིར། །དོན་དམ་ལས་ནི་བསོད་ནམས་ཉིད། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །སྐྱེ་བ་དང་ནི་སྤངས་མེད་ན། །བསོད་ནམས་མིན་
481a
༄#། །ལ་སུ་ཞིག་ཞེ་ན། །དཔེར་ན་སེམས་ཅན་ཕ་རོལ་འགྲོ་།ཆུ་ཀླུང་ཆུ་ཡིས་གང་བ་ལ། །ཤིང་དང་རྩཝ་ནི་བསྡུས་ནས་ནི། །ཆུ་ལ་གཟིངས་ནི་བྱས་ནས་སུ། །དེ་ལ་འཇུས་ནས་བརྒལ་ནས་ཀྱང ། །སྤངས་ནས་བདེ་བར་འགྲོ་བར་འགྱུར། །དེ་ལྟར་འཁོར་བའི་ཕ་རོལ་དུ། །ཆོས་དང་ཆོས་མིན་ཞོན་ནས་ནི། །བདེ་བས་བྱང་ཆུབ་ཐོབ་པར་འགྱུར། ། ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲ་བ་ནི། །སྤངས་ནས་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་རྣམ་པར་རྟོག་མི་བྱ། །རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་པ། །མཁའ་བཞིན་དྲི་མ་མེད་པར་འགྱུར། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སྐུ་གསུང་ཐུགས་ནི་འདུས་པ་ཡི། །ང་རྒྱལ་ལས་ནི་རྒྱལ་བའི་གཟུགས། །རྣམ་པ་ཐམས་ཅད་ཡོངས་སུ་སྤངས། །རྣམ་པར་ཤེས་པ་རྫོགས་པས་ནི། ། སྐྱེ་བ་འདིར་ནི་ཡེ་ཤེས་ཅན། །བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ་།སེམས་ཅན་སྣ་ཚོགས་འདུལ་བ་དང ། །ཀུན་རྟོག་དྲ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ་།ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩབ་
481b
ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། གསུང་གི་རྡོ་རྗེའི་དམ་ཚིག་གོ་།ཤ་ཡི་ཁམས་གནས་སངས་རྒྱས་ནི། །རྣམ་སྣང་ཆེན་པོ་རྩེ་མོར་སྐྱེ། །རྐང་ལ་མི་བསྐྱོད་གནས་པ་ཉིད། ། ཁྲག་ནི་རིན་ཆེན་ལྟ་བུར་ནི། །ནོར་བུ་ཆེན་པོ་རྣམ་པར་བརྒྱན། །རུས་པ་ལ་ནི་འོད་དཔག་མེད། །སེམས་ཅན་རྣམས་ཀྱི་རིགས་བཅས་འབབ། །རྩ་ཡི་འཆིང་བའི་ཚོགས་ཀྱིས་བསྐོར། །དོན་ཡོད་\?\་ཐུབ་པ་རྒྱལ་པོ་ཉིད། །ཁྱོད་ལ་གསང་བ་ང་ཡིས་བཤད། །དམ་ཚིག་ཡེ་ཤེས་རིག་པས་བསྟེན། །བློ་ལྡན་ཐུགས་ཀྱི་རྡོ་རྗེ་ཡིས། །རྟག་པ་རུ་ནི་བསྒོམ་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །སྲེད་པ་དང་ནི་འདུ་བྱེད་འཕེལ། །འདི་ལྔ་ཐུབ་པའི་རྒྱལ་པོར་གསུངས། །བཤང་གཅི་ཁུ་བ་བད་ཀན་དང ། །ཁྲག་དང་ཡོངས་སུ་འཛག་པ་རྣམས། །འབྱུང་བ་བཞི་ནི་ཡོངས་བཟུང་ནས། །བློ་ཡི་རྫོགས་པ་ཡོངས་སྒོམ་པས། །གང་ཞིག་དམ་ཚིག་བསྟེན་པར་བྱ། །ཐམས་ཅད་དུ་ནི་ཟོས་པས་འབྱུང ། །དཔེར་ན་བུད་མེད་བྱིས་པ་ཡི། །གཏམ་ལ་རྗེས་མོས་སྨྲ་བ་ཡི། །འདུ་བའི་གཏམ་ནི་བརྗོད་པ་སྟེ། །ལམ་ཡང་འཆིང་བར་མེད་པར་བརྗོད། །དེ་ལྟའི་ཆོ་གས་རྣལ་འབྱོར་པའི། །ལེགས་པའི་ལམ་ནི་སྟོན་པའོ། །དེ་ནས་རྣལ་འབྱོར་པ་དང ། རྣལ་འབྱོར་མ་དང ། མཁའ་འགྲོ་དང ། མཁའ་འགྲོ་མ་དང ། མཁའ་འགྲོ་བྱེ་བ་ཕྲག་བརྒྱད་ཅུ་དང ། བྱང་ཆུབ་སེམས་དཔའ་དང ། དེ་བཞིན་གཤེགས་པའི་དགེ་འདུན་
482a
༄#། །དུ་མའི་འཁོར་ཐམས་ཅད་དགའ་ཞིང་མགུ་བའི་སེམས་ཀྱི་ས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐམས་ཅད་ཐོབ་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་འོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བ། དེ་ཁོ་ན་ཉིད་ཐམས་ཅད་ཀྱི་གླེང་གཞི་བརྟག་པའི་རྒྱལ་པོ་ཆེན་པོ་སྟེ་བཅུ་པ་རྫོགས་སོ།། །།རྒྱུད་ཀྱི་རྒྱལ་པོ་འདི་ནི་པཎྜི་ཏ་གཱ་ཡ་དྷ་ར་དང ། བདག་ཉིད་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་རྒྱ་དཔེ་རྩ་འགྲེལ་དང་བསྟུན་ནས་ཧོར་ཀོང་བསབས་ཤིང་འགྱུར་བཅོས་ལེགས་པར་མཛད་པ་ལས། བྲིས་སོ།།