rKTs


H466

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ཨ་བྷི་ཥེ་ཀ་མ་ཧཱ་ཏནྟྲ། བོད་སྐད་དུ།་འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ། བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་རྒྱལ་པོ་དབང་
2a
༄##། །བསྒྱུར་གྱི་ཁང་པ་ཆེན་པོ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་རྒྱུ་མཐུན་པའི་རིན་པོ་ཆེའི་རྒྱལ་པོ་ཆེན་པོས་ཤིན་ཏུ་རྣམ་པར་སྤྲས་པའི་ཁང་བཟང་ཆེན་པོ་རིན་པོ་ཆེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁང་པ་ན། པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ།་ནོར་བུ་ཆེན་པོ་དབང་གི་རྒྱལ་པོས་ངོས་གཉིས་རྣམ་པར་སྤྲས་པ་ལ་བཞུགས་ནས་
2b
ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ནི་ནམ་མཐོང་བའི་ནམ་མཁའ་ལ་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ་དེ་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་ནས། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཀུན་ནས་བསྐོར་ཏེ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། སྐུ་དང ། གསུང་དང ། ཐུགས་ནི་མཉམ་པར་བྱིན་གྱིས་བརླབས། གཡོ་བ་དང ། རློམ་སེམས་ཐམས་ཅད་དང་ནི་བྲལ་ཞིང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ལ་འཇུག་ཅིང ། འདི་ལྟ་སྟེ། ལུས་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དང ། ངག་མཉམ་པ་ཉིད་ཀྱི་གནས་
3a
༄#། །ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དང ། དེ་བཞིན་དུ་ཡིད་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ལུས་དང ། ངག་དང ། ཡིད་མཉམ་པ་ཉིད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན་དེ་ཐོབ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། འདི་ལྟ་སྟེ།
3b
ལུས་དང ། ངག་དང ། ཡིད་མཉམ་པ་ཉིད་ཀྱི་གནས་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་སྟོན་པ་དག་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་།མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ། འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་མ་ངེས་པར་སྟོན་པ་འདི་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། སྤྱོད་པ་ལ་ནན་ཏན་བྱེད་པ་དང ། ས་བསྒྲུབ་པ་དང ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ། །མདོར་ན། སེམས་ཅན་གང་ལ་ལ་དག་དགེ་བ་མངོན་པར་འདུ་བྱ་བ་བྱེད་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞི་པོ། འདི་ལྟ་སྟེ། སྦྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་སྤྱོད་པ་དང ། དོན་མཐུན་པས་བསྡུས་པ་ཤ་སྟག་སྟེ། དེ་དག་ནི་རྒྱུ་དེ་ཉིད་དང ། དམིགས་པ་དེ་ཉིད་ཀྱིས་དགེ་བ་མངོན་པར་འདུ་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཆེན་པོ་ཤིན་ཏུ་རྒྱས་པ་དེ་ཐམས་
4a
༄#། །ཅད་མཐོང་ཞིང་འཇུག་སྟེ། རྣམ་པར་བལྟ་ཞིང་ཉེ་བར་སེམས་ཏེ། དགེ་བ་ཇི་ཙམ་མངོན་པར་འདུ་བྱེད་པ་ཡང་རྒྱུ་དེ་ཉིད་དང ། དམིགས་པ་དེ་ཉིད་ཀྱིས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་རྨད་དུ་བྱུང་ཞིང་ཡ་མཚན་གྱིས་འདུན་པའི་སྙིང་དུ་གྱུར་ནས། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་བོ་སྙམ་སྟེ། ཅང་མི་སྨྲ་བར་གྱུར་ནས་བཅོམ་ལྡན་འདས་ཉིད་ལ་རྣམ་པར་བལྟ་ཞིང་ཉེ་བར་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡ་མཚན་གྱིས་སྙིང་འདུན་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་སྟོང་ཕྲག་དུ་མ་མགུར་ནས་ཕྱུང་ངོ ། །དེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་སྣང་བར་བྱས་ཏེ། ནམ་མཁའི་ཁམས་རབ་འབྱམས་དག་དང ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན། བྱང་ཆུབ་སེམས་དཔའ་གང་དག་དབང་དང་ལྡན་པར་གྱུར་པ་འཁོད་པ་དེ་དག་ལ། ཐམས་ཅད་མཁྱེན་པ་རྫོགས་སངས་རྒྱས། །བཅོམ་ལྡན་རིམས་ནད་བྲལ་བ་དེ། །དབང་སྒྱུར་རྒྱལ་པོའི་ཁང་པ་ནི། །སྐྱོན་ཀུན་རྣམ་པར་སྤངས་པ་ན། །སྙིང་འཐད་ཆེན་པོ་སེང་གེའི་ཁྲི། །དཔག་ཚད་སུམ་
4b
བརྒྱ་ཡོད་པ་ལ། །པདྨའི་སྙིང་པོ་དེར་བཞུགས་ནས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །གནས་དེར་ཐུབ་པ་ཆེན་པོ་ཡིས། །བཀོད་པ་ཆེན་པོར་གང་སྤྲུལ་པ། ། དེ་དག་གི་ནི་གྲངས་ཚད་དང ། །དབྱིབས་དང་ཁ་དོག་གང་ཡིན་པ། །དེ་ནི་བསྐལ་པ་གྲངས་མེད་དུ། །བསྟན་པར་ནུས་པ་མ་ཡིན་ནོ། །དེ་རུ་དེ་ལ་དཔའ་བོ་ཆེ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་།ཡིད་གཉིས་སོམ་ཉི་སྤངས་པ་པོ། །དྭོགས་པ་གཅོད་པ་བལྟ་བར་གྱིས། །ཞེས་བསྐུལ་ཏོ། །དེ་ནས་འོད་ཟེར་དེ་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྐུལ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མགུར་དུ་རང་གི་གནས་སུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་མཛོད་སྤུ་ནས་ཡིད་བཞིན་གྱི་ནོར་བུ་བཀོད་པའི་མཛོད་ཀྱི་སྙིང་པོ་ཞེས་བྱ་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་བ་འཁོར་འོད་ཟེར་བརྒྱ་སྟོང་དང་ལྡན་པ་ཕྱུང་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། འདྲེན་པ་བཅོམ་ལྡན་རྣམ་པར་སྣང་མཛད་ལ། །བལྟ་བ་དང་ནི་མཆོད་པ་བགྱི་བ་དང ། །སེམས་ཅན་ཕན་པར་བཞེད་པས་ཆོས་བརྗོད་ཕྱིར། །ཁྱེད་ཅག་ཐམས་ཅད་མ་ཤོལ་དེ་རིང་གཤེགས། །ཞེས་ཡང་དག་པར་སྟོན་ཏོ། །དེ་ནས་འོད་ཟེར་དེ་
5a
༄#། །དག་ཡང་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ཉིད་དུ་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འོད་ཟེར་དེས་བསྐུལ་མ་ཐག་ཏུ་རང་རང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། བཅོམ་ལྡན་འདས་དག་།བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་བལྟ་བ་དང ། ཕྱག་བགྱི་བའི་སླད་དུ་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོར་མཆི་ན། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེ་ནི་འཇིག་རྟེན་གྱི་ཁམས་གང་ཞིག་ན་མཆིས། གང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་འཇིག་རྟེན་གྱི་ཁམས་དེའི་མིང་ནི་ཅི་ཞེས་བགྱི། དེའི་བྱང་ཆུབ་ཀྱི་སྙིང་པོ་ནི་ཅི་འདྲ་བ་ཞིག་ལགས་ཞེས་ཞུས་སོ། །དེ་སྐད་ཅེས་གསོལ་པ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། རང་རང་གི་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ།་རིགས་ཀྱི་བུ་དག་།འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་མ་ངེས་
5b
པར་སྟོན་པ་དག་ཡོད་དེ། འཇིག་རྟེན་གྱི་ཁམས་རབ་འབྱམས་རེ་རེ་ངེས་པར་སྟོན་པ་རེ་རེ་ལ་ཡང ། འཇིག་རྟེན་གྱི་ཁམས་ཀྱི་མཚམས་སྦྱོར་བ་ངེས་པར་སྟོན་པའི་བཀོད་པ་རབ་འབྱམས་དུ་མ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་དག་།དེ་ལ་མཚམས་སྦྱོར་བ་བཀོད་པ་རྣམས་ཀྱི་ཚད་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང ། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང ། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང ། ཟླ་བ་དང ། ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པར་གཅིག་གོ་།མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་གོ་།མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་རྣམས་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་
6a
༄#། །པ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བར་མ་གཅིག་གོ་།འཇིག་རྟེན་གྱི་ཁམས་རབ་འབྱམས་བར་མ་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡོངས་སུ་སྦྱངས་སོ། །རིགས་ཀྱི་བུ་དག་།འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་པོ་དེ་ཉིད། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། ལུས་དང ། ངག་དང ། ཡིད་ཀྱིས་ལས་ནི་ཤིན་ཏུ་འདས་ཤིང་ནམ་མཁའ་ཉིད་བྱང་ཆུབ་ཀྱི་སྙིང་པོར་བྱིན་གྱིས་བརླབས་ནས། འཇིག་རྟེན་གྱི་ཁམས་བར་མ་དེ་ན་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ན་བཞུགས་སོ། །རིགས་ཀྱི་བུ་དག་།བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ནི་དེ་འདྲ་སྟེ། དེའི་ཡོན་ཏན་ནམ། སྤྱོད་པའམ། སྨོན་ལམ་མམ། ཡེ་ཤེས་ཀྱི་མཐའ་ནི་ངེད་ཀྱིས་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས་སོ། །རིགས་ཀྱི་བུ་དག།
6b
ངེད་ཀྱང་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་དེ། ངེད་ནི་བཅོམ་ལྡན་འདས་དེ་ལ་བྱས་པ་གཟོ་བ། བྱས་པ་ཤེས་པ་ཤ་སྟག་གོ་།རིགས་ཀྱི་བུ་དག་།བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སྔོན་གྱི་སྤྱད་པ་དང ། སྨོན་ལམ་དག་གི་འཁོར་ལོའི་དཀྱིལ་འཁོར་རྒྱུན་མི་གཅོད་པ་ནས་བརྩམས་ཏེ་བསྟན་པ་གནས་པར་མཛད་པ་དང ། ཐེག་པ་ཆེན་པོ་བླ་ན་མེད་པའི་སྤྱོད་པ་རྒྱུན་མི་འཆད་པར་འགྱུར་བ་དང ། ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱ་བ་དང ། ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བརྩམས་ཏེ། ངག་སྣ་ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྒྱ་ཆེན་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རབ་འབྱམས་གོ་བར་མཛད་པར་བཞེད་ནས་འོད་ཟེར་གྱི་དྲ་བ་ཆེན་པོ་འདི་ཕྱུང་ངོ ། །དེ་ནས་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་གིས་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ལ་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་བྱིན་ནོ། །ན་མཿ ་ས་མནྟ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐ་ཨ་ཛ་ནི། རིགས་ཀྱི་བུ། ཁྱོད་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་
7a
༄#། །སྙིང་པོ་འདིས་འཇིག་རྟེན་གྱི་ཁམས་དེར་གནས་པར་གྱིས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་ཀྱིས་སྙིང་པོ་འདི་བླངས་ཏེ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མཆོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོ་དང ། རིན་པོ་ཆེ་རྡོ་རྗེ་ཆེན་པོ་ལ་སྙིང་པོ་འདིས་མཆོད་པའི་སྤྲིན་ཆེན་པོ་སྔོན་མ་མཐོང་བ་མངོན་པར་སྤྲུལ་ནས། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ཡང་རིན་པོ་ཆེ་དང ། རྡོ་རྗེ་མེ་ཏོག་གི་སྤྲིན་ཆེན་པོས་མངོན་པར་བཀབ་བོ། །དེ་བཞིན་དུ་བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། ཕྱེ་མ་དང ། ན་བཟའ་དང ། རྒྱན་དང ། རིན་པོ་ཆེ་དང ། རྡོ་རྗེའི་སྤྲིན་ཆེན་པོ་དག་གིས་བཀབ་བོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་ཡང་སོང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང །
7b
ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། ཇི་ལྟར་འོངས་པ་བཞིན་དུ་ཤར་ཕྱོགས་ཉིད་དུ་གནས་ཏེ། རིན་པོ་ཆེ་དང ། རྡོ་རྗེའི་ཁང་པ་བརྩེགས་པ་ཆེན་པོ་དང ། རིན་པོ་ཆེའི་རྒྱལ་པོ་ཆེན་པོ་དང ། རྡོ་རྗེའི་དབྱུག་གུ་དང ། པདྨའི་སྙིང་པོའི་སེངྒེའི་ཁྲི་ཆེན་པོ་དག་མངོན་པར་སྤྲུལ་ནས་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་སྙིང་པོས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་ཡི་གེའི་སྙིང་པོས་ཕྱོགས་བཅུ་རྒྱས་པར་འགེངས་ཤིང་འདུག་གོ་།ལྷོ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྡོ་རྗེ་ཆེན་པོའི་སྙིང་པོས་བྱིན་གྱིས་བརླབས་ནས། བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་ཕྱག་བྱ་བ་དང ། བལྟ་བ་དང།་མཆོད་པའི་ཕྱིར་སོང་ཤིག་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོས་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་གསུངས་སོ། །ན་མཿ ས་མནྟ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མཧཱ་བཛྲཱ་གྲ་བ་རཾ་ཧཱུཾ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རྡོ་རྗེ་
8a
༄#། །མཆོག་གི་སྙིང་པོ་འདི་ཐོབ་ཅིང ། བཅོམ་ལྡན་འདས་དེས་གནང་བས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དེ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་རིན་པོ་ཆེ་རྡོ་རྗེ་མཆོག་གི་སྣང་བ་ཆེན་པོས་སྣང་བར་བྱས་སོ། །རྡོ་རྗེ་ཆེན་པོའི་མཆོག་གི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་དང ། རྡོ་རྗེ་ཆེན་པོའི་མཆོག་དང ། རིན་པོ་ཆེ་མཆོག་གི་འོད་ཟེར་གྱི་སྣང་བས་རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་སྣང་བར་བྱས་སོ། །མཆོག་སྦྱིན་པ་ཆེན་པོའི་རྡོ་རྗེ་མཆོག་གི་སྒྲས་ཕྱོགས་བཅུར་གོ་བར་བྱས་སོ། །གོ་བར་བྱས་ནས་ཀྱང་ཇི་ལྟར་འོངས་པ་བཞིན་དུ་ལྷོ་ཕྱོགས་སུ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་རྡོ་རྗེ་ཆེན་པོ་མཆོག་
8b
ལས་བྱུང་བའི་པདྨའི་རྒྱལ་པོ་ཆེན་པོ་རྣམས་ལ་འདུག་གོ་།ནུབ་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་མཆོག་རྡོ་རྗེ་ཆེན་པོའི་པདྨའི་མཆོག་གི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས། རྡོ་རྗེ་ཆེན་པོའི་པདྨ་མཚོག་གི་དཀྱིལ་འཁོར་ཐུགས་རྗེའི་སྟོབས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿ ས་མནྟ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ་ཀ་རུ་ཎ་བ་ལ་བཛྲ་པདྨཱ་གྲ་ས། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱིས་སྙིང་པོ་འདི་གསུངས་ནས།་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ། རིགས་ཀྱི་བུ། དེའི་དུས་ལ་བབ་པར་ཤེས་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང ། ཕྱག་བྱ་བའི་ཕྱིར་
9a
༄#། །སོང་ཞིག་ཅེས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ནས། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་ནུབ་ཕྱོགས་ཉིད་དུ་གནས་ནས་པདྨ་ཆེན་པོ་རྡོ་རྗེའི་རྒྱལ་པོར་འདུག་སྟེ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་འདི་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་དུ་ཐུགས་རྗེ་ཆེན་པོའི་རྡོ་རྗེ་མཆོག་གི་སྟོབས་ཀྱིས་རང་གི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་སྤྲིན་རྣམས་ཀྱིས་ཀུན་ཏུ་བཀང་ནས་སྣང་བར་བྱས་སོ། །བྱང་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་རྡོ་རྗེ་ཆེན་པོས་རྣམ་པར་གནོན་
9b
པ།་རྡོ་རྗེ་ཆེན་པོས་རྣམ་པར་རོལ་བ། བྱང་ཆུབ་ཀྱི་སྙིང་པོའི་མཆོག་འཛིན་པའི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་བྱང་ཆུབ་ཀྱི་སྙིང་པོ་ཆེན་པོའི་མཆོག་འཛིན་པའི་སྙིང་པོ་འདི་གསུངས་སོ། །ན་མཿ ་ས་མནྟ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ་པར་དམན་ར་ཨ་གྲི་གྲི་།འདི་གསུངས་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ། རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང ། ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའི་སའི་སྙིང་པོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་
10a
༄#། །བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་བྱང་ཕྱོགས་ཉིད་དུ་གནས་ནས་བྱང་ཆུབ་ཀྱི་སྙིང་པོ་ཆེན་པོའི་རྒྱན་བཀོད་པར་བྱིན་གྱིས་བརླབས་ཏེ།་བྱང་ཆུབ་ཀྱི་སྙིང་པོའི་མཆོག་གི་ལུས་ཀྱི་སྤྲིན་རྣམས་ཀྱིས་ཕྱོགས་བཅུ་རྒྱས་པར་འགེངས་སོ། །བྱང་ཤར་གྱི་ཕྱོགས་མཚམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མཆོག་འཛིན་གྱིས། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཅོད་པན་ལ་དཀོན་མཆོག་གསུམ་གྱི་རྡོ་རྗེ་འབྱུང་གནས་རྡོ་རྗེ་ཆེན་པོའི་སྙིང་པོ་འདི་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མཆོག་འཛིན་གྱིས། དཀོན་མཆོག་གསུམ་པོའི་རྡོ་རྗེ་འབྱུང་གནས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿ ་སརྦ་མུ་ཁེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ་ཨོཾ་ཨོཾ་ཛཾ་སཾ། འདི་བྱིན་ནས། རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང ། ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཅོད་པན། བཅོམ་
10b
ལྡན་འདས་དེས་གནང་བས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་གྱིས་\?\་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས་ཇི་ལྟར་འོངས་པ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་ཉིད་དུ་གནས་ནས། དཀོན་མཆོག་གསུམ་གྱི་རྡོ་རྗེས་བརྒྱན་པའི་པདྨའི་རྒྱལ་པོ་ཆེན་པོ་ལ་འདུག་སྟེ། དཀོན་མཆོག་གསུམ་གྱི་སྐུའི་སྤྲིན་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རྒྱས་པར་འགེངས་སོ། །ཤར་ལྷོའི་ཕྱོགས་མཚམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་དཔལ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་སྙིང་པོ་ལ། སྤྲིན་ཆེན་པོ་རྡོ་རྗེ་མཆོག་བཀོད་པའི་སྙིང་པོ་ཞེས་བྱ་བའི་སྙིང་པོ་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་དཔལ་གྱིས་སྤྲིན་ཆེན་པོ་རྡོ་རྗེ་མཆོག་བཀོད་པའི་སྙིང་པོ་འདི་གསུངས་སོ། །ན་མཿ སརྦ་
11a
༄#། །མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་མ་ཧཱ་བཛྲ་མེ་གྷ་བི་ཀྲཱྀ་ཌི་ཏེ་བི་ཤཝ་སཾ་བྷ་བ་ཧ། འདི་བྱིན་ནས། རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དེ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ལ་བལྟ་བ་དང ། ཕྱག་བྱ་བའི་ཕྱིར་སོང་ཤིག་ཅེས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་སྙིང་པོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་ཉིད་དུ་གནས་ནས་སྤྲིན་ཆེན་པོ་རྡོ་རྗེ་མཆོག་གི་ལུས་ཀྱི་རྣམ་པར་རིག་པའི་སྤྲིན་རྣམས་ཀྱིས་པདྨ་ཆེན་པོའི་རྒྱལ་པོའི་སྤྲིན་བྱིན་གྱིས་བརླབས་ནས་མཆོད་པ་ཆེན་པོའི་མཆོག་གི་སྤྲིན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་འདུག་གོ་།ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་
11b
ཆེན་པོའི་ཏོག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་དཔའ་བོ་ལ་རྡོ་རྗེ་ལས་བྱུང་བའི་སྙིང་པོ་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་ཏོག་གིས་རྡོ་རྗེ་ཆེན་པོ་ལས་བྱུང་བའི་སྙིང་པོ་འདི་གསུངས་སོ། །ན་མཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བཛྲོད་བྷ་བེ་སཝཱ་ཧཱ། འདི་བྱིན་ནས་བཏང་ངོ ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་དཔའ་བོ་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ག་ལ་བ་དང ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བདེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཉིད་དུ་གནས་ནས་རྡོ་རྗེ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་རྒྱན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང ། རྡོ་རྗེའི་གཟུགས་ཀྱིས་བརྒྱན་པའི་རྡོ་རྗེ་ཆེན་པོའི་པདྨ་ལ་འདུག་གོ་།ནུབ་བྱང་གི་ཕྱོགས་མཚམས་ན་བཅོམ་
12a
༄#། །ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་སྙན་པས། བྱང་ཆུབ་སེམས་དཔའ་འབྲུག་སྒྲའི་རྒྱལ་པོ་ལ་རྡོ་རྗེའི་སྒྲ་དབྱངས་བསྒྲགས་པའི་སྙིང་པོ་སྦྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་ཤིན་ཏུ་སྙན་པས་རྡོ་རྗེའི་ཡི་གེའི་སྙིང་པོ་འདི་གསུངས་སོ། །ན་མཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བཛྲ་རཀྵ་ནི་རྒྷོ་ཥ་བིཀྲཱནྟ་སཝཱཧཱ། འདི་བྱིན་ནས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྲུག་སྒྲའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེས་གནང་བས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། ཇི་ལྟར་འོངས་པ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་ཉིད་དུ་གནས་ཏེ་དབྱངས་ཀྱི་རིག་བྱེད་མཐའ་ཡས་པས་སངས་རྒྱས་ཀྱི་ཞིང་
12b
འདི་ཐམས་ཅད་གོ་བར་བྱེད་ཅིང་རང་གི་སྨོན་ལམ་ལས་ངེས་པར་བྱུང་བའི་རིན་པོ་ཆེ་ཆེན་པོའི་པདྨ་ལ་འདུག་གོ་།འོག་གི་ཕྱོགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་རྣམ་པར་དག་པའི་སྙིང་པོས་བྱང་ཆུབ་སེམས་དཔའ་པདྨའི་ཡན་ལག་ལ་སྤྱོད་པ་ཆེན་པོའི་རྒྱལ་པོའི་རྡོ་རྗེའི་སྙིང་པོ་འདི་གསུངས་སོ། །ན་མཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་ཧཾ་ཧེ་སཝཱཧཱ། འདི་བྱིན་ནས་བཏང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་པདྨའི་ཡན་ལག་ལ་བཅོམ་ལྡན་འདས་དེས་གནང་ནས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་འོག་གི་ཕྱོགས་ཉིད་དུ་གནས་ནས་པདྨའི་རྒྱལ་པོ་ཆེན་པོའི་ཁང་པ་
13a
༄#། །བརྩེགས་པ་སྣ་ཚོགས་པ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་ཤིང ། པདྨའི་རྒྱལ་པོ་ཆེན་པོ་རྡུལ་དང་བྲལ་བའི་དཀྱིལ་འཁོར་གྱི་སྙིང་པོ་ལ་འདུག་གོ་།སྟེང་གི་ཕྱོགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་འབྱུང་གནས་ཀྱིས་བྱང་ཆུབ་སེམས་དཔའ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་བྱང་ཆུབ་ཀྱི་སྟོབས་ཀྱི་སྙིང་པོ་སྦྱིན་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་བའི་འབྱུང་གནས་ཀྱིས་བྱང་ཆུབ་ཀྱི་སྟོབས་ཀྱི་སྙིང་པོ་འདི་གསུངས་སོ། །ན་མཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་བོ་དྷྱཾ་ཀ་ར་དྷརྨ་སཝཱཧཱ། འདི་བྱིན་ནས་བཏང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་དེས་གནང་བས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་ག་ལ་བ་དང ། རྒྱལ་པོ་དབང་བསྒྱུར་གྱི་ཁང་པ་ཆེན་པོ་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་
13b
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཏེ། ཇི་ལྟར་འོངས་པ་བཞིན་དུ་སྟེང་གི་ཕྱོགས་ཉིད་དུ་གནས་ནས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐའ་ཡས་པ་གོ་བར་བྱེད་པའི་སྒོ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང ། ཆོས་ཉིད་ལས་བྱུང་བའི་པདྨ་ཆེན་པོ་ལ་འདུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་ཤིང་འཁོད་པ་དེ་དག་གིས།་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་འདི་དག་ཏུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྔོན་མ་མཐོང་བ་མཐོང་ངོ ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེ་བ་དང ། རྟོག་པ་དང ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་ནམ་མཁའ་ལྟར་གཟོད་མ་ནས་ཞི་བ་དང ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ཡང་མཐོང་ནས་ངོ་མཚར་དུ་གྱུར་ཏེ། སྒྲ་སྐད་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། རྟོག་པ་ཐམས་ཅད་སྤངས་པའོ། །གདོད་ནས་ཞི་ཞིང་མ་སྐྱེས་པ། །མགོན་པོ་རྨད་བྱུང་དམ་པ་འདི། །ཇི་ལྟར་ས་ལ་སྣང་ཞིག་གུ་།སྐུ་ཡིས་འཕྲིན་ལས་མི་མཛད་ལ། །གསུང་དང་
14a
༄#། །ཐུགས་ཀྱིས་མི་མཛད་ཅིང ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཤིན་ཏུ་དག་པའི་ཤེལ་དང་འདྲ། །སྐུ་ཡིས་སེམས་ཅན་ཐམས་ཅད་ལ། །སངས་རྒྱས་མཛད་པ་རྣམས་མཛད་ཀྱང ། །སྐུ་ལ་འགྱུར་བ་མི་མངའ་སྟེ། །ཐུབ་པ་དེ་ནི་འགྱུར་མི་མངའ། །གསུང་ནི་བྲག་ཆ་འདྲ་བ་སྟེ། །བསྟན་དུ་མེད་ཅིང་གཟུགས་མེད་ཀྱང ། །ལྷ་ཡི་རྔ་ཆེན་ཇི་བཞིན་དུ། །འགྲོ་བ་ཐམས་ཅད་ཚིམ་པར་མཛད། །ཐུགས་ནི་རློམ་སེམས་བྲལ་བ་སྟེ། །དེ་ལ་ཡུལ་ནི་མངའ་མ་ལགས། །ཡུལ་རྣམས་དང་ནི་དེ་བྲལ་ཡང ། །སེམས་ཅན་རྣམས་ཀྱི་ཡུལ་དུ་གྱུར། །གསུང་ནི་དེ་བཞིན་སེམས་ཅན་ཏེ། །དེ་བཞིན་སྐུ་དང་དེ་བཞིན་ཐུགས། །མཚན་ཉིད་གཅིག་དང་རབ་ལྡན་ཞིང ། །སྨྲ་བའི་ནང་ན་མཆོག་ཏུ་སྣང། །སྐྱེ་བ་མེད་ལས་གྲོལ་བ་ཡི། །དེ་བཞིན་གཤེགས་པ་ཡོད་མིན་པས། །གང་དག་སྐྱེ་བ་མེད་ཤེས་པ། །དེ་དག་འདྲེན་པ་རྣམ་པར་ཤེས། །མགོན་པོ་རྟག་ཏུ་མཉམ་གཞག་ཅིང། །ལུས་དང་ངག་དང་ཡིད་བྲལ་ཡང ། །རྟག་པར་ལུས་ངག་སྤྱོད་ཡུལ་དུ། །ཐུབ་པ་རྒྱུན་དུ་རབ་ཏུ་སྣང ། །བྱང་ཆུབ་སེམས་དཔའ་ཆེ་བ་ཉིད། །ཤིན་ཏུ་དཀའ་བ་བྱེད་པ་དག ། སངས་རྒྱས་ཡེ་ཤེས་ཆེ་འབར་བ། །འདི་འདྲ་ཡོངས་སུ་ཚོལ་བར་བྱེད། །དེ་ལ་མིག་ནི་མི་སྣང་ཞིང ། །རྣ་བ་དང་ནི་སྣ་ཡང་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ནི། །དོ་ཕྱིར་དེ་ཡི་
14b
ཡུལ་མ་ཡིན། །གཟུགས་མིན་སྒྲ་ཡང་མ་ཡིན་ཏེ། །དྲི་དང་རོ་དང་རེག་མ་ཡིན། །དབང་པོ་མ་ཡིན་རྣམ་ཤེས་མིན། །ཐམས་ཅད་དུ་ནི་རྟག་ཏུ་ཞི། །ཡུལ་ཅན་དང་ནི་ཡུལ་དེ་དག་།རྣམ་པར་བརྟགས་པས་ཡོད་མ་ཡིན། །ཡུལ་ཅན་ཡོད་པ་མ་ཡིན་པས། །ཡུལ་རྣམས་སྲིད་པ་མ་ཡིན་ནོ། །བྱིས་པས་ཇི་ལྟར་བརྟགས་པ་བཞིན། །དེ་ལྟར་གང་ཚེ་ཡོད་མིན་པ། །དེ་ཚེ་མགོན་པོ་ཡོད་འགྱུར་ཏེ། །རྣམ་པར་མ་བརྟགས་ཚུལ་དུའོ། །དེ་ནི་ཀུན་ཏུ་ཐམས་ཅད་ལ། །བསམ་པ་ཇི་བཞིན་རྫོགས་མཛད་པ། །སྟོང་པ་ཡིད་བཞིན་ནོར་བུ་ལྟར། །ཀུན་གྱི་མདུན་ན་བཞུགས་པ་ཡིན། །གཟུགས་བརྙན་འབྱུང་བའི་ཚུལ་གྱིས་སུ། །ཏིང་འཛིན་དབང་བསྒྱུར་རྣམས་ལ་ནི། །ལྟ་སྨྲ་འབེལ་གཏམ་ཐམས་ཅད་ཀྱིས། །ཀུན་ཏུ་ལོངས་སྤྱོད་འོས་སུ་འགྱུར། །རྣམ་པར་སྣང་མཛད་མགོན་མཐོང་ནས། །དེ་ཚེ་ཀུན་གྱི་ཏིང་འཛིན་དང ། །གཟུངས་དང་རིག་པ་རྣམ་པར་ཐར། །བསམ་གྱིས་མི་ཁྱབ་ཐམས་ཅད་ཐོབ། །གཟུགས་ལ་དབང་ནི་ཐོབ་གྱུར་ཅིང ། །སངས་རྒྱས་ཡེ་ཤེས་ཚོལ་བྱེད་པ། །བདག་ཅག་རྣམས་ནི་ཐམས་ཅད་ཀྱང ། །ཕྱོགས་བཅུ་དག་ནས་ལྷགས་པ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་གཟུགས། །དེ་ནི་གཟུགས་ཀྱི་མཆོག་ཡིན་ཏེ། །ཡང་དག་རྫོགས་སངས་རྒྱས་དག་པར། །དེ་ནི་བདག་ཅག་ཐོབ་པར་ཤོག་།དེ་ནས་བྱང་ཆུབ་སེམས་དཔའ་
15a
༄#། །དེ་དག་གིས་ཚིགས་སུ་གཅད་པ་དེ་དག་སྨྲས་ནས། འདི་ལྟ་སྟེ། ལུས་ཀྱི་སྔོན་གྱི་མཐར་དང ། ཕྱི་མའི་མཐའ་མེད་པ་དང ། དེ་བཞིན་དུ་ངག་དང ། ཡིད་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་མེད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང ། གསུང་དང ། ཐུགས་ཀྱི་ས་གང་ཡིན་པ་ལ་འཇུག་གོ་།དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཡོངས་སུ་ཤེས་པས་ལུས་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་མི་དམིགས་སོ། །དེ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་ཤེས་པས་དག་དང ། ཡིད་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་མི་དམིགས་སོ། །ལག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཀྱང་མཁྱེན། རྒྱལ་པོ་དབང་སྒྱུར་གྱི་ཁང་པ་ཆེན་པོ་ན་གནས་པའི་བྱང་ཆུབ་སེམས་དཔའ་འཁོད་པ་དག་ཀྱང་མཁྱེན་ནས། ཏིང་ངེ་འཛིན་གང་གི་མཐུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་
15b
ཅད་དུ་སྐད་ཅིག་།ཐང་ཅིག་།ཡུད་ཙམ་ཅིག་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ་སངས་རྒྱས་ཀྱི་མཛད་པ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་རྣམ་པར་སྣང་བ་བཀོད་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་དང ། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་མཚམས་སྦྱོར་བའི་བཀོད་པ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་ཀྱི་གླིང་བཞི་པ་ཐམས་ཅད་དང ། སྟོང་ཐམས་ཅད་དང།་སྟོང་གཉིས་པ་ཐམས་ཅད་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཆོས་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་གཏན་ལ་ཕབ་པ་ཐམས་ཅད་དང ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམ་པ་སྣ་ཚོགས་དང ། རེ་བ་སྣ་ཚོགས་དང ། འདོད་པ་སྣ་ཚོགས་དང ། ཐེག་པ་སྣ་ཚོགས་ཀྱི་ཚུལ་རྣམ་པར་གནས་པ་དང ། འགྲོ་བ་སྣ་ཚོགས་དང ། སྐྱེ་གནས་སྣ་ཚོགས་དང ། ལྗོང་
16a
༄#། །སྣ་ཚོགས་དང ། ཁ་དོག་སྣ་ཚོགས་དང ། དབྱིབས་སྣ་ཚོགས་དང ། སེམས་ཅན་སྣ་ཚོགས་དག་ལ་སྒྲ་དང ། ཚིག་བརྗོད་པ་རྣམ་པར་གཞག་པ་སྣ་ཚོགས་རྣམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ་སངས་རྒྱས་ཀྱི་མཛད་པ་ཡང་དག་པར་སྟོན་ཅིང ། རང་གི་གསུང་གི་འཁོར་ལོའི་དཀྱིལ་འཁོར་ལས་བྱུང་བ་སངས་རྒྱས་ཀྱི་དབྱངས་བཀོད་པའི་རྒྱུན་གྱིས་བྱིན་གྱིས་བརླབས་པའི་སངས་རྒྱས་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡང་དག་པར་བྱིན་གྱིས་བརླབས་ནས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དོན་ཡོད་པ་དང ། བསྟན་པ་གནས་པར་བྱ་བ་དང ། སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པའི་ཕྱིར་དུས་ཀྱི་དབང་གིས་སྐྱེ་བ་རིམ་གྱིས་ཡོངས་སུ་གཟུང་བར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ་ཆེན་པོ་དང ། རྡོ་རྗེ་ཆེན་པོའི་སྙིང་པོ་དང ། རྡོ་རྗེ་ཆེན་པོའི་འོད་འཕྲོ་བ་རྒྱས་པར་འགེངས་པའི་སྣང་བ་དང ། ཐེག་པ་ཆེན་པོའི་སྤྱོད་པ་དང་།གསང་སྔགས་རྣམ་པར་དག་པའི་སོགས་རྡོ་རྗེའི་ཁོར་ཡུག་ཆེན་པོའི་དཀྱིལ་འཁོར་དུ་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ་མཛད་པ་མཐོང་ངོ ། །དེ་ལྟར་བཅོམ་ལྡན་འདས་རྣམ་
16b
པར་སྣང་མཛད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐམས་ཅད་དུ་སྤྲོས་པ་མེད་པའོ། །རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་དར་མི་རྟོག་པའོ། །ངོ་བོ་ཉིད་དང་བྲལ་བའི་ཕྱིར་སྟོང་པའོ། །གདོད་མ་ནས་དག་པའི་ཕྱིར་རྣམ་པར་དག་པའོ། །སྐྱེ་བ་དང་བྲལ་བའི་ཕྱིར་མ་སྐྱེས་པའོ། །བསམ་པའི་ས་ལས་ཤིན་ཏུ་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཡུལ་དང་བྲལ་བའི་ཕྱིར་ཡུལ་མེད་པའོ། །ཚིག་གི་ལམ་ལས་ཤིན་ཏུ་འདས་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་སྟེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འདུ་བའི་ས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ཐམས་ཅད་རྗེས་སུ་མཐུན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གཟུགས་བརྙན་གྱི་རྣམ་པར་སེམས་ཅན་ཐམས་ཅད་ཀྱི་མདུན་ན་འདུག་པ། ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མེད་པ་གོས་དྲི་མ་ཅན་གྱིས་དཀྲིས་པ་ལྟ་བུ་ནི་འདི་སུའི་ཡིན། འདི་ཅི་ཞིག་ཅེས་སེམས་ཅན་རྣམས་ཀྱིས་མི་ཤེས་ཏེ་ཡ་མཚན་ཅི་ཞིག་ཏུ་གྱུར་ཏོ། །གང་དག་བློ་གྲོས་རྣམ་པར་དག་པ་ཡིད་གཉིས་དང ། ཐེ་ཚོམ་དང་བྲལ་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཐེག་པ་ཆེན་པོའི་གསང་སྔགས་དང ། སྤྱོད་
17a
༄#། །པའི་ཚུལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་པོ། རྡོ་རྗེ་འཆང་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྣམ་པར་སྣང་མཛད་ཆེན་པོའི་རྒྱན་གྱི་སྙིང་པོའི་འོད་ཟེར་ཆེན་པོས་སྣང་བར་བྱས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཞུགས་པ་དག་སྟེ། དེ་དག་ནི་གསང་སྔགས་ཀྱི་སྤྱོད་པའི་ཚུལ་འདི་མཉན་པ་དང ། བསླབ་པ་དང ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྲི་བ་དང ། དངོས་གྲུབ་ཆེན་པོ་བསྒྲུབ་པར་བྱ་བའི་སྐལ་བ་ཡོད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་དུ་བདུད་ཕམ་པར་མཛད་ནས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་མཐར་གྱིས་སྤྱོད་པ་སྤྱོད་ཅིང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐའི་བར་དུ་བྱིན་གྱིས་བརླབས་ནས་ཆོས་བསྟན་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཡང་བསྟན་པ་རྒྱུན་མི་འཆད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། བྱམས་པ་དང ། འཇམ་དཔལ་དང ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། ནམ་མཁའི་སྙིང་པོ་དང ། སའི་
17b
སྙིང་པོ་དང ། བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་སྤོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་བསྡུས་ནས། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་ཏེ་ཐམས་ཅད་ཀྱི་མདུན་དུ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྲིས་ནས། ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ།། །།ལག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ལས། སྔོན་གྱི་སྤྱོད་པ་ཡང་དག་པར་བསྒྲུབ་པའི་གཏམ་གྱི་ཚུལ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ། བམ་པོ་གཉིས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་དཔལ་ཡོན་ཏན་འབྱུང་བའི་གནས་ན། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྤྱོད་པས་རྣམ་པར་རོལ་པའི་རྒྱུ་མཐུན་པས་བྱིན་གྱིས་བརླབས་པའི་ནགས་ཚལ་ཆེན་པོ་མཆོག་ན། དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། སེམས་
18a
༄#། །ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་ལ། འདི་ལྟ་སྟེ། ཚེ་དང་ལྡན་པར་རབ་འབྱོར་དང ། ཚེ་དང་ལྡན་པ་བ་ལང་བདག་དང ། ཚེ་དང་ལྡན་པ་དབང་ཆེན་དང ། ཚེ་དང་ལྡན་པ་ཉིན་གུང་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་དགའ་བོ་དང ། ཚེ་དང་ལྡན་པ་ཉེ་དགའ་བོ་དང ། ཚེ་དང་ལྡན་པ་བཟང་པོ་དང ། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང ། ཚེ་དང་ལྡན་པ་མ་འགགས་པ་དང ། ཚེ་དང་ལྡན་པ་ཀ་པི་ལ་ཆེན་པོ་དང ། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང ། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང ། ཚེ་དང་ལྡན་པ་ཚེམས་ཅན་དང ། ཚེ་དང་ལྡན་པ་གསུས་པོ་ཆེ་དང ། ཚེ་དང་ལྡན་པ་མཛེས་དགའ་དང ། ཚེ་དང་ལྡན་པ་གྱད་བུ་ནོར་དང ། ཚེ་དང་ལྡན་པ་སེང་ལྡེང་ནགས་པ་དང ། ཚེ་དང་ལྡན་པ་བསོད་སྙོམས་ལེན་བྷ་ར་དྭ་ཛ་དང།་ཚེ་དང་ལྡན་པ་འོད་སྲུང་སྤྱོད་དབང་པོའི་བུ་དང ། ཚེ་དང་ལྡན་པ་ཉེ་སྦྱོར་དང ། ཚེ་དང་ལྡན་པ་གཞོན་ནུ་འོད་སྲུང་དང ། ཚེ་དང་ལྡན་པ་ལམ་ཕྲན་བསྟན་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། དེ་དག་ལ་སོགས་པ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱ་དང་ཐབས་གཅིག་གོ་།བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཤ་ཚག་ལ། འདི་ལྟ་སྟེ། འཇམ་དཔལ་
18b
གཞོན་ནུར་གྱུར་པ་དང ། དྲ་བ་ཅན་གྱི་འོད་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་དང ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང ། བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང ། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་ཆོས་ལ་གནས་པ་དང ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་དང ། བྱང་ཆུབ་སེམས་དཔའ་གདུང་བ་ཐམས་ཅད་རབ་ཏུ་ཞི་ལྡན་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་ཏུ་བརྟན་པ་དང ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་ཕན་བྱེད་དང ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་དང ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང།་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དང ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་འབྲུག་སྒྲའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སང་སང་པོའི་དབྱངས་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད་པ་དང ། བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་མི་ཟད་པ་དང ། བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་དང ། བྱང་ཆུབ་
19a
༄#། །སེམས་དཔའ་བླ་མའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང ། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་ཐབས་གཅིག་སྟེ། དེ་དག་ཐམས་ཅད་ཀྱང་ས་དང ། ཕ་རོལ་ཏུ་ཕྱིན་པ་དང ། གཟུངས་དང་སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། འཕགས་པའི་ལམ་དང ། དབང་ཐོབ་པ་དང ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་དང ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ། སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་ངེས་པར་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། རིམ་གྲོ་བྱ་བ་ལ་མཁས་པ་དང ། དག་པ་རྒྱུན་མི་འཆད་པར་དམ་པའི་ཆོས་ཡོངས་སུ་འཚོལ་བ་ལ་མཁས་པ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་པདྨའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་
19b
ཟིལ་གྱིས་མནན་ནས་ཤིན་ཏུ་ལྷ་མ་མེ། ལྷན་ནེ། ལྷང་ངེའོ། །གནས་གཙང་མའི་ལྷའི་བུ་རྣམས་ཀྱང་དེ་ཉིད་དུ་འདུས་ཏེ་འཁོད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་ཚངས་རིས་ཀྱི་ལྷའི་བུས་ཀུན་ནས་བསྐོར་ཅིང་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་འཁོར་དེ་ཉིད་དུ་འདུས་ནས་འདུག་པར་གྱུར་ཏོ། །ལྷ་མ་ཡིན་གྱི་དབང་པོ་རབ་སིམ་དང ། ཐགས་བཟངས་རིས་དང ། ཞིང་མཆོག་དང ། བ་ཊི་དང ། རྔ་ཆེན་དང ། དུས་ཀྱི་འཁོར་ལོ་ཅན་དང ། དྲི་མ་མེད་པ་དང ། ཏོག་དང ། ཟླ་གདོང་དང ། རྣམ་པར་འཇོམས་དང ། ཟབ་མོ་དང ། སྟོབས་ཅན་དང ། སྒྲ་གཅན་དང ། ཏོག་དྲེགས་དང ། རྣམ་པར་སྣང་བ་དང ། ལྷ་མ་ཡིན་གྱི་དབང་པོ་སྣ་ཚོགས་ཕྲེང་བ་ཅན་དང ། དེ་དག་ལ་སོགས་པ་དང ། ལྷ་མ་ཡིན་གྱི་དབང་པོ་གཞན་སྟོང་དང ། ལྷ་མ་ཡིན་གྱི་དབང་པོ་དེ་དག་ཐམས་ཅད་རང་རང་གི་གནས་ནས་བྱུང་སྟེ། ལྷ་མ་ཡིན་གྱི་མཐུ་ཆེན་པོ་དང ། ལྷ་མ་ཡིན་གྱི་རྫུ་འཕྲུལ་ཆེན་པོས་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བདུག་པ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྒྱན་དང ། སིལ་སྙན་དང ། ཕེག་རྡོབ་རྣམས་མངོན་པར་སྤྲུལ་ནས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་
20a
༄#། །མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཅི་ལྟར་སྤྲུལ་པའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང།་རྒྱལ་མཚན་དང ། བ་དན་དང ། རྒྱན་དང ། སིལ་སྙན་དང ། ཕེག་རྡོབ་པ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་གཏོར་ཏོ། །གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་རྒྱལ་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པ་དང ། ཀླུའི་རྒྱལ་པོ་ཀློག་ལྕེ་དང་།ཀླུའི་རྒྱལ་པོ་རིན་པོ་ཆེའི་ཅོད་པན་ཅན་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་སོག་མ་མེད་དང ། ཀླུའི་རྒྱལ་པོ་ནོར་རྒྱས་དང ། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང ། ཀླུའི་རྒྱལ་པོ་རྣ་རྡུམ་དང ། ཀླུའི་རྒྱལ་པོ་པདྨ་ཅན་དང ། ཀླུའི་རྒྱལ་པོ་དུང་སྐྱོང་དང ། ཀླུའི་རྒྱལ་པོ་པདྨ་ཆེན་པོ་དང ། ཀླུའི་རྒྱལ་པོ་དུས་ཅན་དང ། ཀླུའི་རྒྱལ་པོ་རིགས་ཅན་དང ། ཀླུའི་རྒྱལ་པོ་མགོ་གཅིག་པ་དང ། ཀླུའི་རྒྱལ་པོ་བརྫུན་པ་དང ། ཀླུའི་རྒྱལ་པོ་དབང་པོའི་སྒྲ་དང ། ཀླུའི་རྒྱལ་པོ་སྟོབས་ལྡན་དང ། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཁྲི་རང་རང་གི་གནས་
20b
ནས་བྱུང་སྟེ། ཀླུའི་མཐུ་ཆེན་པོ་དང ། ཀླུའི་རྫུ་འཕྲུལ་ཆེན་པོས་ཙནྡན་གོར་ཤི་ཤའི་ཆུའི་སྤྲིན་མངོན་པར་སྤྲུལ་ནས། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ལྷགས་ནས་ཅི་ལྟར་སྤྲུལ་པའི་སྤོས་ཆུའི་སྤྲིན་རྣམས་ཀྱིས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོར་ཆར་དུ་མངོན་པར་ཕབ་བོ། །ཕབ་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ཐོས་ཀྱི་བུ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡུལ་འཁོར་སྲུང་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཕགས་སྐྱེས་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་མིག་མི་བཟང་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྨོངས་བྱེད་འཛིན་པ་ཆུའི་དབང་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་པ་བརྒྱད་པ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང ། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ཁྲི་རང་རང་གི་གནས་ནས་བྱུང་སྟེ། མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་
21a
༄#། །བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སིལ་སྙན་རྣམས་ཐོགས་ནས་ཤིང་སཱ་ལ་སྣ་ཚོགས་ཀྱིས་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། ལྷགས་ནས་ཅི་ལྟར་ཐོགས་པའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང།་ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་བཅོམ་ལྡན་འདས་ལ་གཏོར་ཏོ། །གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །མི་འམ་ཅིའི་རྒྱལ་པོ་ལྗོན་པ་འཁོར་མི་འམ་ཅི་དུ་མ་དང་ལྡན་པ་ཡང་མི་འམ་ཅིའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སིལ་སྙན་དང ། ཕེག་རྡོབ་པ་རྣམ་པ་དུ་མ་ཐོགས་པ་བརྒྱ་སྟོང་དུ་མ་རང་རང་གི་གནས་ནས་བྱུང་སྟེ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཅི་ལྟར་ཐོགས་པའི་མེ་ཏོག་དང ། བདུག་པ་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སིལ་སྙན་དང །
21b
ཕེག་རྡོབ་པ་རྣམས་བཅོམ་ལྡན་འདས་ལ་གཏོར་ཏོ། །གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ནམ་མཁའ་ལྡིང་གི་དབང་པོ་རྣམ་པར་འདུད་བྱེད་ཀྱི་བུ་དང ། ནམ་མཁའ་ལྡིང་གི་དབང་པོ་འཇིགས་འགྲོ་དང ། ནམ་མཁའ་ལྡིང་གི་དབང་པོ་འདབ་བརྒྱ་དང ། ནམ་མཁའ་ལྡིང་གི་དབང་པོ་གཙུག་ཕུད་ཅན་འཁོར་ནམ་མཁའ་ལྡིང་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་པོའི་བདག་པོ་ཁྲོས་བཞིན་དང ། སྲིན་པོའི་བདག་པོ་མཆེ་བ་བཟང་དང ། སྲིན་པོའི་བདག་པོ་དྲག་པོ་དང ། རབ་ཏུ་གཏུམ་པ་དང ། འཇིགས་འཇིགས་ལྟ་དང ། སྐྲག་བྱེད་དང ། འཇིགས་བྱེད་ཆེན་པོ་དང ། གདོང་བཅུ་དང ། གཤིན་རྗེ་དང ། གཤིན་རྗེའི་དྲིལ་བུ་དང ། རྣམ་པར་འཇིགས་འཇིགས་ལྟ་དང ། ཟླ་བའི་སྡེ་འཁོར་སྲིན་པོ་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དྲང་སྲོང་ཆེན་པོ་མེ་འཁོར་དྲང་སྲོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་
22a
༄#། །ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རླུང་སྤྲིན་གྱི་ཕྲེང་བ་ཅན་དང ། རླུང་འཇིགས་བྱེད་དང ། རླུང་འཆགས་བྱེད་དང ། རླུང་ཀུན་ཏུ་འཇོག་བྱེད་དང ། རླུང་རྣམ་པར་འཐོར་དང ། རླུང་དུས་ལྡན་དང།་རླུང་རྣམ་པར་འཐོར་རླུང་དང ། རླུང་རླུང་དམར་དང ། རླུང་འཇིག་རྟེན་འཛིན་དག་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྐར་མའི་རྒྱལ་པོ་ཟླ་བ་འཁོར་སྐར་མ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་ཆེན་པོ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཉི་མའི་འོད་ཟེར་གྱི་ཕྲེང་བ་ཅན་དང ། ཚ་བར་བྱེད་པ་དང ། སྐེམས་བྱེད་དང ། དུ་བ་འབྱིན་དང ། རབ་འབར་དང ། ཉི་མ་སྲེག་བྱེད་འཁོར་ལྷའི་བུ་གཟི་བརྗིད་འཕགས་པ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་
22b
ནས།་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་རྒྱལ་པོ་ཆུ་ལྷ་འཁོར་ཀླུའི་རྒྱལ་པོ་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཁྱབ་འཇུག་འཁོར་དང་བཅས་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དྲག་པོ་ཡི་དྭགས་ཀྱི་འཁོར་དང་ལྡན་པ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།འབྱུང་པོའི་བདག་པོ་དབང་ལྡན་འཁོར་འབྱུང་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།གཟའི་རྒྱལ་པོ་ཆེན་པོ་སྨིན་དྲུག་གི་བུ་འཁོར་གཟའ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་
23a
༄#། །རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།སྤྲིན་ལྷའི་བུ་སྐྱ་བོ་ཞེས་བྱ་བ་དང ། སྤྲིན་ལྷའི་བུ་གློག་ཕྲེང་ཞེས་བྱ་བ་དང ། སྤྲིན་ལྷའི་བུ་སྤྲིན་གྱི་དྲ་བ་སྟུག་པོ་འཇིག་བྱེད་ཅེས་བྱ་བ་དང ། སྤྲིན་ལྷའི་བུ་ཆར་འབེབས་ཞེས་བྱ་བ་འཁོར་ལྷའི་བུ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གློག་དཔག་ཏུ་མེད་ཅེས་བྱ་བ་དང ། གློག་གཟི་བརྗིད་ཅན་ཞེས་བྱ་བ་དང ། གློག་སྟུག་འོད་ཅེས་བྱ་བ་དང ། གློག་འོད་ཅེས་བྱ་བ་དང ། གློག་མཛེས་ཕྲེང་ཅན་ཞེས་བྱ་བ་འཁོར་གློག་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རིའི་རྒྱལ་པོ་རི་རབ་དང ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡན་དང ། རིའི་རྒྱལ་པོ་གངས་
23b
རི་དང ། རིའི་རྒྱལ་པོ་འབིགས་བྱེད་དང ། རིའི་རྒྱལ་པོ་མ་ལ་ཡ་དང ། རིའི་རྒྱལ་པོ་དབང་ཆེན་དང ། རིའི་རྒྱལ་པོ་མི་མཇེད་ཅན་དང ། རིའི་རྒྱལ་པོ་རྩེ་མོ་བརྒྱ་པ་དང ། རིའི་རྒྱལ་པོ་སྣ་ཚོགས་བརྩེགས་དང ། རིའི་རྒྱལ་པོ་རིག་སྔགས་འཆང་དང ། རིའི་རྒྱལ་པོ་གཞན་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།གཤིན་རྗེ་དང ། མཚན་མོ་ནག་མོ་དང ། བེ་ཅོན་ནག་མོ་ཅན་དང ། སྐྱེས་བུ་ནག་པོ་དང ། འཆི་བདག་དང ། དཔལ་བྱིན་མ་དང ། རྣ་ནག་མ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དཀའ་ཐུབ་ཟློག་མ་དང ། ཙ་མུཎྜ་དང ། དྲག་པོའི་ཆུང་མ་དང ། ཚངས་པའི་ཆུང་མ་དང ། ཁྱབ་འཇུག་གི་ཆུང་མ་དང ། གཞོན་ནུའི་ཆུང་མ་དང ། ལུས་ངན་གྱི་ཆུང་མ་དང ། ཕག་གི་ཆུང་མ་དང ། འཇིགས་བྱེད་ཆེན་པོའི་ཆུང་མ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ།
24a
༄#། །ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཆུ་ཀླུང་ཆེན་པོ་གང་གཱ་དང ། ཆུ་ཀླུང་ཆེན་པོ་སི་ཏཱ་དང ། ཆུ་ཀླུང་ཆེན་པོ་དབྱངས་ཅན་དང ། ཆུ་ཀླུང་ཆེན་པོ་བི་ད་སྟ་དང ། ཆུ་ཀླུང་ཆེན་པོ་ཟླུ་བའི་ཆ་ཅན་དང ། ཆུ་ཀླུང་ཆེན་པོ་ཡ་མུ་ན་དང ། ཆུ་ཀླུང་ཆེན་པོ་ཀུན་གྱི་བཤེས་གཉེན་དང ། ཆུ་ཀླུང་ཆེན་པོ་མགྱོགས་ལྡན་དང ། ཆུ་ཀླུང་ཆེན་པོ་མཚོ་སྟེན་དང ། ཆུ་ཀླུང་ཆེན་པོ་བ་ལང་སྦྱིན་མཆོག་ལྡན་དང ། ཆུ་ཀླུང་ཆེན་པོ་བརྩེ་བ་སྦྱིན་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དྲི་ཟའི་རྒྱལ་པོ་སྣ་ཚོགས་ཕྲེང་བཅན་དང ། དྲི་ཟའི་རྒྱལ་པོ་འཕྲོག་པོ་དང ། དྲི་ཟའི་རྒྱལ་པོ་ཤུགས་ཆེན་དང ། དྲི་ཟའི་རྒྱལ་པོ་རྣམ་པར་གནོན་པ་དང ། དྲི་ཟའི་རྒྱལ་པོ་ཆུ་སྐྱེས་དང ། དྲི་ཟའི་རྒྱལ་པོ་ཨུཏྤ་ལ་ལྟ་བུའི་མིག་དང ། དྲི་ཟའི་རྒྱལ་པོ་ཙནྡན་བརྩེགས་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་
24b
ཕྱོགས་གཅིག་ཏུ་འཁོད་དོ། །རིག་སྔགས་འཆང་གི་རྒྱལ་པོ་ཏོག་དང ། རིག་སྔགས་འཆང་གི་རྒྱལ་པོ་ཉེ་བའི་ཏོག་དང ། རིག་སྔགས་འཆང་གི་རྒྱལ་པོ་རབ་ཏུ་གཏུམ་པ་དང ། རིག་སྔགས་འཆང་གི་རྒྱལ་པོ་བསྙེམས་ལྡན་དང ། རིག་སྔགས་འཆང་གི་རྒྱལ་པོ་ཤུགས་འཆང་དང ། རིག་སྔགས་འཆང་གི་རྒྱལ་པོ་སྣ་ཚོགས་སྡེ་དང ། རིག་སྔགས་འཆང་གི་རྒྱལ་པོ་དེ་དག་དང ། གཞན་ཡང་འཁོར་རིག་སྔགས་འཆང་གི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་མོ་སོ་ཅན་ཞེས་བྱ་བ་དང ། སྲིན་མོ་གཡེངས་བྱེད་ཅེས་བྱ་བ་དང ། སྲིན་མོ་མཚན་མོ་རྒྱུ་ཞེས་བྱ་བ་དང ། སྲིན་མོ་སོ་འཆའ་མ་ཞེས་བྱ་བ་དང ། སྲིན་མོ་རྨོངས་བྱེད་མ་ཞེས་བྱ་བ་དང ། སྲིན་མོ་རྒོད་མ་ཞེས་བྱ་བ་དང ། སྲིན་མོ་རྡོ་རྗེ་ལྟ་བུའི་ལྟོ་ཞེས་བྱ་བ་དང ། སྲིན་མོ་བུམ་ལྟོ་མ་ཞེས་བྱ་བ་དང ། སྲིན་མོ་ཟངས་འདབ་ཅན་ཞེས་བྱ་བ་དང ། སྲིན་མོ་གློག་ལྕེ་མ་ཞེས་བྱ་བ་དང ། སྲིན་མོ་བུན་ཙ་ལེ་ཞེས་བྱ་བ་དང ། སྲིན་མོ་བོང་མོ་ཞེས་བྱ་བ་དང ། སྲིན་མོ་འཇིགས་སུ་རུང་མ་ཞེས་བྱ་བ་དང ། སྲིན་མོ་ཞི་འམ་ལྟ་བུའི་སེན་མོ་ཅན་ཞེས་བྱ་བ་དང ། སྲིན་
25a
༄#། །མོ་ཆེན་པོ་དེ་དག་དང ། གཞན་ཡང་འཁོར་སྲིན་མོ་དུ་མ་དང་ལྡན་པ་དག་ཀྱང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །འབྱུང་པོའི་རྒྱལ་པོ་མདུང་ཅན་དང ། འབྱུང་པོའི་རྒྱལ་པོ་གཤོལ་ཅན་དང ། འབྱུང་པོའི་རྒྱལ་པོ་གཏུན་ཤིང་ཅན་དང ། འབྱུང་པོའི་རྒྱལ་པོ་གཤོལ་འཛིན་དང ། འབྱུང་པོའི་རྒྱལ་པོ་འགུགས་བྱེད་དང ། འབྱུང་པོའི་རྒྱལ་པོ་ཡང་དག་འགུགས་བྱེད་དང ། འབྱུང་པོའི་རྒྱལ་པོ་གཉའ་དྲག་འཁོར་འབྱུང་པོ་བརྒྱ་སྟོང་དུ་མ་དང་ལྡན་པ་ཡང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཤ་ཟ་ཐམས་ཅད་དང ། མདངས་འཕྲོག་པ་ཐམས་ཅད་དང ། གནོན་པོ་ཐམས་ཅད་དང ། གྲིབ་གནོན་ཐམས་ཅད་དང ། ཡི་དྭགས་ཐམས་ཅད་དང ། བདུད་ཐམས་ཅད་དང ། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་དང ། སྟོབས་པོ་ཆེའི་ཚོགས་ཀྱི་བདག་པོ་དང ། དེ་དག་ཐམས་ཅད་ཤིང་སཱ་ལ་སྣ་ཚོགས་
25b
ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །སྲིན་མོ་བཞི་གང་ཡིན་པ་དེ་དག་ཀྱང་ཕྱོགས་བཞི་ནས་ལྷགས་ཏེ་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཤིན་ཏུ་ཡངས་ཤིང ། ཐག་གྲུ་ཆེ་ལ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཅིང་ས་གཞི་རྡོ་རྗེ་དང ། བཻ་ཌཱུརྱ་དང ། སྤུག་གི་ཁ་ཁྱེར་གྱིས་རྣམ་པར་ཕྱེ་བ། ངོས་གཉིས་ཀའི་སྒོ་ཁང་དང ། རྟ་བབས་དང ། སྐར་ཁུང་གིས་བརྒྱན་ཏེ་མཛེས་པར་བྱས་པ། སྟེང་དུ་རིན་པོ་ཆེ་ཆེན་པོའི་དྲིལ་བུ་གཡེར་ཀའི་དྲ་བས་བྲེས་པ། མུ་ཏིག་གི་དོ་ཤལ་མང་པོ་དཔྱངས་པ། དར་གྱི་ལྡ་ལྡི་མང་པོ་བྲེས་པ། སིལ་སྙན་དང ། ཕེག་རྡོབ་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་པ། ལྷའི་མེ་ཏོག་ཨུཏྤ་ལ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། དྲི་མཆོག་གིས་ས་ཕྱོགས་དེ་བཀྲམ་པར་གྱུར་ཏེ། འདི་ལྟར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང ། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་
26a
༄#། །མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཐམས་ཅད་རྡོ་རྗེ་ཆེན་པོའི་ཁོར་ཡུག་གི་རིས་བསྐོར་བ། རྡོ་རྗེའི་དཀྱིལ་འཁོར་གྱི་ཁམས་སུ་གྱུར་པ། ཆུ་ཞེང་དཔག་ཚད་འབུམ་ཕྲག་བཅུ་པ། དུས་ཐམས་ཅད་པའི་མེ་ཏོག་གིས་ལེགས་པར་བརྒྱན་པ། ལྷའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཕྱོགས་ཆ་ཡོངས་སུ་གང་བ། བྱང་ཆུབ་སེམས་དཔའི་ལས་ཀྱིས་བྱུང་བ་སྟེ། དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོའི་གནས་དག་པའི་ལས་ཀྱི་བྱུང་བ། ལྷམ་མེ་ལྷང་ངེ་གནས་པ་དེ་བཞིན་དུ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཡང་བཅོམ་ལྡན་འདས་ཀྱི་མཐུས་ལྷན་ནེར་རྣམ་པར་མཛེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་མཉམ་པར་གཞག་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལེགས་སོ་ཞེས་བྱ་བའི་གསུང་ཕྱུང་སྟེ་རྡོ་རྗེ་འབྱུང་གནས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །རྡོ་རྗེ་འབྱུང་གནས་སྟོབས་པོ་ཆེ། །ཤཱཀྱ་སེངྒེ་སྐྱོབ་པ་ཡི། །འཁོར་གྱི་དཀྱིལ་འཁོར་འདི་ལ་ནི། །རྡོ་རྗེ་སྟོབས་ཆེན་སྲུང་བར་གྱིས།།
26b
ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སཝཱ་ཧཱ། རྡོ་རྗེ་འབྱུང་གནས་ཀྱི་སྙིང་པོའི་མཆོག་འདི་གསུངས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་རྡོ་རྗེ་འབྱུང་གནས་ཀྱི་སྙིང་པོའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་པར་གྱུར་ཏེ། རྡོ་རྗེ་འབྱུང་གནས་དབང་པོ་ཆེ། །སེམས་ཅན་ཀུན་ལ་ཕན་མཛད་པ། །འཁོར་གྱི་དཀྱིལ་འཁོར་འདི་ལ་ནི། །ཐུབ་པ་ཆེན་པོས་བྱིན་གྱིས་རློབས། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱང ། །སྙིང་པོ་འདི་ནི་འཛིན་གྱུར་ཅིག་།དེས་ན་འདིར་ནི་དེ་དག་ཀུན། །ཚུལ་ཆེན་དངོས་གྲུབ་ཐོབ་པར་ཤོག་།ཅེས་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་ཀུན་ཏུ་བཟང་པོ་དང ། བྱམས་པ་དང ། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་།བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་རྣམ་པར་དག་པའི་སྒོ་ལ་འཇུག་པའི་མཛོད་ཀྱི་སྙིང་པོ་ཞེས་བྱ་བའི་གསང་སྔགས་ལ་འཇུག་པ། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འབྲང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་གནས་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་སྙིང་པོ་ཞེས་བྱ་བའི་གསང་བའི་དཀྱིལ་
27a
༄#། །འཁོར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྟོན་པ། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ་འཕྲལ་དུ་འབྲས་བུ་མང་བ། བྱང་ཆུབ་སེམས་དཔའི་གསང་ཆེན་བྱང་ཆུབ་སེམས་དཔས་ལེགས་པར་བརྗོད་པ། བྱང་ཆུབ་སེམས་དཔའི་མིག་འཕྲུལ། བྱང་ཆུབ་སེམས་དཔའི་སྒྱུ་མས་རྣམ་པར་རོལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མི་ཤེས་ན་སེམས་ཅན་གཞན་དག་གིས་ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པ་དང ། དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དག་ནི་མ་གཏོགས་ཏེ། རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་དཀྱིལ་འཁོར་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ་ཞེས་བྱ་བ་གསང་བའི་མཆོག་ཡོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས། འདི་ནི་དུས་ལགས་སོ། །བདེ་བར་གཤེགས་པ། འདི་ནི་ཚོད་ལགས་སོ། །དེ་ནས་བཅོམ་ལྡན་འདས་སྔོན་གྱི་སྤྱོད་པ་ཡང་དག་པར་
27b
སྟོན་པ་བསྒྲུབ་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔོན་གྱི་སྤྱོད་པ་རྣམ་པར་དག་པའི་སྒོ། རྡོ་རྗེ་ཆེན་པོའི་འབྱུང་གནས། གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་སོ། །ན་མཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ་ཁཾ། གསང་སྔགས་ཀྱི་རྒྱལ་པོ་གསུངས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་པའི་སྙིང་གི་མགྲིན་གཅིག་ཏུ་ཚིག་སྨྲས་པ། ཀྱེ་མ་ཡེ་ཤེས་སྐྱིད་པ་ཆེ། །བསམ་གཏན་བདེ་བ་མཆོག་ཐོབ་པ། །ཀུན་ཀྱང་དེ་ཡི་དབང་དུ་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་རྩེ་གཅིག་ཏུ་གྱུར་པར་མཁྱེན་ནས། དཔལ་བེའུ་ལས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་ངོ ། །དེ་བྱུང་ནས་བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་སྣང་བར་བྱས་ཏེ། ཡང་བཅོམ་ལྡན་འདས་ཀྱི་དཔལ་གྱི་བེའུ་ཉིད་དུ་ཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་སྟོན་པར་སྨོན་ལམ་བཏབ་ནས་གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་སྟེ། དབུས་ཀྱི་འཛམ་བུའི་གླིང་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་
28a
༄#། །སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་གནས་པ་དེ་འོད་ཟེར་གྱིས་སྣང་བ་དེས་སྣང་བར་གྱུར་ནས་མིག་དང ། བཞིན་རྒྱས་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཡིད་ལ་བྱེད་ཅིང་ཅང་མི་ཟེར་བར་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འོང་བར་འགྱུར་བའི་བརྡའ་མཛད་དེ། ཚིགས་སུ་བཅད་པ་ཡང་འདི་གསུངས་སོ། །སེམས་ཅན་དག་པ་ཟླ་བཞིན་ཚུར་ཤོག་ཅིག་།དེ་བཞིན་གཤེགས་པས་བྱིན་བརླབས་བྱང་ཆུབ་གཞོལ། །བསམ་ཡས་མཉམ་ཉིད་ལེགས་རྟོགས་ཁོང་ཆུད་ཁྱོད། །རྟག་ཏུ་སངས་རྒྱས་བྱས་གཟོ་ཚུར་ཤོག་ཅིག ། དུས་གསུམ་མཉམ་པ་ཉིད་ལ་རྟག་གནས་པ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཆོག་ཚུར་ཤོག་།ཕྱོགས་བཅུ་དག་ན་སངས་རྒྱས་ཇི་སྙེད་ཅིག་།སེམས་ཅན་དོན་མཛད་བསམ་ཡས་གཟུགས་མངའ་བ། །དེ་དག་མ་ལུས་དོན་གྱི་མདུན་འགྲོ་ཁྱོད། །གསང་བའི་བདག་པོ་སེམས་ཅན་མཆོག་ཚུར་ཤོག་།གསང་བའི་དམ་པ་སེམས་ཅན་སྙིང་པོ་ཚུར། ། གདུལ་དཀའ་རྟག་འདུལ་དབང་ཐོབ་ཚུར་ཤོག་ཅིག་།བརྟེན་ཏེ་བྱུང་ལས་སྐྱེས་བ་པོ། །དུས་དང་ཚོད་ཤེས་ཚུར་ཤོག་ཅིག་།དམ་པ་ཐོབ་པ་ཚུར་ཤོག་ཅིག་།དམ་པ་སྦྱིན་
28b
བྱེད་ཚུར་ཤོག་ཅིག་།དཔལ་བྱེད་དཔལ་སྡུད་དཔལ་ལྡན་པ། །བདེ་བར་གཤེགས་པའི་སྲས་ཚུར་ཤོག་།སེམས་ཅན་བཟང་པོ་སྟོབས་པོ་ཆེ། །རྡོ་རྗེ་ལྟ་བུ་ཚུར་ཤོག་ཅིག ། སངས་རྒྱས་སྲས་པོ་འཇིགས་མེད་པ། །སྟོབས་ཅན་རྣམས་ཀྱི་མཆོག་ཚུར་ཤོག་།རྟག་ཏུ་སྲིད་བ་གསུམ་དེ་ཡི། །སྙིང་དགའ་བྱེད་པ་ཚུར་ཤོག་ཅིག་།ཡང་དག་ལམ་ནི་སྟོན་བྱེད་པ། །སྟོབས་བཅུར་གནས་པ་ཚུར་ཤོག་ཅིག་།སེམས་ཅན་དག་པ་རྫུ་འཕྲུལ་ཆེ། །ཀུན་ཏུ་བཟང་པོ་ཚུར་ཤོག་ཅིག་།ཀུན་ཏུ་མཛེས་པ་ཚུར་ཤོག་ཅིག་།སྲིད་གསུམ་དབང་ཕྱུག་ཚུར་ཤོག་ཅིག་།ཁྱོད་ནི་གཟུགས་བཟང་ཤིན་ཏུ་བརྒྱན། །གླང་པོ་རྣ་བ་ཁྱོད་ཚུར་ཤོག་།སྣ་ཚོགས་གཟུགས་ཅན་འཁྲུལ་མེད་ཁྱོད། །མཐོང་ན་དགའ་བ་ཚུར་ཤོག་ཅིག་།འགྲོ་ལྡིང་བ་ཡི་གཟུགས་ཅན་ཚུར། །ཚུར་ཤོག་ན་ད་ཀུ་བེ་ར། །རྟག་ཏུ་སྣ་ཚོགས་གོས་ཕྲེང་འཆང ། །ཅོད་པན་མགུལ་པ་ཚུར་ཤོག་ཅིག་།མི་འཇིགས་ཐོབ་པ་ཚུར་ཤོག་ཅིག་།འཇིགས་པ་འཇིགས་པ་ཚུར་ཤོག་ཅིག་།སངས་རྒྱས་སྲས་པོ་རྫུ་འཕྲུལ་ཆེ། །ཕྱི་ཤོལ་མ་བྱེད་ཚུར་ཤོག་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱི་ས་ཚིགས་སུ་བཅད་པ་འདི་དག་གསུངས་ནས། འོང་བ་ལ་འཇིགས་པ་མེད་པའི་སྒོའི་རིག་སྔགས་ཀྱི་རྒྱལ་པོ་གསུངས་པ། ན་མཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་ཐཱ་ཨ་བིསྨ་ཡེ་བཻ་ཤ་ར་དྱ་མུ་ཁེ་བྷ་ག་བ་ཏི་བཛྲ་ཨ་མ་ལི་
29a
༄#། །ནི་མཱ་བི་ལཾ་བ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་མི་འཇིགས་པའི་སྒོའི་རིག་སྔགས་ཀྱི་རྒྱལ་མོ་འདི་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་འདིས་བསྐུལ་བས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གནོད་སྦྱིན་གྱི་ཚོགས་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་།ཚུར་ཤོག་བཅོམ་ལྡན་འདས་དེ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དུ་མའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་བརྒྱ་སྟོང་དུ་མས་ནི་བསྐོར། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་བྱེ་བ་སྟོང་ཕྲག་དུ་མས་ནི་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པ་ག་ལ་བ་དེར་དོང་ངོ ། །དེ་ནས་གནོད་སྦྱིན་གྱི་ཚོགས་དེ་དག་དང ། གནོད་སྦྱིན་གཞོན་དུ་རྣམས་ཀྱིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། སེམས་ཅན་ཆེན་པོ། བཀའ་སྩལ་པ་བཞིན་དུ་བཅོམ་ལྡན་འདས་
29b
ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བའི་སླད་དུ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དེར་བཞུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེའི་ཚེ་རྒྱན་སྣ་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་མཐུན་པ་སྟོན་པ་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་བ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་ཡངས་ཤིང་རྒྱ་ཆེ་བ་ནོར་བུ་ཆེན་པོའི་ཀ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཟུག་པ། སྒོ་ཁང་དང ། རྟ་བབས་དང ། སྟེགས་བུ་དུ་མས་བརྒྱན་པ། འཛམ་བུ་ཆུ་བོའི་གསེར་ལས་ཤིང་སཱ་ལ་གཅིག་པ་ལྟ་བུར་བྱས་པས་རྣམ་པར་སྤྲས་པ། མཐའ་མཐར་ཕུག་རོན་ལྟ་བུའི་ཕྲེང་གིས་མཛེས་པར་བྱས་པ། མུ་ཏིག་སྣ་གཉིས་ཀྱི་དྲ་བས་བྲེས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བས་སྟེང་གི་བར་སྣང་ཡོངས་སུ་བསྐོར་བ། ལྷའི་རས་བཅོས་མ་དང ། དར་གྱི་ལྡ་ལྡི་མང་པོ་བྲེས་པས་མཛེས་པར་བྱས་པ། ལྷའི་སིལ་སྙན་དང ། ཕེག་རྡོབ་
30a
༄#། །པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གླུ་ལེན་གར་བྱེད་རོལ་མོ་བྱེད་ཅིང་སྙན་པར་སྨྲ་ལ་གདུ་བུ་དང ། རྣ་ཆ་གདུབ་འཁོར་གྱིས་བརྒྱན་ཅིང་ལྷའི་ལུས་དང་ལྡན་པ་རྣམས་ཀྱིས་གང་བ། རིན་པོ་ཆེ་ཆེན་པོའི་བྲ་རེ་ཀུན་ཏུ་བྲེས་པ། ཕྱོགས་བཻ་ཌཱུརྱ་ཆེན་པོས་ལེགས་པར་སྤྲས་པ། ཀ་ཙ་ལི་དི་ཀ་ལྟར་རེག་ན་བདེ་བ། དུས་ཐམས་ཅད་པའི་མེ་ཏོག་གི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། ལྷའི་རིན་པོ་ཆེའི་ཐིམ་སྐས་ཀྱི་ཕྲེང་གིས་རྣམ་པར་སྤྲས་པ། ངང་པ་དང ། བཞད་དང ། ངུར་པ་དང ། ཤང་ཤང་ཏེའུ་དང ། ནེ་ཙོ་དང ། རི་སྐེགས་དང ། རྨ་བྱ་དང ། ཁྲུང་ཁྲུང་དང ། བྱའི་ཚོགས་དུ་མ་སྒྲ་འབྱིན་བ་དང ། ལྷའི་མེ་ཏོག་ཨུཔྟ་ལ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། དྲི་མཆོག་དང ། པདྨ་དང ། ཀ་ལ་ར་ཀ་དང ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་རྫིང་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱད་པར་བྱ་བ། ལྷའི་ཙནྡན་སྦྲུལ་གྱི་སྙིང་པོའི་རྫབ་ཀྱི་རྙོག་མ་ཅན་དག་གིས་ཀུན་ནས་མཛེས་པར་བྱས་པ། རྟག་ཏུ་རྒྱུན་མི་འཆད་པར་ཁང་པ་བརྩེགས་པ་དེར་ལྷའི་མེ་ཏོག་མན་དཱ་ར་བ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། ས་བརྟོལ་དང ། ས་བརྟོལ་ཆེན་པོའི་མེ་ཏོག་གི་ཆར་མངོན་པར་འབབ་པ། ཨ་ག་རུ་ནག་པོའི་བདུག་
30b
པའི་སྤྲིན་མང་པོས་ཁེབས་པས་རྣམ་པར་མཛེས་པ་བྱུང་བར་གྱུར་ཏེ། ཁང་པ་བརྩེགས་པ་དེའི་ནང་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སོ་སོའི་གནས་བསམ་པ་ཇི་ལྟ་བ་བཞིན་དུ་ལས་ཀྱིས་བསྐྱེད་པ་དེ་དག་མངོན་པར་སྤྲུལ་ཏོ། །ཁང་པ་བརྩེགས་པ་དེ་དག་རེ་རེ་ལ་ཡང་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་སོགས་པ་ཡིད་བཞིན་གྱི་ནོར་བུ་བཅུ་དྲུག་རིན་པོ་ཆེའི་རྒྱལ་པོ་ལ་སོགས་པས་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་སྤྱད་པར་བྱ་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ནོར་པུ་རིན་པོ་ཆེ་ཆེན་པོ་དག་བཀོད་དོ། །རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་པ་བརྩེགས་པ་ཐམས་ཅད་ལ་རྒྱན་པ་དང ། རྒྱལ་མཚན་དང ། བདན་སྒྲེང་བས་མཛེས་པར་བྱས་སོ། །ཁང་པ་བརྩེགས་པ་དེ་དག་ཏུ་ཡང་པདྨའི་སྙིང་པོའི་སེངྒེའི་ཁྲི་རྣམས་སྤྲུལ་ཏོ། །ཁང་པ་བརྩེགས་པ་ཐམས་ཅད་ཀྱང་བེ་ཌཱུརྱ་ཆེན་པོ་གསལ་བའི་རང་བཞིན་ཅན་ཏེ།་འདི་ལྟ་སྟེ། དཔེར་ན། ཤིན་ཏུ་ཕྱིས་པའི་མེ་ལོང་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་པ་བརྩེགས་པ་ཡང་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ་སྟེ། བཻ་ཌཱུརྱ་གསལ་བའི་ཕྱིར་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་ངོ ། །དབུས་སུ་ནི་བཅོམ་ལྡན་འདས་ཀྱི་
31a
༄#། །སེངྒེའི་ཁྲི་འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་རིན་པོ་ཆེ་ཆེན་པོའི་རྒྱལ་པོ་ལས་བྱས་པ་མངོན་པར་སྤྲུལ་ཏོ། །སེམས་ཅན་ཐམས་ཅད་ཉེ་བར་འཆི་བའི་ཡོ་བྱད་ཀྱི་སྤྲིན་དག་ཁང་པ་བརྩེགས་པ་དེར་ཀུན་ནས་རྟག་ཏུ་བབས་པར་མངོན་པར་སྤྲུལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་རྒྱ་མཚོ་སྤྱད་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་མཉན་པའི་ཕྱིར་གནོད་སྦྱིན་གྱི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་གནོད་སྦྱིན་གཞོན་ནུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་ཁང་པ་བརྩེགས་པ་དེ་ལག་པ་གཉིས་ཀས་བླངས་ཏེ། སྟེང་གི་བར་སྣང་ལས་བབས་ཏེ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ངོ ། །ཁང་བ་བརྩེགས་པ་དེའི་འོད་ཀྱིས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་
31b
ནགས་ཚལ་སྟུག་པོ་འདི་ཐམས་ཅད་སྣང་བ་ཆེན་པོས་སྣང་བར་གྱུར་ནས་གང་དག་འཁོར་དེར་འདུས་ཤིང་འཁོད་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དེ་དག་སྣང་བ་དེས་སྣང་བར་བྱས་པས་ཕྱོགས་བཞིར་རྣམ་པར་བལྟས་པ་དང ། སྟེང་གི་བར་སྣང་ལ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་བའི་ཉི་མ་སྟོང་ལྟར་ལྷམ་མེར་རྣམ་པར་མཛེས་པར་མཐོང་ངོ ། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་པའི་སྙིང་གིས་ཕན་ཚུན་རྣམ་པར་བལྟས་ནས་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གཟུངས་ཐོབ་པ་དང ། བཟོད་པ་ཐོབ་པ་དང ། སྟོབས་ཐོབ་པ་དེ་དག་གིས་ཀྱང་རྣམ་པར་བལྟས་ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་བ། ཉི་མ་སྟོང་ལྟར་ལྷ་མ་མེར་རྣམ་པར་མཛེས་པ་མཐོང་ནས་དེ་དག་ཀྱང་ཡ་མཚན་དུ་གྱུར་པའི་སྙིང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཞུས་པ། བཅོམ་ལྡན་འདས། འདི་ནས་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྯྟ་བརྒྱད་ཀྱི་སྟེང་གི་བར་སྣང་ལ་ལྷམ་མེ། ལྷན་ནེ། ལྷང་ངེར་གདའ་ཞིང ། བཅོམ་ལྡན་འདས། རྟོགས་པར་དཀའ་ལ་བརྗོད་པར་དཀའ་བ་འདི་ཅི་ལགས། དེ་སྐད་
32a
༄#། །ཅེས་གསོལ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷའི་འཁོར་ཆེན་པོ་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་།འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ང་ལ་བལྟ་བ་དང ། ཕྱག་བྱ་བ་དང ། མཆོད་པ་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་མཉན་པའི་ཕྱིར་འོངས་ཏེ། ང་ལ་མཆོད་པའི་ཕྱིར་རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཁང་པ་བརྩེགས་པ་མངོན་པར་སྤྲུལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་བསྟན་པའི་ཆོ་འཕྲུལ་སྔོན་གྱི་སྤྱོད་པ་བསྒྲུབ་པའི་རྒྱུ་མཐུན་པ་སྟེ། འདི་ནི་ཆོས་གང་གི་ཡོན་ཏན་བསྐལ་པ་བརྒྱར་ཡང་མཐའ་རྟོགས་པར་མི་ནུས་པ་དེའི་འོད་ལྷ་མ་མེ། ལྷན་ནེ། ལྷང་ངེར་འདུག་པའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེ་ཡང་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་རྣམ་པར་དག་པའི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀུན་ཏུ་འདྲིའོ། །བཅོམ་ལྡན་འདས་ཀྱིས་ཚིག་གི་ལན་འདི་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཤིང་ཏ་ལ་བདུན་སྲིད་ཙམ་
32b
གྱི་སྟེང་གི་བར་སྣང་ལ་འདུག་ནས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཐམས་ཅད་དུ་ལྷའི་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། ཕེག་རྡོབ་པའི་སྤྲིན་མངོན་པར་སྤྲུལ་ཏེ། ཆར་དུ་ཕབ་ནས་སྟེང་གི་ནམ་མཁའ་ལས་བབས་ཏེ་ཁང་པ་བརྩེགས་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །ཕུལ་ནས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །སྐུ་དང་གསུང་དང་ཐུགས་མཁྱེན་པས། །རྣམ་དག་བརྟུལ་ཞུགས་བཟང་པོ་པ། །རྟོག་པ་ཀུན་གྱིས་རྣམ་དག་པ། །ཕྱག་འཚལ་སེམས་ཅན་དག་ཁྱོད་ལ། །མིག་དང་དེ་བཞིན་རྣ་བ་དང ། །སྣ་དང་དེ་བཞིན་ལྕེ་དང་ནི། །ལུས་དང་དེ་བཞིན་ཡིད་ཀྱང་ནི། །སྨྲ་བའི་མཆོག་ལ་བདག་ཕྱག་འཚལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཡུལ་ཅན་བཙལ་བ་ཡི། ། དངོས་པོ་ཀུན་ལས་རྣམ་གྲོལ་བ། །རྒྱལ་བ་མཆོག་ལ་ཕྱག་འཚལ་ལོ། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །སྐུ་གསུང་ཐུགས་ལ་སོགས་པ་ཡི། །གཟུགས་བརྙན་ལྟ་བུར་འཇིག་རྟེན་དུ། །མངའ་བདག་ཁྱོད་ནི་རྟག་ཏུ་དགའ། །ཁྱོད་ནི་སེམས་ཅན་སྲོག་མ་ལགས། །གང་ཟག་ཀུན་གཞི་ཁྱོད་མ་ལགས། །དུས་དང་རང་བཞིན་ལས་མ་བྱུང ། །ཇི་
33a
༄#། །ལྟར་མ་ལགས་ཅི་མ་ལགས། །ཁྱོད་ནི་བརྟེན་ནས་བྱུང་བ་ཙམ། །སྒྱུ་མ་ལྟ་བུར་དངོས་པོ་སྤངས། །ཆོས་རྣམས་སྒྱུ་མ་ལྟ་བུར་ནི། །ཐུགས་སུ་ཁྱོད་ཆུད་རྐང་གཉིས་མཆོག་།ཁྱོད་ནི་ངོ་བོ་ཉིད་ཀྱིས་སྟོང ། །སྟོང་པ་ཉིད་ཀྱང་མཆིས་མ་ལགས། །སྟོང་དང་མི་སྟོང་རྣམ་པར་གྲོལ། །ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་གཡོག་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་བལྟ་ཞིང་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་ཁང་པ་བརྩེགས་པ་དེ་དང ། བཀོད་པ་དེ་དག་དང ། སིལ་སྙན་དང ། ཕེག་རྡོབ་པ་དེ་དག་ལས་ཐེག་པ་ཆེན་པོའི་ཐོག་མའི་སྤྱོད་པའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲག་གོ་།གཟོད་ནས་ཞི་ཞིང་མཚན་ཉིད་མེད། །ཆོས་ཉིད་གཅིག་ཏུ་དག་པ་སྟེ། །ཁྱེད་ཅག་ཐེ་ཚོམ་དྭོགས་སྤོངས་ལ། །ཀྱེ་མའོ་འདི་ལ་བརྩོན་པར་གྱིས། །ཐེག་པ་ཆེན་པོའི་གནས་འདི་ནི། །སྔོན་གྱི་སྤྱོད་པ་བླ་ན་མེད། །སྤྱོད་པའི་རྒྱལ་པོ་བསྐྱེད་ཆེ་བ། །ཀུན་གྱིས་ཤིན་ཏུ་ཐོབ་པར་གྱིས། །སྔོན་གྱི་སྤྱོད་པ་རྒྱ་མཚོ་རྣམས། །ཡོངས་སུ་
33b
དག་པའི་རྒྱུ་ཡིས་ནི། །རྒྱལ་བ་རྣམ་པར་སྣང་མཛད་ནི། །རྟག་ཏུ་འདི་ན་མཛེས་ལ་ལྟོས། །སྟོན་པ་གང་དུའང་མི་གནས་ལ། །གང་དུའང་སྤྱོད་པར་མི་གནས་ཀྱང ། །གང་དག་སྤྱོད་པ་རྣམ་སྦྱངས་པ། །དེ་དག་ཀུན་ལ་གནས་པར་གྱུར། །འགྲོ་བའི་མངའ་བདག་མིག་དང་ནི། །རྣ་བ་དེ་བཞིན་སྣ་དང་ནི། །ལྕེ་དང་དེ་བཞིན་ལུས་དང་ཡང ། །ཡིད་དུ་སྣང་བ་མ་ལགས་སོ། །དང་པོ་འབྱུང་བའི་སྤྱོད་པ་ནི། །གང་གི་ཚེ་ན་སྦྱངས་གྱུར་པ། །དེ་ཚེ་བཅོམ་ལྡན་རྣམ་སྣང་མཛད། །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང ། །རིང་བ་མ་ལགས་ཉེ་མ་ལགས། །ནང་དང་ཕྱི་ནི་མ་ལགས་ཏེ། །རྟག་ཏུ་ནམ་མཁའ་འདྲར་གནས་པ། །རྣལ་འབྱོར་པ་ནི་ཆེན་པོ་སྣང ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་ཚིགས་སུ་བཅད་པ་དེ་དག་བརྗོད་མ་ཐག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་
34a
༄#། །སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ། ཁྱོད་ཅི་དང ། ཅི་འདོད་པ་དྲིས་ཤིག་།ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་འཇུག་པ། ཐེག་པ་ཆེན་པོ་ལ་འཇུག་པ་ཞེས་བགྱི་བ་འདི་ནི་ཆོས་གང་གི་ཚིག་བླ་དྭགས་ལགས། ཐེག་པ་ཆེན་པོ་ལ་འཇུག་པ་དེའི་སྤྱོད་པ་ནི་ཇི་ལྟ་བུ་ཞིག་ལགས། སྤྱོད་པ་དེ་རྟོགས་པར་ཁོང་དུ་ཆུད་པ་ནི་སུ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་ཆེན་པོ། ལེགས་སོ། །ལེགས་སོ། །སེམས་ཅན་ཆེན་པོ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བ་ཡང་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ངས་ཐེག་པ་ཆེན་པོ་ལ་འཇུག་པ་དང ། ཐེག་པ་ཆེན་པོ་ལ་འཇུག་པའི་གནས་བཤད་པར་བྱའོ། །རིགས་ཀྱི་བུ། དེ་ལ་ཐེག་པ་ཆེན་པོ་ཞེས་
34b
བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ཚིག་བླ་དྭགས་སོ། །དེའི་འཇུག་པ་ནི་བྱང་ཆུབ་པོ། །རིགས་ཀྱི་བུ། གནས་ཞེས་བྱ་བ་ནི་གཞིའོ། །དེ་ཡང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སྤྱོད་པ་སྟེ། སེམས་ཅན་ཐམས་ཅད་འདུལ་བའི་དབང་ཉེ་བར་བཟུང་ནས་ཡུལ་དང ། དུས་ཀྱི་དབང་གིས་དེའི་རྣམ་པ་སྟོན་པའོ། །རིགས་ཀྱི་བུ། གཞན་ཡང་ཐེག་པ་ཆེན་པོ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་དང ། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །དེ་ལ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ནི་སྤྱོད་པའི་ངོ་བོའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཐེག་པ་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོའོ། །རིགས་ཀྱི་བུ། གཞན་ཡང་འདུས་བྱས་ནི་རྐྱེན་གྱིས་བསྐྱེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དོ། །རིགས་ཀྱི་བུ། འདུས་མ་བྱས་ནི་མི་སྐྱེ་བའི་ཆོས་ཉིད་དང ། སྟོང་པ་ཉིད་ཀྱི་རང་གི་ངོ་བོའོ། །རིགས་ཀྱི་བུ། གཞན་ཡང་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོ་གང་ཞེ་ན། སྟོང་པ་ཉིད་མངོན་དུ་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་དང ། དུས་ཀྱི་དབང་གིས་སེམས་ཅན་འདུལ་བའི་དབང་ཉེ་བར་བཟུང་སྟེ། བྱ་བ་དང ། ལས་ཀྱིས་ཀུན་ཏུ་བསླང་བའི་ཚུལ་གྱིས་འདོགས་པ་སྟེ། རིགས་ཀྱི་བུ། འདི་ནི་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོའོ། །རིགས་ཀྱི་བུ། དེ་ལ་འདུས་མ་བྱས་ཀྱི་ཐེག་པ་ཆེན་
35a
༄#། །པོ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ། ཇི་ལྟར་གནས་པའི་ཆོས་ཉིད་ཅེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཆིག་བླ་དྭགས་སོ། །བསམ་གྱིས་མ་ཁྱབ་པའི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་གང་ཡིན་པ་དེ་ནི་མཐའ་གཉིས་ལ་མི་ལྟོས་པ་སྟེ། དེ་ལ་གདགས་པའི་ངོ་བོ་ཉིད་མེད་ཅིང་མི་གདགས་པའི་ངོ་བོ་ཉིད་ཀྱང་ཡང་མེད་དོ། །གང་ལ་གདགས་པའི་ངོ་བོ་མེད་ཅིང་མི་གདགས་པའི་ངོ་བོ་མེད་པ་དེ་ལ་སྤྱོད་པ་མེད་དོ། །གང་ལ་སྤྱོད་པ་མེད་པ་དེ་བརྗོད་པར་བྱ་བ་མ་ཡིན་ནོ། །གང་བརྗོད་པར་བྱ་བ་མ་ཡིན་པ་དེ་དངོས་པོ་ཐམས་ཅད་དང་བྲལ་བའོ། །གང་དངོས་པོ་ཐམས་ཅད་དང་བྲལ་བ་དེ་མི་འཁྲུགས་པའོ། །གང་མི་འཁྲུགས་པ་དེ་ཆོས་སོ། །ཆོས་གང་ཡིན་པ་དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བདེན་པའོ། །རིགས་ཀྱི་བུ། བདེན་པ་གང་ཡིན་པ་དེ་ཡོད་པའོ། །ཡོད་པ་གང་ཡིན་པ་དེ་བརྫུན་མ་ཡིན་པའོ། །གང་བརྫུན་མ་ཡིན་པ་དེ་ཡང་དག་བའོ། །ཡང་དག་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །ཆོས་ཉིད་གང་ཡིན་པ་དེ་མི་རྟོག་རྣམ་པར་མི་རྟོག་གོ་།གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ཡེ་
35b
ཤེས་སོ། །ཡེ་ཤེས་གང་ཡིན་པ་དེ་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི་བཏགས་པའོ། །བཏགས་པ་གང་ཡིན་པ་དེ་ནི་རྟོག་པའོ། །རྟོག་པ་གང་ཡིན་པ་དེ་ཀུན་རྫོབ་ཅེས་བསྟན་ཏེ། ཀུན་རྫོབ་ཡོད་པས་སྤྱོད་པ་བཏགས་སོ། །བཏགས་པ་ཡོད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སྟོན་ཏོ། །སངས་རྒྱས་ཀྱི་མཛད་པ་བདུད་བཞི་ཕམ་པར་བྱེད་པ་དང ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཐུག་པའི་བར་དང ། གནས་པ་དང ། འབྱུང་བ་དང ། འཇིག་པ་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འབྱོར་པ་དང ། རྒུད་པ་འཇིག་རྟེན་དུ་ཀུན་ཏུ་སྟོན་ཏོ། །རིགས་ཀྱི་བུ། དེ་ལ་སོགས་པ་དུས་དང ། ཡུལ་གྱི་དབང་ཉེ་བར་བཟུང་ནས་སྤྱོད་པའི་དཀྱིལ་འཁོར་བཅས་ཏེ་ཐབས་སྣ་ཚོགས་ཀྱི་ཚུལ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཆོས་བསྟན་པ་དེ་ནི་ཡང་དག་པའི་ཕུལ་ཡིན་ཏེ། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ། ཡུལ་གཅིག་ཡང་དག་པར་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རིགས་ཀྱི་བུ། ཆོས་ཉིད་གང་ཡིན་པ་དེ་ལ་ནི་གདགས་པའམ། རྣམ་པར་རིག་པ་མེད་ཅིང་མི་
36a
༄#། །དམིགས་ཏེ་ཡེ་ཤེས་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལ་ནི་སྤྱོད་པ་ཡང་མེད། མི་སྤྱོད་པ་ཡང་མེད། བསླབ་པ་ཡང་མེད། བསླབ་པ་མ་ཡིན་པ་ཡང་མེད།་འདུལ་བ་ཡང་མེད། འདུལ་བ་མ་ཡིན་པ་ཡང་མེད་དོ། །དེ་ལ་ནི་ལུས་སམ། ངག་གམ། ཡིད་ཀྱི་འཇུག་པའམ། ལྡོག་བ་མི་དམིགས་སོ། །དེ་དེ་བཞིན་གཤེགས་པའམ། སངས་རྒྱས་ཞེས་བྱ་བ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འམ། ཉན་ཐོས་ཞེས་བྱ་བ་འམ། རང་སངས་རྒྱས་ཞེས་བྱ་བ་འམ། ཆོས་ཞེས་བྱ་བ་འམ། དགེ་འདུན་ཞེས་བྱ་བ་འམ། ལྷ་ཞེས་བྱ་བ་འམ། ཀླུ་ཞེས་བྱ་བ་བའམ། གནོད་སྦྱིན་ཞེས་བྱ་བ་འམ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ཞེས་བྱ་བའི་བར་རམ། ཡོད་ཅེས་བྱ་བ་འམ། མེད་ཅེས་བྱ་བ་འམ། བསོད་ནམས་ཞེས་བྱ་བ་འམ། འཁོར་བ་ཞེས་བྱ་བ་འམ། མྱ་ངན་ལས་འདས་པ་ཞེས་བྱ་བ་འམ། འཆིང་བ་ཞེས་བྱ་བ་འམ། ཐར་པ་ཞེས་བྱ་བ་མེད་དོ། །རིགས་ཀྱི་བུ། དེ་ལ་ནི་དུས་ཞེས་བྱ་བ་འམ། ཚོད་ཅེས་བྱ་བ་འམ། སྐད་ཅིག་ཅེས་བྱ་བ་འམ། ཡུད་ཙམ་ཞེས་བྱ་བ་འམ། ཐང་ཅིག་ཅེས་བྱ་བ་མེད་དོ། །དེ་ལ་ནི་ཟླ་བ་ཞེས་བྱ་བ་འམ། སྐར་མ་ཞེས་བྱ་བ་འམ། ཉི་མ་ཞེས་བྱ་བ་འམ། མེ་ཞེས་བྱ་བ་འམ། རླུང་ཞེས་
36b
བྱ་བ་འམ། ཆུ་ཞེས་བྱ་བ་འམ། ས་ཞེས་བྱ་བ་འམ། མཚན་མོ་ཞེས་བྱ་བ་འམ། ཉིན་མོ་ཞེས་བྱ་བ་འམ། དུས་ཚིགས་ཞེས་བྱ་བ་འམ། ལོ་ཁྱུད་འཁོར་ཞེས་བྱ་བ་འམ། ཟླ་བ་ཞེས་བྱ་བ་མེད་དོ། །རིགས་ཀྱི་བུ། དེ་ལྟར་ན་རྟོག་པས་བརྟགས་པའི་སྒོ་འཇིག་རྟེན་གྱི་ཐ་སྙད་ཀྱི་མཐར་ལྟུང་བ་ཇི་སྙེད་པ་དང ། འཇིག་རྟེན་ལས་འདས་པའི་བརྟགས་པའི་སྒོ་ཇི་སྙེད་པ་དེ་དག་ཐམས་ཅད་ན་དེ་ལ་མི་འགྱུར་ཞིང་མེད་དེ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་དེ་གཉིས་སུ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེ་ལ་གཉིས་སུ་མི་འབྱུང་ངོ ། ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་གཉིས་པ་མ་སྐྱེས་པའི་ཕྱིར་ནམ་མཁའི་ཁམས་ནི་གཉིས་སུ་མེད་དོ། །རིགས་ཀྱི་བུ། དེ་བཞིན་དུ་ཆོས་ཉིད་ཀྱང་གཉིས་སུ་མེད་པའོ། །རིགས་ཀྱི་བུ། དེ་ལྟར་ན་གང་ཆོས་ཉིད་འདི་ལྟ་བུ་ལ་སྤྱོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བསླབ་པ་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །ཐོབ་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པའོ། །རྩོམ་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩོམ་པའོ། །འདུལ་བ་མ་ཡིན་པ་དེ་
37a
༄#། །ནི་འདུལ་བའོ། །གདགས་སུ་མེད་པ་ནི་འདོགས་པའོ། །མཐོང་བ་མེད་པ་ནི་སངས་རྒྱས་མཐོང་བའོ། །བསྙེན་བཀུར་མི་བྱེད་པ་ནི་དགེ་འདུན་ལ་བསྙེན་བཀུར་བྱེད་པའོ། །མི་ཉན་པ་ནི་ཆོས་ཉན་པའོ། །ཁོང་དུ་ཆུད་པ་མེད་པ་ནི་ཁོང་དུ་ཆུད་པའོ། །འགྲོ་བ་མེད་པ་ནི་འགྲོ་བའོ། །གནས་པ་མེད་པ་ནི་གནས་སོ། །སྟོང་པ་ཉིད་མ་ཡིན་པ་ནི་སྟོང་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་པ་མེད་པ། ཐོབ་པ་མེད་པ། མངོན་པར་རྟོགས་པ་མེད་པ། མངོན་སུམ་དུ་བྱེད་པ་མེད་པའོ། །རིགས་ཀྱི་བུ། རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤྱོད་པ་སྤྱད་པའོ། །གང་དུ་ཡང་མི་ཆགས་པའོ། །གང་དུ་ཡང་རྗེས་སུ་ཆགས་པ་མེད་དོ། །གང་དུ་ཡང་ཁོང་ཁྲོ་བ་མེད་དོ། །གང་དུ་ཡང་ཞེ་སྡང་བ་མེད་དོ། །དེ་མི་སྣང ། མ་རྨོངས། ཕྱིན་ཅི་མ་ལོག་པས་རྟག་ཏུ་མཉམ་པར་གཞག་པ་སྟེ། རྣམ་པར་མི་རྟོག་པ།་ཞི་བ། ལེགས་པར་གནས་པ། ཟླ་མེད་པ། མི་གཡོ་བ། རབ་ཏུ་མི་གཡོ་བ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། སེམས་ཅན་གྱི་དོན་བྱ་བ་ལ་ཡོངས་སུ་མི་སྐྱོ་བ། དུས་གསུམ་ཡང་སྒྱིད་ལུག་པ་མེད་པའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའི་ཁམས་ནི་རྡུལ་ལམ། དུ་བ་འམ། སྤྲིན་གྱིས་ཀུན་ནས་ཉོན་མོངས་པར་
37b
མི་འགྱུར། སྒྱིད་ལུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་རྣམ་པར་མི་རྟོག་པའི་ཕྱིར་རོ། །རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྤྱོད་པ་འདི་ལྟ་བུ་སྤྱད་པ་ཡང་སྒྱིད་ལུག་པར་མི་འགྱུར། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རིགས་ཀྱི་བུ། དེ་ལ་སྤྱོད་པ་འདི་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་བཀོད་པའི་རྒྱན་རྡོ་རྗེ་ཆེན་པོའི་རྟོག་གི་སྤྱོད་པ་རྡོ་རྗེ་ཆེན་པོ་ལས་འབྱུང་བ། དེ་བཞིན་གཤེགས་པའི་སྤྱོད་པས་བསོད་ནམས་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གཟུང་བར་བྱ། བཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ་།ངོ་མཚར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་དག་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་རྙེད་པ་ལེགས་པར་རྙེད་པ་ལགས་ན་གང་དག་ཉན་པ་དང ། འཆད་བ་དང ། ཀློག་པ་དང ། ཡིད་ལ་བགྱིད་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས། དེ་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལགས་སོ། །བཅོམ་ལྡན་འདས། དེ་དག་ནི་ཐེག་
38a
༄#། །པ་ཆེན་པོ་བླ་ན་མེད་པ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་འཕྲུལ་བའི་གནས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་སྐལ་བ་མཆིས་པ་ལགས་སོ། །བདག་ལ་ཐུགས་བརྩེ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་བླ་ན་མེད་པ་འཕྲལ་དུ་འབྲས་བུ་མང་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ཏེ། རྡོ་རྗེ་ཆེན་པོ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་མཉམ་པར་གཞག་མ་ཐག་ཏུ། དེ་ནས་དེའི་མོད་ལ་ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཆེན་པོའི་སྒྲ་སྒྲོགས་ཏེ། གསུང་གཅིག་ཏུ་རྡོ་རྗེ་ཆེན་པོ་འབར་བའི་འོད་འཕྲོ་བའི་སྙིང་པོ་ཞེས་བྱ་བའི་རྡོ་རྗེའི་འབྱུང་གནས་རྡོ་རྗེ་སེམས་དཔའི་ཡི་གེ་བརྗོད་ཅིང་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དང ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། རྡོ་རྗེ་ཆེན་པོ་པདྨའི་གདན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ་ཞེས་བསྙུན་
38b
གསོལ་ཏེ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་ལྡན་ནམ། འཚོ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་བསྙུན་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སློད་ནས་རྡོ་རྗེའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་རྡོ་རྗེ་གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་སོ། །ན་མཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་ཐཱ་ཨོཾ་བཛྲ་ཀ་ར་ཁཾ་སཝཱཧཱ། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་གསང་སྔགས་གསུངས་ནས། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་རྣམ་པར་འཕྲུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་ཡ་མཚན་དུ་ཆེའོ་སྙམ་དུ་སྙིང་འདུན་པར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་ཞིང་འཁོད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་ཡ་མཚན་ཆེ་སྙམ་དུ་རྩེ་གཅིག་ཏུ་གྱུར་པར་རིག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཞུས་པ། གསང་སྔགས་རྒྱལ་པོ་བཀའ་སྩལ་ནས། །རྣམ་པར་
39a
༄#། །འདྲེན་རྣམས་མི་གསུང་ལས། །བདེ་གཤེགས་སྲས་ལ་རྡོ་རྗེ་ཡིས། །དབང་བསྐུར་དུ་ནི་ངེས་པར་གདའ། །གསང་སྔགས་སྤྱོད་པ་ཡེ་ཤེས་ཆེ། ། ཐེག་པ་ཆེན་པོའི་གོ་འཕང་མཆོག་།དེར་ནི་ཐམས་ཅད་མཁྱེན་ཉིད་དང ། །དོན་ཀུན་གྲུབ་པའི་སྤྱོད་པ་ཐོབ། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་པ་ཆེན་པོ་ཐམས་ཅད་མཁྱེན། །སྔོན་གྱི་རྫོགས་སངས་རྒྱས་རྣམས་ཀྱིས། །ནགས་ཚལ་མཆོག་འདིར་རྟག་ཏུ་བཤད། །སཱ་ལའི་རྒྱལ་མཚན་ཉམས་དགའ་ཆེ། །སྤྱོད་པ་ཡང་དག་བསྟན་པའི་གནས། །སྔོན་གྱི་སྤྱོད་ལས་བྱུང་གྱུར་པ། །གསང་སྔགས་ཤེས་ལས་བྱུང་བར་བཤད། །གང་དག་འདས་པའི་རྫོགས་སངས་རྒྱས། །དེ་བཞིན་གང་དག་མ་བྱོན་དང ། ། མགོན་པོ་གང་དག་ད་ལྟ་བྱུང ། །རྣམ་པར་འདྲེན་པ་བཞུགས་པ་རྣམས། །དེ་དག་ཐམས་ཅད་འདིར་གཤེགས་ཤིང ། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་པ་ཆེན་པོ་དབང་བསྐུར་འདི། །བདེ་གཤེགས་སྲས་ལ་རབ་ཏུ་སྩོལ། །སངས་རྒྱས་དྲང་སྲོང་ཆེན་པོ་པ། །ཀུན་གྱི་དབང་ནི་བདག་ལགས་སོ། །འཇིག་རྟེན་ཕན་པར་འཚལ་བས་ན། ། རྫོགས་སངས་རྒྱས་ལ་གསོལ་བ་འཚལ། །བསྟན་པ་ཀུན་ལ་བསྲུང་བ་དང ། །དམ་ཆོས་རྟག་གནས་བགྱི་སླད་དུ། །བདག་ཉིད་ཆེ་བའི་སྤྱི་གཙུག་ཏུ། །རྫོགས་སངས་རྒྱས་
39b
ཀྱི་དབང་བསྐུར་སྩོལ། །གསང་སྔགས་སྤྱོད་ལས་བྱུང་བ་ཡི། །ཐེག་ཆེན་རྟོགས་པར་ཁོང་དུ་ཆུད། །སྔོན་གྱི་སྨོན་ལམ་ངེས་བྱུང་བ། །སངས་རྒྱས་སྲས་པོ་གྲགས་ཆེན་ལགས། ། ཐོག་མའི་སྤྱོད་ལྡན་ངེས་པ་འདི། །སངས་རྒྱས་འདྲ་འམ་ཅི་ཞིག་ཏེ། །བདེ་གཤེགས་སྲས་པོ་ཆགས་མེད་པ། །བྱང་ཆུབ་མཐར་ཐུག་དབང་ཐོབ་ལགས། །གསང་སྔགས་མགོན་པོས་རྣམ་ཀུན་ཏུ། །འཁོར་འདི་བྱིན་གྱིས་བརླབས་ལགས་ན། །གསང་སྔགས་རྒྱལ་པོ་བཀའ་སྩལ་ནས། །ཅི་སླད་མི་གསུང་གྱུར་ཅིང་བཞུགས། །ཐམས་ཅད་ངོ་མཚར་འཛིན་འགྱུར་ཏེ། །བདེ་བར་རྟོག་ལ་བརྩོན་པར་གནས། །དཔའ་བོ་ཆེ་རྣམས་ཐེ་ཚོམ་དང ། །དེ་བཞིན་ཡིད་གཉིས་བསལ་དུ་གསོལ། །ད་ནི་དུས་ལ་བབ་ལགས་ན། །ཕྱི་བཤོལ་མ་མཛད་བཤད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བ་བཏབ་པར་མཁྱེན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ། །འདྲེན་པ་རྣམས་ཀྱིས་གང་སངས་རྒྱས། །ཆོས་ཉིད་འདི་ནི་གཅིག་ཏུ་མཆོག་།རྟག་ཏུ་མཉམ་གཞག་རྣམས་ཀྱིས་ནི། །རབ་ཏུ་བསྒྲིམས་ཏེ་དེ་རྟོགས་བྱ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་
40a
༄#། །ཚལ་སྟུག་པོ་ཀུན་ཏུ་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱམས་བཀོད་པ་གྲུ་བཞི་ལྷམ་པ། སྒོ་བཞི་གཏོད་པ། རིན་པོ་ཆེ་སྣ་བདུན་གྱི་ཕྱི་རས་བསྐོར་བ། སྒོ་ཁང་དང ། རྟ་བབས་དང ། སྟེགས་བུས་བརྒྱན་པ། སྟེང་དུ་རིན་པོ་ཆེའི་བླ་རེ་བྲེས་པ། རིན་པོ་ཆེའི་དྲིལ་བུ་དཔྱངས་པ། རིན་པོ་ཆེ་སྣ་ལྔའི་སྲད་བུ་བྲེས་པར་བྱིན་གྱིས་བརླབས་ཏེ་དབུས་སུ་རྡོ་རྗེ་པདྨའི་ཁྲི་དང ། ཕྱོགས་ཆ་བརྒྱད་དུ་རྡོ་རྗེ་ཆེན་པོའི་ཕྲེང་བས་བསྐོར་བ་དང ། རྡོ་རྗེ་ཕྱི་རས་ཀུན་ཏུ་བསྐོར་བ་དང ། རྡོ་རྗེའི་ཕྱི་རྒྱབ་ཏུ་ནི་རྡོ་རྗེའི་ཕྲེང་བ་དང ། རྡོ་རྗེའི་སྲད་བུས་བྲེས་པ་དང ། རྡོ་རྗེ་བཅིང་བས་བཅིངས་པ་དང ། རྡོ་རྗེའི་ཕུར་བུ་དག་གདབ་པ་དང ། ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་ནས་སྟེང་གི་གཙུག་ཏོར་ནས་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་འོད་ཟེར་ཕྱུང་ངོ ། །འོད་ཟེར་དེ་དག་བྱུང་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱི་གཙུག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པའི་འོད་ཟེར་དེ་དག་ཞུགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དགའ་ཞིང་མགུ་ནས་རབ་ཏུ་དགའ་སྟེ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་སྙིང་པོ་སྨྲས་པ།
40b
ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤཝ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨ་པྲ་ཏི་ཧ་ཏ་བ་ལ། མཧཱ་བཛྲ་ཨཱ་ཛྙཱ་ཀ་ར་ཎ། ན་མོ་སྟུ་ཏེ་སཝཱཧཱ། དེ་ནས་ཐོགས་པ་མེད་པའི་སྟོབས་རྡོ་རྗེའི་སྙིང་པོ་སྨྲས་མ་ཐག་ཏུ་དེ་བཞིན་གཤེགས་པ་དེ་དག་གི་ཏིང་ངེ་འཛིན་དང ། གཟུངས་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། འཕགས་པའི་བདེན་པ་དང ། སྟོང་པ་ཉིད་དང།་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང ། སྟོང་པ་ཉིད་ཆེན་པོའི་མཐའ་ལས་བྱས་པ་སྦྱིན་པ་དང ། དུལ་བ་དང ། ཡང་དག་པར་སྡོམ་པ་དང ། དེས་མ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་བསྐྱེད་པའི་གཟུགས་ཅན་གྱི་རྡོ་རྗེ་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལག་ཏུ་བྱིན་ནོ། །དེ་བཞིན་གཤེགས་པ་དེ་དག་གིས་ཀུན་ཏུ་བཟང་པོའི་ལག་ཏུ་རྡོ་རྗེ་བྱིན་མ་ཐག་ཏུ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ཉན་ཐོས་ཐམས་ཅད་དང ། རང་སངས་རྒྱས་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་མ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཀྱེ་མ། བྱང་
41a
༄#། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ལག་ན་རྡོ་རྗེའོ། །ལག་ན་རྡོ་རྗེའོ། །ཞེས་བརྗོད་དོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་གསུམ་པ། དེ་བཞིན་གཤེགས་པ་དེ་དག་གིས་དམ་ཚིག་འདི་བྱིན་གྱིས་བརླབས་ནས། ཡང་གསང་བའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་འདི་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་གུ་ཧྱ་བཛྲ་དྷ་ར་སཝཱཧཱ། དེ་ནས་གསང་བའི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། གསང་བའི་བདག་པོའོ། གསང་བའི་བདག་པོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་ནས།་འདི་ལྟ་སྟེ། སྙིང་པོ་འདིའི་མཐུ་དང ། དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང ། ཡེ་ཤེས་ཕུན་སུམ་ཚོགས་པ་དག་མངོན་སུམ་དུ་ཞུགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་བསྟན་པ་ཀུན་ཏུ་བསྲུང་བ་དང ། འགྲོ་བ་ཡོངས་སུ་སྐྱོབ་པའི་སྙིང་པོ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བའི་གཟུངས་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་
41b
བཛྲ་དྷ་ར་བི་ར་བི་ར་བི་ཀི་ར་བི་ཀི་ར་སཝཱཧཱ། རྡོ་རྗེ་ཆེན་པོ་རྒྱ་ཆེ་བའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེ་ཆེན་པོ་རྒྱ་ཆེ་བ་ལས་བྱུང་བའི་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་རྣམས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང ། སེམས་དང་བོ་བསྐྱེད་པ་རྣམས་དང ། ལས་དང་པོ་པ་རྣམས་དང ། སེམས་ཅན་རྣམས་ཀྱི་རྒྱབ་དང ། མདུན་དང ། མ་ཉལ་བའམ། གཉིད་ཀྱིས་ལོག་པའམ། ཆོས་སྟོན་པའམ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། སེམས་ཅན་གྱི་དོན་བྱེད་པའམ། སྤྲུལ་པ་རབ་ཏུ་བྱེད་པའི་བར་དུ་ཐམས་ཅད་ཀྱི་དྲུང་ན་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཆོ་ག་ཤེས་པ་ལག་ན་རྡོ་རྗེ་ཅོད་པན་དུ་ཀུན་ཏུ་སྣང་ངོ ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཕྱོགས་རྡོ་རྗེས་བཅིངས་པ་ཞེས་བྱ་བ་རྡོ་རྗེའི་སྙིང་པོ་མཆོག་གསུངས་པ།་ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་དིག་བཛྲ་ཊ་ཊ་ཊ་ཊ་ཊཾ་སཝཱཧཱ། ཕྱོགས་རྡོ་རྗེས་བཅིངས་པའི་སྙིང་པོ་འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ན་སེམས་ཅན་
42a
༄#། །མ་རུངས་པ་ཐམས་ཅད་རྡོ་རྗེའི་བཅིང་བས་བཅིངས་པར་སྣང་ངོ ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་སའི་རྡོ་རྗེའི་ཕུར་བུ་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཋ་ཋ་ཋ་ཋ་ཋཾ་སཝཱ་ཧཱ། ས་རྟོན་གྱི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་རྡོ་རྗེའི་ས་རྟོན་ཏོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ས་འོག་གི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་མཆོག་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཡ་ཊ་ཡ་ཊཾ་སཝཱཧཱ། ས་འོག་གི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སའི་འོག་གི་ཕྲག་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ས་འོག་གི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རིག་སྔགས་འཆང་ཐམས་ཅད་ཀྱི་འགྲོ་བ་གཅོད་པ་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་བེ་བྷྱཿ ་སརྦ་ཐཱ་ཙིཚནྡ་སརྦ་བཱི་རྱཱནྟུ་ར་ག་དེ་མ་པྲ་བརྨ་ལ་བྡྷ་བི་ཛ་ཡེ་སཝཱ་ཧཱ། རིག་སྔགས་འཆང་གི་
42b
འགྲོ་བ་གཅོད་པའི་སྙིང་པོ་མཆོག་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། རིག་སྔགས་འཆང་གི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རིག་སྔགས་འཆང་གི་འགྲོ་བ་གཅོད་པའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་གནོད་སྦྱིན་ཚར་གཅོད་པའི་རྡོ་རྗེ་ཆེན་པོའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཡཀྵ་ནི་གྲྀ་ཧ་ད་ཏ་སཝཱ་ཧཱ། གནོད་སྦྱིན་གྱི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། གནོད་སྦྱིན་གྱི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གནོད་སྦྱིན་གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཀླུའི་རྡོ་རྗེ་བསྒྲགས་པའི་ཏོག་རྒྱལ་མཚན་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧ་ར་ཧ་ར་ནཱ་ག་བཛྲ་སཝཱ་ཧཱ། དེ་ནས་ཀླུའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། ཀླུའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཀླུའི་རྡོ་རྗེ་ཞེས་སྒྲ་
43a
༄#། །གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་དྲི་ཟའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མ་ཐ་མ་ཐ་བཛྲ་གནྡྷརྦ་ཧྲྀ་ད་ཡ་སཝཱཧཱ། རྡོ་རྗེ་ཆེན་པོ་དྲི་ཟའི་སྙིང་པོ་གསུངས་མ་ཐག་ཏུ་དེ་ནས་དེའི་མོད་ལ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། དྲི་ཟའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་དྲི་ཟའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་ནམ་མཁའ་ལྡིང་གི་དབང་པོའི་སྙིང་པོ་གསུངས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བཛྲ་པི་ཏ་ཏ་དྷ་ར་ཀ་ར་ཧཾ་ཧ་སཝཱ་ཧཱ། དེ་ནས་རྡོ་རྗེ་ཆེན་པོ་ནམ་མཁའ་ལྡིང་གི་དབང་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང།་ནམ་མཁའ་ལྡིང་གི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཆེན་པོ་འདི་ནི་ནམ་མཁའ་ལྡིང་གི་དབང་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་མི་འམ་ཅིའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་
43b
སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀནྣི་ར་དནད་བི་ཇེ་ཡ་ཤཔྟ་སཝཱ་ཧཱ། དེ་ནས་མིའམ་ཅིའི་སྙིང་པོ་མཆོག་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། མི་འམ་ཅིའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་མིའམ་ཅིའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། ། ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མ་ཧོ་ར་ག་བཛྲ་ཛྭཱ་ལཱ་ཡ་སཝཱཧཱ། དེ་ནས་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ལྟོ་འཕྱེ་ཆེན་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་སྲིན་པོའི་སྙིང་པོ་འདི་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་རཀྵ་ས་ཀྲཱུ་ར་ད་ཧ་པ་ཙ་ཊུཾ་ཊུཾ་ཊུཾ་ཊུཾ་སཝཱཧཱ། དེ་ནས་རྡོ་རྗེ་ཆེན་པོ་སྲིན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སྲིན་པོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་སྲིན་
44a
༄#། །པོའི་རྡོ་རྗེའི་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་མཁའ་འགྲོ་མ་ཞེས་བྱ་བའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཧྲྀད་ཧེ་ཏ་སཝཱཧཱ། དེ་ནས་རྡོ་རྗེ་ཆེན་པོ་མཁའ་འགྲོ་མའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། མཁའ་འགྲོ་མའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་མཁའ་འགྲོ་མའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་འབྱུང་བོའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧ་ལེ་ཧུ་ལེ་བཛྲ་མ་ཧཱ་བྷུ་ཏེ་ཤཝ་ར་སཝཱཧཱ། རྡོ་རྗེ་ཆེན་པོ་འབྱུང་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། འབྱུང་པོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་འབྱུང་པོའི་རྡོ་རྗེ་ཆེན་པོའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོའི་ཤ་ཟའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་
44b
ཐཱ་མཧཱ་བཛྲ་པི་ཤཱ་ཙི་ཤཝ་ར་བི་ཤཝ་ཧྲྀ་ད་ཡ་གཾ་མི་ཙི་མི་ཙི་མ་ཊ་མ་ཊ་བཛྲ་སཝཱ་ཧཱ། རྡོ་རྗེ་ཆེན་པོ་ཤ་ཟའི་སྙིང་པོ་འདི་དག་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། ཤ་ཟའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཤ་ཟའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་ཤ་ཟ་མོའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དུ་ཏི་པི་ཤཱ་ཙི་ཀི་རི་མི་རི་མི་ལེ་སཝཱ་ཧཱ། རྡོ་རྗེ་ཆེན་པོ་ཤ་ཟ་མོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། ཤ་ཟ་མོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ཤ་ཟ་མོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་སྲིན་མོའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀ་རཱ་ལི་རཱཀྵ་སི་ཧཱ་རི་མི་རི་སཝཱཧཱ། རྡོ་རྗེ་སྲིན་མོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སྲིན་མོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་སྲིན་མོའི་རྡོ་རྗེའོ་
45a
༄#། །ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་གནོན་པོའི་སྙིང་པོ་གསུངས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨོསྟཱ་ར་ཀ་བཛྲ་ཧི་སི་སཝཱཧཱ། གནོན་པོའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། གནོན་པོའི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གནོན་པོའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་གྲིབ་གནོན་རབ་ཏུ་འཇིགས་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཀི་ལི་ཀི་ལི་བཛྲ་བི་དྷ་ཧི་ནི་སཝཱཧཱ། གྲིབ་གནོན་རབ་ཏུ་འཇིགས་པའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། གྲིབ་གནོན་གྱི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གྲིབ་གནོན་གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་བརྗོད་བྱེད་ཀྱི་གདོན་འགོག་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་གྲཾ་གྲཾ་སྥ་ར་ཎ་བཛྲ་སཝཱཧཱ། བརྗེད་བྱེད་ཀྱི་
45b
གདོན་འགོག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། བརྗོད་བྱེད་ཀྱི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་བརྗེད་བྱེད་ཀྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཡང་གདོན་ཐམས་ཅད་བཟློག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་ར་བཛྲ་སརྦ་གྲ་ཧ་ནི་ཀྲྀནྟ་ན་ཛཱ་ཊི་བ་ལཾ་པོ་ད་ར་རཊ་རཊ་སཝཱ་ཧཱ། གདོན་ཐམས་ཅད་བཟློག་པའི་རྡོ་རྗེའི་སྙིང་པོ་འདི་དག་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། གདོན་ཐམས་ཅད་ཀྱི་གནས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་གདོན་ཐམས་ཅད་བཟློག་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ལྷ་ལ་སོགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱ། སརྦ་ཐཱ་བཛྲཾ་བཛྲཾ་སཾ་སཾ་སཝཱཧཱ། ལྷ་ལ་སོགས་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། ལྷ་ལ་སོགས་པ་ཐམས་ཅད་ཀྱི་གནས་རྣམས་སུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་
46a
༄#། །ལྷ་ལ་སོགས་པའི་སྙིང་པོ་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ནད་ཀྱི་གདན་ཐམས་ཅད་ཚར་གཅོད་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བྷཻ་ཥ་ཛྙ་བཛྲ་ཨ་མྲྀ་ཏ་བྷ་བ་སཝཱ་ཧཱ། རྩི་སྨན་ཆེན་པོའི་རྡོ་རྗེའི་སྙིང་པོ་འདི་དག་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། རྩི་སྨན་ཆེན་པོའི་གནས་རྣམས་སུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྩི་སྨན་གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གི་ནད་གདོན་བསལ་བའི་རྡོ་རྗེའི་སྙིང་པོ་གསུངས་པ།་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏྲ་ཊ་ཏྲ་ཊ་བཛྲ་སཝཱཧཱ། ནད་བསལ་བའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ནད་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྒ་བའི་གདོན་འགོག་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་མྲྀ་ཏོད་
46b
བྷ་བ་བཛྲ་ལ་ལ་ལ་ལ་སཝཱ་ཧཱ། རྒ་བ་འགོག་པའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྒ་བ་འགོག་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་འཆི་བ་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀ་དི་བཛྲ་ཛ་ཡ་ཧ་ཧ་སཝཱ་ཧཱ། འཆི་བ་རབ་ཏུ་ཞི་བར་བྱེད་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་འཆི་བ་ལས་རྒྱལ་བའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྒུད་པའི་གདོན་བཟློག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ་སརྦ་ཐཱར་བ་མ་བཛྲ་སརྦ་ཤྲི་ཡཾ་ཨ་བྷུ་ད་ཡ་ན་ད་ད་མ་ཧཱ་ཀཱ་རུ་ཎི་ཀ་དྷ་ཀ་དྷ་ཀ་སཝཱ་ཧཱ། རྒུད་པ་ཐམས་ཅད་འགོག་པའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྒུད་པ་ཐམས་ཅད་འགོག་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་
47a
༄#། །གྲགས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་འཁོར་ལོས་བསྒྱུར་བ་ཆེན་པོ་སྟོབས་ཐོགས་པ་མེད་པའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨོཾ་བཛྲ་ཙཀྲ་བརྟི་ཧཱུཾ་སཝཱ་ཧཱ། དེ་ནས་འཁོར་ལོས་བསྒྱུར་བ་ཆེན་པོའི་གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང ། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་དང ། ལྷ་དང།་ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲིན་པོ་དང ། འབྱུང་པོ་དང ། ཤ་ཟ་ལ་སོགས་པའི་གནས་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཆེན་པོའི་འཁོར་ལོས་བསྒྱུར་བ་ཞེས་བྱ་བའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོ་འཁོར་ལོས་བསྒྱུར་བའི་སྙིང་པོ་གསུངས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཛྲཱི་ཤྲཱི་ཧཱུཾ་སཝཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཡང་འཁོར་ལོས་བསྒྱུར་བ་ཆེན་པོ་ལ་སོགས་པ་རྡོ་རྗེ་ཆེན་པོའི་སྙིང་པོ་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་
47b
རྡོ་རྗེ་ལ་བྱིན་ནོ། །བྱིན་ནས་ཀྱང་འོད་ཟེར་གྱི་དྲ་བ་ཆེན་པོའི་དཀྱིལ་འཁོར་གྱི་སྤྲིན་སྟུག་པོའི་དྲ་བ་ཆེན་པོས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དང ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་དང ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས་ཆོས་གསུམ་གྱི་བྱིན་གྱིས་བརླབས་ཀྱིས་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒྱུར་ནས་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་དེའི་ཚེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་འཁོར་ལོས་བསྒྱུར་བ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལག་ཏུ་རྡོ་རྗེས་དབང་བསྐུར་བས་ཁྱོད་དབང་བསྐུར་ཏོ། །ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པའི་རྡོ་རྗེ་ཁྱོད་ལ་བྱིན་ནོ། །འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཆེན་པོའི་རྡོ་རྗེས་ཁྱོད་བྱིན་གྱིས་བརླབས་སོ། །རྡོ་རྗེའི་སྙིང་པོ་ཐམས་ཅད་ཁྱོད་ལ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ལ་བསྟན་པ་ཐམས་ཅད་ཀྱི་དོན་བྱ་བ་དང ། བསྲུང་བར་གནང་ངོ ། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་སོ། །རིགས་ཀྱི་བུ། ད་རང་གི་
48a
༄#། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ངེས་པར་སྟོན་ཅིག་།རིགས་ཀྱི་བུ། ལག་ན་རྡོ་རྗེས་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ཤོད་ཅིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཀྱི་རྗེས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཆལ་ལོ། །བཅོམ་ལྡན་འདས། བདག་མཆོག་ཏུ་ངོ་མཚར་ཐོབ་པ་དང ། བདག་རྣམ་པར་རྒྱལ་བའི་ཆོས་དམ་པ་ཐོབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེའི་ཚེ་རྡོ་རྗེ་བརྩེགས་པ་ཆེན་པོ་རྣམ་པར་བསྒྲགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་བརྩེགས་པ་ཆེན་པོ་རྣམ་པར་བསྒྲགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང ། ཞིང་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །
48b
འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག། རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ་།ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའོ། །བྱང་ཕྱོགས་མཐོན་ལྷོ་ཕྱོགས་དམའོ། །དབུས་མཐོ་ན་མཐའ་དམའོ། །མཐའ་མཐོན་དབུས་དམའོ། །སྣང་བ་ཆེན་པོ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གང་དག་འཇིག་རྟེན་གྱི་བར་མུན་པ་མུན་ནག་སྨག་ཏུ་གྱུར་པ་ན་འཁོད་པ་དེ་དག་ཀྱང་འོད་དེས་སྣང་བར་བྱས་ནས་སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཕན་ཚུན་བལྟ་ཞིང་གཅིག་གིས་གཅིག་མཐོང་ནས་སེམས་ཅན་གཞན་དག་གཅིག་འདིར་སྐྱེས་པ་བལྟ། སེམས་ཅན་གཞན་དག་གཅིག་འདིར་སྐྱེས་པ་བལྟའོ་སྙམ་མོ། །དེ་དག་གིས་བལྟས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རྡོ་རྗེའི་ཡི་གེའི་སྙིང་པོའི་གཟུངས་ཀྱི་ཆོས་སྟོན་ཏོ། །དེ་དག་གིས་ཆོས་དེ་ཐོས་ནས་དད་པ་རྙེད་དེ་ཤི་འཕོས་ནས་ལྷའི་ནང་དུ་སྐྱེས་ཏེ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བ་དེར་ལག་ན་རྡོ་རྗེ་དབང་བསྐུར་བ་ཆེན་པོས་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། མཆོད་པ་བྱ་བའི་ཕྱིར་དོང་ངོ ། །
49a
༄#། །ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཀྱང་སྐད་ཅིག་དེ་དང ། ཡུད་ཙམ་དེ་དང ། ཐང་ཅིག་དེ་ལ་ཆད་པར་གྱུར་ཏོ། །དེའི་ཚེ་དུད་འགྲོའི་སྐྱེ་གནས་ཀྱི་མིང་ཡང་མི་གྲག་པར་གྱུར་ཏོ། །ཡི་དྭགས་ཀྱི་གནས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ར་བས་ཀུན་ཏུ་བསྐོར་བ་དང ། ལྷའི་ཟས་དང ། སྐོམ་དང།་ཡོ་བྱད་ཡོངས་སུ་རྫོགས་པ་དང ། ལྷའི་ལུས་དང་ལྡན་པར་གྱུར་ཏོ། །ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་སྟུག་པོ་འདི་ཐམས་ཅད་ཀྱང་སྣང་བ་ཆེན་པོས་སྣང་བར་གྱུར་ཏོ། །ལྷའི་བུ་ཉི་མ་དང ། ཟླ་བ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་འདི་གཉིས་ཀྱང་ལྷ་མ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེར་མ་ཡིན་ཏེ། དེ་བཞིན་གཤེགས་པའི་འོད་དང ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའི་འོད་མ་གཏོགས་པར་འོད་གཞན་ཐམས་ཅད་མོག་མོག་པོར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ཏིང་ངེ་འཛིན་འདི་ཉིད་ལ་མཉམ་པར་གཞག་མ་ཐག་ཏུ་དེའི་ཚེ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོའི་རྒྱལ་པོ་དག་བྱུང་ནས་ཧཱུཾ་ཞེས་བྱ་བའི་སྒྲ་ཆེན་པོ་ནི་བསྒྲགས། ལག་ན་རྡོ་རྗེ་ནི་ཐོགས། གདོང་གི་དཔྲལ་བའི་ཁྲོ་གཉེར་ནི་བསྙེར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་དབྱངས་གཅིག་གིས་གོ་བར་བྱེད་ཅིང །
49b
ཀྱེ།་མ་རུངས་པ་ཡི་སྲིན་པོ་དང ། །ཕ་ཡི་མཚུན་དང་ཤ་ཟ་དང ། །མ་མོའི་གདོན་དང་འབྱུང་པོ་དང ། །བརྗེད་བྱེད་གྲུབ་པ་སྤྲུལ་འཛིན་བཅས། །གནོན་པོ་བགེགས་དང་ལོག་འདྲེན་སོགས། །གདོན་གྱི་ཚོགས་རྣམས་ཐམས་ཅད་ནི། །སེར་སྣ་ཡོངས་སུ་བཏང་བྱོས་ལ། །དུལ་བའི་སེམས་ཀྱིས་མཉམ་གཞག་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཁས་པ་དག་ནི་སྐྱབས་སུ་དེང ། །རྡོ་རྗེ་འཛིན་པ་དཔལ་ལྡན་དེ། །རྡོ་རྗེ་རབ་ཏུ་འབར་འཛིན་པ། །ནགས་ཚལ་དམ་པ་ཉམས་དགའ་བར། །ཡིད་འོང་ཁང་པ་བརྩེགས་ན་བཞུགས། དེང་ལ་མགོན་པོ་དེ་ལས་ནི། །དམ་ཚིག་ཡོངས་སུ་སྩལ་བྱོས་ལ། །ང་རྒྱལ་ང་ཡི་མེད་བྱོས་ཏེ། །ས་རྣམས་ཀུན་ཏུ་རྒྱུ་བར་བྱོས། །གཞན་དུ་ཁྱེད་ཅག་དེ་རིང་ཉིད། །རྡོ་རྗེ་འབར་བ་རབ་འཁྲུགས་པ། །འབར་བ་འཇིགས་ཆེན་འདི་དག་གིས། །མགོ་ནི་ཤིན་ཏུ་འགེམས་པར་འགྱུར། །དེ་ལྟར་ཁྲོ་བོའི་རྒྱལ་པོ་དག་།འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བཙལ་མེད་ཚིག་གིས་གོ་བྱས་ནས། །རྡོ་རྗེ་འཛིན་གྱི་གན་དེངས་ཤིག་།ཅེས་ཚིག་ཏུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེའི་ཚེ་འབྱུང་བོའི་ཚོགས་ཐམས་ཅད་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་བསྟན་པ་འདི་འཚོལ་ཞིང ། སངས་རྒྱས་ལ་སྐྱབས་སུ་དོང་ངོ ། །ཆོས་ལ་སྐྱབས་སུ་དོང་ངོ ། །དགེ་འདུན་ལ་སྐྱབས་སུ་དོང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
50a
༄#། །པོ་ལག་ན་རྡོ་རྗེ་ལ་ཡང་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་དེའི་ཚེ་རང་གི་སྙིང་པོ་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙཎྜ་མཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ཧཱུཾ་ཕཊ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་རང་གི་སྙིང་པོ་སྨྲས་མ་ཐག་ཏུ་དེ་ནས་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་ཀྱི་གནས་རྣམས་སུ། ཀྱེ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་ལག་ན་རྡོ་རྗེ་དྲག་པོའོ། །ལག་ན་རྡོ་རྗེ་དྲག་པོའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེ་ཐོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཆེན་པོ་ལ་སྨོན་ལམ་ཤིན་ཏུ་བཏབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རྡོ་རྗེ་དྲག་པོའི་སྙིང་པོ་འདི་སྨྲས་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གནང་བས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ཏེ་དཀྱིལ་
50b
འཁོར་ཆེན་པོ་སྨྲས་སོ། །དེ་ལ་སློབ་དཔོན་གསང་སྔགས་ཀྱི། །དེ་ཉིད་དོན་མཁས་ཚུལ་ཁྲིམས་ལྡན། །སྒྱུ་རྩལ་རྣམས་ལ་མཁས་པ་དང ། །སྙིང་རྗེའི་རང་བཞིན་བཟོད་དང་ལྡན། །སངས་རྒྱས་ཆོས་དང་དགེ་འདུན་སེམས། །ངེས་པ་དང་ནི་དུས་ཤེས་པ། །གཡེར་བ་སྲོ་ཤི་མ་ཡིན་པ། །མདངས་ཆེ་ཟབ་མོའི་ཆོས་ལ་མོས། །བཟླས་བརྗོད་ལ་བརྩོན་རྟག་ཏུ་ནི། །བསམ་གཏན་བྱེད་པ་ལ་དགའ་ཞིང ། །ལག་ན་རྡོ་རྗེའི་མིང་ཐོས་པའི། །སྔགས་པ་དེ་ཡིས་རྟག་པར་ནི། །མཆིལ་མ་འབྱུང་ཞིང་སྤུ་ཟིང་བྱེད། །རྨི་ཡང་ལག་ན་རྡོ་རྗེ་ལ། ། ཡིད་གཉིས་ཐེ་ཚོམ་མེད་པ་དང ། །དུས་ཤེས་དེ་བཞིན་ཚོད་ཤེས་ཤིང ། །བྱས་གཟོ་དེ་བཞིན་བདེན་སྨྲ་བ། །སློབ་དཔོན་དེ་ལྟ་བུས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་སྤྱན་སྔ་འམ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ཏེ་གོང་དུ་སྨོས་པའི་སྙིང་པོ་དེ་དག་རེ་རེ་ཞིང་ཡང་འབུམ་འབུམ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་ལག་ན་རྡོ་རྗེ་དྲག་པོའི་སྙིང་པོས་ཡུངས་ཀར་དང ། མངར་གསུམ་བསྲེས་པ་དག་ལན་ཁྲིར་སྦྱིན་སྲེག་བྱའོ། །དེའི་འོག་ཏུ་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་འདུག་སྟེ། བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་བཟླས་བརྗོད་བྱའོ། །དྲག་པོའི་སྙིང་པོ་ཆེན་པོས་སློབ་མ་དག་པར་བྱ་བ་དང ། བསྲུང་བའི་ཆོ་ག་བྱའོ། །དེའི་འོག་ཏུ་ས་བརྟག་པར་
51a
༄#། །བྱ་སྟེ། རྡོ་དང ། གསེག་མ་དང ། གྱོ་མོ་མེད་པ། སྐྱེ་བ་པོ་གྲོག་སྦུར་ལ་སོགས་པའི་སྐྱོན་དང་བྲལ་བའི་ས་ནི་ཐམས་ཅད་དུ་ཡང་ཤིས་པའོ། །དེར་གཟའ་གཏུམ་པོ་ལ་མ་བབ་པ། ཚེས་གྲངས་ངན་པ་མ་ཡིན་པ། མི་མཐུན་པར་འཇུག་པ་དང་ཕྲད་པ་སྤངས་པ་དང ། ཉི་མ་དང ། བྱེད་པ་དང ། ཡུད་ཙམ་དང ། རྒྱུ་སྐར་དང ། གཟའ་བཟང་པོར་མངོན་པ་ལ་ལས་བརྩམས་ན་ཤིས་པར་འགྱུར་རོ། །དམར་དང་སེར་དང་དཀར་དང་ནག་།འདྲེན་མ་པ་ནི་ལྔ་པ་ཡིན། །གང་ཡང་རུང་བའི་ས་དེར་ནི། ། མཁས་པས་ཁྲུ་གང་ཙམ་བརྐོས་ནས། །སྔགས་པ་ཡིས་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་རྣམ་པ་ཀུན་ཏུ་མཆོག་།ཁ་ད་ཆད་ནི་འབྲིང་དུ་བརྗོད། ། གང་བར་མ་གྱུར་ས་དེ་སྤང ། །མཁས་པས་དེར་ནི་བརྩམ་མི་བྱ། །དཀར་པོ་དག་ནི་ཞི་བར་བསྟན། །དམར་པོ་དབང་གི་དོན་དུ་འདོད། །སེར་པོ་རྒྱས་པར་ཤེས་པར་བྱ། །ནག་པོ་དྲག་ཤུལ་སྤྱོད་པར་ཤེས། །དེར་ནི་མཆོད་ཡོན་གཏོར་མ་དང ། །མར་མེ་སྤོས་དང་བདུག་པ་དག་།བསྒྲིམས་ཏེ་བྱིན་ནས་བསྲུང་བྱ་སྟེ། །མཉམ་པར་གཞག་ནས་ས་ལ་བརྗོད། །དེ་ཡི་ནུབ་མོས་དེར་ནི། །ཀུ་ཤ་བཏིང་བའི་སྟེང་དུ་ཉལ། །གལ་ཏེ་ས་ནི་རུང་གྱུར་ན། །དེར་ནི་བསྒྲིམས་ཏེ་བྲི་བར་བྱ། །སྔོན་གྱི་སངས་རྒྱས་མི་མཆོག་གིས། །དེ་ནི་
51b
བགེགས་མེད་ཡིན་ཞེས་བརྗོད། །གཞན་དུ་ན་ནི་དེར་མི་བྲི། །བགེགས་དང་བཅས་པས་ཕུང་བར་འགྱུར། དེ་ནས་སྔགས་པ་ལངས་ནས་ནི། །དེ་ཡི་ཉིན་མོ་མཁས་པ་ཡིས། །ས་ནི་ཤིན་ཏུ་ཡོངས་སྦྱངས་ཕྱིར། །སྦྱིན་སྲེག་བྱ་བ་འདི་བྱ་སྟེ། །སྦྲང་རྩི་དང་ནི་འོ་མ་དང ། །མར་བ་སྲེས་སྦྱིན་སྲེག་མཆོག་ཏུ་འགྱུར། །ཞི་བའི་སེམས་ཀྱིས་སྦྱིན་བླུགས་ནི། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །དེ་ནས་སྔགས་པས་ས་བརྐོས་ལ། །ས་དེ་ཉིད་ཀྱིས་སླར་དགང་ངོ ། །ཡང་ན་དཀྱིལ་འཁོར་ལས་ཀྱི་ཚེ། །སྔགས་པས་སྤོས་ཀྱིས་ས་དགང་ངོ ། །ལེགས་པར་བརྡུང་ཞིང་མཉམ་འཇམ་བྱ། །ཕྱོགས་ཆ་དག་དང་སྒོ་ཡི་རྣམས། །ཀུན་ཀྱང་རྣམ་པ་ཐམས་ཅད་དུ། །རིན་ཆེན་སྣ་ལྔས་རབ་མཛེས་བྱ། །བྱེ་བྲག་ཏུ་ནི་ས་དབུས་སུ། །རིན་ཆེན་སྣ་ལྔ་གཞག་པར་བྱ། །དེ་ནས་ཡོན་ཏན་ལྡན་པ་ཡི། །སློབ་མ་དག་ནི་གདམས་ཏེ་གཟུང ། །བཟླས་བརྗོད་སྦྱིན་སྲེག་རྣམ་ཀུན་གྱིས། །བསྒྲིམས་ཏེ་དེ་དག་བསྲུང་བར་བྱ། །མཆོག་སྦྱིན་རྡོ་རྗེ་བློ་ལྡན་གྱི། །གསང་སྔགས་འདི་ནི་ཟློས་པ་ནི། །སྐྱོན་དང་ཡོན་ཏན་རྣམ་དཔྱད་པས། །དེ་དག་ཐོག་མར་བརྟག་པར་བྱ། །ཡོན་ཏན་འདི་དག་ལྡན་པ་ནི། །ཤིན་ཏུ་བརྟགས་ནས་གཟུང་བར་བྱ། །རིག་དང་གཟོ་ནི་ཕུན་སུམ་ཚོགས། །གསལ་ཞིང་དུལ་ལ་བརྩོན་པ་དང ། །ཤེས་རབ་ལྡན་བརྟན་བྱས་གཟོ་དང ། །དཀོན་མཆོག་གསུམ་ལ་གཞོལ་བ་དང ། །
52a
༄#། །གཟུགས་མཛེས་ཡན་ལག་ཡོངས་རྫོགས་དང ། །གང་དག་ཐེག་ཆེན་དགའ་བ་དང ། །བྱང་ཆུབ་སེམས་དཔའ་ཀུན་ལ་ཡང ། །ཡང་དག་རྟག་ཏུ་གུས་གནས་དང ། །ཕ་ལ་གུས་དང་མ་ལ་གུས། །བླ་མ་མཆོད་ལ་རབ་བརྩོན་དང ། །གང་དག་ཕ་རོལ་དོན་སྤྱོད་ལ། །སྙིང་ནས་རྟག་ཏུ་འཇུག་པ་དང ། །གང་དག་དྲང་ཞིང་དེས་པ་དང། །གཡོ་སྒྱུ་མེད་ཅིང་ཆོས་བརྩོན་དང ། །ལུས་དང་ངག་དང་ཡིད་དག་པ། །དེ་དག་ཉེ་བར་རྟག་གཟུང་བྱ། །གང་དག་སྙིང་ནས་འཇིག་རྟེན་འདི། །འཇིག་རྟེན་ཕ་རོལ་ཡིད་ཆེས་དང ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང ། །དམངས་རིགས་གང་དག་ཆོས་བརྩོན་ཞིང ། །སྔགས་ཀྱི་ཐེག་པ་རྟོགས་འདོད་པ། །དེ་དག་བསྒྲིམས་ཏེ་གཟུང་བར་བྱ། །ཉན་ཐོས་ཐེག་པ་ཅན་རྣམས་མིན། །ཞར་བ་ལག་ཞ་ཟམ་དང ། །རྒུར་པོ་འོན་པ་མི་ཐུང་དང ། །གང་ངག་སྣ་ལེབ་གྱུར་པ་དང ། །དེ་བཞིན་མི་གཡོན་གནོང་བག་ཅན།། འཇུངས་དང་བྱས་པ་མི་གཟོ་དང ། །མཁས་སྙེམས་སེམས་དང་གཡོ་ཅན་དང ། །སྔགས་ཀྱི་ཐེག་པ་སྐྱིད་ཆེན་གྱི། །ཐེག་པ་ལ་ནི་མ་མོས་པ། །དེ་དག་ནམ་ཡང་གཟུང་མི་བྱ།། དེ་དག་བསྟན་འདིར་སྐལ་བ་མེད། །བསྟན་བཅོས་མི་ཤེས་མི་གཟུང་སྟེ། །ཐོར་བུ་ཐོར་བུ་འཛིན་པ་དང ། །དེ་བཞིན་བླ་མ་མི་གུས་པ། །སྨད་པ་དེ་དག་རིང་དུ་སྤང ། །གང་དག་
52b
ཡན་ལག་མ་ཚང་དང ། །རྐང་ཞ་དག་དང་ཐེང་པོ་དང ། །ཡན་ལག་ལྷག་པར་གྱུར་པ་རྣམས། །མཁས་པས་བསྒྲིམས་ཏེ་ཡོངས་སུ་སྤང ། །ཇི་སྐད་སྨོས་པའི་སློབ་མ་རྣམས། ། དེ་ཚེ་ཆོ་ག་བཞིན་བརྟགས་ཏེ། །གཅིག་པུ་ཡོད་ནའང་དེ་གཟུང་ངོ ། །ཡང་ན་སློབ་མ་བཞི་ཞིག་གཟུང ། །དེ་ནས་སྨྱུང་བ་བྱེད་བཅུག་ལ། །སྤོས་དང་མེ་ཏོག་རྣམས་ཀྱིས་མཆོད། ། དཀྱིལ་འཁོར་ནང་གི་ས་ལ་ནི། །ཀུ་ཤ་གདིང་བ་བཏིང་བ་ལ། །དེས་པས་སློབ་མ་ལྷན་ཅིག་ཏུ། །དེ་ནི་རབ་ཏུ་ཉལ་བར་བྱ། །སློབ་དཔོན་ཡུད་ཙམ་ཡུད་ཙམ་ཞིང ། །དེ་ཚེ་སློབ་མ་རྣམས་ལ་ནི། །ཐེག་ཆེན་ཟབ་མོ་རྒྱ་ཆེན་གྱི། །ཆོས་ཀྱང་རབ་ཏུ་བཤད་པར་བྱ། །གསང་སྔགས་བརྗོད་ལས་བྱུང་བ་ཡི། །ཡོན་ཏན་ཀུན་ཏུ་བརྗོད་ན་ཕན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །རྫུ་འཕྲུལ་ལ་སོགས་ཡོངས་སུ་བརྗོད། །ཕ་རོལ་རྒྱུ་ལ་སྙིང་རྗེ་བ། །དེ་དག་ཡུད་ཙམ་ཡུད་ཙམ་བརྗོད། །ནམ་གྱི་བཞི་ཆ་ལུས་པའི་ཚེ། །གལ་ཏེ་རྨི་ལམ་བཟང་རྨི་ན། །དཀོན་མཆོག་གསུམ་ལ་གཞོལ་རྣམས་ཀྱིས། །ནམ་ལངས་པ་དང་ལེགས་རབ་ཏུ། །སངས་རྒྱས་སྤྱན་སྔར་འདུག་ནས་ནི། །ཁྱེད་ཀྱིས་དེ་དག་བརྗོད་པར་གྱིས། །པདྨའི་སྟེང་དུ་འདུག་ན་མཆོག་།གཟུང་དང་མཐོང་བའང་དེ་བཞིན་ཏེ། །རྒྱ་མཚོ་མཐོང་བར་རྨིས་པ་དང ། །རྐྱལ་དང་འཐུང་པའང་དེ་བཞིན་ནོ། །སངས་རྒྱས་མཐོང་ན་སྙིང་དགའ་སྟེ། །
53a
༄#། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང ། །འཇིག་རྟེན་རང་སངས་རྒྱས་རྣམས་དང ། །ཉན་ཐོས་དག་དང་གང་མཁས་པ། །དེ་དག་མཐོང་ན་སྙིང་དགའ་འོ། །མེ་ཡི་ཕུང་པོ་གྲགས་པ་དང ། །བ་གླང་ཁྱུ་མཆོག་གླང་ཆེན་དྲེགས། །རྟ་ནི་དཀར་པོར་གང་འགྱུར་བ། །དེ་དག་མཐོང་དང་ཞོན་པ་དང ། །བ་ལང་ཁྱུ་ཡང་ཤིས་པ་ཡིན། །བྲམ་ཟེ་དང་ནི་རྒྱལ་རིགས་དང ། །རྒྱལ་པོ་དགེ་བར་གྲགས་པ་དང ། །སྡུག་པའི་གཉེན་དང་གྲུབ་པ་དང ། །ཉི་མ་དང་ནི་ཟླ་བ་དང ། །དེ་དག་མཐོང་ན་ཤིས་པར་འགྱུར།། རྨི་ལམ་སྨྲ་ཞིང་གཏམ་ཟེར་དང ། །རང་གི་མགོ་བོ་གཅོད་པ་དང ། །ཤ་ཆེན་ཟ་བར་བྱེད་པ་དང ། །ཁྲག་གིས་འཁྲུ་བར་བྱེད་པ་དང ། །དེ་བཞིན་མི་གཙང་ནུབ་པ་དང ། །ཞོ་དང་འབྲས་ཆན་ཟ་བ་དང ། །ཆང་ཡང་འཐུང་བར་བྱེད་པ་དང ། །སྐྲ་འབྲེག་པ་ནི་མཆོག་ཡིན་ནོ། །སོ་ཡང་ལྟུང་བར་གྱུར་པ་དང ། །རི་དང་ཤིང་ནི་ནྱ་གྲོ་དྷ། །དེ་ལ་འཛེགས་པ་ཤིས་པར་འགྱུར། །ལེགས་སོ་བུ་ཞེའམ་བློ་ལྡན་ཞེས། །སྒྲ་ནི་དེ་སྐད་ཐོས་པ་དང ། །ཡིད་དུ་འོང་བའི་བུད་མེད་དང ། །ཉིན་མོ་ཉལ་པོ་བྱེད་པ་དང ། །ཚངས་པ་དྲག་པོ་ཉི་མ་དང ། །ཁྱབ་འཇུག་དང་ནི་ཟླ་བ་དང ། །ལུས་ངན་པོ་དང་ནོར་སྦྱིན་དང ། །བརྒྱ་བྱིན་དང་ནི་ཆུ་ལྷ་དང ། །དེ་དག་མཐོང་ངམ་སྨྲ་བ་དང ། །འབེལ་གཏམ་བྱེད་ན་ངེས་པར་
53b
འགྲུབ། །གཞན་ཡང་དེ་ལྟའི་རྨི་ལམ་དག་།དངོས་གྲུབ་འདོད་པ་རྣམས་ཀྱིས་གཟུང ། །རྨི་ལམ་དེ་ལས་བཟློག་པ་དག་།འཇིགས་མེད་རྣམས་ཀྱིས་གཟུང་མི་བྱ། །ས་ལ་རྒྱུག་དང་འཆོང་བ་དང ། །གར་བྱེད་པ་དང་གླུ་ལེན་དང ། །དགོད་དང་བོང་བུ་རྔ་མོ་ལ། །ཞོན་པ་ཤིན་ཏུ་ངན་པ་ཡིན། །འབྲུ་མར་གྱིས་ནི་ལུས་བསྐུས་དང ། །གཅེར་བུ་དག་དང་སྨྲ་བ་དང ། ། ཞར་བ་ཐེང་པོ་སྒུར་\?\་པོ་དང ། །མི་སྡུག་རྣམས་དང་ཕྲད་པ་དང ། །ཕག་རྣམས་དང་ནི་ཁྱི་རྣམས་དང ། །བོང་བུ་རྣམས་ཀྱང་དེ་བཞིན་ཏེ། །མ་ཧེ་རྔ་མོ་ཅེ་སྤྱང་དག་།རྨི་ལམ་མཐོང་ན་རྟག་ཏུ་སྨད། །རྩེ་གསུམ་རྩེ་གསུམ་གདེངས་ཐོགས་དང ། །མིག་དམར་ཤིན་ཏུ་འཇིགས་པ་དང ། །གཅེར་བུ་དག་དང་སྣ་ལེབ་དང ། །སྡིགས་མོ་བྱེད་པའི་འཇིགས་བྱེད་དང ། །མདོག་གནག་མི་བཟད་ཆེན་པོ་དང ། །གོས་སྔོན་གཟུགས་བྱང་མི་སྡུག་པ། །སུ་ཡིས་རྨི་ལམ་རྨིས་པ་ནི། །དེ་ལ་དངོས་གྲུབ་ཡོད་མི་འགྱུར། །ཟུངས་ཤིག་རྒྱོབས་ཤིག་ཆོམས་ཤིག་ཅེའམ། །ཟོ་ཞིག་ཅེས་པའི་མི་བཟད་སྒྲ། །དྲག་པོ་འཇིགས་བྱེད་ཁྲོ་ཐོས་དང ། །ཕུང་དང་མ་རྙེད་ཐོས་པ་དང ། །བྱ་རྒོད་བཞད་དང་བྱ་དཀར་དང ། །འུག་པ་བྱ་རོག་བྱི་ལ་དང ། །བྱི་བ་སྡིག་པ་སྲེ་མོ་སྦྲུལ། །གང་ཡང་གཞན་དག་སྐྱེ་བོ་གདུག་།དེ་དག་རྨི་ལམ་མཐོང་གྱུར་ཏམ། །རེག་པར་གྱུར་ནའང་མི་དགེ་འོ། །དེ་ནས་ཕྱི་དེ་ཉིན་པར་སློབ་དཔོན་གྱིས་རྡོ་རྗེའི་སྙིང་
54a
༄#། །པོས་བའི་རྣམ་ལྔ་ལ་སྔགས་ཀྱིས་བཏབ་ཏེ། སློབ་མ་བོས་ལ་རྡོ་རྗེ་དྲག་པོའི་སྙིང་པོས་བསང་གཏོར་བྱས་ཏེ། །ཤིང་ཨ་ཤཝཏྠའི་ལོ་མ་ཀོང་བུའམ། སྙིམ་པའི་ནང་དུ་སྣོད་དུ་བྱ་བ་སྦྱིན་ཞིང ། ཁྱེད་དེ་རིང་ཟས་ཀྱི་ཚོད་ཤེས་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ཉི་མ་ནུབ་ན་རིག་པའི་རྒྱལ་མོ་འཇིགས་མེད་ཀྱི་སྲེག་བླུགས་དང།་ཡམ་སྲེག་ཤིང་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱའོ། །དེ་ནས་ཨ་ཤཝཏྠའི་ཤིང་ངམ། །ཡང་ན་ཨུ་དུ་བཱ་ར་ལས། །སོར་བརྒྱད་ཙམ་གྱི་སོ་ཤིང་བྱ། །ཐོག་མ་གཅིག་ནི་མེ་ཏོག་བརྒྱན། །རྡོ་རྗེ་དྲག་པོའི་སྔགས་བཏབ་ལ། །དེ་དག་ལ་ནི་བཅའ་ཕྱིར་སྦྱིན། །ཤར་གྱི་ཕྱོགས་སུ་མདུན་བསྟན་ནམ། །ཡང་ན་བྱང་ཕྱོགས་བསྟན་ཏེ་གཞག་།གསང་སྔགས་མགོན་པོ་དྲན་བྱས་ལ། །གར་བལྟས་དེ་བཞིན་ཤེས་པར་བྱ། །དེ་ནས་ཕྱི་ཉིན་སློབ་མ་རྣམས། །སྨྱུང་བ་བྱེད་དུ་བཅུག་ནས་སུ། །རྡོ་རྗེ་མི་ཕམ་མེ་ཞེས་བྱ། །སྲིད་པ་གསུམ་པོ་རྨོངས་བྱེད་པ། །རྟག་དྲན་བྱ་ཕྱིར་དེ་དག་ལ། །དྲི་མ་མེད་པའི་གཟུངས་བྱིན་བྱ། །སྙིང་དུ་སྡུག་པའི་དམ་ཚིག་བརྗོད། །ཉམས་པ་ལ་ཡང་ལྷག་པར་བརྗོད། །སྡིག་པ་རབ་ཏུ་ཞི་བར་བྱེད། །མཆོག་ཏུ་བཀྲ་ཤིས་བྱེད་པར་འགྱུར། །བྱང་ཆུབ་སེམས་དཔའ་བློ་ལྡན་པ། །ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། །སྡིག་པ་ཐམས་ཅད་བྱང་བྱེད་པ། །དེ་
54b
ནི་ཀུན་ཏུ་རྟག་དྲན་བྱ། །སློབ་དཔོན་གྱིས་ནི་ཐམས་ཅད་དུ། །རྟག་ཏུ་མཉམ་པར་གཞག་སེམས་ཀྱིས། །སྣ་ལྔའི་ཚོན་ལས་བྱས་པ་ཡི། །ཐིག་སྐུད་རབ་ཏུ་བཟང་བླངས་ལ། ། བསྒྲིམས་ཏེ་ས་འདི་ཐམས་ཅད་ལ། །ཐིག་ནི་ལེགས་པར་གདབ་པར་བྱ། །དཀྱིལ་འཁོར་དཀྱིལ་དུ་འདུག་ནས་སུ། །སྔགས་པས་དེ་བཞིན་གཤེགས་རྣམས་ལ། །དེ་བཞིན་རྡོ་རྗེ་འཆང་བ་དང ། །འཁོར་ལོས་བསྒྱུར་བ་དྲན་བྱས་ལ། །བདག་ཉིད་དེར་བསྒོམས་བྱས་ནས་སུ། །དེའི་སྔགས་ཡིད་ཀྱིས་དྲན་བྱས་ལ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །ཤར་ཕྱོགས་ཉིད་དུ་ཐིག་གདབ་བོ། །དེ་ནས་བསྒྱུར་ཏེ་མཁས་པ་ཡིས། །ནུབ་ཕྱོགས་ཁ་བལྟས་འདུག་ནས་སུ། །ནུབ་ཕྱོགས་ཉིད་དུ་ཐིག་གདབ་བོ། །དེ་ནས་བསྒྱུར་ཏེ་མཁས་པ་ཡིས། །བྱང་ཕྱོགས་སུ་ནི་ཁ་བལྟས་ལ། །བྱང་ཕྱོགས་སུ་ནི་ཐིག་གདབ་བོ། །དེ་ནས་ཡང་ནི་བསྒྱུར་བྱས་ལ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །རྣམ་པར་དབྱེ་བ་ཤེས་པ་ཡིས། །ལྷོ་ཕྱོགས་ཉིད་དུ་ཐིག་གདབ་བོ། །དེ་ལྟར་ནང་ལོགས་དཀྱིལ་འཁོར་ནི། །ཆ་བརྒྱད་ཡོད་པ་རབ་ཏུ་བྱ། །དེ་ནས་དེ་ལྟའི་ཚུལ་གྱིས་ནི། །ཕྱོགས་བཞིར་ཡོངས་སུ་བསྐོར་བྱས་ལ། །ཀུན་ཏུ་གྲུ་བཞི་ལྷམ་པར་ནི། །རབ་ཏུ་བསྒྲིམས་ཏེ་ཐིག་གདབ་པ། །དབུས་ཀྱི་གནས་ནས་བྱུང་ནས་སུ། །མེ་ཡི་ཕྱོགས་ཀྱི་ཕྱོགས་འདུག་ལ། །སྔགས་པས་སྔགས་ཀྱི་ཆོ་ག་
55a
༄#། །བཞིན། །ཤར་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །དེ་ནས་ཆོ་ག་ཤེས་པ་ཡིས། །གུས་པས་དབང་ལྡན་ཕྱོགས་སོང་ལ། །ནུབ་ཕྱོགས་སུ་ནི་ཁ་བལྟས་ཏེ། །བྱང་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །དབང་ལྡན་ཕྱོགས་ནས་སོང་ནས་སུ། །རླུང་གི་ཕྱོགས་ཀྱི་ཕྱོགས་འདུག་ལ། །དེར་ནི་ལྷོ་ཕྱོགས་ཁ་བལྟས་ལ། །ནུབ་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །གནས་དེ་ནས་ནི་དེ་བྱུང་ལ། །བདེན་བྲལ་ཕྱོགས་སུ་དོང་ནས་སུ། །མེ་ཡི་ཕྱོགས་ཀྱི་བར་དུ་ནི། །ཐིག་སྐུད་ལེགས་པར་གདབ་པར་བྱ། །ཀུན་ཏུ་གྲུ་བཞི་ལྷམ་པར་ནི། །དེ་ལྟར་གནས་དེ་བྱས་ནས་སུ། །དེ་ནས་ཕྱི་རོལ་དེ་བཞིན་དུ། །ཆོ་ག་བཞིན་དུ་ཆ་བརྒྱད་བྱ། །ཚད་ནི་བཅུ་དྲུག་ཁྲུ་ཡིན་ཏེ། །སློབ་དཔོན་ཉིད་ཀྱི་ཁྲུ་ཡིས་སོ། །དེ་ནས་བྱུང་ལ་བློ་ལྡན་གྱིས། །ཆ་གཞན་དག་ནི་བྱ་བར་བྱ། །ཕྱི་རོལ་ས་དང་བཅས་པར་ནི། །ཁྲུ་གྲངས་ཉི་ཤུ་རྩ་ལྔའོ། །དེར་ཡང་སྔ་མ་ཇི་བཞིན་དུ། །ཆ་བརྒྱད་ཉིད་དུ་གཅད་པར་བྱ། །བརྒྱད་པ་ནས་ནི་གཟུང་ནས་སུ། །སྔགས་པ་ཡིས་ནི་ཐམས་ཅད་དུ། །འཁོར་སའི་ཐིག་ནི་གདབ་པར་བྱ། །གནས་གསུམ་དག་ཏུ་ངེས་པར་ཡང། །ཆ་བརྒྱད་གང་དག་འཚམ་པ་ཡི། །ཐོག་མའི་སྒོ་ནི་གདོད་པར་བྱ། །དཀྱིལ་འཁོར་རིམ་པ་བར་མ་ལ། །སྔ་མ་ཉིས་འགྱུར་སྒོར་ཤེས་ནས། །རིམ་པ་གསུམ་པར་
55b
སུམ་འགྱུར་དང ། །སྒོ་གང་དག་ཀྱང་མཁས་པས་བྱ། །རྟ་བབས་དག་གི་ཚད་རྣམས་ནི། །དབུས་ཀྱི་ཆ་དང་མཉམ་པར་བྱ། །ལྷ་ཡི་གཙོ་བོ་རྣམས་ལ་ཡང ། །སྒོ་གང་དག་ནི་བྱ་བར་བྱ། །རིམ་པ་གསུམ་དུ་རྣམ་དབྱེ་བས། །དེ་ལྟར་དཀྱིལ་འཁོར་ལེགས་ཕྱེ་ལ། །སྔགས་མགོན་གནས་ལ་འདུག་ནས་སུ། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །ཚོན་རྩི་འདིར་ནི་བྱེ་བྲག་ཏུ། །རིན་ཆེན་སྣ་ལྔ་ཡིན་པར་འདོད། །སཱ་ལུ་བཏགས་པའི་ཕྱེ་ཡང་རུང ། །ཇི་ལྟར་འབྱོར་པས་བྱར་ཡང་རུང ། །གོས་དཀར་བགོས་ཤིང་གཙང་བྱས་ལ། །དུལ་ཞིང་ཟེའུ་ཁ་བཅིངས་ནས་སུ། །བསྒྲིམས་ཏེ་བྱང་ཤར་ཕྱོགས་མཚམས་ནས། །ཚོན་རྩི་དག་ནི་དགྱེ་བར་བྱ། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་སམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱས་སམ། །སྣོད་ཀྱི་ཕྱག་རྒྱའི་ཚུལ་གྱིས་སམ། །རིག་བྱེད་འདོན་པའི་ལག་པས་སོ། །ཐོག་མར་དཀར་པོ་དགྱེ་བར་བྱ། །དེ་ཡི་འོག་ཏུ་དམར་པོ་དགྱེ། །དེ་ཡི་འོག་ཏུ་སེར་པོ་སྟེ། །དེ་ཡི་འོག་ཏུ་ལྗང་ཀུ་དགྱེ། །ཐམས་ཅད་དག་ནི་ནང་རོལ་ཏུ། །སྔགས་པས་ཚོན་རྩི་ནག་པོ་དགྱེ། །ཆ་བརྒྱད་དག་ཏུ་གང་བསྟན་པ། །དབུས་ཀྱི་ཆ་ཡི་ཆ་རྣམས་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། །དེ་དག་རྡོ་རྗེ་བཅིང་ཚུལ་འདོད། །གདན་ནི་པདྨར་བསྟན་པ་སྟེ། །མཆོག་ཏུ་དཀར་ཞིང་མཛེས་པ་ཡིན། །དེ་ཡི་སྟེང་དུ་རྡོ་རྗེ་གཞག་།དེ་བཞིན་རྡོ་རྗེ་གཙུག་ཏོར་
56a
༄#། །ཏེ། །མེ་ལྕེ་འབར་བའི་སྙིང་པོ་བྱ། །མདོར་ན་ས་བོན་ལྡན་པར་བྱ། །དེ་ལ་ཤར་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་གཞག་པར་བྱའོ། །ལྷོ་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་མེ་ཏོག་ཤིན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོའོ། །ནུབ་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་དོ། །བྱང་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པའོ། །བྱང་ཤར་གྱི་ཕྱོགས་མཚམས་སུ་ནི་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ནོ། །ཤར་ལྷོའི་ཕྱོགས་མཚམས་སུ་ནི་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་བོ། །ནུབ་བྱང་གི་མཚམས་སུ་ནི་དེ་བཞིན་གཤེགས་པ་འཁོར་བ་འཇིག་གོ་།མདོར་ན་དབུས་ཀྱི་པདྨ་ནི། །འདབ་མ་བརྒྱད་པར་བརྗོད་པ་སྟེ། །འདབ་མ་དཀར་པོ་ཤར་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་དམར་པོ་ཉིད། །བྱང་ཕྱོགས་སུ་ནི་སེར་པོ་སྟེ། །ལྷོ་ཕྱོགས་སུ་ནི་ནག་པོ་ཉིད། །འདབ་མ་ལྷག་མ་རྣམས་ཀུན་ཏུ། །རྒྱལ་བ་རྣམས་ཀྱིས་འདྲེན་མར་གསུངས། །དེ་ཡི་སྙིང་པོའི་དབུས་སུ་ནི། །བུམ་པ་ཟླ་འོད་འདྲ་བ་བྲི། །དེ་ཡི་སྟེང་དུ་རླུང་ཆེན་སྟེ། །འབར་ཞིང་ཏོག་དང་ལྡན་པར་བྲི། །ཟླ་གམ་འདྲ་ཞིང་དྲག་པོ་སྟེ། །འོད་ནི་དབྱར་སྤྲིན་མདོག་འདྲ་ལ། །རླུང་གི་སྟེང་དུ་མེ་བྲི་སྟེ། །དབྱིབས་ནི་
56b
གྲུ་གསུམ་གནས་པ་ཡིན། །རྟགས་ནི་འབྲས་བུ་ཟུར་གསུམ་པ། །འཇིག་པའི་དུས་ཀྱི་མེ་དང་མཚུངས། །དེ་ཡི་དབུས་སུ་པདྨ་བྲི། །འོད་ནི་དུས་མཐའི་མེ་དང་འདྲ། །དེ་ཡི་སྙིང་པོའི་དབུས་སུ་ནི། །འཁོར་ལོས་བསྒྱུར་བ་བྲི་བར་བྱ། །དེ་ལ་བཅོམ་ལྡན་འདས་དེ་ནི་གཟུགས་སམ། ཕྱག་རྒྱ་འམ། ཡི་གེ་ཅི་རིགས་སུ་གཞག་པར་བྱའོ། །ཕྱག་རྒྱ་གཞག་ན་རྡོ་རྗེ་སྟེ། །བསྒྲིམས་ནས་ས་བོན་ལྡན་པར་བྱ། །དེ་ཡི་ཕྱི་རོལ་ཆ་རྣམས་ནི། །བརྒྱད་པོ་དག་ཏུ་སྔ་མ་བཞིན། །སྔགས་པས་ཆོ་ག་ཇི་བཞིན་དུ། །ལྷ་རྣམས་རྣམ་པར་དགོད་པར་བྱ། ། དེ་ལ་ཤར་ཕྱོགས་སུ་ནི་འཁོར་ལོའི་དཀྱིལ་འཁོར་དུ་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ་དམ་པ་སྦྱིན་པའི་རྡོ་རྗེའི་འཁོར་དང་བཅས་པ་རྡོ་རྗེ་ཨུཏྤ་ལའི་ཕྱག་རྒྱ་དང་བཅས་པར་བྲིའོ། །ཤར་ལྷོའི་ཕྱོགས་མཚམས་སུ་ནི་རྡོ་རྗེའི་དཀྱིལ་འཁོར་དུ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་འཁོར་དང་བཅས་པ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ལྷོ་ཕྱོགས་སུ་ནི་རྡོ་རྗེའི་འཁོར་ལོའི་དཀྱིལ་འཁོར་དུ་ལག་ན་རྡོ་རྗེ་འཁོར་དང་བཅས་ཤིང་རྡོ་རྗེ་འཆང་ཐམས་ཅད་དང་ལྷན་ཅིག་ཏུ་རྡོ་རྗེའི་ཕྱག་རྒྱ་དང་བཅས་པར་བྲིའོ། །ལྷོ་ནུབ་ཀྱི་མཚམས་སུ་ནི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་དང་བཅས་པ་ཡིད་བཞིན་གྱི་ནོར་བུའི་
57a
༄#། །ཕྱག་རྒྱ་དང་བཅས་པར་བྲིའོ། །ནུབ་ཕྱོགས་སུ་ནི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་འཁོར་དང་བཅས་པ་རལ་གྲིའི་ཕྱག་རྒྱ་དང་བཅས་པ་དགོད་པ་བྲིའོ། །ནུབ་བྱང་གི་མཚམས་སུ་ནི་པདྨ་རྡོ་རྗེའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་དང་བཅས་པ་རིལ་བ་སྤྱི་བླུགས་ཀྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །བྱང་ཕྱོགས་སུ་ནི་པདྨ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་པདྨའི་ཕྱག་རྒྱ་དང་བཅས་པ་དགོད་པར་བྱའོ། །བྱང་ཤར་གྱི་མཚམས་སུ་ནི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཁོར་དང་བཅས་པ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱ་དང་བཅས་པ་དགོད་པར་བྱའོ། །ཕྱོགས་བཞི་ནི་འཇིག་རྟེན་སྐྱོང་བ་བཞི་འཁོར་དང་བཅས་པར་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནང་དུ་ཆུད་པར་བྲིའོ། །དེ་ལ་རྣམ་ཐོས་ཀྱི་བུའི་ཕྱག་རྒྱ་ནི་དབྱུག་ཐོ་ཡིན་ནོ། །འཕགས་སྐྱེས་པོའི་ཕྱག་རྒྱ་ནི་བེ་ཅོན་ནོ། །མིག་མི་བཟང་གི་ཕྱག་རྒྱ་ནི་རྡོ་རྗེའོ། །ལུས་ངན་གྱི་ཕྱག་རྒྱ་ནི་ཞགས་པའོ། །ཕྱི་རོལ་འཁོར་ཡུག་ཆེན་པོའི་དཀྱིལ་འཁོར་ནི་གྲུ་བཞི་ལྷམ་པ། སྒོ་བཞི་གཏོད་པ། སྒོ་ཁང་དང ། རྟ་བབས་དང ། མུ་རན་ཤིན་ཏུ་རྣམ་པར་ཕྱེ་བ་ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར་བའོ། །དེའི་
57b
ནང་རོལ་དུ་ནི་འཇིག་རྟེན་པའི་ལྷ་རྣམས་འཁོར་དང་བཅས་པ་བྲིའོ། །དེ་ལ་ཤར་ཕྱོགས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་རྡོ་རྗེའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་བྱང་ཕྱོགས་སུ་ནི་ཚངས་པ་འཁོར་དང་བཅས་པ་པདྨའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ཚངས་པའི་བྱང་ཕྱོགས་སུ་ནི་དབྱངས་ཅན་འཁོར་དང་བཅས་པ་པི་ཝང་གི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་དང་ཉེ་བར་སའི་ལྷ་མོ་འཁོར་དང་བཅས་པ་བུམ་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་བྱང་ཕྱོགས་སུ་ནི་དཔལ་ཆེན་མོ་འཁོར་དང་བཅས་པ་པདྨའི་ཕྱག་རྒྱ་འམ། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དབང་ལྡན་གྱི་ཕྱོགས་སུ་ནི་འབྱུང་པོའི་བདག་པོ་དབང་ལྡན་འཁོར་དང་བཅས་པ་མདུང་རྩེ་གསུམ་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །བརྒྱ་བྱིན་གྱི་ལྷོ་ཕྱོགས་སུ་ནི་ཉི་མ་འཁོར་དང་བཅས་པ་ཤིང་རྟའི་ཕྱག་རྒྱ་དང་བཅས་པ་བྲིའོ། །མེའི་ཕྱོགས་སུ་ནི་དྲང་སྲོང་མེའི་ལྷ་འཁོར་དང་བཅས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་འཁོར་དང་བཅས་པ་གཤིན་རྗེའི་བེ་ཅོན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་ཤར་ཕྱོགས་སུ་ནི་འཆི་བདག་གི་དྲིལ་བུ་བྲིའོ། །མཚན་མོ་ནག་མོའི་ནི་ཏོག་གོ་།ནག་པོའི་ནི་ཞགས་པའོ། །དྲག་པོའི་ཆུང་མའི་ནི་མདུང་རྩེ་གསུམ་པའོ། །ཚངས་པའི་ཆུང་མའི་ནི་པདྨའོ། །ཁྱབ་འཇུག་གི་
58a
༄#། །ཆུང་མའི་ནི་འཁོར་ལོའོ། །གཞོན་ནུ་མའི་ནི་མདུང་ཐུང་ངོ ། །ཕག་གི་ཆུང་མའི་ནི་ཐོ་པའོ། །ཙཱ་མུཎྜིའི་ནི་མི་ཐོད་དོ། །དབང་པོའི་ཆུང་མའི་ནི་རྡོ་རྗེའོ། །ལུས་ངན་གྱི་ཆུང་མའི་ནི་དབྱུག་ཐོའོ། །གཤིན་རྗེའི་ནུབ་ཕྱོགས་སུ་ནི་ཡི་དྭགས་རྣམས་འཁོར་དང་བཅས་པ་ཁའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ཤ་ཟ་རྣམས་ནི་དྲ་བ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །གནོན་པོ་རྣམས་ནི་ལྕགས་ཀྱི་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །གྲིབ་གནོན་རྣམས་ནི་གདུགས་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །བརྗེད་བྱེད་རྣམས་ནི་ལག་པ་བྲང་ལ་བཅར་བའི་ཕྱག་རྒྱ་དང་བཅས་པ་བྲིའོ། །མཁའ་འགྲོ་མ་རྣམས་ནི་ལག་པ་བཀན་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། ། སྲིན་མོ་རྣམས་ནི་མཆེ་བ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་འམ། ལྕེ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །ཤ་ཟ་མོ་རྣམས་ནི་རྡོ་རྗེ་བབ་ཅོལ་གྱི་ལག་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། ། བདེན་བྲལ་གྱི་ཕྱོགས་སུ་ནི་བདེན་བྲལ་འཁོར་དང་བཅས་པ་རལ་གྲིའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ནུབ་ཕྱོགས་ཀྱི་སྒོའི་ལྷོ་ཕྱོགས་སུ་ནི་ཆུ་ལྷ་འཁོར་དང་བཅས་པ་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་འཁོར་དང་བཅས་པ་ཞགས་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་ནས་སྒོ་དང་ཉེ་བར་དབང་ཕྱུག་ཆེན་པོ་མདུང་རྩེ་
58b
གསུམ་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་དང་ཉེ་བར་དཀའ་ཐུབ་ཟློག་པ་རྩེ་གསུམ་གདེངས་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །སྒོའི་བྱང་ཕྱོགས་ཀྱི་ངོས་སུ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་དགྲ་སྟའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་བྱང་ཕྱོགས་སུ་ཐགས་བཟངས་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་འཁོར་དང་བཅས་པ་དབྱུག་ཏོ་རྡོ་རྗེའི་ཕྱག་རྒྱ་དང་བཅས་པ་བྲིའོ། །རླུང་གི་ཕྱོགས་སུ་རླུང་ལྷ་འཁོར་དང་བཅས་པ་བ་དན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །བྱང་ཕྱོགས་སུ་ནི་རྣམ་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་འཁོར་དང་བཅས་པ་དབྱུག་ཏོ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་དག་གི་ཤར་ཕྱོགས་སུ་ཁྱབ་འཇུག་ལ་འཁོར་དང་བཅས་པ་འཁོར་ལོའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་འོག་ཏུ་ནམ་མཁའ་ལྡིང་འཁོར་དང་བཅས་པ་འདབ་མའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེའི་ཤར་ཕྱོགས་སུ་ནི་སྣ་ཚོགས་ཕྲེང་བ་ཅན་ལ་སོགས་པ་དྲི་ཟའི་རྒྱལ་པོ་རྣམས་དང ། ལྗོན་པ་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་རྣམས་འཁོར་དང་བཅས་པ་རང་རང་གི་ཕྱག་རྒྱ་དང་བཅས་པ་བྲི་བར་བྱ་སྟེ། དེ་ལ་དྲི་ཟ་དག་གི་ཕྱག་རྒྱ་རྣམས་ནི་རྔ་ཕྲེའུ་དང ། ཕེག་རྣམས་སོ། །མི་འམ་ཅིའི་ཕྱག་རྒྱ་དག་ནི་སྐུའི་པི་ཝང་ལ་སོགས་པ་བརྡུང་བསྒྲེང་བ་རྣམས་སོ། །དེ་ནས་ལྟོ་འཕྱེ་ཆེན་པོ་རྣམས་དང ། འབབ་ཆུ་ཆེན་པོ་རྣམས་རང་
59a
༄#། །གི་ཟེར་ཆུའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་ནས་སྐྱེ་དགུའི་བདག་པོ་རིག་བྱེད་འདོན་པའི་ལག་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །དེ་དག་གི་ཤར་ཕྱོགས་སུ་ཟླ་བ་འཁོར་དང་བཅས་པ་པདྨ་དཀར་པོ་དང ། བུམ་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །ནུབ་སྒོར་ནི་ཀི་ལི་ཀི་ལ་རང་གི་ཕྱག་རྒྱ་དང་བཅས་པ་བྲི་སྟེ་དྲག་པོ་རྡོ་རྗེའི་ཕྱག་རྒྱའོ། ། བྱང་སྒོར་ནི་སྒོ་སྲུང་གཉིས་བྲི་བར་བྱ་སྟེ། དེ་ལ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ནི་དབྱུག་ཏོའི་ཕྱག་རྒྱ་བྲིའོ། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ནི་ཞགས་པའི་ཕྱག་རྒྱ་བྲིའོ། ། ཤར་སྒོར་ནི་ཁྲོ་བོའི་རྒྱལ་པོ་གཉིས་བྲི་བར་བྱ་སྟེ། དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བ་ནི་རྡོ་རྗེའི་ཕྱག་རྒྱ་དང་བཅས་པ་བྲིའོ། །བེ་ཅོན་སྔོན་པོ་ཅན་ནི་བེ་ཅོན་གྱི་ཕྱག་རྒྱ་དང་བཅས་པ་བྲིའོ། །ལྷོ་སྒོར་ནི་ཐུབ་པར་དཀའ་ཐོ་བའི་ཕྱག་རྒྱ་དང་བཅས་པ་བྲིའོ། །མངོན་ཕྱོགས་སུ་ནི་རྡོ་རྗེའི་ཕྱག་རྒྱ་དང་བཅས་པ་བྲིའོ། །འོག་ལོགས་སུ་ནི་རྒྱ་མཚོ་དང་།རྒྱ་མཚོའི་འགྲམ་ན་སྲིང་མོ་བཞི་རང་གི་ཕྱག་རྒྱ་དང་བཅས་པ་བྲི་བར་བྱའོ། །དེ་ལ་ཏུམ་བུ་རུའི་ཕྱག་རྒྱ་ནི་དབྱུག་ཏོའོ། །རྒྱལ་མའི་ཕྱག་རྒྱ་ནི་མདུང་ཐུང་རྩེ་གསུམ་པའོ། །རྣམ་པར་རྒྱལ་མའི་ཕྱག་རྒྱ་ནི་པདྨའོ། །མི་ཕམ་མའི་ཕྱག་རྒྱ་ནི་འཁོར་ལོའོ། །གཞན་གྱིས་མི་ཐུབ་མའི་ཕྱག་རྒྱ་ནི་རྡོ་རྗེའོ། །སྲིང་མོ་བཞིའི་ལྷོ་ཕྱོགས་སུ་ནི་སྨིན་དྲུག་གི་བུ་འཁོར་དང་བཅས་
59b
པ་མདུང་ཐུང་གི་ཕྱག་རྒྱ་དང་བཅས་པ་བྲིའོ། །བྱང་ཕྱོགས་སུ་ནི་རིག་སྔགས་འཆང་གི་རྒྱལ་པོ་རྣམས་རལ་གྲི་དང ། རས་ལ་སོགས་པའི་ཕྱག་རྒྱ་དང་བཅས་པ་བྲིའོ། །འཁོར་ཐམས་ཅད་ཀྱི་གནས་ནི་ཐིག་ལེར་བྲིའོ། །དེ་དང་དེ་དག་ལྷག་མར་བརྗོད་པ་ཐམས་ཅད་ནི་ཐིག་ལེར་བྱས་ཏེ། ཐམས་ཅད་ཀྱང་རྡོ་རྗེ་དྲག་པོས་བྱིན་གྱིས་བརླབས་ཏེ་བྱའོ། །དཀྱིལ་འཁོར་གྱི་ལས་ཅི་བྱ་བ་དེ་ཐམས་ཅད་ནི་རྡོ་རྗེ་དྲག་པོའི་སྙིང་པོས་བྱིན་གྱིས་བརླབས་ཏེ་བྱའོ། །ལག་ན་རྡོ་རྗེ་དབང་བསྐུར་བ་ལས། །དཀྱིལ་འཁོར་རྣམས་དགོད་པའི་ཆོ་གའོ།། །། ཆོ་ག་ཤེས་པས་དེ་ལྟ་བུར། །རྡོ་རྗེའི་དཀྱིལ་འཁོར་མཆོག་བྲིས་ཏེ། །བྱིན་གྱིས་བརླབས་པ་བྱས་ནས་སུ། །རབ་ཏུ་བསྒྲིམས་ཏེ་མཆོད་པ་བྱ། །དེ་ནས་བུམ་པ་ཞབས་མི་གནག ། ཁ་ཡི་ཆ་ག་ཤེལ་ཁ་ཅན། །མགྲིན་པ་རིང་ཞིང་ལྟོ་ཆེ་བ། །ཉི་ཤུ་རྩ་ལྔ་བླང་བར་བྱ། །ས་བོན་རིན་ཆེན་སྨན་གྱིས་བཀང ། །སྤོས་ཀྱི་ཆུས་ཀྱང་རབ་ཏུ་བཀང ། །ཁ་རྒྱན་ཡལ་གས་ཁེབས་བྱས་ཤིང ། །དེ་བཞིན་འབྲས་བུས་ཁ་བཀང་ལ། །མགུལ་ཆིངས་ཀྱིས་ཀྱང་བཅིངས་བྱས་པ། །ཁ་དོག་ཅི་རིགས་རྣམ་པར་དགོད། །སྒོ་བཞི་པོ་ནི་ཐམས་ཅད་དུ། །བུམ་པ་སྔ་མ་ཇི་བཞིན་དུ། །བརྒྱད་ཉིད་དུ་ནི་གསུངས་པ་སྟེ། །དགུ་པ་དེ་ནི་བསང་གཏོར་བྱ། །རྡོ་རྗེ་དྲག་པོས་རྣམ་ཀུན་ཏུ། །བསྒྲིམས་ཏེ་དེ་ནི་སྔགས་ཀྱིས་གདབ། །བཅུ་པ་དབུས་སུ་
60a
༄#། །ཤེས་པར་བྱ། །དེ་ནི་འཁོར་ལོས་བསྒྱུར་ལ་དབུལ། །རྟ་བབས་རྣམས་ནི་མཛེས་པ་སྟེ། །རིན་ཆེན་རྣམ་པ་བཞི་ལས་བྱ། །ཡང་ན་ཡིད་འོང་ཤིང་ལས་བྱ། །ཙནྡན་ཡང་ན་གཞན་ཡང་རུང ། །དུམ་བུ་མ་ཡིན་མ་གྲུགས་པ། །གས་པ་མེད་ཅིང་འཛེར་བ་མེད། །བ་རུ་ན་དང་ཤ་མ་དང ། །སལ་ཀྲཱི་ཀང་ཀ་ཏ་ཡང་རུང ། །རིན་ཆེན་དྲིལ་བུ་རབ་དབྱངས་ཤིང ། །དར་དང་རས་ལ་སོགས་པས་བརྒྱན། །ཁྲུ་ནི་བརྒྱད་དམ་བདུན་ནམ་དྲུག་།མེ་ཏོག་ཕྲེང་དང་ལྡན་པར་འདོད། །སྟེང་དུ་རིན་ཆེན་བླ་རེ་བྲེ། ། མུ་ཏིག་རྒྱན་ཕྲེང་རྣམ་པར་དབྱངས། །དར་དང་རས་ཀྱང་དབྱངས་པར་བྱ། །དཀྱིལ་འཁོར་ལས་ནི་ཆེ་བར་བྱ། །ཁ་དོག་སྣ་ཚོགས་བ་དན་རྣམས། །ཕྱོགས་བཞི་དག་ཏུ་དབྱངས་པར་བྱ། །སྲད་བུ་ལ་ནི་བརྒྱུ་བར་བྱ། །དྲིལ་བུ་སྒྲ་འབྱུང་ལྡན་པར་བྱ། །ཁ་དོག་སྣ་ཚོགས་གདུགས་ཀྱི་རྣམས། །ཅི་རིགས་པར་ནི་བྲི་བར་བྱ། །རིན་ཆེན་བཞི་ལས་བྱས་པ་འམ་དེ་མེད་ཟངས་ལས་བྱས་པའང་རུང ། །མཆོད་པའི་ཡོན་གྱི་སྣོད་བཞི་ཞིག་།བློ་དང་ལྡན་པས་གཞག་པར་བྱ། །སྣ་ཚོགས་སྤོས་སུ་གསུངས་པ་ནི། །གུར་གུམ་དང་ནི་ཙནྡན་དང ། །སྤྲི་ཀ་ལ་སོགས་ཅི་ཡང་རུང ། །སྲོག་ཆགས་ཡན་ལག་ཀུན་མི་རུང ། །སྣ་ཚོགས་བདུག་པ་དབུལ་བྱ་སྟེ། ། ག་རུ་དང་སྒྲོན་ཤིང་དང ། །ག་བུར་ཤི་རི་བ་ས་
60b
ཀ་།ཅེ་པོག་དང་ནི་རུ་རྟ་དང ། །སཱ་ལའི་ཤིང་གི་ཐང་ཆུ་འམ། །ཡང་ན་ཐང་ཤིང་ཐང་ཆུ་དབུལ། །རྡོ་རྗེ་འབྱུང་བའི་རིག་པ་འམ། །རྡོ་རྗེ་དྲག་པོ་བཟླས་བརྗོད་བྱ། །ུཏྤལ་དང་པདྨ་མཆོག་།ཙམ་པ་ཀ་དང་ཀླུ་ཤིང་དང ། །ཀེ་ས་ར་དང་མ་ལི་ཀ་།མྱ་ངན་འཚང་དང་སྐྱ་སྣར་དང ། །ཏ་ཀ་ར་དང་བུ་ན་ག་།དོང་ཀའི་མེ་ཏོག་མཛེས་པ་ཡིན། །ཀ་ར་བཱི་ར་ཀུ་མུ་ད། ། སྣ་མ་དྷ་ནུ་ཀ་རི་ཡི། །མེ་ཏོག་ཅི་རིགས་དབུལ་བར་བྱ། །དེ་བཞིན་ལྷ་བཤོས་སྣ་ཚོགས་ཏེ། །འོ་ཐུག་ཞོ་དང་འབྲས་ཆན་དང ། །མར་དང་སྦྲང་རྩི་རབ་ཏུ་བཟང ། །བག་ཆོས་དང་ནི་ལ་དུ་དང ། །སྦྲང་རྩི་གཞག་པའི་ཅུང་བེང་དང ། ། ཤོ་བརྟི་བེ་ན་ཀ་།སྤྱན་གཟིགས་ཁཎྜར་གྲགས་པ་དང ། །ཤི་རེ་བྷེ་དྷ་ཀ་མོ་ཏ། །གརྦྷོད་ཀ་ར་ཀ་དང་ནི། །བེ་རེག་དང་ནི་དྭེ་ཚེ་དང ། །ཤ་ཀུ་ལ་དང་པར་པ་ཏ། །འབྲུ་ཡི་ལ་ཐུག་འབྲེང་བུ་དང ། །ཤུན་ཐ་བ་ལི་ཀ་དག་དང ། །གྷ་རི་ཀ་དང་སཝ་སྟི་ཀ་།མོན་སྲན་གྲེ་འུ་ཞུ་ཏེའུ་དང ། །རྩ་བ་དང་ནི་དྲུངས་པ་དང ། འབྲས་བུ་སྣ་ཚོགས་དབུལ་བར་བྱ། །སྲན་ཚོད་ཁ་དོག་ལྡན་པ་དང ། །སྒེའུ་གཤེར་ངེས་པར་དབུལ་བར་བྱ། །སྲན་ཚོད་རིལ་བུ་ཆེ་ཆུང་དང ། །བྷེ་ག་ན་དང་སཾ་བྷ་དྷི། །བུ་རམ་བསྲེས་པའི་ཁུ་སྨན་དང ། །རབ་ཏུ་བསྒྲིམས་ཏེ་བྱས་པ་དང ། །བུ་རམ་སྣ་ཚོགས་བཅོས་པ་དག་།ཀུན་ཏུ་རྣམ་པ་ཐམས་ཅད་དབུལ། །རྣམ་པ་སྣ་ཚོགས་ཞོ་དག་དང ། །ཞོ་
61a
༄#། །བསྲུབས་བུ་རམ་བཏབ་ངེས་དབུལ། །འོ་མ་ལེགས་པར་བཙགས་པ་དང ། །དེ་བཞིན་བཏུང་བ་རྣམས་ཀྱང་དབུལ། །ཁ་རའི་དབུ་བ་ཁ་ར་དང ། །མར་དང་བུ་རམ་འབྲུ་མར་དང ། །སྤྲང་རྩི་དང་ནི་ལན་ཚཝ་དང ། །དགེ་བར་གྲགས་པ་དབུལ་བར་བྱ། །བཏུང་བ་བསྒོས་པ་བྱས་པ་དང ། །ཏམ་བུ་ལ་དང་མལ་ཆ་དང ། །སྣོད་སྤྱད་བཟང་ཞིང་མཛེས་པ་དང ། །རྣམ་པ་སྣ་ཚོགས་རྩི་སྨན་རྣམས། །རབ་ཏུ་བསྒྲིམས་ཏེ་ཆོ་ག་བཞིན། །བྱང་ཆུབ་སེམས་དཔའ་སྐྱོབ་ལ་དབུལ། །དེ་ནས་སོ་སོ་རེ་རེ་ལའང་།། ན་བཟའ་རས་ཟུང་རེ་རེ་དབུལ། །མེ་ལོང་མིག་སྨན་ཡིད་འོང་དང ། །དུང་དང་དེ་བཞིན་གི་ཝང་རྣམས། །བྱང་ཆུབ་ཚོགས་ནི་བཀང་བའི་ཕྱིར། །མགོན་པོ་ཀུན་ལ་དབུལ་བར་བྱ། །སྐྱོབ་པ་རྣམས་ལ་ཐམས་ཅད་དུ། །དེ་ལྟར་ལེགས་པར་མཆོད་བྱས་ནས། །དེ་ནས་སྔགས་པས་སྦྱིན་སྲེག་བྱ། །སྙིང་པོ་ཆོ་ག་བཞིན་དུ་བྱ། །སྲེག་བླུགས་ཉི་ཤུ་རྩ་གཅིག་ནི། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཐམས་ཅད་འགྲུབ་བྱེད་ཡིད་འོང་པ། །ཞོ་དང་འོ་མ་སྦྲང་རྩིའོ། །ཡི་གེ་ཀློག་པ་བཞི་དག་ཀྱང ། །ཕྱོགས་བཞི་དག་ཏུ་གཞག་པར་བྱ། །དེ་ལ་ཤར་ཕྱོགས་གཞག་པ་ནི། །འཕགས་པ་ཤེས་རབ་ཕ་རོལ་ཕྱིན། །བྱང་ཕྱོགས་སུ་ནི་མདོ་གཞག་པ། །གསེར་འོད་དམ་པར་དམ་པས་
61b
བཞེད། །ནུབ་ཕྱོགས་སུ་ནི་གཞག་བྱ་བ། །དེ་བཞིན་གཤེགས་པའི་གསང་བ་ཡིན། །སྡོང་པོ་བཀོད་པའི་ཚུལ་ཆེན་ནི། །ལྷོ་ཕྱོགས་ལོགས་སུ་ཤེས་པར་བྱ། །དཀྱིལ་འཁོར་ལྷ་རྣམས་ཅི་ལྟ་བར། །དེ་དག་ལ་ཡང་གུས་པར་མཆོད། །དམ་པའི་ཆོས་ནི་བཀླག་པ་འདི། །བསྲུང་བ་རྣམས་ཀྱི་དམ་པ་ཡིན། །དེ་ནས་ལྷ་རྣམས་ཐམས་ཅད་ཀྱང ། །དེ་ཡི་ཚེ་ན་དགྱེས་པར་འགྱུར། །གང་དག་འཇིག་རྟེན་མི་སྲུན་པ། །དེ་དག་ཕྱོགས་ཕྱོགས་འགྲོ་བར་འགྱུར། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ཚེ་དམ་ཆོས་བཀླག་པར་བྱ། །སློབ་མ་ཐམས་ཅད་བོས་ནས་སུ། །དེ་དག་ལ་ནི་སྐྱབས་གསུམ་སྦྱིན། །སྡིག་པ་མི་བྱ་བརྗོད་པར་བྱ། །སྡོམ་པ་དག་ཀྱང་འཛིན་དུ་གཞུག་།མཁས་པས་ཆོ་ག་འདི་བཞིན་དུ། །བྱང་ཆུབ་སེམས་ཀྱང་བསྐྱེད་དུ་གཞུག་།རྡོ་རྗེ་དྲག་པོའི་སྔགས་ཆུ་ཡིས། །དེ་ནས་ཀུན་ལ་བསང་གཏོར་བྱ། །དམ་ཚིག་ཡོངས་སུ་བརྗོད་བྱས་ལ། །མཁས་པས་ནང་དུ་ཞུགས་ནས་སུ། །གོས་རྣམས་ཡོངས་སུ་བརྗེས་བྱས་ཏེ། །སྔགས་ཀྱིས་ཡོངས་སུ་གདབ་པར་བྱ། །དེ་ཚེ་སྙིང་རྗེ་ལྡན་པ་ཡིས། །སློབ་མ་དེ་དག་གདོང་བཀབ་ལ། །འཁོར་ལོས་བསྒྱུར་བའི་དམ་ཚིག་གི་།ཕྱག་རྒྱ་སྔགས་པས་འཆིང་བཅུག་སྟེ། །ལག་ཏུ་མེ་ཏོག་སྦྱིན་བྱས་ལ། །དེ་ཚེ་སྙིང་གར་ཡི་གེ་བསམ། །སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །མེ་ཏོག་དེ་དག་དོར་དུ་
62a
༄#། །གཞུག་།བློ་དང་ལྡན་པས་སློབ་མ་ཡི། །རྣ་གཡས་རྡོ་རྗེ་དྲིལ་བུ་བཞག་།རྡོ་རྗེ་རྔ་ཞེས་བྱ་བ་ཡི། །ལྷ་མོ་ཆེན་པོ་གཡོན་པར་རོ། །མེ་ཏོག་རྣམས་ནི་གང་བབ་པ། །ལྷ་དེ་དེ་ཡི་ཡིན་པར་འདོད། །དེ་ལྟར་སློབ་མ་བཅུག་བྱས་ནས། །དེ་ཚེ་དམ་ཚིག་བསྟན་པར་བྱ། །མཁས་པས་ཞི་བར་བྱ་བའི་ཕྱིར། །འདི་ལྟར་སྦྱིན་སྲེག་རབ་ཏུ་བྱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བ་དང་ནི་རྒྱས་པ་དང ། །དབང་དང་དེ་བཞིན་དྲག་ཤུལ་སྤྱོད། །སྦྱིན་སྲེག་ལས་ནི་མདོར་བསྡུས་པ། །སེམས་དཔའ་ཆེན་པོས་བརྗོད་པར་མཛོད། །ཆོ་ག་ཐམས་ཅད་རྒྱས་པ་དང ། །དེ་བཞིན་ཐ་དད་ལས་ཀྱང་གསུངས། །སེམས་དཔའ་ཆེན་པོའི་གནས་གང་དུ། །མེ་ཡི་ཐབ་ཀྱི་ཁུང་བུ་བགྱི། །ཡམ་སྲེག་ཤིང་ཅིས་ཇི་ལྟ་བུར། །ལས་ནི་ཅི་ཞིག་བརྩམ་པར་བགྱི། །ཁྱབ་བདག་ཐབ་ཁུང་བཀའ་སྩོལ་ལ། །བདག་གི་ཐེ་ཚོམ་བསལ་དུ་གསོལ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ཀྱིས་དྲི་བ་གང་བྱས་པ། །དེ་དག་ཐམས་ཅད་བརྗོད་པར་བྱ། །གཡེང་བ་མེད་པའི་ཡིད་ཀྱིས་
62b
ཉོན། །དཀྱིལ་འཁོར་གཉིས་པའི་དབུས་སུ་ནི། །སྦྱིན་སྲེག་མེ་ཐབ་ཁུང་བུ་བྱ། །དེ་ཚད་གཏན་ལ་དབབ་པ་ནི། །ཁྲུ་གང་ཙམ་དུ་བརྗོད་པ་སྟེ། །མཐོ་གང་ཙམ་ཞིག་བརྐོས་ནས་སུ། །དབུས་སུ་རྡོ་རྗེ་གཞག་པར་བྱ། །ཁ་ཁྱེར་ཡང་ནི་དར་བྱས་ཏེ། །མཁས་པས་མཛེས་པའི་གཟུགས་སུ་བྱ། །རྩ་བརྩེ་མོར་དཀྲིས་པ་ཡི། །ཀུ་ཤ་དག་ནི་དེར་དགྲམ་མོ། །དེ་ལྟར་ཀུན་ཏུ་ལེགས་པར་ཡང ། །སྔགས་པས་ཤིན་ཏུ་དགྲམ་པར་བྱ། །ཧ་ཅང་མི་ཉེ་མི་རིང་བར། །སྦྱིན་སྲེག་མེ་ཡི་ཐབ་བྱ་སྟེ། །ཚུལ་བཞིན་དུ་ནི་བྱས་ནས་སུ། །དེར་ནི་སྦྱིན་སྲེག་བརྩམ་པར་བྱ། །ཀུ་ཤ་སྦམས་སྟེང་བདག་འདུག་སྟེ། །དེ་བཞིན་གཤེགས་རྣམས་དྲན་བྱས་ནས། །དེ་ནས་མེ་ནི་འབར་བྱས་ལ། །དེ་ལ་བསང་གཏོར་བྱ་བ་བརྩམ། །དེ་ཡི་འོག་ཏུ་མེ་དེར་ནི། །མེ་ཏོག་གཅིག་གཅིག་གཞག་པར་བྱ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ། །རང་གི་ཕྱག་རྒྱས་དགུག་པར་འགྱུར། །དེ་ལ་མེ་ཡི་ཕྱག་རྒྱ་ནི། །ལག་པ་གཡས་པ་དྲང་བརྐྱང་སྟེ། །མཐེ་བོ་མཐེ་ཆུང་དྲུང་དུ་གཟུགས། །སྔགས་འདིས་དགུག་པར་བྱ་བ་འོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨགྣ་ཡེ་ཧཱ་བྱ་ཀཱ་བྱ་བཱ་ཧ་ན་ཡ་སཝཱ་ཧཱ། བློ་དང་ལྡན་པས་རིག་སྔགས་ཀྱིས། །དེ་ནས་དགང་བླུགས་སྦྱིན་སྲེག་བྱ། །དེ་ལ་དགང་བླུགས་ཕུལ་ནས་ནི། །སློབ་མ་གཡོན་དུ་གཞག་པར་བྱ། །དེ་དག་རེ་རེའི་ཕྱིར་ཡང་ནི། །
63a
༄#། །དགང་བླུགས་ཉི་ཤུ་ལྔ་ལྔ་བསྲེག་།རྣམ་པ་སྣ་ཚོགས་ལས་ཀྱི་རྣམས། །འདི་ལྟ་བུ་དག་རབ་བྱ་སྟེ། །ཞི་བ་དང་ནི་རྒྱས་པ་དང ། །དབང་དང་དྲག་ཤུལ་སྤྱོད་པ་འོ། །ཞི་བའི་སྦྱིན་སྲེག་འོ་མར་བཅས། །མར་དང་འོ་མ་སྦྲང་རྩིའོ། །རྒྱས་ལ་ཞོ་དང་འབྲས་ཆན་དང ། །གང་དག་གཞན་ནས་གསུངས་པའོ། །དྲག་ཤུལ་སྤྱོད་པ་ཚེར་མར་གསུངས། །དབང་བྱར་སྔ་མ་ཇི་བཞིན་དུ། །ལས་འདོད་འཇིགས་པ་མེད་རྣམས་ཀྱིས། །ཅི་རིགས་པར་ནི་སྦྱིན་སྲེག་བྱ། །ཇི་ལྟར་རིགས་པ་སོ་སོ་ལས། །དེ་དག་ལ་ནི་ཡོན་དགུག་གོ་།ཡང་ན་ཡིད་ལ་གང་འདོད་པ། །དེ་ནི་ཅི་བདེར་སྦྱིན་པར་གྱིས། །དེ་ཡི་ཚེ་ན་སློབ་དཔོན་ལ། །སློབ་མ་རྣམས་ཀྱིས་ཡོན་དབུལ་ལོ། །མ་བྱིན་ན་ནི་དམ་ཚིག་ཉམས། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དཔེར་ན་ཉི་མ་ཟླ་བ་གཉིས། །འཇིག་རྟེན་མིག་ཏུ་མཁས་པས་འདོད། །དེ་བཞིན་སྐྱེ་བོ་འདི་ལ་ཡང ། །སློབ་དཔོན་དེ་ནི་མིག་འདྲར་འདོད། །དཔེར་ན་མེ་ཡི་ཁམས་དེས་ནི། །བུད་ཤིང་ཐམས་ཅད་སྲེག་པར་བྱེད། །དེ་བཞིན་སློབ་དཔོན་ཤེས་པར་བྱ། །མི་ཤེས་བུད་ཤིང་སྲེག་པར་བྱེད། །དཔེར་ན་ཆུ་ཡི་ཁམས་དེ་ནི། །འཇིག་རྟེན་གདུང་བ་ཐམས་ཅད་གཅོད། །དེ་བཞིན་དུ་ནི་སློབ་དཔོན་ཡང ། །གདུང་བ་ཀུན་གཅོད་ཤེས་པར་བྱ། །དཔེར་ན་
63b
རླུང་གི་ཁམས་དེ་ནི། །འཇིག་རྟེན་ཐམས་ཅད་རྟག་ཏུ་བསྒྲུབ། །དེ་བཞིན་སློབ་དཔོན་སློབ་མ་ལ། །དགེ་བ་རྣམ་པར་སྒྲུབ་པར་བྱེད། །དཔེར་ན་ལུས་ཅན་ཐམས་ཅད་ལ། །ས་ནི་རྟེན་དུ་གྲགས་པ་ཡིན། །དེ་བཞིན་དུ་ནི་སློབ་དཔོན་ཡང ། །ཆོས་ཀྱི་རྟེན་དུ་འདོད་པ་ཡིན། །དཔེར་ན་བཅོམ་ལྡན་རྣམ་སྣང་མཛད། །ཆོས་ཀུན་རྟོགས་པར་ཐུགས་སུ་ཆུད། །དེ་བཞིན་སློབ་དཔོན་ཤེས་པར་བྱ། །དཔེར་ན་དཔལ་ལྡན་རྡོ་རྗེ་འཆང ། །གསང་བ་ཐམས་ཅད་མཐུན་པར་འཛིན། །དེ་བཞིན་དུ་ནི་སློབ་དཔོན་ཡང ། །འདིར་ནི་སྔགས་ཀྱི་གསང་བ་འཛིན། །དཀོན་མཆོག་གསུམ་གྱི་བསྔགས་པ་རྣམས། །དེ་ནི་རྟག་ཏུ་རྗོད་པར་བྱེད། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །བསྔགས་པ་ཆེན་པོའང་རྗོད་པར་བྱེད།། དཔེར་ན་སངས་རྒྱས་མིག་འདྲ་སྟེ། །ཡང་དག་ལམ་ནི་སྟོན་མཛད་པ། །དེ་བཞིན་སྔགས་པ་འཇིགས་མེད་ཀྱང ། །ཐེག་ཆེན་གནས་འདི་སྟོན་པ་ཡིན། །བདག་ལྟར་སྔགས་པ་དེ་བཞིན་ཏེ། །སློབ་དཔོན་ཇི་བཞིན་རྒྱལ་དེ་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང ། །སྐྱོན་རྣམས་ནམ་ཡང་གཟུང་མི་བྱ། །ཡོན་ཏན་འཛིན་ན་གྲུབ་པར་འགྱུར། །ཉེས་པ་རྣམས་ནི་དངོས་གྲུབ་ཉམས། །སློབ་དཔོན་ལ་ནི་སྨད་བྱས་ན། །འཇིག་རྟེན་དག་ན་ཚེ་ཐུང་ཞིང ། །དེ་བཞིན་ངན་སོང་འགྲོ་བར་འགྱུར། །ཉ་པ་ལ་སོགས་རིགས་སུ་སྐྱེ།།
64a
༄#། །འདི་ནི་ཉེས་ཀུན་འབྱུང་གནས་ཏེ། །མཁས་པས་བླ་མ་སྐུར་མི་གདབ། །ཆོས་འདོད་རྣམས་ཀྱིས་སློབ་དཔོན་ལ། །རྟག་པར་རྒྱུན་ཏུ་མཉེས་པར་བྱ། །གང་ན་རྒྱལ་བའི་སྲས་གནས་པ། །ས་དེ་མཆོད་རྟེན་འདྲ་བ་ཡིན། །དེར་ནི་རྒྱལ་སྲས་ཐམས་ཅད་དང ། །བདག་ཀྱང་སྙིང་ལས་ཆུང་བ་ཡིན། །སྦྱིན་སྲེག་ལས་ཀྱི་དམ་པ་འདི། །དཔའ་བོ་ཁྱོད་ལ་བརྗོད་པ་ནི། །སེམས་ཅན་རྣམས་ལ་ཕན་བཞེད་པའི། །མགོན་པོ་རྣམས་ཀྱིས་སྔོན་ཆད་བཤད། །སྦྱིན་སྲེག་བྱ་བའི་ལས་རྣམས་ལ། །གང་གིས་འདི་ལྟར་རྣམ་ཤེས་པ། །དེ་ནི་སངས་རྒྱས་གསུངས་པ་བཞིན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ལག་ན་རྡོ་རྗེ་དབང་བསྐུར་བ་ལས། མེའི་ཚིག་ལེའུར་བྱས་པའི་རྣམ་པར་ཕྱེ་བ་འོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བཞི་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་སྔ་མས་བསྔགས་པ་ཡི། །དབང་བསྐུར་དཀྱིལ་འཁོར་བརྗོད་པར་བྱ། །ཁྲུ་གསུམ་ཚད་གཅིག་གཞག་ནས་སུ། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ཚད་ནི་ཁྲུ་བཞི་སྟེ། །དཀྱིལ་འཁོར་ལོགས་སུ་མངོན་ཕྱོགས་བྱ། །དེར་
64b
ཡང་སྔགས་པས་ཆ་བསྙམས་ཤིང ། །ཀུན་ཏུ་གྲུ་བཞི་ལྷམ་པར་བྱ། །སྔགས་པས་སྔགས་ཀྱི་ཚུལ་གནས་ཏེ། །མེ་ཡི་ཕྱོགས་སུ་འདུག་བྱས་ལ། །དེ་ཚེ་བྱང་དུ་མངོན་ཕྱོགས་ཏེ། །ཆོ་ག་བཞིན་དུ་ཐིག་སྐུད་བྲེ། །སྔ་མའི་གནས་ནི་སྤངས་ནས་སུ། །དབང་ལྡན་ཕྱོགས་སུ་འདུག་བྱས་ཏེ། །རླུང་ཕྱོགས་སྤྱོད་ཡུལ་བར་དུ་ནི། །བྱང་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ནས་ནི། །ལྷོ་ཕྱོགས་ངོས་སུ་མངོན་བལྟས་ཏེ། །བདེན་བྲལ་ཕྱོགས་ཀྱི་བར་དུ་ནི། །ནུབ་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །དེ་བཞིན་རླུང་གི་ཕྱོགས་སྤངས་ཏེ། །བདེན་བྲལ་ཕྱོགས་སུ་འདུག་བྱས་ནས། །དེ་ནས་ཤར་ཕྱོགས་མངོན་བལྟས་ཏེ། །སྔགས་པས་གསང་སྔགས་རྗེས་དྲན་ཞིང ། །མེ་ཡི་ཕྱོགས་ཀྱི་བར་དུ་ནི། ། ལྷོ་ཕྱོགས་ངོས་ཀྱི་ཐིག་གདབ་བོ། །ཆོ་ག་འདི་བཞིན་ཐམས་ཅད་ཀྱང ། །གྲུ་བཞི་ལྷམ་པར་རབ་ཏུ་བྱ། །མཁས་པས་ཐོག་མ་ཉིད་དུ་ནི། །ནང་རིམ་ཆ་བརྒྱད་བྱས་ནས་སུ། །འཁོར་ལོའི་དཀྱིལ་འཁོར་ཚུལ་དུ་ནི། །མཁས་པས་རིམ་པ་གཉིས་སུ་བྱ། །དབུས་ཀྱི་པདྨ་མདོར་བརྗོད་ན། །འདབ་བརྒྱད་ཟེ་བར་བཅས་པ་སྟེ། །འདབ་མའི་བར་བར་ཐམས་ཅད་དུ།། རྡོ་རྗེ་དག་ནི་བྲི་བར་བྱ། །དེ་དག་ལ་ཡང་སྙིང་པོ་བྲི། །རང་གི་སྙིང་པོས་བསྐུལ་ནས་ནི། །ཕྱོགས་སྐྱོང་བརྒྱད་པོ་དེ་དག་ཀྱང ། །ཇི་བཞིན་གནས་སུ་རྣམ་པར་དགོད། །དེ་ལ་ནང་
65a
༄#། །རོལ་གྲཝ་རྣམས་སུ། །འཇིག་རྟེན་སྐྱོང་བ་རྣམ་པར་དགོད། །བགེགས་ཀུན་ཞི་བར་བྱ་བའི་ཕྱིར། །སྒོར་ནི་བདུད་རྩི་ཐབ་སྦྱོར་གཞག་།དཀྱིལ་འཁོར་ལྷ་ལ་ཇི་ལྟ་བར། །དེར་ཡང་མཆོད་པ་རབ་ཏུ་བྱ། །རས་དང་བླ་རེ་དྲིལ་བུ་དང ། །གདུགས་དང་མེ་ཏོག་རྣམས་ཀྱང་དབུལ། །མུ་ཏིག་ཕྲེང་སོགས་མེ་ཏོག་ཕྲེང ། །ཅི་ནུས་ཅི་འབྱོར་དབུལ་བར་བྱ། །དེ་ལ་དབུས་སུ་ནི་ཕྱོགས་བཅུ་རྒྱས་པར་འགེངས་པའི་རྡོ་རྗེའི་གཟུགས་བརྙན་བྲིའོ། །རིན་པོ་ཆེ་སྣ་བཞིའི་བུམ་པ་རིན་པོ་ཆེ་དང ། སྨན་ཐམས་ཅད་ཀྱིས་བཀང་བ། རིན་པོ་ཆེ་མེ་ཏོག་དང ། མེ་ཏོག་ཀུན་ཏུ་རྒྱས་པ་དང ། འོད་དཔག་མེད་དང ། མི་འཁྲུགས་པ་དང ། ཀུན་ཏུ་བཟང་པོ་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། བྱམས་པ་དང ། སའི་སྙིང་པོས་བྱིན་གྱིས་བརླབས་པ་དག་གིས་སྤྱི་བོར་དབང་བསྐུར་རོ། །སྔགས་པ་པདྨ་དམ་པ་དེར། །རབ་ཏུ་བཞག་ནས་བདག་ཉིད་ཀྱིས། །མེ་ཏོག་སྤོས་ཀྱིས་མཆོད་བྱས་ལ། །མར་མེ་མཆོད་ཡོན་དབུལ་བར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང ། །སིལ་སྙན་སྒྲ་རྣམས་ཕྱུང་བ་དང ། ། རོལ་མོའི་སྒྲ་སིལ་སྙན་མང་གིས། །ཡང་དག་མངོན་དུ་དགའ་བྱས་ལ། །སྐྱོབ་པ་ཀུན་གྱིས་མངོན་སུམ་དུ། །བསྒྲིམས་ཏེ་དེ་ནི་དབང་བསྐུར་རོ། །ཇི་ལྟར་གླིང་བཞིའི་
65b
དབང་ཕྱུག་གམ། །འཁོར་ལོས་བསྒྱུར་རྒྱལ་དབང་བསྐུར་བ། །དེ་བཞིན་སྔགས་པས་ངོ་མཚར་དང ། །བཀྲ་ཤིས་ཀུན་གྱིས་དབང་བསྐུར་རོ། །མེ་ཏོག་རྣམས་དང་བདུག་པ་དང ། ། སྤོས་མཆོག་རྣམས་ཀྱིས་ཡང་མཆོད་ལ། །ལག་པ་གཡས་སུ་རྡོ་རྗེ་དང ། །གཡོན་དུ་འཁོར་ལོ་བཞག་ནས་སུ། །སློབ་མ་དེ་ལ་འདི་སྐད་དུ། །རྡོ་རྗེ་སློབ་དཔོན་ཁྱོད་འགྱུར་ཏེ། ། དེ་ནས་རྡོ་རྗེ་ལྡན་པ་ཁྱོད། །རྡོ་རྗེ་ཆོས་ནི་རབ་བརྗོད་པ། །སངས་རྒྱས་ཀུན་གྱིས་ཁྱོད་ལག་ཏུ། །ཏིང་འཛིན་འབྱུང་བའི་རྡོ་རྗེ་བྱིན། །དེང་ནས་འཇིག་རྟེན་ཐམས་ཅད་ཀྱི། །ལག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །སྡང་བ་རྣམས་ནི་ཚར་བཅད་དང ། །བསྟན་པ་ལ་ནི་གནོད་བྱེད་པ། །དེ་དག་གདུལ་བར་བྱ་བའི་ཕྱིར། །འདྲེན་པ་རྣམས་ཀྱིས་རྡོ་རྗེ་བྱིན། །ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ། །བདག་པོར་བྱ་ཕྱིར་དབང་བསྐུར་བ། །དེ་བཞིན་ཆོས་རྒྱལ་དབང་བསྐུར་ཕྱིར། །རྡོ་རྗེ་བློ་ལྡན་དབང་བསྐུར་བརྗོད། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །དེ་ལ་བསྲུང་བར་བྱ་བ་ནི། །སློབ་མ་རྡོ་རྗེ་ཆོས་བརྗོད་ལ། །ལག་པས་བསླང་བ་བྱས་ནས་སུ། །དཀྱིལ་འཁོར་ཆེན་པོ་དེར་ཁྲིད་ལ། །དམ་ཚིག་དག་ནི་རྣམ་བསྒྲགས་ཏེ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཁྱོད་ཀྱིས་བྱམས་དང་སྙིང་རྗེ་དང ། །ལག་ན་འཁོར་ལོ་གཞར་མི་གཏང ། །བློ་དང་ལྡན་པས་ཐབས་རྣམས་དང ། །རྡོ་རྗེ་བཞག་པ་ཁྱོད་ཀྱིས་ནི། །ནམ་ཡང་ཡོངས་སུ་
66a
༄#། །གཏང་མི་བྱ། །བློ་ལྡན་བྱང་ཆུབ་སེམས་དཔའ་དང ། །སངས་རྒྱས་དམ་ཚིག་འདི་ཡིན་ཏེ། །ཇི་ལྟར་རང་གིས་ལུས་བསྲུངས་པ། །དེ་ལྟར་ཁྱོད་ཀྱིས་འདི་སྲུངས་ཤིག་།དེ་བྱས་སངས་རྒྱས་བྱས་གཟོ་བ། །སངས་རྒྱས་སྲས་ཞེས་བརྗོད་པ་ཡིན། །གཞན་དུ་ན་ནི་དམ་ཚིག་ཉམས། །རྡོ་རྗེ་ཅན་དུ་ཁྱོད་མི་འགྱུར། །རྡོ་རྗེ་འཆང་བ་ཐམས་ཅད་ཀྱི། །རིགས་ནི་བྱང་ཆུབ་སེམས་ཡིན་ཏེ། །རྟགས་ནི་སྙིང་རྗེ་ཡིན་ཞེས་བརྗོད། །ཐབས་ནི་དབང་དུ་བསྟན་པ་སྟེ། །རྡོ་རྗེ་བཞག་པ་གོ་ཆ་བགོས། །རྡོ་རྗེ་མཚོན་ཆ་ཐོགས་པ་ཡིན། །ཁྱོད་ལ་ལྷ་རྣམས་ཕྱག་ཀྱང་འཚལ། །ཁྱོད་ལ་བསྲུང་བ་ཀུན་ཏུ་བྱེད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང ། །རྣམ་པ་ཀུན་ཏུ་བསྲུང་བ་མཛད། ། ལག་ན་རྡོ་རྗེ་དབང་བསྐུར་བ་ལས། དབང་བསྐུར་བའི་རིམ་པར་ཕྱེ་བ་རྫོགས་སོ།། །།དེ་ནས་འཇམ་རབ་དཔལ་ལྡན་པ། །ཡ་མཚན་གྱིས་ནི་མིག་རྒྱས་པས། །རྡོ་རྗེ་འཛིན་ལ་འདི་སྐད་སྨྲས། །དཔའ་བོ་གཟི་བརྗིད་ཆེན་པོ་ལེགས། །ཁྱོད་ཀྱིས་དཀྱིལ་འཁོར་གང་བཤད་པ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་མཆོག་།གང་གིས་དངོས་གྲུབ་ཐོབ་འགྱུར་བ། །གསང་ཆེན་བཅས་པ་ཡང་གསུངས་ཤིག་།ལྷ་རྣམས་ཐམས་ཅད་སོ་སོ་དང ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །ཕྱག་རྒྱ་དང་ནི་སྔགས་
66b
བཅས་པའི། །སྦྱོར་བ་རྣམས་ཀྱིས་རབ་སྦྱོར་དང ། །བསམ་གཏན་བརྟན་བཅའ་མན་ངག་དང ། །རི་ག་པའི་ཆོས་ནི་གང་ཡིན་དང ། །བརྟུལ་ཞུགས་དང་ནི་སྤྱོད་དང་རྟགས། ། ཡུལ་དང་དུས་ཀྱི་རྣམ་ཀུན་དང ། །ཞི་བ་དང་ནི་རྒྱས་པ་དང ། །དེ་བཞིན་དྲག་ཤུལ་སྤྱོད་པ་དང ། །འབྱུང་པོ་དག་ནི་དགུག་པ་དང ། །ནོར་ཡང་རབ་ཏུ་དགུག་པ་དང ། །གསང་སྔགས་སྤྱི་ཡི་མཚན་ཉིད་དང ། །བྱེ་བྲག་རྣམས་ཀྱང་བཤད་པར་མཛོད། །འཇིག་རྟེན་འདིར་ནི་འདོར་བ་སུ། །གཞན་དུ་འགྲོ་བ་སུ་ཞིག་གསུངས། །འདི་དང་གཞན་འབྲས་འཇིག་རྟེན་ན། །རྙེད་དཀའ་རྒྱལ་བ་རྣམས་གསུངས་དང ། །ལས་ནི་གཞན་གྱིས་བྱས་འགྱུར་ལ། །འབྲས་བུ་གཞན་སྤྱོད་འགྱུར་བ་དང ། །དཀྱིལ་འཁོར་འདི་དང་སྔགས་རྣམས་ཀྱི། །འབྲས་བུ་བདག་ལ་བཤད་པར་མཛོད། །སངས་རྒྱས་འབྱུང་བ་རྙེད་པར་དཀའ། །མི་ཡི་ལུས་ཀྱང་རྙེད་པར་དཀའ། །གསང་སྔགས་འབྱུང་བ་རྙེད་པར་དཀའ། །དད་པ་ཕུན་སུམ་ཚོགས་པར་དཀའ། །སངས་རྒྱས་ཀུན་གྱིས་དེ་རིང་ཁྱོད། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །བསྟན་པ་འདི་ཡི་བྱ་བ་ལ། །གསང་ཆེན་འཛིན་པར་དགོངས་པ་སྟེ། །དཀྱིལ་འཁོར་འདི་ཡི་བར་དག་གི་།ཆོ་ག་རྒྱས་པར་བཤད་པར་མཛོད། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་
67a
༄#། །པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་གང་དྲིས་པའི་ཚིག་དེ་ལེགས་པར་སྨྲས་པ་སྟེ། དེའི་ཕྱིར། འཇམ་དཔལ། རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་།འཇམ་དཔལ། དེ་ལ་དཀྱིལ་འཁོར་གྱི་གསང་ཆེན་ནི་ལྷ་གང་ཡིན་པ་དེ་ཁོ་བོ་ཡིན་ནོ། །ཁོ་བོ་གང་ཡིན་པ་དེ་དཀྱིལ་འཁོར་ཡིན་ནོ། །ལྷའི་གནས་གང་ཡིན་པ་དེ་ཁོ་བོའི་གནས་སོ། །ཁོ་བོའི་གནས་གང་ཡིན་པ་དེ་དཀྱིལ་འཁོར་རོ། །དཀྱིལ་འཁོར་ལ་གནས་པ་ནི་གསང་སྔགས་ཏེ། དཀྱིལ་འཁོར་མེད་པར་གསང་སྔགས་མེད་དོ། །འཇམ་དཔལ། གཞན་ཡང ། དཀྱིལ་འཁོར་ནི། གཟུགས་ཡོད་པ་དང ། གཟུགས་མེད་པའོ། །དེ་ལ་གཟུགས་ཡོད་པ་ནི་རི་མོར་བྲི་བའོ། །གཟུགས་མེད་པ་ནི་བྲི་བ་མ་ཡིན་པའོ། །གཞན་ཡང་བྲི་བར་བྱ་བ་ནི་བྲི་རུ་རུང་བའོ། །མི་བྲི་བ་ནི་བྲིར་མི་རུང་བའོ། །གཞོན་ནུ། །དེ་ལ་བྲི་བ་མ་ཡིན་པ་ནི་ལས་ཐམས་ཅད་བྱའོ། །བྲི་བ་ནི་བྱ་བ་དང ། ལས་ཀྱི་རྒྱུ་ཙམ་དུ་ཟད་དེ། དེ་ནི་ཕ་རོལ་དད་པ་བསྐྱེད་པ་ཡིན་ལ། གཅིག་གིས་ནི་ལྷའི་གནས་སུ་བྱིན་གྱིས་བརླབས་པར་བྱ་བ་སྟེ། དོན་གཉིས་བསྒྲུབ་པ་དང།་བྱ་བ་དང ། རྣལ་འབྱོར་ཐ་དད་པ་མ་ཡིན་པའི་དཀྱིལ་འཁོར་དང་ལྡན་པའི་དཀྱིལ་འཁོར་རོ། །སློབ་དཔོན་ལས་དང ། བྱ་བ་དང ། དུས་དང ། བྱེད་པ་དང ། ནུས་
67b
པ་དང ། འཛིན་པ་དང ། བསམ་གཏན་དུ་བྱ་བ་དང ། མན་ངག་དང ། རྣལ་འབྱོར་ཐམས་ཅད་དང་ལྡན་པ་དག་ལ་དབང་ཐོབ་པས་དཀྱིལ་འཁོར་བྲི་བར་བྱའོ། །གཞོན་ནུ།་དེ་ལ་མན་ངག་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང ། སློབ་མའོ། །སློབ་དཔོན་ནི་སློབ་དཔོན་གྱི་ཡོན་ཏན་དང་ལྡན་པའོ། །དེ་ནི་དེའི་སྤྱོད་པའི་རྗེས་སུ་འཇུག་ཅིང་ཚིག་བཞིན་དུ་བྱེད་ལ་མི་སླུ་བའོ། །ཚད་མ་དེ་ནི་མན་ངག་གོ་།འཇམ་དཔལ་གཞོན་ནུར་གྱུར་པ། གཞན་ཡང ། ཚད་མ་གང་ཞེ་ན། གང་མདོ་སྡེ་དང ། གསང་སྔགས་ཀྱི་དོན་མི་སླུ་བ་དང་པོར་ཤེས་ནས་དེའི་རོ་མྱོང་བ་དང ། དོན་དེ་ཤིན་ཏུ་ཆུད་པས་དེ་ལས་མི་ཉམས་བ་དང ། བརྟན་པར་འགྱུར་བ་དེ་ནི་ཆོས་ཉིད་དོ་ཞེས་ཐ་སྙད་འདོགས་པ་དེ་ནི་མན་ངག་བཤད་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་གསུངས་པ་དེ་དེ་བཞིན་ཏེ། གཞན་དུ་མི་འགྱུར་བས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཚད་མ་སྟེ་དེ་ནི་མི་སླུ་བའོ། །དེ་མངོན་པར་རྟོགས་པ་དང ། མངོན་སུམ་དུ་བྱ་བ་དང ། འབྲས་བུ་འཐོབ་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། ། གཞན་ཡང ། ཆོས་ཉིད་དེ་ཐོབ་པར་བྱེད་པའི་རྣལ་འབྱོར་ལ་སྦྱོར་བ་ཉིད་གང་ཉིད་གང་ཡིན་པ་དེ་ནི་རིག་པའོ། །འཇམ་དཔལ། གཞན་ཡང ། ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྔགས་
68a
༄#། །པ་ནི་རྒྱལ་བ་རྣམས་ཀྱིས་དཀྱིལ་འཁོར་གྱི་སློབ་དཔོན་དུ་བཞེད་དོ། །དཀྱིལ་འཁོར་གྱི་ནི་གསང་ཆེན་འདི། །རྒྱལ་བ་རྣམས་ཀྱིས་སྔོ་ན་བཤད་དེ། །གཞན་དུ་བྲི་བ་འབའ་ཞིག་ནི། །རྒྱུ་དང་འབྲས་བུ་བྲལ་བ་ཡིན། །འཇམ་དཔལ། གཞན་ཡང ། ལྷ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་ངོ་བོ་དང ། རྣམ་པར་སྨིན་པའི་ངོ་བོའོ། །དེ་ལ་འབྲས་བུའི་ངོ་བོ་ནི་ཆོས་ཉིད་རྟོགས་པའོ། །ཆོས་ཉིད་དེ་མངོན་སུམ་དུ་ཐོ་བ་པ་གང་ཡིན་པ་ནི་འབྲས་བུའོ། །འབྲས་བུ་གང་ཡིན་པ་དེ་རྣམ་པར་སྨིན་པའོ། །རྣམ་པར་སྨིན་པ་གང་ཡིན་པ་དེ་ངོ་བོའོ། །ངོ་བོ་གང་ཡིན་པ་དེ་ཐ་སྙད་དུ་ལྷུང་བའོ། །ཐ་སྙད་དུ་ལྷུང་བ་གང་ཡིན་པ་དང ། ཐ་སྙད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་བཏགས་པའོ། །དེ་ནི་བྱ་བའོ། །བྱ་བ་གང་ཡིན་པ་དེ་ལས་སོ། །ཆོས་ཉིད་གང་ཡིན་པ་དེ་ལ་ནི་འབྲས་བུ་མེད། མངོན་པར་རྟོགས་པ་མེད། མངོན་སུམ་དུ་བྱ་བ་མེད། རྣམ་པར་བྱང་བ་མེད་ཀྱང་ལས་དང ། རྣམ་པར་སྨིན་པའི་ས་ལ་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་དང ། ཐོབ་པ་དང ། མངོན་པར་རྟོགས་པ་དང ། རྣམ་པར་བྱང་བ་སྟོན་ཏོ། །གཟུང་ངོ ། །བརྗོད་དོ། །འདོགས་སོ། །རབ་ཏུ་འཇོག་གོ་།རྣམ་པར་འགྲེལ་ཏོ། །འཆད་དོ། །ཚུལ་
68b
བསྟན་པ་སྣ་ཚོགས་ཀྱིས་ཐ་སྙད་འདོགས་སོ། །འཇམ་དཔལ། གཞན་ཡང ། ལས་དང ། རྣམ་པར་སྨིན་པ་མེད་པའི་ས་ལ་གནས་པའི་སངས་རྒྱས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་འདི་ཞེས་བྱ་བ་དང ། འཇིག་རྟེན་ཕ་རོལ་ཞེས་བྱ་བ་དང ། སྐྱེ་བ་ཞེས་བྱ་བ་དང ། རྒ་བ་ཞེས་བྱ་བ་དང ། འཆི་བ་ཞེས་བྱ་དང ། ནད་ཅེས་བྱ་བ་དང ། རྒུད་པ་ཞེས་བྱ་བ་དང ། ཕུན་སུམ་ཚོགས་པ་ཞེས་བྱ་བ་དང ། འདུས་བྱས་ཞེས་བྱ་བ་དང ། འདུས་མ་བྱས་ཞེས་བྱ་བ་དང ། འགྲོ་བ་ཞེས་བྱ་བ་དང ། འོང་བ་ཞེས་བྱ་བ་དང ། རིག་པ་ཞེས་བྱ་བ་དང ། མ་རིག་པ་ཞེས་བྱ་བ་དང ། ཤེས་རབ་ཅན་ཞེས་བྱ་བ་དང ། རྟོགས་པ་ཞེས་བྱ་བ་དང ། འདོད་ཆགས་པ་ཞེས་བྱ་བ་དང ། ཞེ་སྡང་ཞེས་བྱ་བ་དང ། གཏི་མུག་ཅེས་བྱ་བ་དང ། འཆིང་བ་ཞེས་བྱ་བ་དང ། ཐར་པ་ཞེས་བྱ་བ་དང ། བདག་ཅེས་བྱ་བ་དང ། བདག་མེད་ཅེས་བྱ་བ་དང ། སྲེད་པ་ཞེས་བྱ་བ་དང ། དེ་ཁོ་ན་ཞེས་བྱ་བ་དང ། ཡང་དག་པ་ཞེས་བྱ་བ་དང ། མི་སླུ་བ་ཞེས་བྱ་བ་དང ། མིག་ཅེས་བྱ་བ་དང ། རྣ་བ་ཞེས་བྱ་བ་དང ། སྣ་ཞེས་བྱ་བ་དང ། ལྕེ་ཞེས་བྱ་དང ། ལུས་ཞེས་བྱ་དང ། ཡིད་ཅེས་བྱ་བ་དང ། གཟུགས་ཞེས་བྱ་བ་དང ། སྒྲ་ཞེས་བྱ་བ་དང ། དྲི་ཞེས་བྱ་བ་དང ། རོ་ཞེས་བྱ་བ་དང ། རེག་ཅེས་བྱ་བ་དང ། སངས་རྒྱས་ཞེས་བྱ་བ་དང །
69a
༄#། །ཆོས་ཞེས་བྱ་བ་དང ། དགེ་འདུན་ཞེས་བྱ་བ་དང ། ཉན་ཐོས་ཞེས་བྱ་བ་དང ། རང་སངས་རྒྱས་ཞེས་བྱ་བ་དང ། རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང ། ལན་གཅིག་ཕྱིར་འོང་བ་ཞེས་བྱ་བ་དང ། ཕྱིར་མི་འོང་བ་ཞེས་བྱ་བ་དང ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་དང ། ལན་གཅིག་ཕྱིར་འོང་བ་ཞེས་བྱ་བ་དང ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་དང ། ཕྱིར་མི་འོང་བ་ཞེས་བྱ་བ་དང ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་དང ། དགྲ་བཅོམ་པ་ཞེས་བྱ་བ་དང ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང ། བདེན་པ་མཐོང་བ་ཞེས་བྱ་བ་དང ། འཇམ་དཔལ། གཞན་ཡང ། ལྷ་ཞེས་བྱ་བ་དང ། ཀླུ་ཞེས་བྱ་བ་དང ། གནོད་སྦྱིན་ཞེས་བྱ་བ་དང ། དྲི་ཟ་ཞེས་བྱ་བ་དང ། ལྷ་མ་ཡིན་ཞེས་བྱ་བ་དང ། ནམ་མཁའ་ལྡིང་ཞེས་བྱ་བ་དང ། མི་འམ་ཅི་ཞེས་བྱ་བ་དང ། ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་དང ། མི་ཞེས་བྱ་བ་དང ། མི་མ་ཡིན་པ་ཞེས་བྱ་བ་དང ། སྐྱེས་པ་ཞེས་བྱ་བ་དང ། བུད་མེད་ཅེས་བྱ་བ་དང ། མ་ནིང་ཞེས་བྱ་བར་འདོགས་སོ། །འཇམ་དཔལ། དེ་ལྟར་ན་ལས་དང ། རྣམ་པར་སྨིན་པ་མེད་པ་ལ་གནས་པའི་སངས་རྒྱས་བཅོམ་ལྡན་
69b
འདས་རྣམས་ས་དང ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་བསམ་པ་ཐ་དད་པའི་དབང་གིས་འདོགས་པ་མཛད་དོ། །འཇམ་དཔལ་གྱིས་སྨྲས་པ། གང་ནམ་མཁའ་ལྟ་བུའི་ཆོས་དེ་ལ་ཇི་ལྟར་གདགས་པ་འམ། རྣམ་པར་རིག་པར་མཛད། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། ལས་དང ། རྣམ་པར་སྨིན་པ་མེད་པའི་ས་ཉིད་ལ་གདགས་པ་འམ། རྣམ་པར་རིག་པར་མཛད་དེ། འཇམ་དཔལ། ལས་དང ། རྣམ་པར་སྨིན་པ་མེད་པ་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་དེ་ལ་ཡང་གཅིག་ཅེས་བྱ་བ་འམ། གཉིས་ཞེས་བྱ་བར་འདོགས་ཏེ། དེ་ལྟར་གྲངས་བསྟན་པ་རྣམས་དང ། མིང་གི་བརྡར་བྱས་པ་རྣམས་ཀྱིས་འདོགས་པ་མཛད་པ་ལ་ལྟོས། འཇམ་དཔལ། གཞན་ཡང ། ནམ་མཁའི་ཁམས་ལས་དང ། རྣམ་པར་སྨིན་པ་མེད་པ་མ་ཡིན་ན། ནམ་མཁའ་ལ་ཡང་སྔོན་པོ་ཞེས་བྱ་བ་དང ། སེར་པོ་ཞེས་བྱ་བ་དང ། དམར་པོ་ཞེས་བྱ་བ་དང ། དོག་ཅེས་བྱ་བ་དང ། ཡངས་ཞེས་བྱ་བ་དང ། དག་ཅེས་བྱ་བ་དང ། མ་དག་ཅེས་བྱ་བར་འདོགས་སོ། །འཇམ་དཔལ། དེ་བཞིན་དུ་ལས་དང ། རྣམ་པར་སྨིན་པ་མེད་པའི་ས་ལ་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་འདོགས་པ་མཛད་དེ། འདོགས་པ་དེ་ཡང་ལས་དང ། རྣམ་པར་སྨིན་པ་མེད་པས་བྱས་པ་ཡིན་ན། བྱིས་པ་སོ་
70a
༄#། །སོའི་སྐྱེ་བོ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱིས་ཁོང་དུ་མ་ཆུད་པར་ཟད་དེ། དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་གཞུག་པའི་སྒོ་དཀྱིལ་འཁོར་འདི་རྒྱལ་བ་རྣམས་ཀྱིས་གསུངས་སོ། །གསུམ་ནི་འདུས་པར་གྱུར་པ་ལས། །སྔགས་འབྱུང་བར་ནི་འདིར་བསྟན་ཏོ། །ཕྱག་རྒྱའང་དེ་བཞིན་འབྱུང་བ་སྟེ། །གཟུགས་ཅན་མ་ཡིན་བསྟན་དུ་མེད། །རྟག་ཏུ་འཇིག་རྟེན་གསུམ་རྣམས་སུ། །ཐོགས་པ་མེད་ཅིང་ཆོད་པ་མེད། །དཔེར་ན་གཙུབ་སྟན་བརྟེན་ནས་སུ། །གཙུབ་ཤིང་གཙུབས་པ་བྱས་གྱུར་ན། །མི་ཡིས་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ ། །དེ་བཞིན་གསུམ་ནི་འདུས་པ་ལས། །གསང་སྔགས་དང་ནི་ཕྱག་རྒྱ་ལྔ། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་བསམས་པའི། །ལས་རྣམས་བྱེད་པར་གྱུར་པ་ཡིན། །འཇམ་དཔལ། དཔེར་ན། རིག་སྔགས་འཆང་རྣམས་ཀྱིས་བསམས་མ་ཐག་ཏུ་ལྷའི་ཟས་དང ། སྐོམ་དང ། རྒྱན་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། བུད་མེད་དང ། ཁང་ཁྱིམ་དང ། གཞལ་མེད་ཁང་ལ་སོགས་པ་ཐམས་ཅད་འབྱུང་ངོ ། །འཇམ་དཔལ། དེ་བཞིན་དུ་གསང་སྔགས་དང ། ཕྱག་རྒྱ་དང ། ལྷ་འདུས་པ་ལས་ཐམས་ཅད་འབྱུང་ངོ ། །འཇམ་དཔལ། འདི་ལྟ་སྟེ།
70b
དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ་བ་དེ་མེད་པར་མ་གྱུར་ན་དེའི་ཚེ་གང་བསམས་པ་དེ་ཐམས་ཅད་འབྱུང་ངོ ། །འཇམ་དཔལ། དེ་བཞིན་དུ་སྔགས་ཀྱི་ཚུལ་ཡང་ཁོང་དུ་ཆུད་པར་བྱའོ། །འཇམ་དཔལ། གང་གི་ཚེ་རང་གི་གཟུགས་ཡོངས་སུ་སྤངས་ཏེ། ལྷའི་ང་རྒྱལ་ལ་ཐེ་ཚོམ་མེད་པ་ཐོབ་པ་དེའི་ཚེ་གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་ཏེ། དེའི་ཚེ་དེས་ཚིག་གིས་དེའི་རྣམ་པ་སྟོན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ། བརྟེན་པའི་ཆོས་ཉིད་ཇི་ལྟར་ལས་བྱེད་ནུས་པར་འགྱུར་བ་ལ་ལྟོས། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྒྱ་ལ་བརྟེན་ནས་རྒྱའི་འབུར་འབྱུང་བར་འགྱུར་ཏེ། རྫས་མེད་ན་ཡང་རྒྱའི་འབུར་མི་འབྱུང་ལ། ཡོད་ཀྱང་བྱ་བ་དང ། ལས་དང་བྲལ་ན་རྒྱའི་འབུར་མི་འབྱུང་སྟེ། འཇམ་དཔལ། གཉིས་ཀ་ཡང་ཕན་ཚུན་དུ་ལྟོས་པ་དང་བཅས་པའི་ཕྱིར་རོ། །མིས་རྩོལ་བ་བྱས་པ་དེ་ལས་ཅི་འདིར་རྫས་བྱུང་བའམ། འོན་ཏེ་ལས་ཀྱི་བྱ་བ་དེ་བྱུང་ངམ་གང་ཡིན་ཏེ། སྔ་ཕྱི་འགལ་བའི་ཕྱིར་བརྟེན་ནས་གསང་སྔགས་སམ། ཕྱག་རྒྱ་འབྱུང་བ་ཙམ་ལ་མ་གཏོགས་པར་འབྱུང་བ་མེད་དོ། །འཇམ་དཔལ། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་གཞན་ལས་རྒྱལ་བའི་སྦྱོར་བ་ཡང་དེ་སྙེད་དུ་བལྟའོ། །འདི་ལ་རྒྱལ་བར་བྱེད་
71a
༄#། །པ་སུ་ཡིན་ཞེ་ན། ཕྱག་རྒྱ་དང ། གསང་སྔགས་དང་ལྡན་པའི་ཆོས་ཀྱི་དབྱིངས་ཀྱིས་རྒྱལ་བར་བྱེད་དོ། །འཇམ་དཔལ། ཆོས་ཀྱི་དབྱིངས་ཉིད་ལ་རྣམ་པ་མང་པོར་བརྟགས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་འདི་ནི་གསང་སྔགས་སོ། །འདི་ནི་ཕྱག་རྒྱའོ། །འདི་ནི་ལྷའོ་ཞེས་རྣམ་པར་གཞག་པ་མཛད་དོ། །ཆོས་ཀྱི་དབྱིངས་དེ་ནི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། གཟུང་བ་མ་ཡིན་པ། དཀྲུག་པ་མ་ཡིན་པ་སྟེ། དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་པར་འབྱུང་བར་རྣམ་པར་གཞག་པས་རྣམ་པར་གཞག་གོ་།རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་བྱ་བ་ཐམས་ཅད་བྱེད་དོ། །འཇམ་དཔལ། གཞན་ཡང ། ཇི་ལྟར་གཞན་གྱིས་ལས་བྱས་པ་ལ་ཇི་ལྟར་གཞན་སྤྱོད་ཅེས་གང་སྨྲ་བ་དེ་ནི། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་དབང་ཕྱུག་རང་གི་སེམས་ལ་དབང་ཐོབ་པ་དེ་འདོད་པ་བཞིན་དུ་ལོངས་སྤྱོད་སྣ་ཚོགས་ལ་ཡོངས་སུ་སྤྱོད་པར་བྱེད་དེ། འདི་ལྟ་སྟེ། ལྷའི་ཁང་ཁྱིམ་དང ། གཞལ་མེད་ཁང་ལ་སོགས་པ་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། བུད་མེད་དང ། བཟའ་བ་དང ། བཅའ་བ་ལ་སོགས་པ་མངོན་པར་སྤྲུལ་ནས་བདག་ཀྱང་ཡོངས་སུ་སྤྱོད་ཅིང་གཞན་དག་ལ་ཡང་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
71b
དེ་ཉིད་ཀྱིས་སྔགས་དེ་བསྒྲུབས་པའི་ཕྱིར་རོ། །འཇམ་དཔལ། དེ་བཞིན་དུ་གཞན་གྱིས་བྱས་པ་ལ་གཞན་ཡོངས་སུ་སྤྱོད་དོ། །འཇམ་དཔལ། གཅིག་བྱེད་པ་ལ་མང་པོ་ཡོངས་སུ་སྤྱོད་པའི་རྣམ་གྲངས་ཡོད་དོ། །དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འམ། ཞིང་པ་བཞིན་ནོ། །འཇམ་དཔལ། གཞན་ཡང ། འཇིག་རྟེན་འདི་འདོར་བ་ནི་སུ། གཞན་དུ་འགྲོ་བ་ནི་སུ་ཞེས་སྨྲ་བ་ནི། འཇམ་དཔལ། གང་གི་ཚེ་སེམས་དང ། སེམས་ལས་བྱུང་བའི་ཚོགས་འདུས་བྱས་ཀྱི་ཁམས་ལ་གནས་པ་དེའི་ཚེ་དེ་འཇིག་རྟེན་འདི་ཡིན་ནོ། །གང་གི་ཚེ་སེམས་དང ། སེམས་ལས་བྱུང་བའི་ཚོགས་དེ་ཉིད་འདུས་མ་བྱས་ཀྱི་ཁམས་ལ་གནས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་འདི་འདོར་ཞིང ། འཇིག་རྟེན་ཕ་རོལ་ཏུ་འགྲོའོ་ཞེས་འདོགས་ཏེ། འདི་ནི་ཆོས་ཉིད་རྟོགས་པའི་གང་ཟག་གི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ནི་འདུས་མ་བྱས་ཀྱི་ཁམས་སུ་རྣམ་པར་གནས་པ་སྟེ། དེ་ནི་ནམ་དུ་ཡང་འདུས་བྱས་ཀྱི་དྲི་མས་མི་གོས་སོ། །འདི་ལྟ་སྟེ། དཔེར་ན། རྡོ་རྗེ་འདམ་རྫབ་ཀྱི་རྙོག་པའི་དྲི་མའི་སྐྱོན་ཐམས་ཅད་ཀྱིས་མི་གོས་སོ། །དེ་བཞིན་དུ་ཆོས་ཉིད་དེ་ཡང་འདུས་བྱས་ཀྱི་སྐྱོན་ཐམས་
72a
༄#། །ཅད་ཀྱིས་མི་གོས་སོ། །འཇམ་དཔལ། བྱིས་པ་སོ་སོའི་སྐྱེ་བོ་འདུས་བྱས་ཀྱི་ཁམས་སུ་གཏོགས་པ་དག་ནི་ཉོན་མོངས་པ་ཅན་གྱི་རྒྱུད་དུ་ལྟུང་བ་ངར་འཛིན་པ་དང ། ང་ཡིར་འཛིན་པ་ལས་བྱུང་བའི་སེམས་པས་སྲིད་པར་སྐྱེ་བ་ཉོན་མོངས་པ་ཅན་རྣམ་པར་སྒྲུབ་བོ། །དེ་དག་འཆི་བའི་དུས་ཉེ་བར་གནས་ཏེ་འདུ་བྱེད་ཀྱི་ཚོགས་འདི་འགགས་པའི་ཚེ་ལྷའོ་སྙམ་མམ། མིའོ་སྙམ་པའི་ང་རྒྱལ་ཉིད་རྒྱུད་དེའི་རྗེས་སུ་འབྲེལ་ཏོ། །འདི་ལྟ་སྟེ། དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་བལྟ་བའི་མི་ནི་བདག་གི་བཞིན་ཡོན་ཏན་ཁྱད་པར་ཅན་འདི་ལྟ་བུས་བཟང་ངོ་ཞེ་འམ། མི་བཟང་ངོ་ཞེས་རྟོག་པར་བྱེད་ཀྱི། དེ་དང་ཐ་དད་པ་ཡང་མ་ཡིན།་ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་འཁྲུལ་པའི་ཕྱིར་སེམས་ལ་ངར་འཛིན་པ་བསྐྱེད་དོ། །འཇམ་དཔལ། མཐོང་བའི་འབྲས་བུ་གང་ཞེ་ན། འདི་ལྟ་སྟེ། གསང་སྔགས་ཀྱིས་དུག་དང ། རིམས་ལ་སོགས་པ་སེལ་བའོ། །མ་མཐོང་བའི་འབྲས་བུ་གང་ཞེ་ན། མངོན་སུམ་དང ། རྟོག་པའི་དྲ་བ་དང་བྲལ་བ་བསམ་གཏན་རྟོགས་པའི་འབྲས་བུ་ཐོབ་པ་སྟེ། རྗེས་སུ་དཔག་པ་དང ། དཔག་པར་བྱ་བའི་རྟོག་གེ་བའི་ཡུལ་ལས་ཡང་དག་པར་འདས་པ། ཡིད་ཆེས་པའི་ལུང་གིས་གྲུབ་པ་དང །
72b
རྣལ་འབྱོར་དང་།རིགས་པ་དང་ལྡན་པ་དང ། རང་གིས་མྱོང་བའི་རྣམ་པ་ནི་འབྲས་བུར་བསྟན་ཏེ། འདི་མ་མཐོང་བའི་འབྲས་བུའོ། །འཇམ་དཔལ། གཞན་ཡང ། དྲག་ཤུལ་སྤྱོད་པའི་ལས་སྨྲོས་ཤིག་ཅེས་གང་སྨྲས་པ་ནི་བྱ་དགོས་པར་གྱུར་པ་ན་ཁྲོ་བོ་ཉིད་བརྩམ་པར་བྱ་སྟེ། ཞི་བའི་སེམས་དང ། སྙིང་རྗེ་བ་དང ། བྱམས་པའི་རང་བཞིན་དང ། རང་གི་ལས་ཀྱི་འབྲས་བུ་ལ་བལྟ་བས་ལྷའི་གཟུགས་དང ། རང་གི་ཁྲོ་བོའི་གཟུགས་ཐ་མི་དད་པར་སྦྱོར་བ་དང་ལྡན་པར་བྱས་པས། མེའི་ཡང་ཁྲོ་བོའི་གཟུགས་ལ། གཅིག་ཤོས་ཀྱང་ཁྲོ་བོའི་གཟུགས་སོ། །རང་དབང་བསྒྱུར་བའི་ཁྲོ་བོས་སྔགས་ཀྱི་ངོ་བོས་བཀུག་ལ་མྱུར་དུ་བྲང་ངམ། སྙིང་ག་འམ། མགོ་འམ།་ལྟོ་འམ། རྐེད་པ་འམ། བྱིན་པ་འམ། རྐང་པ་འམ། རྒྱབ་བམ། རྐང་པ་གཡོན་པས་མནན་ལ་སྲོག་ཆགས་ཐམས་ཅད་དགོད་ཀྱང་རུང ། རྩེ་ཡང་རུང ། ཆགས་ཀྱང་རུང ། སྡང་ཡང་རུང ། ལམ་དུ་འགྲོ་ཡང་རུང ། ཉལ་ཡང་རུང ། འདུག་ཀྱང་རུང ། འགྲེང་ཡང་རུང ། ཆུ་ཀླུང་གི་ཕ་རོལ་དཔག་ཚད་བརྒྱན་འདུག་ཀྱང་རུང ། ལྷ་ལ་སོགས་པས་བསྲུངས་ཀྱང་རུང ། བདག་ལ་མེ་སྦར་བས་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱའོ། །ཞི་བ་ལ་ནི་ཞི་བ། མ་ཞི་བ་ལ་ནི་མ་ཞི་བར་གསུངས་སོ། །དེ་
73a
༄#། །ནས་ལག་ན་རྡོ་རྗེས་ཐོགས་པ་མེད་པའི་ངག་གི་འཁོར་ལོའི་དཀྱིལ་འཁོར་བསྒྲུབ་པ་དང ། བསྟན་པ་དོན་ཡོད་པར་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གསུང་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོབས་མཚུངས་པ་མེད་པས་ཆོས་ཀྱི་དབྱིངས་ལ་འཇུག་པ། དམ་ཚིག་ཆེན་པོའི་གསང་སྔགས་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ས་མ་ཡ་དྷརྀཀ་།དམ་ཚིག་གི་རྡོ་རྗེའི་གསང་སྔགས་སྨྲས་མ་ཐག་ཏུ། དེ་ནས་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དང།་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་དམ་ཚིག་ལ་འཇུག་པའི་རྡོ་རྗེའི་སྒྲ་འུར་ཞེས་གྲགས་སོ། །འདི་ཐོས་བྱང་ཆུབ་སེམས་དཔའ་རྣམས། །དེ་དག་སྐད་ཅིག་དེ་ཉིད་ལ། །སངས་རྒྱས་ཀུན་གྱི་སྤྱན་སྔ་རུ། །རྡོ་རྗེ་མཆོག་སྟོབས་གཟུངས་ཐོབ་བོ། །ཡང་བདུད་བཞི་ཕམ་པར་བྱེད་པའི་རྣམ་པར་བསྒྱིངས་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྲུང་བ་ཆེན་པོ་སྟོབས་པོ་ཆེ་སྟོབས་བཅུའི་གཟི་བརྗིད་ལས་བྱུང་བའི་གསང་སྔགས་འདི་
73b
སྨྲས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། བཛྲ་གི་ནི། བཛྲ་ཤུ་ཨུ་ལ་ནི། བཛྲ་མུ་ཏ་རེ། བ་ལི་ན་མ་ཨ་གྲ་།མཧཱ་བ་ལེ། ཧི་ལི་ཧི་ལི། མི་ལི་མི་ལི། ཤི་ལོ་ཤི་ལོ། ཊི་ལོ་ཊི་ལོ། ཊ་ཊ་ལེ། མཧཱ་ཙཎྜི། ཀུ་རུཾ་གྷོ་ན། ཤཝེ་ཏ། པདྨ་མ་ལི་ནི། ཧི་ཧི་ཧེ་ཧེ། རཀྵ་རཀྵ། མཧཱ་ས་མ་ཡ་ཨ་ནུ་ག་ཏེ་སཝཱ་ཧཱ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། །ཀྱེ་མ་བསྲུང་བ་དམ་པ་འདི། །གསང་སྔགས་རྗེས་སུ་སྤྱོད་པ་ཡི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ལག་ན་རྡོ་རྗེས་རབ་ཏུ་བརྗོད། །དེ་ནས་ལག་ན་རྡོ་རྗེས་ཡང་དཀྱིལ་འཁྲོ་གྱི་ཐབས་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ཨ་གྲ་དྷ་ར། ཨ་ན་ལོ་བི་ཤཝ་སཾ་བྷ་བ་སཝཱ་ཧཱ། །རྡོ་རྗེའི་མེ་ལྕེ་ཆེན་པོ་འབར་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་དྷྱཿ ། ཤྩཎྜི་བཛྲ་ཨ་རྩི་སྥ་ར་ཎ་སཝཱཧཱ། རྡོ་རྗེ་འོད་འཕྲོ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། མཧཱ་ཙཎྜ་བཛྲ་ཀ་བ་ཙ་བི་སྥུ་ར་བཛྲཾ་ག་སཝཱ་ཧཱ། རྡོ་རྗེ་གོ་ཆའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། མཧཱ་བཛྲ་ཨ་གྲ་དྷ་རི་ཏེ་ཛོད་ག་ཏེ་སཝཱ་ཧཱ། རྡོ་རྗེ་མཆོག་གི་སྤྱི་གཙུག་གི་
74a
༄#། །སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། བཛྲ་ཨ་ནནྟ་ག་ཏི་ཧི་སཝཱ་ཧཱ། །རྡོ་རྗེ་གཙུག་ཏོར་ཆེན་པོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཏ་ཐཱ་ག་ཏེ། ཨཱ་ཤཱ་པ་རི་པཱུ་ར་ཙིནྟ་མ་ཎི་རཱ་ཛ་བཛྲ་ཧཱུཾ། །རྡོ་རྗེ་མཛོད་སྤུའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཏ་ཐཱ་ག་ཏེ་ལོ་ཙ་ན་ཛྙཱ་ན་བཛྲ་སཝཱ་ཧཱ། རྡོ་རྗེ་སྤྱན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཨོཾ་བཛྲ་ཨཱན་ནན་སཝཱ་ཧཱ། རྡོ་རྗེ་ཞལ་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏེ་ས་ཏྱ་དྷརྨ་པྲ་ཏིཥྛ་ཏེ་བཛྲ་ག་པུ་རུ་ས་ར་སཝ་ཏི་བུ་ཧ་ཨ་ལཾ་ཀཱ་ར་གརྦྷ་བཛྲ་ཛི་ཧཝཱ་ཧཱུཾ་བྷ་ག་བ་ཏི། སརྦ་སཏྭ་སནྟེ་ཥ་ཎ་ཀ་རི་སཝཱ་ཧཱ། རྡོ་རྗེ་ལྗགས་ཀྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། བཛྲ་ཨ་གྲ་ས་མེ་བྷྱོ་བི་ཤཝཱ་རཱུ་པ་དྷ་ར་སཝཱ་ཧཱ། རྡོ་རྗེ་སྐུའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཨརྒྷ་བཛྲ་སཝཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། གནྡྷ་ཨ་བ་བྷཱ་ས་ན་སཝཱ་ཧཱ། དྲིའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། པུཥྤ་བཛྲ་ཨ་གྲ་དྷ་ར་ཀ་སཝཱ་ཧཱ། མེ་ཏོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་
74b
ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཛྙཱ་ན་བཛྲ་སཝཱ་ཧཱ། བདུག་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཨཀྵ་ཡ་དྷརྨ་དྷཱ་ཏུ་སྥ་ར་ཎ་བཛྲ་སཝཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཏ་ཐཱ་ག་ཏེ་ཙཀྵུར་བཛྲ་སཝཱ་ཧཱ། མར་མེའི་སྔགས་སོ། །དཀྱིལ་འཁོར་གྱི་ཐབས་ཀྱི་སྔགས་ཀྱི་མཛོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། རྡོ་རྗེ་ཆེན་པོ་གསང་བ་མཐོ་བའི་ཏོག་རྡོ་རྗེ་མཐོན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་མཉམ་པར་བཞག་མ་ཐག་ཏུ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ལྷངས་ཞེས་བྱ་བའི་ཚིག་དང་ལྡན་པའི་ཡི་གེའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་དེ་བྱིན་ནོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། ཏ་ཊ་ཏ་ཊ། སྥོ་ཊ་ཡ་བཛྲ་སཾ་ཀྲྀ་ཏ་བིདྱུ་ཛི་ཧཝཱ་རུརྡཱནྟ་ད་མ་ཀ་ད་ཧ་སི་ཏ། ལཾ་བོ་ད་ར་ག་ཧ་ཀ་ཧ། ཙུ་ལུ་ཙུ་ལུ། མུཉྩ་ཨཊྚ་ཧཱ་ས་ན། དཱ་ར་བི་དཱ་ར། བཛྲ་བཀྟྲ། བཛྲ་ཨཾ་ག་།བཛྲ་ནཻ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷཱ་ཎ། བཛྲ་དཾ་ཥྚྲ་ཨ་ནུ་ཙ་ར། ཀིཉྩི་རཱ་ཡ་སི། པྲ་བི་ཤ་བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཨཱ་བི་ཤ་ཨཱ་བི་
75a
༄#། །ཤ།་གྷུརྞ་གྷུརྞ། གྷུརྞ་པ་ཡ་གྷུརྞ་པ་ཡ། སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཀར། པྲ་བ་ར། དྷརྨ་ལབྡྷ་བཛྲ་ཡ་ཧཱུཾ་ཀྲྀ་ཏ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷངས་ཞེས་བྱ་བའི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཚིམ་ཞིང་མགུ་སྟེ་རབ་ཏུ་དགའ་ཞིང་ཡི་རངས་ནས། དེའི་ཚེ་རྡོ་རྗེ་མེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ཏིང་ངེ་འཛིན་འདི་མཉམ་པར་བཞག་མ་ཐག་ཏུ། དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །རྒྱ་མཚོ་ཆེན་པོ་ཐམས་ཅད་ཀྱང་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱང་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པར་སྣང་ངོ ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཡང་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ་འཇིགས་འཇིགས་ལྟ་ཆེན་པོའི་
75b
གཟུགས་འཛིན་ལ། རྡོ་རྗེའི་མིག་ལས་མེ་ལྕེ་འབར་བའི་འོད་ཟེར་གྱིས་ཕྱོགས་བཅུར་སྣང་བར་བྱེད་ཅིང་རྡོ་རྗེ་འཇིགས་འཇིགས་ལྟ་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ། མིག་གསུམ་པ། མཆེ་བ་བཞི་པ། གད་མོ་རྟ་གད་འབྱིན་པ། ལུས་ལ་གླང་པོ་ཆེའི་ལྤགས་པ་ཁྲག་ཅན་གྱོན་པ། ལག་ན་རྡོ་རྗེ་ཐོགས་པ་ཕྱུང་ངོ ། །ཡང་བ་སྤུའི་ཁུང་བུ་ཐམས་ཅད་དང ། ཡན་ལག་གི་ཚིགས་ཐམས་ཅད་ནས་རྡོ་རྗེ་ཁྲོ་བོ་ཐམས་ཅད་མི་སྡུག་ཅིང་འཇིགས་སུ་རུང་བའི་གཟུགས་ཅན་ལག་ན་རྡོ་རྗེ་ཐོགས་པ་དང ། ཁ་དོག་ཐ་དད་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲས་གོ་བར་བྱེད་པ་དང ། ལག་ན་མདུང་རྩེ་གསུམ་ཐོགས་པ་དང ། སྡང་བ་ཐམས་ཅད་སྐྲག་པར་བྱེད་པ་དང ། བདུད་ཀྱི་གནས་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་དང ། འཆའ་བ་དང ། རྒོད་པ་དང ། འབུག་འབུག་པོའི་སྒྲ་འབྱིན་པ་དང ། སྨུག་སྨུག་པའི་སྒྲ་འབྱིན་པ་དང ། ལག་ན་རྩེ་གསུམ་གདེངས་པ་དང ། གཏུན་རྐེད་ཉག་ཐོགས་པ། ལག་ན་བེ་ཅོན་ཐོགས་པ་དང ། ལག་ན་རལ་གྲི་ཐོགས་པ་དང ། ལག་ན་ཐོ་བ་ཐོགས་པ་དང ། ལག་ན་དགྲ་སྟ་ཐོགས་པ་དང ། ལག་ན་མཚོན་རྩེ་གཅིག་པ་དང ། ཀ་ན་ཡ་དང ། མདའ་བོ་ཆེ་
76a
༄#། །དང ། འཁོར་ལོ་དང ། ལྕགས་མདའ་དང ། ཞགས་པ་དང ། དབྱུག་ཏོ་དང ། ལྕགས་ཐག་དང ། ཁབ་འདྲ་དང ། གཤོལ་དང ། རྔ་དང ། འཁར་རྔ་དང ། དྲིལ་བུ་དང ། རྔ་བོ་ཆེ་ཐོགས་པ་དང ། གཟི་བརྗིད་ཅན་ཐམས་ཅད་ཀྱི་གཟི་བརྗིད་མི་སྣང་བར་བྱེད་ཅིང ། དེ་བཞིན་གཤེགས་པའི་དམ་ཚིག་ལ་བལྟ་བ་ལྷུར་ལེན་པར་བསྟན་ནས། ཡང་གཙུག་ཏོར་ནས་ཁྲོ་བོའི་རྒྱལ་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལས་བྱུང་བ། མེ་ལྕེ་འབར་བས་ལང་ལོང་དུ་གྱུར་པ། ཐོར་ཚུགས་ཅན། གསུས་པ་འཕྱང་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་ལུས་དང་ལྡན་པ། རབ་ཏུ་འཇིག་པའི་དུས་ཀྱི་མེ་དང་འདྲ་བ། དཔྲལ་བ་ཁྲོ་གཉེར་གྱི་རིམ་པ་ཅན། རི་དྭགས་ཀྱི་རྒྱལ་པོའི་ལྤགས་པ་ཁྲག་ཅན་གྱི་སྨད་གཡོགས་གྱོན་པ། བཀའ་ནོད་ཅིང་འདུག་པ་བསྟན་ཏོ། །ཡང་དཔྲལ་བའི་དཀྱིལ་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཞན་ཁྲོ་བོ་ཟླ་བའི་ཐིག་ལེ་ཞེས་བྱ་བ་ལག་པ་བརྒྱ་སྟོང་དུ་མ་ཡོད་པ།་མིག་གསུམ་པ། མཆེ་བ་བཞི་པ། གད་མོ་རྟ་གད་ཀྱི་སྒྲ་འབྱིན་པ། གཤིན་རྗེའི་གཟུགས་འདྲ་བ། ཁྲོ་བོའི་གཡོག་འཁོར་བརྒྱ་སྟོང་དུ་མ་དང་ལྡན་པ། ལག་ན་
76b
མཚོན་ཆ་སྣ་ཚོགས་ཐོགས་པ། སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་ཀུན་ཏུ་བསྟན་ཏོ། །ཡང་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཁྲོ་བོ་རྡོ་རྗེ་བེ་ཅོན་ཆེན་པོ་ཅན། ལྟོ་བ་སྤྱང་ཀིའི་ལྟོ་བ་འདྲ་བ། མིག་དམར་བ། ཁྲོས་པ་དང་བཅས་པ། ཨན་ད་རྙིལ་ལྟར་སྔོ་བ། ལག་ན་བེ་ཅོན་ཐོགས་པ། སྐྲག་པར་བྱེད་པ། དྲག་པོ། སྡིག་པའི་ལྤགས་པའི་ཤམ་ཐབས་ཅན་སྡིགས་མོ་བྱེད་པ་བསྟན་ཏོ། །ཡང་སྟོབས་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ་ཞེས་བྱ་བ་ལག་པ་བཞི་པ། སྐྲ་གྱེན་དུ་འགྲེང་བ། མིག་སེར་བ། མཆེ་བ་བཞི་པ། དབྱར་གྱི་སྤྲིན་འདྲ་བ། ལག་ན་བེ་ཅོན་ཐོགས་པ། ལག་ན་དགྲ་སྟ་ཐོགས་པ། གསུས་འཕྱང་པོ། མིག་གསུམ་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རང་གི་ལུས་མེ་ལྕེ་འབར་བའི་ནང་ན་འདུག་པ་བསྟན་ཏོ། །ཡང་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་གོམ་པས་རྣམ་པར་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གོམ་པ་འདོར་བའི་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་སྐྲ་བཤོར་ཞིང་གྱེན་དུ་འགྲེང་བ། གཤིན་རྗེའི་གཟུགས་འདྲ་བ། གདོང་གི་དཔྲལ་བ་ཁྲོ་གཉེར་གྱི་རིམ་པ་ཅན། མིག་དམར་བ། གད་མོ་ཆེར་རྒོད་པ།
77a
༄#། །ཁ་གདངས་པ། ལག་པ་བཞི་པ། ལག་ན་མདུང་རྩེ་གསུམ་པ་དང ། རྡོ་རྗེ་དང ། འཁོར་ལོ་དང ། རལ་གྲི་ཐོགས་པ་ཕྱོགས་སུ་བལྟ་བ་བསྟན་ཏོ། ། ཡང་ལག་ན་རྡོ་རྗེ་དྲག་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིག་པའི་རྒྱལ་མོ་ཆེན་པོ་རྡོ་རྗེ་ལུ་གུ་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ། འཇིག་རྟེན་གསུམ་ཀུན་ཏུ་རྨོངས་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བསྐྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལས་བྱུང་པ། མདོག་པྲི་ཡང་ཀུ་ལྟར་སྔོ་བསངས་མ། རྡོ་རྗེའི་རྟགས་ཅན། མེ་ལྕེའི་ཕྲེང་བས་ལང་ལོང་དུ་གྱུར་པ། བཞིན་ཡིད་ཙམ་ཁྲོས་པ་འདྲ་བ། ལག་ན་རྡོ་རྗེའི་ལྕགས་ཐག་ཐོགས་པ། བཀའ་ཉན་པ་ལྷུར་ལེན་པ། འཁོར་ཕོ་ཉ་མོ་ཁྲི་དང་ལྡན་པ་འདི་བསྟན་ཏོ། །ཡང་རྡོ་རྗེ་རྩེ་མོ་ཆོས་ཐམས་ཅད་ངེས་པར་རྟོགས་པ། སྟོབས་ཐོགས་པ་མེད་པ། སེམས་ཅན་སྡང་བ་ཐམས་ཅད་འདུལ་བ། སྟོབས་ཆེ་བ། རྡོ་རྗེའི་རྩེ་མོ་ལག་ན་ཐོགས་པ། གདོང་ཁྲོ་གཉེར་གྱི་རིམ་པ་ཅན། བུད་མེད་འབྲིང་མོའི་ཚོད་ཙམ་པ། ལག་པ་དྲག་པ། ལག་ན་ཞགས་པ་དང ། གཏུན་ཤིང་དང ། ཐོ་བ་དང ། གཏུན་རྐེད་ཉག་དང ། ཁབ་ཐོགས་པ། འཁོར་ཕོ་ཉ་མོ་ཁྲི་དང་ལྡན་པ་བསྟན་ཏོ། །ཡང་རིག་པའི་རྒྱལ་མོ་རྡོ་
77b
རྗེའི་ཁུ་ཚུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཁུ་ཚུར་ལས་བྱུང་བ། རྡོ་རྗེའི་རྟགས་ཅན། རབ་ཏུ་འབར་བ། འོད་སྟོན་གྱི་ཟླ་བའི་འོད་ཟེར་འདྲ་བ། མིག་གསུམ་པ། ལྷ་མོ་ཐོར་ཚུགས་ཅན། རས་དཀར་པོའི་ཤམ་ཐབས་ཅན། ལྷ་དང ། ལྷ་མ་ཡིན་གཞོམ་པར་དཀའ་བ་ཐམས་ཅད་རྣམ་པར་འཇོམས་པ་བསྟན་ཏོ། །ཁྲོ་བོ་དེ་དག་གི་སྙིང་པོ་ནི་འདི་དག་ཡིན་ནོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ཛྭ་ལ། ཨ་ན་ལ་སམྦྷ་བ། ཏྲ་ཊ་ཏྲ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུཾ་ཀྲོ་དྷ་སཝཱ་ཧཱ། རྡོ་རྗེ་འཇིགས་འཇིགས་ལྟའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧ་ཧ་སཝཱ་ཧཱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། མ་ཐ་མ་ཐ། ཀྲོ་དྷེ་ནྡུ་ཏི་ལ་ཀ་སཝཱཧཱ། ཁྲོ་བོ་ཟླ་བའི་ཐིག་ལེའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏེ་ནཱི་ལ་བཛྲ་དཎྜ་ཀཉྩི་ར་ཡ་སི་ཧ་ན་ད་ཧ་བྷཉྫ། ཏ་ཐཱ་ག་ཏ་ས་མ་ཡ་མ་ནུ་སྨ་ར་ཎ་སཝཱ་ཧཱ། རྡོ་རྗེ་བེ་ཅོན་སྔོན་པོ་ཅན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་མཧཱ་བ་ལ་རཀྵ་ཨ་བ་ལོ་ཀེ་ཏ་བཛྲ་ཨ་དྷི་ཀ་ཧ་ན་བི་དྷྭན་ས་ཡ་ཧཱུཾ་ཧཱུཾ་སཝཱཾ་ཧཱ། སྟོབས་པོ་ཆེའི་སྔགས་སོ། །ན་མཿ ་
78a
༄#། །སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ཐཱ་ག་ཏ་ནོ་དཱརྱ་ཨ་ན་ཨང་ལོ་ཀི་ཏི་བཛྲ་མར་དྷ་བཛྲོ་ཥྞཱི་ཥ། ཧཱུཾ་ཧཱུཾ་པྲ་ཛྭཱ་ལི་ཏ་མཱུརྟི་སཝཱ་ཧཱ། རྡོ་རྗེ་གཙུག་ཏོར་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། བྷ་ག་བཱ་ཏེ་བཛྲཾ་ཤྲྀ་ཁ་ལེ་བནྡྷ་བནྡྷ། མོཊྚ་མོཊྚ། སཾ་ཀོ་ཙ་ཡ་སཾ་ཀོ་ཙ་ཡ། སརྦ་སན་དིན་ཧྲཱིཿ བར་དེ་སཝཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བནྡི་བིནྡ། སརྦ་དུཥྚ་ན་མཿ ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ་བྷ་ག་བ་ཏི་བཛྲ་ཨ་ཙཾ་པ་ར་ཧེ་ཧ་ལི་ནི་སཝཱ་ཧཱ། རྡོ་རྗེའི་རྩེ་མོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ག་ཏོད་བྷ་བེ། ཛཱ་ཏི་ནི་ཏྲི་ལོ་ཙ་ནེ། སརྦ་དྷརྨ་ནིར་དྷེ་དྷ་ནི་ཀི་ཏི་སཾ་ཀ་ར་ཎི་སཝཱ་ཧཱ། རྡོ་རྗེ་ཁུ་ཚུར་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་པ་ཏཱཾ་ཀེ་བཛྲ་མ་ན་སེ་སཝཱ་ཧཱ། རྡོ་རྗེ་བ་དན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་བཛྲ་མཱ་ལ་ནི་བཛྲ་པཱ་ཎ་ཡེ་བ་ཧུ་རཱ་ཛཱ་མ་རི་སཝཱ་ཧཱ། རྡོ་རྗེ་ཕྲེང་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ཀུ་ལ་སུནད་རི་བཛྲཱཾ་གི་ཙི་ཏི་ར་ཎི་བུ་ར་རི་སཝཱ་ཧཱ། རྡོ་རྗེ་རིགས་མཛེས་མའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་
78b
མུ་ཁེ་བྷྱཿ ། སརྦ་ཐཱ་ཨ་ཛཱ་ཛཱ་ལི་ནི་བཛྲ་ཏྲི་ཤཱུ་ལི་ནི་ཧི་ཧི་ཧེ་ཧེ་སཝཱ་ཧཱ། རྡོ་རྗེ་མདུང་རྩེ་གསུམ་པ་ཅན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨཱ་ཀཪྵ་ཡ་སརྦ་མ་བྷ་ག་བ་ཏེ་བཛྲཾ་ཀུ་ཤི་ཀི་རི་ཀི་རི། མི་རི་མི་རི། ཧེ་ཧ་ལེ་སཝཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་མའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ཐཱ་ག་ཏེ་བ་ག་ཏྲ་སཾ་བྷ་བེ་བཛྲ་དཾ་ཥྚྲོ་ཁཱ་ད་ཡ། སརྦ་ཀུ་རུ་ཏ་ཐཱ་ག་ཏ། ཨཱ་ཛྙཱ་རི་ཏི་ནི་སཝཱ་ཧཱ། རྡོ་རྗེ་མཆེ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་སརྦ་དྷ་རྨ་པྲ་བྷེ་ད་ན་ཀ་ར་བཛྲ་མུད་ག་ར་ཧི་ལི་ཧི་ཋ་སཝཱ་ཧཱ། རྡོ་རྗེ་ཐོ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་པྲཱ་ཀཱ་ར་ཏ་ཐཱ་ག་ཏེ་བྷཉྫ་ན་ཀ་ཀུ་རུ་ཀུ་རུ་ཙ་ཀྲེ་ཎ་སཝཱ་ཧཱ། རྡོ་རྗེ་ར་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ཐཱ་ག་ཏེ། བསྐིཾ་བྷ་བཛྲ་ཀཱི་ལ་ཀཱི་ལ་ཀ་ར་སཝཱ་ཧཱ། རྡོ་རྗེ་ཕུར་བུའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་པཉྩ་ར་ནི་ཀ་ཀྵི་པ་ག་ག་ན་ཁཾ་སཝཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧཱ་ས་བཛྲ་ཛ་ལ་ཛ་ལ་སཝཱཧཱ། རྡོ་རྗེ་བཞད་མའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ །
79a
༄#། །མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་བི་ལཱ་ས་ལ་ལི་ཏི་ཨ་ནནྟ་སཝཱ་ཧཱ། རྡོ་རྗེ་འཇོ་ཚུལ་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ཐཱ་ག་ཏ་ན་རི་གྷོ་ཥ། བཛྲ་དུན་དུ་བྷི་ཧཱ་ས་སཝཱ་ཧཱ། རྡོ་རྗེ་རྔ་བོ་ཆེའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་གྷཎྚེ་བྷ་ག་བ་ཏི་ཛྙཱ་ན་ར་སྨི་སཾ་བྷུ་ཏེ་ཧ་རི་སཝཱ་ཧཱ། རྡོ་རྗེ་དྲིལ་བུའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་རོ་མ་མིན་ནི་རི་ཏི་ནི་སཝཱ་ཧཱ། རྡོ་རྗེ་སྤུའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་བུ་ལི་ན་ཁི་ཤི་ཁི་ནི་སཝཱ་ཧཱ། རྡོ་རྗེ་སེན་མོ་ཅན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་དྷ་ར་དཱུ་ཏི་ཙི་པི་ཏ་མུ་ཁ་གཙྪ་གཙྪ་ཀུ་རུ་ཏ་ཐཱ་ག་ཏ་ཨཱཛྙཱ་སཝཱ་ཧཱ། རྡོ་རྗེ་ཕོ་ཉ་མོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲོད་བྷ་བེ་བཛྲ་བཛྲ་ཤི་ཁ་བི་ཙི་ཏྲི་ཤཝ་རི་སཝཱ་ཧཱ། རྡོ་རྗེ་སྤྱི་གཙུག་གི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བྷ་ག་བ་ཏི་བཛྲ་ཀ་རཱ་ལི་བི་ཤཱ་ཙི་ཛི་ཛི་རི་སཝཱ་ཧཱ། རྡོ་རྗེ་ཤ་ཟ་མོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བསྟ་ཀ་རཱ་ལ་བཛྲ་ཨཱ་ན་ན་བཛྲ་བི་ཤཱ་ཙ་རཾ་ཀུ་རུ་སཝཱ་ཧཱ།
79b
རྡོ་རྗེ་ཤ་ཟའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་རཀྵ་སི་ཁཱ་ད་ཡ་སརྦ་ཏ་ཐཱ་ག་ཏ་སཾ་བྷ་བེ་ཤ་མ་ཀ་རི། བཛྲ་ཙ་ན་སཝཱ་ཧཱ། རྡོ་རྗེ་སྲིན་པོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨ་མཧཱ་བཛྲ་ཁངྒ་ཙྪིནྡ་སརྦ་ག་ཙིཾ་སརྦ་སཝད་ཏྭཱ་ནན་ཏ་ཐཱ་ག་ཏ་སཾ་ག་སཾ་བྷ་ན་སཝཱ་ཧཱ། རྡོ་རྗེ་རལ་གྲིའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ཐཱ་ག་ཏ་ཀོ་ཥ་སཾ་བྷ་བ་བྷཱུ་ཏ་བ་ཤིཾ་པྲཔྟ་སཝཱ་ཧཱ། རྡོ་རྗེ་འབྱུང་པོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ཨ་ན་ལི་བིནྡུ་ཛི་ཧཝཱ་བཛྲ་རཱཀྵ་སི་སཝཱ་ཧཱ། རྡོ་རྗེ་སྲིན་མོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱཙྪ་ཡ་ག་ཏ་སརྦ་ག་ཏི་ཏ་ཐཱ་ག་ཏ་ཙྪ་ཡ་སཾ་བྷ་བ་རཀྵ་ས་བཛྲ་སཝཱ་ཧཱ། རྡོ་རྗེ་གྲིབ་གནོན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨན་ཏ་ཏ་ཏ་ཡ་བི་ནཱ་ཤ་ན། བི་ཀྲྀ་ཏ་རཽ་དྭ་ཏ་ཤ་བཛྲ་སཏྭ་སཝཱ་ཧཱ། རྡོ་རྗེ་གནོན་པོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧ་ར་ཧ་ར་བཛྲ། བཛྲ་ཏི་ལ་པིཾ་ག་ལ་ལོ་ཙ་ན་ཀཱ་ལ་ཀཱ་ལ་སཝཱ་ཧཱ། རྡོ་རྗེ་བརྗེད་བྱེད་ཀྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་དེ་བཾ་ག་པུ་ག་ཏ། ཏ་ཐཱ་ག་ཏ་ཨ་ཛྙཱ་ཀ་ར་པ་པི་ཐ་སེ་བི་ཐཱ་བཛྲ་སཏྭ་སཝཱ་ཧཱ། རྡོ་
80a
༄#། །རྗེ་ལྷའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲ་ནཱ་ག་མུ་ཁི་གཽ་རི་ནཱི་ལ་ཏི་ཏི་ནཱི་སཝཱ་ཧཱ། རྡོ་རྗེ་ཀླུའི་སྔགས་སོ། ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་དྷ་ར་དྷ་ར་བཛྲ་དྷ་ར། ཡཀྵ་ཀུ་ལ་སུནྡྷུ་ར་སཝཱ་ཧཱ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་པི་ཀ་ར་བཛྲ། ཤི་ཁ་ར་ག་ག་ན་ཙ་རི་ཎི་སཝཱ་ཧཱ། རྡོ་རྗེ་དྲི་ཟའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་ན་སཾ་བྷ་བ་བཛྲ་མ་ཐ་ན་ཊེ་མ་བྷི་ཙི་སཝཱ་ཧཱ། རྡོ་རྗེ་ལྷ་མ་ཡིན་གྱི་སྔགས་སོ། །ན་མོཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཁ་ན་ཛ་རི་ཏི་རེ་རེ་ཊི་རི་བཛྲ་མུ་ཁ་སཝཱ་ཧཱ། རྡོ་རྗེ་ནམ་མཁའ་ལྡིང་གི་སྔགས་སོ། །ན་མཿ ་སརྦ་ཏུ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་པ་ཛྲ་གཽ་རི་ཊི་ཀི་ཊི་ནི་སཝཱ་ཧཱ། རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་རཱ་ག་དཱ་རཱ་ཡཱ་ན་ན་ཛ་ལི་བཛྲ་རཀྟ་མཱ་ལྱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡ་སཝཱ་ཧཱ། རྡོ་རྗེ་ལུས་དམར་གྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཀི་ལི་ཀི་ལི་ཀ་ལོ་ཀ་རཱ་ལ་བ་གྲ། ས་ར་ས་ར་གྲྀཧྣ་གྲྀཧྣ་སཝཱ་ཧཱ། རྡོ་རྗེ་གི་ལི་ཀི་ལིའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་དྷྱཿ །
80b
སརྦ་ཐཱ་བཛྲ་བི་དཱ་ར། པཱུ་ར་ཡ་པཱུ་ར་ཡ། བ་ཧ་བ་ཧ་སཝཱ་ཧཱ། རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁ་བྷྱཿ ། སརྦ་ཐཱ་ཧེ་ལཾ་གི་ལི་ཀུར་ད་ནི་ཧ་ཧེ་ཀི་ཧི་སཝཱ་ཧཱ། རྡོ་རྗེ་འགྲོ་ལྡིང་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧ་ལ་ཧུ་ན་ར་ཀུ་པ་ར་བ་དྷ་ར། དྷ་ར་བི་དྷ་ར། བི་དྷ་ར་ཀ་དྷ། ཀ་དྷ་ཀ་ཐཱ། བཛྲ་པཱ་ཎི། བཛྲ་པྲི་ཡ་ཀ་ཧ་ཀ་ཧ་ཧ་ཧ་ཧེ་ཧེ། ཀཉྩི་རཱ་ཡ་སི་ས་ཧ་སྲ་བྷུ་ཛ་ཧ་སྲ། ཨཱ་ནན་བི་དུ་དཾ་ཥྚྲ། དུར་དཱནད་ད་མ་ཀ་པྲ་ཛྭ་ལི་ཏ་ཀེ་ཤ་།ན་ཁ་རོ། མ་ད་ཤ་ན་ད་ལི། བིནྡུ་སྥུ་རི་ཏ་ཛི་ཧཝ། ཙནྡྲ་ཨ་དིཏྱ། མུ་ཀུ་ཊ། གོ་ཏི་བི་ར་ཙི་ཏ་ཤི་ཁ་ར། བཛྲ་ག་ད་ཀེ་ཡཱུ་ར་ཀུཎྜ་ལཾ། ཨ་ལཾ་ཀྲྀ་ཊ་ཤ་རཱི་ར། བཛྲ་ན་ཁ་བཛྲ་ཨཾ་གུ་ལཾ། བཛྲ་ཧ་སྟ། བཛྲ་ཙ་ར་ན། བཛྲ་གཱ་ཏྲ། བཛྲ་ནེ་ཏྲ། ནཱི་ལ་བཛྲ་བཛྲ་ག་ཏ། བ་ཌ་པ་མུ་ཁ་ག་ནི་གཾ་བྷི་ར་ཧཱུཾ་ཀཱ་ར། ར་ཏི་ཏ་ས་ཏ་སི་ཏ་ཧ་སི་ཏ་ལཾ་བོ་ད་ར། གྲ་ས་གྲ་ས་པྲ་བི་ཤ་ཨ་བཱི་ཤ་ཨཱ་བི་ཤ་།གྷཱུརྞ་གྷཱུརྞ། གྷཱུརྞ་པ་ཡ་གྷཱུརྞ་པ་ཡ། སརྦ་སཏྭ། བྷཱུ་མ་བྷཱུ་མ། བྷཱུ་མ་ཡ་བྷཱུ་མ་ཡ། སརྦ་དུཥྚ་པ་ཙ་པ་ཙ། ད་ཧ་ད་ཧ། མ་ཐ་མ་ཐ་ཧཱུཾ་ཧཱུཾ། བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། རྡོ་རྗེ་ན་ད་ཀུ་བེ་རའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་པྲ་ཙ་ལ། མོ་བུ་ལི་བིད་དྷ་ར། བཛྲ་ཀྲྀ་ཏ་ན་ཁ། བཛྲ་སཏྭ་སཝཱ་ཧཱ། རྡོ་རྗེ་རིག་སྔས་འཆད་ག་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཤ་དྡྷ་བཛྲ་པ་ཀྲྀ་ཏི་ཤུདྡྷ། ཤོ་དྷ་ཡ་སཝཱ་ཧཱ།
81a
༄#། །རྡོ་རྗེ་རྫས་ཐམས་ཅད་དག་པར་བྱེད་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཨགྣི་བཛྲ་སཝཱཧཱ། རྡོ་རྗེ་མེའི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཨ་ན་ལ་པྲ་ཙ་ལ་མཽ་ལི་ཐིད་དྱ་ད་ར་སཝཱཧཱ། རྡོ་རྗེ་རླུང་ཚིག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ག་བཛྲ་དྷ་ར་ཛི་ན་ཨཱ་དྷ་ར་སཝཱཧཱ། རྡོ་རྗེ་སའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་ར་ཛེ་བཛྲ་སཝཱཧཱ། །རྡོ་རྗེ་རྡུལ་དང་བྲལ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སྨྲྀ་ཏི་ན་དད་བཛྲ་སཏྭ་སཝཱཧཱ། རྡོ་རྗེ་དྲན་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པདྨ་བཛྲ་སཝཱཧཱ། རྡོ་རྗེ་པདྨའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲོད་ཏ་མ་ཀ་རུ་ཎ་ཨ་ག་དྷ་རི་ཀཱ་རུ་ཎ་མཎྜ་ལ་སཝཱཧཱ། །རྡོ་རྗེ་སྙིང་རྗེའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མེ་ཏྱུད་ག་ཏ། སརྦ་སཏྭ་ཧི་ཏཾ་ཀ་ཏ་སཝཱཧཱ། །རྡོ་རྗེ་བྱམས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པཱ་ར་མི་ཏཱ་གརྦྷ་སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཛྲ་ཙིནྟ་སཝཱཧཱ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སརྦ་ཤཱུ་ནྱ་ཏ་བཛྲ་ནི་ཏ་བི་ཤུད་དྷ་ས་ཏྭ། ཨ་བེརྱ་བཛྲ་
81b
ཧྲི་ད་ཡ་སཝཱཧཱ། །རྡོ་རྗེ་སྟོང་པ་ཉིད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དྷཱ་ར་ཎཱི་ཤཝ་ར་དྷ་ར་བཛྲ་སཝཱཧཱ། །རྡོ་རྗེ་གཟུངས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བོ་དྷྱཾ་ག་དྲྀ་བྷ་ཨཱ་ཤཱ་ཡ་སརྦ་བུདྷཱ་སཝཱཧཱ། རྡོ་རྗེ་བྱང་ཆུབ་ཀྱི་ཡན་ལག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མཱརྒ་བི་ཥ་དྷ་ཀ་དྷ་ཀ་དྷ་ཀ་ཙ་ར་ཙ་ར་སཝཱཧཱ། །རྡོ་རྗེ་ལམ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སཏྱ་བཛྲ་ས་མུད་ག་ཏ་བུདྡྷ་རཱུ་པ་དྷ་ར་སཝཱཧཱ། །རྡོ་རྗེ་བདེན་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བི་ནི་ཀ་བཛྲ་སཾ་བྷ་བ་བུདྡྷ་བུ་ཏྲ་སཝཱཧཱ། །རྡོ་རྗེ་མ་འདྲེས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བྷཱེ་ཥ་ར་དྭ་བཛྲ་མཱརྒ་ནི་ད་རི་ཥ་ཀ་སཝཱཧཱ། །རྡོ་རྗེ་མི་འཇིགས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏྲི་རཏྣ་སརྦ་པ་ཀ་བུདྡྷ་རཱུ་པ་ཎི་ད་ར་སཝཱཧཱ། །རྡོ་རྗེ་དཀོན་མཆོག་གསུམ་གྱི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་དྲྀ་དྷ་མུ་ལ་བཛྲ་བྲིཀྵ་བོ་དྷི་ན་ད་ད་སཝཱཧཱ། རྡོ་རྗེ་བྱང་ཆུབ་ཀྱི་ཤིང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨཱ་པ་རཱ་ཛི་ཏ་བཛྲ། ཛི་ཏ་རི་ལ་བྷ་དྲཱ་ནུ་ཛྙཱ་ན་སཝཱཧཱ། རྡོ་རྗེ་གཞན་གྱིས་མི་ཐུབ་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་རཏྣཱ་ཀ་རི་སཝཱཧཱ། །རྡོ་རྗེ་རིན་ཆེན་
82a
༄#། །འབྱུང་གནས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པྲ་ལ་ཡ་བཛྲ་ཛྭ་ཛྭ་ཛྭ་ལ་དྷ་ཀ་སཝཱཧཱ། །རྡོ་རྗེས་རྨེག་མེད་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བི་བ་དྷ་ཡ་སརྦ་ཧཱུཾ་ཧཱུཾ་སཝཱཧཱ། རྡོ་རྗེ་འཆགས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སཾ་བྷྱཿ སརྦ་བཛྲ་བཛྲོད་ཏ་མ་ཀ་རུ་ཎ་མཱ་ཡ་སཝཱཧཱ། །རྡོ་རྗེ་འཇིགས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སཾ་བཏྟི་བཛྲ་ས་མ་ཡ་སཝཱཧཱ། །རྡོ་རྗེ་ཕུན་སུམ་ཚོགས་པའི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀུ་མཱ་ར་བཛྲ་ཧསྟ་སཝཱཧཱ། །རྡོ་རྗེ་གཞོན་ནུའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀཱ་མ་བཛྲ་བི་ལ་སི་ནི་ཏ་ཀི་ཏི་སཝཱཧཱ། །འདོད་པའི་རྡོ་རྗེ་སྒེག་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀཱ་མ་བཛྲ་བིདྱཱ་དྷ་རི་ཀུ་མུ་དེ་སཝཱཧཱ་།འདོད་པའི་རྡོ་རྗེའི་རིག་སྔགས་འཆང་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རཀྵ་བཛྲ་ནི་ཀ་མནད་དེ་ཀཱ་མ་ཡཀྵ་ཎི་སཝཱཧཱ། །རྡོ་རྗེ་གནོད་སྦྱིན་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མ་ཏཾ་གི་ཁི་རི་ཁི་ག་ཁ་རི་ཀ་སཝཱཧཱ། །རྡོ་རྗེ་གདོལ་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རུ་དྷི་ར་པྲི་ཡ་རུ་དྷི་ར་
82b
བེ་ཏཱ་ལི། ལི་ཧི་ལ་ཧ། ལི་ལི་གི་ནི་བཛྲ་མ་ཐི་ནི་ར་ཧི། །རྡོ་རྗེ་ཁྲག་གི་རོ་ལངས་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བེ་ཏཱ་ལི་ཀ་ལི་མཱ་ལི་ན་བ་མཱ་ལི་ལུ་ཤུད་དྷ་སཝ་རི་ཧེ་སཝཱཧཱ། །རྡོ་རྗེ་རོ་ལངས་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དུ་ན་ཏེ་བཛྲ་ཤཱི་ཏི་ཀི། ཨུད་པཱ་ད་ནི་པཱ་ད་མཱ་བི་ལམྦ་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་སཝཱཧཱ། །རྡོ་རྗེ་ཁྲོ་བོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀུ་ན་ཁི་ཀུ་ན་ཁི། བཛྲ་པཱ་ཎི་པྲི་ཡེ་ཧི་ཏི་ཧི་དེ་སཝཱཧཱ། །རྡོ་རྗེ་སེན་ངན་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲཾ་གི་ཀུ་རུཾ་ག་ནི་བཛྲ་ཏུནྡེ་ཀེ་སཝཱཧཱ། །རྡོ་རྗེ་སྒྲོས་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དྷ་བ་ལི་དྷ་ལི་ཏཾ་གི་བཛྲ་བྷྲ་མ་རི་ཀེ་སཝཱཧཱ། རྡོ་རྗེ་བུང་བ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏཻ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཤ་བ་རི་ཤ་བ་རི་རཱུ་པ་དྷཱ་ར་ཎི་གྷི་ནི་གྷི་ནི་ཎི་ཀེ་སཝཱཧཱ། །རྡོ་རྗེ་ཤ་བ་རིའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བ་སན་ཏི་ཀེ་བཛྲ་ཀུ་སུ་མཧཱ་སྟ་བཛྲ་ཀུ་སུ་མ་སཾ་བྷ་བེ་སཝཱཧཱ། །ཕོ་ཉ་མོ་རྡོ་རྗེ་མེ་ཏོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁ་བྷྱཿ སརྦ་ཐཱ་ཧཱ་ས་བཛྲ་ཧ་སནྟུ་ནརྀ་ཏྱ་ནརྀ་ཏྱ་སཝཱཧཱ། །ཕོ་ཉ་མོ་རྡོ་རྗེ་བཞད་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧེ་མ་ད་པ་
83a
༄#། །ལི་གེ་བཛྲ་མ་ད་ཁ་བཛྲ་པཱ་ནི་མ་ནུ་སྨ་ར་སཝཱཧཱ། །ཕོ་ཉ་མོ་རྡོ་རྗེ་ར་རོ་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བཛྲ་ཀུཀྐུ་རི་མ་ས་མུ་ཁི་བཛྲོད་བྷ་བེ་ཨཽ་ཡ་ཀི་མ་དན་དེ་དེ་བི་བཛྲ་པ་ཏ་ཀི་སཝཱཧཱ། །རྡོ་རྗེ་ཁྱི་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲོད་པི། ལ་ཀེ་ཧི་ན་དན་དི་བི་ནི་བི་ཀུ་ནི་སཝཱཧཱ། །རྡོ་རྗེ་ཨུཏྤལ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མཱ་ལི་ནི་ཁེ་ལན་ཏི་ཀེ་ཙ་ལ་ཙ་ལ་བི་ཙ་ལ་བི་ཙ་ལ་རུཊྚུ་ལ་ལུ་རུ་སཝཱཧཱ། །ཕོ་ཉ་མོ་རྩེན་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཧ་ར་ཎ་ཁཱ་ད་ཡ་སརྦ་དུ་ར་ནི་བ་རི་ཎི་ཧ་རེ་སཝཱཧཱ། །རྡོ་རྗེ་ཤ་བཀྲ་མོའི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མཾ་ཀ་ཏི་རཀྟཱ་མུ་ཁི་རཀྟ་ཨཀྵི་བཛྲོཏྟ་ཀད་ད་ཀ་ད་ད་མཱ་བི་ལམྦ། བཛྲ་པཱ་ཎི་ར་ཨཱ་ཛྙཱ་པ་ཡ་ཏི་སཝཱཧཱ། །ཕོ་ཉ་མོ་རྡོ་རྗེ་བྲན་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དྷ་ར་ཎཱི་དྷ་ར་དྷ་ར། སཾ་དྷ་ར་སཝཱཧཱ། ཕོ་ཉ་མོ་རྡོ་རྗེ་འཆང་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀཱ་ལི་ཀེ་དྲ་མེ་ཏི་ཀོ། རན་དི་ཀ་ཧ་ཊ་ཧུ་ཊི་སཝཱཧཱ། །ཕོ་ཉ་མོ་རྡོ་རྗེ་ནག་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཐ་ལཾ་བ་བི་
83b
ག་ལི་ཏ་མཧཱ་མ་ཎི་ཀུ་ཊྭཾ་ས་སཝཱཧཱ། །ཕོ་ཉ་སྙེམས་པར་འདུག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པྲ་ཙཎྜ་བཛྲ་དྷ་ར་ཀ་ནི་ར་ད་ཡཾ་ད་ཧ་ད་ཧ། བྷཉྫ་བྷཉྫ། ས་མ་ཡ་མ་ནུ་སྨ་ར་སཝཱཧཱ། །ཕོ་ཉ་རབ་གཏུམ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ལ་ལི་ཏ་བཛྲ་པཱ་ཎི་པྲི་ཡ་སརྦ་སཏྭ་བ་ཤཾ་ཀ་རི་སཝཱཧཱ། །ཕོ་ཉ་རྡོ་རྗེ་རོལ་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཙནྡྲ་མུ་ཁེ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྨ་ར་པྲ་ཏི་ཛྙཱ་སཝཱཧཱ། ཕོ་ཉ་རྡོ་རྗེ་ཟླ་གདོང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་གོ་ན་དུརྡཱནྟ་ད་མ་ཀ་བི་མ་ལ་མུ་ཁ་ཛ་ཧི་ཛ་ཧི་སཝཱཧཱ། ཕོ་ཉ་རྡོ་རྗེ་དྲི་མ་མེད་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བ་ལ་དྷ་རི་སི་སི་མི་སཝཱཧཱ། །ཕོ་ཉ་རྡོ་རྗེ་སྟོབས་འཆང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཁེ་ཙ་ར། བཛྲ་ག་མ་ན། ཧེ་ཧ་ཧ་སཝཱཧཱ། ཕོ་ཉ་རྡོ་རྗེ་མཁའ་རྒྱུའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲཾ་ག་ཏོ་ཏ་ར་དུ་བ་ར་བ་ར། ཙ་ར་ཙ་ར། ཀ་མ་ཀ་མ་སཝཱཧཱ། ཕོ་ཉ་རྡོ་རྗེ་འཕགས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲོད་ཏ་མ་སཝཱཧཱ། །ཕོ་ཉ་རྡོ་རྗེ་མཆོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲོད་བཱཀྟྲ་ཏུ་ཧ་ཏུ་ཧ་སཝཱཧཱ། ཕོ་ཉ་རྡོ་རྗེ་
84a
༄#། །གདོང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དན་དུ་ར་ཙ་པི་ཊ་བཛྲ་ར་ན། སི་ལ་ད་ཧ་རི་ལཾ་བོ་ད་ར་དྷ་ར། དྷུ་བ་ར་སཝཱཧཱ། ཕོ་ཉ་རྡོ་རྗེ་སོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རཾ་ཛ་ཡ་ཛ་ཡ་བཛྲ་རུ་དྲ་ཛ་ཡ་ཛ་ཡ་ཙཎྜ་རོ་ཥ་ཎ་སཝཱཧཱ། །ཕོ་ཉ་རྡོ་རྗེ་ཁྲོ་བོའི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏྲཻ་ལོཀྱ་གྲ་ས་ན་བཛྲ་དུ་ཧེ་བཛྲ་པཱ་ཤ་ཧསྟ་ཨཱ་ན་ཡ་ཨཱ་ན་ཡ་ཀིཉྩི་རཱ་ཡ་སི། ཏ་ཐཱ་ག་ཏ་ས་མ་ཡ་མ་ནུ་སྨ་ར་སཝཱཧཱ། །ཕོ་ཉ་རྡོ་རྗེ་འཇིག་རྟེན་གསུམ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙཎྜ་ལ། བཛྲ་ཀིཾ་ཀ་ར་ཀུ་རུ་སརྦཾ། ཀིཉྩི་རཱ་ཡ་སི་བི་ཙི་ཏྲ་པ་ཏིཾ་པ་ར་ཏེ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་གཏུམ་པོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་པིཾ་ག་ལ། ལ་ལི་ཏ་ཀེ་ཤ། པྲ་ཛྭ་ལི་ཏ་ཤ་རཱི་ར་ཧཱ་ཀ་དྷ་ཀ། ཀུ་རུ་ཀུ་རུ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་སེར་སྐྱའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀེ་ཏུ་ཀིཾ་ཀ་ར་དྷ་ར་དྷ་ར། ཐ་ར་ཐ་ར། ཀ་ར་ཀ་ར་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་ཏོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏེ་ག་དྷི་ལ་ཀ་ཀིཉྩ་རཱ་ཡ། ལ་ལི་ཏ་བེ་ཥ་དྷ་རི། དྷཱ་ར་ཎི་དྷཱ་ར་ཎི། པྲ་ཏི་ཛྙཱ་མུ་ཧུ་མུ་ཧུ། མུཉྩ་ད་ཧ་སཾ་སཝཱཧཱ།།
84b
ཕྱག་བརྙན་རྡོ་རྗེ་དུས་པོ་ཆེའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀུ་ལ་ཨཱ་ཛྙཱ་ཀ་ར། ར་ཏ་ར་ཏ་རིཾ་བི་\?\་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་བཀའ་བཞིན་བྱེད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧཀྲྀ་ཏཱནྡ། ཤ་མ་ན་བྷཉྫ་ཀ་ལ་ཧ། བྲི་ཡ་ཧི་ལི་ཧི་ལི་ལ་ལིང་དུཥྟ་སརྦ་ཧྲིཾ་ད་ཡ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་འཐབ་སྲེད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཤཾ་ཁ་ར། མུ་ལུ་མུ་ལུ། ཧེ་ལུ་ཧེ་ལུ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་རྩེ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀ་ཏ་ཀ་ཊ། མ་ཐ་མ་ཊ། ཧཱུཾ་ཧཱུཾ་བཛྲ་ཀུ་ལ་སུནད་ར་དྷ་ར་དྷ་ར་ཧ་ར་ཧ་ར་སཝཱཧཱ་།ཕྱག་བརྙན་རྡོ་རྗེ་རིགས་མཛེས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧ་ལ་ཧ་ལ། ཊ་ར་ཊ་ར་ལུན་ཏ་ན་བཛྲ་ཀིཾ་ཀ་ར་སཝཱཧཱ་།ཕྱག་བརྙན་རྡོ་རྗེ་ཕུང་བྱེད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དྷ་ཏན་ཛ་ཡ་ཛཾ་ཀ་ར་བུ་ཏནྟ་ར་ཧཝ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་རླུང་ལས་རྒྱལ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀོ་ཏི་ན་ཛ་ཡ། ཀིཉྩ་རཱ་ཡ་སཾ་གྲྀ་ཧྣ་གྲྀ་ཧྣ་ཀོ་ཏི་ཏིཾ་ག་ཏི་ག་ཏ་སཝཱཧཱ། །ཕྱག་བརྙན་རྡོ་རྗེ་མཐའ་ལས་རྒྱལ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙ་པ་ལི་ཀེ་ཙ་པ་ལ་བཛྲི་ཎི་སཝཱཧཱ། བྲན་མོ་རྡོ་རྗེ་ཕྱར་
85a
༄#། །མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ས་སུ་བཛྲི་ཎི་བཛྲ་དུ་ཏི་ཀེ་སཝཱཧཱ། །བྲན་མོ་རྡོ་རྗེ་ལེགས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་པཉྫ་རི་ཀེ་བཛྲི་ནི་སཝཱཧཱ། །བྲན་མོ་རྡོ་རྗེ་དྲ་བ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རཏྣ་མཱ་ལི་ཀེ་བཛྲ་པཱ་ཎི་པྲི་ཡེ་སཝཱཧཱ། །བྲན་མོ་རྡོ་རྗེ་རིན་ཆེན་ཕྲེང་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མཱ་ལི་ནི་ད་པ་ལ་མུ་ཁི་བཛྲི་ཎི་སཝཱཧཱ། །བྲན་མོ་རྡོ་རྗེ་དཀར་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ལཾ་བི་ཀེ་སཝཱཧཱ། བྲན་མོ་རྡོ་རྗེ་སྤྱན་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་སུ་ག་ན་ཏི་གེ་བཛྲ་གི་བཛྲ་ད་ཡི་ཏ་ཀེ་སཝཱཧཱ། བྲན་མོ་རྡོ་རྗེ་སྙིང་བརྩེ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སུ་ཐི་ཏིཥྛ་བཛྲི་ཎཱི་བཛྲ་པཱ་ཎི་ཧྲྀ་ད་ཡཾ་ག་མེ་སཝཱཧཱ། །བྲན་མོ་རྡོ་རྗེ་ལེགས་གནས་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དུ་ཀུ་ལ་བཀྵེ་ཤུ་ཧ་ར་ནི་སཝཱཧཱ། བྲན་མོ་རྡོ་རྗེ་དུ་ཀུ་ལའི་རས་ཅན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཀ་ར་ལི་ཀེ་བརྟི་ཀེ་སཝཱཧཱ། །བྲན་མོ་རྡོ་རྗེ་མཉམ་པ་མོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་
85b
སརྦ་མུ་ཁ་བྷྱཿ སརྦ་ཐཱ་བཛྲ་ཛ་ཡ་ཀ་རི་བཛྲ་ཤ་རཱི་རཱ་ཎི་སཝཱཧཱ། །བྲན་མོ་རྡོ་རྗེ་རྒྱལ་བྱེད་མའི་བཛྲ་བཛྲ་ཎི་བཛྲ་མ་བ་དྷི་ཀེ་སཝཱཧཱ་།བྲན་མོ་རྡོ་རྗེ་བྷྱཿ སརྦ་ཐཱ་བཛྲ་ཀ་ར་བྷི་བཛྲ་ཨ་ཏི་ཤ་ནི་ཀེ་སཝཱཧཱ། །བྲན་མོ་རྡོ་རྗེ་བསྡིགས་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བཛྲ་ཎི་བཛྲ་མ་བ་དྷི་ཀེ་སཝཱཧཱ། །བྲན་མོ་རྡོ་རྗེ་གསོད་བྱེད་ཀྱི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མེ་ཁ་ལ། ལ་ལི་ཏ་ཀེ་ཤ་བ་རི་བཛྲ་གནྡྷ་རི་སཝཱཧཱ། །བྲན་མོ་རྡོ་རྗེ་ཚིག་འཛིན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སུ་སིདྡྷི་ཀ་ར་བཛྲ་སཱ་དྷ་ཀ་ཡཾ་སརྦ་བཛྲ་པཱ་ཎི་ར་ཨཱཛྙཱ་ཀུ་རུ་སཝཱཧཱ། །རིག་པའི་རྒྱལ་པོ་ལེགས་པར་གྲུབ་བྱེད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་རཏྣ་མ་ལི་བཛྲ་དྷ་ར་སཝཱཧཱ། རིག་པའི་རྒྱལ་པོ་རིན་ཆེན་དབུ་རྒྱན་རྩེ་གསུམ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་དྱོཏྟ་མ་ཙིནྟ་བཛྲ་ཧཱུཾ། རིག་པའི་རྒྱལ་པོ་རིག་པ་མཆོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བ་ལ་ཀི་ལི་ཀི་ལ་བཛྲ་མ་ཀུ་ཊ་དྷ་ར་སཝཱཧཱ། །རིག་པའི་རྒྱལ་པོ་བ་ལ་ཀི་ལི་ཀི་ལའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རཏྣ་ཀི་ལི་ཀི་ལ། རཏྣ་མ་ཀུ་ན་དྷ་ར་སཝཱཧཱ་རིག་པའི་རྒྱལ་པོ་རིན་ཆེན་གི་ལི་ཀི་ལའི་སྔགས་སོ། །ན་མཿ ་
86a
༄#། །སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སུ་རཱུ་པ་མཱ་ལ་བཛྲ་བཛྲ་ཧི་ཏཾ་ཀ་ར་སཝཱཧཱ། རིག་པའི་རྒྱལ་པོ་གཟུགས་ལེགས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བི་ནཾ་དུ་ག་ཏ་བཛྲ་དྷ་ར་སཝཱཧཱ། རིག་པའི་རྒྱལ་པོ་རྡོ་རྗེ་ཐོགས་པ་མེད་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ལ་ལི་ཏ། བཛྲ་པུ་རུ་ཥ་མཧཱ་ཡཀྵ་རཱུ་པ་དྷ་ར་ས་ར་ས་ར་སཝཱཧཱ། རིག་པའི་རྒྱལ་པོ་རྡོ་རྗེ་རོལ་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ག་ཛ་ཀརྞ་བཛྲ་ལོ་ཙ་ནཾ་ཙ་ན་ཙ་ལཀྵ་སཝཱཧཱ། རིག་པའི་རྒྱལ་པོ་གླང་ངོ་རྣ་\?\་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏྲ་ཊ་བཛྲ་ཀཉྫ་ཧཱུཾ་སཝཱཧཱ། རིག་པའི་རྒྱལ་པོ་གནོད་མཛེས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བྷཱི་ཥ་ཎ་བཛྲ་བྷི་མ། བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་སཝཱཧཱ། །རིག་པའི་རྒྱལ་པོ་འཇིགས་སུ་རུང་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧ་རི་ཏི། སརྦ་ཏྲ་མེ་པྲ་ཏི་ཧ་ཏ་ཏ་ར་ཏ་ར་སཝཱཧཱ། རིག་པའི་རྒྱལ་པོ་རྡོ་རྗེ་འཕྲོག་བྱེད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧཱ་ས་བཛྲ་དྷ་ར་སུ་ཏཱ་ནུ་།སརྦ་ཨརྟ་སརྟག་\?\་།ཧི་ཧི་རི་སཝཱཧཱ། །རིག་པའི་རྒྱལ་པོ་རྡོ་རྗེ་བཞད་པའི་སྔགས་སོ།། །།ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། བམ་པོ་ལྔ་པ། དེ་ནས་ཡང་ལག་ན་རྡོ་རྗེ་ཡན་
86b
ལག་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། ཏིང་ངེ་འཛིན་དེའི་མཐུས་པུ་སྙིང་ནས་སྐྱེས་པ་ཁ་ནས་བྱུང་བ་དག་ཡིད་དང ། ཡན་ལག་ཐམས་ཅད་ལས་བྱུང་ངོ ། །དེ་ལ་ལག་པ་གཉིས་ལས་ནི་གཞོན་ནུ་ལག་བཟང་ངོ ། །ཁ་ནས་ནི་གཞོན་ནུ་རྡོ་རྗེའི་སྡེའོ། །རྡོ་རྗེ་ཅོད་པན་ལས་ནི་གཞོན་ནུ་རྡོ་རྗེ་ཅོད་པན་ནོ། །སྤྱི་གཙུག་ནས་ནི་གཞོན་ནུ་རྡོ་རྗེ་གཙུག་བྱུང་ངོ ། །རྡོ་རྗེ་མེ་ཏོག་རྣམས་ལས་ནི་གཞོན་ནུ་རྡོ་རྗེ་མེ་ཏོག་གོ། རྡོ་རྗེ་མེ་ཏོག་ཐོད་ལས་ནི་གཞོན་ནུ་རྡོ་རྗེ་མེ་ཏོག་ཐོད་དོ། །རྡོ་རྗེའི་བྲང་ལས་ནི་གཞོན་ནུ་རྡོ་རྗེའི་བྲང་ངོ ། །རྡོ་རྗེའི་སྙིང་ལས་ནི་གཞོན་ནུ་རྡོ་རྗེ་སྡུག་གི། རྡོ་རྗེའི་དཔྲལ་བ་ལས་ནི་གཞོན་ནུ་རྡོ་རྗེ་ཟླ་བའོ། །རྡོ་རྗེའི་སྨིན་མ་ལས་ནི་གཞོན་ནུ་རྡོ་རྗེའི་སྨིན་མའོ། །རྡོ་རྗེ་རྣ་བ་ལས་ནི་གཞོན་ནུ་རྡོ་རྗེ་འཆང་ངོ ། །རྡོ་རྗེའི་མིག་ལས་ནི་གཞོན་ནུ་འཇིག་རྟེན་མིག་གཅིག་པའོ། །རྡོ་རྗེའི་སྣ་ལས་ནི་གཞོན་ནུ་རྡོ་རྗེ་ཤུགས་འཆང་ངོ ། །རྡོ་རྗེའི་མཁུར་ཚོས་ལས་ནི་གཞོན་ནུ་རྡོ་རྗེའི་རྟེན་ནོ། །རྡོ་རྗེའི་ཀོས་ཀོ་ལས་ནི་གཞོན་ནུ་རྡོ་རྗེ་གཅེས་པ་འཛིན་ཏོ། །རྡོ་རྗེའི་སོ་རྣམས་ལས་ནི་གཞོན་ནུ་རྡོ་རྗེའི་མཆེ་བའོ། །རྡོ་རྗེའི་མགུལ་པ་ལས་ནི་གཞོན་ནུ་རྡོ་རྗེའི་གླུའོ། །རྡོ་རྗེ་མཆན་ཁུང་ལས་ནི་གཞོན་ནུ་རྡོ་རྗེའི་མེ་འབར་བའི་གཟི་བརྗིད་དོ། །རྒྱབ་ལས་ནི་གཞོན་ནུ་རྡོ་རྗེ་གཉའ་ཤིང་འཛིན་ཏོ། །དེ་ལྟར་དེ་དག་ལ་སོགས་པ་
87a
༄#། །བཅོམ་ལྡན་འདས་ལག་ན་རྡོ་རྗེའི་བུ་གཞོན་ནུ་ཁྲོ་བོ་དེ་དག་ལག་ན་རྡོ་རྗེ་ཐོགས་པ། སེམས་ཅན་གྱི་དོན་ལ་བརྩོན་པའི་ཡིད་དང་ལྡན་པ། སྙིང་རྗེའི་དཀྱིལ་འཁོར་ལས་ཡང་དག་པར་བྱུང་བ། ལག་ན་རྡོ་རྗེའི་སྨོན་ལམ་གྱིས་སྙིང་དྲངས་པ། འཇིག་རྟེན་གྱི་ཁམས་ཐ་དད་པ་རྣམས་སུ་བྱང་ཆུབ་མཆོག་དམ་པ་མངོན་པར་རྫོགས་པར་སངས་རྒྱས་པ། ཏིང་ངེ་འཛིན་དང ། གཟུངས་དང ། རྣམ་པར་ཐར་པ་དང ། ས་དང ། ཕ་རོལ་ཏུ་ཕྱིན་པ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། འཕགས་པའི་ལམ་དང ། སྟོང་པ་ཉིད་ཆེན་པོར་ལུས་རྣམ་པར་བསྐྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ལག་ན་རྡོ་རྗེའི་སྙིང་དུ་འཐད་པ་ཤ་སྟག་གོ། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་གསང་སྔགས་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་སེ་ནོད་བྷ་བ་བཛྲ་པཱ་ཎི་པྲྀ་ཡ་སཝཱཧཱ། རྡོ་རྗེ་སྡེའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བ་ཧཱུད་བྷ་བ་བཛྲ་བ་ཧུ་ཤུ་རམ་ག་མ་སཝཱཧཱ། །རྡོ་རྗེ་ལག་བཟང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་ཙི་ཏྲ་བཛྲ་ཤེ་ཁ་ར། བཛྲ་ཤི་ཁ་ར་བི་ལམྦི་ཏ་ཏ་ར་སཝཱཧཱ། །རྡོ་རྗེ་མེ་ཏོག་ཐོད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་
87b
ཐཱ་ཀི་རི་ཊི་བཛྲ་དྷ་རི། བི་ཤུདྡྷ་ཨཾ་ག་ར་སཝཱཧཱ། །རྡོ་རྗེ་ཅོད་པན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མུ་ར་དྷ་ཨ་གི་ཏ། ཧཱུཾ་ཧཱུཾ་ཧཱུཾ་སཝཱཧཱ། །རྡོ་རྗེ་གཙུག་ནས་བྱུང་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀུ་སུ་མ། ཨ་ཙི་དྲ་ཏ་བཛྲ་མུ་རྟི་བཛྲ་སཝཱ་བྷཱ་བ་སཝཱཧཱ། །རྡོ་རྗེ་མེ་ཏོག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བ་ར་དྷ་རི། ཨུ་ར་བཛྲོད་ཏ་མ་སཝཱཧཱ། །རྡོ་རྗེ་བྲང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཧྲཾ་ད་ཡ་བཛྲ་པཱ་ཎི་བྲི་ཡ་ས་ཏྭ་ཧི་ཏཾ་ཀ་ར་སཝཱཧཱ། །གཞོན་ནུ་རྡོ་རྗེ་སྡུག་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙནྡྲ་བཛྲ་ཨཾ་ག་སུནད་ར་སཝཱཧཱ། །གཞོན་ནུ་རྡོ་རྗེ་ཟླ་བའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཙཀྲ་མཎྜལ་སཾ་བུ་ཏ་བཛྲ་བྷྲུ་བ་སཝཱཧཱ། །རྡོ་རྗེ་སྨིན་མའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཨཾ་ཀུ་དྷ་རི་ཤུ་ཏཱ་དྷ་ར་དྷ་ར་ན་ནི་རྡ་ད་སཝཱཧཱ། །རྡོ་རྗེ་རྣ་མཆོག་འཆང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ལོ་ཙ་ནེ་ཛྙཱ་ན་ཙཀྵུརྡ་ད་སཝཱཧཱ། རྡོ་རྗེ་མིག་གི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་བེ་ག་དྷ་རི་མ་ནོ་ཛ་བེ་དྷ་ར་སཝཱཧཱ། །རྡོ་རྗེ་ཤུགས་འཆང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་
88a
༄#། །ུད་དྷ་ར་བཛྲ་ས་མ་ཡ་མ་ནུ་པཱ་ལ་ཡ་སཝཱཧཱ། །རྡོ་རྗེ་རྟེན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་དྷ་ར་དྷ་ར་ཛྭཱ་ལི་ཏ་མཱུརྟི་སཝཱཧཱ། ། རྡོ་རྗེ་གཅེས་པ་འཛིན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཨཾ་ཀུ་ར་བཛྲ་ཀེ་ཏུ་ས་ར་ས་ར་སཝཱཧཱ། །རྡོ་རྗེ་མཆེ་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སཾ་བོ་དྷི་བཛྲ་དྷ་ར་པྲི་ཡ་བཛྲ་གཱི་ཏི་སཝཱཧཱ། །རྡོ་རྗེ་གླུའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཛྭ་ལི་ཏ་བཛྲ་མཱུ་རྟི་བཛྲ་དྷ་ར་སཝཱཧཱ། །གཞོན་ནུ་རྡོ་རྗེ་འབར་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏེ་ཛ་ཨ་བ་ལཾ་བི་ཏ། མུརྟི་དྷ་ཀ་དྷ་ཀ་སཝཱཧཱ། །གཞོན་ནུ་རྡོ་རྗེ་གཉའ་ཤིང་འཛིན་གྱི་སྔགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ལག་ན་རྡོ་རྗེས་རྡོ་རྗེ་ལས་ཡང་དག་པར་བྱུང་བ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་སྒྱུ་མའི་ཏིང་ངེ་འཛིན་ལ་དབང་བསྐུར་ཅིང ། གནོད་པ་ཐམས་ཅད་འགོག་པ། ལུས་ལ་སྲུང་བ་ཆེན་པོའི་སྲད་བུ་ཐོགས་པ། རྟག་ཏུ་མ་བྱེད་ཟེར་བ་བདག་གི་ཞེས་བརྗོད་པའི་སྒྲ་ཕྱུང་ངོ ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧེ་བཛྲ་ཤཱུ་ལི་ནི་བཛྲ་མ་ཏཾ་གི་ཨ་ནནད་མུ་ཁ་བཛྲ་ཧི་ལི་ཛ་ཡན་ཏིཾ། རུ་ཏི་མུ་ཁ་ཏི་
88b
སི་སྥུ་རནྟི་སཝཱཧཱ། །མཱ་མ་ཀཱིའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པུ་བི་མོ་བཛྲ་མཱ་ལཱི་ནི། བཛྲ་ཨང་བྷཱུ་ཏེ། སཉྩ་ཡ་ས་མནྟ་ཤཱི་དི་ཤ་མ་བཛྲ་རན་དྷ་ནེ་ན། གྷུ་དྷུ་གྷུ་དྷུ། ཛ་ཧི་ཛ་ཧི་མཱ་བི་ལམྦ། བྷ་ག་བ་ཏི་བཱ་རཱ་ཧཱི། སྨ་ར་སྨ་ར། བཛྲ་སཾ་གཱི་ཏི་སཝཱཧཱ། །རྡོ་རྗེ་མཚམས་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་མཧཱ་མནྜ་དཪྴ་ཡ་བཛྲི་བི་ཀྲ་མ་སཝཱཧཱ། །རྡོ་རྗེ་ལྡིང་ཁང་གི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་སི་ཏཱ་ཏ་པ་ཏྲེ་ཛྭ་ཀྲྀ་ཏ་སཝཱཧཱ། །རྡོ་རྗེ་གདུགས་དཀར་པོའི་སྔགས་སོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་ཏ་ཏ་མཧཱ་བཛྲ་བི་ད་ན་རཾ་ག་རཾ་གཱ་པ་ཡ་སཝཱཧཱ། རྡོ་རྗེ་རིན་པོ་ཆེའི་བ་དན་ཆེན་པོའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རཏྣ་ཀཱུ་ཊ། ཛྭ་ལི་ཏ་བཛྲོད་བྷ་བ་སཝཱཧཱ། །རྡོ་རྗེ་ཁང་པ་བརྩེགས་པའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་པད་མོདྦྷ་བ། བཛྲ་ཨཱ་ས་ན་བཛྲ་ན་དད་སཝཱཧཱ། །རྡོ་རྗེ་པདྨའི་གདན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སྨྲྀ་ཏི། བཛྲ་དྷ་ར་ཀ་སཝཱཧཱ། །རྡོ་རྗེ་དྲན་པའི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པོ་\?\་དྷ་ན་བཛྲ་བ་མ་བ་མ་བ་སཝཱཧཱ། །རྡོ་རྗེ་བྱང་ཆུབ་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཱི་མ་ཏི་ཧ་ར་
89a
༄#། །ཀ། བཛྲ་རཏྣ་དྷ་མ་དྷ་མ་སཝཱཧཱ། །རྡོ་རྗེ་ཡིད་གཉིས་རྣམ་པར་གཅོད་པར་བྱེད་པ་ཞེས་བྱ་བའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཛྙཱ་ན་བཛྲ་སཝཱཧཱ། །རྡོ་རྗེ་ཤེས་སྦྱིན་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་མྲྀ་ཏ་བཛྲ་པ་སཝཱཧཱ། །རྡོ་རྗེ་བདུད་རྩིའི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པྲ་བརྟ་ཡ་བཛྲ་ཛྙཱ་ན་སཱ་ག་རན་ར་སཝཱཧཱ། །རྡོ་རྗེ་ཆོས་བརྗོད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་སཾ་ས་ཐཱ་པི་ཡ། བི་རཱ་ག་ཀོ་ཊི་སཝཱཧཱ། །རྡོ་རྗེ་ཆགས་བྲལ་གྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཤཱུ་ནྱ་ཏཱ་ཀོ་ཊི་བཛྲ་སཾ་དྷ་ར་ཀ་སཝཱཧཱ། །རྡོ་རྗེ་སྟོང་པ་ཉིད་ཀྱི་སྔགས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སརྦ་དྷརྨྨ་ས་མ་ཏཱ་པྲ་བ་ཀ་བཛྲ་ས་ཏྭ་སཝཱཧཱ། །རྡོ་རྗེ་མཉམ་པ་ཉིད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ག་ག་ན་གཉྫ་ན་ཏི་ར་ཤི་ཤ་ཡ་མ་ཁཾ་བཛྲ་སཝཱཧཱ། །རྡོ་རྗེ་ནམ་མཁའ་མཛོད་ཀྱི་སྔགས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བཛྲ་ཡཀྵ་ཎི་བཛྲ་ད་དེ་ཨིད་ཙ་བ་ར་ཎི་མ་ན་སི་བཛྲ་མཱ་ལི་ནི་སཝཱཧཱ། །རྡོ་རྗེ་གནོད་སྦྱིན་མོའི་སྔགས་སོ། །དེ་ནས་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཡང་ཉན་ཐོས་དང ། རང་སངས་རྒྱས་ཐམས་
89b
ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་དབབ་པའི་ཚོགས་ཀྱིས་བྱེ་བ་བསྲེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཇིག་པའི་དུས་ཆེན་པོའི་ཚེ་འབྱུང་བའི་ཉི་མ་བདུན་ལྟར་འབར་བ། རྒྱ་མཚོའི་གླིང་ཆེན་པོའི་མེ་སྒྲོན་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་དང ། སེམས་ལས་བྱུང་བའི་ཚོགས་ཟ་བ། འཇིགས་པའི་མེ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སྙིང་པོའི་མཆོག་འདི་སྨྲས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཕཊ་ཧཱུཾ། འཇིགས་པའི་མེ་ཆེན་པོའི་སྙིང་པོ་སྨྲས་མ་ཐག་ཏུ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཆུ་ཤིང་གི་ཚལ་རྩ་བ་བཅད་པ་ལྟ་བུ་དང ། རླུང་དྲག་པོ་ཆེན་པོས་བསྐྱོད་པ་བཞིན་དུ་འགུལ་ནས། སྟན་ཐམས་ཅད་ལས་ཁས་བུ་བ་ཏུ་འཁོར་ལོ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་གནས་པ་རྣམས་ནི་མ་གཏོགས་སོ། །ལག་ན་རྡོ་རྗེའི་མཐུས་ཐམས་ཅད་དང་ལྡན་པའི་འཁོར་དེས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་དང ། རི་རབ་དང ། རི་རབ་ཆེན་པོ་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དང ། རྒྱ་མཚོ་
90a
༄#། །དང་རྒྱ་མཚོ་ཆེན་པོ་ཐམས་ཅད་བསྐམས་ནས་རྣམ་པར་ཚིག་སྟེ། ཐལ་བར་གྱུར་པར་མཐོང་ངོ ། །ལག་ན་རྡོ་རྗེའི་སྙིང་ག་ནས་ཀྱང་ཁྲོ་བོའི་རྒྱལ་པོ་འཇིག་པའི་མེ་ལྕེ་ཆེན་པོ་ཞེས་བྱ་བ་བྱུང་ནས་གད་མོ་རྟ་བགད་ཆེན་པོ་རྒྱས་པར་འབྱིན་ཅིང་ཐམས་ཅད་དང་ལྡན་པའི་འཁོར་གྱི་སྙིང་རྣམས་ཡོངས་སུ་བསྡུས་ནས་ནམ་མཁའ་དང་མཚུངས་པ་ཉིད་དུ་གྱུར་ཏེ། ལག་ན་རྡོ་རྗེའི་སྙིང་གི་དཀྱིལ་འཁོར་དུ་ཞུགས་སོ། །ལག་ན་རྡོ་རྗེ། ཡང་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ལ་གནས་ནས། དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་གནས་པས་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བརྗོད་དེ་བཀའ་སྩལ་པ། སྔགས་ཀྱི་སྤྱོད་པ་རྒྱ་མཚོ་ནི། །སྙིང་པོ་སྟོབས་ཆེན་ལྡན་པ་འདི། །བསྟན་པ་འདི་ནི་སྲུང་བྱེད་ཅིང ། །ཐག་པ་ཆེན་པོའི་གནས་འདི་ལ། །གདུལ་དཀའ་རྟག་ཏུ་འདུལ་བ་སྟེ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བཤད། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་འཁོར་དེ་འཁོར་ལོ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་དུ་འགྱེལ་བར་རིག་ནས་ཆེར་སྙིང་རྗེ་སྐྱེས་ཏེ། མིག་གཉིས་ཀྱིས་རིང་དུ་བལྟས་ནས་རྡོ་རྗེ་མཆོག་གི་སྙིང་པོ་དམ་པ་སྦྱིན་པ་ཆེན་པོ་འདིས་བྱིན་གྱིས་བརླབས་ཏེ། སྤྱོད་
90b
བ་ཆེན་པོ་མཆོག་གི་དཀྱིལ་འཁོར་གྱི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ལ་བལྟ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རབ་དམ་པ་ལ་རྣམ་པར་རྒྱལ་བ་ཐོབ་པ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། འཁོར་འདི་ལ་དམ་ཚིག་ལ་འཇུག་པའི་སྒོ་ཅུང་ཟད་ཅིག་སྩོལ་ཅིག་དང ། དེས་བསྟན་པ་འདི་ལ་སྲོག་གི་རེ་བ་ཐོབ་ཅིང་དད་པ་ཐོབ་ནས་རང་རང་གི་གསང་སྔགས་ཀྱི་སྙིང་པོ་འབུལ་བར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། །ཏིང་ངེ་འཛིན་ལ་དབང་ཐོབ་ཅིང ། །ནམ་མཁའ་ལྟ་བུར་ཆགས་མེད་ལ། །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །སྨོན་ལམ་རྟག་ཏུ་རྫོགས་བྱེད་པ། ། གསང་སྔགས་ཀུན་གྱི་སྤྱོད་པ་དང ། །དེ་བཞིན་གསང་སྔགས་བསྒྲུབ་པ་དང ། །བརྟུལ་ཞུགས་དང་ནི་རྟགས་དང་གཟུགས། །དུས་དང་ཡུལ་དང་ཆོ་ག་ཤོད། །དེའི་ཚེ་རྡོ་རྗེ་དེ་རྡོ་རྗེ་མཆོག་གི་སྟོབས་ཀྱི་གཟུངས་དང་ལྷན་ཅིག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བྱིན་ནོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨེ་ཧི་མཧཱ་བཛྲ་ཀོ་ཊི་ཀུ་ཊི་ལ་པཱ་བག་ཨཾ་ཀུ་ལ་ཤེ་ཁེ་ཀ་པི་ལ་ཀེ་ཤྲཱི་ཏ་ཊི་ཏ་ཊི། ཀོ་ཊི་ཀོ་ཊི། ཀརྐྐ་ཊི་མུ་ཊི་མཧཱ་ཐིན་དུད་ལོ་ལོ། །དུ་ཀ་དུ་ཀ། ས་མ་ས་མ། ས་ར་ས་ར། བི་ས་ར་བི་ས་ར། སྥུ་ར་སྥུ་ར། ཨུདྡྷོ་ཏི་ཝྟེ། ཧ་
91a
༄#། །རི་པིཾ་ག་ལེ།་ཙ་ཊི་བི་ཙ་ཊི། ཛྭཱ་ལེ་བི་ཛྭ་ལི། བཛྲ་གྷོ་ན། བཛྲ་ས་ར་དྷརྀཥྚ་པྲ་ཧ་ར་ཎེ། མ་ཏི་དྷཱུ་ཏེ། རཏྣ་ཏྲ་ཡ། ཨ་ཏི་ཏ་ལེ། བཛྲ་དྷ་ར་བཱི་ཤཱ་ས་མ། ཨ་པྲ་ཏི་ཧ་ཏ་པྲ་མརད་ནི་སཝཱཧཱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་ལ་སྨྲས་པ། རིགས་ཀྱི་བུ་དག། རིག་པའི་རྒྱལ་མོ་རྡོ་རྗེ་མི་ཕམ་པ་མེས་རབ་ཏུ་རྨོངས་བྱེད་འདི་དྲན་པར་གྱིས་ཤིག་དང ། འདི་ཁྱེད་ལ་ཕན་པ་དང ། བདེ་བ་དང ། སྲོག་ཐོབ་པར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེས་རིག་པ་ཆེན་པོ་འདི་སྨྲས་མ་ཐག་ཏུ། དེ་ནས་དམ་པ་སྦྱིན་པའི་རྡོ་རྗེས་འཁོར་དེ་བྱིན་གྱིས་བརླབས་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། ཕྱག་འཚལ་ལོ། །བཅོམ་ལྡན་འདས་མི་ཕམ་པ་མེས་རབ་ཏུ་རྨོངས་བྱེད་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲས་ཏེ། སྐད་ཅིག་དེ་ཉིད་ལ་འཁོར་དེ་ལངས་ནས་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཡེ་ཤེས་ཀྱེ་མ་སྐྱིད། །ཀྱེ་མ་སྔགས་ཤེས་བསམ་མི་ཁྱབ། །དེས་ནི་བདག་ཅག་ཐམས་ཅད་ཀྱང ། །མགོན་དང་བསམ་གཏན་དགའ་དང་ལྡན། །སེམས་ཞི་ཚེགས་ནི་མ་མཆིས་པར། །སངས་རྒྱས་བསྟན་པ་ལྷུར་ལེན་འགྱུར། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །བདག་ཅག་
91b
ཐམས་ཅད་མཆིས་ནས་སུ། །ཆོ་གའི་རྒྱལ་པོ་ཚུལ་ཆེན་འདིར། །སྙིང་པོ་དག་ནི་ད་དབུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཀྱང་ལག་ན་རྡོ་རྗེས་དབང་ཆེན་པོ་བསྐུར་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་མང་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨོཾ། བཅོམ་ལྡན་འདས། འདི་ནི་བདག་གི་སྙིང་པོའི་མཆོག་ལགས་ཏེ། རིག་བྱེད་བཞི་རབ་ཏུ་བརྗོད་པ། རིགས་བཞི་ཀུན་ཏུ་འཇོག་པ། དབྱངས་དང་ལྡན་པའི་བཀོད་པ་ཆེན་པོ་འགོད་པའོ། །བཅོམ་ལྡན་འདས། འདི་ལས་རིག་བྱེད་རྣམས་འབྱུང ། སྔགས་རྣམས་དང ། མཆོད་སྦྱིན་ལ་སོགས་པའི་ལས་རྣམས་འབྱུང་སྟེ། རྒྱ་མཚོ་ཆེན་པོ་བཞིན་དུ་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའོ། །ལག་ན་རྡོ་རྗེས་སྨྲས་པ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ། །རྡོ་རྗེ་ཨོཾ་ཞེས་བྱ་བ་སྟེ། །བྱམས་དང་ཏིང་ངེ་འཛིན་ལས་སྐྱེས། །ང་རྒྱལ་རྣམ་པར་སྦྱངས་པ་ལེགས། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་གི་སྙིང་པོ་རྒྱལ་སྲིད་ཐམས་ཅད་ལ་དབང་སྦྱིན་པར་བགྱིད་པ་འདི་བཞེས་སུ་གསོལ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་ད་རཱ་ཡ། མཽ་ལི་མཽ་ལི། བི་ཧུ་བི་ཧུ་སཝཱཧཱ། །བཅོམ་
92a
༄#། །ལྡན་འདས། སྙིང་པོ་འདིས་བདག་ལྷ་རྣམས་ཀྱི་བདག་པོ་བགྱིད་དོ། །བཅོམ་ལྡན་འདས། གང་ལ་ལ་ཞིག་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པར་གྱུར་པ་དེར་བདག་གི་སྙིང་པོ་འདི་བསྒྲུབ་པར་འཚལ་ན། དེས་དང་པོར་ལག་ན་རྡོ་རྗེའི་མདུན་དུ་ལན་སུམ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཐང་ཤིང་གི་ཡམ་སྲེག་ཤིང་མར་དང ། སྦྲང་རྩི་དང་ལྷན་ཅིག་ཏུ་ལན་ཁྲི་སྦྱིན་སྲེག་བགྱིའོ། །བཅོམ་ལྡན་འདས། བདག་གིས་དེ་ཐམས་ཅད་བསྒྲུབ་པར་བགྱིའོ། །ཤི་འཕོས་ནས་ཀྱང་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་རྒྱས་པར་འགྱུར་རོ། །ལག་ན་རྡོ་རྗེ་ལ་བལྟ་ཞིང་ཟས་མི་འཚལ་བར་ལན་འབུམ་བཟླས་བརྗོད་བགྱིས་ན་རྒྱལ་སྲིད་འཐོབ་སྟེ། དམ་ཚིག་ཉམས་པ་ནི་མ་གཏོགས་ཏེ་མི་འགྲུབ་བོ། །དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། ཀླུའི་སྙིང་པོ་མཆིས་ཏེ། དེས་ན་བདག་ཅག་ཐམས་ཅད་དབང་དུ་མཆིའོ། །དངོས་གྲུབ་སྩལ་བར་བགྱིའོ། །བསྲུང་བར་བགྱིའོ། །དུག་བསལ་བར་བགྱིའོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རེ་རེ་རཱ་ཏིཾ་ནཱ་ག་ལེ་ལི་རི། ཕུཏྟ་རི། ཛི་ཧེ་སཝཱཧཱ། །སྙིང་པོ་འདིའི་བསྒྲུབ་པ་ལགས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ངམ། མཚོ་
92b
ཆེན་པོར་ཞུགས་ཏེ་ལན་ཁྲི་བཟླས་བརྗོད་བགྱིའོ། །དེ་ནས་ཀླུ་གང་ཡང་རུང་བ་མངོན་དུ་ཕྱོགས་ཏེ་མཆི་བར་མཐོང་ངམ། མཚོ་འཁྲུགས་ཀྱང་དེ་ལ་འཇིགས་པར་མ་བགྱིས་ན་འགྲུབ་པར་འགྱུར་རོ། །ཐ་མར་སེང་ལྡེང་གི་ཡམ་སྲེག་ཤིང་ཡུངས་ཀར་གྱི་འབྲུ་མར་ལས་སྨྱུགས་པས་ལན་ཁྲི་བཟླས་བརྗོད་བགྱིས་ཏེ་དེ་ལྟ་ན་ཡང་འགྲུབ་བོ། །དེ་འགྲོ་བའམ། མི་འགྲོ་བའི་དུག་རྣམས་ཀྱང་བསམ་པ་ཙམ་གྱིས་སེལ་བར་འགྱུར། སྒྲུབ་པ་པོའི་ལས་རྣམ་པ་སྣ་ཚོགས་གཞན་ཡང་བསམ་པ་ཙམ་གྱིས་བགྱིད་པར་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་ཀྱི་བུས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། །བདག་ཀྱང་དཀྱིལ་འཁོར་ཆེན་པོ་རིམ་པར་ཕྱེ་བ་མང་པོ་འདིར་སྒྲུབ་པ་པོ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་བར་བགྱིད་པའི་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཡཀྵ་ཤ་ར། ཀིཉྩི་རཱ་ཡ་སི། ས་མ་ཡ་མ་ནུ་སྨ་ར། དེ་བྷི་མི་བཻ་ཤྲ་བ་ཎ་པྲི་ཡ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་བསྒྲུབ་པ་དེས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་གཅིག་པུ་མཆིས་ཏེ་སྙིང་པོ་འདི་ལན་ལྔ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་པ་བགྱིས་ལ་།མཚན་ཐོག་ཐག་ཏུ་ཏིལ་ནག་པོ་
93a
༄#། །ཞོ་དང ། སྦྲང་རྩི་དང ། མར་དང་བསྲེས་པས་ལན་སུམ་ཁྲི་སྦྱིན་སྲེག་བགྱིས་ན་གང་འཚལ་བ་དེ་སྩོལ་བར་འགྱུར་རོ། །ཟས་མི་འཚལ་བར་ལྐོག་ཏུ་དབེན་པར་གནོད་སྦྱིན་མོ་ཡིད་ལ་བགྱིས་ཏེ། ཉིན་ཞག་བདུན་དུ་ལན་ཁྲི་བཟླས་བརྗོད་བགྱིས་ན། གནོད་སྦྱིན་མོ་སྩོལ་བར་འགྱུར་རོ། །ལོ་གཅིག་གི་བར་དུ་ཉིན་རེ་ཞིང་དྲན་པར་བགྱིས་ན་གཏེར་ཅིག་སྩོལ་བར་བགྱིད་དོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཕྲོག་གནས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཀྱང་དཀྱིལ་འཁོར་རིམ་པར་ཕྱེ་བ་མང་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཁི་མི་སི་རི་སྨྲ་ཤི། པ་རི་པཱུ་ར་ཡན་པྲ་ཏི་ཛྙཱ་མནྟ་ཀེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་དེའི་སླད་བཞིན་དུ་བདག་རྟག་ཏུ་འབྲང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་རིའི་རྩེ་མོར་མཆིས་ལ་ལན་སུམ་འབུམ་བཟླས་བརྗོད་བགྱི་ཞིང་ཡུངས་ཀར་དང ། ཞོ་དང ། སྦྲང་རྩི་དང ། མར་བསྲེས་པས་ལན་འབུམ་སྦྱིན་སྲེག་བགྱིས་ན་གང་འཚལ་བ་དེ་སྩོལ་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡུལ་འཁོར་སྲུང་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཀྱང་
93b
དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་སྐྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བི་དྷ་ར་དྷ་རི། གནྡྷ་རི་རི་སི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་པ་དེ་ལ་དུས་མ་ལགས་པར་འགུམ་པ་མི་འབྱུང་ངོ ། །རྟག་ཏུ་དཔལ་གྱིས་འཁོར་བར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་བ་དེས་ཟླ་བ་ཚེས་ནས་བཟུང་སྟེ། ཉའི་བར་དུ་ཉིན་གཅིག་བཞིན་མེ་ཏོག་གི་སྲེག་བླུགས་ལན་ཁྲི་སྦྱིན་སྲེག་བགྱིའོ། །དེ་ནས་ཉའི་གདུགས་ལ་ཅི་འབྱོར་པས་མཆོད་པ་བགྱིས་ལ་མཚན་ཐོག་ཐག་འབྲས་ཀྱིའོ་ཐུག་སྦྱིན་སྲེག་བགྱིས་ན་གྲུབ་པར་འགྱུར་ཏེ། གང་འཚལ་བ་དེ་སྩོལ་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་མིག་མི་བཟང་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཀྱང་བསམ་པ་ཐམས་ཅད་ཡོངས་སུ་བསྐང་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཤྲཱི་དྷི་དྷ་ར་ཡ་བི་རཱུ་པཱཀྵ་སཝཱཧཱ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་བདག་གི་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་པ་དེའི་སླད་བཞིན་བདག་རྟག་ཏུ་འབྲང་བར་བགྱིའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་རིའི་རྩེ་མོར་
94a
༄#། །མཆིས་ལ་ལན་སུམ་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་ཉའི་གདུགས་ལ་ཅི་འབྱོར་པས་མཆོད་པ་བགྱིས་ལ་མཚན་ཐོག་ཐག་ཏུ་གུ་གུལ་ཤིང་གི་ཡམ་སྲེག་སྦྲང་རྩི་དང་མར་ལ་སྨྱུགས་པ་ཁྲི་སྦྱིན་སྲེག་བགྱིས་ན་འགྲུབ་པར་འགྱུར་ཏེ། གང་འཚལ་བ་དེ་སྩོལ་ཏོ། །མ་གྲུབ་ན་ཡང་ཡུལ་གྲུ་བཟང་པོ་ལྔ་སྩོལ་ཏོ། །དེ་ནས་ཆུ་དབང་རྨུགས་བྱེད་འཛིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། བདག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་སྒྲུབ་པ་པོ་རྣམས་ཀྱི་དོན་ཐམས་ཅད་གྲུབ་པ་སྙིང་པོ་མཆོག་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀུ་རུ་ཙུ་རུ་མུ་རུ་ཛམྦྷ་ཛ་ལོད་བྷ་བ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་རྟག་ཏུ་བཟླས་བརྗོད་བགྱིས་པ་དེ་ལ་ཅི་འཚལ་བ་དེ་བསྒྲུབ་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་ཉི་མ་འགྱུར་བའི་ཚེ་རིའི་རྩེ་མོར་མཆིས་ལ་ལན་ས་ཡ་བཟླས་བརྗོད་བགྱིས་ན། རྒྱལ་སྲིད་དམ། གཏེར་ཆེན་པོ་སྩོལ་ཏོ། །གི་ཝང་ལ་ལན་གཅིག་སྔགས་ཏེ་མིག་ལ་བསྐུས་ན་གང་བལྟས་པ་དེ་དབང་དུ་འགྱུར་རོ། །མཚན་མོ་གདོང་ལ་སྔགས་ཏེ་བསམ་ནས་ཉལ་ན་ཅི་བསམས་པ་དེ་རྨི་ལམ་དུ་མཐོང་ངོ ། །གོས་འདོད་ན་མེ་ཏོག་ཁ་དོག་ཅི་འདྲ་བ་ཆུར་བོར་བ་ཁ་དོག་དེ་འདྲ་བའི་གོས་དེ་དག་རྙེད་པར་འགྱུར་རོ། །
94b
ཕྱུགས་ཆུང་འདོད་ན་ཞག་བདུན་གསུམ་དུ་ཉི་མའི་གཟུགས་བརྙན་ལ་སྔགས་ལན་གཅིག་བཏབ་པའི་མེ་ཏོག་ཕོག་པར་བོར་ན་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དཔལ་ཆེ་བར་འགྱུར་རོ། །དེ་ནས་ལག་བརྒྱད་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། འདོད་པ་ཐམས་ཅད་ཡོངས་སུ་བསྐད་པའི་སླད་དུ་བདག་ཀྱང་དཀྱིལ་འཁོར་ཆེན་པོ་མང་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙཀྲ་དྭ་དྭ་བ་ཧུ་རཱ་ཛ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་བསྒྲུབ་པར་བགྱིད་པ་དེས་བསྒྲུབ་པ་བགྱིས་ལ་སྐྱེད་མོས་ཚལ་གྱི་ཕྱོགས་གཙང་མར་ཤིང་མྱ་ངན་འཚང་གི་འོག་ཏུ་ལན་སུམ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་གཞོན་ནུ་ལ་ཅི་འབྱོར་པས་མཆོད་དེ་མཚན་ཐོག་ཐག་ཨ་ག་རུའི་བདུག་པ་བསྲེགས་ལ་བཟླས་བརྗོད་བགྱིས་ན་ནམ་ཕྱེད་དམ། ནང་པར་དེ་ལ་བདག་བསྟན་པར་བགྱིའོ། །དམ་པ་གང་འཚལ་བ་སྩོལ་ཏོ། །ཟས་མི་ཟ་བར་ལན་འབུམ་བཟླས་བརྗོད་བགྱིས་ན་དེ་ཉིད་དུ་གནོད་སྦྱིན་མོ་མཆིའོ། །གང་འཚལ་བ་དེ་སྩོལ་ཏོ། ། ཅི་སྟེ་མི་མཆིན་འགུམ་པར་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་རྩེན་གྱིས་བཏུད་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་
95a
༄#། །ལྡན་འདས། བདག་ཀྱང་སྒྲུབ་པ་པོ་གསང་སྔགས་བསྒྲུབ་པ་ལ་བརྩོན་པ་རྣམས་ལ་བསྲུང་བ་དང ། བསྐྱབ་པ་དང ། སྦ་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་པཉྩ་ལ་པཉྩ་མུ་ཁ་པཉྩི་ཁ་ཀ་ཧྲཱིཾ་ཧྲཱིཾ་རཀྵ་ཀྵ་སཝཱཧཱ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་ཆེན་པོ་འདིར་དམ་ཚིག་ཐོབ་སྟེ། གསང་སྔགས་བསྒྲུབ་པར་འཚལ་ན་དེས་ཐོག་མ་ཁོ་ནར་བདག་གི་སྙིང་པོ་འདི་ལན་གཅིག་བརྗོད་པར་བགྱིའོ། །དེ་ལ་བསྲུང་བ་དང ། བསྐྱབ་པ་དང ། སྦ་བའི་སླད་དུ་བུ་ལྔ་བརྒྱའི་འཁོར་ཅན་བདག་དེའི་དྲུང་དུ་མཆི་བར་བགྱིའོ། །བདག་མཆི་བའི་སྔ་ལྟས་ནི་སྒྲུབ་པ་པོ་དེའི་ལུས་ལ་ལྷའི་སྤོས་དྲི་ཞིམ་པོའི་ངད་འབར་བར་འགྱུར། སྤྲོ་བའི་སྟོབས་ཕུན་སུམ་ཚོགས་པར་འགྱུར། བགེགས་ཐམས་ཅད་མ་མཆིས་པར་ཚེགས་ཆུང་དུས་དེས་དངོས་གྲུབ་ཐོབ་པར་འགྱུར་རོ། །ཅི་སྟེ་བདག་གི་སྙིང་པོ་འདི་བསྒྲུབ་པར་འཚལ་ན་དེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལན་སུམ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་བ་དམར་སེར་གྱི་མར་ཟངས་ཀྱི་སྣོད་ཀྱི་ནང་དུ་བཞག་སྟེ་དུ་བ་འཐུལ་ལམ། འབར་གྱི་བར་དུ་བཟླས་བརྗོད་བགྱིས་ལ་དེ་འཐུངས་
95b
ན་གྱེན་དུ་འཕགས་པར་འགྱུར་རོ། །དུ་བ་འཐུལ་ན་ཐོས་པ་འཛིན་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ན་ཡང་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་ནོར་འདུ་བར་འགྱུར་རོ། །བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བགྱིས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསམས་ནས་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་འགྲུབ་པར་འགྱུར་ཏེ་གཞན་དུ་མི་འགྱུར་རོ། །དེ་ནས་ཐགས་བཟངས་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་མང་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏྲཾ་གི་ནི་བོ་དེ་དེ་མཱ་ལི་ནི་ཛ་ཏི་མི་ཧཱུཾ་སཝཱ་ཧཱ། བཅོམ་ལྡན་འདས། གང་ལ་ལ་བདག་གི་སྙིང་པོ་མཆོག་ཏུ་གསང་ཆེན་དྲག་པོ་དམ་པ་འདི་བསྒྲུབ་པར་བགྱིད་པ་དེས། དཔལ་གྱི་སྒོ་མོའི་སྒོར་མཆིས་ལ་སྙིང་པོ་འདི་ལན་དྲུག་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་དུག་དང ། ཁྲག་དང ། སྐེ་ཚེའི་འབྲུ་བསྲེས་པ་ལན་འབུམ་སྦྱིན་སྲེག་བགྱིས་ན་ལྷ་མ་ཡིན་གྱི་གནས་ཐམས་ཅད་གཏན་པ་མ་མཆིས་ཤིང་འཁྲུལ་འཁོར་མ་མཆིས་པར་འགྱུར་རོ། །དེ་ནས་བདག་ཅག་གིས་རིམ་གྲོ་ཆེར་བགྱིས་ཏེ་རིགས་ཀྱི་བུ་དེ་བཞུགས་པར་བགྱིའོ། །ཡོ་བྱད་ཐམས་ཅད་ཀྱང་སྩོལ་
96a
༄#། །བར་བགྱིའོ། །དངུལ་ཆུ་དང ། སྨན་བཅུད་ཀྱིས་ལེན་ཐམས་ཅད་ཀྱང་སྩལ་བར་བགྱིའོ། །དེ་ནས་སྣ་ཚོགས་ཕྲེང་བ་ཅན་ལ་སོགས་པ་དྲི་ཟའི་རྒྱལ་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མདྟ་མ་ཏང་གི་སཝཱཧཱ། འདི་ནི་བདག་ཅག་གི་སྙིང་པོ་ལགས་ཏེ། འདིས་དངོས་གྲུབ་སྩལ་བར་བགྱིའོ། །འདིས་བདག་ཅག་དྲི་ཟའི་རྒྱལ་པོ་ཞེས་བགྱིའོ། །ལྷའི་བདེ་བའི་རྣམ་པ་སྣ་ཚོགས་མྱོང་ངོ ། །མདོར་ན་བགྱི་བ་བགྱིད་པ་ཐམས་ཅད་ནུས་སོ། །མི་དང ། མི་མ་ཡིན་པའི་གནས་ཐམས་ཅད་ན་མཆིས་སོ། །ཅི་སྟེ་གང་ལ་ལ་ཞིག་བསྒྲུབ་པར་འཚལ་ན། དེས་ཐོག་མར་རི་ཕུག་ཏུ་ཅི་འབྱོར་པས་མཆོད་པ་བགྱིས་ལ་སྙིང་པོ་འདི་འབུམ་བཟླས་བརྗོད་བགྱིས་ན་དེ་ནས་འགྲུབ་པར་འགྱུར་རོ། །ཐ་མར་དུ་རུ་སྐའི་འབྲུ་མར་གྱི་མེ་བུས་ལ་། ག་རུའི་ཡམ་སྲེག་ཤིང་ཁྲི་སྦྱིན་སྲེག་བགྱིས་ན། དེ་ནས་དེའི་བསམ་པ་ཡོངས་སུ་རྫོགས་པར་བགྱིའོ། །གི་ཝང་ལ་སྔགས་ཀྱིས་བཏབ་སྟེ་དཔྲལ་བར་ཐིག་ལེ་བགྱིས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ལག་མཐིལ་ལ་
96b
སྔགས་ཀྱིས་བཏབ་སྟེ་གདོང་ལ་བྱབས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དེ་ནས་མིའམ་ཅིའི་\?\་རྒྱལ་པོ་ལྗོན་པ་ལ་སོགས་པ་མིའམ་ཅིའི་རྒྱལ་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཏི་ཏི་ལི་ཕུ་སཝཱཧཱ། བཅོམ་ལྡན་འདས། འདི་ནི་བདག་ཅག་གི་སྙིང་པོ་ལགས་ཏེ། འདིས་བདག་ཅག་མིའམ་ཅིའི་རྒྱལ་པོ་ཞེས་བགྱིའོ། །སིལ་སྙན་དང ། ཕེག་རྡོབ་པ་དང ། རོལ་མོའི་སྒྲ་འབྱིན་ཅིང་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་མཆིའོ། །ལྷ་དང ། ཀླུའི་གནས་ཐམས་ཅད་དུ་ཀུན་གྱིས་ཀྱང་བཀུར་ཏོ། །སྙིང་པོ་འདིས་ཅི་ལ་ཡང་མི་བརྗོད་དོ། །ཅི་སྟེ་གང་ལ་ལ་ཞིག་བསྒྲུབ་པར་འཚལ་ན། དེས་གཅིག་པུ་དགོན་པར་སློང་མོའི་ཟས་འཚལ་ཞིང་སྙིང་པོ་འདི་ལན་ཉིས་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བའི་སྣ་ལྔ་དང་བསྲེས་པས་དཀྱིལ་འཁོར་བསྐུས་ལ་ཅི་འབྱོར་པས་མཆོད་དེ། གུར་གུམ་གྱི་སྲེག་བླུགས་ལན་ཁྲི་སྦྱིན་སྲེག་བགྱིས་ན་དེ་ནས་འགྲུབ་པར་འགྱུར་ཏེ། མིའམ་ཅིའི་གནས་ཐམས་ཅད་དུ་ཀུན་གྱིས་བཀུར་ཅིང་གང་འདོད་པ་དེ་བགྱིད་
97a
༄#། །དོ། །དེ་ནས་རྣམ་པར་བདུད་ཀྱི་བུ་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་རངྐཱ་རི་བི་ཥ་རི་བི་ཥེ་ཥ་ནི་ཀྲིནྟ་ནི་ཀུ་མཱ་རི་ཀེ་ཧ་སཝཱཧཱ། ཕུ་ཕུ་སཝཱཧཱ། བདག་ཅག་གི་སྙིང་པོ་འདི་ཀླུ་ཐམས་ཅད་རང་གི་དམ་ཚིག་ལ་དགོད་པར་བགྱིའོ། །སྙིང་པོ་འདིའི་མིང་ཐོས་པ་ཙམ་གྱིས་ཀླུ་ཐམས་ཅད་བདག་ཅག་གི་ཕྱག་བརྙན་དུ་འགྱུར་ཏེ། འཇིགས་ཤིང་ཞུམ་པ་དང ། འདར་བ་དང ། རེ་བ་ཆད་པར་འགྱུར། དུག་མ་མཆིས་ཤིང་ཕྱོགས་ཕྱོགས་སུ་འབྲོས་པར་འགྱུར། བཅོམ་ལྡན་འདས། ཅི་སྟེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྙིང་པོ་འདི་བསྒྲུབ་པར་འཚལ་ན། དེས་མཚོ་ཆེན་པོར་ཞུགས་ལ་མིད་པ་ཙམ་ནུབ་པར་འགྲེང་སྟེ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིས་ན། དེ་ནས་མཚོ་དེ་ཉིད་ཉིན་གཅིག་བཞིན་སྐམ་མོ། །ཀླུའི་གནས་ཐམས་ཅད་ཀྱང་འབར་བར་འགྱུར་རོ། །རང་གི་གཟུགས་ཀྱང་སྟོན་ཏོ། །བགེགས་གཞན་བརྒྱ་དག་ཀྱང་བགྱིད་དེ་དེ་ལ་འཇིགས་པར་མི་བགྱིའོ། །དེ་ནས་མཚན་མ་དེ་དག་བྱུང་ནས་ཐ་མར་བ་ལང་གི་
97b
ལྕི་བ་ས་ལ་མ་ལྷུང་བ་དེ་ཉིད་ཀྱིས་རྒྱ་མཚོའི་ངོས་སུ་དཀྱིལ་འཁོར་བསྐུས་ལ། བཅོམ་ལྡན་འདས། ལག་ན་རྡོ་རྗེ་\?\་ལ་ཅི་འབྱོར་པས་མཆོད་དེ། དུག་དང ། ཉེ་བའི་དུག་ཐམས་ཅད་ལས་ཀླུའི་རྒྱལ་པོ་བརྒྱད་བགྱིས་ལ། དེ་ནས་སྐེ་ཚེའི་འབྲུ་རེ་རེ་ནས་ཁྲག་གིས་བསྐུས་ཏེ་སྦྱིན་སྲེག་བགྱིའོ། །དེ་ནས་ཀླུ་ཐམས་ཅད་ལྷགས་ནས་དམ་པ་ལོངས་ཤིག་ཅེས་མཆི་ན་སྐྲག་པར་མི་བགྱིའོ། །འདི་སྐད་དུ། ཕྱག་བརྙན་དག་ཏུ་གྱུར་ཅིག་ཅེས་བརྗོད་པར་བགྱིའོ། །དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་མི་སྣང་བར་འགྱུར་ཏེ། དེ་སླན་ཆད་ཅི་འཚལ་བ་དེ་བགྱིད་དོ།། དེ་ནས་འཇིགས་སུ་རུང་བ་ལ་སོགས་པ་སྲིན་པོའི་རྒྱལ་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་དབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀཾ་ཀཱ་རི་ཎི་ལུ་ཎྜི་ནི་སཝཱཧཱ། བདག་ཅག་གི་སྙིང་པོ་འདིས་མི་ཐམས་ཅད་ཀྱི་གཟི་བརྗིད་དང ། སྟོབས་འཕྲོག་པར་བགྱིའོ། །སེམས་ཅན་ཐམས་ཅད་གདུལ་བར་བགྱིའོ། །བཅོམ་ལྡན་འདས། མདོར་ན་རྒྱ་བ་དང ། མི་རྒྱུ་བ་དང་བཅས་པའི་འཇིག་རྟེན་གསུམ་པོ་དག་ན་ཅི་ཡང་དགོན་པ་མ་མཆིས་སོ། །བཅོམ་ལྡན་འདས། གང་ལ་ལ་ཞིག་འདི་བསྒྲུབ་པར་འཚལ་ན། དེས་དུར་ཁྲོད་དུ་དུ་བ་འཐུལ་བར་ཟས་སུ་ཤ་འཚལ་ཞིང་
98a
༄#། །གོས་སྔོན་པོ་བགོས་ལ་ལག་ཏུ་རལ་གྲི་ཐོགས་ཏེ། སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་འབྱུང་པོ་ཐམས་ཅད་པའི་གཏོར་མ་བགྱིའོ། །ཅི་འབྱོར་པས་མཆོད་པ་བགྱིས་ལ་ནམ་ཕྱེད་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་སྲིན་པོའི་བདག་པོ་གང་ཡང་རུང་བ་ཞིག་མཆི་བར་འགྱུར་ཏེ། དེ་ལ་འཇིགས་པར་མི་བྱ་བར་མཆོད་ཡོན་སྩལ་ན་བདག་ལ་འདོད་པའི་གཟུགས་ཅན་གྱི་དངོས་གྲུབ་བྱིན་ཅིག་ཅེས་བརྗོད་པར་བགྱིའོ། །དེས་རལ་གྲི་དེ་བླངས་ནས་སྩོལ་བར་འགྱུར་ཏེ། དེ་ནས་ལྷའི་འགྲོ་བ་ཅན་དུ་འགྱུར། ངོ་མཚར་གྱི་ལས་རྣམ་པ་སྣ་ཚོགས་བགྱིད་པར་འགྱུར་རོ། །དེ་ནས་དྲང་སྲོང་ཆེན་པོ་མེས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས། བདག་ཅག་ཀྱང་སྒྲུབ་པ་པོ་རྣམས་ལ་སྨན་པའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཀ་བཱི་ལ་ཛྱེ་ཏི་ནི་ར་ཎ་ད་བིངྒ་ལ་ལོ་ཙ་ན་སཝཱཧཱ། བདག་གི་སྙིང་པོ་འདི་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ་ལགས་ཏེ། འདིས་བདག་ཀྱང་བཀུག་ཏེ་དབང་དུ་མཆིའོ། །དཔལ་བསྐྱེད་པར་བགྱིའོ། །ནོར་སྩལ་བར་བགྱིའོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་ནོར་འདུ་བར་འགྱུར་རོ། །སྙིང་པོ་འདིས་རྟག་ཏུ་བཟའ་བའི་སྦྱིན་
98b
སྲེག་བགྱིས་ན་བཟའ་བ་འབྱུང་བར་འགྱུར་རོ། །མདོར་ན་རྫས་གང་གིས་སྦྱིན་སྲེག་བགྱིས་པའི་རྫས་དེ་འབྱུང་བར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་རིའི་རྩེ་མོར་མཆིས་ལ་སློང་མོའི་ཟས་འཚལ་ཞིང་སྙིང་པོ་འདི་ལན་སུམ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་མེ་ཐབ་བགྱིས་ལ་རྒྱ་ཤུག་གི་ཡམ་སྲེག་ཤིང་ཞོ་དང ། སྦྲང་རྩི་དང ། མར་ལ་སྨྱུགས་ནས་ལན་ཁྲི་སྦྱིན་སྲེག་བགྱིའོ། །དེ་ནས་གྲུབ་པར་འགྱུར་ཏེ་དགའ་མགུར་ལས་རྣམས་བྱེད་དོ། །དེ་ནས་སྤྲིན་གྱི་ཕྲེང་བ་ཅན་ལ་སོགས་པ་རླུང་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །སྒྲུབ་པ་པོ་དངོས་གྲུབ་གྲུབ་པར་འཚལ་བ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་བྷ་མ་ར་བྷ་མ་རེ། ཙ་བ་ལི་ཙ་པ་ལི། ཀེ་ཧེ་ར་མྦི་ནི་སཝཱཧཱ། འདི་ནི་བདག་ཅག་གི་སྙིང་པོ་མཆོག་ལགས་ཏེ་འདིས་བདག་ཅག་དེ་བཞིན་གཤེགས་པའི་བཀའ་བཞིན་བགྱིའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་དང་མི་འགལ་བར་བགྱིད་དོ། །ཕན་པ་དང ། བདེ་བ་བསྒྲུབ་པར་བགྱིའོ།།
99a
༄#། །བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་དེས་བློག་\?\་མར་སྙིང་པོ་འདི་ལན་གསུམ་བཟླས་བརྗོད་བགྱིས་ན། དེ་ནས་བདག་ཅག་གིས་དེའི་བགྱི་བ་ཐམས་ཅད་གནང་བར་བགྱིའོ། །ཅི་སྟེ་གང་ལ་ལ་ཞིག་བསྒྲུབ་པར་འཚལ་ན། དེས་ཟས་མི་བཟའ་བར་ལན་ཁྲི་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་ལྔ་བགྱིའོ། །ཁ་དོག་སྣ་ཚོགས་ཀྱི་བ་དན་བདུན་བཞག་གོ། དེ་ནས་བ་དན་འགུལ་གྱི་བར་དུ་བཟླས་བརྗོད་བགྱིས་ན་དེ་ནས་འགྲུབ་པར་འགྱུར་ཏེ། བསྐྱེད་པ་དང ། དགག་པ་ལ་སོགས་པ་ལས་རྣམས་དགའ་མགུར་བགྱིད་དོ། །དེ་ནས་སྐར་མའི་རྒྱལ་པོ་ཟླ་བས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ། གདུང་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། དཔལ་ཡང་དག་པར་འཇོག་པར་བགྱིད་པ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙནྡྲ་ཀཱནྟི་བི་ཤུདྡྷ་ཧཾ་ག་སཝཱཧཱ། བཅོམ་ལྡན་འདས། བདག་ཅག་གི་སྙིང་པོ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྣམས་ཀྱི་གདུང་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་བཀྲ་
99b
མི་ཤིས་པ་རྣམས་སེལ་ཏོ། །དཔལ་བསྐྱེད་དོ། །རྟག་ཏུ་སྐལ་བ་བཟང་པོ་སྩོལ་ཏོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཟས་སུ་འོ་མ་འཐུངས་ཤིང་པདྨའི་རྫིང་དུ་ཞུགས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཟླ་བ་ཉ་ལ་ཤལ་ལམ། མར་སར་ལས་ཟླ་བ་བགྱིས་ལ། པདྨའི་འདབ་མའི་ཕྲག་ཏུ་སྩལ་ཏེ། མཚན་ཐོག་ཐག་བཟླས་བརྗོད་བགྱིས་ན།་ནམ་ཕྱེད་དམ། ཉི་མ་ཤར་ཀའི་ཚེ་འོད་ཟེར་འབྱུང་སྟེ། བྱུང་ནས་ཀྱང་སྒྲུབ་པ་པོའི་ཁར་འཇུག་གོ། དེ་ནས་འཁོར་ལོ་བཞིན་དུ་འཁོར་འཁོར་ནས་ཀུན་ནས་འཁོད་པར་གྱུར་ཏེ་འདུག་གོ།་དེ་ནས་གྲུབ་པར་འགྱུར་ཏེ་གདུང་བ་མ་མཆིས་པ་དང ། ནམ་མཁའ་ལ་མཆི་བར་འགྱུར་ཏེ། བདག་གི་གཞལ་མེད་ཁང་དུ་བསྐལ་བར་གནས་ཤིང་ལྷའི་བདེ་བ་དང་ལྡན་པ་གནས་པར་འགྱུར་རོ། །དཔལ་ཡང་མཆིས་པར་འགྱུར་ཏེ། རྒྱལ་སྲིད་ལ་སོགས་པ་གང་འདོད་པ་སྩོལ་ཏོ། །དེ་ནས་ཉི་མ་ལ་སོགས་པ་གཟའ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་གི་སྙིང་པོ་གཟི་བརྗིད་དང ། སྟོབས་ཐམས་ཅད་པ་ཞེས་བྱ་བ་མཆིས་ཏེ། སྒྲུབ་པ་པོ་རྣམས་ལ་ཕན་པ་དང ། བདེ་བ་དང ། ཚེ་རིང་བ་དང ། ནད་མེད་པ་བགྱི་བའི་སླད་དུ་དེ་དཀྱིལ་འཁོར་ཆེན་པོ་འདིར་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་སིདྡྷི་བི་དྱོ་
100a
༄#། །ད་ན་སཝཱཧཱ། བཅོམ་ལྡན་འདས། སྒྲུབ་པ་པོ་གང་ལ་ལས་སྙིང་པོ་འདི་བཟླས་བརྗོད་བ་གྱིས་ན་དེ་ལ་ནད་ཐམས་ཅད་མི་འབྱུང་ངོ ། །རྟག་ཏུ་བཟླས་བརྗོད་བགྱིས་ན་གཟི་བརྗིད་ཅན་དུ་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་འབབ་ཆུའི་འགྲམ་གྱི་བྱེ་མ་ལ་མར་མེ་ཁ་ལྔ་བུས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ།། དེ་ནས་མེར་སྦྱིན་སྲེག་བགྱིས་ལ་ཉི་མ་ནུབ་ཀྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་ཉི་མ་གང་ཡང་རུང་བ་ཞིག་མཆི་བར་འགྱུར་ཏེ། དེ་ལ་མཆོད་ཡོན་ལ་སོགས་པ་སྩལ་ལ་གང་འདོད་པ་དེ་བསླངས་ལ། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་མཆི་བར་འགྱུར་ཏེ་གང་འདོད་པ་དེ་བགྱིད་དོ། །གཞལ་མེད་ཁང་གང་ཡང་རུང་བར་མཆིས་སོ། །དེ་ནས་ཀླུའི་རྒྱལ་པོ་ཆུ་ལྷ་ཀླུའི་རྒྱལ་པོ་དུ་མ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བ་མ་བ་ཏི་བི་ར་ཛ་སཝཱཧཱ། གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་དེས་སྙིང་པོ་འདི་བཟླས་བརྗོད་བགྱིས་ན། དེ་རང་བཞིན་གྱིས་ཡོངས་སུ་དག་པར་འགྱུར་རོ། །སྤྱོད་པ་གཙང་མ་ཐམས་ཅད་ལ་བློ་མངོན་སུམ་དུ་འགྱུར་
100b
རོ། །ཅི་སྟེ་བསྒྲུབ་པར་འཚལ་ན། རྒྱ་མཚོ་ཆེན་པོར་མིད་པ་ནུབ་ཙམ་དུ་ཞུགས་ལ། སྙིང་པོ་འདི་ལན་འབུམ་ཕྲག་བཅུ་གཅིག་བཟླས་བརྗོད་བགྱིའོ། །དེ་ནས་ཐ་མར་རིན་པོ་ཆེ་སྣ་བཞི་ལས་ཀླུ་བགྱིས་ལ་ཅི་འབྱོར་པས་མཆོད་དེ། ཀླུའི་རྒྱལ་པོ་གང་ཡང་རུང་བ་ཞིག་གནས་ཀྱི་བར་དུ་བཟླས་བརྗོད་བགྱིས་ལ་མཆོད་ཡོན་སྩལ་ཏེ། ཇི་ལྟར་འདོད་པ་བཞིན་དུ་བྱིན་ཅིག་ཅེས་བརྗོད་པར་བགྱིའོ། །དེ་ཕན་ཆད་གང་བསྒོ་བ་དེ་བགྱིད་དོ། །དེ་ཉིད་དུ་ཞུགས་ནས་ལོ་མང་པོར་གནས་སོ། །དེ་ནས་ཁྱབ་འཇུག་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨེ་ཀ་ཨེ་ཀ། བ་ར་བ་ར། ཛྭཱ་ལ་ཛྭཱ་ལ། བིཥྞ་བེ་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་ནི་འདི་ལགས་ཏེ། འདིས་སྡང་བ་ཐམས་ཅད་བཟློག་པར་བགྱིའོ། །ཕུང་བར་བགྱིའོ། །ཡམས་ཀྱི་ནད་དང ། གནོད་པ་ཐམས་ཅད་མ་མཆིས་པར་བགྱིའོ། །གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་དེའི་བློ་ཉམས་པར་མི་འགྱུར་རོ། །ཅི་སྟེ་སྙིང་པོ་འདི་བསྒྲུབ་པར་འཚལ་ན་རིའི་རྩེ་མོར་མཆིས་ལ་ལན་ལྔ་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་གྲོག་མཁར་གྱི་རྩེ་མོའི་ས་དང ། བའི་རྣམ་ལྔ་བསྲེས་
101a
༄#། །པས་ཁྱབ་འཇུག་གི་གཟུགས་ལག་པ་བཞི་པ་བགྱིས་ཏེ། ལག་པ་གཡོན་པ་གཅིག་ན་འཁོར་ལོ། གཡས་པ་གཅིག་ན་དབྱུག་ཏོ། །གཡོན་པ་གཅིག་ན་དུང ། གཡས་པ་གཅིག་ན་དམ་པ་སྦྱིན་པ་བགྱིས་ལ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བགྱིས་ལ་ཅི་འབྱོར་པས་མཆོད་ལ་ཁ་ནུབ་ཕྱོགས་སུ་བལྟས་ཏེ་མཆིས་ལ་ཁྱབ་འཇུག་གི་གཟུགས་འགུལ་བའམ། དུང་སྒྲ་འབྱུང་བའི་བར་དུ་བཟླས་བརྗོད་བགྱིས་ན་འགྲུབ་པར་འགྱུར་ཏེ། དགོས་པ་གང་བསམས་པ་དེ་ཐམས་ཅད་བགྱིད་དོ། །དེ་ནས་ཡི་དྭགས་ཀྱི་བདག་པོ་དྲག་པོས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ལ་མཆོག་ཏུ་གསང་བའི་སྙིང་པོ་མཆིས་ཏེ།་དེས་ན་བདག་ལས་དྲག་པོ་བགྱིད་པའི་སླད་དུ་སེམས་ཅན་ཐམས་ཅད་ཀྱི་དྲག་པོ་ཞེས་བགྱི་བར་འཚལ་ཏོ། །བཅོམ་ལྡན་འདས། སྙིང་པོ་འདིས་བདག་རྒྱུ་བ་དང ། མི་རྒྱུ་བ་དང་བཅས་པའི་འཇིག་རྟེན་གསུམ་མ་རུངས་པར་བགྱིད་དོ། །དབང་དུ་བགྱིད་དོ། །བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་དཀྱིལ་འཁོར་ཆེན་པོ་འདིར་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཧཱུཾ་ཕཊ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི་ཐམས་ཅད་པའི་ནོར་ལགས་སོ། །བྱང་ཆུབ་སེམས་དཔའི་
101b
སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་གང་ལ་ལ་དྲན་པར་བགྱིད་ན་བདག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་བར་བགྱིའོ། །ཡི་དྭགས་ཀྱི་ཚོགས་ཐམས་ཅད་ལྷན་ཅིག་བཀའ་བཞིན་བགྱིད་དོ། །འཇིག་རྟེན་གསུམ་ཡང་དབང་དུ་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན། དེར་དུར་ཁྲོད་དུ་ལུས་ཐལ་བས་བྱུགས་ལ་མི་མགོའམ། ཐོད་པའི་ཕྲེང་བའི་རྒྱན་ཐོགས་ཤིང་ལག་ན་མདུང་རྩེ་གསུམ་པ་ཐོགས་ཏེ་ཁྲིའི་ཟུར་ཤིང་ཁྱེར་ལ། སྟག་ཝགྶ་ཀྱི་ཤམ་ཐབས་འཚལ་ཞིང་སློང་མོའི་ཟས་བབ་བབ་ཏུ་འཚལ་ལ་སྙིང་པོ་འདི་ལན་བཞི་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་དུ་བ་འཐུལ་བའི་དུར་ཁྲོད་དུ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བགྱིས་ཏེ་མདུང་རྩེ་གསུམ་པ་དང ། ཁྲིའི་ཟུར་ཤིང་བཞག་ལ་ཅི་འབྱོར་པའི་མཆོད་པ་བགྱིས་ནས་ཤ་ཆེན་གྱི་བདུག་པ་བསྲེག་ཅིང་མཚན་ཐོག་ཐག་བརྗོད་པ་བགྱིས་ན་དག་པོ་ཉིད་ཡི་དྭགས་མང་པོས་བསྐོར་ནས་འཇིགས་འཇིགས་ལྟ་ཆེན་པོའི་གཟུགས་ཅན་དུ་མཆི་བར་འགྱུར་ཏེ། དེ་ལ་མི་འཇིགས་པར་བགྱི་ཞིང་མཆོད་ཡོན་སྩལ་ལོ། །དེ་ནས་འགྲུབ་པར་འགྱུར་རོ། །དགོས་པ་ཐམས་ཅད་ཀྱང་བགྱིད་དོ། །དེའི་སླད་བཞིན་དུ་བཀའ་བཞིན་སྡོད་པ་ལྷུར་ལེན་ཏོ། །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་
102a
༄#། །འདས། བདག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བོནྣེ་ཏེ་དཏྟ་བྷུ་ཏ་ཨ་དྷི་པ་ཏི་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་པ་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིས་ན།་བདག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་བར་བགྱི། བསྲུང་བར་བགྱི། དཔལ་བསྐྱེད་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྐྱེད་མོས་ཚལ་དབེན་པའི་གནས་སུ་ཟས་ནུབ་མོ་འཚལ་ཞིང་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་བས་མཆོད་པར་བགྱི་སྟེ་ཙནྡན་གྱི་བདུག་པ་བསྲེག་ཅིང ། གཏོར་མ་རྒྱ་ཆེན་པོ་ཡང་ཕུལ། མར་གྱི་མར་མེ་བརྒྱད་ཀྱང་ཕུལ་ལ། ཉི་མ་ནུབ་པ་ནས་བརྩམས་ཏེ་ནམ་ཕྱེད་ཀྱི་བར་དུ་བརྗོད་པར་བགྱིའོ། །དེ་ནས་འགྲུབ་པར་འགྱུར་རོ། །དགོས་པ་ཐམས་ཅད་ཀྱང་བསྒྲུབ་པར་འགྱུར་རོ། །སྨན་བཅུད་ཀྱིས་ལེན་ཀྱང་སྩོལ་ཏོ། །དེ་ནས་ལྷ་མོ་དཀའ་ཐུབ་ཟློག་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨུ་
102b
མ་ཡེ་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི་སྐལ་བ་བཟང་པོ་ཐམས་ཅད་བགྱིད་པ་སྟེ། མེ་ཏོག་གམ། སྤོས་སམ། ལིག་མུ་མིག་གམ། གི་ཝང་ལ་སྔགས་ལན་གཅིག་བཏབ་ཏེ་བཟླས་བརྗོད་བགྱིའོ། །རྟག་ཏུ་བཟླས་བརྗོད་བགྱིས་ན་སྐལ་བ་བཟང་པོར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་དབང་ལྡན་གྱི་སྙིང་པོ་ལས་ཆོ་ག་རྒྱས་པ་ཉིས་འགྱུར་དུ་སྦྱར་ཏེ་བསྒྲུབ་པར་བགྱིའོ། །དེ་ནས་གཟའ་ཆེན་པོ་སྨིན་དྲུག་གི་བུས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་ཡིད་རབ་ཏུ་དགའ་ཞིང་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཧེ་ཀུ་མཱ་ར་ཛྭ་ལི་ཏ་མཱུརྟི་ཙ་རུ་ཙི་ཏྲ་མ་བ་ར་སཝཱ་ཧཱ། བདག་གི་སྙིང་པོ་འདི་ནི་ཐམས་ཅད་ཀུན་ཏུ་སྐྲག་པར་བགྱིད་པ་སྟེ། གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་དེ་ལ་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །གླགས་འཚོལ་བའི་གདོན་ཐམས་ཅད་ཀྱིས་གླགས་མི་ཐོང་ངོ ། །རྨ་བྱའི་མཇུག་མ་ལ་སྔགས་ཀྱིས་བཏབ་སྟེ། གདོན་གྱིས་བཏབ་པ་ལ་བྱ་བ་བགྱི་ཞིང་དེའི་བདུག་པའང་བསྲེགས་ན་སོས་པར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཐོག་མར་བྱིས་པ་ཁྱེའུ་བརྒྱད་བཀུར་སྟི་ཆེར་བགྱིས་ཏེ་འཚལ་མ་སྩལ་ལ་དེ་དག་ཟས་གང་ལ་སྲེད་པ་སྩལ་ཏོ། །དེ་ནས་མ་མོའི་ཁྱིམ་དུ་ལག་ན་མདུང་
103a
༄#། །ཐུང་ཐོགས་ལ་གཞོན་ནུའི་གཟུགས་ཅན་གྱིས་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་མ་མོའི་དཀྱིལ་འཁོར་དེ་ཉིད་དུ་མཆོད་པ་ཅི་འབྱོར་པས་མཆོད་པ་བགྱིས་ཏེ། འབབ་ཆུའི་འགྲམ་གཉིས་ཀྱི་འཇིམ་པ་ལས་གཟུགས་བརྙན་བགྱིས་ལ། སྙིང་གར་མདུང་ཐུང་བཙུགས་ཏེ། ཇི་སྲིད་ཤིའོ་ཞེའམ། རྒྱ་བ་ཆག་གོ་ཞེས་སྒྲ་གྲག་གི་བར་དུ་བཟླས་བརྗོད་བགྱིས་ན་གྲུབ་པར་འགྱུར་རོ། །དེ་སླན་ཆད་ཅི་འཚལ་བ་དེ་བགྱིད་དོ། །དེ་ནས་ལྷའི་བུ་སྤིན་དཀར་སྤྲིན་གྱིས་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འདི་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་གུ་ལུ་གུ་ལུ། གརྫ་གརྫ། མྷཱ་སྤུད་བྷ་བ། བ་ར་བིནྡུ་ཏུཏྨ་ལ། ད་ར་ད་ར། པུ་ར་པུ་ར། ཀ་ས་ཀ་ས་སཝཱཧཱ། བདག་ཅག་གི་སྙིང་པོ་འདི་ནི་འགྲོ་བ་ཐམས་ཅད་ལ་སྨན་པར་བགྱིད་པ་སྟེ། འདིས་ནི་བདག་ཅག་རྒྱ་ཆེ་ཞིང་སྟུག་པའི་སྤྲིན་གྱི་དྲ་བས་ནམ་མཁའི་དཀྱིལ་ཁེབས་པར་བྱིན་གྱིས་བརླབས་ནས་ལོ་ཏོག་ཐམས་ཅད་བསྒྲུབ་པར་བགྱིད་དོ། །ས་ཆེན་པོ་འདི་ཡང་ཆར་པའི་རྒྱུན་ཆེན་པོས་ཚིམ་པར་བགྱིད་དོ། །བཅོམ་ལྡན་
103b
འདས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་དེ་ལ་ཆུས་ཕོངས་པའི་འཇིགས་པ་མི་འབྱུང་ངོ ། །ལུས་ལ་ནད་ཐམས་ཅད་མི་འབྱུང་ངོ ། །དེའི་བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་མཆིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན། དེས་བྱམས་པ་དང་ལྡན་པས་ཟླ་བ་དྲུག་ཏུ་ཟླ་བ་ཤར་བ་ནས་བརྩམས་ཏེ། ཟླ་བ་ཤར་བའི་བར་དུ་བཟླས་བརྗོད་བགྱིའོ། །ཟླ་བ་དྲུག་ཚང་ནས་ཅི་འབྱོར་བའི་མཆོད་པ་བགྱིས་ཏེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་ལ་བུམ་པ་ཞབས་ནག་པོ་མེད་པ་བཀང་སྟེ། སྤོས་དང ། མེ་ཏོག་དང ། བདུག་པས་མཆོད་ལ། ནམ་ཆུ་ལས་དབུ་བ་འབྱུང་ཞིང་གྱེན་དུ་འཐོར་བ་དང ། སྒྲ་འབུག་འབུག་པོའམ། འབྲུག་གི་སྒྲ་གྲག་གི་བར་དུ་བཟླས་བརྗོད་བགྱིས་ན། ལྷའི་བུ་ཆར་སྤྲིན་གང་ཡང་རུང་བ་ཞིག་མཆིས་ནས་ཆུ་བར་སྣང་ལ་འཐོར་རོ། །དེ་ནས་གྲུབ་པར་འགྱུར་ཏེ་འདོད་པ་བཞིན་དགོས་པ་ཐམས་ཅད་བགྱིད་དོ། །དེ་ནས་གློག་སྤྲིན་འཇོམས་པ་དང ། གློག་གཟི་བརྗིད་དང ། གློག་འོད་སྣང་དང ། གློག་ཕྲེང་བཟང་ཞེས་བྱ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། གནོད་པ་ཐམས་ཅད་ཞི་བར་བགྱི་བའི་སླད་དུ་བདག་ཅག་ཀྱང་དཀྱིལ་
104a
༄#། །འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་དྷཱ་ར་ཡ་དྷཱ་ར་ཡ། སྤུ་ར་སརྦ་མཧཱ་པྲི་ཏི་ཀ་ར་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་ན་དེ་ལ་བདག་ཅག་གིས་བསྲུང་པར་བགྱིའོ། །ཡོངས་སུ་བསྐྱབ་པ་དང ། སྦ་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཕྱོགས་བཞིར་སྒྲོན་མ་བུས་ཤིང་ཕྱོགས་བཞིར་བདུག་པས་བདུགས་ལ་ཅི་འབྱོར་པའི་མཆོད་པ་བགྱིས་ཏེ། ཕྱོགས་བཞིར་ཁ་དོག་ཇི་ལྟ་བཞིན་དུ་བུམ་པ་བཞི་བཞག་པ་ལ་མཚན་ཐོག་ཐག་བཟླས་བརྗོད་བགྱིའོ། །དེ་ནས་ཕྱོགས་བཞིར་གློག་བྱུང་བ་ལ་འཇིགས་པར་མི་བགྱིད་པར་ཐམས་ཅད་ལ་མཆོད་ཡོན་སྩལ་ན་འགྲུབ་པར་འགྱུར་ཏེ། རང་གི་གནས་སུ་ཁྲིད་ནས་བསྲུང་བར་བགྱིད། ཡིད་ཀྱིས་བསམ་པ་རྣམས་སྒྲུབ་པར་བགྱིད་དོ། །གང་འདོད་པའི་དམ་པ་དེ་སྩོལ་ཏོ། །དེ་ནས་རིའི་རྒྱལ་པོ་རི་རབ་ལ་སོགས་པ་རིའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་སླད་དུ་དཀྱིལ་འཁོར་ཆེན་པོ་
104b
འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཙ་ལ་ཙ་ལ། མ་ཧཱི་དྷ་ར། རཏྣ་དྷ་ར་སཝཱཧཱ། བཅོམ་ལྡན་འདས། བདག་ཅག་གི་སྙིང་པོ་འདི་གང་ཞིག་རྟག་ཏུ་དྲན་པར་བགྱིད་ན་དེ་དགོན་པར་མཆིས་པའི་ཚེ། བདག་ཅག་གིས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་བགྱིའོ། །ཅི་སྟེ་སྒྲུབ་པ་འཚལ་ན་དེས་རིའི་རྩེ་མོར་འཛེགས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་ཅི་འབྱོར་པའི་མཆོད་པ་བགྱིས་ཏེ། འོ་མ་དང ། ཞོ་དང ། སྦྲང་རྩི་དང ། མར་དང་བསྲེས་པའི་སྲེག་བླུགས་ལན་ཁྲི་སྦྱིན་སྲེག་བགྱིའོ། །དེ་ནས་བདག་ཅག་རིའི་རྒྱལ་པོ་གང་ཡང་རུང་བ་ཞིག་མཆིས་ཏེ་འདི་སྐད་ཅེས་སྨྲའོ། །བུ། ཚུར་ཤོག་ངེད་ཀྱི་གནས་སུ་འདིར། ཅི་འདོད་པ་དེ་སྦྱིན་ནོ་ཞེས་སྨྲའོ། །དེས་ཀྱང་ནམ་བདག་དགོས་ཏེ་དྲན་པའི་ཚེ་ཚུར་ཤོག་ཅིག་ཅེས་སྨྲས་ན་དེ་བཞིན་དུ་གྱུར་ཅིག་ཐམས་ཅད་བགྱི་ཡི། ཁྱོད་སུ་ལ་ཡང་མ་སློང་ཞིག་ཅེས་སྨྲའོ། །དེ་ནས་གཤིན་རྗེ་དང ། མཚན་མོ་ནག་མོ་དང ། བེ་ཅོན་ནག་པོ་ཅན་དང ། སྐྱེས་བུ་ནག་པོ་དང ། རྣ་ནག་པོ་དང ། དཔལ་བྱེད་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་
105a
༄#། །པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བ་བྷཱ་ས་ཏྭ་ཡ་སཝཱཧཱ། བཅོམ་ལྡན་འདས། བདག་ཅག་གི་སྙིང་པོ་འདི་གང་ལ་ལ་\?\་ཞིག་རྟག་ཏུ་དྲན་པར་བགྱིད་ན་བདག་གིས་དེ་གསད་དགུག་གི་སླད་དུ་རང་གི་གཡོག་འཁོར་མི་བགྱི་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཟླ་བ་མར་ངོའི་ཞག་བཅུ་བཞིའམ། ཞག་བརྒྱད་ལ་བསྙུང་བ་བགྱིས་ཏེ། འབྲས་སཱ་ལུ་བཏགས་པ་ལས། གཤིན་རྗེ་སོར་བརྒྱད་དམ། སོར་དྲུག་ནས་འཁོར་དང་བཅས་པ་བགྱིས་ལ། མ་ཧེ་དང ། བེ་ཅོན་ཡང་ངོས་གཉིས་སུ་བཞག་སྟེ། དེ་ནས་ཅི་འབྱོར་བའི་མཆོད་བ་བགྱིས་ནས་མཚན་ཐོག་ཐག་གསང་སྔགས་བརྗོད་ན། ནམ་ཕྱེད་དམ། ཉི་མ་ཤར་ན། མ་ཧེ་སྒྲ་འབྱིན་པའམ། བེ་ཅོན་འགུལ་ཏེ། མཆོད་ཡོན་ལ་སོགས་པ་སྩལ་ལ་བྲི་བར་བགྱིའོ། །དེ་ནས་འགྲུབ་པར་འགྱུར་རོ། །འདོད་པའི་ལས་རྣམས་བགྱིད་དོ། །དེ་ནས་མཚན་མོ་ནག་མོས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བི་ཀ་རཱ་ལ་རཱ་ཏྲི་མཱ་ཏེ་སཝའྷཱ། གང་ལ་ལ་རྟག་ཏུ་དྲན་པར་བགྱིད་ན་དེ་བདག་གིས་བསྲུང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་སྔ་མ་བཞིན་ནོ། །བེ་ཅེན་ནག་པོས་ཀྱང་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཏ་མོད་བྷ་
105b
བ་ཀཱ་ལ་པཱ་ཤ་ག་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་བདག་དེའི་དྲུང་དུ་མི་མཆི་བར་བགྱིའོ། །ཕན་གདགས་པའང་བསྒྲུབ་པར་བགྱིའོ། །ཅི་སྟེ་སྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་བསྒྲུབ་པར་བགྱི་སྟེ། བདག་གིས་དེའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་སྐྱེས་བུ་ནག་པོས་རང་གི་སྙིང་པོ་སྨྲས་སོ།། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨུཏྟ་མ་པུ་རུ་ཥ་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན། བཅོམ་ལྡན་འདས། བདག་དེའི་དྲུང་དུ་མི་མཆི་བར་ཕན་གདགས་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་སྔ་མ་བཞིན་དུ་བསྒྲུབ་པར་བགྱིའོ། །ཁྱད་པར་ཅུང་ཟད་ནི། འདི་ལྟ་སྟེ། སྐྲའི་ཞགས་པ་ནི་གཉིས་གཞག་པར་བགྱིའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་འཆི་བདག་གིས་རང་གི་སྙིང་པོ་སྨྲས་པ། ན་མ།་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨ་པྲ་ཏི་ཏ་ཏཱ་ཀ་ཏེ་ཀརྨ་པ་ཤ་ཨ་བུ་ཀེ་དེ་བེ་བ་ར་དེ་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་བདག་དེའི་ངང་དུ་མི་མཆི་སྟེ་སྔོན་གྱི་ལས་ནི་མ་གཏོགས་སོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་བསྒྲུབ་པར་བགྱི་སྟེ། དྲིལ་བུ་གཞག་གོ་།དེ་ནས་དཔལ་བྱེད་ཀྱིས་རང་གི་སྙིང་པོ་
106a
༄#། །སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བཱ་ཀྲྀ་ཏི་མཧཱ་ཏྲཻ་ཏྱེ་བྷ་ག་བ་ཏི། མུ་ཏི་མུ་ཁི་སཝཱཧཱ། གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་བདག་དེའི་དྲུང་དུ་མི་མཆི་སྟེ། འཕགས་པ་ལ་སྐུར་བ་འདེབས་པ་དང ། དམ་པའི་ཆོས་སྤོང་བ་དང ། བླ་མ་ལ་སྨོད་པ་ནི་མ་གཏོགས་སོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་བསྒྲུབ་པར་བགྱིའོ། །འབྲས་ཀྱི་འོ་ཐུག་ལན་ཚཝ་ཅན་གཞག་པར་བགྱི་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་ཏོ། །དེ་ནས་རྣ་ནག་མོས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཀཱ་ལ་ཙཀྲ་ཎི་སཝཱཧཱ། གང་ལ་ལ་ཞིག་རྟག་ཏུ་དྲན་པར་བགྱིད་ན་བདག་དེའི་དྲུང་དུ་མི་མཆི་སྟེ། ཕ་དང ། མ་མི་དགའ་བ་བགྱིས་པ་ནི་མ་གཏོགས་སོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་བསྒྲུབ་པར་བགྱིའོ། །བྱེ་བྲག་ཏུ་ནི་ཕུབ་མའི་མེ་དང་བཅས་པའི་མེ་སྣོད་གཞག་པར་བགྱིའོ། །སུ་ཞིག་དེ་ལྟར་བགྱིད་ན་བདག་རྟག་ཏུ་དེའི་སླད་བཞིན་འབྲང་བར་བགྱིའོ། །དེ་ནས་མ་མོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། མ་མོ་དྲག་མོ་བདག་ཅག་ཀྱང་འཇིག་རྟེན་ལ་ཕན་གདགས་པའི་སླད་དུ་གྲོང་དང །
106b
ལྗོངས་ཐམས་ཅད་དུ་གནས་པར་བགྱིའོ། །དཀྱིལ་འཁོར་ཆེན་པོ་འདིར་བདག་ཅག་སོ་སོའི་སྙིང་པོ་འབུལ་བར་བགྱིའོ། །དེ་ནས་ཚངས་པའི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨོཾ་བྲཧྨ་བ་ཏི་ནི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་བདག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་པར་བགྱིའོ། །མ་མོ་ཐམས་ཅད་ཀྱང་ཡི་རངས་ནས་རྟག་ཏུ་བསྲུང་བར་བགྱིད་དོ། །ཅི་སྟེ་བསྒྲུབ་པར་འཚལ་བ་དེས། ཨོཾ་ཞེས་བགྱི་བ་སྙིང་གར་བསམས་ལ་ལན་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་མ་མོའི་དཀྱིལ་འཁོར་བགྱིས་ལ་ཅི་འབྱོར་པས་མཆོད་དེ། མཚན་ཐོག་ཐག་ཏུ་སྔགས་བགྲང་ནོར་བུ་དང ། རིལ་བ་སྦྱི་བླུགས་ལག་ན་ཐོགས་ལ། ཨོཾ་ཞེས་བགྱི་བའི་སྒྲ་གྲག་གི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་བསྒྲུབ་པ་འགྲུབ་པར་འགྱུར་ཏེ་གང་འཚལ་བའི་ལས་དེ་བགྱིད་དོ། །གང་འཚལ་བ་དེ་སྩོལ་ཏོ། །དེ་ནས་དྲག་པོའི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཧྲཱིཿ ་ཕཊ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་རྒྱུན་ཏུ་དྲན་པར་བགྱིད་ན། བདག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་ཞིང་བསྒོ་བ་བཞིན་བགྱིའོ། །གང་བསམས་བདེ་སྩོལ་ཏོ། །ཅི་སྟེ་བསྒྲུབ་པར་འཚལ་ན། སློང་མོའི་ཟས་བཟའ་ཞིང་དུར་ཁྲོད་
107a
༄#། །ན་མཚན་གཅིག་མཆིས་པར་ལྷ་ཆེན་པོའི་གློ་གཡས་པར་ལན་ཉིས་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། ད་ཏུ་ཀེ་ར་ཀའི་མེ་ཏོག་ཞོ་དང ། སྦྲང་རྩི་དང ། མར་ལ་སྨྱུགས་པ་བཞི་ཁྲི་དུར་གྱི་མེར་སྦྱིན་སྲེག་བགྱིའོ། །ནམ་ཕྱེད་ན་ཁྱུ་མཆོག་གི་སྒྲའམ། ཨོཾ་ཞེས་བགྱི་བའི་སྒྲ་གྲག་པར་འགྱུར་ཏེ། དེ་ནས་མ་མོ་ཐམས་ཅད་གྲུབ་པར་གྱུར་ཏོ། །དེ་ནས་ཁྱབ་འཇུག་གི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ནཱ་ར་ཡ་ནི་ཛ་གརྠི་ཧ་རི། བ་ལ་བ་དི་ཛ་ཡེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་བསྲུང་པ་དང ། སྦ་བ་དང ། བསྐྱབ་པའི་སླད་དུ་བདག་རྟག་ཏུ་དེའི་སླད་བཞིན་འབྲང་བར་བགྱིའོ། །ཅི་སྟེ་སྙིང་པོ་འདི་བསྒྲུབ་པར་འཚལ་ན་དེས་བསོད་ནམས་འབབ་པར་ལན་ལྔ་ཁྲི་བཟླས་བརྗོད་བགྱིའོ། །ཐ་མར་སྟོན་ཟླ་ཐ་ཆུང་ཚེས་བཅུ་གཉིས་ལ་ཅི་འབྱོར་པས་མཆོད་དེ། མན་དཱ་ར་བའི་མེ་ཏོག་མར་ལ་སྨྱུགས་པ་ལ་ལན་ཁྲི་སྦྱིན་སྲེག་བགྱིས་ན་འགྲུབ་པར་འགྱུར་ཏེ། གང་འཚལ་བ་དེ་སྩོལ་ཏོ། །མ་མོ་ཐམས་ཅད་ཀྱི་དམ་ཚིག་འཚལ་བར་འགྱུར་རོ། །དེ་ནས་གཞོན་ནུའི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཀུ་མཱ་རི། མ་ཡཱུ་ར། ཙི་ཏྲ་ཀེ་ཏ་ག་དྲེ་ཤཀྟི་
107b
དྷཱ་རི་ཎི། བིད་ཙི་སཝཱཧཱ། ཕུ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་ན་བདག་དེའི་སླང་བཞིན་འབྲང་ཞིང་དགོས་པ་ཐམས་ཅད་བགྱིའོ། །ཅི་སྟེ་སྙིང་པོ་འདི་བསྒྲུབ་པར་འཚལ་ན་དེས་ཁ་ལྷོ་ཕྱོགས་སུ་བལྟས་ལ་ལག་པ་གཡོན་པར་མདུང་ཐུང་ཐོགས་ཤང་ལན་བཞི་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་དེ་བཞིན་དུ་ཅི་འབྱོར་བས་མཆོད་ལ་འབྲུའི་ལ་དུ་རྒྱ་ཤུག་ཙམ་གྱིས་མཚན་ཐོག་ཐག་སྦྱིན་སྲེག་བགྱིའོ། །ནམ་ཕྱེད་དམ། ནང་པར་གཞོན་ནུ་མཆིས་ནས་མདུན་དུ་འགྲེང་སྟེ། དེ་ལ་མཆོད་ཡོན་སྩོལ་ཏོ། །དེ་ཕྱིན་ཆད་གྲུབ་པར་འགྱུར་ཏེ། གང་འཚལ་བ་དེ་བགྱིད་དོ། །དེ་ནས་ཙ་མུཎྜིས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་རུ་དྷི་ར་བེ་ཏཱ་ལི། ཨཱ་ཀཪྵ་ཎི། མཧཱ་ཀྲྀཏྟེ་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ་ཙ་མུཎྚི་བིད་ཙེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་དྲན་པར་བགྱིད་ན། བདག་རྟག་ཏུ་དེའི་སླད་བཞིན་འབྲང་ཞིང་ཡིད་ལ་བསམས་པའི་དགོས་པ་ཐམས་ཅད་བགྱིའོ། །ཅི་སྟེ་སྙིང་པོ་འདི་བསྒྲུབ་པར་འཚལ་ན་དེས་གོས་སྔོན་པོ་བགོས་ཏེ། ལག་ན་མི་ཐོད་ཐོགས་ཏེ་ཟླ་བ་གཅིག་ཟས་སུ་ཤ་བཟའ་ཞིང་དུར་ཁྲོད་དམ། མ་མོའི་དཀྱིལ་འཁོར་དུ་བཟླས་བརྗོད་བགྱིའོ། །ཐ་མར་དེ་ཉིད་དུ་ཅི་འབྱོར་པར་མཆོད་དེ། ཤ་ཆེན་པོའི་སྲེག་བླུགས་ཡུངས་ཀར་གྱི་
108a
༄#། །མར་ལ་སྨྱུགས་པ་ལན་ཁྲི་སྦྱིན་སྲེག་བགྱིའོ། །དེ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཏེ་ལྕེ་མྱུག་མྱུག་བགྱིད་ལ། ལག་ན་མི་ཐོད་ཐུགས་ཤིང་མཆི་བར་འགྱུར་ཏེ། མི་ཐོད་ཁྲག་གིས་བཀང་བའི་མཆོད་ཡོན་སྩོལ་ཏོ། །དེ་ནས་ལེགས་སོ་ཞེས་མཆི་སྟེ། སྒྲུབ་པ་པོ་ལ་བསྐོར་བ་བགྱིས་ཏེ། དེ་ནས་མི་སྣང་བར་འགྱུར་རོ། །དེ་སླན་ཆད་རྟག་ཏུ་སླད་བཞིན་འབྲང་ཞིང་ཅི་འདོད་པ་དེ་བགྱིད་དོ། །དེ་ནས་ཕག་གི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བཛྲ་གོ་ཎི་ནི་བཱིད་བརྗོད་ཏིར། བཱི་ར་ལི་ཧཱུཾ་ཀ་རི་སཝཱ་ཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་གི་སྙིང་པོ་འདི་དྲན་པར་བགྱིད་ན་བདག་རྟག་ཏུ་དེའི་སླད་བཞིན་འབྲང་ཞིང་དགོས་པ་ཐམས་ཅད་བགྱིའོ། །བཅོམ་ལྡན་འདས། སྙིང་པོ་འདི་བསྒྲུབ་པར་འཚལ་ན་དེས་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་སྐེ་ཚེའི་འབྲུ་དང་ཆང་བསྲེས་པའི་སྲེག་བླུགས་ལན་འབུམ་མ་མོའི་དཀྱིལ་འཁོར་དུ་སྦྱིན་སྲེག་བགྱིའོ། །དེ་ནས་ནམ་ཕྱེད་ན་ཕག་གི་ཆུང་མ་ཉིད་བྱི་ལ་མོའི་གཟུགས་ཀྱིས་མཆི་བར་འགྱུར་རོ། །ཡང་ན་ལྷའི་སྤོས་ཀྱི་ངད་འབྱུང་ངོ ། །དེ་ནས་གྲུབ་པར་རིག་པར་བགྱི་སྟེ། དེ་ཕྱིན་ཆད་ཅི་འདོད་པ་བཞིན་དུ་ལས་ཐམས་ཅད་བགྱིད་དོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་དྲུག་པ།
108b
དེ་ནས་ལུས་ངན་གྱི་ཆུང་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཙི་ད་རི་ཎི་ཀུ་ར་བིནྡེ་དཱནད་པཱ་ཎི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་ན་དེ་ལ་རྒྱལ་པོའི་ཆད་པའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །ཉིན་གཅིག་བཞིན་དུ་ནོར་ཐམས་ཅད་རྣམ་པར་འཕེལ་ལོ། །བདག་གི་ཕྱག་བརྙན་བཞི་རྟག་ཏུ་གཡོག་འཁོར་དུ་གནས་པར་འགྱུར་རོ། །ཡིད་ལ་བསམས་པའི་དགོས་པ་ཐམས་ཅད་སྒྲུབ་པར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སློང་མོའི་ཟས་བཟའ་ཞིང་ལག་ན་བེ་ཅོན་ཐོགས་ལ་ཤིང་དྲུང་གཅིག་ན་མཆིས་པར་སྙིང་བོ་འདི་ལན་སུམ་ཁྲི་བཟླས་བརྗོད་བགྱིའོ། །ཐ་མར་དེ་ཉིད་དུ་ཅི་འབྱོར་པས་མཆོད་པ་ལ་འབྲས་ཡོས་ཀྱི་སྲེག་བླུགས་ཞོ་དང ། སྦྲང་རྩི་དང ། མར་དང་བསྲེས་པ་ལན་འབུམ་སྦྱིན་སྲེག་བགྱིས་ན་འགྲུབ་པར་འགྱུར་ཏེ། དེ་སླན་ཆད་གང་འཚལ་བ་དེ་བགྱིད་དེ། །དེ་ནས་འཇིགས་འཇིགས་ལྟ་ཆེན་པོའི་ཆུང་མས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་དབུལ་ལོ།། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་དྷྱཿ ་སརྦ་ཐཱ་ཧེ་ཀུ་ན་ཁི། མཧཱ་ན་ཁི་ཤ་ཀུ་ནི། ཨུ་ལཱུ་ཀ་མུ་ཁི། ཡ་མ་དཱུ་ཏཱི་བིཏ་ཙེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་
109a
༄#། །རྟག་ཏུ་དྲན་པར་བགྱིད་ན། དེའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་སློང་མོའི་ཟས་བཟའ་ཞིང་ལམ་གྱི་བཞི་མདོའམ། ཤིང་དྲུང་གཅིག་པར་མཆིས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་ཅི་འབྱོར་པས་མཆོད་དེ། བུ་བཙས་པའི་ཐལ་བའི་སྲེག་བླུགས་ལན་འབུམ་སྦྱིན་སྲེག་བགྱིའོ། །དེ་ནས་འཇིགས་འཇིགས་ལྟ་ཆེན་པོའི་ཆུང་མས་སྲུལ་པོའི་གཟུགས་འཛིན་ཅིང་མཆི་བར་འགྱུར་ཏེ། དེ་ལ་འུག་པའི་འདབ་མའི་བདུག་པ་སྩལ་ཏོ། །དེ་ནས་གྲུབ་པར་འགྱུར་ཏེ་གང་འཚལ་བ་དེ་བགྱིད་དོ། །དེ་ནས་ཆུ་ཀླུང་ཆེན་པོ་གང་གཱ་ལ་སོགས་པ་ཆུ་ཀླུང་ཆེན་པོ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ཏེ། འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐ་མ་ན་སི་མ་ནོ་ནུ་གེ་ག་ལི་བི་མ་ལེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན། དེ་ལ་ཆུའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །ཅི་སྟེ་བསྒྲུབ་པར་འཚལ་ན་ལྐོག་མ་ནུབ་ཙམ་གྱི་ཏར་ཞུགས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་ཅི་འབྱོར་པས་མཆོད་དེ། འབྲས་
109b
སཱ་ལུ་བཏགས་པའི་ཕྱེ་མ་ཞོ་དང ། སྦྲང་རྩིས་སྦྲུས་པ་ལས་སོར་དྲུག་ཚད་ཙམ་གྱི་གཟུགས་བགྱིས་ལ་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་འགྲུབ་པར་འགྱུར་ཏེ། དེ་སླན་ཆད་ཆུ་ཀླུང་རྣམས་སུ་ཞུགས་ཀྱང་འཇིགས་པ་མི་འབྱུང་ངོ ། །དེ་དག་ཉིད་དང ། ཇི་སྲིད་འདོད་ཀྱི་བར་དུ་གནས་ཤིང་བུ་བཞིན་རྗེས་སུ་སྤྱོད་ལ་གང་འཚལ་བདེ་སྩོལ་ཏོ། །དེ་ནས་སྣ་ཚོགས་ཕྲེང་བ་ཅན་ལ་སོགས་པ་དྲི་ཟའི་རྒྱལ་པོ་ཐམས་ཅད་ཀྱིས་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བྷ་ག་བ་ཏི་གནྡྷ་རྦ་རཱ་ཛ་པྲི་ཡེ་སཝཱཧཱ། གང་ལ་ལ་ཞིག་བདག་ཅག་གི་སྙིང་པོ་འདི་དྲན་པར་བགྱིད་ན་བདག་ཅག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་བར་བགྱིའོ། །དགོས་པ་ཐམས་ཅད་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་གནང་བ་སྩལ་བར་བགྱིའོ། །བསྐོར་ནས་གནས་པར་བགྱིད་དོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་སིལ་སྙན་དང ། ཕེག་རྔོབ་པ་བགྱིད་ཅིང་སྟེང་དུ་བླ་རེ་བཟུང་ལ། སངས་རྒྱས་དང ། ཆོས་དང ། དགེ་འདུན་རྗེས་སུ་དྲན་པ་སྩལ་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཐོག་མ་དགོན་པ་ཆེན་པོར་ཞུགས་ལ་ཟས་སུ་འབྲས་བུ་བཟའ་ཞིང་སྙིང་པོ་འདི་ལན་ཉིས་འབུམ་
110a
༄#། །བཟླས་བརྗོད་བགྱིའོ། །དེ་ནས་ཅི་འབྱོར་པས་མཆོད་དེ། དུ་རུ་སྐའི་བདུག་པ་བསྲེག་ཅིང་མཚན་ཐོག་ཐག་བཟླས་བརྗོད་བགྱིས་ན་དྲི་ཟའི་རྒྱལ་པོ་གང་ཡང་རུང་བ་ཞིག་མཆིས་ནས་མགོ་ལ་མེ་ཏོག་གི་ཕྲེང་བ་སྩོལ་གྱི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དྲི་ཟའི་ནང་དུ་ཀུན་གྱིས་བཀུར་བས་འགྱུར་ཏེ། དྲི་ཟའི་གནས་ཐམས་ཅད་དུ་ཞུགས་ཀྱང་ནམ་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ། །མདོར་ན་གང་འཚལ་བ་དེ་སྩོལ་ཏོ། །དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་ཏོག་ལ་སོགས་པ་རིག་སྔགས་འཆང་གི་རྒྱལ་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་གལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱ།་སརྦ་ཐཱ་ག་ག་ན་སཾ་བྷ་བེ་ག་ག་ན་གཽ་རི། ཨུ་ཏཱ་ཏྟི་ཀེ་ཧི་རི་ཁི་རི་ས་ནས་ར་བ་ཧཾ་ག་མི་སཝཱཧཱ། བཅོམ་ལྡན་འདས། འདི་ནི་རིག་སྔགས་འཆང་བ་ཐམས་ཅད་ཀྱི་སྙིང་པོ་ལགས་ཏེ། འདིས་བདག་ཅག་རིག་སྔགས་འཆང་གི་རྒྱལ་པོ་ཞེས་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། རིམ་གྲོ་བགྱིད་པ་ཞེས་བགྱིའོ། །མདོར་ན་འདོད་པ་ཙམ་གྱིས་དགོས་པ་ཐམས་ཅད་བགྱིད་དོ། །བཅོམ་
110b
ལྡན་འདས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་བདག་ཅག་དེ་ལ་དངོས་གྲུབ་དང ། མཐུ་དང ། སྟོབས་བརྟན་པ་ཉེ་བར་བསྒྲུབ་པར་བགྱིའོ། །ཅི་སྟེ་སྙིང་པོ་འདི་བསྒྲུབ་པར་བགྱིད་ན་ངེས་རེའི་རྩེ་མོར་མཆིས་ལ་ཆོ་ག་སྔ་མ་བཞིན་དུ་ལན་ས་ཡ་བཟླས་བརྗོད་བགྱིའོ། །དེ་ནས་ཅི་འབྱོར་པས་མཆོད་ལ་བ་ལང་གི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ། མར་གྱི་སྲེག་བླུགས་ལན་འབུམ་སྦྱིན་སྲེག་བགྱིས་ན་འགྲུབ་པར་འགྱུར་རོ། །ཐོགས་པ་མེད་པར་འདོད་དགུར་འགྲོ་བར་འགྱུར་རོ། །དེ་ནས་སོ་ཅན་ལ་སོགས་པ་སྲིན་མོ་ཆེན་མོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཀེར་ཀ་རི་ཀོ་ཏ་རེ་པི་ཏེ་ཀེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བྱེད་ན། དེ་དགོན་པ་ཆེན་པོ་ན་མཆིས་ཀྱང་རུང ། དུར་ཁྲོད་ན་མཆིས་ཀྱང་རུང ། །ཆུའི་ནང་ན་མཆིས་ཀྱང་རུང ། མའི་ནང་ན་མཆིས་ཀྱང་རུང ། རྒྱ་མཚོའི་ནང་ན་མཆིས་ཀྱང་རུང ། སྲིན་མོའི་ནང་ན་མཆིས་ཀྱང་རུང་སྟེ། བསྲུང་བར་བགྱིའོ། །ཞི་བ་དང ། བདེ་ལེགས་སུ་འགྱུར་བར་
111a
༄#། །བགྱིའོ། །ཆད་པ་ལ་སོགས་པ་ཡོངས་སུ་སྤང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཁང་སྟོང་ངམ། དུར་ཁྲོད་ཆེན་པོར་གཅིག་པུ་བོང་བུ་ལ་ཞོན་ཞིང་བསླངས་པ་མ་ལགས་པའི་ཁ་ཟས་འཚལ་ལ། ལག་ན་གྲི་ཐོགས་ཤིང་ཅེ་སྤྱང་གི་ལྤགས་པའམ། བྱི་ལའི་ལྤགས་པའི་ཤམ་ཐབས་བགོས་ལ་སྙིང་པོ་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མ་ཉ་ཤ་ལ་སོགས་པ་ཅི་འབྱོར་བས་མཆོད་ལ་བ་ལང་གི་ལྕི་བའི་བདུག་པ་བསྲེག་ཅིང་མཚན་ཐོག་ཐག་བཟླས་བརྗོད་བགྱི་སྟེ། ཕྱོགས་ཕྱོགས་སུ་བྱ་བྷེ་རུ་ཎ་ཊི་ཀ་ཕྱོགས་བཞིར་སྒྲ་འབྱིན་པའམ། བོང་བུ་ཁ་ནས་མེ་ལྕེ་འབར་བ་འབྱུང་གི་བར་དུ་བཟླས་བརྗོད་བགྱི་ཞིང་འཇིགས་པ་མི་བགྱི་བར་ལེགས་པར་འོངས་སོ་ཞེས་བརྗོད་ལ་མཆོད་ཡོན་སྩལ་ཏོ། །ལེགས་སོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ། །དེ་ནས་གྲུབ་པར་འགྱུར་ཏེ་གང་འཚལ་བ་དེ་བགྱིད་དོ། །བོང་བུ་ལ་ཞོན་ཞིང་གང་དགའ་བར་འགྲོ་བར་འགྱུར་རོ། །དེ་ནས་འབྱུང་པོའི་རྒྱལ་པོ་བརྩེགས་པ་ལ་སོགས་པ་འབྱུང་པོའི་རྒྱལ་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུང་དེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང །
111b
ཕན་པའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་དབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁ་བྷྱཿ ་སརྦ་ཐཱ་ཧི་སི་ཏི་\?\་སི། མི་སི་མི་སི། གི་ལི་གི་ལི། དྷཱུ་ཏེ་ཤཝ་རི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་བདག་ཅག་དེས་བསྒོ་བ་བཞིན་དུ་བགྱིའོ། །བྱེ་བྲག་ཏུ་ནི་ཟས་ཀྱི་ཕུང་སྩལ་ལ་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཤིང་བ་ཏིའི་དྲུང་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བགྱིའོ། །ཙནྡན་གྱི་བདུག་པ་བསྲེག་ཅིང་ཁ་ཟས་མི་བཟའ་བར་འབྱུང་པོའི་རྒྱལ་པོ་ཐམས་ཅད་ལྷགས་ནས་གསེར་དང ། ནོར་བུ་དང ། མུ་ཏིག་ལ་སོགས་པ་སྩོལ་གྱི་བར་དུ་བཟླས་བརྗོད་བགྱིའོ། །ཡང་ན་རང་གི་ཁྱིམ་དུ་ཁྲིད་ནས་དངོས་པོ་ཐམས་ཅད་ཀྱིས་མགྲོན་བགྱིད་དོ། །གང་འཚལ་བ་དེ་སྩོལ་ཏོ། །ལས་རྣམ་པ་སྣ་ཚོགས་གཞན་དག་ཀྱང་བགྱིད་དོ། །དེ་ནས་བ་ལང་སྐྱོང་ལ་སོགས་པ་ཤ་ཟ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་མི་ཙི། ཁི་སི་ཁི་སི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན་བདག་ཅག་དེའི་སླད་བཞིན་འབྲང་བར་བགྱིའོ། །
112a
༄#། །དགོས་པ་ཐམས་ཅད་ལ་གནང་བ་སྩལ་པར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཁང་སྟེང་\?\་དུ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། གཟེགས་མའི་སྲེག་བླུགས་སམ། རྒྱ་སྐྱེགས་ཀྱི་སྲེག་བླུགས་ལན་ཁྲི་སྦྱིན་སྲེག་བགྱིས་ན་ཤ་ཟ་གང་ཡང་རུང་བ་ཞིག་མཆིས་ནས་དམ་པས་མགྲོན་བགྱིད་དོ། །གང་འཚལ་བ་དེ་བསླང་བར་བགྱི་སྟེ་འགྲུབ་པར་འགྱུར་རོ། །གང་འཚལ་བ་དེ་བགྱིད་དོ། །དེ་ནས་གནོན་པོ་འགུལ་པོ་ལ་སོགས་པ་གནོན་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་གུ་རུ་གུ་རུ་སཝཱཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིས་ན། དེ་ལ་འབྱུང་པོའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །དེ་ནས་རྣམ་པར་འབྱམ་པ་ལ་སོགས་པ་གྲིབ་གནོན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་གི་ནི་ཛ་མིཉྫི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་
112b
རྟག་ཏུ་དྲན་པར་བགྱིད་ན་དེ་ལ་གྲིབ་གནོན་གྱི་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །དེ་ནས་ཉ་མིད་ལ་སོགས་པ་མདངས་འཕྲོག་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་གི་ལི་གི་ལི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་ན་བདག་ཅག་དེའི་མདངས་འཕྲོག་པར་མི་བགྱིའོ། །དེ་ནས་བཞིན་ངན་ལ་སོགས་པ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་བྷི་མི་རི་བྷི་མི་རི། དུར་ལ་བྷེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དྲན་པར་བགྱིད་ན་བདག་ཅག་དེའི་དགོས་པ་ཐམས་ཅད་བསྒོ་བ་བཞིན་བགྱིད་དོ། །དེ་ནས་ལེགས་རྒྱལ་ལ་སོགས་པ་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་བདུད་ཀྱི་སྟོབས་ཐམས་ཅད་བ་ཞེས་བགྱི་བའི་སྙིང་པོ་འབུལ་
113a
༄#། །ལོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཏཾ་གི་ར་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་རྟག་ཏུ་དྲན་པར་བགྱིད་ན། བདག་ཅག་དེའི་གན་དུ་མི་མཆི་བར་བསྲུང་བ་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཐོག་མ་ཁོ་ནར་གཙང་མར་བགྱིས་ཤིང་གོས་གཙང་མ་བགོས་ལ་སྐྱེད་མོས་ཚལ་ལམ། ལྷ་ཆེན་པོའི་གནས་སུ་གླུ་ལེན་གར་བགྱིད་ཅིང་རོལ་མོའི་སྒྲ་དབྱངས་འབྱིན་པ་དག་གིས་ཡིད་དགའ་བར་སྙིང་པོ་འདི་ལན་བཞི་འབུམ་བཟླས་བརྗོད་བགྱིའོ། །དེ་ནས་དེ་ཉིད་དུ་ཡོ་བྱད་ཐམས་ཅད་ཀྱིས་རྒྱ་ཆེར་མཆོད་ལ་སྤོས་ཐམས་ཅད་ལས་འདོད་པའི་ལྷའི་གཟུགས་བགྱིས་ཏེ། མར་གྱི་མར་མེ་བརྒྱད་བུས་ལ་གླུ་དྲུག་ལྡན་ནམ། འདབ་བརྒྱ་མའི་དབྱངས་ཀྱིས་མཚན་ཐོག་ཐག་ཏུ་བཟླས་བརྗོད་བགྱིས་ན་ནམ་ཕྱེད་ན་དགའ་མའམ། སྡུག་མ་དང་ལྷན་ཅིག་ཏུ་མཆིས་ཤིང ། དེའི་ཚེ་རིག་སྔགས་འཆང་ཉིད་དམ། མི་སྣང་བར་འགྱུར་བའམ། རྗེས་སུ་རྒྱུ་བ་ཉིད་ཀྱང་རུང་སྟེ་དམ་པ་སྩོལ་ཏོ། །ཅི་སྟེ་མ་གྲུབ་ན་གྲོང་དམ་པ་བརྒྱད་སྩོལ་ཏོ། །སྐལ་བ་བཟང་པོ་མཆོག་དང་ལྡན་ཞིང་འདོད་པའི་ལྷ་གཉིས་པ་དང་འདྲ་བར་ས་ལ་རྒྱུ་བར་འགྱུར་རོ། །དེ་ནས་རྒྱལ་མ་ལ་སོགས་པ་སྲིང་མོ་ཆེན་མོ་བཞི་ཕྱོགས་བཞི་ནས་འོངས་ཏེ་འདུག་ནས་དེ་དག་གིས་བྱང་ཆུབ་སེམས་དཔའ་ལག་ན་
113b
རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །དེ་ནས་རྒྱལ་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཙ་ཡེ་ཙ་ཡོད་བྷ་བེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་དྲན་པར་བགྱིད་ན། བདག་རྟག་ཏུ་དེའི་སླད་བཞིན་དུ་འབྲང་བར་བགྱིའོ། །བསྲུང་བར་བགྱིའོ། །དཔལ་བསྐྱེད་པར་བགྱིའོ། །བུ་མང་པོར་བགྱིའོ། །སྐལ་པ་བཟང་པོ་སྩལ་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་རྒྱ་མཚོར་འབབ་པའི་ཆུའི་ཀླུང་དུ་ཞུགས་ཀྱང་རུང ། རིའི་རྩེ་མོར་མཆིས་ཀྱང་རུང ། སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་གཅིག་པུས་ས་ཕྱོགས་གཙང་མ་དབེན་པར་བ་ལང་གི་ལྕི་བ་ས་\?\་ལ་མ་ལྷུང་བས་དཀྱིལ་འཁོར་བྱུགས་ལ། བ་སེར་མོའི་མར་གྱི་མར་མེ་བུས་ཏེ། ནམ་གྱི་གུང་ལ་ཡུངས་ཀར་གྱིས་སྦྱིན་སྲེག་བགྱིས་ན་དེ་ནས་འགྲུབ་པར་འགྱུར་རོ། །སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང ། འདོད་དགུར་འགྲོ་བ་དང ། འདོད་པའི་གཟུགས་འཛིན་པ་དང ། དཔལ་དང་ལྡན་པར་འགྱུར་རོ། །དེ་ནས་རྣམ་པར་རྒྱལ་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཛ་ཡོཏྟ་རེ་ཛ་ཡ་བི་ཛ་ཡ་ནི་ནནད་ནི་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་དྲན་པར་བགྱིད་ན་བདག་
114a
༄#། །རྟག་ཏུ་དེའི་སླད་བཞིན་དུ་འབྲང་བར་བགྱིའོ། །ཚེ་རིང་བ་དང ། ནད་མེད་པ་ཕུན་སུམ་ཚོགས་པར་སྩལ་བར་བགྱིའོ། །བསྲུང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་ཡང་སྔ་མ་བཞིན་ལན་ཉིས་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་སྔ་མ་བཞིན་དུ་བསྒྲུབ་པར་བགྱིའོ། །མ་གྲུབ་ན་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །ནོར་ཆེན་པོ་དང་ལྡན་པ་དང ། ལན་ཐེབས་པར་འགྱུར་རོ། །དེ་ནས་མི་ཕམ་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨནྟ་ཨ་ཛི་ཏེ་སཝཱཧཱ། བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་དྲན་པར་བགྱིད་ན་བདག་དེའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་རྟག་ཏུ་སླད་བཞིན་དུ་འབྲང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། །ཚན་ཐོག་ཐག་ཏུ་གུ་གུལ་གྱི་བདུག་པ་བསྲེག་ཅིང་ཏིལ་ནག་པོས་ནམ་གྱི་གུང་ལ་སྦྱིན་སྲེག་བགྱིས་ན་དེ་ནས་འགྲུབ་པར་འགྱུར་ཏེ་གང་འཚལ་བ་དེ་བགྱིད་དོ། །དེ་ནས་གཞན་གྱི་མི་ཐུབ་མས་རང་གི་སྙིང་པོ་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཨནྣརྫ་བེ་ཨ་ཀུ་ཏི་ལེ་ཨ་པ་རཱ་ཛི་ཏི་སཝཱཧཱ།
114b
བཅོམ་ལྡན་འདས། གང་ལ་ལ་ཞིག་བདག་གི་སྙིང་པོ་འདི་དྲན་པར་བགྱིད་ན་བདག་དེ་བསྲུང་བའི་སླད་དུ་རྟག་ཏུ་སླད་བཞིན་དུ་འབྲང་བར་བགྱིའོ། །སྙིང་པོ་འདི་བཟླས་བརྗོད་བགྱིས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང ། གཟུང་བའི་ཚིག་དང ། སྐལ་བ་བཟང་པོར་འགྱུར་རོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་སྔ་མ་བཞིན་དུ་སྙིང་པོ་འདི་ལན་བཞི་འབུམ་བཟླས་བརྗོད་བགྱིའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། ཀླུ་ཤིང་གི་མེ་ཏོག་མར་དང་བསྲེས་པས་ལན་འབུམ་སྦྱིན་སྲེག་བགྱིས་ན་དེ་དག་འགྲུབ་པར་འགྱུར་ཏེ། ཚིག་ཙམ་གྱིས་ལས་བགྱིད་དེ་གཞན་དུ་མི་འགྱུར་རོ། །དེ་ནས་ཏམ་བུ་རས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་འྩལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཨོཾ་ཧེ་ཛཾ་བྷེ། ཨོཾ་ཧེ་མོ་ཧེ་སཝཱཧཱ། བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི་གདོང་བཞི་པ་ཕྱོགས་བཞི་ནས་བྱུང་བ། སྐྱེ་དགུ་གནས་པ། འབྱོར་པ། འབྱིན་པ། སྡུད་པར་བགྱིད་པ་སྟེ། །འབྲུ་དང་བསངས་དང་བཀྲ་ཤིས་དང ། །དཔལ་དང་རྣམ་པར་འབྱོར་པ་འཕེལ། །ངོ་མཚར་མང་པོ་རྣམས་
115a
༄#། །དང་ལྡན། །འདི་ནི་བཅུད་ཀྱིས་ལེན་གྱི་མཆོག། བཅོམ་ལྡན་འདས། གང་ལ་ལ་ཞིག་སྙིང་པོ་འདི་དུས་ཐམས་ཅད་དུ་ཡིད་ལ་བགྱིད་ན། བདག་འཁོར་དང་བཅས་ཏེ་དེའི་སླད་བཞིན་འབྲང་བར་བགྱིའོ། །ཅི་སྟེ་བསྒྲུབ་པར་འཚལ་ན་དེས་འགྲེང་ཡང་རུང ། འདུག་ཀྱང་རུང ། ཉལ་ཡང་རུང ། ལམ་དུ་འགྲོ་ཡང་རུང ། བདག་ལ་རྣམ་པར་དགོད་པ་བགྱིས་པ་བཞིན་དུ་སྐྱེས་བུ་བཅིང་བར་བགྱིའོ། །གདོད་བཞི་པ་རྣམ་པར་བཀོད་ལ་ཕྱག་རྒྱ་བཅིང་བར་བགྱིའོ། །དེ་ནས་ཚེས་གཅིག་ནས་བརྩམས་ཏེ། ཟླ་བ་ཉའི་བར་དུ་བགྱིའོ། །ཅི་འབྱོར་པས་མཆོད་དེ་འབྲས་སཱ་ལུ་བཏགས་པ་ལས་པདྨ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པར་བགྱིས་ལ། སྙིང་པོ་ཨོཾ་ཞེས་བགྱི་བ་དང ། ཛ་ཞེས་བགྱི་བ་ཤར་ཕྱོགས་སུ་དགོད་དོ། །བྷ་ཞེས་བགྱི་བ་ནུབ་ཕྱོགས་སུ་གཞག་གོ། མ་ཞེས་བགྱིས་\?\་བྱང་ཕྱོགས་སུ་གཞག་གོ། །ཧ་ཞེས་བགྱི་བ་ལྷོ་ཕྱོགས་སུ་གཞག་ལ། དངོས་གྲུབ་འཚལ་བས་རྩཝ་ཀུ་ཤ་སྦམས་པའི་སྟེང་དུ་མཆིས་ཏེ།་ནུབ་གཅིག་ལན་ཚཝའི་སྲེག་བླུགས་ལན་ཁྲི་སྦྱིན་སྲེག་བགྱིས་ན། ནང་པར་དངོས་གྲུབ་ཅི་འཚལ་བའི་འབྲས་བུ་སྩོལ་ཏོ། །བཟླས་བརྗོད་བགྱིས་ན་ཡི་གེ་གོ་རིམས་བཞིན་དུ་རིག་པར་བགྱིའོ། །དེ་ནས་ལག་ན་རྡོ་རྗེས་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བལྟས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག། འདི་ལྟར་ཁྱེད་ཀྱིས་དཀྱིལ་འཁོར་
115b
ཆེན་པོ་འདིར་རང་གི་སྙིང་པོ་རྣམས་སྨྲས་ཤིང་ཕུལ་བ་དང ། རྗེས་སུ་ཡི་རང་བ་ནི། གྲོགས་པོ་དག་།ལེགས་སོ། །ལེགས་སོ། །སྙིང་པོ་འདི་དག་ནི་སྙིང་པོ་མཆོག་གིས་དྲངས་པ་སྟེ། དེ་བས་ན་འདི་དག་ནི་སྙིང་པོ་མཆོག་གིས་ཟིན་པས་དངོས་གྲུབ་སྦྱིན་པར་འགྱུར་རོ། །གང་ལ་ལ་ཞིག་བསྟན་པ་འདི་ལས་འདས་ན་སྙིང་པོ་མཆོག་གིས་རྡོ་རྗེ་འབར་བ་ཀུན་ཏུ་མཆེད་ཅིང་འབར་བས་དེའི་མགོ་འགེམས་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོས་བཀའ་སྩལ་པ་དེ་བཞིན་དུ་གྱུར་ཅིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་རྡོ་རྗེ་ཡེ་ཤེས་ཆེན་པོའི་འོད་ཟེར་འཕྲོ་བ་ལས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལག་པས་ལག་ན་རྡོ་རྗེ་ལས་རྡོ་རྗེ་བླངས་ཏེ། ཡེ་ཤེས་ལས་བྱུང་བའི་ཨུཏྤལ་དྲི་མ་མེད་པར་བྱས་ནས་ཡེ་ཤེས་ཆེན་པོ་ལས་བྱུང་བའི་ཨུཏྤལ་དེ་ལ་རྡོ་རྗེ་གཞག་གོ་།རྡོ་རྗེ་ཆེན་པོ་དེ་བཞག་མ་ཐག་ཏུ་དེ་ནས་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། ཀྱེ་མ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ན་དམ་པ་སྦྱིན་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་ག་ནས་མཆོག་ཏུ་གསང་བའི་སྙིང་པོ་བྱུང་ངོ ། །
116a
༄#། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མཉྫུ་བཛྲ་ཛ་ཡ་ར་ཏི་ཏ་བི་ལས་ཧཱུཾ་ཀྲྀ་ད་ན་ཀུ་མཱ་ར་སཝཱཧཱ། རྡོ་རྗེའི་སྙིང་བོའི་ཧཱུཾ་ཞེས་བྱ་བ་མཆོག་དང་ལྡན་པ་བྱུང་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ན་བཞུགས་བཞིན་དུ་ཕྱག་གཡས་པ་བརྐྱང་སྟེ། འཇམ་དཔལ་གཞོན་ནུར་གྱུར་བའི་མགོ་ལ་བྱུགས་ནས་བཀའ་སྩལ་པ། །རྡོ་རྗེ་ཆེན་པོ་ལེགས་སོ་ལེགས། །སྟོབས་ཆེན་རྡོ་རྗེ་དམ་པ་སྦྱིན། །ལག་ན་རྡོ་རྗེ་དབང་བསྐུར་བར། །དངོས་གྲུབ་བསྒྲུབ་པ་རྒྱ་ཆེར་ནི། །བསྟན་པ་འདི་ལ་བཤད་པར་བགྱིས། །དེ་སྐད་གསུངས་ནས་རྫུ་འཕྲུལ་ཆེ། །སངས་རྒྱས་དེ་དག་དེར་བཞུགས་བཞིན། །འཇམ་དཔལ་གཞོན་ནུའི་སྤྱི་བོ་ནས། །ཕྱག་རྣམས་དེ་དག་སླར་བཀུག་གོ་།དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་གནང་བས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་དངོས་གྲུབ་བསྒྲུབ་པའི་རིམ་པར་ཕྱེ་བ་སྨྲས་པ།། ཐོག་མ་ཉིད་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་སམ། དམ་པའི་ཆོས་ཀྱི་གླེགས་བམ་གྱི་མདུན་དུ་སྙིང་པོ་གང་ཡང་རུང་བ་རྒྱ་ཆེར་བརྗོད་དེ། སློབ་དཔོན་མགུ་བར་བྱས་ལ་གསོལ་བ་གདབ་སྟེ། སློབ་དཔོན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བདག་ལ་གསང་སྔགས་སྩལ་དུ་གསོལ་ཞེས་བརྗོད་པར་
116b
བྱའོ། །སློབ་དབོན་ལ་དེ་སྐད་ཅེས་གསོལ་བ་བཏབ་ནས། ཐལ་མོ་སྦྱར་ཏེ་པུས་མོའི་ལྷ་ང་ས་ལ་བཙུགས་ལ་ལག་པ་སྟོང་པ་མ་ཡིན་པས་སྔགས་གང་འདོད་པ་མནོད་པར་བྱ་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུའོ་ཞེས་ཚིག་ཏུ་བརྗོད་པར་བྱའོ། །གཞན་དུ་སྔགས་བདག་གིས་བླངས་ན་ནི་གྲུབ་པར་མི་འགྱུར་རོ། །དེ་ནས་སངས་རྒྱས་ཀྱིས་གསུངས་པའི་སྙིང་པོ་འདི་དག་གི་སྤྱིའི་དངོས་གྲུབ་བསྒྲུབ་པ་ན་འདི་ཡིན་ཏེ། རིའམ། ནགས་ཚལ་ལམ། ཁང་སྟོང་ངམ། ཕུག་གམ། དུར་ཁྲོད་ངམ། ཆུ་ཀླུང་ངམ། དབེན་པ་གང་ཡང་རུང་བ་དེར་གནས་ལ་སློང་མོའི་ཟས་ཟ་ཡང་རུང ། བསླངས་པ་མ་ཡིན་པའི་ཟས་ཟ་ཡང་རུང ། །གཙང་མར་བྱས་ཤིང་གོས་གཙང་མ་བགོས་ལ། དུས་གསུམ་དུ་ཁྲུས་བྱས་ཤིང་གོས་ལན་གསུམ་བརྗེས་ཏེ། སྙིང་པོ་གང་ཡང་རུང་བ་ཞིག་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་ལྡོང་རོས་སམ། ལིག་བུ་མིག་གམ། གི་ཝང་ངམ་བའི་རྣམ་ལྔས་བཀྲུས་ཀྱང་རུང ། བ་ལང་གི་ལྕི་བའི་ཕུང་པོའི་སྟེང་དུ་གཞག་ཀྱང་རུང་ཏེ། ཟླ་བ་ཡར་གྱི་ངོ་ཚེས་ནས་བཟུང་སྟེ་ཉའི་བར་དུ་གཞག་གོ། བདག་གིས་ལྷ་དང ། བདག་གི་གཟུགས་ཐ་མི་དད་པར་བྱས་ལ་མཚན་མ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །དེ་ལ་མཚན་མ་ནི་འདི་དག་ཡིན་ཏེ་སྔོན་མ་བྱུང་བའི་ཆོས་ཐོས་པར་འགྱུར་བ་དང ། སྣང་བ་མཐོང་བར་འགྱུར་བ་དང ། ཡིད་དུ་འོང་བའི་སྒྲ་ཐོས་པར་
117a
༄#། །འགྱུར་བ་དང ། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མྱོང་བ་སྙམ་དུ་ཤེས་བ་དང ། བདག་ཉིད་ལ་ཡིད་ཆེས་པར་འགྱུར་བ་ལ་སོགས་པའི་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་དེ། རྫས་དེ་ལག་པའི་སྙིམ་པར་བཙུག་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་རྫས་དེ་འབར་བའམ། དུ་བ་འཐུལ་བའམ། དྲོ་བར་འགྱུར་རོ། །འབར་ན་ནི་ལུས་ལ་བསྐུས་ན་རིག་སྔགས་འཆང་དུ་འགྱུར་ཏེ། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང ། བསྐལ་བར་གནས་པ་དང ། ཐོགས་པ་མེད་པར་འགྲོ་བ་དང ། འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་དུ་རྒྱུ་བ་དང ། འདོད་ན་མཆི་བར་འགྱུར་རོ། །དུ་བ་འཐུལ་ན་སུམ་རིས་བྱས་ན་མི་སྣང་བར་འགྱུར་རོ། །དྲོ་བར་འགྱུར་ན་འགྲོ་བ་ཐམས་ཅད་ལ་དབང་བྱེད་པར་འགྱུར་རོ། །མ་གྲུབ་ན་ལས་སུ་རུང་བ་དང ། བློན་བོ་ཆེན་པོའི་སྲིད་ཐོབ་པར་འགྱུར་རོ། །ཟླ་བ་གཅིག་སངས་རྒྱས་རྗེས་སུ་དྲན་པར་བྱེད་ཅིང་སྙིང་པོ་གང་ཡང་རུང་བ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅི་འབྱོར་པས་མཆོད་པ་བྱས་ལ། སངས་རྒྱས་ཀྱི་གཟུགས་ལ་བལྟ་ཞིང་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་དེའི་གཟུགས་དེ་གྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཡང་རུང་བའི་མདུན་དུ་བསྒྲུབས་ན་ཡང་དེ་བཞིན་དུ་
117b
འགྲུབ་སྟེ་གང་འདོད་པ་དེ་བྱེད་དོ། །སྔར་སྤྱད་པ་མ་བྱས་ཀྱང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེ་ལ་དབུས་ཀྱི་ཡུལ་དུ་ནི་འཁོར་ལོ་\?\་བ་བཅོམ་ལྡན་འདས་དྲག་པོ་ཆེན་པོ་འགྲུབ་བོ། །ལྷོ་ཕྱོགས་ཀྱི་རྒྱུད་དུ་ནི་ལག་ན་རྡོ་རྗེ་དྲག་པོ་འགྲུབ་བོ། །འགྲོ་ལྡིང་བའི་ཡུལ་དུ་ནི་རིག་སྔགས་ཀྱི་རྒྱལ་པོ་འགྲོ་ལྡིང་འགྲུབ་བོ། །བྱང་ཕྱོགས་ཀྱི་རྒྱུད་དུ་ནི་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་འགྲུབ་བོ། །ཤར་ཕྱོགས་ཀྱི་ཡུལ་དུ་ནི་དམ་པ་སྦྱིན་པའི་རྡོ་རྗེ་འགྲུབ་བོ། །སྐྱེད་མོས་ཚལ་ཆེན་པོར་ནི་གནོད་སྦྱིན་གྱི་ཚོགས་དང ། གནོད་སྦྱིན་མོ་རྣམས་འགྲུབ་བོ། །ཁང་སྟོང་དུ་ནི་ཤ་ཟ་དང ། ཤ་ཟ་མོ་རྣམས་འགྲུབ་བོ། །དུར་ཁྲོད་དུ་ནི་མ་མོ་རྣམས་དང ། མཁའ་འགྲོ་མ་དང ། སྲིན་པོ་དང ། སྲིན་མོ་ལ་སོགས་པ་འགྲུབ་བོ། །རི་རྣམས་སུ་ནི་རིག་སྔགས་འཆང་རྣམས་དང ། མིའམ་ཅི་རྣམས་འགྲུབ་བོ། །དགོན་པ་ཆེན་པོ་རྣམས་སུ་ནི་དྲི་ཟ་རྣམས་འགྲུབ་བོ། །འབབ་ཆུ་རྣམས་སུ་ནི་ཀླུ་རྣམས་འགྲུབ་བོ། །ཁང་པ་ཆེན་པོ་དང ། ཤིང་བ་ཏའི་དྲུང་དག་ཏུ་ནི་འབྱུང་པོ་རྣམས་འགྲུབ་བོ། །བྱང་ཕྱོགས་ཀྱི་རྒྱུད་དུ་ནི་གནོད་སྦྱིན་ཆེན་པོ་དང ། ན་ད་ཀུ་བེ་ར་འགྲུབ་བོ། །རྒྱ་མཚོ་ཆེན་པོར་ནི་སྲིང་མོ་བཞི་དག་འགྲུབ་བོ། ། རིགས་ཀྱི་བུ་དག་།གཞན་ཡང ། གྲོང་ཁྱེར་ཆེན་པོ་རྣམས་སུ་ནི་རིག་སྔགས་ཀྱི་རྒྱལ་མོ་སྒྲོལ་མ་དང ། ཁྲོ་གཉེར་ཅན་འགྲུབ་བོ། །ཆུ་འདུས་སུ་ནི་ཚངས་པ་འགྲུབ་བོ། །དུར་ཁྲོད་
118a
༄#། །དུ་ཝ་དང་བཅས་པར་ནི་དྲག་པོ་འགྲུབ་བོ། །སྐྱེས་བུ་ཆེན་པོའི་གནས་སུ་ནི་ཁྱབ་འཇུག་འགྲུབ་བོ། །བྱང་ཕྱོགས་ཀྱི་རྒྱུད་དུ་ནི་ཉི་མ་འགྲུབ་བོ། ། གངས་རི་ལ་ནི་ཟླ་བ་འགྲུབ་བོ། །ལྷོ་ཕྱོགས་ཀྱི་རྒྱུད་དུ་ནི་སྨིན་དྲུག་གི་བུ་འགྲུབ་བོ། །རི་སུལ་དག་ཏུ་ནི་ལྷ་མ་ཡིན་རྣམས་འགྲུབ་བོ། །རིགས་ཀྱི་བུ་དག། རྒྱ་མཚོ་ཆེན་པོ་རྣམས་སུ་ནི་ལྟོ་འཕྱེ་ཆེན་པོ་རྣམས་འགྲུབ་བོ། །ཡུལ་མ་ག་དྷཱར་ནི་དྲང་སྲོང་ཆེན་པོ་རྣམས་འགྲུབ་བོ། །མྱ་ངམ་དག་ཏུ་ནི་ཡི་དྭགས་རྣམས་འགྲུབ་བོ། ། རིགས་ཀྱི་བུ་དག་།གཞན་ཡང ། རི་རྣམས་སུ་ནི་རིན་པོ་ཆེ་དག་འགྲུབ་བོ། །འབབ་ཆུ་རྣམས་སུ་ནི་འབབ་ཆུ་ཆེན་པོ་དག་འགྲུབ་བོ། །ཡུལ་ཀ་ལིང་ཀར་ནི་འབྱུང་པོའི་རྒྱལ་པོ་དབང་ལྡན་འགྲུབ་བོ། །གཏོར་ཁུང་རྣམས་སུ་ནི་གནོན་པོ་དག་འགྲུབ་བོ། །ཁྱིམ་གྱི་བར་རྣམས་སུ་ནི་གྲིབ་གནོན་རྣམས་འགྲུབ་བོ། །རྟེན་དང ། གནས་རྣམས་སུ་ནི་བརྗེད་བྱེད་ཀྱི་གདོན་རྣམས་འགྲུབ་བོ། །རིགས་ཀྱི་བུ་དག། གཞན་ཡང ། ཡུལ་ལང་ཀ་དང ། རི་མ་ལ་ཡའི་སྟེང་དུ་ནི་གཤིན་རྗེ་འཁོར་དང་བཅས་པ་འགྲུབ་བོ། །གཞན་ཡང ། སྲིན་པོ་ཆེན་པོ་རྣམས་ནི་ཡུལ་ལང་ཀ་དང ། རི་མ་ལ་ཡར་འགྲུབ་
118b
བོ། །གཞན་ཡང ། ནམ་མཁའ་ལྡིང་གི་དབང་པོ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོར་འགྲུབ་བོ། །གངས་ཁྲོད་དུ་ནི་དབྱར་སྤྲིན་གྱི་ལྷའི་བུ་རྣམས་འགྲུབ་བོ། །གཞན་ཡང ། རི་རྩེ་བརྒྱད་པའི་རྩེ་མོར་ནི་ཀླུ་བདུད་འགྲུབ་བོ། །རིགས་ཀྱི་བུ་དག་།དེ་ལྟར་ན་སེམས་ཅན་གྱི་བསམ་པ་ཐ་དད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡུལ་གྱི་དབང་ཉེ་བར་བཟུང་སྟེ། དུས་ཀྱི་དབང་གིས་གསང་སྔགས་འགྲུབ་པ་གདགས་པར་མཛད་ཅིང་རྣམ་པར་གཞག་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དུས་ཞེས་བྱ་བ་འདི་ནི་ཆོས་གང་གི་ཚིག་བླ་དྭགས་ཡིན། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དུས་ཞེས་བྱ་བ་འདི་ནི་ཆོས་གང་གི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་ལ་གཞེས་པ་དེ་སྲིད་དུ་གསང་སྔགས་འགྲུབ་པར་ཁོང་དུ་ཆུད་པར་བྱའོ། །ཞི་བའི་བློ་གྲོས། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ན་འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་
119a
༄#། །ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཡོད་དེ། ནོར་བུ་རིན་པོ་ཆེ་རྒྱ་མཚོ་ཆེན་པོ་ན་གནས་པ་དེ་སྲིད་དུ་ཆུ་སྐམ་པར་མི་འགྱུར་ཏེ་ནོར་བུ་རིན་པོ་ཆེན་པོ་མང་པོ་དག་འབྱུང་བར་འགྱུར་རོ། །རྒྱ་མཚོ་ཆེན་པོ་དེ་ཡང་སྐམ་ལ་གནས་པ་དང ། ཆུ་ལ་གནས་པའི་མི་དང ། མི་མ་ཡིན་པ་རྣམས་ཀྱི་འཚོ་བར་འགྱུར་ཏེ། ཁ་ཅིག་ཏུ་ནི་བཏུང་བས། ཁ་ཅིག་ཏུ་ནི་གནས་ཀྱིས། ཁ་ཅིག་ཏུ་ནི་རིན་པོ་ཆེ་རྣམ་པར་འགེང་པ་ནས། རྣམ་པ་ཐམས་ཅད་ཀྱི་བར་གྱིས་འཚོ་བར་འགྱུར་ཞིང་ནམ་ཡང་ཉེ་བར་མི་འཚོ་བར་མི་འགྱུར་རོ། །ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་པོ་དེ་མེད་པར་གྱུར་ན་ཆུ་མེད་པ་དང ། དངོས་པོ་ཐམས་ཅད་མེད་པའི་ཕྱིར་རྒྱ་མཚོ་ཆེན་པོ་ཡང་སྲོག་ཆགས་ཐམས་ཅད་ཀྱི་འཚོ་བར་མི་འགྱུར་རོ། །ཞི་བའི་བློ་གྲོས། དེ་བཞིན་དུ་ཇི་སྲིད་དེ་བཞིན་གཤེགས་པ་བཞུགས་པ་དེ་སྲིད་དུ་གསང་སྔགས་འགྲུབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་སེམས་ཅན་གྱི་བསམ་པ་ཐ་དད་པའི་དབང་ཉེ་བར་བཟུང་ནས་དངོས་གྲུབ་སྦྱིན་པར་མཛད་དོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དངོས་གྲུབ་དེ་ཡང་ཉེ་བར་འཚོ་བར་མི་འགྱུར་རོ། །ཞི་བའི་བློ་གྲོས་ལྟོས། ཇི་ཙམ་དུ་ཤིང་ཡོད་པ་དེ་ཙམ་དུ་འབར་ཏེ། ཤིང་མེད་ན་མེ་མི་འབར་རོ། །ཞི་བའི་བློ་གྲོས། དེ་བཞིན་གཤེགས་པ་བཞུགས་པ་དེ་སྲིད་དུ་གསང་སྔགས་འགྲུབ་
119b
བར་ཁོང་དུ་ཆུད་པར་བྱ་སྟེ། ཞི་བའི་བློ་གྲོས། འདི་ནི་དུས་ཡིན་ནོ། །ཞི་བའི་བློ་གྲོས། གཞན་ཡང ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་འབྱུང་བར་བརྩོན་པར་བྱའོ། །ཞི་བའི་བློ་གྲོས། དེ་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གསང་སྔགས་སྤྱད་པ་ལ་མཁས་པར་བྱའོ། །རིགས་ཀྱི་བུ། དེ་ལ་གསང་སྔགས་སྤྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡིད་ཡོངས་སུ་མི་སྐྱོ་བ་དང ། སྤྲོ་བ་དང ། ཡི་དམ་ལ་བརྟན་པར་གསང་སྔགས་ཀྱི་གཞི་རེ་རེ་ནས་སྤྱད་པར་བྱའོ། །ཇི་ཙམ་དུ་འགྲོ་ཡང་རུང ། འདུག་ཀྱང་རུང ། ཉལ་ཡང་རུང་སྟེ། དེ་སེམས་རྩེ་གཅིག་ཁོ་ནས་འཇུག་སྟེ། གཉིས་སུ་ནི་མ་ཡིན་ནོ། །གཅིག་པུ་གཉིས་སུ་མེད་པར་དཔེན་པར་ཉམས་དགའ་བ་འདུ་འཛི་མེད་པ་རང་གི་ཡུལ་ན་གནས་ཤིང་སྔར་བསྙེན་པ་བྱའོ། །དེ་ནས་ཟླ་བ་ཚེས་ནས་བརྩམས་ཏེ་ཉའི་བར་དུ་བྱའོ། །དེ་ནས་རལ་གྲི་འམ། འཁོར་ལོའམ། ལིག་བུ་མིག་གམ། གི་ཝཾ་ལ་སོགས་པ་གང་རུང་བ་ཞིག་བླངས་ལ། བའི་ལྕི་བ་ས་ལ་མ་ལྷུང་བ་གཅིན་དང་བསྲེས་པས་དཀྱིལ་འཁོར་བྱུགས་ལ་བསྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ། །འཁོར་ལོ་བསྒྲུབ་ན། འཁོར་ལོ་རྡོ་རྗེའི་དཀྱིལ་འཁོར་བྲི་བར་བྱའོ། །ཅི་སྟེ་རལ་གྲི་བསྒྲུབ་ན་དེས་རྡོ་རྗེའི་དཀྱིལ་འཁོར་བྲི་བར་བྱའོ། །ཅི་སྟེ་ལིག་བུ་མིག་དང ། གི་ཝང་ལ་
120a
༄#། །སོགས་པ་བསྒྲུབ་ན་མདུང་རྩེ་གསུམ་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་བར་བྱའོ། །ཅི་འབྱོར་པས་མཆོད་ལ་ཉི་མ་ནུབ་ཀར་དམར་ཐག་ཆད་ནས་ཉི་མ་ཤར་གྱི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ལ་བསྲུང་བ་བྱས་པ་དང ། བྱམས་པའི་སེམས་ཀྱིས་རྫས་དེ་བླངས་ཏེ། མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཁར་རྫས་དེ་ངེས་པར་འབར་བར་འགྱུར་རོ། །འབར་ན་ཡན་ལག་བཀྲ་ལ་སོགས་པ་རིག་སྔགས་འཆང་བ་ཐམས་ཅད་འོང་ཞིང་དེ་དག་གིས་བསོད་ནམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ནས་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ཏེ། འདོད་ན་མ་ཆིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ་དང ། འཇིག་རྟེན་གྱི་ཁམས་གཞན་དུ་མར་རྒྱུ་བ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པའི་ཡིད་དུ་འགྱུར་རོ། །གི་ཝང་ལ་སོགས་པ་ཡང་དེ་བཞིན་དུ་བསྒྲུབ་པར་བྱའོ། །འབར་ན་ནམ་མཁའ་ལ་འགྲོ་བ་དང ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་སྤྱད་པ་སྤྱོད་པ་དང ། བསྐལ་པར་གནས་ཤིང་རྒྱུ་བ་དང ། འདོད་དགུར་ཐགས་ཐེགས་མེད་པར་འགྲོ་བར་འགྱུར་ཏེ། ཤི་འཕོས་ནས་ཀྱང་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དུ་བ་འཐུལ་ན་
120b
མི་སྣང་བ་དང ། འདོད་པའི་གཟུགས་ཅན་དང ། འདོད་པ་བཞིན་དུ་འཛམ་བུའི་གླིང་དུ་རྒྱུ་བ་དང ། ལོངས་སྤྱོད་ཀྱི་དྲུག་ཆ་འཕྲོག་པར་འགྱུར་ཏེ། ཤི་འཕོས་ནས་ཀྱང་དགའ་ལྡན་གྱི་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །དྲོ་བར་གྱུར་ན་འགྲོ་བ་ཐམས་ཅད་ལ་དབང་བྱེད་པ་དང ། ཐོས་པ་འཛིན་པ་དང ། སྒྱུ་རྩལ་ཐམས་ཅད་ཤེས་པར་འགྱུར་ཏེ། ཤི་འཕོས་ནས་ཀྱང་འཛམ་བུའི་གླིང་འདི་ཉིད་དུ་གནོད་སྦྱིན་གྱི་ཕོ་བྲང་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་ཏེ། གནོད་སྦྱིན་གཞོན་ནུའི་ལུས་འཐོབ་བོ། །ཅི་སྟེ་མ་གྲུབ་ན་ཡང་ངེས་པར་ཡུལ་ཐོབ་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་གསང་སྔགས་ཐམས་ཅད་ཀྱི་གོང་ནས་གོང་དུ་གྱུར་པ། སྟོབས་དང ། ཕ་རོལ་གནོན་པ་དཔག་ཏུ་མེད་པ་གསང་སྔགས་ཀྱི་མགོན་པོའི་སྒྲུབ་པ་ཉོན་ཅིག། ཞི་བའི་བློ་གྲོས། ཐོག་མ་ཉིད་དུ་སྔར་སྤྱད་པ་བྱས་པ། དཀྱིལ་འཁོར་མཐོང་བ། དམ་ཚིག་ཐོབ་པ། གནང་བ། རྡོ་རྗེ་འཁོར་ལོས་བསྒྱུར་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བྲིས་ལ་རིན་པོ་ཆེ་དང ། སྤོས་དང ། སྨན་ཐམས་ཅད་ཀྱིས་བཀང་བའི་བྱ་མ་བུམ་བཅུ་དྲུག་འཁོར་
121a
༄#། །ལོས་བསྒྱུར་བ་ཆེན་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པ་དག་གིས་སྤྱི་བོར་དབང་བསྐུར་བར་བྱའོ། །དུས་ཐམས་ཅད་དུ་ལྷའི་གཟུགས་མཐོང་བར་བྱའོ། །དེ་ནས་རིའི་རྩེ་མོར་སོང་ལ་སློང་མོའི་ཟས་བཟའ་ཞིང་དུས་གསུམ་དུ་ཁྲུས་བྱ། དུས་གསུམ་དུ་གོས་བརྗེས་ལ་ཤིང་ལྟར་མི་སྨྲ་བར་བྱ་ཞིང་གཙང་སྤྲ་དང་གཙང་སྤྲ་སྤྱོད་པ་ཕུན་སུམ་ཚོགས་པར་བྱས་ལ་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོ་ས་ཡ་ཕྲག་གསུམ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་དྲག་པོའི་སྙིང་པོ་ལན་བཞི་འབུམ་བཟླས་བརྗོད་བྱའོ། །དེ་ནས་གསེར་མགར་གསོ་སྦྱོང་གཟུང་བས་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའམ། དྲུག་པ་ནོར་བུ་མེ་ཤེལ་གྱི་ལྟེ་བ་ཅན་འོད་ཟེར་འབར་བས་བསྐོར་བ་བྱེད་དུ་བཞུག་གོ། དེ་ནས་སྤོས་ཆུས་བཀྲུས་ཏེ་མཆོག་སྦྱིན་པའི་རྡོ་རྗེའི་སྔགས་ཀྱིས་གཟི་བརྗིད་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་དྲག་པོའི་སྙིང་པོས་བསྐུལ་བར་བྱས་ཏེ། བསྐུལ་ནས་འཁོར་ལོ་སྒྱུར་བའི་སྔགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཙནྡན་གྱི་སྒྲོམ་བུ་ཡོད་པའི་ནང་དུ་བཅུག་ལ་བཞག་གོ། དེ་ནས་བདེ་བར་གཤེགས་པའི་སྐུ་མཐོ་གང་ཚད་ཀྱི་མཆོད་རྟེན་ཁྲི་བྱའོ། །དེ་ནས་ཟླ་བ་ཚེས་ནས་བརྩམས་ཏེ་ཨ་ག་རུའི་བདུག་པ་བསྲེག་ཅིང་ཟླ་བ་ཉའི་བར་དུ་བྱའོ།།
121b
བཟླས་བརྗོད་དཔག་ཏུ་མེད་པ་བྱེད་ཅིང་བསླངས་པ་མ་ཡིན་པའི་ཟས་ཟ་བས་ཅི་འབྱོར་པས་མཆོད་པ་བྱས་ལ་བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ཏེ། རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ན་འདུག་པའི་འཁོར་ལོ་ལག་པས་བླངས་ལ་འཁོར་ལོ་ལས་འོད་ཟེར་རྣམས་མ་བྱུང་གི་བར་དུ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་དག་གིས་སྒྲུབ་པ་པོ་སྣང་བར་བྱས་ནས་ལུས་འགྱུར་རོ། །ནམ་ཕྱེད་དམ། ཉི་མ་འཆར་ཀར་ས་གཡོ་བར་འགྱུར་རོ། །ལྷའི་རོལ་མོའི་སྒྲ་འབྱུང་ངོ ། །ལྷའི་སྤོས་ཆུ་དང་འདྲེས་པའི་མེ་ཏོག་གི་ཆར་བར་སྣང་ལས་འབབ་པར་འགྱུར་རོ། །འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་རིག་སྔགས་འཆང་ཐམས་ཅད་འདུས་ཏེ། དེ་དག་གིས་དབང་བསྐུར་ནས་ལྷའི་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་འབྱུང་བར་འགྱུར་རོ། །གང་དག་མཐོང་བ་དང ། གང་དག་གིས་མཐོང་བ་དེ་དག་དང་ལྷན་ཅིག་ཏུ་གྱེན་དུ་འཕགས་སོ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་དང་ལྡན་ཞིང་ཡིད་མགྱོགས་པའི་ཤུགས་འཆང་བ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ། འཁོར་ལོས་བསྒྱུར་བ་ཆེན་པོའི་སྐལ་བ་དང་ལྡན་པ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང །
122a
༄#། །མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་གོང་ནས་གོང་དུ་འགྱུར་བའི་རིག་སྔགས་འཆང་དང ། ལྷའི་བུ་མོ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་གཡོག་འཁོར་ཅན། ལྷའི་སིལ་སྙན་དང ། ཕེབ་རྡོབ་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་པ་དག་གིས་མངོན་པར་བསྟོད་པར་གྱུར་ནས། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་བྱ་བ་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་འཁོར་ལོ་དེ་ལ་ཞོན་ཏེ་འགྲོ་ཞིང ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་མཆོད་པའི་དོན་དུ་སྐད་ཅིག་རེ་རེ་ལ་ཡང་མེ་ཏོག་ཐམས་ཅད་དང ། སྤོས་ཐམས་ཅད་དང ། ཕྲེང་བ་ཐམས་ཅད་དང ། བདུག་པ་ཐམས་ཅད་དང ། རས་ཐམས་ཅད་དང ། གོས་ཐམས་ཅད་དང ། ཕྱེ་མ་ཐམས་ཅད་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། གཞལ་མེད་ཁང་ཐམས་ཅད་དང ། རོལ་མོའི་སྒྲ་ཡིད་དུ་འོང་བ་ཐམས་ཅད་དང ། བཟའ་བ་དང ། བཅའ་བ་དང ། ཟས་དང ། སྐོམ་ཐམས་ཅད་དང ། ལྷའི་བུ་མོ་ཐམས་ཅད་དང ། ལྷའི་དཔག་བསམ་གྱི་ཤིང་ལྗོན་པ་རྣམས་དང ། ལྷའི་སྨན་གྱི་ཤིང་ལྗོན་པ་རྣམས་དང ། གསེར་དང ། ནོར་བུ་དང ། མུ་ཏིག་གི་ཕྲེང་བ་ཐམས་ཅད་དང ། དུས་ཐམས་ཅད་དུ་ལྷའི་ཁང་པ་བརྩེགས་པ་རྣམས་འབུལ་ལོ། །ཡི་དྭགས་རྣམས་ཀྱི་ནང་དུ་ནི་བཟའ་བ་དང ། གོས་དང །
122b
རྒྱན་དག་གི་སྤྲིན་མངོན་པར་སྤྲུལ་པ་བྱེད་དོ། །འདོད་ན་མཆིའོ། །རྒྱལ་བའི་སྲས་མོས་པས་སྤྱོད་པ་གཞལ་དུ་མེད་པའི་ས་ཐོབ་པ་ཡིན་ནོ། །གྲགས་པ་ཆེན་པོ་དང་ལྡན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་བསྐྱེད་པ་ཐོབ་པ་རྣམས་མ་གཏོགས་པར་གཟི་བརྗིད་དམ། སྟོབས་སམ། ཡེ་ཤེས་སམ། བཀོད་པའམ། རྫུ་འཕྲུལ་ལམ། འཕྲུལ་པའམ། གཟུགས་སམ། དཔལ་ལམ། སྤོབས་པ་དེ་དང་མཉམ་པའམ། ལྷག་པ་གང་ཡང་མེད་དོ། །ཞི་བའི་བློ་གྲོས་ཀྱིས་སྨྲས་པ། འཇམ་དཔལ། འཁོར་ལོས་སྒྱུར་བ་ཆེན་པོ་འདི་ཅི་ལྟར་བཀོད་པ་དང ། རྫུ་འཕྲུལ་མངོན་པར་གྲུབ་པ་དང ། བསམ་གཏན་དང ། བསམ་པ་ཟད་མི་ཤེས་པས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད། བཅོམ་ལྡན་འདས། གསང་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འདི་ཇི་ཙམ་དུ་མི་མཉམ་པ་དང ། མཉམ་པ་ནི་ངོ་མཚར་ཏོ། །འཇམ་དཔལ།་གང་དག་རྫུ་འཕྲུལ་ཆེན་པོ་རྟག་ཏུ་རྗེས་སུ་དྲན་པ་དེ་དག་ཀྱང་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་
123a
༄#། །ནོ། །བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་ནི་ཡོན་ཏན་གྱི་ཆོས་དཔག་ཏུ་མེད་པ་དང་ལྡན་ནོ། །ཞི་བའི་བློ་གྲོས། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་ཡང་ས་ཆེན་པོ་འདི་ན་མི་རྟོག་རྣམ་པར་མི་རྟོག་གོ། དེ་བཞིན་དུ་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་ཡང་མི་རྟོག་རྣམ་པར་མི་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞི་བའི་བློ་གྲོས། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་འདི་ནི་ལོ་ཏོག་ཐམས་ཅད་སྐྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཞི་བའི་བློ་གྲོས། དེ་བཞིན་དུ་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་ཡང་ཐོས་པ་དང ། བསམས་པ་དང ། བསམ་གཏན་དང ། བཟླས་བརྗོད་བྱེད་པ་དང ། བསྒྲུངས་པས་ཀྱང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དོ། །ཞི་བའི་བློ་གྲོས། འདི་ལྟ་སྟེ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཀླུ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །བསམ་གཏན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །བདུད་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ལས་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་གང་དག་ཡང་དག་པར་སྨྲ་བས་སྨྲས་པ་དེ་དག་ནི་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་ལ་
123b
ཡང་དག་པར་སྨྲ་བས་སྨྲས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པ་ཉིད་དེ་དག་ཐམས་ཅད་ནི་འདི་ལས་འབྱུང་བའི་ཕྱིར་རོ། །ཞི་བའི་བློ་གྲོས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་བསམ་གཏན་ཁ་ཅིག་བསམ་གཏན་བསྒྲུབ་པའམ། །བདུད་དམ། འདོད་པའི་ཁམས་ཀྱི་དབང་ཕྱུག་གམ། ཀླུའམ། སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པར་གྱུར་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རྫུ་འཕྲུལ་རྣམ་པར་སྤྲུལ་པ་སྣ་ཚོགས་ཀྱང་སྟོན་ཏོ། །ཞི་བའི་བློ་གྲོས། ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཇི་ལྟར་གསང་སྔགས་ཐམས་ཅད་ཀྱི་བདག་པོ་དང ། གཙོ་བོ་དང ། མངའ་མཛད་པ་དང ། འདི་ལས་གཞན་པའི་གོ་འཕང་མཆོག་གཞན་ལ་མེད་པར་རིག་པར་བྱའོ། །འཁོར་ལོ་ལ་ཇི་ལྟ་བ་བཞིན་དུ་རལ་གྲི་དང ། མདུང་རྩེ་གསུམ་པ་དང ། མདུང་རྩེ་གསུམ་པ་གདེངས་པ་དང ། མདུང་ཐུང་དང ། ལྕགས་ཀྱུ་དང ། དགྲ་སྟ་དང ། མཚོན་རྩེ་གཅིག་པ་དང ། ཐོང་གཤོལ་དང ། ཞགས་པ་དང ། ཀ་ན་ཡ་དང ། ལྕགས་མདའ་དང ། ལྕགས་ཐག་དང ། གཞུ་དང ། བེ་ཅོན་དང།་མདུང་དང ། གཏུན་ཤིང་རྐེད་ཉག་དང ། དབྱུག་ཏོ་རྣམ་བ་སྣ་ཚོགས་བསྒྲུབ་པར་བྱའོ། །ལིག་བུ་མིག་དང ། གི་ཝཾ་དང ། ལྡོང་རོས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱང་བསྒྲུབ་
124a
༄#། །པར་བྱ་སྟེ། དེ་དག་གི་དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་དུ་རྣམ་པ་གསུམ་མོ། །ཅི་སྟེ་རིལ་བུ་བསྒྲུབ་པར་འདོད་ན། བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྔགས་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་ལྡོང་རོས་དང ། ལིག་བུ་མིག་དང ། ུད་མ་གུཔྟའི་རྩ་བ་དང ། ནྡྷ་པུཥྤི་ཀའི་རྩ་བ་རྣམས་ཆ་བསྙམས་ཏེ་གཅིག་ཏུ་བསྲེས་ལ་རིལ་བུ་རྒྱ་ཤུག་གི་ཚིག་གུའི་ཚད་དུ་བྱས་ཏེ། ལྕགས་སྣ་གསུམ་གྱིས་བསྐོར་ལ། འཁོར་ལོ་ལག་ན་ཐོགས་སམ། རལ་གྲི་ལག་ན་ཐོགས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུ་ཟས་མི་བཟའ་བར་དེ་ཁར་བཅུག་ལ་ནུབ་ཁ་དམར་ཐག་ཆད་ནས་བཟུང་སྟེ། འཁོར་ལོ་དང ། རལ་གྲི་ལས་སྔོན་པོའམ། སེར་པོར་སྣང་བའི་འོད་ཟེར་བྱུང་བའི་བར་དུ་བཟླས་བརྗོད་བྱས་ན་སྒྲུབ་པ་པོ་སྣང་བར་བྱེད་ཅིང་གྲུབ་པར་འགྱུར་ཏེ། ཉི་མ་ཤར་བའི་མདོག་ཅན་དང ། རླུང་ལྟར་འགྲོ་བ་དང ། བསྐལ་པར་གནས་པ་དང ། མི་སྣང་བར་འགྱུར་བ་དང ། འདོད་པའི་གཟུགས་ཅན་དུ་གྱུར་པ་དེ་ཤི་འཕོས་ནས་ཀྱང་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་སྐྱེ་བར་འགྱུར་རོ། །རི་མོའི་སྐུ་གཟུགས་དང ། སྐུ་གཟུགས་མེད་པར་གྱི་ན་བསྒྲུབས་ཀྱང་དངོས་གྲུབ་སྦྱིན་པར་མཛད་དོ། །ཅི་སྟེ་རི་མོའི་སྐུ་གཟུགས་བསྒྲུབ་པར་འདོད་ན་བྲམ་ཟེའམ། རྒྱལ་རིགས་ཀྱི་བུ་མོ་གཟུགས་
124b
བཟང་བ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ། གསོ་སྦྱོང་བཟུང་བ་ཞིག་ལ་རིན་ལ་མ་བརྩེགས་པར་ཉོས་པའི་ཤིང་བལ་འཁལ་དུ་བཅུག་ལ། ཚེས་གྲངས་དང ། བྱེད་པ་དང ། ཡུད་ཙམ་བཟང་པོ་ལ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པའི་ཐ་ག་པ་འཐག་ཏུ་བཅུག་སྟེ་བ་གླང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ། སྤོས་དང ། མེ་ཏོག་དང ། བདུག་པ་ལ་སོགས་པས་མཆོད་དོ། །སྐྲ་མེད་པ་དང ། མཉམ་པ་དང ། འཇམ་པར་བྱའོ། །ཐག་པའི་ཐགས་ཆ་རྣམས་ཀྱང་བའི་རྣམ་ལྔ་དང ། སྤོས་ཆུས་བཀྲུའོ། །ཞི་བའི་བློ་གྲོས། ཐམས་ཅད་ཀྱང་རྡོ་རྗེ་དྲག་པོའི་སྙིང་པོས་ལུས་བསྲུང་བར་བྱའོ། །རི་མོ་མཁན་གསོ་སྦྱོང་གཟུང་བ་དང ། མཁས་པ་དང ། དད་པ་དང ། སྙིང་རྗེ་དང་ལྡན་པ། སེར་སྣ་མེད་པ་དང ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ས་ཕྱོགས་དབེན་ཞིང་དུག་མེད་པ། གཙང་བ་མེ་ཏོག་བཀྲམ་པར་ཨ་ག་རུའི་བདུག་པ་བསྲེག་ཅིང་ཚོན་རྩི་སར་པ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་གོ། ཞི་བའི་བློ་གྲོས། ཡང་ན་སྒྲུབ་པ་པོ་བདག་ཉིད་ཀྱིས་བྲི་བར་བྱའོ། །གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་ཞིང་སིལ་སྙན་དང ། དགའ་བར་འགྱུར་བའི་སྒྲ་མང་པོ་དང ། ཤིས་པ་རྒྱ་ཆེན་པོ་དང ། བཀྲ་ཤིས་པ་བརྗོད་པ་རྣམས་ཀྱིས་མཆོད་པར་བྱའོ། །ཞི་བའི་བློ་གྲོས། སྒྲུབ་པ་པོ་བྱམས་པའི་སེམས་དང་ལྡན་པ། ཐོད་ཟེའུ་ཀ་
125a
༄#། །བཅིངས་པ། སྔགས་བགྲང་ནོར་བུ་འཕྱང་བ་དང་བཅས་པར་རི་མོ་མཁན་གྱི་རྒྱབ་ན་འདུག་ཅིང་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོའི་གཟུགས་དང ། ཁ་དོག་བསམ་པར་བྱའོ། །ཕྱག་རྒྱ་དང ། ཡི་གེ་རྣམས་ཀྱང་བསམ་ཞིང་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོ་བྲི་བར་བྱ་སྟེ། པདྨ་དཀར་པོ་ལ་བཞུགས་པ།་གསེར་གྱི་ཁ་དོག་གི་མདོག་ཅན། མེ་ལྕེ་འབར་བ་ལང་ལོང་དུ་གྱུར་པ། ཐོར་ཚུགས་ཅན་དར་རམ། རས་ཀྱི་ཤམ་ཐབས་མནབས་པ། ན་བཟའ་བླ་གོས་དར་ལ་མནབས་པ། ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ། ཞལ་ཡིད་ཙམ་འཛུམ་པ། མཚན་ཐམས་ཅད་དང་ལྡན་པར་བྲིའོ། །དེའི་གཡས་རོལ་ཏུ་དམ་པ་སྦྱིན་པའི་རྡོ་རྗེ་གུར་གུམ་གྱི་ཁ་དོག་ཅན་ཕུད་བུ་ལྔ་པ། རྡོ་རྗེ་དང་བཅས་པའི་ཨུཏྤལ་སྔོན་པོ་ལག་པ་གཡོན་པ་ན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དར་རམ་རས་ཀྱིས་སྨད་གཡོགས་བགོས་པ།་བླ་གོས་དར་ལ་གྱོན་པ། མེ་ལྕེ་འབར་བ་དང་བཅས་པ། པདྨ་དཀར་པོ་ལ་འདུག་པ། བཞིན་འཛུམ་པ་བྲིའོ། །བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོའི་གཡོན་རོལ་ཏུ་ཧ་ཅང་ཡང་མི་རིང་བར་དེའི་ཞལ་དུ་བལྟ་བ་ལ་བརྩོན་པ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅོད་པན་ཐོགས་
125b
ཤིང་ཅོད་པན་འགུལ་བ། གོས་ཚིག་གུ་གྱོན་པ། པུས་མོ་བཙུགས་པ། རྡོ་རྗེ་དང་བཅས་པའི་ཐལ་མོ་སྦྱར་བ། བཀའ་ནོད་པ་བྲིའོ། །དེའི་མདུན་དུ་སྔ་མ་བཞིན་དུ་ལན་ས་ཡ་བཟླས་བརྗེད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། ལག་ན་རལ་གྲིའམ། ལག་ན་འཁོར་ལོ་ཐོགས་ཤིང་མཚན་ཐོག་ཐག་ཨ་ག་རུའི་ཡམ་སྲེག་ཤིང་ཞོ་དང ། སྦྲང་རྩི་དང ། མར་ལ་སྨྱུགས་པས་སྦྱིན་སྲེག་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་རི་མོའི་གཟུགས་ལས་འོད་ཟེར་དག་འབྱུང་སྟེ། དེ་དག་གིས་སྣང་བར་བྱས་ན་གྲུབ་པར་འགྱུར་ཏེ། སྔ་མ་བཞིན་གར་དགའ་བ་དེར་འགྲོའོ། །རི་མོའི་གཟུགས་དེ་མཐོང་བ་ཙམ་གྱིས་ཀྱང་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །རི་མོ་མཐོང་བའི་མཐུ་ཡིས་ནི། །མཚམས་མེད་ལྔ་ལ་སོགས་པའི་ལས། །སྡིག་པ་སྔོན་ཆད་གང་བྱས་པ། །དེ་དག་ཐམས་ཅད་བྱང་བར་འགྱུར། །འཁོར་ལོས་བསྒྱུར་བ་གཟི་པོ་ཆེ། །མགོན་པོ་དྲན་པས་འདོད་པ་བཞིན། །འཇིག་རྟེན་ཀུན་གྱི་དོན་བསྒྲུབ་པའི། །འཕྲིན་ལས་མཛད་པ་སྨོས་ཅི་དགོས། །སྔགས་པས་རི་མོའི་གཟུགས་མདུན་དུ། །པདྨའི་སྦྱིན་སྲེག་འབུམ་བྱས་ན། །འདོད་བཞིན་དངོས་གྲུབ་མཆོག་སྦྱིན་པ། །དཔལ་ནི་མངོན་སུམ་མཐོང་བར་འགྱུར། །སྔགས་པས་གང་ཡང་རུང་བར་ནི། །ཟད་མི་ཤེས་པའི་གཏེར་མཐོང་ཞིང ། །ནམ་མཁའ་ལ་ཡང་འགྲོ་བར་ལའྒྱུར། །བསམ་པ་བཞིན་དུ་འདོད་པ་
126a
༄#། །རྙེད། །གི་ཝང་དང་ནི་ལྡོང་རོས་དང ། །ལིག་བུ་མིག་ཀྱང་དེ་བཞིན་ཏེ། །ཁ་ཟས་མི་བཟའ་གཅེང་བྱས་ལ། །མཁས་པས་ལན་འབུམ་བཟླས་བརྗོད་བྱ། །སྔར་བསྙེན་བྱ་བ་མེད་པར་ཡང ། །སྔགས་པས་འགྲུབ་འགྱུར་ཐེ་ཚོམ་མེད། །འཇིག་རྟེན་གསུམ་ན་མི་སྣང་ཞིང ། །སྐྱེ་བོ་ཀུན་གྱིས་ཐུབ་མི་འགྱུར། །རི་དང་ནགས་ཚལ་བཅས་པ་ཡི། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །བསྐལ་པར་གནས་ཤིང་གཟི་བརྗིད་ཆེ། །རྒ་དང་འཆི་བ་རྣམ་པར་སྤངས། །ཞི་བའི་བློ་གྲོས། གཞན་ཡང ། དྲག་པོ་ཆེན་པོ་ལག་ན་རྡོ་རྗེའི་སྒྲུབ་པ་ནི་འདི་ཡིན་ཏེ། རང་གི་ཡུལ་ན་གནས་ཤིང་གཙང་མར་བྱས་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དུ་བྱས་ཏེ་རིའི་རྩེ་མོར་སོང་ལ། སློང་མོའི་ཟས་བཟའ་ཞིང་གོས་ལན་གསུམ་བརྗེས་ལ་དུས་གསུམ་དུ་ཁྲུས་བྱ་ཞིང་བྱང་ཆུབ་སེམས་དཔའི་སྔོམ་པས་བསྡམས་ཏེ། གུས་ཤིང་དེ་དང་མཐུན་པའི་ཆ་བྱད་དུ་བྱས་ལ་མི་སྨྲ་བར་ས་ཡ་ཆིག་འབུམ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་རལ་གྲིའམ། འཁོར་ལོའམ། བེ་ཅོན་ནམ། ཞགས་པའམ། དགྲ་སྟའམ། གཏུན་ཤིང་རྐེད་ཉག་གམ། ཐོ་བའམ། མདུང་ཐུང་བླངས་ལ་བའི་རྣམ་ལྔས་བཀྲུས་ཤིང་སྤོས་ཆུས་ཀྱང་བཀྲུས་ལ་ཤུབས་དང་བཅས་པར་ལག་ན་ཐོགས་ཏེ། འགྲེང་ཡང་རུང ། འདུག་ཀྱང་རུང ། འགྲོ་ཡང་རུང ། ཟླ་བ་གཅིག་བཟླས་བརྗོད་བྱའོ། །ཉལ་ན་
126b
ཡང་འཁོར་ལོས་བསྒྱུར་བ་ཆེན་པོས་བསྲུང་བར་བྱའོ། །དེ་ནས་ཟླ་བ་ཕྱི་མ་ལ་ཚེས་ནས་བརྩམས་ཏེ། ཉའི་བར་དུ་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བྱའོ། །དེ་ནས་ཟླ་བ་ཉ་ལ་ཅི་འབྱོར་བས་མཆོད་དེ། བ་ལང་གི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་རིའི་རྩེ་མོ་དེ་ཉིད་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་སྐུ་གཟུགས་བཞག་ལ་མཆོད་པ་བྱས་ཏེ། ཕྱོགས་གཅིག་ཏུ་བསྒྲུབ་པའི་དཀྱིལ་འཁོར་བྲིའོ། །དེ་ལ་ཤར་ཕྱོགས་སུ་ནི་རིག་སྔགས་འཆང་གི་རྒྱལ་པོ་ཡན་ལག་བཀྲས་བྱིན་གཞག་གོ་།ལྷོ་ཕྱོགས་སུ་ནི་རིག་སྔགས་འཆང་གི་རྒྱལ་པོ་སྣ་ཚོགས་སྡེ་གཞག་གོ་།ནུབ་ཕྱོགས་སུ་ནི་རིག་སྔགས་འཆང་གི་རྒྱལ་པོ་ཏོག་ལྡན་གཞག་གོ། བྱང་ཕྱོགས་སུ་ནི་རིག་སྔགས་འཆང་གི་རྒྱལ་པོ་ཀཱི་ལ་ཀི་ལ་གཞག་གོ། གྲཝ་བཞིར་ནི་ཚོན་སྣ་བཞི་པའི་རྡོ་རྗེ་རྩེ་གསུམ་པ་མེ་ལྕེ་འབར་བ་དང་བཅས་པ་གཞག་གོ། དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་བྲིས་ལ་སྙིང་པོའི་སྟེང་དུ་གང་བསྒྲུབ་པ་དེ་བྲིའོ། །དེའི་སྟེང་དུ་རྫས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཤིང་ཨ་ཤཏྠའི་ལོ་མའི་སྟེང་དུ་གཞག་གོ། པདྨ་ནས་ཁྲུ་གང་ཙམ་གྱིས་ས་གཞི་བོར་ལ། རྡོ་རྗེ་རྒྱ་གྲམ་བྲིས་ཏེ་དེར་འདུག་ལ་བསྲུང་བ་བྱ་སྟེ། འབར་བའི་བར་དུ་བཟླས་བརྗོད་བྱའོ། །འབར་ནས་གཡོ་བར་འགྱུར་རོ། །ཡང་ན་རྔ་བོ་ཆེའི་སྒྲ་སྒྲོགས་པར་འགྱུར་རོ། །ཡང་ན་མེ་ཏོག་གི་ཆར་འབབ་
127a
༄#། །བོ། །ཞི་བའི་བློ་གྲོས། ཡང་ན་སྣང་བ་ཆེན་པོས་སྒྲུབ་པ་པོ་སྣང་བར་འགྱུར་རོ། །ཡང་ན་མེ་ཏོག་གི་ཕྲེང་བ་འགུལ་བར་འགྱུར་ཏེ། མཆོད་ཡོན་བྱིན་ལ་བླངས་ན་འགྲུབ་པར་འགྱུར་རོ། །ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང ། ཡིད་ལྟར་མགྱོགས་པ་དང ། ཁམས་གཞན་དུ་མར་རྒྱུ་བ་དང ། མཆོད་པ་བྱེད་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བ་ལ་མཁས་པ་དང ། དབང་ཕྱུག་ཐམས་ཅད་ཀྱི་གནས་ཐོབ་པ་དང ། འདོད་ན་མཆི་བར་འགྱུར་རོ། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ ། །བདག་འཆི་བ་ཤེས་པར་རོ། །ལག་ན་རྡོ་རྗེ་བདག་ཉིད་སྟོན་པར་བྱེད་དོ། །ཤི་འཕོས་ནས་ཀྱང་ལྕང་ལོ་ཅན་དུ་ལག་ན་རྡོ་རྗེའི་ཁྱིམ་དུ་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ། །ཉིན་གཅིག་བཞིན་དུ་སྙིང་པོ་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཆུ་འཐུངས་ན་ནད་ཐམས་ཅད་མེད་པར་འགྱུར་རོ། །གི་ཝང་ལ་ལན་གཅིག་སྔགས་ཏེ་མིག་ལ་བསྐུས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །སོ་ཤིང་ལ་སྔགས་ལན་གཅིག་བཏབ་ཏེ་འཆོས་ན་འདོད་པའི་ཟས་རྙེད་དོ། །ཆུའི་ནང་དུ་མེ་ཏོག་ཁ་དོག་ཅི་འདྲ་བ་བོར་བ་དེ་འདྲ་བའི་གོས་རྙེད་པར་འགྱུར་རོ། །ཁ་ལ་སྔགས་ཀྱིས་བཏབ་ན་གང་དང ། སྨྲ་བ་དེ་དབང་དུ་འགྱུར་རོ། །ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ་ཧཱུཾ་ཞེས་བྱ་བས་དུག་སེལ་ཏོ། །
127b
ཁྲོས་པ་དང་བཅས་པའི་མཛུབ་མོས་བསྡིགས་ན་བག་འཁུམས་པར་འགྱུར་རོ། །གདོན་གྱིས་ཟིན་པ་ལ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཧཱུཾ་ཞེས་བྱངས་བསྡིགས་ཤིང་རམ་ཞེས་བྱ་བ་འབར་བར་བྱས་པ་ཙམ་གྱིས་འབྲོས་ཏེ་ཐེ་ཚོམ་མེད་དོ། གདོན་གྱིས་ཟིན་པ་ལག་མཐིལ་དུ་ཧ་ཞེས་བྱ་བ་བསམས་ལ་བྱབས་ན་སོས་པར་འགྱུར་རོ། །མེ་ཏོག་གམ། སྤོས་སམ། བདུག་པ་ལ་སྔགས་ཀྱིས་བཏབ་སྟེ། སུ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །གདོན་དྲག་པོ་ཐམས་ཅད་ཀྱང་ཆོ་ག་འདི་ཉིད་ཀྱིས་འབྲོས་པར་འགྱུར་རོ། །སྔགས་པ་དུལ་བའི་སེམས་དང་ལྡན་པ། སློང་མོའི་ཟས་བཟའ་ཞིང་སྲུང་བ་བྱས་ལ། ཀླུའི་རྒྱ་མཚོར་ལན་སུམ་འབུམ་བཟླས་བརྗོད་བྱས་ན་ཀླུ་འབྱུང་སྟེ། གང་བསླངས་པ་དེ་སྦྱིན་པར་བྱེད་དོ། །སྐུད་པ་སྔོན་པོ་ལ་སྔགས་ཀྱིས་བཏབ་སྟེ། རིམས་ཀྱིས་བཏབ་པའི་མགུལ་པར་བཅིངས་ན་དེའི་མོད་ལ་རིམས་ལས་ཐར་བར་འགྱུར་རོ། །མིག་ན་བ་ལ་ཤིང་ཀ་ར་བཱི་རའི་ལྕུག་མ་བླངས་ཏེ་ལན་ཅིག་སྔགས་ཀྱིས་བཏབ་སྟེ། ཟངས་ཀྱི་སྣོད་ལ་བྲུད་དེ་མིག་ལ་བསྐུས་ན་དེའི་མོད་ལ་སོས་པར་འགྱུར་རོ། །ཀླད་ནད་ཐམས་ཅད་ལ་ནི་གུ་གུལ་ལ་སྔགས་ཀྱིས་བཏབ་སྟེ་ལུས་ཐམས་ཅད་གཡོགས་ལ་མགོར་གཏུགས་ན་ཀླད་ནད་མེད་པར་འགྱུར་རོ། །ཟས་མ་ཞུ་བར་གྱུར་ན་ཆུ་ལ་སྔགས་ཀྱིས་བཏབ་པའི་ཁྱོར་ཆུ་ལན་བདུན་འཐུངས་ན་སོས་པར་འགྱུར་རོ། །ལྟོ་ན་བ་ལ་ནི་སྐུད་བ་དམར་པོ་ལྡུམ་བུ་རཏྣ་སུ་རྩིའི་རྩ་བ་དང་
128a
༄#། །བཅས་པ་ལ་སྔགས་ཀྱིས་བཏབ་སྟེ་རྐེད་པར་བཅིངས་ན་ལྟོ་བའི་ནད་སོས་བར་འགྱུར་རོ། །ཞི་བའི་བློ་གྲོས། ནད་ཐམས་ཅད་ཞི་བར་བྱེད་པ་གདོན་ཐམས་ཅད་སེལ་བའི་བདུག་པའི་རྒྱལ་པོ་འདི་བརྗོད་པར་བྱའོ། །ཞི་བའི་བློ་གྲོས་ཀྱིས་སྨྲས་པ། འཇམ་དཔལ། ཅི་ལས་འདི་དག་གྲུབ་པ་ཡིན་པར་བསྟན་ཏམ། འོན་ཏེ་མ་གྲུབ་པ་ཡང་ཡིན་ནམ།་འཇམ་དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས། རིག་པའི་རྒྱལ་པོ་འདི་ནི་རྟག་ཏུ་གྲུབ་པ་ཡིན་ཏེ། ཞི་བའི་བློ་གྲོས། བྱང་ཆུབ་ཀྱི་སེམས་དང་བྲལ་བ་མ་གཏོགས་པར་སྔར་སྤྱད་པ་བྱ་མི་དགོས། སྔར་བསྙེན་པར་བྱ་མི་དགོས་པར་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རང་གི་ལྷའི་རྣལ་འབྱོར་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་ལ་བྱེ་བྲག་ཏུ་བརྗོད་པའི་བསྒྲུབ་པ་རྣམས་བསྟན་ཏོ། །ཤིང་ཨརྐ་དཀར་པོའི་རྩ་བ་དང ། ཀི་རི་ཀར་ནི་དཀར་པོའི་རྩ་བ་དང ། ཀ་ར་བཱི་ར་དཀར་པོའི་རྩ་བ་དང ། ུ་ཤི་ར་དང ། བ་ལ་ཀ་དང ། ཙནྡན་དང ། ན་ལེ་ཤམ་དང ། ནི་རྒུན་ཏི་དང ། གུ་གུལ་དང ། མར་དུ་བསྲེས་པའི་བདུག་པས་ནི་གདོན་ཐམས་ཅད་ཕུང་བར་བྱེད་པའོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །དཔལ་དང་ལྡན་པ་དང ། ཚེ་དང ། སྐལ་བ་བཟང་པོ་བྱེད་པའོ། །ཞི་བའི་བློ་གྲོས། སྔོན་བྱུང་
128b
བ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་གསུང་རབ་ལས་བྲམ་ཟེ་བློ་གྲོས་ལྡན་ཞེས་བྱ་བ་རིག་བྱེད་རྣམས་ལ་རིག་བྱེད་ཀྱི་དོན་ལ་མཁས་པ།་བཟོ་དང ། སྒྱུ་རྩལ་ཐམས་ཅད་མངོན་པར་ཤེས་པ། གསང་སྔགས་ཀྱི་དོན་ལ་མཁས་པ་ཞིག་བྱུང་སྟ། དེ་རི་ཞིག་གི་རྩེ་མོ་ལ་བརྩོན་འགྲུས་བརྩམས་ནས་རིག་པའི་རྒྱལ་པོ་རྡོ་རྗེ་དྲག་པོ་ཆེན་པོ་འདི་བསྒྲུབས་བསྒྲུབས་པ་ལས། བགེགས་དང ། ལོག་འདྲེན་མ་རུངས་པ་དག་གིས་གཙེས་པ་དང ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་བློ་གྲོས་ལྡན་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེའི་ཚུལ་སྨོས་ཏེ་གསོལ་བ། བཅོམ་ལྡན་འདས། བདག་འདི་ན་རི་ཆེ་གེ་མོ་ཞེས་བགྱི་བའི་རྩེ་མོ་ལ་བརྩོན་འགྲུས་བརྩམས་ནས། རིག་པའི་རྒྱལ་པོ་རྡོ་རྗེ་དྲག་པོ་ཆེན་པོ་དེ་ལན་གཉིས་སུ་བསྒྲུབས་ན། ཡང་བཅོམ་ལྡན་འདས། བདག་གིས་དེའི་དངོས་གྲུབ་མ་རྙེད་མ་ཐོབ་མི་དམིགས་ན། རྫས་ཅུང་ཟད་ཅིག་བསྒྲུབས་ན་དེ་ཐམས་ཅད་ཀྱང་བགེགས་རྣམས་ཀྱིས་ཕྲོགས་ན། དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་
129a
༄#། །ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་བྲམ་ཟེ་བློ་གྲོས་ལྡན་ལ་གདུག་པ་འདི་དག་བཀའ་སྩལ་ཅིང་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་གསུངས་སོ། །སྱད་ཡ་ཐེ་དན། རུ་རུ་ལེ་ལེ། བུད་དྷ་མ་ཏང་གི། པུཀྐ་སི། ཤ་བ་རི་ཀ་།གྲྀཧྞ་ཁཱ་ད་ཡ་སཝཱཧཱ། ཞི་བའི་བློ་གྲོས། དེའི་ཚེ་དེའི་དུས་ན་རིག་པའི་རྒྱལ་པོ་འདི་བསྒྲུབ་པའི་བྲམ་ཟེ་བློ་གྲོས་ལྡན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་སམ། ཡིད་གཉིས་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ་དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས། རྡོ་རྗེ་འཆང་སྤྲོས་པ་མེད་པར་གནས་པ་ཞེས་བྱ་བ་འཁོར་གྱི་དཀྱིལ་འཁོར་གྱི་ཁྱམས་འདི་ཉིད་དུ་འདུས་པ་ཡིན་ཏེ། སྤྲོས་པ་རབ་འབྱམས་རྒྱ་ཆེན་པོ་མཐའ་ཡས་པ་ལ་མཁས་པ་དེས་གསང་སྔགས་འདི་དང་བདུག་པ་ཡང་དེ་རྙེད་དེ་བསྒྲུབས་སོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན། སྔ་མ་བཞིན་དུ་རི་མོ་མཁན་གསོ་སྦྱོང་བཟུང་བས་ཚོན་རྩི་སྤྱིན་དང་མ་འདྲེས་པ་དག་གིས་རས་ལ་ལག་ན་རྡོ་རྗེ་ཨུཏྤ་ལའི་འདབ་མའི་མདོག་ལྟ་བུའམ། པྲི་ཡང་ཀུའི་ཁ་དོག་ལྟ་བུའི་མདོག་སྔོ་བསངས་སམ།་མརྒད་ཀྱི་ཁ་དོག་ལྟ་བུའི་སྔོ་བསངས་སུ་བྲི་བར་བྱ་སྟེ། ཟུར་ཏེ་ཕྱེད་སྣང་བ། རྒྱན་ཐམས་ཅད་གྱི་བརྒྱན་པ། བཞིན་ཅུང་ཟད་ཁྲོས་པ་དང་བཅས་པ། གོས་ཚིག་གུ་གྱོན་
129b
པ།་རིན་པོ་ཆེའི་བྲག་ལ་རིན་པོ་ཆེའི་ཕུག་ན་ཚུལ་བཞིན་དུ་ཤིས་ཤིང་སྐྱིལ་མོ་ཀྲུང་ཕྱེད་བཅས་ཏེ་འདུག་པ། བསྒྱིངས་པ་དང་བཅས་པ། བསྙེམས་པ་དང་བཅས་པ། མེ་ལྕེ་འབར་བའི་ཕྲེང་བ་ཅན། ལག་པ་གཡས་པ་ན་རྡོ་རྗེ་འབར་བ་དང་བཅས་པ་གསོར་བ་བྲི་བར་བྱའོ། །དེའི་མགོ་བོའི་གཡས་རོལ་གྱི་སྟེང་དུ་ཧ་ཅང་ཡང་མི་རིང་བར་དེ་བཞིན་གཤེགས་པ་དྲི་ཞིམ་སྣང་དཔལ་པདྨོ་དཀར་པོ་ལ་སྐྱིལ་མོ་ཀྲུང་དུ་བཞུགས་པ། མཚན་ཐམས་ཅད་དང་ལྡན་པ། རིག་པའི་རྒྱལ་པོ་དབུགས་འབྱིན་པ་མཛད་པ་བྲིའོ། །གཡོན་རོལ་དུ་དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བས་རབ་ཏུ་འཇོམས་པར་དབུགས་འབྱིན་པ་སྔ་མ་བཞིན་ནོ། །ལག་ན་རྡོ་རྗེའི་འོག་གཡས་རོལ་དུ། ཕྱག་བརྙན་སོག་མའི་དུ་བའི་མདོག་ལྟ་བུའི་གོས་དྲི་མ་ཅན་གྱོན་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། མིག་དམར་བ། དཔྲལ་བར་ཁྲོ་གཉེར་གྱི་རིམ་པ་དང་བཅས་པ། ལག་ན་ཞགས་པ་དང ། རལ་གྲི་ཐོགས་པ་བཀའ་ནོད་པ་ལྷུར་ལེན་པ། པུས་མོ་གཉིས་བཙུགས་པ་བྲིའོ། ། གཡོན་རོལ་ཏུ་ཕྱག་བརྙན་མ་པུས་མོ་བཙུགས་པ། མདོག་སྔོ་བསངས། རལ་གྲི་སོ་གཅིག་པ་ཡུ་བ་ཅན་དང ། ཞགས་པ་ལག་ན་ཐོགས་བ་སྔ་མ་བཞིན་དུ་བྲི་བར་བྱའོ། །དབེན་པ་དུག་མེད་པར་དེའི་མདུན་དུ་ཟས་དཀར་གསུམ་བཟའ་ཞིང ། གོས་དུས་གསུམ་དུ་བརྗེས་ལ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། ཨ་ག་རུའི་ཡམ་སྲེག་
130a
༄#། །ཤིང་ཞོ་དང ། སྦྲང་རྩི་ལ་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་བྱེད་དམ། ཉི་མ་འཆར་ཀར་རི་མོའི་གཟུགས་ལས་འོད་ཟེར་དག་འབྱུང་ངོ ། ། ཡང་ན་རི་མོའི་གཟུགས་འགུལ་ལོ། །ཡང་ན་མེ་ཏོག་གི་ཕྲེང་བ་འགུལ་ལོ། །སྔ་མ་བཞིན་དུ་གྲུབ་པར་འགྱུར་ཏེ། ལས་ཐམས་ཅད་བྱེད་དོ། །རྟག་ཏུ་རི་མོའི་གཟུགས་ཀྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་སྐལ་བ་བཟང་པོ་མཆོག་དང་ལྡན་ཞིང་ནད་ཐམས་ཅད་ལས་ཐར་བར་བྱ་བ་དང ། འཇིགས་པ་ཐམས་ཅད་རྣམ་པར་སྤངས་པར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། འཇིགས་པའི་མེའི་སྙིང་པོ་ཆེན་པོ་སྟོབས་དང ། ཕ་རོལ་གནོན་པ། དཔག་ཏུ་མེད་པ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ལྷ་དང ། ལྷ་མ་ཡིན་པས་མཆོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང ། སྐར་མ་འདམ་མི་དགོས། སྨྱུང་བ་ཡང་བྱ་མི་དགོས་པར་རིའི་རྩེ་མོར་སོང་ལ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ། སྐེ་ཚེའི་འབྲུའི་སྲེག་བླུགས་དུག་དང ། ཁྲག་དང ། ལན་ཚཝ་དང་བསྲེས་པ་ལན་སུམ་འབུམ་སྦྱིན་སྲེག་བྱས་ན་མཚན་མོ་ཧཱུཾ་ཞེས་བྱ་བའི་སྒྲ་ཆེན་པོ་གྲག་ཅིང་སྔ་མ་བཞིན་དུ་འགྲུབ་པར་
130b
འགྱུར་ཏེ། གྲུབ་ནས་ཀྱང་འཇིག་རྟེན་གྱི་ཁམས་དུ་མར་རྒྱུ་བ་དང ། ཡིད་ལྟར་མགྱོགས་པ་དང ། གཟི་བརྗིད་མཚུངས་པ་མེད་པར་འགྱུར་ཏེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་དེ་བས་ལྷག་པར་སུ་ལ་ཡང་མེད་དོ། །རྟག་ཏུ་བཟླས་བརྗོད་བྱས་ན་འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །ལྷ་མ་ཡིན་གྱི་ཁུང་གི་སྒོར་སོང་ནས་ཁྲོས་ཏེ། ལན་ཁྲི་བཟླས་བརྗོད་བྱ་ཞིང་སྦྱིན་སྲེག་ཀྱང་སྔ་མ་བཞིན་བྱས་ན་ལྷ་མ་ཡིན་གྱི་གནས་ཐམས་ཅད་གཏན་པ་མེད་པར་འགྱུར་ཏེ། ཅི་འདོད་པ་བཞིན་ཡོངས་སུ་སྤྱོད་ཅིང་འདོད་པ་བཞིན་དུ་རང་འབྱུང་བར་འགྱུར་རོ། །ལས་ཐམས་ཅད་བྱེད་དོ། །ཅི་སྟེ་གཏེར་ཆེན་པོ་འབྱུང་བར་འདོད་ན་ཟས་མི་བཟའ་བར་སྙིང་པོ་འདི་ལན་ཁྲི་བཟླས་བརྗོད་བྱས་ལ་ཐ་མར་ཤིང་ཀ་ར་བཱི་རའི་ལྕུག་མས་ལན་གསུམ་བསྣུན་ན་རང་འབྱུང་ངོ ། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཁྲོས་པའི་མདུན་དུ་ཕྱག་རྒྱ་བཅིངས་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་ན་དང་བར་འགྱུར་རོ། །བྱིས་པ་གདོན་གྱིས་ཟིན་པ་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་ཐར་བར་འགྱུར་རོ། །གདོན་ཆེན་པོ་ཐམས་ཅད་ལ་ནི་གཟུགས་བྱས་ལ་རྐང་པ་གཡོན་པས་མནན་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན། གདོན་དེ་ཚིག་ཅིང་སྒྲ་འབྱིན་ཅིང་འབྲོས་པར་འགྱུར་རོ། །དྲིས་པ་མྱུར་དུ་སྨྲ་བར་འགྱུར་རོ། །ཅི་སྟེ་ཕ་རོལ་ལ་གནོད་པར་བྱེད་པར་འདོད་ན་བ་
131a
༄#། །རུ་རའི་ཤིང་བུ་སོར་དྲུག་པ་དག་གཅིག་ལ་མིང་ནས་བརྗོད་ཅིང་སྔགས་ལན་བརྒྱ་རྩ་བརྒྱད་སྔགས་ལ་ནམ་ཕྱེད་ན། ཁང་སྟེང་ངམ། སྒོའི་སྟེང་དུ་བཙུགས་ནས་ཁྱིམ་དུ་གནོད་པ་ཆེན་པོ་འབྱུང་ངོ ། །ཡམས་ཀྱི་ནད་ཆེན་པོ་ཡང་འབྱུང་ངོ ། །ཡིད་ཀྱིས་ནི་ཞི་བར་བྱེད་དོ། །ཅི་སྟེ་རི་མོའི་སྐུ་གཟུགས་བསྒྲུབ་ན། རས་ལ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་འོད་ཀྱི་ཁ་དོག་དབྱར་གྱི་སྤྲིན་འདྲ་བ། རྒྱན་མེད་པ། མིག་དམར་བ། ཁྲོས་པ། མ་མཆུ་སོས་མནན་པ། དཔྲལ་བར་ཁྲོ་གཉེར་གྱི་རིམ་པ་འཆས་པ། རྐང་པ་གཡོན་པས་ས་མནན་ཏེ་འདུག་པ། རྐང་པ་གཡས་པའི་རྡོག་པས་བསྣུན་པ་ལྟར་འདུག་པ། ལག་པ་གཡོན་པའི་མཛུབ་མོས་བསྡིགས་མོ་བྱེད་པ། ལག་པ་གཡས་པས་ཁྲོ་བོའི་རྡོ་རྗེ་མི་བཟད་པ་འཕེན་པ་ལྟར་འདུག་པ་བྲི་བར་བྱ་སྟེ། བསྲུང་བ་བྱས་པ། རྡོ་རྗེ་གཙུག་ཏོར་གྱི་གཟུགས་སུ་བསྒྱུར་བ། རྟག་ཏུ་མཉམ་པར་གཞག་པ། སྙིང་རྗེ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དུ་གྱུར་པས་ས་ཕྱོགས་དབེན་པར། དུག་མེད་པར་མཆོད་པ་རྒྱ་ཆེར་བྱས་ལ་རི་མོ་མཁན་གསོ་སྦྱོང་གཟུང་བ་འདྲིར་གཞུག་གོ་།རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ། དམ་ཚིག་ཐོབ་པ། སྤྲོ་བ་དང་བཅས་པ་འདྲིར་གཞུག་གོ། གཞན་ནི་གང་གིས་ཀྱང་མ་ཡིན་ནོ། །ཞི་བའི་བློ་གྲོས། དམ་ཚིག་མི་ཤེས་པ། དཀྱིལ་འཁོར་མ་མཐོང་
131b
བ།་གང་ལ་ལ་ཞིག་གིས་རི་མོའི་གཟུགས་མཐོང་ན། དེའི་མོད་ལ་དེ་ནད་རྣམ་པ་གཉིས་ཀྱིས་བཏབ་པར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རིམས་དྲག་པོ་དང ། གཅོད་ཆེན་པོར་འགྱུར་རོ། །ཞི་བའི་བློ་གྲོས་ཀྱིས་སྨྲས་པ། འཇམ་དཔལ། ཀྱེ་མ། གང་གི་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་བསྟན་པའི་སྙིང་པོ་མཆོག་།དོན་ཆེན་པོ་དང་ལྡན་པ། མཐུ་ཆེན་པོ་དང་ལྡན་པ་འདི་ངོ་མཚར་ཏོ། །འཇམ་དཔལ། སྙིང་པོ་མཆོག་འདི་ནི་གང་ཞིག་།འདིའི་མིང་ཅི་ཞིག་བྱ། འཇམ་དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ།་སྲ་བའི་ཡོན་ཏན་རྣམས་དང ། མཐུ་ལ་ནི་མཐའ་མེད་དོ། །ཞི་བའི་བློ་གྲོས། ལག་ན་རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིགས་པའི་མེ་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་སྟེ། མ་དུལ་བ་ཐམས་ཅད་འདུལ་བ། དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ། བསྟན་པ་མཆོག་ཏུ་ཀུན་ཏུ་བསྲུང་བར་སྨོན་ལམ་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་རྒྱ་མཚོ་རབ་འབྱམས་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་སྒྲོགས་པའི་སྒོ་ལ་འཇུག་པ། ཐམས་ཅད་དུ་སྔོན་དུ་རྒྱུག་པའོ། །དེའི་མདུན་དུ་ཅི་འབྱོར་པས་
132a
༄#། །མཆོད་པ་བྱས་ཏེ་གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་འབུམ་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་ཏེ། གང་འདོད་པ་དེ་བྱེད་དོ། །རིའི་རྩེ་མོའམ། རྒྱ་མཚོའི་ངོག་སུ་སོང་སྟེ་རི་མོའི་གཟུགས་བྲིས་ལ་སློང་མོའི་ཟས་སམ། བསླངས་པ་མ་ཡིན་པའི་ཟས་བཟའ་ཞིང་མིད་བ་ནུབ་པ་ཙམ་དུ་ཆུར་ཞུགས་ལ་ལན་གསུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ། རལ་གྲིའམ། འཁོར་ལོ་ལག་ན་ཐོགས་ཤིང་དུག་དང ། ཁྲག་དང ། ཡུངས་ཀར་བསྲེས་པས་ལན་སུམ་ཁྲི་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །རྒྱ་མཚོ་ལས་སྒྲ་འབྱུང་ཞིང་བསྐམས་པར་འགྱུར་རོ། །རིའང་འགུལ་བའམ། འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ནུས་པར་འགྱུར་རོ། །རྫི་ཆར་རམ། ལྕེ་འབབ་པ་ལ་ཡང་ལན་ཅིག་བསྡིགས་པ་ཙམ་གྱིས་མེད་པར་འགྱུར་རོ། །འཆི་བ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་དང ། གནོད་པ་འབྱུང་བ་ཐམས་ཅད་ལ་ལམ་གྱི་བཞི་མདོ་འམ།་ཤིང་དྲུང་གཅིག་ཡོད་པའམ། འབབ་ཆུའི་ངོགས་སམ། མཚན་མ་གཅིག་ཡོད་པའམ། གྲོང་ཁྱེར་གྱི་སུམ་མདོར་རི་མོའི་གཟུགས་བྲིས་ལ་རྒྱ་ཆེར་མཆོད་ལ་སྤོས་དང ། མེ་ཏོག་གིས་མཆོད་པའི་བུམ་པ་ཡུངས་ཀར་གྱིས་བཀང་ལ། འཁོར་ལོས་བསྒྱུར་བའི་སྔགས་བཟླས་བརྗོད་བྱ་སྟེ། སྙིང་པོ་སྙིང་གར་གཞག་ལ་རི་མོའི་གཟུགས་དེ་ལ་ཤིས་
132b
པ་སྙན་པ་རྒྱ་ཆེན་པོ་བརྗོད་པས་མངོན་སུམ་དུ་དགའ་བར་བྱས་ཏེ་དབང་བསྐུར་བར་བྱའོ། །ཡུངས་ཀར་དེ་དག་གིས་ནི་གནོད་པ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་དང ། འཆི་བ་ཐམས་ཅད་སེལ་ཏོ། །སེམས་ཅན་དཔག་ཚད་ཙམ་ན་འཁོད་པ་ཐམས་ཅད་ཀྱིས་རི་མོའི་གཟུགས་དེ་མཐོང་ན་ཡང་དེའི་མོད་ལ་ཞི་བར་འགྱུར་རོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བདུན་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། རིག་པའི་རྒྱལ་པོ་འདི་དག་གི་སྤྱིའི་བསྒྲུབ་པའི་རིམ་པར་ཕྱེ་བ་ཉོན་ཅིག་།ཞི་བའི་བློ་གྲོས། དེ་ལ་སྒྲུབ་པ་པོ་རིག་པའི་རྒྱལ་པོ་གང་ཡང་རུང་བ་སྒྲུབ་པར་འདོད་པས་རིག་སྔགས་གདོན་པར་བྱ་སྟེ། ཚེས་གྲངས་དང ། བྱེད་པ་དང ། ཡུད་ཙམ་བཟང་པོ་ལ་སྨྱུང་བ་བྱས་ལ། མར་གྱི་མར་མེ་བུས་ཏེ་ཅི་འབྱོར་པས་མཆོད་པ་བྱས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུ་རིག་པའི་རྒྱལ་པོ་འཇིགས་མེད་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །ནང་པར་ཁྲུས་བྱས་ལ་དྲི་ཞིམ་པོས་བསྐུས་ཏེ། གོས་གཙང་མ་བགོས་ལ་ཟས་དཀར་གསུམ་ཟོས་ཏེ་དབང་པོ་གསལ་བ་དང ། ཉམས་ཐ་མལ་བར་གནས་པ་དང ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དང ། སྙིང་རྗེ་དང་ལྡན་པའི་སློབ་དཔོན་བླ་ན་མེད་པའི་སྦྱིན་གནས་ལ་ཐལ་མོ་སྦྱར་ཏེ་པུས་
133a
༄#། །མོ་བཙུགས་ལ་གསོལ་བ་བཏབ་སྟེ། སློབ་དཔོན། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བགྱི་བའི་སླད་དུ་རིག་པའི་རྒྱལ་པོ་བདག་ལ་སྩལ་དུ་གསོལ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བགྱིའོ་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཀྱང་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པས་སེར་སྣ་མེད་པར་བྱས་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །དེ་ལྟར་རིག་སྔགས་དང ། དམ་ཚིག་མནོས་ནས་ཇི་སྐད་བསྟན་པ་ལྟ་བུའི་ས་ཕྱོགས་རྣམས་སུ་དེ་དང་མཐུན་པའི་ཆ་བྱད་དུ་བསྒྱུར་ལ་རིའི་རྩེ་མོའམ། འབབ་ཆུའི་ངོགས་སམ། ནགས་ཁྲོད་དམ། ཆུ་མིག་གི་དངོ་འམ། ཡིད་དུ་འོང་བ་དབེན་པ་དེར་ཟས་དཀར་གསུམ་ཟ་བའམ། འོ་མ་བཏུང་ཞིང་ལན་ས་ཡ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་རལ་གྲི་འམ།་རྡོ་རྗེའམ། མདུང་ཐུང་ངམ། བེ་ཅོན་ནམ། མདུང་རྩེ་གསུམ་པའམ། ལྕགས་སྣ་གསུམ་གྱི་འཁོར་ལོ་བླངས་ལ་བའི་རྣམ་ལྔས་བཀྲུས་ཏེ་བ་ལང་གི་ལྕི་བའི་ཕུང་པོའི་སྟེང་དུ་གཞག་ལ་རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོས་བསྲུང་བར་བྱའོ། །དེ་ནས་ཟླ་བ་ཚེས་ནས་བཟུང་སྟེ་ཉའི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་གང་ཡང་རུང་བ་ཞིག་བླངས་ལ་སྤོས་ཆུས་བཀྲུས་ཏེ། བ་ལང་གི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་སྔ་མ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ། ཅི་འབྱོར་པས་མཆོད་ལ་ཤིང་ཨ་ཤཝཏྠའི་ལོ་མའི་སྟེང་དུ་གཞག་ལ།
133b
མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འབར་ཞིང་རིག་སྔགས་འཆང་ཐམས་ཅད་འདུས་ཏེ། དེ་དག་གིས་བསོད་ནམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ནས་རིག་སྔགས་འཆང་དུ་འགྱུར་ཏེ། འདོད་པའི་གཟུགས་འཆང་བ་དང ། འཇིག་རྟེན་གྱི་ཁམས་དུ་མར་རྒྱུ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ལ་བརྟུལ་ཞུགས་མ་ཉམས་ན་དེ་བཞིན་དུ་ལན་གསུམ་དུ་བསྒྲུབ་པ་བྱས་ན། མཚམས་མེད་པའི་ལས་བྱས་པས་ཀྱང་ངེས་པར་འགྲུབ་བོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་རིང་བར་འགྱུར་རོ། །སྨན་ལ་བཟླས་བརྗོད་བྱས་ཏེ་འཐུངས་ན་ནད་མེད་པར་འགྱུར་རོ། །མར་ལ་སྔགས་ཀྱིས་བཏབ་ཏེ། ཟན་ཟ་ཀར་འཐུངས་ན་ལོ་ཁྱུད་འཁོར་དུ་ལུས་བརྟན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་མིག་བཙུམས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པའི་སྐུའི་གཟུགས་ཀྱིས་དགེ་བ་དང ། མི་དགེ་བ་བརྗོད་དོ། །དེ་བཞིན་དུ་རྣ་བ་བཀབ་སྟེ་བཟླས་བརྗོད་བྱས་ན་ཡང་ཐམས་ཅད་ཐོས་པར་འགྱུར་རོ། །ཉལ་ཀར་མལ་དུ་ཞུགས་ལ་མིག་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་ཉལ་ན་སྣང་བར་འགྱུར་ཞིང་ཐམས་ཅད་མཐོང་སྟེ། ཉིན་མོ་ཇི་ལྟ་བ་ལྟར་མཚན་མོ་ཡང་དེ་བཞིན་ནོ། །སོ་ཤིང་ལ་ལན་གཅིག་སྔགས་ཏེ་འཆོས་ན་མ་བསླངས་བར་ཟས་རྙེད་དོ། །ལིག་བུ་མིག་
134a
༄#། །གམ། གི་ཝང་ལ་ལན་གཅིག་སྔགས་ཏེ་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སྤོས་ལ་བཟླས་བརྗོད་བྱས་ཏེ་བསྐུས་ན། གང་དག་གིས་དྲི་ཚོར་བ་དེ་དག་དབང་དུ་འགྱུར་རོ། །དགྲ་མཐོང་ན་ཕྱག་རྒྱས་བཅིངས་ལ་ལན་ཅིག་བརྗོད་ན་དགྲ་དང་བྲལ་བར་འགྱུར་རོ། །སྤོས་དང ། མེ་ཏོག་ལ་སོགས་པ་ལ་སྔགས་ཀྱིས་ལན་ཅིག་བཏབ་ཏེ། གང་ལ་བྱིན་པ་དེ་དབང་དུ་བྱེད་པར་འགྱུར་རོ། །ཅི་སྟེ་གཡུལ་ངོར་འཇུག་པར་འདོད་ན་སྐྱེས་བུ་བཅིང་བ་བྱས་ལ་ཞུགས་ན་གཡུལ་ངོར་རྒྱལ་བར་འགྱུར་རོ། །ཅི་སྟེ་དམག་རེངས་པར་བྱ་བར་འདོད་ན། བེ་ཀངྐ་ཏའི་ཤིང་གི་མེ་བུས་ལ་གྲུ་ཚལ་གྱི་ཡམ་སྲེག་ཤིང་གིས་ལན་ཁྲི་སྦྱིན་སྲེག་བྱས་ན་དམག་རེངས་པར་བྱས་པར་འགྱུར་རོ། །གནོད་པ་ཐམས་ཅད་ལ་མངར་གསུམ་གྱི་སྲེག་བླུགས་ལན་སུམ་ཁྲི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །ཐལ་བས་ནི་རྫི་ཆར་གཅོད་དོ། །ཤིང་བུའམ། མཚོན་གྱིས་ནི་ལྕེ་འབབ་པ་བཟློག་གོ་།སྐུད་པ་སྔོན་པོས་ནི་འབྱུང་པོའི་གདོན་ཞི་བར་བྱེད་དོ། །གཟུགས་བྱས་ལ་ཐལ་བའམ། ཤིང་ཀ་ར་བཱི་རའི་ལྕུག་མས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །གདོན་ཆེན་པོ་ལ་ཡང་དེ་བཞིན་དུ་བྱའོ། །བྱིས་པ་གདོན་གྱིས་ཟིན་ན་འབྲས་སཱ་ལུ་བཏགས་པ་ལས་གཟུགས་བྱས་ལ་སྐེ་ཚེའི་འབྲུ་དང ། ལན་ཚཝ་དང་བསྲེས་ཏེ། ཕུབ་
134b
མའི་མེ་བུས་པའི་ནང་དུ་སྦྱིན་སྲེག་བྱས་ན་དུས་ཐམས་ཅད་དུ་མིང་ཙམ་གྱིས་གདོན་ཐམས་ཅད་འགྲོས་པར་འགྱུར་རོ། །རིམས་ཀྱིས་བཏབ་པ་ལ་ལག་པ་གཡོན་པ་ལ་སྔགས་ཀྱིས་བཏབ་སྟེ་མགོ་ལ་གཞག་ན་རིམས་ནད་སེལ་ཏོ། །ནད་ཐམས་ཅད་བསལ་བར་འདོད་ན་སྨན་ཐམས་ཅད་བསོགས་ལ་བ་རུ་རའི་ཤིང་གི་མེ་བུས་ཏེ་ལན་ཉི་ཤུ་རྩ་གཅིག་སྲེག་བླུགས་སྦྱིན་སྲེག་བྱས་ན། དེ་ཕྱིན་ཆད་ནད་ཐམས་ཅད་སེལ་ཏོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་རས་སྐྲ་མེད་པ་མ་དྲས་པ་ལ་སྔ་མ་བཞིན་དུ་རི་མོ་མཁན་གསོ་སྦྱོང་བཟུང་བ་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྣམས་ཀྱིས་རིག་པའི་རྒྱལ་པོ་འདྲིར་གཞུག་སྟེ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅོད་པན་མགུལ་ལ་ཐོགས་པ། པདྨ་དཀར་པོ་ལ་འདུག་པ།་རྒྱལ་པོ་ཆེན་པོའི་ཆ་བྱད་འཛིན། །མེ་ལྕེ་འབར་བའི་ཕྲེང་བ་ཀུན་ནས་ལང་ལོང་དུ་གྱུར་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། གཡས་པས་དམ་པ་སྦྱིན་པ། སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞལ་ཅུང་ཟད་འཛུམ་པ། སྒྲུབ་པ་པོ་ལ་གཟིགས་པར་བྲིའོ། །དེའི་འོག་རོལ་ཏུ་སྒྲུབ་པ་པོ་ལག་ན་པོ་ཕོར་ཐོགས་ཤིང་དེའི་གདོང་དུ་བལྟ་བ་ལ་བརྩོན་པ། ཚུལ་དང་མཐུན་པའི་ཆ་བྱད་ཅན་པུས་མོ་བཙུགས་པ་བྲིའོ། །དེའི་མདུན་དུ་ལན་ས་ཡ་བཟླས་བརྗོད་བྱས་ན་སྔ་མ་བཞིན་དུ་འགྲུབ་པར་འགྱུར་རོ། །རིག་པའི་རྒྱལ་པོ་སྤྱིར་བསྒྲུབ་པའོ། །
135a
༄#། །ཞི་བའི་བློ་གྲོས། གཞན་ཡང ། ལག་ན་རྡོ་རྗེའི་བུ་སྨོན་ལམ་ཆེན་པོ་ལ་དབང་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། སྔ་མ་བཞིན་དུ་འཁོར་ལོས་བསྒྱུར་བ་ཆེན་པོའི་ཆོ་གས་གསང་སྔགས་གང་ཡང་རུང་བ་མནོས་ལ། ཇི་སྐད་བརྗོད་པའི་གནས་ཀྱི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ངོགས་སུ་སོང་ལ་ལན་ས་ཡ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཚེས་ནས་བཟུང་སྟེ། རྫས་གང་བསྒྲུབ་པ་དེ་བླངས་ལ་ཟླ་བ་ཉའི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཅི་འབྱོར་པས་མཆོད་དེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་བསྲུང་བར་བྱ་སྟེ། གུ་གུལ་གྱི་ཡམ་སྲེག་ཤིང་ཞོ་དང ། སྦྲང་རྩི་དང ། མར་ལས་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འགྲུབ་པར་འགྱུར་ཏེ་རྫས་དེ་འབར་བར་འགྱུར་རོ། །དེ་བླངས་ལ་རྡོ་རྗེའི་རིགས་སུ་རྡོ་རྗེ་གཞོན་ནུའི་ལུས་འཐོབ་བོ། །གཟུངས་ཆེན་པོ་ཐོབ་བོ། །འདོད་ན་མཆིའོ། །ཅི་སྟེ་མ་གྲུབ་ན་ཡང་ལས་ཐམས་ཅད་ནུས་པར་འགྱུར་རོ། ། ཤི་འཕོས་ན་ཡང་ལྕང་ལོ་ཅན་ནམ། ལོངས་སྤྱོད་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ལག་ན་རྡོ་རྗེ་ལ་བལྟ་ཞིང་
135b
བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །ལུས་ཐམས་ཅད་ལ་བྱབ་བ་བྱས་ཏེ་མཉལ་ན། རྨི་ལམ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞིང་དེ་ཉིད་དུ་གཟུངས་ཀྱང་འཐོབ་པོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་སེར་མོ་མ་སྨད་སྤུ་མཐུན་གྱི་མར་བླངས་ལ་ཟངས་ཀྱི་སྣོད་དུ་བཅུག་སྟེ། ཙནྡན་གྱིས་དཀྱིལ་འཁོར་བྱས་ལ་དེར་གཞག་སྟེ། ཟླ་བ་ལ་མི་བལྟ་བར་དངོས་གྲུབ་རྣམ་པ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །འབར་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དུ་བར་འཐུལ་ན་མི་སྣང་བར་འགྱུར་རོ། །དྲོ་བར་གྱུར་ན་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་ཆོ་ག་སྔ་མ་བཞིན་དུ་རི་མོ་མཁན་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྦྱིན་དང་མ་འབྲེས་པའི་ཚོན་རྣམས་ཀྱིས་སྐྲ་མེད་པའི་རས་ལ་གཞོན་ནུ་གང་ཡང་རུང་བ་ཞིག་འདྲིར་གཞུག་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕུད་བུ་གསུམ་གྱིས་མགོ་བརྒྱན་པ། པདྨ་དཀར་པོ་ལ་འདུག་པ། རལ་གྲི་འོད་འབར་བའི་དབུས་ན་འདུག་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། བཞིན་འཛུམ་པ། ལག་པ་གཡས་པས་སྒྲུབ་པ་པོ་ལ་དབུགས་འབྱིན་པ། གསེར་གྱི་ཁ་དོག་ལྟ་བུའམ། བྲི་ཡང་ཀུའི་ཀ་དོག་ལྟར་སྔོ་བསངས་བྲི་བར་བྱའོ། །དེའི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ་བསྒྲུབ་པ་བརྩམས་ན་སྔ་མ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། གནོད་སྦྱིན་གྱི་དབང་
136a
༄#། །པོའི་བུ་ན་ད་ཀུ་བེ་ར་ལག་ན་རྡོ་རྗེ་དགའ་བའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང ། སྐར་མ་འདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་ལག་ན་བེ་ཅོན་ཐོགས་ཤིང་དགོན་པ་ཆེན་པོར་ཞུགས་ལ་ལམ་མི་བཟུར་མི་སྨྲ་བར་ལུས་ལ་གླང་པོ་ཆེའི་ལྤགས་པ་བགོས་ལ། དེ་དང་མཐུན་པའི་ཆ་བྱད་དུ་བསྒྱུར་ཏེ། ལག་ན་རྡོ་རྗེ་དྲག་པོའི་སྙིང་པོའམ། འཁོར་ལོས་བསྒྱུར་བ་ཆེན་པོས་བསྲུང་བ་བྱས་ལ་སློང་མོའི་ཟས་བཟའ་བའམ། ཟས་མི་བཟའ་བར་ལན་སུམ་འབུམ་བཟླས་བརྗོད་བྱས་ན། ན་ད་ཀུ་བེ་ར་ཉིད་འོང་ཞིང་དམ་པ་སྟོབས་ཏེ། དམ་པ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ཀླུའི་མཚོར་ཞུགས་ལ་ལན་ཁྲི་བཟླས་བརྗོད་བྱས་ན་ཀླུ་བྱུང་སྟེ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་སྒོར་ལན་འབུམ་བཟླས་བརྗོད་བྱས་ན་ལྷ་མ་ཡིན་གྱི་བུ་མོ་ཉིད་བྱུང་ནས་འཇུག་པར་བྱེད་དེ། སྨན་བཅུད་ཀྱིས་ལེན་ལ་སོགས་པ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ཅི་སྟེ་མི་འདོད་ན་དེ་ཉིད་དུ་དེ་དག་དང་ལྷན་ཅིག་ཏུ་འདུག་ཅིང་དབང་ཕྱུག་ཐམས་ཅད་ཀྱི་བདེ་བ་ཐོབ་པ་དང ། བསྐལ་བར་གནས་པར་འགྱུར་ཏེ། ལུས་དེ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་དང ། ཆོས་ཀྱང་ཐོས་པར་འགྱུར་རོ། །ཤི་འཕོས་ན་ཡང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བར་འགྱུར་རོ།།
136b
རྟག་ཏུ་བཟླས་བརྗོད་བྱས་ན་མཐོང་བ་ཙམ་གྱིས་སྲིན་པོ་དང ། ཡི་དྭགས་དང ། ཤ་ཟའི་གདོན་ལ་སོགས་པ་ཐམས་ཅད་རིང་བ་བས་ཀྱང་ཆེས་རིང་དུ་འབྲོས་པར་འགྱུར་རོ། །ཞི་བའི་བློ་གྲོས།་མདོར་ན། ཇི་ལྟར་བསྒྲུབས་ཀྱང་རུང ། ཆོ་ག་ཞིབ་མོ་གཞན་ནས་འབྱུང་བས་བསྒྲུབས་ཀྱང་རུང་སྟེ་ངས་པར་འགྲུབ་པར་འགྱུར་རོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བསྒྲུབ་པ་ཡིན་ཏེ། མཚན་གཅིག་ཡོད་པའམ། དུར་ཁྲོད་དུ་ཐལ་བས་ལུས་བསྐུས་ཏེ། ལག་ན་མདུང་རྩེ་གསུམ་པ་དང ། རྡོ་རྗེ་ཐོགས་ལ་སློང་མོའི་ཟས་བཟའ་ཞིང་ཡུལ་རྒྱུ་བ་དང ། གནས་མེད་པར་རྒྱུ་བ་དང ། གཙང་བ་དང ། བཟོད་པ་དང ། ནང་གཙང་བར་མངོན་པར་དགའ་བ་དང ། སེར་སྣ་མེད་པ་དང ། ལུས་དང ། སྲོག་ལ་མི་བལྟ་བར་བྱས་ལ་རི་དྭགས་ཀྱི་དབང་པོའི་ལྤགས་པའི་ཤམ་ཐབས་བགོས་ཏེ། སྙིང་པོ་འདི་ལན་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་མཚན་གཅིག་ཡོད་པའམ། དུར་ཁྲོད་དམ། ཡང་ན་ཤིང་དྲུང་གཅིག་ཡོད་པར་སྔགས་པས་བསྒྲུབ་པའི་ཕྱིར་སོང་ལ། །ཟླ་བ་ཉ་ལ་སྔ་མ་བཞིན། །ཁང་པའི་ནང་གི་རྣམ་དག་པར། །མཚན་གཅིག་ཐོག་ཐག་བཟླས་བརྗོད་བྱ། །ནམ་ཕྱེད་དམ་ནི་ཉི་ཤར་ཀར། །རྫས་དེ་གཞོན་ནུ་ཡོངས་འགྱུར་ཞིང ། །འོད་ནི་མེ་ལྕེ་འབར་ཕྲེང་འདྲ། །གྲུབ་ན་ནམ་མཁའ་སྤྱོད་ཡུལ་འགྱུར། །རྣལ་འབྱོར་ཚེ་ལ་བསྐལ་པར་གནས། །འཇིག་རྟེན་ཀུན་ཏུ་རྣམ་པར་རྒྱུ། །མཆོད་
137a
༄#། །པ་ཆེན་པོ་བྱེད་པར་འགྱུར། །ཞི་བའི་བློ་གྲོས། གསང་སྔགས་གྲུབ་པ་དང་འདྲ་བ་ནི་འཇིག་རྟེན་གསུམ་པོ་དག་ན་སུ་ཡང་མེད་དོ། །མ་བསྒྲུབས་ཀྱང་ལས་རྣམས་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་བཅིངས་ཏེ་གདོན་ཐམས་ཅད་ལ་བལྟས་ན་དེའི་མོད་ལ་གདོན་གྱིས་གཏོང་ངོ ། །རིམས་ཀྱིས་བཏབ་པ་ལ་བལྟས་ན་རིམས་ལས་སོས་པར་འགྱུར་རོ། །དོགས་པ་ཐམས་ཅད་དུ་རང་གི་ཆོ་ག་ཞིབ་མོའི་ཆོ་གའམ། གཞན་གྱི་ཆོ་ག་ཞིབ་མོའི་ཆོ་གའམ། གང་ཡང་རུང་བས་བྱས་ཀྱང་ངེས་པར་འགྲུབ་པར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། ལག་ན་རྡོ་རྗེ་དགའ་བ་ཁྲོ་བོ་ཟླ་བའི་ཐིག་ལེའི་བསྒྲུབ་པ་ནི་འདི་ཡིན་ཏེ། རིའི་རྩེ་མོའམ། རྒྱ་མཚོ་ཆེན་པོར་མིད་པ་ནུབ་ཙམ་དུ་ཆུར་ཞུགས་ལ། བསླངས་པ་མ་ཡིན་པའི་ཁ་ཟས་བཟའ་ཞིང་ཤིང་ལྟར་མི་སྨྲ་བར་བྱས་ལ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་ལ། ལམ་མི་བཟུར་བར་འཁོར་ལོའམ། རལ་གྲིའམ། མདུང་རྩེ་གསུམ་བའམ། རྩེ་གསུམ་གདེངས་པ་ལག་ན་ཐོགས་ལ་ཡི་གེ་འབྲུ་གྲངས་བཞིན་དུ་ལན་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་ཟླ་བ་ཉ་ལ་ཐོད་ཟེའུ་ཀ་བཅིངས་ཤིང་བསྲུང་བ་བྱས་ཏེ། མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འགྲུབ་སྟེ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གཟི་བརྗིད་
137b
མཚུངས་པ་མེད་པར་འགྱུར། གྲུབ་པ་ཐམས་ཅད་ཀྱང་དེ་ལས་རིང་དུ་འབྱོར་པར་འགྱུར། གནོད་སྦྱིན་དང ། སྲིན་པོ་དང ། ཤ་ཟ་ལ་སོགས་པས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་སོ། །མཁའ་འགྲོ་མས་རྒྱས་བཏབ་ན་རྒྱའི་གཟུགས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བྲིས་ཏེ། སྔགས་ཀྱིས་བཏབ་ལ་ནད་པ་ལ་བསྟན་ན་རྒྱ་བཤིག་པ་བྱས་པར་འགྱུར་རོ། ། ཚངས་པའི་སྲིན་པོའི་གདོན་གྱིས་ཟིན་ན་དུར་ཁྲོད་ཀྱི་སོལ་བས་གཟུགས་སམ། མིང་བྲིས་ལ་ཤིང་ཤ་ལ་ཏ་ཀའི་ལྕུག་མས་གཞུའོ། །ཡང་ན་བ་ལང་གི་རྔ་མའི་སྲད་བུ་ཧཱུཾ་ཞེས་བྱ་བ་དང་བཅས་པས་བསྡིགས་ན་དེའི་མོད་ལ་སྒྲ་ཆེར་ངུས་ཏེ་འབྲོས་སོ། །གང་དྲིས་པ་དེ་སྨྲའོ། །གང་ཡང་རུང་བའི་ཆོ་གས་སྦྱོར་བ་བྱས་ཀྱང་དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་ཏེ། གཞན་གྱི་ཆོ་ག་ཞིབ་མོའི་ཚོགས་བྱས་ཀྱང་གདོན་མི་ཟ་བར་འགྲུབ་བོ། །ལན་གཅིག་བཟླས་བརྗོད་བྱས་ཀྱང་རུང ། བཟླས་བརྗོད་མ་བྱས་ཀྱང་རུང་སྟེ། རྗེས་སུ་དྲན་པ་ཉིད་ཀྱིས་འགྲུབ་བོ། །ཞི་བའི་བློ་གྲོས། གཞན་ཡང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ལས་བྱུང་བ་སྟོབས་དང ། ཕ་རོལ་གནོན་པ་དཔག་ཏུ་མེད་པ། ལག་ན་རྡོ་རྗེའི་རིགས་སུ་སྐྱེས་པ།་སྟོབས་པོ་ཆེའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང ། སྐར་མ་འདམ་མི་དགོས་སོ། །སྨྱུང་བ་བྱ་མི་དགོས་ལ་སྦགས་ཀྱང་རུང ། སྦགས་པ་མ་ཡིན་པ་ཡང་རུང ། ཁྲུས་བྱས་ཀྱང་རུང ། མ་བྱས་
138a
༄#། །ཀྱང་རུང ། མི་ཐོད་ཀྱི་ཕྲེང་བ་ཐོགས་ཤིང་ཁྲིའི་ཟུར་ཤིང་ཐོགས་པ། དུར་ཁྲོད་ན་གནས་པ་ཐལ་པས་ལུས་བསྐུས་ལ་གང་དུ་ཡང་རུང་བར་སྙིང་པོ་འདི་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བསྐུས་ལ་བསྲུང་བ་བྱས་ཏེ། རྫས་གང་ཡང་རུང་བ་ཞིག་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་འབར་བར་འགྱུར་རོ། །དེ་ཐོགས་ནས་ཐོགས་པ་མེད་པར་འགྲོ་བའི་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་བ་ཐམས་ཅད་ཀྱིས་འདིའི་སྟོབས་ལ་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང ། སྤྱོད་པ་ཐོབ་པའི་རིག་སྔགས་འཆང་གྲུབ་པ་རྣམས་མ་གཏོགས་པར་འདི་དང་མཚུངས་པ་སུ་ཡང་མེད་དོ། །རྟག་ཏུ་རྗེས་སུ་དྲན་པར་བྱེད་ན་སྟོབས་དང་ལྡན་པར་འགྱུར་རོ། །གདོན་ཐམས་ཅད་དང ། གནོད་པ་ཐམས་ཅད་རང ། འཇིགས་པ་ཐམས་ཅད་དུ་ཡང་དྲན་པ་ཉིད་ཀྱིས་ཐམས་ཅད་ཞི་བར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་དུ་འཇུག་པར་འདོད་ན། ཤིང་ཤ་མེའི་བེ་ཅོན་ཐོགས་པ་ལྷ་མ་ཡིན་གྱི་ཁུང་སྒོར་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ། དུག་དང ། ཁྲག་དང ། སྐེ་ཚེའི་འབྲུ་བསྲེས་བས་ལན་ཁྲི་སྦྱིན་སྲེག་བྱས་པས་ལྷ་མ་ཡིན་གྱི་གནས་ཐམས་ཅད་དུ་བསྐལ་པའི་མེ་ལྟར་
138b
འབར་བར་འགྱུར་རོ། །བེ་ཅོན་དེ་ལ་ལན་བདུན་གྱི་སྔགས་ཀྱིས་བཏབ་སྟེ་སྒོ་དེ་ལ་བསྣུན་ན་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་འབྱུང་སྟེ། དེ་དག་གིས་སྒྲུབ་པ་པོ་དེ་རང་གི་ཁྱིམ་དག་ཏུ་འཇུག་པར་བྱེད་དོ། །སྨན་བཅུད་ཀྱིས་ལེན་ལ་སོགས་པ་ཐམས་ཅད་ཀྱང་སྦྱིན་པར་བྱེད་དོ། །གང་འདོད་པ་དེ་བྱེད་དོ། །གཞན་གྱི་ཆོ་ག་ཞིབ་མོའི་ཚོགས་བྱས་ཀྱང་འགྲུབ་བོ། །ཁྲོ་བོའི་རྒྱལ་པོ་འདི་ནི་རང་བཞིན་གྱིས་གྲུབ་པ་སྟེ་བཟླས་བརྗོད་བྱས་པ་ཙམ་གྱིས་ཐམས་ཅད་བྱེད་དོ། །ཞི་བའི་བློ་གྲོས། གཞན་ཡང ། ཕྱག་བརྙན་ཐམས་ཅད་སྤྱིའི་བསྒྲུབ་པ་འདི་ཡིན་ཏེ། མཚན་མོ་ཟས་ཟ་བ། གོས་དྲི་མ་ཅན་གྱོན་པ། ང་རྒྱལ་བཅག་པ། བརྙས་པར་གྱུར་པ། སྨྱོན་པའི་ཆ་བྱད་འཛིན་པ། བ་གད་པ་དང ། གར་བྱ་བ་དང ། སིལ་སྙན་རྣམས་ལ་མཁས་པས་ཁང་སྟོང་ངམ། ཤིང་དྲུང་གཅིག་ཡོད་པར་འགྲོ་ཡང་རུང ། འགྲེང་ཡང་རུང ། འདུག་ཀྱང་རུང ། ཉལ་ཡང་རུང ། གླུ་ལེན་ཡང་རུང ། གར་བྱེད་ཀྱང་རུང ། སྙིང་པོ་འདི་དག་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་བ་ལང་གི་ལྕི་བ་ས་ལམ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་མེ་ཏོག་བཀྲམ་སྟེ་ཅི་འབྱོར་པས་མཆོད་ལ་ལྕགས་ཨུ་ར་མོ་ལས་གྲི་བྱ་རོག་སོ་བྱས་པ་དང ། མིའི་སྐྲའི་ཞགས་པ་ཁྲུ་བཅུ་གཉིས་པའམ། ཁྲུ་གསུམ་པའམ། ཁྲུ་གང་བ་ཐོགས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འབར་བར་འགྱུར་ཏེ། དེ་ཐོགས་ན་རིག་
139a
༄#། །སྔགས་འཆང་དུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་བཞིན་བྱེད་པར་འགྱུར། འདོད་པའི་གཟུགས་འཆང་བར་འགྱུར་ཏེ། འཇིག་རྟེན་གསུམ་པོ་ཡང་བཅིངས་ནས་ཁྲིད་དེ་འོངས་ན་སེམས་ཅན་ཕལ་པ་རྣམས་ལྟ་ཅི་སྨོས། རྟག་ཏུ་རྗེས་སུ་དྲེན་པར་བྱེད་ན་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར། བསྒོ་བ་བཞིན་བྱེད་པར་འགྱུར། ཤི་འཕོས་ནས་ཀྱང་ལྷའི་ནང་དུ་སྐྱེ་བར་འགྱུར། ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། ཕྱག་བརྙན་མ་ལག་ན་རྡོ་རྗེའི་རིགས་སུ་སྐྱེས་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། གཅིག་པུ་གཉིས་སུ་མེད་པར་ཁང་སྟོང་ངམ། གནས་ཁང་ངམ། ཕུག་དབེན་པ་དུག་མེད་པར་ཕྱག་བརྙན་མ་གང་ཡང་རུང་བ་ཞིག་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་དེ་གྲི་བྱ་རོག་གི་སོ་ལྟ་བུའི་ཡུ་བ་ཅན་དང ། ཞགས་པ་ལག་ན་ཐོགས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་འགྲུབ་པར་འགྱུར་ཏེ། རིག་སྔགས་འཆང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང ། འདོད་པའི་གཟུགས་འཆང་བར་འགྱུར་རོ། །ལན་ཚཝ་ལས་གཟུགས་བྱས་ལ་སྤོས་དང ། མེ་ཏོག་དང ། བདུག་པས་མཆོད་དེ། གནས་དབེན་པ་དུག་མེད་པར་གཞག་ལ་གཅིག་པུ་མཚན་ཐོག་ཐག་
139b
ལག་པས་བྲང་དུ་བསྣུན་ཅིང་བཟླས་བརྗོད་བྱས་ན་དེ་བཞིན་དུ་ངེས་པར་འགྲུབ་སྟེ་གང་འདོད་པའི་དམ་པ་དེ་སྦྱིན་པར་བྱེད་དོ། །ཚེར་མ་ཨ་པ་མརྒའི་སོ་ཤིང་ལ་ལན་ཅིག་སྔགས་ཀྱིས་བཏབ་སྟེ་འཆོས་ནམ་བསླངས་པར་ཟས་རྙེད་པར་འགྱུར་རོ། །མདོར་ན་ཆོ་ག་གང་དང ། གང་གིས་བསྒྲུབ་པ་དེ་དང ། དེ་ཉིད་ཀྱིས་འགྲུབ་བར་འགྱུར་རོ། །འདི་དག་ནི་རང་བཞིན་གྱིས་འགྲུབ་པ་སྟེ།་འདོད་པ་ཙམ་གྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །ཞི་བའི་བློ་གྲོས། གཞན་ཡང ། ཕོ་ཉ་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པ་ནི་འདི་ཡིན་ཏེ། སློང་མོའི་ཟས་བཟའ་ཞིང ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ། དེ་བཞིན་དུ་ཤིང་ཀ་ར་བཱི་རའི་མེ་ཏོག་མར་ལ་སྨྱུགས་པ་ལན་ཁྲི་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་ཏེ་གང་འདོད་པ་དེ་བྱེད་དོ། །གཞན་ཡང་བསྒྲུབ་པ་ནི་འདི་ཡིན་ཏེ། མར་སར་ལས་གཟུགས་བྱས་ལ་སྤོས་དང ། མེ་ཏོག་གིས་མཆོད་དེ། ཟླ་བ་ཉ་ལ་ཙནྡན་གྱིས་དཀྱིལ་འཁོར་བསྐུས་ཏེ་ཟླ་བ་ལ་མི་བལྟ་བར་འབར་གྱི་བར་དུ་བཟླས་བརྗོད་བྱས་ལ། དེ་བླངས་ན་རིག་སྔགས་འཆང་དུ་འགྱུར་རོ། །ཅི་སྟེ་དུ་བ་འཐུལ་བར་འཐུངས་ན་མི་སྣང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང ། འདོད་པའི་གཟུགས་འཛིན་པར་འགྱུར་རོ། །དྲོ་བར་འགྱུར་བ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་ཏེ། ཐོས་པ་ཐམས་
140a
༄#། །ཅད་འཛིན་པའི་གཟུངས་ཐོབ་པར་འགྱུར་རོ། །ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །མཆོག་ཏུ་སྐལ་བ་བཟང་པོར་འགྱུར་རོ། །འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ཤི་འཕོས་ན་ཡང་ལྷའི་ནང་ངམ། ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་རོ། །ཞི་བའི་བློ་གྲོས། རང་བཞིན་དག་གིས་གྲུབ་པ་དག་སྟེ་འདོད་པ་ཕུན་སུམ་ཚོགས་པར་བྱེད་པར་བརླགས་པས་འགྲུབ་བོ། །ཞི་བའི་བློ་གྲོས། གཞན་ཡང ། ཕོ་ཉ་མོ་འགྲོ་བ་མཐའ་དག་གི་དོན་བྱེད་པ་རྣམས་ཀྱི་སྤྱིའི་བསྒྲུབ་པ་འདི་ཡིན་ཏེ། གྲོག་མཁར་གྱི་སའམ། ངོགས་གཉིས་ཀའི་ས་ལས་གཟུགས་བྱས་ལ་སྐྱེད་མོས་ཚལ་དབེན་པ་དུག་མེད་པར་ཅི་འབྱོར་པས་མཆོད་དེ། རིག་པ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཟླ་བ་ཉལ་གཏོར་མ་རྒྱ་ཆེར་བྱས་ལ་ལིག་པུ་མིག་གམ། གི་ཝང་ངམ། ལྡོང་རོས་ཆུས་བསྐུས་ཏེ་དེའི་ལག་ཏུ་གཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །འབར་ན་རིག་སྔགས་འཆང་དུ་འགྱུར་རོ། །དུ་བ་འཐུལ་ན་མི་སྣང་བར་འགྱུར་རོ། །དྲོ་བར་གྱུར་ན་དབང་དུ་འགྱུར་རོ། །སྟོང་གི་འཇིག་རྟེན་གྱི་ཁམས་སུ་རྣམ་པར་རྒྱུ་བ་དང ། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང ། རླུང་ལྟར་འགྲོ་བ་དང ། སེམས་ཅན་གྱི་དོན་བྱེད་པ་དང ། དམ་པའི་ཆོས་འཛིན་པར་འགྱུར་རོ། །མ་བསྒྲུབས་པར་ཡང་ལས་སུ་འགྱུར་རོ། །གི་ཝང་ལ་ལན་གཅིག་
140b
སྔགས་ཀྱིས་བཏབ་ཏེ། གདོང་ལ་བྱུགས་ན་སྐལ་བ་བཟང་པོར་འགྱུར་རོ། །ལིག་བུ་མིག་ལ་སྔགས་ཀྱིས་བཏབ་ཏེ་མིག་ལ་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ཁ་ལ་སྔགས་ཀྱིས་བཏབ་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །མེ་ཏོག་དང ། སྤོས་ལ་སོགས་པ་ལ་སྔགས་ཀྱིས་བཏབ་ནས་སུ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དབེན་པར་ལམ་དུ་འདུག་སྟེ་གང་དབང་དུ་བྱ་བར་འདོད་པ་དེའི་མིང་ནས་བརྗོད་དེ་ལག་པ་སྙིང་གར་བཅར་ལ་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་བདུན་ན་དབང་དུ་འགྱུར་རོ། །ཆུ་ལ་སྔགས་ཀྱིས་བཏབ་སྟེ་གདོང་བཀྲུས་ན་སྐལ་བ་བཟང་པོར་འགྱུར་རོ། །ལན་ཚཝའི་སྲེག་བླུགས་བརྒྱ་སྟོང་སྦྱིན་སྲེག་བྱས་ན། སྐལ་བ་བཟང་པོ་མཆོག་ཏུ་འགྱུར་རོ། །ཕྱུགས་ཆུང་འདོད་ན་ཤིང་ཀར་བཱི་རའི་མེ་ཏོག་ཨ་ག་རུས་བདུག་པ་ལ་སྔགས་ལན་རེ་བཏབ་ཏེ་ཞག་བདུན་དུ་རྒྱ་མཚོ་འབབ་པའི་ཆུར་བོར་ན་ངེས་པར་རྙེད་པར་འགྱུར་རོ། །རའི་འོ་མ་ལ་སྔགས་ཀྱིས་བཏབ་ཏེ་འཐུངས་ན་ཡང་དེ་བཞིན་དུ་རྙེད་པར་འགྱུར་རོ། །བུ་འདོད་ན་ཐང་ཤིང་གི་ཡམ་སྲེག་ཤིང་བ་སེར་མོའི་མར་ལ་སྨྱུགས་པས་ཞག་བདུན་སྦྱིན་སྲེག་བྱས་ན་བུ་ཡོད་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལྟར་ན་རྣམ་གྲངས་འདིས་ལས་སྟོང་བྱེད་དེ། དངོས་གྲུབ་ཡང་སྦྱིན་པར་བྱེད། དཔལ་ཡང་སྐྱེད་པར་བྱེད་དོ། །རྡོ་རྗེ་ཕོ་ཉ་མོ་ཆེན་མོ་འདི་དག་ནི་བཀླགས་པས་འགྲུབ་པའོ། །ཞི་
141a
༄#། །བའི་བློ་གྲོས། གཞན་ཡང ། རྡོ་རྗེའི་རིགས་ལས་བྱུང་བའི་བྲན་རྣམས་ཀྱི་བསྒྲུབ་པ་ཉོན་ཅིག་།གཙུག་ལག་ཁང་ངམ། དགོན་པའམ། གྲོང་ངམ། གྲོང་ཁྱེར་གར་བབ་བབ་ཏུ་ཉལ་བས་སུས་གཅོས་ཀྱང་ང་རྒྱལ་བཅག་པ། བྲན་གྱི་གཟུགས་འཛིན་པ། གོས་དྲི་མ་ཅན་གྱོན་པ། སྐྲ་ཤིག་ཤིག་པོར་འདུག་པ། ཁྲུས་མི་བྱེད་པ།་དྲི་མ་ཅན་གྱི་སྙིང་པོ་གང་ཡང་རུང་བ་ཞིག་གྲོང་ཁྱེར་ཆེན་པོའི་སུམ་མདོའམ། མ་མོའི་ཁྱིམ་དུ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བསྐུས་ལ་ཅི་འབྱོར་པས་མཆོད་དེ་ལྕགས་སྣ་གསུམ་གྱི་མཆིལ་ལྷམ་མམ། ལྕེ་འབབ་པས་བཅག་པའི་ཤིང་གི་མཆིལ་ལྷམ་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འབར་ཞིང་འགྲུབ་པར་འགྱུར་ཏེ། ཤིང་གི་མཆིལ་ལྷམ་གྱོན་ན་གར་འདོད་པ་དེ་ཉིད་དུ་འགྲོའོ། །འདོད་པའི་གཟུགས་འཛིན་ཅིང་རླུང་ལྟར་འགྲོ་བར་འགྱུར་རོ། །མ་གྲུབ་ཀྱང་ལས་སུ་འགྱུར་ཏེ་རྟག་ཏུ་བཟླས་བརྗོད་བྱས་ན་རྟག་ཏུ་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། །རིམས་ཀྱིས་བཏབ་པ་ལ་སྐུད་པ་ནག་པོ་བཅིངས་ན་རིམས་ལས་སོས་པར་འགྱུར་རོ། །ནད་ཐམས་ཅད་དང ། གནོད་པ་ཐམས་ཅད་ལ་ཡུངས་ཀར་རམ། སྤོས་ཆུས་བྱ་བ་པ་བྱས་ན་སོས་པར་འགྱུར་རོ།།
141b
ལག་ན་རྡོ་རྗེའི་མདུན་དུ་ཏིལ་ནག་པོ་ཞོ་དང ། སྦྲང་རྩི་དང ། མར་དང་བསྲེས་པ་ལན་སུམ་ཁྲི་སྦྱིན་སྲེག་བྱས་ན་སྡིག་པ་བྱེད་པ་ཡང་ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །ཞི་བའི་བློ་གྲོས། བྲན་རྣམས་ནི་གང་མི་བྱེད་པ་ཅི་ཡང་མེད་དེ་དམ་ཚིག་རྗེས་སུ་སྲུང་བར་བྱེད། བསྟན་པའི་དོན་བྱེད། བསྒྲུབ་པ་ན་དངོས་གྲུབ་རྣམ་པ་སྣ་ཚོགས་ཀྱི་སྒོ་སྟོན་པར་བྱེད་དོ། །གཞན་གྱི་ཆོ་ག་ཞིབ་མོའི་ཆོ་གའམ། ཇི་ལྟར་འབྱོར་པ་བྱས་ཀྱང་ངེས་པར་འགྲུབ་པར་འགྱུར་རོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། ལག་ན་རྡོ་རྗེ་དགའ་བའི་སྙིང་པོར་གྱུར་པ། གསང་བ་དང་བཅས་པའི་བྲན་མོ་རང་བཞིན་གྱིས་གྲུབ་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། ལས་སྣ་ཚོགས་བྱེད་པ། ལས་གང་དག་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་མི་འབྱུང་བ་དག་ཡོད་དེ། དེ་དག་གི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང ། སྐར་མ་འདམ་མི་དགོས། སྨྱུང་བ་བྱ་མི་དགོས་པར་མཚན་མོ་ཟས་ཟ་བ་བསླངས་པ་མ་ཡིན་པ་ཟ་བ་དེ་དང་མཐུན་པའི་ཆ་བྱད་འཛིན་པས་རལ་གྲི་སོ་གཅིག་པ་ཡུ་བ་དང་བཅས་པ་ལག་ན་ཐོགས་པ། རྒྱ་མཚོར་འབབ་པའི་ཆུར་རྐེད་པ་ནུབ་ཙམ་དུ་ཞུགས་ཏེ་ལན་སུམ་འབུམ་
142a
༄#། །བཟླས་བརྗོད་བྱའོ། །ཐ་མར་དེ་ཉིད་དུ་ཅི་འབྱོར་པས་མཆོད་དེ་ཡུངས་ཀར་དང ། གུར་གུམ་བསྲེས་པས་མཚན་ཐོག་ཐག་ལན་སུམ་འབུམ་སྦྱིན་སྲེག་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་ངེས་པར་འགྲུབ་པར་འགྱུར་ཏ། དེ་ཐོགས་པས་ཡིད་ལྟར་མགྱོགས་པ་དང ། འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་མར་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པ་ཆེན་པོ་བྱེད་པ་དང ། ཐོགས་པ་མེད་པར་འགྲོ་བ་དང ། སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་དང ། བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བསྒྲུབ་པ་གཞན་ཡང་ཡོད་དེ་རིའི་རྩེ་མོར་སོང་ལ་དེ་བཞིན་དུ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆེད་དེ་འོ་མའི་སྲེག་བླུགས་ལན་འབུམ་སྦྱིན་སྲེག་བྱས་ན་སྡིག་པ་བྱེད་པ་ཡང་ངེས་པར་འགྲུབ་པར་འགྱུར་རོ། །རི་མོའི་གཟུགས་དང ། སྐུ་གཟུགས་མེད་པར་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་མཐོང་བ། བླ་མས་གནང་བ། སེར་སྣ་མེད་པ། དད་པ་དང་ལྡན་པ། དཀོན་མཆོག་གསུམ་ལ་གཞོལ་བ། སྤྲོ་བ་དང་ལྡན་པ། ཡི་དམ་ལ་བརྟེན་པ། རྟག་ཏུ་མཉམ་པར་གཞག་པ། གསང་སྔགས་ཀྱི་དེ་ཁོ་ནའི་དོན་ལ་མཁས་པ། བླ་མ་ལ་གུས་པ་ལ་གྲུབ་པར་འགྱུར་རོ། །གཞན་དུ་ན་ནི་བརྒྱ་བྱིན་བདག་ཉིད་
142b
ཆེན་པོས་བསྒྲུབས་ཀྱང་གསང་སྔགས་ཀྱི་དངོས་གྲུབ་སྦྱིན་པར་མི་བྱེད་དེ། ཡོན་ཏན་ཇི་སྐད་བརྗོད་པ་དང་ལྡན་པ་འཛེས་\?\་པར་འགྲུབ་བོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། བྲན་ཕོ་དང ། བྲན་མོ་དང ། ཕྱག་བརྙན་དང ། ཕྱག་བརྙན་མ་དང ། ཕོ་ཉ་དང ། ཕོ་ཉ་མོ་ལ་སོགས་པ་འདི་དག་གི་མི་སྣང་བར་འགྱུར་བའི་ཡོན་ཏན་ཇི་སྐད་བརྗོད་པ་གཞན་ཡོད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཁོ་བོས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། འདི་ནི་དུས་ཡིན། འདི་ནི་ཚོད་ཡིན་ཏེ། འཇམ་དཔལ།་དེའི་དུས་ལ་བབ་པར་ཤེས་ན་ཤོད་ཅིག་།ཞི་བའི་བློ་གྲོས། དེ་ལ་ཆོ་ག་སྔ་མ་བཞིན་དུ་སྔར་སྤྱད་པ་བྱས་པའི་རིག་པའི་བརྟུལ་ཞུགས་སྤྱད་པས་སྤང་མའམ། བ་བླའམ། ལྡོང་རོས་གང་ཡང་རུང་བ་ཞིག་བླངས་ལ་ཟངས་ཀྱི་གཞུར་བཅུག་སྟེ། ངད་མ་ཤོར་བར་བྱས་ལ། ཟླ་བ་མར་གྱི་ངོ་ལ་ཞག་གསུམ་སྨྱུང་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་ལྷ་ཆེན་པོའི་གཡས་རོལ་གྱི་ལུས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ། དུ་བར་འཐུལ་གྱི་བར་དུ་བྱའོ། །དེས་ལུས་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །བུ་བཙས་པའི་ཁྱིམ་ནས་ཐལ་
143a
༄#། །བ་བླངས་ལ་སྙིམ་པར་བཅུག་སྟེ། དེ་བཞིན་དུ་ཟླ་བ་མར་གྱི་ངོ་ལ་ལྷ་ཆེན་པོའི་གཡས་རོལ་གྱིས་ལུས་ལ་བཟླས་བརྗོད་བྱ་སྟེ་དུ་བ་འཐུལ་བའི་བར་དུ་བྱའོ།། དེས་སུ་མ་རེས་བྱས་ན་མི་སྣང་བར་འགྱུར་རོ། །ཟླ་བ་མར་གྱི་ངོ་ཞག་བརྒྱད་དམ། བཅུ་བཞི་ལ་སྐར་མ་རྒྱལ་དང་གཟའ་ཟླ་བ་ལ་བབ་པའི་ཚེ། སྐྱེས་པ་ཤི་བ་དུར་ཁྲོད་དུ་བསྲེགས་པའི་མེའི་ནང་དུ་བ་རུ་རའི་ཤིང་བཅུག་ལ་ཚིག་པ་དང ། རང་གི་ཁྲག་གིས་བསད་དེ་དེའི་སོལ་བ་ཐོགས་ལ་ཁང་སྟོང་དབེན་ཞིང་དུག་མེད་པར་བ་ལང་གི་མཁྲིས་པས་ཐིག་ལེར་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་མི་སྣང་བར་འགྱུར་རོ། །ལིག་བུ་མིག་བླངས་ཏེ་ཆོ་ག་སྔ་མ་བཞིན་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཅི་འབྱོར་པས་མཆོད་ལ་བ་སེར་མོའི་མར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ཏེ། དེ་ནས་ཟླ་བ་ཉ་ལ་གྲུབ་ཀྱི་བར་དུ་བཟླས་བརྗོད་བྱས་ལ། དེས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱིས་ལུས་མི་མཐོང་བར་འགྱུར་རོ། །ཞི་བའི་བློ་གྲོས། ཡང་ལྡུམ་པོ་ཨཏྨ་གུཔྟའི་རྩ་བ་ཆོ་ག་སྔ་མ་བཞིན་དུ་བླངས་ཏེ། ལན་སུམ་འབུམ་བཟླས་བརྗོད་བྱས་ལ་ཟླ་བ་མར་གྱི་ངོ་ལ་ལྷ་རྟེན་དུ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ། ཁར་བཅུག་ན་མི་སྣང་བར་འགྱུར་རོ། །ཤུ་དག་དཀར་པོའི་རྩ་བ་དང ། རྒྱ་སྤོས་ཀྱི་རྩ་བ་ལ་སྔ་མ་བཞིན་དུ་མི་སྣང་བར་འགྱུར་གྱི་བར་དུ་བཟླས་
143b
བརྗོད་བྱའོ། །སྐར་མ་རྒྱལ་གྱི་ཚེ་ཨུཏྤ་ལ་སྔོན་པོ་བླངས་ལ་རའི་འོ་མ་དང་བཏགས་ཏེ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ། ཟངས་ཀྱི་སྣོད་དམ། ཤིང་ཨ་ཤཝཏྟའི་ལོ་མ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ།་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང་གུར་གུམ་དང ། དུ་རུ་སྐ་དང ། པདྨའི་ཟེ་བ་དང ། བ་སེར་མོ་མ་སྨད་སྤུ་མཐུན་གྱི་མར་དང་བཏགས་ལ་སྔ་མ་བཞིན་དུ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ། དེ་འཐུངས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། ཤིང་ཨ་ས་ནའི་མེ་ཏོག་དང ། ཤིང་དེ་བའི་མེ་ཏོག་རི་དྭགས་ནག་པོའི་ཁྲག་དང་བཏགས་ལ་ཟླ་བ་སྤྱང་ཀིས་ཟིན་པའི་ཆེ་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ། དེ་འཐུངས་ཤིང་ལུས་ལ་ཡང་བསྐུས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། ་ག་རུ་ནག་པོ་བླངས་ལ་སྤྲུལ་ནག་པོའི་མིག་དང ། སྔ་མ་བཞིན་དུ་ལྷ་ཆེན་པོའི་གློ་གཡས་རོལ་གྱི་ལུས་ལ་བཟླས་བརྗོད་བྱ་སྟེ་དུ་བ་འཐུལ་གྱི་བར་དུ་བྱའོ། །དེས་ཐིག་ལེར་བྱས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། ཀླུའི་རྒྱལ་པོ་ཁ་གཉིས་པ་བཟུང་ལ་ཏིལ་ནག་པོ་དང་ལྷན་ཅིག་བཏགས་ཏེ། ཟླ་བ་མར་གྱི་ངོ་ཞག་བརྒྱད་དམ། ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། འབྲུ་མར་དེས་དུ་བ་ཆགས་པར་བྱས་ལ་དེ་ལ་ཡང་སྔགས་ཀྱིས་བཏབ་
144a
༄#། །སྟེ་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། ་རུ་རའི་རུས་པའི་རྐང་ཕྱུང་སྟེ། སྦྲང་རྩི་དང་ནི་ལྷན་ཅིག་བཏགས། ། ཤཝད་ལོ་མའི་བར་བཅུག་ལ། །མཁས་པས་ཆུ་འདུས་ག་ལ་བར། །ཁོང་པ་ནང་ནི་རྣམ་དག་པར། །མཚན་གཅིག་ཐོག་ཐག་བརྗོད་བྱས་ན། །ནམ་ཕྱེད་དུས་ན་འགྲུབ་འགྱུར་ཏེ། །དེ་ལ་ཐེ་ཚོམ་ཡོད་མེད་དོ། །ཡིད་གཞུངས་པས་ནི་ཐིག་ལེ་བྱས། །དེ་ཚེ་ལུས་ནི་མི་སྣང་འགྱུར། །ལིག་བུ་དང་ནི་སྤང་མ་དག་།རིན་ལ་མི་བརྩེགས་ཉོས་ནས་སུ། །ཟངས་སྣོད་ཁ་སྦྱོར་ནང་བཅུག་ལ། །ཆོ་ག་བཞིན་དུ་སྔགས་བརྗོད་ན། །ནམ་ཕྱེད་དུས་ན་འགྲུབ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཡོད་མེད་དོ། །ལུས་ལ་བསྐུས་པ་བྱས་ན་ཡང ། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །འཇིག་རྟེན་དྲུག་ཆ་ཕྱོགས་ནས་སུ། །དེ་ཚེ་བསོད་ནམས་ལས་སུ་འགྱུར། །རིལ་བུ་བསྒྲུབ་པ་བཤད་པར་བྱས། །ཞི་བའི་བློ་གྲོས་དེ་ཉོན་ཅིག་།མཚལ་དང་དེ་བཞིན་སྤང་མ་དང ། །ཏྨ་གུཔྟའི་རྩ་བ་དང ། །ཀུ་ཏ་ཛ་དང་ལྡོང་རོས་དག་།མཁས་པས་གཅིག་ཏུ་བསྲེས་ནས་སུ། །རྒྱ་ཤུག་ཚིག་གུ་ཙམ་བྱས་པའི། །རིལ་བུ་བླངས་ལ་བསྒྲིམས་ནས་སུ། ། སྔགས་པ་སྔགས་ཀྱི་ཚུལ་གནས་ཏེ། །སྣ་གསུམ་ལྕགས་ཀྱིས་དཀྲི་བར་བྱ། །དུར་ཁྲོད་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། །སྐུ་གཟུགས་ཀྱི་མདུན་དུ་ཅི་འབྱོར་པས་
144b
མཆོད་པ་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནམ་ཕྱེད་དུས་སམ་ཡང་ན་ནི། །ཉི་མ་འཆར་ཀའི་དུས་ཀྱི་ཚེ། །རྫས་དེ་གཞན་དུ་ཡོང་འགྱུར་ཏེ། །མེ་ལྕེ་འབར་ཕྲེང་ལང་ལོང་འགྱུར། །སྔགས་པས་དེ་ནི་ཁར་བཅུག་ན། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །ཉི་མ་འཆར་འདྲའི་མདོག་ཅན་དང ། །འདོད་པའི་གཟུགས་ཅན་འཇིགས་མེད་པ། །འབྱུང་པོ་ཀུན་གྱིས་མི་ཚུགས་ཤིང ། །བསྐལ་པར་གནས་ལ་གཟི་ཆེན་འགྱུར། །བསྟན་པའི་དོན་བྱེད་དཔལ་ལྡན་ཞིང ། །རྒ་དང་འཆི་བ་རྣམ་པར་སྤངས། །ཞི་བའི་བློ་གྲོས། རིལ་བུ་གཞན་ཡང་ཡོད་དེ། བཀྐུ་ལ་ཡི་སྙིང་བླངས་ལ། །བློ་ལྡན་དོང་ཀའི་མེ་ཏོག་དང ། །ལིག་བུ་མིག་དང་སྤང་མ་དང ། །ཆ་ཤས་མཉམ་པར་བྱས་ནས་སུ། །སྣ་གསུམ་ལྕགས་ཀྱིས་དཀྲིས་བྱས་ལ། །མཚན་གཅིག་ཡོད་པའམ་དུར་ཁྲོད་དམ། །ཤིང་དྲུང་གཅིག་པའམ་ཕུག་རྣམས་སུ། །དབྱར་སྲུངས་འཇུག་ཚེ་བསྒྲུབ་པར་བྱ། །ཞི་བའི་བློ་གྲོས། དེ་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་\?\་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བ་ལང་གི་ལྕི་བས་ལམ་ལྷུང་བས་དཀྱིལ་འཁོར་བསྐུས་ལ་ཅི་འབྱོར་པས་མཆོད་དེ་དབུས་སུ་རྡོ་རྗེ་གཞག་ལ། དེའི་སྟེང་དུ་ཤིང་ཨ་ཤཝཏྟའི་ལོ་མིང་སྟེང་དུ་རིལ་བུ་གཞག་སྟེང་རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོའམ། རྡོ་རྗེ་གཙུག་ཏོར་གྱིས་བདག་དང ། རྫས་བསྲུང་བ་བྱས་ལ། བ་དམར་སེར་གྱི་མར་དང་སྤྲང་རྩི་བསྲེས་པ་
145a
༄#། །ལན་སྟོང་རྒྱུན་མི་འཆད་པར་སྦྱིན་སྲེག་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། དེ་ནས་ནམ་ཕྱེད་དམ། ཉི་མ་འཆར་ཀར་རྫས་དེ་འགྱུར་ཏེ། དེ་ཁར་བཅུག་ན་ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང ། བསྐལ་པར་གནས་པ་དང ། རྒ་བ་དང ། འཆི་བ་རྣམ་པར་སྤངས་པ་དང ། འཇིག་རྟེན་གྱི་ཁམས་གཞན་དུ་མར་རྣམས་པར་རྒྱུ་བ་དང ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །ཕྱུང་ན་མི་སྣང་བར་འགྱུར་ཞིང་ཡིད་ལྟར་མགྱོགས་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། བ་ལ་ཨ་ཏི་བ་ལི་རྩ། །དེ་བཞིན་གསེར་དང་དངུལ་དང་ནི། །ལིག་པུ་མིག་དང་ཤུ་དག་དང ། །དེ་བཞིན་དུ་ནི་མཐིང་ཤུན་དང ། །དེ་དག་ཆ་ཤས་བསྙམས་ནས་སུ། །ཕྱེ་མ་སྐམ་པོར་བྱས་པ་དག་།ཆར་པའི་ཆུས་ནི་སྤྲུས་ནས་སུ། །རིལ་བུ་གསུམ་ཞིག་བྱས་པ་ལ། །ཟངས་ཀྱི་ལེབ་མས་དཀྲིས་ནས་སུ། །སྔགས་པས་སྔ་མ་བཞིན་དུ་བཞག་།ཟླ་བ་སྤྱང་ཀིས་ཟིན་པའི་ཚེ། །ཞག་གཅིག་སྨྱུང་བ་བྱས་ནས་སུ། །གྲུབ་པ་དེ་ནི་ཁར་བཅུག་ན། །རྟག་ཏུ་མི་སྣང་འགྱུར་བ་ཡིན། །གཞན་ཡང་རིལ་བུ་གཞན་ཡོད་དེ། ཤིང་ཏི་ལ་ཀའི་མེ་ཏོག་དང ། བྱི་ལ་ནག་པོའི་སྙིང་དང ། ཕ་བང་གི་སྙིང་སྐམ་པོ་བཏགས་ལ། ཆར་པས་སྤྲུས་པའི་རིལ་བུ་ཡང་སྔ་མ་བཞིན་ཏེ་མི་སྣང་བར་འགྱུར་རོ། །
145b
རིལ་བུ་གཞན་ཡང་ཡོད་དེ། ཤིང་པ་ན་སའི་ས་བོན་དང ། ཛི་བན་ཏའི་ས་བོན་དང ། ཤིང་ཨ་ག་སྟའི་མེ་ཏོག་དང ། བྱུ་རུ་དང ། སྟང་ཟིལ་དང ། ཤིང ། ཏྩའི་མེ་ཏོག་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ། མི་སྣང་བར་འགྱུར་རོ། །ཤེལ་དང ། ལྷང་ཚེར་དང ། ཤིང་བ་རུ་ཎའི་ས་བོན་དང ། དྲི་སྣ་ཏའི་ས་བོན་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ། མི་སྣང་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། དུང་གི་ལྟེ་བ་དང ། ་ག་ནི་ཛ་ཡ་དང ། ལྡོང་རོས་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ། མི་སྣང་བར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། དུག་དང ། བོང་བ་དང ། ལང་ག་ལི་དང ། དུ་རུ་སྐའི་རྩ་བ་དང ། དེ་དག་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ། གྲུབ་པར་འགྱུར་རོ། །རིལ་བུ་གཞན་ཡང་ཡོད་དེ། ཤིང་མ་དུ་ཀའི་སྙིང་པོ་དང ། ཤིང་སཱ་ལ་སེར་པོའི་སྙིང་པོ་དང ། ཁབ་ལོང་རྣམས་ཆ་བསྙམས་པ་ཡང་སྔ་མ་བཞིན་ཏེ། མི་སྣང་བར་འགྱུར་རོ། །ཞི་བའི་བློ་གྲོས། འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་གསུངས་ཤིང་བྱིན་གྱིས་བརླབས་པའོ། །ཞི་བའི་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དབའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག་རིལ་བུ་འདི་དག་བསྒྲུབ་པའི་ཕྱིར་རྟག་ཏུ་མངོན་རང་བརྩོན་པར་བྱེད་པ་དེ། ཚེ་འདི་ལ་ཆོས་གཉིས་རེ་བར་བྱ་སྟེ། གཉིས་གང་ཞེ་ན། འདི་
146a
༄#། །ལྟ་སྟེ།་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་བ་དང ། ཡོངས་སུ་མི་ཉམས་པའི་ཆོས་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །གཞན་ཡང་ཆོས་གཉིས་ཏེ། ཚེ་འདི་ལ་དངོས་གྲུབ་ངེས་པར་གཞོལ་བར་འགྱུར་བ་དང ། ཤི་འཕོས་ནས་ཀྱང་རྡོ་རྗེའི་རིགས་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ། །ཡང་གཉིས་ཏེ། འདི་ལྟ་སྟེ། ནད་ཐམས་ཅད་ལས་ཐར་པར་འགྱུར་བ་དང ། སྡིག་པ་དང་བྲལ་བར་འགྱུར་བའོ། །ཞི་བའི་བློ་གྲོས་།གཞན་ཡང ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་དང ། གསུང་དང ། ཐུགས་ཀྱི་སྤྱོད་ཡུལ་ལ་བརྩོན་པ་དང ། ཡིད་གཉིས་དང ། ཐེ་ཚོམ་དང་བྲལ་བ་དང ། ཡང་དག་པའི་ལྟ་བ་དང ། བྱམས་པ་དང་ལྡན་པ་དང ། སྙིང་རྗེ་ཅན་དང ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་དུ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན། ཇི་ལྟར་བརྟུལ་ཞུགས་ལ་གནས་པ་ཡིན། ཇི་ལྟར་སྤྱད་པ་སྤྱོད་པ་ཡིན། འཇམ་དཔལ། བྱང་ཆུབ་སེམས་དཔའ་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་
146b
དཔའ་གང་ལ་གནས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་བ་དང ། གསང་སྔགས་རྣམས་ལ་དངོས་གྲུབ་ཐོབ་པ་དང ། ཐེག་པ་ཆེན་པོ་ལས་ཡོངས་སུ་མི་ཉམས་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། ལེགས་སོ། །ལེགས་སོ། །ཡང་ལེགས་སོ། །ཞི་བའི་བློ་གྲོས། ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཁོ་བོས་ཁྱོད་ལ་བཤད་དོ། །ཞི་བའི་བློ་གྲོས། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང ། འགྲེང་ཡང་རུང ། འདུག་ཀྱང་རུང ། ཉལ་ཡང་རུང ། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མ་གཡོ་བ་དེའི་ཚེ། ཞི་བའི་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །གང་གི་ཚེ་དེས་ལྟས་བསྟན་པ་དེའི་ཚུལ་དང་མཐུན་པར་བྱ་བ་བྱེད་པ་དང ། དེའི་རྣམ་པར་བསྟེན་པ་དང ། རྣལ་འབྱོར་ལ་བརྩོན་པ་དེའི་ཚེ་བརྟུལ་ཞུགས་ལ་གནས་པ་ཡིན་ནོ། །གང་གི་ཚེ་བརྟུལ་ཞུགས་དེ་ལ་བཟླས་བརྗོད་དང ། སྦྱིན་སྲེག་ལ་སོགས་པའི་ལས་སྤྱོད་པའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །ལྷའི་གཟུགས་དེ་དང་ཐ་མི་དད་པའི་
147a
༄#། །རྣལ་འབྱོར་ལ་བརྩོན་ཞིང་གང་གི་ཚེ་བསླབ་པའི་གཞི་རྣམས་ཀྱང་ཡོངས་སུ་བཟུང་སྟེ། ཐེག་པ་ཆེན་པོ་ལ་སྤྱོད་པ་དེའི་ཚེ་གསང་སྔགས་རྣམས་ལ་དངོས་གྲུབ་འཐོབ་བོ། །ཞི་བའི་བློ་གྲོས། གཞན་ཡང ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མཚན་མ་མེད་པ་ལ་གནས་པར་བྱའོ། །ཞི་བའི་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་ཇི་ལྟར་མཚན་མ་མེད་པ་ལ་གནས་པ་ཡིན་ཞེ་ན། ཞི་བའི་བློ་གྲོས་བྱང་ཆུབ་ཀྱི་སེམས་བསྒོམས་ན་མཚན་མ་མེད་པ་ལ་གནས་པ་ཡིན་ཏེ། ཞི་བའི་བློ་གྲོས། གང་ལ་མཚན་མ་རྣམས་མི་འབྱུང་ཞིང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ་མི་དམིགས་པའོ། །ཞི་བའི་བློ་གྲོས། སེམས་མི་དམིགས་པའི་ཕྱིར་སེམས་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའི་ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །སེམས་ཅན་རྣམས་ལ་ཕན་བཞེད་པས། །རྫོགས་སངས་རྒྱས་ཀྱིས་བཅས་པ་ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང ། །སྤྱོད་དང་བསླབ་པའི་གཞི་རྣམས་ལ། །གང་ཚེ་གནས་
147b
ནས་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་སྒྲུབ་པོ། །རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བས་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ ། །དེ་ལྟ་བས་ན་རྟོག་སྤངས་ལ། ། སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་བྱིས་པ་རྩེ་བའི་སྤྱོད་པའི་གར་རྣམ་པར་དག་པའི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག་།འཇམ་པའི་དབྱངས་ཅན་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་པ། །སྔགས་དང་གསང་སྔགས་སྤྱོད་པ་དང ། །རྣམ་པ་ཀུན་ཏུ་བྱིས་རྩེན་དང ། །ཏིང་ངེ་འཛིན་དང་གཟུངས་རྣམས་དང ། །བསམ་གཏན་བསམ་གཏན་བྱེད་རྣམས་ཀུན། །བདག་ཅག་རྣམས་ལ་ཐུགས་བརྩེའི་ཕྱིར། །ལག་ན་རྡོ་རྗེ་དབང་བསྐུར་བ། །གསང་སྔགས་ཤེས་པ་ཆེ་འབྱུང་བ། །དཀྱིལ་འཁོར་ཆེན་
148a
༄#། །པོ་གཙོར་གྱུར་པ། །སྤྱོད་པ་ཀུན་ཏུ་བརྟན་པའི་གཞི། །དཀྱིལ་འཁོར་འདི་ནི་བཤད་དུ་གསོལ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་གཟོད་མ་ནས་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་སྙིང་པོ་རྡོ་རྗེ་ཆེན་པོའི་ཡི་གེ་སྨྲས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བ་རད་བཛྲ་མཾ། དེ་ནས་དམ་པ་སྦྱིན་པའི་རྡོ་རྗེའི་སྙིང་པོ་ཆེན་པོ་འདི་སྨྲས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་མགྲིན་གཅིག་ཏུ། ཀྱེ་མ། དམ་པ་སྦྱིན་པའི་རྡོ་རྗེ་ཆེན་པོ་འདི་ནི་སྔོན་གྱི་སྤྱོད་པ་ལས་བྱུང་བའོ་ཞེས་སྨྲས་སོ། །ཡང་འཇམ་དཔལ་གྱིས་རང་གི་དམ་བཅས་པའི་ཡི་གེའི་རྡོ་རྗེ་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་ཧེ་ཀུ་མཱ་ར་ཀ། བཛྲ་བཛྲ་སྨ་ར་སྨ་ར། པྲ་ཏི་ཛྙཱ་སཝཱཧཱ། འཇམ་དཔལ་གྱིས་ཡང་རང་གི་ངག་ཡང་དག་པར་གྲུབ་པའི་གཞིའི་གསང་སྔགས་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཱ་ཀྱེད་ཏཱ་རེ་ཀུ་མཱ་ར་རཱུ་པ་དྷ་ར་སཝཱཧཱ། ཡང་འཇམ་དཔལ་གྱིས་རང་གི་ངག་ཡང་དག་པར་གྲུབ་པའི་སྒོའི་གསང་སྔགས་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཱ་ཀྱེ་ད་བཛྲ་ཧེ་སཝཱཧཱ། འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་ངག་གི་དོན་སྒྲུབ་པར་བྱེད་པའི་གསང་སྔགས་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཱ་ཀྱེ་ད་བཛྲ་ཀོ་བིད་
148b
སཝཱཧཱ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཆེན་པོ་རྡོ་རྗེ་རྩེ་མོ་ལྡེག་པ་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏ་བཛྲ་ཧཱི་སཝཱཧཱ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་ཕོ་ཉ་མོའི་ཚོགས་ཀྱི་སྙིང་པོ་སྨྲས་པ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲེ་བ་ཀི་ཥི་ནི་སཝཱཧཱ། ན་མཿ སརྦ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བཛྲོད་ཀར་ཀེ་ཥི་ནི་སཝཱཧཱ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་སུ་མ་ཏི་བཛྲཱི་ཎི་སཝཱཧཱ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཙི་ཏྲཱ་ཀྵི་བཛྲི་ཎཱ་སཝཱཧཱ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨཱ་ཀཪྵ་ཎི་བཛྲོད་གི་སཝཱཧཱ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་རྡོ་རྗེ་མཆོག་གི་དཀྱིལ་འཁོར་སྨྲས་པ། རྡོ་རྗེའི་དཀྱིལ་འཁོར་ཆེ་འདི་ནི། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། རྡོ་རྗེ་མཚན་རྟགས་མཚན་མ་ཅན། །དེ་ཡི་དབུས་སུ་བྱ་བ་ནི། །གྲུ་གསུམ་རྣམ་པར་གནས་པ་སྟེ། །གྲུ་གསུམ་ལྟ་བུར་གཞག་པར་བྱ། །མེ་ལས་བྱུང་བའི་དཀྱིལ་འཁོར་བྲི། །ཚོན་ནི་ཀུན་ཏུ་དམར་པོ་སྟེ། །རྡོ་རྗེ་འབར་བཅས་མཚན་མ་ཅན། །དེ་ཡི་ཆ་གསུམ་གཞག་ནས་ནི། །ུཏྤ་ལ་ཡི་གཟུགས་བྲིས་ཏེ། །དེ་ཡི་སྟེང་དུ་རྡོ་རྗེ་བྲིས། །འབར་དང་བཅས་ཤིང་ཐིག་ལེར་མཛེས། །ཐ་མ་ཐོག་ཐག་བྱ་བ་ནི། །ུཏྤ་ལ་གཟུགས་ཀྱི་ཕྲེང་བའོ། །སྔགས་པས་དེ་ཡི་དབུས་སུ་ནི། །གཞོན་ནུ་བྱིས་པའི་གཟུགས་ལྡན་པ། །མགོ་ལ་ཕུད་བུ་ལྔ་གཞག་པ། །ཤ་མདོག་གུར་གུམ་འདྲ་བ་
149a
༄#། །བཞག་།ལག་པ་གཡོན་པ་ན་ཨུཏྤ་ལ་རྡོ་རྗེ་དང་བཅ་པ་ཐོགས་ཤིང་གཡས་པས་དམ་པ་སྦྱིན་པའོ། །ཡང་ན་ཕྱག་རྒྱའི་གཟུགས་སོ། །ཡང་ནི་ཡི་གེའོ། །དེ་ཡི་ཕྱག་རྒྱ་བྲི་བ་ནི། །ུཏྤ་ལ་རབ་ཏུ་བཟང་པོ་སྟེ། །དེ་ཡི་སྟེང་དུ་རྡོ་རྗེ་བྲི། །འབར་དང་བཅས་ཤིང་ཐིག་ལེས་མཚན། །དེའི་གཡས་རོལ་དུ་སྙིང་པོ་རྣམས་གཞག་གོ་།གཡོན་རོལ་དུ་ཕོ་ཉ་མོ་རྣམས་སོ། །འོག་རོལ་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལྡེག་པའོ། །ལྷོ་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ནུབ་ཕྱོགས་སུ་ནི་ནམ་མཁའི་སྙིང་པོའོ། །བྱང་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཁོར་དང་བཅས་པ་སྟེ་ཆ་བྱད་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །ཡང་ན་ཕྱག་རྒྱ་རྣམས་སོ། །ཡང་ན་ཡི་གེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྙིང་པོ་མཆོག་འདི་བསྒྲུབ་པ་སྨྲས་པ། དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ། དབང་བསྐུར་བ། དཀྱིལ་འཁོར་དུ་ཞུགས་པ། སྡོམ་པ་བླངས་པ། རིག་པའི་བརྟུལ་ཞུགས་སྤྱོད་པས་གནས་ཁང་ངམ། ཕུག་དབེན་པ་དུག་མེད་པར་སྙིང་པོ་འདི་ལན་གསུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཨུར་མོའམ། ལྕགས་སྣ་གསུམ་མམ། ཙནྡན་ལས་བྱས་པའི་རལ་གྲིའམ། འཁོར་ལོ་འམ། ལྕགས་ཀྱུའམ། བེ་ཅོན་ནམ། དགྲ་སྟའམ། མདུང་ཐུང་ངམ། ཞགས་པའམ། མདའ་བོ་ཆེ་གང་
149b
ཡང་རུང་བ་ཞིག་།བའི་རྣམ་ལྔས་བཀྲུས་ལ། ཡང་སྤོས་ཆུས་བཀྲུས་ཏེ། བ་ལང་གི་ལྕི་བའི་ཕུང་པོའི་སྟེང་དུ་གཞག་ལ་འཁོར་ལོས་བསྒྱུར་བ་ཆེན་པོས་བསྲུང་བར་བྱའོ། །ཐ་མར་དེ་ཉིད་དུ་མཆོད་པ་རྒྱ་ཆེན་པོ་བྱས་ལ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ཏེ་དམ་པ་སྦྱིན་པའི་རྡོ་རྗེ་དཀྱིལ་འཁོར་ལ་གནས་པས་ཨ་ག་རུའི་ཡམ་སྲེག་ཤིང་ཞོ་དང ། སྦྲང་རྩི་ལ་སྨྱུགས་པས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན། ནམ་ཕྱེད་དམ། ཉི་མ་འཆར་ཀར་མཚན་མ་ཆེན་པོ་དག་འབྱུང་ཞིང་རྫས་ཀྱང་འགྱུར་ཏེ་འགྲུབ་པར་འགྱུར་རོ། །དེ་ཐོགས་ནས་རིག་སྔགས་འཆང་དུ་འགྱུར་ཏེ། ཡིད་ལྟར་མགྱོགས་པ་དང ། འཇིག་རྟེན་གྱི་ཁམས་གཞན་དུ་མར་རྣམ་པར་རྒྱུ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ་དང ། བྱང་ཆུབ་ཀྱི་ཡན་ལག་གི་གཟུངས་ཐོབ་པ་དང ། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་དང ། རྒ་བ་དང ། འཆི་བ་རྣམ་པར་སྤངས་པ་དང ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སྨོན་ལམ་གྱི་དབང་མ་གཏོགས་པར་ལུས་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ས་ནོན་ནོ། །རིག་སྔགས་འཆང་གཞོན་ནུའི་གཟུགས་དང་ལྡན་པ། དམ་པ་སྦྱིན་པའི་རྡོ་རྗེ་མཚན་མ་ཅན། ལྷ་ལ་སོགས་པ་ཐམས་ཅད་ཀྱིས་ཕྱག་བྱས་བའམ། མ་དུལ་བ་འདུལ་བ། སྣ་ཚོགས་གཟུགས་ཅན་གྱི་ནོར་བུ་དང་འདྲ་བ། རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་
150a
༄#། །གཡོག་འཁོར་དང་ལྡན་པར་ཡིད་ལས་བྱུང་བའི་ཁང་པ་ཆེན་པོ་ན་གནས་པ། དེ་མཐོང་བས་རིག་སྔགས་འཆང་རྣམས་མི་དབུལ་པོ་དང་འདྲ་བར་སེམས་ཤིང ། བདག་ཅག་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་འགྱུར་རོ། །མ་བསྒྲུབས་ཀྱང་ལས་སུ་འགྱུར་ཏེ། ཉིན་གཅིག་བཞིན་དུ་རྗེས་སུ་དྲན་པར་བྱེད་ན་མཚམས་མེད་པ་ལྔ་ལ་སོགས་པའི་ལས་རྣམས་ཀྱང་བྱང་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ཉི་མ་འཆར་ཀར་ཕྱག་རྒྱ་བཅིངས་ཏེ། ལན་བརྒྱ་རྩ་བརྒྱད་བརྗོད་ན་ཟླ་བ་དྲུག་ན་ཡུལ་གྲུ་སྦྱིན་པར་བྱེད་དོ། །ཤིང་ཀ་ར་བཱི་རའི་མེ་ཏོག་དག་ལ་སྔགས་ལན་རེ་རེ་བཏབ་སྟེ། ཉི་མའི་གཟུགས་ལ་བསྣུན་ན་ཟླ་བ་གཅིག་ན་གྲོང་དམ་པ་བརྒྱད་སྦྱིན་པར་བྱེད་དོ། །པདྨའི་རྫིང་བུར་སོང་སྟེ།། པདྨ་དག་ལ་ལན་བདུན་སྔགས་ཀྱིས་བཏབ་ནས་བཅོམ་ལྡན་འདས་དམ་པ་སྦྱིན་པའི་རྡོ་རྗེ་ལ་ཕུལ་ལ་སྙིང་པོ་མཆོག་དེ་ཉིད་ཀྱིས་འབྲས་ཀྱི་འོ་ཐུག་གིས་ལན་འབུམ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་སྦྱིན་པར་བྱེད་དོ། །གདོང་ལ་སྔགས་ཀྱིས་བཏབ་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ཁྲོས་པ་ལ་ཕྱག་རྒྱ་བཅིངས་ཏེ་སྙིང་པོ་དྲན་པར་བྱས་ན་དང་བར་འགྱུར་རོ། ། ཆུ་ཀླུང་ཆུ་སྲིན་འཛིན་ཁྲིས་གང་བ་མཐོང་ན་བོང་བ་ལ་སྔགས་ཀྱིས་བཏབ་སྟེ། འཕངས་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་འགྱུར་རོ། །གོས་ཀྱི་མཐའ་མར་མདུད་པ་པོར་ཏེ་བགོས་
150b
ན་ཁ་བཅིངས་པ་བྱས་པར་འགྱུར་རོ། །དེ་བཞིན་དུ་འབྲོག་དགོན་པའམ། ཆོམ་རྐུན་གྱི་འཇིགས་པ་ཡོད་པར་ཡང་དེ་ལྟར་མདུད་པ་བོར་ན་རེངས་པ་བྱས་པར་འགྱུར་རོ། །གདུག་པས་ཟིན་པ་ལ་མགོའམ་མགུལ་བར་བཀོད་ན་དུག་མེད་པར་འགྱུར་རོ། །སྙིང་པོ་དམ་པ་ཐིག་ལེ་དང་བཅས་པར་རྐང་མཐིལ་ཡན་ཆད་དུ་བསམས་ན་དུག་མེད་པར་འགྱུར་རོ། །མཁའ་འགྲོ་མས་རྒྱས་བཏབ་པ་ལ་རང་གི་སྙིང་གར་བསམས་ལ་ནད་པའི་མགོ་ལ་རང་གི་གཟུགས་སུ་བསམས་ན་དེའི་མོད་ལ་སོས་པར་འགྱུར་རོ། །གདོན་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་ལ་ཡང་དེ་བཞིན་དུ་ཕྱག་རྒྱ་བཅིངས་ལ། ཐལ་བའམ། ཡུངས་ཀར་ལ་སྔགས་ལན་བདུན་བཏབ་སྟེ། མགོ་བོར་བསྣུན་ན་ཐམས་ཅད་འབྲོས་སོ། །རླུང་ཆེན་པོ་ལྡང་བ་མཐོང་ན་ཆུ་ལ་སྔགས་ཀྱིས་བཏབ་སྟེ། གཏོར་ན་དེའི་མོད་ལ་ཞི་བར་འགྱུར་རོ། །ལྕེ་འབབ་པ་མཐོང་ན་ལག་པ་གཡོན་པའི་མཛུབ་མོ་ལ་སྔགས་ཀྱིས་བཏབ་སྟེ་བསྡིགས་ན་ཟློག་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །ཅི་སྟེ་འཆི་བྱེད་ལ་ཕུར་པུས་གདབ་པར་འདོད་ན་སེང་ལྡེང་གི་ཕུར་བུའམ། ལྕགས་ཀྱི་ཕུར་བུ་ལ་རབ་ཏུ་དྲག་པོའི་སྙིང་པོ་དམ་པས་ལན་བརྒྱད་བརྒྱས་སྔགས་ཀྱིས་བཏབ་ལ་དོགས་གཉིས་ཀ་ནས་ས་བླངས་ཏེ།་གཟུགས་སོར་བརྒྱད་པའི་ཚད་དུ་བྱས་ལ་མི་རོ་བཞག་པའི་ཁྲི་ལས་སྲད་བུ་བཀོད་དེ། དེའི་ཡན་ལག་དང ། ཉིད་ལག་རྣམས་བཅིངས་ལ་སྙིང་གར་ཕུར་བུ་དེས་བཏབ་པར་འགྱུར་ཏེ། ཅི་
151a
༄#། །ཡང་མི་བྱེད་དོ། །དགྲོལ་ན་ཕུར་བུ་ཕྱུང་ལ་མར་དང ། སྦྲང་རྩིས་བཀང་ན་ཕུར་བུ་ཕྱུང་བར་འགྱུར་རོ། །རཱ་ཛཱ་ནམ་བ་ཤི་ཀ་རྟུག་མོ་ལ་པཎ་མ་ཡིཾ་བྲ་ཀྲྀ་ཏྲིར་ཀྲྀཏྭ་ར་ཧཱ་ས་བ་བི་གཏ་པརྤ་ཏ་ཨཱ་ཀྲེ་བ་ཏ་ཀྵི་ན་ཙ་ར་ནད་ཨ་བར་བྷྱཿ ། ཡ་ཐཱ་བི་བོ་ཐཱ་པཱུ་ཛ། ཀྲྀ་ཏྭཱ་ཚད་ཏྭ་ཛཱུ་ཧཱུ་ཡད་ཏྲིས་བད་ཧ་རཱ་ཛ་ས་པ་རི་བཱ་རོ་བ་ཤམ་ཨ་གཙྪ་ཏི། སྐལ་བ་བཟང་པོ་བྱ་བར་འདོད་ན་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་གཅིག་བཞིན་ལན་ཚཝའི་སྲེག་བླུགས་སྦྱིན་སྲེག་བྱས་ན་རྐང་གཉིས་པ་དང ། རྐང་བཞི་པ་ཐམས་ཅད་ཀྱི་ནང་ན་སྐལ་བ་མཆོག་ཏུ་བཟང་པོར་འགྱུར་རོ། །ཁ་ཟས་ཀྱི་སྦྱིན་སྲེག་བྱས་ན་ཁ་ཟས་འབྱུང་ངོ ། །དམ་པ་སྦྱིན་པའི་རྡོ་རྗེ་ལ་བལྟ་ཞིང་ཟས་མི་བཟའ་བར་བཟླས་བརྗོད་འབུམ་བྱས་ན་གང་འདོད་པ་དེའི་དམ་པ་སྦྱིན་པར་བྱེད་དོ། །ཤིང་ནྱ་གྲོ་དྷའི་དྲུང་དུ་དཀྱིལ་འཁོར་བྱས་ལ་མེ་ཏོག་བཀྲམ་སྟེ་བསྲུང་བ་བྱས་ལ། ཨ་ག་རུའི་བདུག་པ་བསྲེག་ཅིང་ཟས་མི་བཟའ་བར་གནོད་སྦྱིན་མོ་ཡིད་ལ་བྱས་ཏེ། ལན་འབུམ་བཟླས་བརྗོད་བྱས་ན་གནོད་སྦྱིན་མོ་འོང་བར་འགྱུར་ཏེ། གང་བསླངས་བ་དེ་སྦྱིན་པར་བྱེད་དོ། །ཉིན་གཅིག་བཞིན་དུ་མཆོད་པ་བྱས་ཤིང་ནོར་བུ་བཟང་གི་ལག་ནས་བཟུང་སྟེ། །ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན། ཟླ་བ་དྲུག་གིས་ཏི་ན་ར་བརྒྱ་སྦྱིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་
151b
ཞབས་ཀྱི་མཐེ་བོང་ལ་བཟུང་ལ། ཉི་མ་ཤར་ཀ་ནས་ནུབ་ཀྱི་བར་དུ་མིག་ཕྱེ་སྟེ་བཟླས་བརྗོད་བྱས་ན། ཐོག་མ་མེད་པའི་དུས་ཀྱི་སྔོན་གྱི་ལས་རྣམས་འབྱང་བར་འགྱུར་རོ། །དམ་པ་སྦྱིན་པའི་རྡོ་རྗེ་ལ་བལྟ་ཞིང་མིག་མི་འཛུམས་པར་བཟླས་བརྗོད་བྱས་ན་ཚེ་རིང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་ཞིང་ཉིན་རེ་བཞིན་དུས་གསུམ་དུ་དྲན་པར་བྱེད་ན་དམ་པ་སྦྱིན་པར་འགྱུར་རོ། །ལག་ན་རྡོ་རྗེའི་ལག་ན་ཡོད་པའི་རྡོ་རྗེ་ལ་འཇུས་ཏེ་ཁ་ཟས་མི་བཟང་བར་ལན་སུམ་འབུམ་བཟླས་བརྗོད་བྱས་ན་རང་གི་གནས་སུ་ཁྲིད་པར་འགྱུར་རོ། ། རྡོ་རྗེའི་རིགས་གཞོན་ནུའི་ལུས་ཐོབ་པར་འགྱུར་རོ། །དེ་བཞིན་ཀུན་ཏུ་བཟང་པོ་དང ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བལྟས་ཏེ་ཟས་མི་བཟའ་བར་ལན་སུམ་འབུམ་བཟླས་བརྗོད་བྱས་ན་རང་རང་གི་གནས་སུ་ཁྲིད་པར་འགྱུར་རོ། །ཆར་མི་འབབ་ན་སྟར་བུའི་ཡམ་སྲེག་ཤིང་འོ་མ་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཆར་འབབ་པར་འགྱུར་རོ། །བདག་གི་དབུགས་བཀག་ལ་ཆུའི་ནང་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཟླ་བ་དྲུག་གིས་གཟུངས་ཐོབ་པར་འགྱུར་རོ། །ཉི་མ་འགྱུར་བའི་ཚེ་ལན་སུམ་འབུམ་བཟླས་བརྗོད་བྱས་ན། །བློན་པོ་ཆེན་པོའི་ཐབས་སམ། གཏེར་ཆེན་པོ་འཐོབ་པར་འགྱུར་རོ། །ལག་ན་མདུང་རྩེ་གསུམ་པ་ཐོགས་ལ་སློང་མོའི་ཟས་ཟ་ཞིང་མ་མོའི་ཁྱིམ་དུ་ཅི་
152a
༄#། །འབྱོར་པས་མཆོད་པ་བྱས་ཏེ། ལན་སུམ་འབུམ་བཟླས་བརྗོད་བྱས་ན་མ་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ་གང་འདོད་པ་དེ་བྱེད་དོ། །གུ་གུལ་གྱི་བདུག་པས་གདོན་ཐམས་ཅད་སེལ་ཏོ། །འབྲུ་མར་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་པས་ལྟོ་བ་ན་བ་སེལ་ལོ། །རབ་ཏུ་འཁྲུབ་ལ་སྲད་བུ་སྔོན་པོ་ལ་སྔགས་ཀྱིས་བཏབ་སྟེ་རྐེད་པར་བཅིངས་ན་རབ་ཏུ་འཁྲུ་བ་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་བིལ་བའི་འབྲས་བུ་བཏགས་ཏེ། ལན་ཉི་ཤུ་རྩ་གཅིག་སྔགས་ལ་བསྐུས་ན་སོས་པར་འགྱུར་རོ། །མིག་ན་བ་ལ་དྲོ་བའི་མེ་ཏོག་གི་ཁུ་བ་ལ་ལན་གཅིག་སྔགས་ཏེ་སྣར་བླུགས་ན་སོས་པར་འགྱུར་རོ། །ཙནྡན་གྱི་ལྡེ་གུ་ལ་ལན་བརྒྱ་རྩ་བརྒྱད་སྔགས་པས་ཚ་བའི་རིམས་སེལ་ཏོ། ། ག་རུའི་བདུག་པའམ། གུ་གུལ་གྱི་བདུག་པས་ཞག་བཞི་པ་སེལ་ཏོ། །བན་དྷུ་ཀའི་ཤིང་གིས་འབྲས་ཀྱི་འོ་ཐུག་བཅོས་ཏེ་སྐྱེས་བུའམ། བུད་མེད་བུ་མེད་པའི་རང་བཞིན་ཅན་ལ་བླུད་ན་སྐྱེས་པ་དང་མ་འདུས་ཀྱང་བུ་འབྱུང་ངོ ། །ཁ་དོག་སྣ་བཞི་བའི་གཏོར་མ་བྱས་ལ་ཁ་དོག་སྣ་བཞི་པའི་བུམ་པ་བཞི་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཏབ་ཏེ་ལམ་གྱི་བཞི་མདོའམ། ཤིང་སྡོང་གཅིག་པའི་དྲུང་དུ་མ་ནིང་ངམ། མོ་གཤམ་བཀྲུས་ན་བུ་འབྱུང་ངོ ། །ཅི་སྟེ་དམག་གཞོམ་པར་འདོད་ན་སྐྲ་ཅན་མ་དང ། སྙིང་པོ་
152b
མཆོག་བསྲེགས་ཏེ་ལན་སྟོད་རྩ་བརྒྱད་བཟླས་བརྗོད་བྱས་ལ། དབྱུག་པའི་ཕྱག་རྒྱ་བཅིངས་ཏེ་མཛུབ་མོས་བསྡིགས་ན་རེངས་པ་བྱས་པར་འགྱུར་རོ། །ཅི་སྟེ་ཕྱིར་ཟློག་པར་བྱེད་པར་འདོད་ན་བྱམས་པའི་སེམས་ཀྱིས་དམ་པ་སྦྱིན་པའི་རྡོ་རྗེ་ཕྱག་རྒྱ་མགོ་བོར་བཅིངས་ལ་བསམས་ན་དགྲ་ལ་ཕྱིར་བཟློག་པ་བྱས་པར་འགྱུར་རོ། །ཅི་སྟེ་དགྲ་ཕུང་བར་བྱ་བར་འདོད་ན་བསྒྲུབ་པ་བྱས་ཏེ། ནམ་ཕྱེད་ན་སྐྲ་བཤིག་ཅིང་རྐང་པ་གཡོན་པས་གཡས་པ་མནན་ཏེ། ཙོག་ཙོག་པོར་འདུག་ལ། དེ་ལོགས་སུ་བལྟས་ཏེ།་དུག་དང ། ཁྲག་དང ། ལན་ཚཝ་དང ། སྐེ་ཚེའི་འབྲུ་བསྲེས་པའི་སྲེག་བླུགས་རྡོ་རྗེ་ཆེན་པོའི་རྩེ་མོ་ལྡེག་པས་ལན་ཉི་ཤུ་རྩ་གཅིག་བིལ་བའི་ཤིང་གི་མེ་བུས་པའི་ནང་དུ་སྦྱིན་སྲེག་བྱས་ན་ཕུང་བར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །ལྷ་འམ་ཡང་ན་ཀླུ་ཡང་རུང ། །མི་མཇེད་བདག་པོ་ཚངས་པའང་རུང ། །གནོད་སྦྱིན་དབང་པོའམ་བརྒྱ་བྱིན་ཡང ། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །ཞི་བའི་བློ་གྲོས། །མདོར་ན་ཆོ་ག་གང་དང ། གང་གིས་བསྒྲུབས་པའི་ཆོ་ག་དེ་དང ། དེ་ཉིད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད་དོ། །ཞི་བའི་བློ་གྲོས། ཁོ་བོས་བསྐལ་བ་ཉི་ཤུ་རྩ་གཅིག་གི་པར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
153a
༄#། །རྒྱས་མེ་ཏོག་ཆེར་རྒྱས་རྒྱལ་བའི་དབང་པོ་མཉེས་པར་བྱས་ནས། ཞི་བའི་བློ་གྲོས། དེས་ཁོ་བོར་ཤིན་ཏུ་དཀའ་བར་བྱེད་པར་གཟིགས་པས་ཆེར་ཐུགས་རྗེའི་སྟོབས་ཀྱིས་བྱིན་གྱིས་བརླབས་ནས་སྙིང་པོ་དམ་པ་འདི་བྱིན་ནོ། །ཞི་བའི་བློ་གྲོས། སྙིང་པོ་དམ་པ་འདི་ཐོབ་མ་ཐག་ཏུ་ཁོ་བོས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་ཏིང་ངེ་འཛིན་དང ། གཟུངས་ཆེན་པོ་འབུམ་ཕྲག་བཅུ་དང ། མངོན་པར་ཤེས་པ་ཆེན་པོ་འབུམ་ཕྲག་བྱེ་བ་ཕྲག་བཅུ་ཐོབ་བོ། །སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་དེ་བཞིན་གཤེགས་པ་དག་མངོན་དུ་སྣང་བར་གཤེགས་པ་དེ་དག་གིས་ཁོ་བོ་ལ་དུས་གསུམ་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །ཁོ་བོས་ཆོས་ཀྱི་རྣམ་གྲངས། །འདི་ལྟ་སྟེ། སྙིང་པོ་མཆོག་དེ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་བཟུང་ངོ ། །བླངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས། གང་གི་ཚེ་སྙིང་པོ་དམ་པ་འདི་ཐོབ་པའི་སྐད་ཅིག་དེ་ལ། ཞི་བའི་བློ་གྲོས། སངས་རྒྱས་ཀྱི་དབྱངས་བཀོད་པའི་རྒྱན་ལ་སོགས་པ་གཟུངས་ཀྱི་སྒོ་འབུམ་ཕྲག་གྲངས་མེད་པ་ཐོབ་བོ། །ཞི་བའི་བྲོ་གྲོས། ཁྱོད་ཀྱིས་རྣམ་གྲངས་
153b
འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལ་གནས་ཏེ། གསང་སྔགས་ཡང་དག་པར་སྟོན་པ་དང ། ཏིང་ངེ་འཛིན་དང ། གཟུངས་ཀྱི་སྒོ་རྣམས་གྲུབ་ཅིང་རྒ་བ་དང ། ན་བ་དང ། འཆི་བ་ལས་གྲོལ་བ་དེ་དག་ཐམས་ཅད་ཀྱང་སྙིང་པོ་དམ་པ་འདི་ཉིད་ཀྱི་བྱིན་གྱིས་བརླབས་ནས་ཐམས་ཅད་ཁ་དོག་སྣ་ཚོགས་སུ་གྱུར་ཏེ། གཞོན་ནུའི་གཟུགས་འཛིན་ཅིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱེད་དོ། །ཞི་བའི་བློ་གྲོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་རྒྱལ་པོའི་དབང་པོ་འདི་ཡང་ཆོ་ག་མེད་པ་དང ། ཡོ་བྱད་མེད་པ་དང ། རི་མོའི་གཟུགས་མེད་པར་བདག་ཉིད་གྲུབ་པའོ། །ཅི་སྟེ་རི་མོའི་གཟུགས་བསྒྲུབ་པར་འདོད་ན་ཚེས་གྲངས་དང ། བྱེད་པ་དང ། ཡུད་ཙམ་བཟང་པོར་གཏོགས་པ་ལ་རིན་ལ་མི་རྩེག་པར་རྒྱུ་སྐུད་ཉོས་ལ་རྡོ་རྗེ་དྲག་པོ་ཆེན་པོའི་སྙིང་པོས་བསྲུང་བའི་ཆོ་ག་བྱས་པས་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ། མེ་ཏོག་བཀྲམ་པར་ཐ་ག་པ་ཡན་ལག་ཡོངས་སུ་ཚང་བ། དགེ་བའི་མིང་ཅན། གསོ་སྦྱོང་བཟུང་བ། ཟས་དཀར་གསུམ་ཟ་བ།
154a
༄#། །དབང་པོ་ཐུལ་བ། ཆོས་དང་ལྡན་པ། རྟག་ཏུ་ཆོས་ལ་དགའ་བ་ཞག་ཐགས་ཆ་བའི་རྣམ་ལྔས་བསྐུས་པ་དག་གིས་སྐྲ་མ་ཤོར་བར་ཁྲུ་ལྔ་མ་འམ།་དྲུག་པ་ཞིག་འཐག་ཏུ་གཞུག་གོ་།ཁྲུས་བྱས་ཤིང་བྱུག་པས་བྱུགས་ལ་ཐོད་ཟེའུ་ཀ་བཅིངས་ཤིང་དྲི་ཞིམ་པོའི་དྲི་དང་ལྡན་པར་བྱས་པས་མཆོད་པ་ཆེར་བྱས་ལ།་ཨ་ག་རུའི་བདུག་བ་བསྲེགས་ཤིང་ཐ་ག་པ་ལ་ཡོན་བཟང་པོ་བྱིན་ལ་དགྲོལ་བར་བྱའོ། །བཀྲོལ་ནས་ཀྱང་འཁོར་ལོས་བསྒྱུར་བ་ཆེན་པོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ས་ཕྱོགས་གཙང་མ་མེ་ཏོག་སིལ་མ་བཀྲམ་པར་སྤོས་དང ། བདུག་པས་བདུགས་ལ་སྤོས་ཀྱི་ཆུའི་ནང་དུ་བཅུག་སྟེ་ཞག་བདུན་གཞག་གོ་།དེ་ནས་ཕྱུང་ལ་ཉི་མ་ལ་སྐམ་མོ། །དེ་ནས་ག་བུར་དང ། གུར་གུམ་བསྲེས་པའི་ཕྱེ་མ་འཇམ་པོས་རས་ལ་ལན་མང་དུ་བསྒོ་བར་བྱའོ། །ཀླུ་ཤིང་དང ། ཙམ་པ་ཀ་དང ། སྐྱ་སྣར་ལ་སོགས་པའི་མེ་ཏོག་གིས་ཀྱང་བསྒོ་བར་བྱའོ། །སྨྱུང་བ་བྱས་པས་ཆོས་གྲངས་ངན་པ་དང ། མི་མཐུན་པར་འཇུག་པའི་ཉེས་བ་དང་བྲལ་ཞིང་ཚེས་གྲངས་དང ། བྱེད་པ་དང ། ཡུད་ཙམ་བཟང་པོ་ལ་རོལ་མོའི་སྒྲ་སྣ་ཚོགས་མང་པོར་འབྱིན་པ། ཤིས་པ་བརྗོད་པ་ཡོད་པའི་མེ་
154b
ཏོག་བཀྲམ་པའི་དཀྱིལ་འཁོར་དུ་མཆོད་པ་རྒྱ་ཆེར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་གསོལ་བ་བཏབ་སྟེ། སྔ་མ་བཞིན་དུ་རི་མོ་མཁན་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་དང་ལྡན་པ། མཁས་པ། སྙོམས་ལས་མེད་པ། དད་པ་དང་ལྡན་པ། གོས་གཙང་མ་བགོས་པ། ཁ་ཟས་རན་བར་ཟ་བ། བསྲུང་བ་བྱས་བ་ཞིག་ཚོན་རྩི་སར་པ་སྤྱིན་དང་མ་བསྲེས་པའི་ཚོན་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་རྒྱལ་བའི་དབང་པོ་འདྲིར་གཞུག་སྟེ། པདྨ་དཀར་པོའི་གདན་ལ་བཞུགས་པ། གསེར་གྱི་མདོག་ཅན། མཚན་ཐམས་ཅད་དང་ལྡན་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། ཁ་དོག་དུ་མའི་འོད་ཟེར་རྣམས་ཀྱི་ཀུན་ནས་ཡོངས་སུ་བསྐོར་བ། གཙུག་ཏོར་ནས་འོད་ཟེར་ཆེན་པོ་འབྱུང་བ། ཞལ་ཡིད་ཙམ་འཛུམ་པར་བྱའོ། །དེའི་འོག་རོལ་ཏུ་དམ་པ་སྦྱིན་པའི་རྡོ་རྗེ་གུར་གུམ་གྱི་མདོག་ཅན། དར་རམ། རས་ཀྱི་སྨད་གཡོགས་གྱོན་པ། དར་ལྭའི་བླ་གོས་བགོས་པ། མགོ་ལ་ཕུད་བུ་ལྔ་དང་བཅས་བ། པུས་མོ་བཙུགས་པ། པདྨ་དཀར་པོའི་སྟན་ལ་འདུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་
155a
༄#། །བརྒྱན་པ།་ལག་པ་གཡས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ། གཡོན་པན་རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་འཛིན་པ། གཞོན་ནུའི་གཟུགས་ཅན། དེ་བཞིན་གཤེགས་པ་དེའི་འོད་ཟེར་དེའི་མགོ་ལ་འབབ་ཅིང་དེ་དག་གི་ལུས་སྣང་བར་བྱས་པ། རང་གི་འོད་ཀྱི་དྲ་བའི་དབུས་ན་འདུག་པ། བཅོམ་ལྡན་འདས་ལ་བལྟ་བ། རིན་པོ་ཆེའི་རི་ཆེན་པོ་ལ་རིན་པོ་ཆེའི་ཕུག་ན་འདུག་པ་བྲིའོ། །རིན་པོ་ཆེའི་ར་དེ་ཡང་དུས་ཐམས་ཅད་པའི་མེ་ཏོག་གི་ཤིང་ལྗོན་པས་བརྒྱན་པར་བྱའོ། །འོག་ཏུ་ནི་རྒྱ་མཚོ་ཆེན་པོ་བྲིའོ། །རས་གཅིག་ལ་དམ་པ་སྦྱིན་པའི་རྡོ་རྗེ་རིན་པོ་ཆེའི་རི་ཆེན་པོ་ལ་རིན་པོ་ཆེའི་ཕུག་ན་སྐྱིལ་མོ་ཀྲུང་དུ་འདུག་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། གཞོན་ནུའི་གཟུགས་ཅན། དར་རམ། རས་ཀྱི་ཤམ་ཐབས་གྱོན་པ། དར་ལྭའི་སྟོད་གཡོགས་བགོས་པ།་ལག་པ་གཡོན་པ་ན་རྡོ་རྗེ་འབར་བ་དང་བཅས་པའི་ཨུཏྤ་ལ་ཐོགས་པ། རང་གི་འོད་ཀྱི་དྲ་བའི་ནང་ན་འདུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་བྲིས་ཏེ།་དེའི་སྙིང་གར་སྙིང་པོ་ཞི་བའི་ཆ་བྱད་འཛིན་པ། མེ་ལྕེ་འབར་བ་ལང་ལོང་དུ་འདུག་པར་གྱུར་བ། འོད་སྟོན་ཟླའི་འོད་ཟེར་དང་འདྲ་བ། ལག་པ་གཡས་པ་ན་དམ་
155b
པ་སྦྱིན་པ། གཡོན་པ་ན་རྡོ་རྗེ་ཐོགས་པ། གོས་དཀར་པོ་གྱོན་པ། ལག་པ་གཡས་པའི་སོར་མོ་ལས་ཆུའི་རྒྱུན་\?\་ཛག་པར་བྲི་བར་བྱའོ། །དེའི་འོག་རོལ་དུ་སྒྲུབ་པ་པོ་ཆ་བྱད་ཇི་ལྟར་འཛིན་པ་བཞིན་དུ་བྲི་བར་བྱ་སྟེ། ལག་པ་པོག་པོར་ཐོགས་ཤིང་པུས་མོ་བཅུགས་པ་བྲི་བར་བྱའོ། །དབེན་བར་དེའི་མདུན་དུ་ཅི་འབྱོར་བས་མཆོད་པ་རྒྱ་ཆེར་བྱ་སྟེ། ལན་འབུམ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །རི་མོའི་གཟུགས་འདི་མཐོང་ཙམ་གྱིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བསྒྲུབ་པའི་རྫས་གང་ཅི་ཡིན་པ། །དེ་དག་ཐམས་ཅད་ངེས་པར་འགྲུབ། །གང་ཞིག་སྡིག་པའི་ལས་རྣམས་ཀྱིས། །གདོལ་པའི་སྐྱེ་གནས་སྐྱེས་གྱུར་ཀྱང ། །སྔོན་གྱི་སྡིག་པའི་ལས་རྣམས་ལས། །དེ་ཡི་མོད་ལ་སྐྱེ་བོ་གྲོལ། །རི་མོའི་གཟུགས་འདིའི་མདུན་དུ་ནི། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་ལ་ཅི་ཡང་དཀོན་པ་མེད། །རི་མོ་མཐོང་ན་རྟག་ཏུ་ཡང ། །ཚེ་དང་དེ་བཞིན་དཔལ་དང་ནི། །ནོར་དང་གྲགས་པ་ལྡན་པར་འགྱུར། །སྐལ་བ་བཟང་ཞིང་མཁས་པ་འོ། །ཞི་པའི་བློ་གྲོས་ཀྱིས་སྨྲས་པ། དམ་པ་སྦྱིན་པའི་རྡོ་རྗེ་གང་དག་རི་མོའི་གཟུགས་འདི་ལ་དད་པར་བྱེད་པའི་སེམས་ཅན་དག་ནི་ཤིན་ཏུ་དཀོན་ནོ། །དམ་པ་སྦྱིན་པའི་རྡོ་རྗེ་
156a
༄#། །གང་དག་དཀྱིལ་འཁོར་ཆེན་པོ་ལ་འཇུག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཀྱི་ཚུལ་འདི་ཉན་པ་དང ། འཇུག་པ་དེ་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་ན། གང་དག་ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདི་འདྲིར་འཇུག་པ་དེ་དག་ལྟ་ཅི་སྨྲོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངེས་པར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། ཞི་བའི་བློ་གྲོས། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །གང་དག་ཚུལ་འདི་ཉན་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཞི་བའི་བློ་གྲོས། དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དཀྱིལ་འཁོར་ཆེན་པོར་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་མངོན་པར་རྟོགས་པ་མཐོང་བ་འམ། རྣ་ལམ་དུ་ཐོས་པར་ཡང་མི་འགྱུར་རོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་དགེ་བའི་རྩ་བ་ངན་དོན་དང་ལྡན་པ་རྣམས་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མཐོང་བའི་ལམ་དུ་མི་འགྱུར་གྱི། ཞི་བའི་བློ་གྲོས། རིན་པོ་ཆེའི་རྒྱལ་པོ་ནོར་བུ་
156b
རིན་པོ་ཆེ་དེ་ནི་སེམས་ཅན་དགེ་བའི་རྩ་བ་དུ་མ་དང་ལྡན་པ་དེ་དག་ལ་མཐོང་བ་དང ། རེག་པས་ཀྱང་ཇི་ལྟར་བསམས་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་སྐལ་བ་ཅན་དུ་འགྱུར་རོ། །ཞི་བའི་བློ་གྲོས། ཆོས་ཀྱི་རྣམ་གྲངས་ནི་གང་དེ་བཞིན་དུ་བལྟ་བར་བྱའོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བརྒྱད་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། གཞན་ཡང ། རང་གི་དམ་བཅས་པའི་གསང་སྔགས་ཀྱི་རྒྱལ་པོ་བསྒྲུབ་པ་ནི་འདི་ཡིན་ཏེ། ཆོ་ག་སྔ་མ་བཞིན་དུ་རིའི་རྩེ་མོར་སོང་ལ་རང་གི་གནས་ན་གནས་པ། མི་སྨྲ་བར་དུས་གསུམ་དུ་ཁྲུས་བྱེད་པ། གོས་ལན་གསུམ་བརྗེ་བས་ཡི་གེ་ལན་སུམ་འབུམ་བཟླས་བརྗོད་བྱའོ། །ཐ་མར་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་དེ། རྫས་གང་ཡང་རུང་བ་ཞིག་བླངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ངེས་པར་འགྲུབ་པར་འགྱུར་ཏེ། སྔ་མ་བཞིན་དུ་རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང ། ལྷའི་བུ་མོ་བྱེ་བ་ཕྲག་སྟོང་སིལ་སྙན་དང ། ཕེག་རྡོབ་པ་སྔོན་དུ་སྟོན་ཅིང་འཇིག་རྟེན་གྱི་ཁམས་དུ་མར་རྒྱུ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པ། སྤྲུལ་པ་དུ་མ་བྱེད་པ།
157a
༄#། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ། འདོད་ན་མཆི་བ། སྨོན་ལམ་ལས་ངེས་པར་སྐྱེས་བ། སྒྲ་མཐའ་ཡས་པ་སྒྲོགས་པའི་དབྱངས་ཀྱི་གཟུངས་ཐོབ་པ་དང ། མངོན་པར་ཤེས་པ་ལྔ་རྟོགས་པར་ཁོང་དུ་ཆུད་པ། ཉི་མ་ཤར་བ་ལྟ་བུའི་མདོག་ཅན་ཡིད་ལྟར་མགྱོགས་པར་འགྱུར་ཏེ། སྔ་མའི་ཚུལ་བཞིན་དུ་གང་འདོད་པ་དེ་ངེས་པར་འགྲུབ་བོ། །ཅི་སྟེ་རི་མོའི་གཟུགས་འགྲུབ་པར་འདོད་ན་ཆོ་ག་སྔ་མ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མེ་ཏོག་ལྡན་ན་བཞུགས་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་ལ་ཞུགས་པ། སྐྱིལ་མོ་ཀྲུབ་དུ་བཞུགས་ཤིང་ཆོས་འཆད་པ། གསེར་གྱི་མདོག་ཅན་མཚན་ཐམས་ཅད་དང་ལྡན་པ། གཙུག་ཏོར་ནས་བྱུང་བའི་འོད་ཟེར་རྣམས་ཀྱིས་ཀུན་ཏུ་སྣང་བར་པྲི་བར་བྱའོ། །བྱང་ཆུབ་ཀྱི་ཤིང་དྲུང་ན་གོར་ཤིཪྵའི་ཙནྡན་གྱི་བྱང་ཆུབ་ཀྱི་ཤིང་ཐམས་ཅད་དཔག་བསམ་གྱི་ཤིང་ཆེན་པོ་ལྟར་ལེགས་པར་བརྒྱན་པར་བྱའོ། །བཀོད་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ། འཇིག་རྟེན་གྱི་ཁམས་བྲི་བར་བྱའོ། །དེའི་གཡས་རོལ་ཏུ་བྱང་ཆུབ་སེམས་དཔའ་གསེར་གྱི་མེ་ཏོག་བརྩེགས་ཞེས་བྱ་བ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་
157b
ཀྱིས་བརྒྱན་པ་བཟུང་བ། ལག་ན་རྔ་ཡབ་ཐོགས་པ། གོས་ཚིག་གུ་གྱོན་པར་བྱའོ། །གཡོན་རོལ་དུ་བྱང་ཆུབ་སེམས་དཔའ་ཙནྡན་བརྩེགས་ཞེས་བྱ་བ་པྲི་ཡང་ཀུའི་མེ་ཏོག་ལྟ་བུའི་སྔོ་བསངས་བའི་གོས་ཚིག་གུ་གྱོན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་ན་རྔ་ཡབ་ཐོགས་པ་བྲི་བར་བྱའོ། །འོག་རོལ་དུ་ཉན་ཐོས་ཆེན་པོ་བརྒྱད་བྲི་བར་བྱ་སྟེ།་བརྟན་པས་བྱིན་པ་དང ། ཡངས་པས་བྱིན་པ་དང ། སྙིང་པོས་བྱིན་པ་དང ། རྒྱལ་པོའི་བློ་གྲོས་དང ། དྲི་མ་མེད་པར་བྱིན་པ་དང ། སངས་རྒྱས་སྲུང་བ་དང ། ཚོགས་ཀྱིས་བྱིན་པ་དང ། བློ་གྲོས་བཟང་པོ་རྣམས་སོ། །གཡས་ངོས་སུ་བྱང་ཆུབ་སེམས་དཔའ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དབྱིབས་ཐ་དད་པ། ཆ་བྱད་ཐ་དད་པ།་ཁ་དོག་ཐ་དད་པ། བརྒྱད་བྲི་བར་བྱའོ། །སྟེང་དུ་རིག་སྔགས་འཆང་ལུས་སྤྲིན་གྱི་ནང་དུ་ཆུད་ཅིང ། མེ་ཏོག་གི་ཆར་འབེབས་པ་དག་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་འོག་ཏུ་རིག་སྔགས་འཆང་གཞོན་ནུའི་གཟུགས་འཛིན་པ་མཁྲེགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་ན་ཨུཏྤལ་ཐོགས་པ། པུས་མོ་བཙུགས་པ། ཕུད་བུ་ལྔ་བཅས་པ། བཀའ་ནོད་པ། འབར་བ་དང་བཅས་པ། བཞིན་ཡིད་ཙམ་འཛུམ་པ། དེ་བཞིན་གཤེགས་པའི་ངོ་བོ་འོད་ཟེར་གྱིས་ཡོངས་སུ་བསྐོར་བར་བྲི་བར་བྱའོ།།
158a
༄#། །དེའི་མདུན་དུ་ལན་ས་ཡ་བཟླས་བརྗོད་བྱ་སྟེ། སྔ་མ་བཞིན་དུ་སྙིང་པོ་དམ་བའི་ཆོ་ག་དང་སྦྱར་བར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་བྱེད་དོ།། རྟག་ཏུ་བཟླས་བརྗོད་བྱས་ན་ཉམས་པར་མི་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །ཞི་བའི་བློ་གྲོས། ཅི་སྟེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའི་འབྱོར་པ་འདོད་ཅིང ། སྙིང་པོ་གང་ཡང་རུང་བ་ཞིག་བསྒྲུབ་པར་འདོད་ན། དཀྱིལ་འཁོར་མཐོང་བ་དེས་གང་ཡང་རུང་བ་ཞིག་ཆོ་ག་སྔ་མ་བཞིན་དུ་བླངས་ལ།་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ལ། བཀྲུས་ཏེ་རྗེས་ལ་བྱུགས་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་ལན་དྲུག་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཐ་མར་ཅི་འབྱོར་པར་མཆོད་དེ། ཤུ་ཏི་ཞོ་དང ། སྦྲང་རྩི་དང ། མར་ལ་སྨྱུགས་པ་དག་གིས་མཚན་ཐོག་ཐག་སྦྱིན་སྲེག་བྱས་ན་བློན་པོ་ཆེན་པོའི་ཐབས་ཐོབ་པར་འགྱུར་རོ། །མ་གྲུབ་ན་ལས་རྣམས་སུ་འགྱུར་ཏེ། ཡུལ་གྲུ་སྦྱིན་པར་བྱེད་དོ། །རྒྱ་མཚོར་འབབ་པའི་ཆུར་མིད་པ་ནུབ་ཙམ་དུ་ཞུགས་ལ་སྙིང་པོ་དམ་པ་དང་ལྷན་ཅིག་ཏུ་ལན་སུམ་འབུམ་བཟླས་བརྗོད་བྱས་ན་གཏེར་མཐོང་བར་འགྱུར་རོ། །གུ་གུལ་གྱི་ཡམ་སྲེག་ཤིང་མར་ལ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གྲོང་དམ་
158b
པ་བརྒྱད་སྦྱིན་པར་བྱེད་དོ། །ལྷ་མ་ཡིན་གྱི་ཁུང་སྒོར་ཟན་མི་ཟ་བར་སྐེ་ཚེའི་འབྲུ་དང ། ལན་ན་\?\་སྲེག་བླུགས་རྡོ་རྗེ་རྩེ་ནོ་\?\་སྡེག་\?\་པའི་སྙིང་པོ་དང ། ལྷན་ཅིག་ཏུ་ལན་འབུམ་སྦྱིན་སྲེག་བྱས་ན། ལྷ་མ་ཡིན་གྱི་བུ་མོ་རྣམས་བྱུང་ནས་འཇུག་པར་བྱེད་དེ་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །ཅི་སྟེ་བ་འབྱུང་བར་འདོད་ན་གྲོག་མཁར་རམ། ཆུ་འདུས་སུ་ཉིན་གཅིག་བཞིན་དུ་བའི་རྣམ་ལྔ་བཟའ་ཞིང་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྙིང་པོ་འདི་ལན་སུམ་ཁྲི་བཟླས་བརྗོད་བྱའོ། །དེ་ནས་ཅི་འབྱོར་བས་མཆོད་དེ་འབྲས་སཱ་རྩེ་ཞིང་འབྱུང་སྟེ། རྡོ་རྗེ་དྲག་པོའི་སྙིང་པོ་ལ་སྔགས་ནའི་ཤིན་ཏུགི་མེ་བུས་ཏེ། ལན་ལྔ་ཁྲི་སྦྱིན་སྲེག་བྱས་ན་ནམ་ཕྱེད་དམ། ཉི་མ་འཆར་ཀར་དེ་ཉིད་དུ་བདག་ལ་རྩེ་ཞིང་འབྱུང་སྟེ། རྡོ་རྗེ་དྲག་པོའི་སྙིང་པོ་ལ་སྔགས་ཀྱིས་བཏབ་པའི་ཆུས་གཏོར་ན་མི་འགུལ་བར་འགྱུར་རོ། །རིན་ལ་མི་བརྩེགས་པར་དྲི་ཞིམ་ཞེས་མིང་བཏགས་པའི་བ་ཉོས་ལ་ཉིན་གཅིག་བཞིན་དུ་བྱ་བ་པར་བྱའོ། །ཟླ་བ་རེ་རེ་ཞིང་ཐང་ཤིང་མགོ་ལྕོགས་ཀྱིས་ཁ་བརྒྱན་པའི་བུམ་པ་ཆུས་བཀང་ལ། བ་ལ་སྦོས་དང ། མེ་ཏོག་གི་མཆོད་པས་གཏོར་ན་བ་བརྒྱད་སྟོང་དུ་འཕེལ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དེ་བཞིན་དུ་རྟ་དང ། གླང་པོ་ཆེ་དང ། རྔ་མོ་དང ། ལུག་དང ། མ་ཧེ་འབྱུང་བར་འདོད་ན།
159a
༄#། །ཉིན་གཅིག་བཞིན་དུ་སྟར་བུའི་ཤིང་གི་མེ་བུས་ལ། ནས་དང ། འོ་མ་ལ་སོགས་པའི་སྦྱིན་སྲེག་བྱས་ན་འབྱུང་བར་འགྱུར་རོ། །ཟས་ཀྱི་སྦྱིན་སྲེག་བྱས་ན་ཟས་འབྱུང་བར་འགྱུར་རོ། །འབྲས་དང ། མར་བསྲེས་པའི་སྦྱིན་སྲེག་བྱས་ན་ཟས་མི་ཟད་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འབྲུ་ཐམས་ཅད་སྦྱིན་སྲེག་བྱས་ན་འབྲུ་ཐམས་ཅད་འབྱུང་སྟེ། གང་སྦྱིན་སྲེག་བྱས་པ་དེ་འབྱུང་བར་འགྱུར་རོ། །ཁ་བཞིན་ལ་སྔགས་ཀྱིས་བཏབ་ན་རྟག་ཏུ་ལན་ཐེབས་པར་འགྱུར་རོ། ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་མཆོད་པ་བྱས་ལ་ཤུ་དག་དཀར་པོ་བླངས་ཏེ་ཁར་བཅུག་ལ་ཟླ་བ་ལ་བལྟ་ཞིང་ཟླ་བ་བཏང་གི་བར་དུ་བཟླས་བརྗོད་བྱས་ལ་དེ་ཟོས་ན་ཐོས་པ་འཛིན་པར་འགྱུར་རོ། །ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་དམར་ལ་བག་ཚ་བ་མེད་པར་འགྱུར་དཀྱིལ་འཁོར་བསྐུས་ཏེ་ཅི་འབྱོར་པས་མཆོད་ལ་ཟླ་བ་ལ་བལྟ་ཞིང་མར་བྱུང་གི་བར་དུ་བསྲུབས་ཏེ། དེ་འཐུངས་ན་ཐོས་བ་འཇིན་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་བག་ཚ་བ་མེད་པར་འགྱུར་རོ། །རའི་འོ་མ་དང ། སྤྲང་རྩི་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་འཐུངས་ན་གཅོང་ཆེན་པོ་འཚེ་བར་འགྱུར་རོ། །མར་ལ་ལན་བརྒྱད་བརྒྱ་
159b
སྔགས་ཀྱིས་བཏབ་སྟེ་འཐུངས་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྨན་གང་ཡང་རུང་པ་ལ་ལན་གཅིག་སྔགས་ཀྱིས་བཏབ་སྟེ་ཟོས་ན་ནད་མེད་པར་འགྱུར་རོ། ། ཉིན་གཅིག་བཞིན་བཟླས་བརྗོད་བྱས་ན་སྐལ་བ་བཟང་པོར་འགྱུར་རོ། ། པ་མར་གའི་སྲེག་བླུགས་ཉིན་གཅིག་བཞིན་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སྤོས་སམ། མེ་ཏོག་ལ་སྔགས་ཀྱིས་བཏབ་སྟེ་སུ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། ། ཐ་རཱ་ཛ་ནི་མ་བ་ཤཝ་ཀ་ཏུ་ཀ་མོ་གཽ་ར། ས་རི་ཤ་པ་ཀུ་ཀུ་མ་སཾ་མི་ཤི་ར་ནིར་ཧཱ་རོ་ལག་ཁ་མ་ཛུ་ཧཱུ་ཡད། རཱ་ཛ་པ་ཤི་བྷ་བ་ཏི། བུད་མེད་དབང་བ་བྱ་བར་འདོད་ན་མིང་སྨོས་ཤིང་སྐྱོར་ཆུ་ལ་ལན་གཅིག་སྔགས་ཀྱིས་བཏབ་སྟེ་འཐུངས་ན་དབང་དུ་འགྱུར་རོ། །ཕྱུགས་ཆུང་འདོད་ན་ཤུ་ཏིའི་སྦྱིན་སྲེག་ཉིན་གཅིག་བཞིན་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཕྱུགས་ཆུང་རྙེད་པར་འགྱུར་རོ། །ཆུ་རྒལ་བར་འདོད་ན་སྐྱེས་བུ་བཅིངས་པ་བྱས་ཏེ་རྒལ་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་འགྱུར་རོ། །ཅི་སྟེ་དམག་རེངས་པར་བྱེད་པར་འདོད་ན་ལོ་མ་བདུན་པའི་ཤིང་ལས་བེ་ཅོན་སོར་བཅུ་དྲུག་པའི་ཚད་བྱས་ལ། སྤོས་དང ། མེ་ཏོག་གི་མཆོད་པའི་མིང་ནས་སྨོས་ཤིང་བུས་མོ་ནུབ་ཙམ་དུ་ས་བརྐོས་ཤིང་བཙུགས་ཏེ། དེའི་སྟེང་དུ་ཞག་
160a
༄#། །བདུན་དུ་དུ་རུ་སྐའི་འབྲས་བུ་དང ། ཡུངས་ཀར་བསྲེས་པ་ལན་འབུམ་སྦྱིན་སྲེག་བྱས་ན་དམག་རེངས་པ་བྱས་པར་འགྱུར་རོ། །ཞི་བའི་བློ་གྲོས། \?\་མ་བསྒྲུབས་ཀྱང་དེ་ལ་སོགས་པའི་ལས་རྣམས་སུ་འགྱུར་རོ། །ཞི་བའི་བློ་གྲོས། གཞན་ཡང ། རྡོ་རྗེ་རྩེ་མོ་ལྡེག་པའི་བསྒྲུབ་པ་ནི་འདི་ཡིན་ཏེ། ཚེས་གྲངས་དང ། སྐར་མ་འདམ་མི་དགོས། སྙུང་བ་བྱ་མི་དགོས་པར་དགོན་པ་ཆེན་པོའམ། དུར་ཁྲོད་ཆེན་པོར་སོང་སྟེ། གོས་སྔོན་པོ་བགོས་ལ་ལམ་མི་བཟུར་སློང་མོའི་ཟས་བཟའ་ཞིང་ང་རྒྱལ་མེད་པར་བྱས་ལ། སྔར་སྙིང་པོ་དམ་པ་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་འདིའི་སྔར་བསྙེན་པ་བྱེ་བ་བྱས་པར་འགྱུར་རོ། །དེ་ནས་རིའི་རྩེ་མོར་སོང་ལ་ལན་འབུམ་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ཉི་མ་འཆར་ཀར་ཁྲོ་བོའི་རྒྱལ་པོ་ཉིད་འོང་བར་འགྱུར་ཏེ། འོང་བའི་མཚན་མ་ནི་སྒྲུབ་པ་པོའི་ལུས་ལས་འོད་ཟེར་འབྱུང་བ་དང ། མིག་གཉིས་གཡོ་བ་དང ། རྐང་ལག་འགུལ་བ་སྟེ་འདི་དག་འབྱུང་ངོ ། །མེ་ཏོག་དང ། བདུག་པས་མཆོད་པ་བྱའོ། །དེ་ནས་བྱང་ཕྱོགས་སུ་རྔ་སྒྲ་ཆེན་པོ་འབྱུང་ངོ ། །རྔ་སྒྲ་བྱུང་ནས་མཆེ་བ་འཇིགས་སུ་རུང་བར་གཙིགས་པ།
160b
སྐྲ་གྱེན་དུ་འགྲེང་བ། སྒྲུབ་པ་པོ་ལ་སྡིག་པ་ལྟ་བུར་ཁྲོ་བོའི་རྒྱལ་པོ་ཉིད་འོང་བར་འགྱུར་ཏེ། སྒྲུབ་པ་པོས་འཇིགས་པར་མི་བྱའོ། །ཁྲོ་བོ་དེ་མཐོང་བ་ཙམ་གྱིས་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་དང ། ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་བསྐོར་བར་འགྱུར་རོ། །རྔ་བརྡུང་བ་དག་དང ། སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་དུ་འོང་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དམ་པ་ལྔ་སྦྱིན་པར་བྱེད་དོ། །རྒྱལ་སྲིད་དང ། མི་སྣང་བ་དང ། འདོད་འཇོའི་བ་དང ། བུམ་པ་བཟང་པོ་དང།་ཡིད་བཞིན་གྱི་ནོར་བུའོ། །རི་ལ་སོང་སྟེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་གང་འདོད་པ་དེ་བྱེད་དོ། །རཱ་ཛཱ་ནམ་བ་ཤི་ཀ་དུ་རྒ་མོ་ས་ལཀྵ་མེ་ཀ་ན་ད་རཱ་ཛཱ་བ་ཤོ་བྷ་བ་ཏི་ཨཱད་མ་བྷིད་ཏྱ་ཨི་པ་ཨད་ཛྙཱ་ཀ་རོ་ཏི། སྣོད་དུ་དབབ་པར་འདོད་ན་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སྣོད་དུ་འབབ་བོ། །གཏེར་དབྱུང་བར་འདོད་ན་ལན་སུམ་འབུམ་བཟླས་བརྗོད་བྱས་ན་གཏེར་འབྱིན་ནོ། །ཇི་སྟེ་རིལ་བུ་བསྒྲུབ་ན་རྒྱ་སྐྱེགས་དང ། ལྡོང་རོས་དང ། འུ་སུའི་འབྲུ་མར་དང་བཏགས་ལ་རིལ་བུར་བྱས་ཏེ། དེ་ནས་ཟངས་ཀྱི་དཀྲིའོ། །དཀྲིས་ནས་ཀྱང་ཞག་བདུན་བཞག་ལ་རིལ་བུ་གཉིས་སམ། གསུམ་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་ལོ། །གཅིག་ལག་ཏུ་བཟུང་ན་
161a
༄#། །མི་སྣང་བར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་འདི་ནི་མ་དུལ་བ་འདུལ་བ། བརྩོན་འགྲུས་དང ། ཕ་རོལ་གནོན་པ། ཆེ་བའི་ཡོན་ཏན་དཔག་ཏུ་མེད་པའི་དཔལ་དང་ལྡན་པའོ། །འདིའི་སྔགས་བཟླས་བརྗོད་བྱས་ན་རྩ་བ་བཞིའི་ལྟུང་བ་ཡང་བྱང་བར་འགྱུར་ཞིང་མཚམས་མེད་པ་ལྔ་པོ་དག་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཇི་སྐད་བཤད་པ་དེ་བཞིན་དུ་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་དག་འདིའི་སྔགས་འཛིན་པ་དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ན། བཟླས་བརྗོད་བྱེད་པ་དང ། བསྒྲུབ་པ་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་བ་ལྟ་ཅི་སྨོས།་ཚེས་བཅུ་བཞིའམ། བཅོ་ལྔ་ལ་གང་གིས་སྙུང་བ་བྱས་ཏེ། བཟླས་བརྗོད་བྱས་པ་དེས་བསྐལ་པ་བཞིར་འཁོར་བ་ཕྱིར་བསྙིལ་བར་འགྱུར་རོ། །རིགས་ཀྱི་བུ། ཁྲོ་བོའི་རྒྱལ་པོ་སངས་རྒྱས་འབུམ་ཕྲག་བྱེ་བས་མཆོད་པ་འདི་མིང་ཡང་དོན་ཡོད་པ་ཡིན་ཏེ། འདིའི་མིང་བཟུང་བས་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོ་འདི་ནི་བརྗོད་པས་འགྲུབ་པའོ། །འདིས་སངས་རྒྱས་ཐམས་ཅད་བསྒྲལ་ཏོ། །སྐྱེས་པའི་རོ་བླངས་ལ་ནམ་ཕྱེད་ན་ཆུ་ངོགས་སུ་སོང་སྟེ་ཆུས་
161b
བཀྲུས་ལ་མེ་ཏོག་ལ་སོགས་པས་བརྒྱན་ཏེ་མགོ་ཤར་ཕྱོགས་སུ་བསྟན་ལ་སྒྲུབ་པ་པོ་གྲོགས་བཟང་པོ་དང ། རྩཝ་ཀུ་ཤ་སྦམས་བའི་སྟེང་དུ་འདུག་སྟེ་ཤུ་དག་དཀར་པོ་ལ་ལན་བདུན་སྔགས་ལ་ཁར་བཅུག་སྟེ། རོ་ཁ་དང་ཞེས་བྱེད་ཀྱི་བར་དུ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ། །དེ་ནས་སྒྲུབ་པ་པོས་འཇིགས་པ་མེད་པར་བྱས་ལ་རྐང་པ་གཡོན་པས་བྲང་དུ་མནན་པ་དང་སྒྲ་དྲག་པོར་འབྱུང་སྟེ། དེ་ལའང་འཇིགས་པ་མི་བྱ་བར་རིག་སྔགས་འཆང་གིས་དུ་བ་བྱུང་གི་བར་དུ་རིག་པ་བཟླས་བརྗོད་བྱའོ། །དེ་ནས་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་དག་གིས་མགོ་ལ་བསྣུན་པར་བྱ་སྟེ། བསྣུན་མ་ཐག་ཏུ་རོའི་ཁ་ནས་སྦྲུལ་སྣང་སྟེ། དེ་ལ་ཡང་འཇིགས་པ་མི་བྱ་བར་རིག་པ་དྲན་པར་བྱ་སྟེ་རེག་པར་བྱའོ། ། རེག་མ་ཐག་ཏུ་རལ་གྲིར་འགྱུར་ཏེ་སྙིང་པོ་དྲན་པར་བྱས་ལ་བླང་བར་བྱའོ། །བླངས་མ་ཐག་ཏུ་སྐྲ་ལྕང་ལོ་འཁྱིལ་བར་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱི་བདག་པོར་འགྱུར། ཐོགས་པ་མེད་པར་འགྲོ་བར་འགྱུར་ཏེ་ལོ་དྲུག་གི་ཁྲི་ཐུབ་པར་འགྱུར་རོ། །མདུང་ཐུང་བསྒྲུབ་པ་ལ་ནི་སྒྲུབ་པ་པོའི་ཟས་སུ་འོ་སྐྱོ་བཏུང་ཞིང་རིའི་རྩེ་མོར་སོང་ལ་རིག་པ་སུམ་འབུམ་བཟླས་བརྗོད་བྱའོ། །དེ་ནས་རིག་སྔགས་འཆང་གིས་དུར་ཁྲོད་ཀྱི་ཐལ་བ་དང ། གྲོག་མཁར་གྱིས་འོ་མས་
162a
༄#། །སྦྲུས་ལ་མདུང་ཐུང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དུ་བྱའོ། །སྤྱིན་དང་མ་སྦགས་པའི་ཚོན་གྱིས་རི་མོ་བྲིའོ། །དེ་ནས་དུར་ཁྲོད་དུ་སོང་ལ་བ་ལང་གི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ། སྤོས་དང ། བདུག་པ་ལ་སོགས་བས་མཆོད་ལ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱའོ། །གཙང་བར་བྱ་ཞིང་གོས་གཙང་མ་བགོས་ལ་མི་ཐོད་ཀྱི་སྟེང་དུ་འདུག་ཅིང ། མདུང་ཐུང་ཡང་མི་ཐོད་གཅིག་གི་སྟེང་དུ་བཞག་སྟེ། མདུང་ཐུང་འབར་གྱི་བར་དུ་རིག་པ་བཟླས་བརྗོད་བྱའོ། ། དེ་ནས་སྔགས་པས་གཞན་གྱིས་མི་ཐུབ་པའི་མེ་ཏོག་རྣམས་ཀྱིས་མཆོད་ཡོན་དབུལ་ལོ། །ཡང་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕྱོགས་རྣམས་ནས་སེམས་ཅན་དག་འོང་བར་འགྱུར་ཏེ། འཇིགས་པར་མི་བྱ་བར་ཁྲོ་བོའི་རྒྱལ་པོའི་སྙིང་པོ་དྲན་པར་བྱས་ལ་མདུང་ཐུང་ལ་རེག་པར་བྱའོ། །རེག་མ་ཐག་ཏུ་དེ་བུད་མེད་དུ་གྱུར་ནས། བུ།་ཅི་བྱ་ཞེས་ཟེར་བར་འགྱུར་ཏེ། དེ་ལ་བདག་ཁྱོད་ལ་སྐྱབས་སུ་སོང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་སྔགས་པའི་ལག་མཐིལ་དུ་མི་སྣང་བར་འགྱུར་ཏེ། དེའི་མོད་ལ་སྒྲ་ལྕང་ལོ་འཁྱིལ་བར་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ། །མདུང་ཐུང་ལག་ན་ཐོགས་ན་རིག་སྔགས་འཆང་དུ་འགྱུར་ཏེ། འཁོར་
162b
ལོས་བསྒྱུར་བ་མ་གཏོགས་པར་རིག་སྔགས་འཆང་རྣམས་དེའི་དབང་དུ་འགྱུར་རོ། །གང་ལ་བལྟས་བ་དེ་དག་ཐམས་ཅད་ནི་རྐང་པ་ལ་མ་གོས་གཏུགས་པར་འགྱུར་རོ། ། ཅི་སྟེ་ནོར་བསྒྲུབ་ན་ཤིང་བིལ་པའི་ཡམ་སྲེག་ཤིང་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཏི་ན་ར་བརྒྱ་རྙེད་དོ། །གུ་གུལ་གྱི་རིལ་བུ་རྒྱ་ཤུག་ཙམ་འབུམ་སྦྱིན་སྲེག་བྱས་ན། གཟུགས་རྟགས་ཅན་སྟོང་རྙེད་དོ། ། ག་རུའི་ཤིང་གི་མེ་བུས་ལ་ཤིང་བ་ཏི་འབྲས་བུ་ཞོ་དང ། སྦྲང་རྩི་དང ། མར་ལས་སྨྱུགས་ཏེ་སྟོང་སྦྱིན་སྲེག་བྱས་ན། ཉིན་གཅིག་བཞིན་དུ་མ་བསླངས་པར་ཏིན་ར་རྙེད་དོ། །བུད་མེད་དབང་དུ་བྱ་ན་ཕུབ་མའི་སྲེག་བླུགས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །ར་ཛཱ་མ་ཏྱ་བ་ཤ་ཀ་ར་ནེ་བ་ལ་ན་ཧཱུ་ཏི་ནན། ཨཥྚ་ས་ཧ་སྲན་ཛུ་ཧཱུ་ཡང་པ་ཤོ་བྷ་བ་ཏི། རྒྱ་མཚོར་འབབ་པའི་ཆུར་ཞུགས་ལ་མེ་ཏོག་ཁ་དོག་སྣ་ཚོགས་འབུམ་གཏོར་ནམ་བསླངས་པར་ཉིན་གཅིག་བཞིན་དུ་རས་ཟུང་རེ་རྙེད་དོ། །དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་བྱས་ཏེ། ཞག་བདུན་ཤ་ཆེན་པོས་སྦྱིན་སྲེག་བྱས། ཤ་ཟས་ཟིན་པ་ལ་བལྟས་པས་གཏོང་བར་འགྱུར་རོ། ། ནེའུ་ལེའི་སྤུ་ལས་ལན་དྲུག་སྟོང་སྦྱིན་སྲེག་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །ལུག་ནག་པོའི་བལ་མར་ལ་
163a
༄#། །སྨྱུགས་པ་ལན་འབུམ་སྦྱིན་སྲེག་བྱས་ན་བུད་མེད་དབང་དུ་འགྱུར་རོ། །ཤ་ཟ་མཐོང་བར་འདོད་ན། དུར་ཁྲོད་དུ་བ་ལང་གི་ཀོ་བ་ཙམ་གྱི་དཀྱིལ་འཁོར་བྱས་ལ་ཉ་ལ་སོགས་པའི་གཏོར་མ་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་མིའི་སྐྲ་ཁྲག་ལས་སྨྱུགས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཤ་ཟ་ཐམས་ཅད་འོང་བར་འགྱུར། འཇིགས་པར་མི་བྱ། བསྲུང་བར་མི་བྱའོ། །འདི་སྐད་དུ། ཁྱོད། ངའི་དབང་དུ་གྱུར་ཏོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་མི་སྣང་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་དེ་ལ་ཏི་ན་ར་ལྔ་ལྔ་སྦྱིན་པར་བྱེད་དོ། །དེ་དག་ཀྱང་འགོད་པར་བྱའོ། །མཛུབ་མོ་ལ་ལན་བདུན་སྔགས་པས་སྤྲིན་བཟློག་གོ་།ཐལ་བ་ལ་ལན་བདུན་སྔགས་པས་སྨྲ་བ་གནོན་པར་བྱེད་དོ། །ཡུངས་ཀར་ལ་ལན་བདུན་སྔགས་པས་རི་འགུལ་བར་བྱེད་དོ། །མི་ལ་ཏའི་མེ་ཏོག་གམ་ཀུ་ཏི་ཛའི་མེ་ཏོག་ལ་ལན་བདུན་སྔགས་པས་བུད་མེད་གང་གིས་བསྣམས་སམ། གང་ལ་བྱིན་ནམ། གང་གི་མགོར་བོར་བ་དེ་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན་དུར་ཁྲོད་དུ་སློང་མོའི་ཟས་བཟའ་ཞིང་སྔགས་བཟླས་བརྗོད་བྱའོ། །དེར་སྐམས་རབ་ལང་གི་ཀོ་བ་ཙམ་གྱི་དཀྱིལ་འཁོར་བྱས་ལ་གཏོར་མ་རྒྱ་ཆེར་
163b
བྱའོ། །དེ་ནས་རིག་སྔགས་འཆང་གིས་ཤིང་ཨརྒའི་ཡམ་སྲེག་ཤིང་ཁྲག་ལ་སྨྱུགས་པ་ལན་བདུན་སྟོང་སྦྱིན་སྲེག་བྱས་ན། གནོད་སྦྱིན་མོ་གཟུགས་མི་སྡུག་པ་འོང་བར་འགྱུར་ཏེ། དེ་ལ་འཇིགས་པ་མི་བྱ་བར་རིག་པ་དྲན་པར་བྱས་ལ་འདུག་ཅིག་འདུག་ཅིག་ཅེས་བརྗོད་པར་བྱའོ། །དེ་དམ་པ་རྣམ་པ་གསུམ་ལས་གཅིག་སྦྱིན་པ་བྱེད་དེ། མའམ། སྲིང་མོ་འམ། ཆུང་མར་འགྱུར་རོ། །མར་གྱུར་ན་ནི་བུ་བཞིན་དུ་དགོས་པ་ཐམས་ཅད་བྱེད་དོ། །སྲིང་མོར་གྱུར་ན་ནི་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་རེ་སྦྱིན་པར་བྱེད་དོ། །ཆུང་མར་གྱུར་ན་ནི་དེ་དང་ལྷན་ཅིག་རྩེའོ། །ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་འཁོར་ལོ་དེ་བསྒྲུབ་པ་ཡིན་ཏེ། སྔར་སྤྱད་པ་བྱས་པས་མགར་བ་གཙང་མ་གསོ་སྦྱོང་བཟུང་བ། ཡན་ལག་མ་ཚང་བ་མེད་པ་ལ་ཨུར་མོའི་འཁོར་ལོ་བྱེད་དུ་བཅུག་ལ། སོར་བརྒྱད་པ་མེ་ལྕེ་འབར་བས་བསྐོར་བར་བྱའོ། །དེ་ནས་རིག་སྔགས་འཆང་གིས་འཁོར་ལོ་དེ་བ་བྱུང་སྣ་ལྔའི་ནང་དུ་བཅུག་སྟེ་ཞག་གཅིག་གཞག་གོ་།དེ་ནས་ཕྱུང་སྟེ་བཀྲུས་ལ་རས་གཙང་མས་དཀྲིས་ཏེ་དེའི་འོག་ཏུ་མདུན་དུ་གཞག་ལ་མཆོད་པ་དང ། གཏོར་མ་བྱས་ཏེ། མཆོད་ཡོན་གྱི་སྣོད་བླངས་ལ་རྩ་བའི་སྔགས་ཀྱིས་ལྷ་ཐམས་ཅད་སྤྱན་དྲང་ངོ ། །དེ་དག་ལ་ཡང་མཆོད་ཡོན་ཕུལ་ལ། ཡང་རྩ་བའི་སྔགས་ཀྱིས་
164a
༄#། །སླར་གཤེགས་པར་བྱའོ། །ཐལ་བ་ལ་ལན་བདུན་སྔགས་བཏབ་པས་ཐལ་བའི་ར་བར་འགྱུར་རོ། །རྩཝའི་མེ་ལན་བདུན་སྔགས་པས་མོའི་ར་བར་འགྱུར་རོ། །དེ་ནས་ཆོ་ག་བཞིན་བསྲུང་བ་བྱས་ཏེ། ཡུངས་ཀར་ལ་ལན་བདུན་སྔགས་པས་ས་བཅིང་ངོ ། །ཆུ་ལ་ལན་བདུན་སྔགས་པས་ནམ་མཁའ་བཅིང་ངོ། །དེ་ནས་སྔགས་པས་མཆོད་ཡོན་གྱི་སྣོད་སྤོས་ཆུས་བཀང་སྟེ་མེ་ཏོག་དཀར་པོ་བཅུག་པས་རྩ་བའི་སྔགས་ཀྱིས་ལྷ་སྤྱན་དྲངས་ལ་མཆོད་ཡོན་ཕུལ་ཏེ། དེ་སྟན་ལ་གཞག་ལ་ཡོངས་སུ་རྒྱས་པར་བྱ་སྟེ། མར་དང ། སྦྲང་རྩི་དང ། འོ་མའི་སྲེག་བླུགས་ཐོག་མར་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྔགས་པས་འཁོར་ལོ་ལག་པ་གཉིས་ཀས་བླངས་ལ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སྒྲ་གྲག་པར་འགྱུར་རོ། །འབྲུག་ནི་དི་རི་རི་ཟེར་རོ། །མར་མེའི་མེ་ལྕེ་རིང་པོར་འགྱུར་རོ། ། འཁོར་ལོ་ཡང་འགུལ་ལོ། །ནམ་མཁའ་ལས་ཀྱང ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་འཁོར་ལོ་འདི་གྲུབ་པ་དང ། ཁྱོད་བྱང་ཆུབ་ཀྱི་ལམ་དུ་ཞུགས་པ་དང ། ཁྱོད་སྲིད་པའི་རྒྱ་མཚོ་ལས་རྒལ་བ་ལེགས་སོ་ཞེས་སྒྲ་གྲག་པར་འགྱུར་རོ། །དེ་ནས་སྔགས་པས་ལ་གོར་ལ་གོར་དུ་ལག་ན་རྡོ་རྗེ་འོང་གི་བར་དུ་བཟླས་
164b
བརྗོད་བྱའོ། །ལག་ན་རྡོ་རྗེ་འོངས་ནས་ཀྱང་སྒྲུབ་པ་པོ་ལ། བུ། ཁྱོད་བདུད་ཀྱི་དཔུང་ལས་རྒྱལ་བ་དང ། ཁྱོད་བྱང་ཆུབ་ཀྱི་ལམ་དུ་\?\་པ་ལེགས་སོ་ཞེས་སྨྲ་བར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེའི་ལག་པ་གཡས་པས་སྒྲུབ་པ་པོའི་སྤྱི་བོ་ལ་ཉུག་གོ་།བྱུགས་པ་དེའི་མོད་ལ་རིགས་ཀྱི་བུ་དེའི་མདུན་དུ་གཞལ་མེད་ཁང་རྒྱར་དཔག་ཚད་སྟོང་ཡོད་པ་ལ་དྲིལ་བུ་གཡེར་ཀའི་དྲ་བ་དཔྱངས་པ། གསེར་གྱི་སྐུད་པ་བྲེས་པ། མུ་ཏིག་གི་ཕྲེང་བ་བྲེས་པ། ཨནད་རྙིལ་དང ། མཐོན་ཀ་ཆེན་པོ་དང ། པདྨ་རཱ་ག་དང ། མ་རྒད་ཆེན་པོ་དང ། དྲི་མཆོག་དང ། རིན་པོ་ཆེའི་ཁྱད་པར་གཞན་དག་གིས་ཀྱང་མཛེས་པར་བྱས་པ། རྡོ་རྗེ་སྣ་ཚོགས་བཀོད་པས་རྣམ་པར་བཀྲམ་པ། ལྷའི་བུ་མོའི་ཚོགས་དང ། རིག་སྔགས་འཆང་ལ་སོགས་པས་མཛེས་པར་བྱས་པ་དེ་དག་ཀྱང་གླུ་ལེན་ཅིང་སྒྲ་སྙན་པའི་ལི་ཝང་དང ། རྔ་དང ། གླིང་བུ་དང ། ཕེག་རྡོབ་པ་བྱེད་པ་དང་ལྡན་པ་འབྱུང་ངོ ། །དེ་ནས་རིག་པའི་རྒྱལ་པོའི་མཐུས་འཕགས་པ་ལག་ན་རྡོ་རྗེ་ཉིད་ཀྱི་ལག་པ་གཡས་པས་སྒྲུབ་པ་པོ་དེ་བཟུང་སྟེ། གཞལ་མེད་ཁང་དུ་འཇུག་ཅིང ། རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ལྟར་སོང་ཞིག་ཅེས་སྨྲ་བར་འགྱུར་རོ། །དེ་ནས་དེའི་རིག་སྔགས་འཆང་གི་འཁོར་ལོས་བསྒྱུར་བ་འགྲོ་
165a
༄#། །བ་ཐོགས་པ་མེད་པར་གྱུར་ནས་ཁྲོ་བོའི་རྒྱལ་པོ་དེའི་མཐུས་རིག་སྔགས་འཆང་གི་འཁོར་ལོས་བསྒྱུར་བ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེས་རིག་སྔགས་འཆང་དེ་གཞལ་མེད་ཁང་དུ་བཞག་ན་མི་སྣང་བར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས། རིག་སྔགས་འཆང་གི་རྒྱལ་པོ་དུ་མ་ལ་ཕྱག་འཚལ་ཞིང་རི་མོར་བྱེད་ལ། མཆོད་པ་བྱེད་ཅིང་མདུན་ན་རིག་སྔགས་འཆང་གི་འཁོར་ལོས་བསྒྱུར་བ་ཐམས་ཅད་ལ་བསྒོ་ཞིང་འགྲོའོ། །ཁྲོ་བོ་འདི་ནི་དམ་པ་དཔལ་དང་ལྡན་པ། རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ། ལས་ཐམས་ཅད་བྱེད་པ་སྟེ། བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་དོ། །འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་དོ། །དགུག་གོ་།དབང་དུ་བྱེད་དོ། །སྐམ་པར་བྱེད་དོ། །གནོན་པར་བྱེད་དོ། །རིག་སྔགས་འཆང་ཐམས་ཅད་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་བོ། །ཅི་སྟེ་བཞོན་པ་བསྒྲུབ་པར་འདོད་ན་དེ་ནས་ངང་པའམ། གླང་ཁྱུ་བའམ། རྨ་བྱའམ། ནམ་མཁའ་ལྡིང་ངམ། གླང་པོ་ཆེའམ། རྟའམ་གང་ཡང་རུང་བ་ཞིག་བྱས་ལ་རི་མོ་མཁན་གསོ་སྦྱོང་བཟུང་བ་རི་མོ་འདྲིར་གཞུག་སྟེ། རི་མོའི་
165b
གཟུགས་ནུབ་ཕྱོགས་སུ་བསྟན་ལ་གཞག་སྟེ་མཆོད་པ་རྒྱ་ཆེར་བྱས་ལ། མར་མེ་ཡང་འབུལ་ཞིང་བསྲུང་བའི་ཆོ་ག་བྱས་ལ། ཨུ་དུམ་བཱ་རའི་ཡམ་སྲེག་ཤིང་སྟོང་བསྲེག་ཅིང་སྦྱིན་སྲེག་བྱའོ། །སྤོས་ཆུས་ལྷ་སྤྱན་དྲངས་ལ་སླར་གཤེགས་སུ་གསོལ་ནས་མཆོད་ཡོན་དབུལ་ལོ། །མཆོད་ཡོན་ཕུལ་ནས་བཞོན་པ་གང་ཡང་རུང་བ་ཞིག་ལག་པས་མནན་ལ་འབར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སྔགས་ལ་གོར་ལ་གོར་དུ་བཟླས་བརྗོད་བྱའོ། །གལ་ཏེ་ངང་པར་གྱུར་ན་དེའི་དངོས་གྲུབ་ཀྱི་མཚན་མ་ནི་ངང་པ་སྒྲ་འབྱིན་ཏོ། །ཁྱུ་བ་ནི་ངར་རོ། །རྨ་བྱ་ནི་ལྷུང་ལྷུང་ཟེར་རོ། །ནམ་མཁའ་ལྡིང་ནི་འཕུར་རོ། །གླང་པོ་ཆེ་ནི་སྒྲ་ངུར་དུར་ཞེས་ཟེར་རོ། །རྟ་ནི་སྐྲད་རྩེ་རེ་རེ་ཟེར་རོ། །འདི་དག་གི་མཚན་མ་ནི་འདི་རྣམས་ཡིན་ནོ། །ངང་པ་ལ་ཞོན་ན་མི་མཇེད་ཀྱི་བདག་པོ་ཚངས་པ་གཉིས་པར་འགྱུར་ཏེ། ཚེ་བསྐལ་པ་མཆོག་པས་ཀྱང་མཆོག་ཐུབ་པར་འགྱུར་རོ། །ཁྱུ་བ་ལ་ཞོན་ན་ལྷ་ཆེན་པོ་གཉིས་པར་འགྱུར་རོ། །རྨ་བྱ་ལེ་ཞོན་ན་སྨིན་དྲུག་གི་བུ་གཉིས་པར་འགྱུར་ཏེ། དཔའ་ཞིང་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་ཚེ་བསྐལ་པ་ཆེན་པོ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་ནམ་མཁའ་ལྡིང་
166a
༄#། །བསྒྲུབས་ལ་དེ་ལ་ཞོན་ན་ཁྱབ་འཇུག་གཉིས་པར་འགྱུར་ཏེ། ཚེ་བསྐལ་པར་ཐུབ་པར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་ཏེ་ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་གླང་པོ་ཆེ་གྲུབ་ཅིང་དེ་ལ་ཞོན་ན་བརྒྱ་བྱིན་གྱི་བརྩོན་འགྲུས་དང་འདྲ་བར་འགྱུར་ཞིང་ལྷའི་རྒྱལ་པོ་བྱེད་ལ་ནད་མེད་པ་དང ། མཛེས་པ་དང ། ལྷ་མོ་རྣམས་དང་རྩེ་བར་འགྱུར་རོ། །གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་རྟ་བསྒྲུབ་ཅིང་དེ་ལ་ཞོན་ན་ཉི་མ་གཉིས་པར་འགྱུར་ཏེ། མཐུ་ཆེ་ཞིང་ཚེ་བར་གྱི་བསྐལ་པ་ཐུབ་པར་འགྱུར་རོ།། གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ། །ཅི་སྟེ་རྡོ་རྗེ་བསྒྲུབ་པར་འདོད་ན་ཟངས་སམ། ཨ་ག་རུའམ། ཙནྡན་ནམ། ཙནྡན་དམར་པོའམ། ཐང་ཤིང་ངམ། སེང་ལྡེང་ངམ། ཤིང་བནདའམ། ཤིང་ནིམ་པའམ། ཤེལ་ལམ། སྒྲོན་ཤིང་ལས་རྡོ་རྗེ་རྩེ་གཅིག་པ་སོར་བརྒྱད་པའམ། སོར་བཅུ་དྲུག་པ་མ་གར་བའམ། ཤིང་མཁན་གསོ་སྦྱོང་བཟུང་བ་བྱེད་དུ་བཅུག་ལ་བ་སེར་མོའི་སྣ་ལྔས་བསྐུས་ཏེ། ཟླ་བ་ཡར་གྱི་ངོ་ཆོས་
166b
བཅོ་ལྔ་ལ་བཅོམ་ལྡན་འདས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བྱས་ལ་གཏོར་མ་ཡང་བྱིན་ཏེ་རྡོ་རྗེ་སྤོས་ཆུས་བཀྲུས་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཕུལ་ཏེ།་སྨོན་ལམ་བཏབ་ལ་ཁྲོ་བོའི་སྙིང་པོ་བརྗོད་དེ། མཆོད་ཡོན་གྱིས་ལྷ་སྤྱན་དྲངས་ལ་མཆོད་ཡོན་དང ། སྟན་ཕུལ་ཏེ། མར་དང ། སྦྲང་རྩིའི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྔགས་པས་ལག་པ་གཡས་པས་རྡོ་རྗེ་བླངས་ལ་འབར་ཞིང་སྒྲ་ཙེག་ཙེག་མི་ཟེར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སྔགས་པས་ལ་གོར་ལ་གོར་དུ་བཟླས་བརྗོད་བྱས་ཏེ། ཤར་ཕྱོགས་ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལྡེག་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ལ་རིག་པ་བྱེ་བ་ཕྲག་དགུས་ཡོངས་སུ་བསྐོར་ཅིང་འོང་གི་བར་དུ་བྱའོ། །རིག་པ་དེ་རེ་རེ་ལ་ཡང་འཁོར་བྱེ་བ་ཕྲག་ལྔ་བརྒྱས་ཡོངས་སུ་བསྐོར་བའོ། །རིག་པའི་རྒྱལ་པོ་དེ་ལག་པ་གཡོན་པས་རྡོ་རྗེ་བཟུང་སྟེ། ལག་པ་གཡས་པས་སྒྲུབ་པ་པོ་ལ་སྙན་ཅིང་ཟབ་པའི་སྒྲས་དབུགས་འབྱིན་ཅིང་གཟི་བརྗིད་ཉི་མ་ལྟར་འབར་ལ་ལྷ་ཐམས་ཅད་ཀྱིས་ནི་མཆོད། མེ་ཏོག་གི་ཆར་ནི་འབེབས་ཤིང་འོང་ངོ ། །དེ་ནས་སྒྲུབ་པ་པོས་འོངས་པ་ལ་མཆོད་ཡོན་དབུལ་ལོ། །སྟན་ཡང་དབུལ་ལོ། །སྨོན་ལམ་བཏབ་ལ། བཅོམ་ལྡན་འདས། ཐུགས་བརྩེ་བར་
167a
༄#། །མཛད་དུ་གསོལ། བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་ལག་པ་གཡས་པས་སྒྲུབ་པ་པོའི་མགོ་ལ་རེག་པར་བྱེད་ཅིང་འདི་སྐད་དུ། བུ།ཅི་བྱ་ཞེས་སྨྲའོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ལ་པུས་མོ་གཉིས་བཙུགས་ཏེ། བདག་ལ་རྡོ་རྗེའི་དངོས་གྲུབ་སྩལ་དུ་གསོལ། དེས་བདག་ཁྱོད་ཀྱི་བཀའ་དྲིན་གྱིས་བརྩོན་འགྲུས་ཆེན་པོ་དང ། སྟོབས་ཆེན་པོ་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོར་གྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་བདག་པོར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་པོ་ལ། བུ།་ཁྱོད་ཀྱིས་རྡོ་རྗེ་འདི་གྲུབ་སྟེ་བརྩོན་འགྲུས་དང ། ཕ་རོལ་གནོན་པ་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག་ཅེས་བརྗོད་པར་འགྱུར་རོ། །རྡོ་རྗེ་ཅི་ལྟ་བར་མདུང་ཐུང་ལ་སོགས་པ་བསྒྲུབ་པའང་དེ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་རྩེ་མོ་ལྡེག་པའི་ཆོ་ག་ཞིབ་མོ་ཐོགས་པ་མེད་པ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།།ཀྱེ།་སེམས་དཔའ་ཆེན་པོ། རྡོ་རྗེས་དབང་བསྐུར་བ་ཞེས་
167b
བྱ་བའི་དཀྱིལ་འཁོར་ཡོད་དེ། བཅོམ་ལྡན་འདས་ཀྱིས་དེ་ཁོ་བོ་གཅིག་པུ་ལ་བཤད་དོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚེ་བསྟན་པ་དང ། གསང་བའི་ཡང་ཆེས་གསང་བ། གསང་ཆེན་དམ་པ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྣམ་པར་མི་རིག་ན། གཞན་འཇིག་རྟེན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པ་གསང་བ་དམ་པ་འདི་ཡང་ཁོ་བོ་ལ་གཏད་དེ། ཞི་བའི་བློ་གྲོས། མཆོག་ཏུ་གསང་བ་ཆེན་པོའི་དཀྱིལ་འཁོར་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་དབང་བསྐུར་བ་ཞེས་བྱའོ། །འདིས་རྒྱུ་བ་དང ། མི་རྒྱུ་བ་དང་བཅས་པ་མ་ལུས་པ་འདི་མཐའ་དག་ཁྱབ་སྟེ། ཞི་བའི་བློ་གྲོས། འདིས་སངས་རྒྱས་ཀྱི་ཞིང་ཡང་མ་ཁྱབ་པ་མེད་དོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ།་སེམས་དཔའ་ཆེན་པོ། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་ལྟ་བུ་དག་ཐོབ་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་བ་དང ། མ་འོངས་པའི་སྐྱེ་བོ་རྣམས་ལ་བལྟས་ནས་བསྟན་པ་གནས་པར་འགྱུར་བའི་དོན་དུ་མཆོག་ཏུ་གསང་བའི་དཀྱིལ་འཁོར་དེ་བཤད་དུ་གསོལ།
168a
༄#། །དེ་སྐད་ཅེས་སྨྲས་པ་དང ། ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱད་པའི་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཐབས་སླ་བ་གང་གིས་དོན་ཆེན་པོ་བྱེད་པར་འགྱུར་བ་མཆོག་ཏུ་གསང་བའི་དཀྱིལ་འཁོར་དེ་ཉོན་ཅིག་།ཞི་བའི་བློ་གྲོས། ཐོག་མ་ཉིད་དུ་སློབ་དཔོན་གྱིས་ས་གང་ཡང་རུང་བ་ཞིག་ཡོངས་སུ་བཟུང་ལ་དཀྱིལ་འཁོར་བྲི་བར་བྱའོ། །ས་དེ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱང་བར་བྱའོ། །དམིགས་པའི་ཚུལ་ལ་གནས་ནས་སུ། །སྔགས་པས་གང་ཞིག་གཞན་དུ་བྱེད། །དེ་ལ་དངོས་གྲུབ་མྱུར་མི་འགྱུར། །དངོས་གྲུབ་ཉིད་ཀྱང་མི་འཐོབ་བོ། །ཞི་བའི་བློ་གྲོས་ཉོན་ཅིག་།དཀྱིལ་འཁོར་དམ་པ་མཐོང་ནས་ནི། །གང་གིས་དངོས་གྲུབ་ཐོབ་འགྱུར་བ། །དཀྱིལ་འཁོར་རྒྱལ་པོ་དགོད་པ་ནི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །དམ་ཚིག་དོན་དུ་ལུས་ཅན་ལ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད། །དེ་བྲི་ཆོ་ག་བཤད་པར་བྱ། །ངེས་པར་བསྒྲིམས་ཏེ་མཉན་པར་གྱིས། །ཁྲུ་ལྔ་ཁོ་ར་ཁོར་ཡུག་ལ། །སྟེགས་བུར་བཅས་པའི་སྒོ་བཞི་གཏོད། །དེ་ནས་སྔགས་པས་བྱ་བ་ནི། །དཀྱིལ་འཁོར་རིམ་པ་གཉིས་སུ་དབྱེ། །ནུབ་
168b
ཕྱོགས་སྒོ་ནས་གཞུག་པར་བྱ། །ཡང་ན་བྱང་ཕྱོགས་སྒོ་ནས་གཞུག་།སྙིང་རྗེར་ལྡན་པའི་ཡིད་ཀྱིས་སུ། །ཁོ་ར་ཁོར་ཡུག་\?\་།དེ་བཞིན་བྱ། །ནང་དུ་ཞུགས་ནས་སྔགས་པ་ཡིས། །དེ་བཞིན་གཤེགས་པ་དྲན་བྱས་ལ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །ཞི་བའི་བློ་གྲོས་ཉོན་ཅིག་།དཀྱིལ་འཁོར་རྒྱལ་པོ་དགོད་པ་ནི། །ཇི་ལྟར་སངས་རྒྱས་གསུངས་པ་བཞིན། །ཁྱོད་ལ་ཐམས་ཅད་བརྗོད་པར་བྱ། །གཡེང་མེད་ཡིད་ཀྱིས་མཉན་པར་གྱིས། །བློ་དང་ལྡན་པས་དེ་དབུས་སུ།། ཕྱག་རྒྱ་མཆོག་ཏུ་མཛེས་པར་བྲི། །པདྨ་ཆེན་པོ་འདབ་བརྒྱད་ལ། །སྣ་ཚོགས་མཛེས་པ་ཉིད་དུ་འདོད། །ཤར་ཕྱོགས་འདབ་མ་དཀར་པོ་སྟེ། །ནུབ་ཕྱོགས་སུ་ནི་ལྗང་ཁུའོ། །བྱང་ཕྱོགས་སུ་ནི་དམར་པོ་བྲི། །ལྷོ་ཕྱོགས་སུ་ནི་ནག་པོ་འོ། །འདབ་མ་ལྷག་པར་བརྗོད་པས་ནི། །འདྲེས་མར་རྒྱལ་པ་རྣམས་ཀྱིས་གསུངས། །དེ་ཡི་སྙིང་པོ་དབུས་སུ་ནི། །བུམ་པ་བསྒྲེང་བ་བྲི་བར་བྱ། །དེ་ཡི་སྟེང་དུ་པདྨ་ཆེ། །པདྨའི་སྟེང་དུ་རྡོ་རྗེ་བསྒྲེང ། །དེ་ཡི་ཐ་མར་འོད་ཟེར་གྱི། །དཀྱིལ་འཁོར་ཤིན་ཏུ་མཛེས་པ་བྲི། །དཀྱིལ་འཁོར་གང་དང་གང་ཡིན་པ། །ས་བོན་དང་ནི་ལྡན་པར་བྱ། །བློ་དང་ལྡན་པས་དེ་སྟེང་དུ། །ཆོས་ཀྱི་འཁོར་ལོ་མཛེས་པ་སྟེ། །པདྨ་དཀར་པོའི་སྟེང་གཞག་ལ། །རྡོ་རྗེ་དཀར་པོས་
169a
༄#། །འཁོར་བ་བྲིས། །མཁས་པས་དབང་ལྡན་ཕྱོགས་སུ་ནི། །ཕྱག་རྒྱ་མཆོག་ཏུ་བཟང་བྲི་སྟེ། །ཟླ་བའི་དཀྱིལ་འཁོར་འདྲ་བ་ལ། །དཀྱིལ་འཁོར་ཡིད་བཞིན་རིན་ཆེན་གཞག་།དེ་ཡི་སྟེང་དུ་བྲི་བ་ནི། །པདྨ་དཀར་པོ་མཆོག་ཏུ་མཛེས། །ཞི་ཞིང་མེ་ལྕེ་ཕྲེང་བས་འཁོར། །རྟག་ཏུ་སངས་རྒྱས་བསྔགས་པ་བྲི། །བྱང་ཕྱོགས་སུ་ནི་དུང་བྲི་སྟེ། །དཀར་ལ་མཆོག་ཏུ་མཛེས་པར་བྱ། །འཇིག་རྟེན་དབང་པོ་འདྲ་བ་སྟེ། །གཟུགས་བཟང་ཕྱག་རྒྱ་འདི་བྲི་འོ། །དུང་གི་སྟེང་དུ་རྡོ་རྗེ་བྲི། །རྡོ་རྗེའི་སྟེང་དུ་པདྨའོ། །ལྷོ་ཕྱོགས་སུ་ནི་སོང་ནས་སུ། །རླུང་གི་དཀྱིལ་འཁོར་འདྲ་བ་ཡི། །ཕྱག་རྒྱ་བསྒྲིམས་ཏེ་བྲི་བར་བྱ། །དེ་ཡི་སྟེང་དུ་རླུང་བཞག་གོ་།དེ་ཡི་སྟེང་དུ་པདྨ་སྟེ། །དུས་མཐའི་མ་\?\་འདྲའི་འོད་ཅན་བྲི། །དེ་ཡི་སྟེང་དུ་བློ་ལྡན་པ། །ལག་ན་རྡོ་རྗེའི་རྡོ་རྗེ་བྲི། །ནུབ་ཕྱོགས་སུ་ནི་སོང་ནས་སུ། །ུཏྤ་ལ་ཞེས་བྱ་བ་ཡི། །ཕྱག་རྒྱ་ཤིན་ཏུ་མཛེས་བྲིས་ཏེ། །པདྨའི་སྟེང་དུ་གཞག་པར་བྱ། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །འཇམ་པའི་དབྱངས་ཞེས་བྱ་བ་ཡིན། །བདེན་བྲལ་ཕྱོགས་སུ་སོང་ནས་སུ།། རལ་གྲི་གཅིག་ནི་བྲི་བྱ་སྟེ། །པདྨ་དཀར་པོའི་སྟེང་དུ་གཞག་།འོད་ཟེར་གྱིས་ནི་འཁོར་བར་བྱ། །སྒོ་ཡི་གཡས་གཡོན་ངོས་སུ་གཉིས། །ཁྲོ་བོའི་རྒྱལ་པོ་གཉིས་བྲི་སྟེ།།
169b
འཇིག་རྟེན་གསུམ་རྒྱལ་མགོན་པོ་དང ། །ཁྲོ་བོ་ཟླ་བའི་ཐིག་ལེའོ། །ཁྲོ་ཟླ་ཐིག་ལེའི་ཐོ་བ་སྟེ། །འཇིག་རྟེན་གསུམ་རྒྱལ་རྡོ་རྗེའོ། །དེ་ནས་སྔགས་པས་མཉམ་གཞག་སྟེ། ཕྱི་རིམ་ངོས་སུ་བྲི་བ་ནི། །དེ་ལ་ཤར་ཕྱོགས་སུ་འབྱུང་པོའི་བདག་པོ་དབང་ལྡན་འཁོར་དང་བཅས་པ་བྲིའོ། །བྱང་ཕྱོགས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་བ་བྲིའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་འཁོར་དང་བཅས་པ་བྲིའོ། །ནུབ་ཕྱོགས་སུ་ནི་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་བྲིའོ། །སྒོའི་གཡས་གཡོན་ཕྱོགས་སུ་ནི་ཐུབ་དཀའ་དང ། མངོན་དུ་གྱུར་བ་གཉིས་བྲི་བར་བྱའོ། །ཕྱོགས་བཞིར་ནི་བསྲུང་བ་ཆེན་པོ་བཞི་གཞག་པར་བྱ་སྟེ། འདི་ལྟར་ཤར་ཕྱོགས་སུ་ནི་མི་འཇིགས་པ་སྦྱིན་མའོ།། བྱང་ཕྱོགས་སུ་ནི་གཞན་གྱིས་མི་ཐུབ་མའོ། །ལྷོ་ཕྱོགས་སུ་ནི་འོད་ཟེར་ཅན་ཞགས་པའི་ཕྱག་རྒྱ་དང་བཅས་པར་བྲིའོ། །ནུབ་ཕྱོགས་སུ་ནི་འཇིགས་པ་འཇིགས་བྱེད་དབྱུག་ཏོའི་ཕྱག་རྒྱ་དང་བཅས་པར་བྲིའོ། །དེ་ནས་ཕྱོགས་བཞིར་བུམ་པ་མགུལ་ཆིངས་དང་བཅས་པ་བཞི་གཞག་གོ་།དབུས་སུ་བུམ་པ་གཅིག་གཞག་གོ་།དེ་ནས་སློབ་དཔོན་གྱིས།་ཆོ་ག་སྔ་མའི་ཚུལ་བཞིན་དུ། །རབ་ཏུ་བསྒྲིམས་ཏེ་སློབ་མ་གཟུང ། །དཀྱིལ་འཁོར་སྔ་མའི་སྐབས་བཞིན་དུ། །སྤོས་དང་མེ་ཏོག་སྦྱིན་པར་བྱ། །དེ་ནས་བྱང་ཆུབ་
170a
༄#། །སེམས་དཔའ་ཞི་བའི་བློ་གྲོས་ངོ་མཚར་གྱིས་འདུན་པར་གྱུར་པའི་སྙིང་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་རྣམ་པར་བལྟ་ཞིང་འདུག་ནས་ཚིག་སྨྲས་པ། །ཀྱེ་མ་སེམས་ཅན་ཆེན་པོ་གང ། །སངས་རྒྱས་ཞིང་དུ་ཐམས་ཅད་དུ། །བསྒྲགས་པ་ཆེན་པོ་བསྟན་པ་ནི། །ཁྱོད་ཀྱིས་སྤྱོད་པ་ཅི་འདྲ་ཞིག། དཀྱིལ་འཁོར་འདི་འདྲ་མཐོང་ནས་སུ། །གང་གི་དངོས་གྲུབ་ཐོབ་འགྱུར་བ། །རྡོ་རྗེ་དབང་བསྐུར་དམ་བ་མཆོག་།ཤིན་ཏུ་རྨད་དུ་བྱུང་འདི་བསྟན། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། ལེགས་སོ། །ལེགས་སོ། ། ཚིག་བརྗོད་པ་འདི་བཟང་ངོ ། །ཞི་བའི་བློ་གྲོས། དེ་བཞིན་གཤེགས་པས་ཀྱང་འདི་སྐད་ལག་ན་རྡོ་རྗེ། རྡོ་རྗེས་དབང་བསྐུར་བའི་དཀྱིལ་འཁོར་འདི་ནི་མཆོག་ཏུ་ཆེས་གསང་བའོ་ཞེས་གསུངས་སོ། །དེ་སྐད་ཅེས་སྨྲས་པ་དང ། ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སེམས་དཔའ་ཆེན་པོ། རྡོ་རྗེས་དབང་བསྐུར་བ་ཞིས་བྱ་བ་ཇི་སྐད་དུ་བསྟན་པ་ཡིན། དེ་སྐད་ཅེས་སྨྲས་པ་དང ། ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་
170b
འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། གང་ཁྱོད་ཀྱིས་དྲིས་པ་དེ་ལེགས་སོ། །ལེགས་སོ། །ཞི་བའི་བློ་གྲོས། རྡོ་རྗེ་དབང་བསྐུར་བའི་མཐུ་བསྒྱིངས་པ་ཉོན་ཅིག་།ཞི་བའི་བླ་གྲོས།་དཀྱིལ་འཁོར་འདི་ལྟ་ཞོག་གི་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དུ་མ་ལས་ངས་པར་བྱུང་བ། གཟུངས་དུ་མའི་འཁོར་དང་ལྡན་པའི་རྡོ་རྗེ་ཡང་ཁོ་བོ་ལ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འདི་ནི་སངས་རྒྱས་རྣམས་པས་ཆེས་སྔ་བའོ། །ཞི་བའི་བློ་གྲོས། ཡེ་ཤེས་ཀྱི་རྡོ་རྗེ་འདི་ནི་སྔགས་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་མགུ་བའི་མགོ་བོར་བསམས་ལ་སྦྱིན་པར་བྱ་སྟེ། འདི་ཉིད་དེའི་དམ་ཚིག་ཡིན་ནོ། །དེས་ན་རྡོ་རྗེས་དབང་བསྐུར་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་པོའི་རྡོ་རྗེ་འདི་ནི་མཆོག་ཏུ་སྲུང་བར་བྱེད་པ་དང ། བསྟན་པ་ཀུན་ཏུ་བསྲུང་བ་དང ། དེ་ཉིད་ད་བཞིན་གཤེགས་པ་ཡིན་པ་དང ། བགེགས་ཐམས་ཅད་ཕུང་བར་བྱེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་རྡོ་རྗེ། སྔགས་པས་ནམ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཏང་བར་མི་བྱའོ། །དེ་སྐད་ཅེས་སྨྲས་པ་དང ། ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ། སེམས་ཅན་རྣམས་ལ་ཕན་པར།
171a
༄#། །འདོད་པས་གང་ཁྱོད་ཀྱི་མཆོག་ཏུ་གསང་ཆེན་གྱི་དཀྱིལ་འཁོར་བཤད་པ་ལེགས་སོ། །ལེགས་སོ། །ཡེ་ཤེས་རྡོ་རྗེ་བླ་ན་མེད། །བདག་ཉད་དེ་བཞིན་གཤེགས་པ་ལ། །ཡེ་ཤེས་གཟུགས་སུ་སྣང་བ་འདི། །བླུན་པོ་རྣམས་ཀྱིས་མི་ཤེས་སོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། ཁྱོད་ལ་གསང་ཆེན་བཤད་ཀྱི། ཞི་བའི་བློ་གྲོས། ཁྱོད་ཀྱིས་མ་དད་པ་སུ་ལ་ཡང་དཀྱིལ་འཁོར་གྱི་རྒྱལ་པོ་འདི་མ་བསྙད་ཅིག་།དམ་ཚིག་འདི་ཡང་ཡོངས་སུ་དག་པ་མ་གཏོགས་པ་སུ་ལ་ཡང་མ་སྦྱིན་ཅིག་།ལག་ན་རྡོ་རྗེ་དབང་བསྐུར་བ་ལས། ལག་ན་རྡོ་རྗེས་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དཀྱིལ་འཁོར་དོན་ཡོད་པ།་ཡང་དག་པར་བསྟན་པ་ལས་དོན་ངེས་པར་འབྱུང་བ་རྣམས་ཀྱི་རྟགས་སུ་གྱུར་པ། རྡོ་རྗེ་མཆོག་ལ་དག་པར་བྱུང་བའི་ཕྱག་རྒྱ་རབ་འབྱམས་དབྱིངས་རྣམ་པ་སྣ་
171b
ཚོགས་སུ་མངོན་པར་གྲུབ་པ། སེམས་ཅན་གྱི་ཁམས་བསམ་པ་ཐ་དད་པ་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་བར་ཚིམ་པར་བྱེད་པ། འགྲོ་བ་ཐ་དད་པ་རྣམས་དང ། རིགས་དང་སྐྱེ་གནས་དང ། ཁ་དོག་དང ། དབྱིབས་ཐ་དད་པ་རྣམས་དང ། སྤྱོད་པ་ཐ་དད་པ་རྣམས་དང ། བསམ་པ་ཐ་དད་པ་རྣམས་དང ། ཚུལ་དང ། ངེས་པའི་ཚིག་བརྗོད་པ་ཐ་དད་པ་རྣམས་དང ། ཚིག་གི་ལམ་ཐ་དད་པ་རྣམས་སུ་སྣ་ཚོགས་ཀྱིས་སྨྲས་པའི་ལུས་ཀྱི་དབྱིབས་དག་མངོན་པར་སྤྲུལ་ནས་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པ་ངེས་པར་བསྟན་པ་རྣམས་སུ་སྐུ་དང ། གསུང་དང ། ཐུགས་ཀྱིས་མཉམ་པ་ཉིད་ལས་ངེས་པར་སྦྱོར་བར་བྱེད་པས་ཆོས་ཀྱིས་རྣམ་པར་བསྐྱེད་པའི་ལུས་དང་ལྡན་པ ། བྱང་ཆུབ་སེམས་དཔའི་མིག་འཕྲུལ་ལས་ཡང་དག་པར་འབྱུང་བའི་ཕྱག་རྒྱ་རབ་འབྱམས་དག་ཡོད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དེ་དག་ཁོ་བོས་ཁྱོད་ལ་བཤད་ཀྱི་ཉོན་ཅིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སྨྲས་པ། རིགས་ཀྱི་བུ། དེའི་དུས་ཡིན་ནོ། །དེའི་ཚོད་ཡིན་གྱི། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རྒྱན་གྱི་སྒོའི་ཕྱག།
172a
༄#། །རྒྱ་རབ་འབྱམས་བཤད་དུ་གསོལ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བྱང་ཆུབ་སེམས་དཔའ ། དེའི་དུས་ལ་བབ་པར་མཁྱེན་ན་དེའི་དུས་ལགས། དེའི་ཚོད་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུན་མཐུན་པ་ལས་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པའི་ཕྱག་རྒྱ་རབ་འབྱམས་སྨྲས་པ། ཐོག་མར་ལག་པ་གཉིས་སྙིམ་པ་སྙིང་གར་སྦྱར་ལ་སྲིན་ལག་གཉིས་ནང་དུ་གཞུག་།གུང་མོ་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་ལ། མཛུབ་མོ་གཉིས་ཚིག་གསུམ་པའི་ཐད་ཀར་ནས་གང་གིས་མ་རེག་ཙམ་དུ་གཞག་ལ་མཐེའུ་ཆུང་གཉིས་དང ། མཐེ་བོང་གཉིས་ཀྱང་དེ་ལ་ཕྱོགས་པར་གྱེན་དུ་བསྒྲེང་ངོ ། །འདི་ནི་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་སྟེ།་སྔགས་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་ས་མ་ཡ་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡ་མཚན་གྱིས་སྤྱན་
172b
རྒྱས་པར་གྱུར་ནས། དྲང་སྲོང་ཆེན་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཀུན་གྱི་དམ་ཚིག་འདི་ནི་ངོ་མཚར་ཏོ། །དེ་བཞིན་རྒྱལ་བའི་ཉན་ཐོས་དང ། །རང་རྒྱལ་དག་དང་འཇིག་རྟེན་ན། །གཉིས་མེད་བསེ་རུ་ལྟ་བུ་དང ། །ཚངས་པ་ལ་སོགས་འཕྲུལ་པོ་ཆེ། །འཇིག་རྟེན་ལྷ་རྣམས་གང་ཡིན་དང ། །གང་གཞན་གནོད་སྦྱིན་དྲི་ཟ་དང ། །མཁའ་ལྡིང་མིའམ་ཅི་སོགས་དང ། །སྲིན་པོ་ཡི་དྭགས་གནོན་པོ་དང ། །གྲིབ་གནོན་བརྗེད་བྱེད་གྲགས་པ་རྣམས། །དེ་དག་ཀུན་གྱིས་ཚིག་སྨྲས་པ། །དམ་ཚིག་དམ་པ་ངོ་མཚར་ཏོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །དམ་ཚིག་འདི་ལས་སུ་འདས་པ། །སྡང་སེམས་ལྡན་པ་དེ་དག་གི་།མགོན་པོ་དཔལ་ལྡན་རྡོ་རྗེ་འཆང ། །སེམས་ཅན་ཀུན་ལ་ཕན་བྱེད་པས། ། མེ་ལྕེ་ཕྲེང་འཁྲུགས་མི་བཟད་པའི། །རྡོ་རྗེ་རྣམས་ཀྱིས་རྟག་ཏུ་འགེམས། །དམ་ཚིག་འདས་པ་ངེས་པར་ནི། །ངན་སོང་འགྲོ་ལ་སོགས་པར་འགྱུར། །སྐྱོབ་པ་བྱང་ཆུབ་སེམས་དཔའ་དང ། །རྫོགས་སངས་རྒྱས་རྣམས་མི་མཉེས་བྱས། །དེ་དག་དངོས་གྲུབ་ཚེ་འདི་དང ། །ཚེ་གཞན་འབྲས་བུར་འགྱུར་འདི་མེད། །གལ་ཏེ་འབྲས་བུ་མཆོག་འདོད་ན། །དེ་ལྟར་བས་ན་རྣམ་ཀུན་ཏུ། །བློ་དང་ལྡན་པས་བསྒྲིམས་བྱས་ལ། །དམ་ཚིག་འདི་ནི་བསྲུང་བར་བྱ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དེ་ཉིད་དུ་སྦྱར་བ་ནི་རྡོ་རྗེ་འཆང་ཐམས་
173a
༄#། །ཅད་ཀྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་མྱུར་དུ་སླར་བཀྱེད་པ་ནི་རྡོ་རྗེ་ཛྷ་ག་རའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བསེགས་སུ་བཀྱེད་པ་ནི་ཀུན་ཏུ་བརྗོད་པ་མེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཉིས་ནང་དུ་གཞུག་པ་ནི་རྡོ་རྗེ་ར་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་ཐུར་དུ་བསྟན་ལ་མཐེ་བོང་དང ། ལྷན་ཅིག་གཞག་པ་ནི་རྡོ་རྗེ་ཕུར་བུའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་བཀུག་ལ་ལྷག་མ་དེ་བཞིན་གཞག་པ་ནི་རྡོ་རྗེ་དྲ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་ཐམས་ཅད་གཅིག་ཏུ་ཁ་བྱེ་བ་ལ་ཐུག་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཨུཏྤ་ལའི་ཕྱག་རྒྱའོ། །རྡོ་རྗེ་ཨུཏྤ་ལའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་སོར་མོ་ཐམས་ཅད་འཁྱུད་ལ་མཐེ་བོང་གཉིས་མཛུབ་མོའི་དྲུང་དུ་བཞར་བ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །རྡོ་རྗེ་གདུ་བུའི་ཕྱག་རྒྱ་ལས་མཐེ་བོང་གཉིས་མཛུབ་མོའི་ངོས་ལ་བཞར་བ་ནི་རྡོ་རྗེ་ཁའི་ཕྱག་རྒྱའོ། །རྡོ་རྗེ་ཁའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ནང་ལོགས་སུ་བཅུག་ལ་སྟོད་དེ་གཞག་པ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་མཛུབ་མོའི་ལོགས་སུ་ཡིད་ཙམ་དགུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་
173b
རྒྱའོ། །མཐེའུ་ཆུང་གཉིས་ནང་དུ་བཀུག་སྲིན་ལག་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཀྱིས་སྲིན་ལག་གཉིས་བསྣོལ་མར་འཁྱུད་ལ། ལྷག་མ་དེ་བཞིན་དུ་གཞག་པ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོང་བའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཀྱིས་སྲིན་ལག་གཉིས་འཁྱུད་ལ། ལྷག་མ་དེ་བཞིན་དུ་གཞག་པ་ནི་བཅོམ་ལྡན་འདས་མཱ་མ་ཀིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་སིན་ལག་གི་དྲུང་དུ་བཞར་བ་ནི་རྡོ་རྗེ་སྒེག་པའི་ཕྱག་རྒྱའོ། །རྡོ་རྗེ་སྒེག་པའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་པ་ནི་རྡོ་རྗེ་མེ་ཏོག་གི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཀུག་སྟེ་གུང་མོ་གཉིས་གཤིབས་པ་ནི་རྡོ་རྗེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་སོར་མོ་རྣམས་ལན་བུ་ཐབས་སུ་བྱས་པ་བཟློག་སྟེ། མཛུབ་མོ་གཉིས་གཤིབས་པ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཡོན་པས་མཐེ་བོང་གཡས་པ་མནན་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བཀྱེད་ལ་མཐེ་བོང་གཉིས་དེ་ལོགས་སུ་
174a
༄#། །ཕྱོགས་པར་གཞག་པ་ནི་རྡོ་རྗེ་འབྱུང་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བརྐྱང་བ་ནི་རྡོ་རྗེ་སྡེར་མོ་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་བརྐྱང་ལ་མཐེ་བོང་གཉིས་སྦས་པ་ནི་རྡོ་རྗེ་རིགས་མཛེས་མའི་ཕྱག་རྒྱའོ། །ལག་པ་གཉིས་སྙིང་གར་གཤིབས་ཏེ་མཐེ་བོང་གཉིས་ནང་དུ་བཅུག་ལ་ལྷག་མ་ཐམས་ཅད་བརྐྱང་བ་ནི་རྡོ་རྗེ་བླ་རེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་དང ། མཐེའུ་ཆུང་གཉིས་ཀྱང་ནང་དུ་བཀུག་པ་ནི་རྡོ་རྗེ་ཏོག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོང་གཉིས་ཀྱི་རྩེ་མོར་གཞག་ལ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ལག་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་སྙིམ་པ་སྦྱར་ཏེ་སོར་མོ་ཐམས་ཅད་དྲིལ་བུའི་ཚུལ་དུ་བྱས་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ་བསྐྱོད་པ་འདི་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་ཁུ་ཚུར་བཅངས་པ་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་རྔ་བོ་ཆེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་བསྒྲེང་ལ་མཐེའུ་ཆུང་གཉིས་ནང་དུ་བཀུག་པ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་སྟེ་འཁྱུད་
174b
པའི་ཚུལ་དུ་བྱ་ཞིང་མཐེ་བོང་གཉིས་ཡིད་ཙམ་དགུག་པར་བྱ་བ་ནི་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་བེ་ཅོན་སྔོན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གུང་མོའི་ངོས་ཀྱི་དྲུང་དུ་བཀུག་སྟེ་བཞར་བ་ནི་རྡོ་རྗེ་ལུས་དམར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་བསྐོར་བའི་ཚུལ་གྱིས་གཟིར་ཅིང་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་ནང་དུ་བཀུག་ལ་སྲིན་ལག་བསྒྲེང་སྟེ་ཚིག་གསུམ་པ་དགུག་པ་ནི་གཞོན་ནུ་ལག་བཟང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གཤིབས་ལ་ཚིག་གསུམ་པ་བཀུག་པ་ནི་གཞོན་ནུ་རྡོ་རྗེ་སྡེའི་ཕྱག་རྒྱའོ། ། ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་གཞོན་ནུ་རྡོ་རྗེ་སྤྱི་གཙུག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་ནང་དུ་བཀུག་པ་ནི་གཞོན་ནུ་རྡོ་རྗེ་དབུ་རྒྱན་རྩེ་བྲན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་བཀན་ལ་སྲིན་ལག་གཉིས་དང ། མཐེ་བོང་གཉིས་བསྒྲེང་གུང་མོ་གཉིས་དབུས་སུ་རྩེ་མོ་དགུག་པ་ནི་ན་ད་ཀུ་བེ་རའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ནང་དུ་བཀུག་ལ་སྲིན་ལག་གཉིས་ཐད་ཀར་བརྐྱང་བ་ནི་
175a
༄#། །ཁྲོ་བོ་ཟླ་བའི་ཐིག་ལེའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་བཞག་སྟེ་མཛུབ་མོ་དང ། གུང་མོ་མིག་གི་ཚུལ་དུ་དཔྲལ་བར་སྦྱར་བ་ནི་རྡོ་རྗེ་འཇིགས་འཇིགས་ལྟའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་གཤིབས་པ་ལ་འཁྱུད་པ་ནི་ཀུན་ཏུ་བཟང་པོ་ལ་སོགས་པ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །ལག་པ་གཉིས་གདུ་བུའི་ཚུལ་དུ་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་བརྐྱང་སྟེ་ཡིད་ཙམ་བཀུག་པ་ནི་སྟོབས་པོ་ཆེ་བེ་ཅོན་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་རྩེ་མོ་སྤྲད་དེ་ཟླུམ་པོར་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །མཛུབ་མོ་དེ་ཉིད་བསྣོལ་ཏེ་སྦྱར་བ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡོན་པ་ཡིད་ཙམ་དགུག་པ་ནི་རྡོ་རྗེ་ཡུ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་མཛུབ་མོ་གཉིས་ལག་མཐིལ་དུ་བཀུག་ལ་གུང་མོ་གཉིས་ཚིག་གསུམ་པ་བཀུག་སྟེ། ཐུར་དུ་བསྟན་པ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་བ་ལ། སྲིན་ལག་གཉིས་དང ། མཐེའུ་ཆུང་གཉིས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་ཀྱིས་མཐེ་
175b
བོང་གཉིས་ལ་འཁྱུད་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ལག་པ་གཡས་པའི་སོར་མོ་ཐམས་ཅད་བསྡུས་ལ་གུང་མོ་ཡིད་ཙམ་བརྐྱང་བ་ནི་རྡོ་རྗེ་གཙུག་ཏོར་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་མཚམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཛུབ་མོ་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཀྱི་དྲུང་དུ་བཅར་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་ཁུ་ཚུར་གཡོན་པ་བརྡེག་པར་གཟས་པ་ལྟར་བྱ་ཞིང་ཁུ་ཚུར་གཡས་པ་བྲང་ལ་བཅར་ཏེ་མཛུབ་མོས་བསྡིགས་པ་ནི་མངོན་དུ་གྱུར་པའི་ཕྱག་རྒྱའོ། །ལག་པ་གཉིས་ཀ་བསྐོར་བའི་ཚུལ་དུ་ཁུ་ཚུར་བཅངས་ལ། རྐང་པ་གཡས་པ་བརྐྱང་ལ་ཁུ་ཚུར་བསྣུན་ཐབས་སུ་སྟོན་པ་ནི་ཐུབ་དཀའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་མཐེའུ་ཆུང་གཉིས་དང ། མཐེ་བོང་གཉིས་ནང་དུ་བཀུག་པ་ནི་རྣམ་ཐོས་ཀྱི་བུའི་དབྱུག་ཏོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་མཛུབ་མོ་གཉིས་ཞགས་མིག་གི་ཚུལ་དུ་བྱས་པ་ནི་ཞགས་པ་སྟེ་ནོར་རྒྱས་ཀྱི་བུའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་མཛུབ་མོ་
176a
༄#། །གཉིས་ཀྱིས་སོར་མོ་ཐམས་ཅད་འཁྱུད་པ་ནི་སའི་སྙིང་པོའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་རལ་གྲིའི་ཚུལ་དུ་སྦྱར་བ་ནི་ནམ་མཁའི་སྙིང་པོའི་རལ་གྲིའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ལས་སྲིན་ལག་གཉིས་ནང་དུ་བཀུག་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་དེ་ལས་མཐེ་བོང་གཉིས་ནང་དུ་བཀུག་པ་ནི་ཞི་བའི་བློ་གྲོས་ཀྱི་རྒྱལ་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་བཀན་ཏེ་སྲིན་ལག་གཉིས་བསྒྲེང་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཉིས་མཐིལ་དུ་བཅར་བ་ནི་བྱུག་སྤོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་གུང་མོ་གཉིས་ལ་བཅར་བ་ནི་བདུག་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་མཐེའུ་ཆུང་གཉིས་ཀྱིས་འཁྱུད་པ་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། །མཐེ་བོང་གཉིས་བརྐྱང་བ་ནི་མར་མེའི་ཕྱག་རྒྱའོ། །མཐེ་བོང་སྦས་ཏེ་མཛུབ་མོ་བསྐུམ་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀ་གཅིག་ཏུ་སྦྱར་ལ་མཐེ་བོང་དང ། མཛུབ་མོ་གཅིག་ཏུ་སྦྱར་ཏེ། སྲིན་ལག་གཉིས་བརྐྱང་བ་ནི་རྡོ་རྗེ་དབྱངས་ཅན་གྱི་ཕྱག་རྒྱའོ། །རྡོ་རྗེ་དབྱངས་
176b
ཅན་གྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ནང་དུ་བཀུག་ལ། མཐེའུ་ཆུང་གཉིས་མཐེ་བོང་ལ་ཕྱོགས་པར་བྱ་བ་ནི་\?\་རྡོ་རྗེ་བཞད་པའི་ཕྱག་རྒྱའོ། །རྡོ་རྗེ་བཞད་པའི་ཕྱག་རྒྱ་ལས་མཐེའུ་ཆུང་གཉིས་བསྒྲེང་བ་ནི་རྡོ་རྗེ་སྨིན་མའི་ཕྱག་རྒྱའོ། །རྡོ་རྗེ་སྨིན་མའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་མིག་གི་ཚུལ་དུ་བཀུག་སྟེ། གུང་མོའི་ངོས་ལ་བཞར་བ་ནི་རྡོ་རྗེ་མིག་གི་ཕྱག་རྒྱའོ། །རྡོ་རྗེ་མིག་གི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་རྣ་བའི་ཕྱག་རྒྱའོ། །རྡོ་རྗེ་རྣ་བའི་ཕྱག་རྒྱ་ལས་གུང་མོ་གཡོན་པ་བཀུག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །རྡོ་རྗེ་ལྟེ་བའི་ཕྱག་རྒྱ་ལས་གུང་མོ་གཡས་པ་བཀུག་སྟེ། གཡོན་པ་བརྐྱང་བ་ནི་རྡོ་རྗེ་མཁུར་བའི་ཕྱག་རྒྱའོ། །རྡོ་རྗེ་མཁུར་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྩེ་མོ་བཀུག་ལ་སྦྱར་བ་ནི་རྡོ་རྗེ་རྟ་བབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རྟ་བབས་ཀྱི་ཕྱག་རྒྱ་ལས་མཐེ་བོང་གཡོན་པ་བསྒྲེང་ལ་གཡས་པ་བཀུག་པ་ནི་རྡོ་རྗེ་རྐེད་པའི་ཕྱག་རྒྱའོ། །རྡོ་རྗེ་རྐེད་པའི་ཕྱག་རྒྱ་ལས་སྲིན་ལག་གཉིས་ཕྱེ་སྟེ་ཕྱིར་བཀྱེད་པ་ནི་རྡོ་རྗེ་མཚན་གྱི་ཕྱག་རྒྱའོ། །རྡོ་རྗེ་མཚན་གྱི་ཕྱག་རྒྱ་ལས་སྲིན་ལག་གཉིས་ཡིད་ཙམ་བཀུག་ལ་ཐུར་དུ་བསྟན་པ་ནི་རྡོ་རྗེ་བརླའི་ཕྱག་རྒྱའོ། །རྡོ་རྗེ་བརླའི་ཕྱག་རྒྱ་ལས་སྲིན་ལག་གཡོན་པ་ཡིད་ཙམ་བརྐྱང་བ་ནི་རྡོ་རྗེ་བྱིན་པའི་ཕྱག་རྒྱའོ། །རྡོ་རྗེ་བྱིན་པའི་
177a
༄#། །ཕྱག་རྒྱ་ལས་སྲིན་ལག་གཡས་པ་བརྐྱང་སྟེ་གཡོན་པ་ནང་དུ་བཀུག་པ་ནི་རྡོ་རྗེ་རྐང་པའི་ཕྱག་རྒྱའོ། །ལག་པ་གཉིས་བསྣོལ་ཏེ་རྡོ་རྗེ་བཅིང་པའི་ཚུལ་དུ་བཅིངས་ལ་མཛུབ་མོ་གཉིས་བསྡིགས་པའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་ལག་པའི་ཕྱག་རྒྱའོ། །རྡོ་རྗེ་ལག་པའི་ཕྱག་རྒྱ་ལས་མཛུབ་མོ་གཡོན་པ་བཀུག་པ་ནི་བྲན་ཕོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་བྲན་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཡས་པ་ཕྱེ་སྟེ་བརྐྱང་བ་ནི་ཕོ་ཉ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཡོན་པ་ཕྱེ་སྟེ། བརྐྱང་བ་ནི་ཕོ་ཉ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལག་པ་གཉིས་རྡོ་རྗེ་བཅིངས་པའི་ཚུལ་དུ་བྱས་ལ་མཐེ་བོང་གཡོན་པ་བསྒྲེང་བ་ནི་ཕྱག་བརྙན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཡས་པ་བརྐྱང་བ་ནི་ཕྱག་བརྙན་མ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁ་ཕྱེ་ལ་ཐུག་པའི་ཚུལ་དུ་ཐལ་མོ་སྦྱར་ཏེ། སྤྱི་བོར་གཞག་པ་ནི་གཞོན་ནུ་གཙུག་ནས་བྱུང་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་སྦྱར་ལ་མཐེ་བོང་གཡས་པ་བརྐྱང་བ་ནི་རྡོ་རྗེ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་
177b
ཉིད་ལས་མཐེ་བོང་གཡས་བཟེད་གཡོན་པ་བརྐྱང་བ་ནི་རྡོ་རྗེ་ཀླུའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་སྙིམ་པར་སྦྱར་བ་མཛུབ་མོ་གཡས་པ་བཀུག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ལས་གུང་མོ་གཉིས་བཀུག་ལ་མཛུབ་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་གནོད་སྦྱིན་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་དྲི་ཟའི་ཕྱག་རྒྱའོ། །རྡོ་རྗེ་དྲི་ཟའི་ཕྱག་རྒྱ་ལས་སྲིན་ལག་གཡས་པ་བཀུག་པ་ནི་རྡོ་རྗེ་ལྷ་མ་ཡིན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་གཡས་པ་བརྐྱང་བ་ནི་རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱའོ། །རྡོ་རྗེ་ནམ་མཁའ་ལྡིང་གི་ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཀ་བཀུག་པ་ནི་རྡོ་རྗེ་མིའམ་ཅིའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་བཀུག་པ་ནི་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བཀུག་པ་ནི་རྡོ་རྗེ་སྲིན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་སྲིན་མོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བཀུག་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱའོ། །དེ་ཉིད་ལས་བརྐྱང་བ་ནི་རྡོ་རྗེ་གནོན་པོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་བཀུག་པ་ནི་རྡོ་རྗེ་གྲིབ་གནོན་གྱི་ཕྱག་རྒྱའོ། །དེ་ཉིད་ལས་
178a
༄#། །བརྐྱང་བ་ནི་རྡོ་རྗེ་བརྗེད་བྱེད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཀ་སྙིམ་པའི་ཚུལ་དུ་རྒྱབ་སྦྱར་ཏེ་སོར་མོ་ཐམས་ཅད་བསླངས་ལ་མཐེ་བོང་གཉིས་སོ་སོའི་ལག་མཐིལ་དུ་བཞར་བ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཡས་པ་རང་གི་གནས་སུ་གཞག་པ་ནི་སྐྱེ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་མཐེ་བོང་གཡོན་པ་རང་བཞིན་གྱི་གནས་སུ་གཞག་པ་ནི་རྒ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་མཐེ་བོང་གཉིས་བསྒྲེང་བ་ནི་ན་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དྲུང་དུ་མཐེ་བོང་གཉིས་གཞག་པ་ནི་དབུལ་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕྱེ་སྟེ་མཐེ་བོང་གཉིས་དང་སྦྱར་བ་ནི་རྒུད་པ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་ལ་མཐེ་བོ་གཡས་པས་འཁྱུད་ཅིང ། དེ་བཞིན་དུ་མཛུབ་མོ་གཡས་པ་ལ་མཐེ་བོ་གཡོན་པས་འཁྱུད་པ་ནི་འཆི་བ་འགོག་པ་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་གཉིས་སྙིམ་པར་སྦྱར་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། སྲིན་ལག་དང ། མཐེ་ཆུང་མཛུབ་མོས་འཁྱུད་དེ་མཐེ་བོང་གཉིས་དེ་དག་གི་དྲུང་དུ་གཞག་པ་ནི་
178b
རྫོགས་པའི་སངས་རྒྱས་རྣམས་ཀྱི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པ་སྦྱར་ལ་སྲིན་ལག་གཉིས་དང ། མཐེ་ཆུང་གཉིས་ནང་དུ་བཀུག་སྟེ་གུང་མོ་གཤིབས་ལ་མཛུབ་མོ་གཉིས་བཀུག་སྟེ་ངོས་ལ་སྦྱར་ཅིང་མཐེ་བོང་གཉིས་དེའི་དྲུང་དུ་གཞག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་གྱི་ཕྱག་རྒྱའོ། ། གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་བ་ནི་རིག་པ་མཆོག་གི་རྡོ་རྗེ་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བསྒྲེང་བ་ནི་རིག་པའི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་གུང་མོ་ལ་ནས་གང་ཙམ་གྱིས་མ་རེག་པར་གཞག་པ་ནི་ལེགས་པར་གྲུབ་བྱེད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་དྲིལ་བུའི་ཚུལ་དུ་སོར་མོ་ཐམས་ཅད་བཀྱེད་པ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱའོ། ། ལག་པ་གཉིས་པདྨ་ཁ་ཕྱེ་ལ་ཐུག་པའི་ཚུལ་དུ་བྱས་པ་ནི་གོས་དཀར་མོའི་ཕྱག་རྒྱའོ། །དེ་ཉིད་ཅུང་ཟད་ཁ་ཕྱེ་བའི་ཚུལ་དུ་བྱས་པ་ནི་མཐུ་ཆེན་ཐོབ་པའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་གུང་མོ་དང ། སྲིན་ལག་དང ། མཐེའུ་ཆུང་རྣམས་ནང་དུ་བཀུག་སྟེ་མཛུབ་མོ་རྣམས་གཤིབས་ཏེ་མཐེ་
179a
༄#། །བོང་གཉིས་དེའི་དྲུང་དུ་སྦྱར་བ་ནི་འཕགས་མ་སྒྲོལ་མའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྤྲོད་དུ་སྦྱར་ཏེ་ཕན་ཚུན་དུ་འཁྱུད་ལ་སོར་མོ་རྣམས་བླས་པ་ལྟར་བྱས་ཏེ། ལྕགས་སྒྲོག་གི་ཚུལ་དུ་བསྡམས་པ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ།། །།འཕགས་པ་ལག་ན་རྡོ་རྗེའི་དབང་བསྐུར་བ། བམ་པོ་དགུ་པ། དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ཕྱག་བཙལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། བདག་ཅག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའི་དངོས་གྲུབ་བསྒྲུབ་པ་ལ་བརྩོན་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་འདིར་རང་རང་གི་ཕྱག་རྒྱ་རྟགས་སུ་གྱུར་པ་སྩལ་བར་བགྱི་སྟེ། དེས་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་མྱུར་བ་ཉིད་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། ། དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་
179b
ཀྱི་བུ་དག་།ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་ཁྱོད་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་དག་།དེའི་ཕྱིར་རང་རང་གི་ཕྱག་རྒྱ་རབ་འབྱམས་དག་སྨོས་ཤིག ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་སོར་མོ་གསུམ་བརྐྱང་ལ་མཛུབ་མོ་དང་མཐེ་བོང་གཉིས་གཅིག་ཏུ་སྦྱར་བར་བགྱིས་ཏེ། བཅོམ་ལྡན་འདས། འདི་ནི་བདག་གི་ཚངས་པའི་བེ་ཅོན་གྱི་ཕྱག་རྒྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཉིས་སྙིམ་པར་སྦྱར་ལ་སྲིན་ལག་དང ། མཐེ་ཆུང་རྣམས་ནང་དུ་བཅུག་སྟེ། གུང་མོ་གཉིས་གཤིབས་ལ་བསྒྲེང་ཞིང་མཛུབ་མོ་དང ། མཐེ་བོང་གཉིས་དེའི་དྲུང་དུ་བཞག་པར་བགྱིའོ། ། འདི་ནི་བདག་གི་རྡོ་རྗེའི་ཕྱག་རྒྱ་ལགས་ཏེ། ལས་ཐམས་ཅད་ཀྱི་དོན་བསྒྲུབ་པར་བགྱིད་པའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་རང་རང་གི་ཕྱག་རྒྱ་སྨྲས་པ། ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་བསྒྲེང་བར་བགྱིས་ཏེ། རྣམ་ཐོས་ཀྱི་བུ་བདག་ཉིད་ཆེན་པོ་ཅན་གྱི་དབྱིག་ཏོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོང་གཉིས་ཀྱི་སྟེང་དུ་གཞག་པ་ནི་འཕགས་སྐྱེས་པོའི་བེ་ཅོན་གྱི་ཕྱག་རྒྱའོ། །བེ་ཅོན་གྱི་ཕྱག་རྒྱ་ལས་མཐེ་ཆུང་གཉིས་ཞགས་པའི་ཚུལ་དུ་བགྱིས་པ་ནི་ཡུལ་
180a
༄#། །འཁོར་སྲུང་གི་ཞགས་པའི་ཕྱག་རྒྱའོ། །ཞགས་པའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ནང་དུ་བཀུག་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་མིག་མི་བཟང་གི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་ལྔས་རྩེན་གྱིས་འདི་སྐད་ཅེས་སྨྲས་སོ། །ལག་པ་གཉིས་ཁུ་ཚུར་བཅངས་པ་ལ་གུང་མོ་གཉིས་གཤིབས་ལ་བསྒྲེང་བ་ནི་ལྔས་རྩེན་གྱི་མདུང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་དང ། མཐེ་ཆུང་གཉིས་ཀྱང་མདུང་གི་ཚུལ་དུ་བསྒྲེང་བ་ནི་འབྲོག་གནས་ཀྱི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ཁུ་ཚུར་བཅངས་པ་ལ་མཐེ་བོང་གཉིས་བསྒྲེང་བ་ནི་ལག་པ་བརྒྱད་པའི་མཐེ་བོང་གི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་གུང་མོ་གཉིས་རྒྱབ་སྦྱར་ཞིང་མཛུབ་མོ་གཉིས་བཀུག་སྟེ། དེ་ཉིད་ཀྱི་ཚིག་གསུམ་པ་ལ་སྤྱར་ལ་མཐེ་བོང་གཉིས་དེ་གཉིས་ཀྱི་ངོས་ལ་སྦྱར་ཞིང་སོར་མོ་ལྷག་མ་གཤིབས་ཏེ་བཞག་པ་ནི་རྨུགས་བྱེད་འཇིན་ཆུ་དབང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །མཐེ་བོང་གཉིས་བསྒྲེང་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོའི་སྟེང་དུ་གཞག་
180b
པ་ནི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཕྱེ་སྟེ་ནང་ལོགས་སུ་སྦྱར་བ་ནི་དྲི་ཟ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ཉིད་བསྒྲེང་ཞིང་མེ་ལྕེའི་ཚུལ་དུ་ཕྲལ་ལ་མཐེའུ་ཆུང་གཉིས་ནང་དུ་བཀུག་པ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཀྱང་ཕྲལ་ལ་ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་སྲིན་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པས་གདོང་བཀབ་ལ་ལག་མཐིལ་དུ་ལྕེས་ལྡག་པ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་སོར་མོ་ཐམས་ཅད་བསྣོལ་ཏེ་བསྒྲེང་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་བཀན་ཏེ་དབྱིབས་སྒུ་པོར་བགྱིས་པ་ནི་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྦྱར་ལ་མཐེ་བོང་གཉིས་གཅིག་གིས་གཅིག་ལ་འཁྱུད་པ་ནི་ཁྱབ་འཇུག་གི་འཁོར་ལོའི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་བདེ་བྱེད་ཀྱི་མདུང་རྩེའི་ཕྱག་རྒྱའོ། །མདུང་གི་ཕྱག་རྒྱ་ལས་སྲིན་ལག་གཉིས་དང ། མཛུབ་མོ་གཉིས་ནང་དུ་བཅུག་ལ་ལྷག་མ་བསྒྲེང་བ་ནི་དཀའ་ཐུབ་
181a
༄#། །ཟློག་གི་རྩེ་གསུམ་གདེངས་པའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ཁུ་ཚུར་བཅངས་ལ་གུང་མོ་གཉིས་གཤིབས་ཏེ་ཚིག་གསུམ་པ་བཀུག་པ་ནི་སྨིན་དྲུག་གི་བུའི་མདུང་གི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཐེ་བོང་ཐ་མལ་པར་བསྒྲེང་བ་ནི་གཤིན་རྗེ་པེ་ཅོན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅངས་ལ་མཛུབ་མོ་བརྐྱང་བ་ནི་དྲག་པོའི་ཆུང་མའི་མདུང་ཐུང་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་པདྨ་བཟུང་བའི་ཚུལ་དུ་བགྱིས་ལ་མཐེ་བོང་གི་རྩེ་མོར་མཛུབ་མོ་གཞག་པ་ནི་ཚངས་པའི་ཆུང་མའི་པདྨའི་ཕྱག་རྒྱའོ། །མཐེ་བོང་དང ། མཐེའུ་ཆུང་སྤྲད་ལ་ལྷག་མ་གསུམ་པ་དན་གྱི་ཚུལ་དུ་བྱས་པ་ནི་དབང་པོའི་ཆུང་མའི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་དེ་ཉིད་ལས་དྲིལ་བུའི་ཚུལ་དུ་ཁ་སྦུབ་པ་ནི་མཚན་མོ་ནག་མོའི་དྲིལ་བུའི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་དུ་བྱས་པ་ནི་དབང་པོའི་མོ་གཉིས་བསྒྲེང་བ་ནི་འཆི་བདག་ཏོག་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་ཁུ་ཚུར་བཅངས་ལ་མཐེ་བོང་ཡིད་ཙམ་སྒུ་བོར་བསྒྲེང་བ་ནི་ཕག་གི་ཆུང་མའི་ཕྱག་རྒྱའོ།། ལག་པ་དེ་ཉིད་ཤུགས་ཀྱི་ཚུལ་དུ་བསྒྲེང་པ་ནི་ཙ་མུཎྜིའི་མི་ཐོད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྲིན་ལག་དང ། མཐེ་བོང་
181b
གཤིབས་པ་ནི་གྲིབ་གནོན་གྱི་གདོན་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཤིབས་པ་ནི་གྲིབ་གནོན་མ་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་ཡང་སྦྱར་བ་ནི་བརྗེད་བྱེད་ཀྱི་གདོན་གྱི་ཕྱག་རྒྱའོ། །ཡང་དེར་མཛུབ་མོ་ཡང་སྦྱར་བ་ནི་གནོན་པོའི་གདོན་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་ཆུང་ཕྱུང་བ་ནི་བྱད་ཀྱི་གདོན་གྱི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཐེ་བོང་ཐ་མལ་པར་བསྒྲེང་བ་ནི་དུམ་བུ་རའི་དབྱུག་ཏོའི་ཕྱག་རྒྱའོ། །ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་བཞིན་དུ་ཁུ་ཚུར་བཅངས་ལ་མཐེ་བོང་ནང་དུ་བཀུག་སྟེ་མཛུབ་མོ་བརྐྱངས་པ་ནི་རྒྱལ་བའི་མདུང་གི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅངས་ལ་གུང་མོ་བསྒྲེང་བ་ནི་རྣམ་པར་རྒྱལ་མའི་རལ་གྲིའི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅངས་ལ་སྲིན་ལག་བསྒྲེང་བ་ནི་མི་ཕམ་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་བསྒྲེང་བ་ནི་གཞན་གྱིས་མི་ཐུབ་མའི་འཁོར་ལོའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་སོར་མོ་ཐམས་ཅད་འདབ་མའི་ཚུལ་དུ་བརྐྱང་ལ། མཐེ་བོང་གཉིས་དབུས་སུ་བསྒྲེང་སྟེ་མི་འགུལ་བར་གཞག་པ་ནི་ནམ་མཁའ་ལྡིང་གི་རྣམ་པར་འདུད་ཀྱི་འདབ་མའི་ཕྱག་རྒྱའོ། །ཕྱག་
182a
༄#། །རྒྱ་དེ་ཉིད་ལས་མཛུབ་མོ་གཡས་པ་བསྒྲེང་བ་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུའི་ཕྱག་རྒྱའོ། །དེ་བཞིན་དུ་ཀླུ་ཐམས་ཅད་ཀྱི་ཕྱག་རྒྱ་ཅི་རིགས་པར་གོ་རིམས་བཞིན་དུ་སྦྱར་བར་བགྱིས་ཏེ། ཀླུ་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་སོ། །ལག་པ་གཉིས་ཀའི་ངོས་ཚུར་བསྟན་པ་ལ་གློག་རྣམ་པར་གཏོར་ཚུལ་གྱིས་སོར་མོ་རྣམས་ཀྱི་རྩེ་མོ་སྤྲད་དེ། ཕྱོགས་བཞིར་རྣམ་པར་གཏོར་བ་ནི་གློག་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀ་གཅིག་ཏུ་སྦྱར་ལ་ཕྲེང་བའི་ཚུལ་དུ་གཞག་པ་ནི་དབྱར་གྱི་སྤྲིན་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་གུང་མོ་གཉིས་རྩེ་མོ་སྤྲད་པ་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་ཟླ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བསྐྱེད་པ་ནི་ཉི་མའི་ཕྱག་རྒྱའོ།། མཐེའུ་ཆུང་གཉིས་ནང་དུ་བཅུག་པ་ནི་དབྱངས་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ནང་དུ་བཅུག་ལ་མཐེའུ་ཆུང་གཉིས་བསྒྲེང་པ་ནི་ཆུ་ཀླུང་ཆེན་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་ཕྲལ་ཏེ་ལག་བ་གཡོན་པ་རིལ་བ་སྤྱི་བླུགས་འཛིན་པའི་ཚུལ་དུ་གཞག་ཅིང་
182b
གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་གཞག་པ་ནི་མེའི་ཕྱག་རྒྱའོ། །ལག་པ་གཡས་པ་ནི་ཨོཾ་ཞེས་བྱ་བ་སྔོན་དུ་བཏང་ལ་བསྟན་པ་ནི་དྲང་སྲོང་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་བསྟོད་དེ་མཛུབ་མོ་དང ། མཐེའུ་ཆུང་ཡིད་ཙམ་བཀུག་པ་ནི་རི་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་མཐེ་བོང་གཉིས་བསྣོལ་ཏེ། མཛུབ་མོ་གཉིས་ཀྱང་བསྣོལ་བ་ནི་ཁོར་ཡུག་ཆེན་པོའི་ཕྱག་རྒྱའོ། །རྣལ་འབྱོར་གྱི་སྟན་ལ་འདུག་ནས་བློ་དང་ལྡན་པས་ལག་པ་གཉིས་ལྷུང་བཟེད་འཛིན་པའི་ཚུལ་དུ་ལྟེ་བའི་ཐད་ཀར་གཞག་པ་ནི་ལྷུང་བཟེད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡས་པ་བསྟོད་དེ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱས་པ་ནི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡས་པ་བཀན་ཏེ་དམ་པ་སྦྱིན་པའི་ཚུལ་དུ་གཞག་པ་ནི་དམ་པ་སྦྱིན་པའི་ཕྱག་རྒྱའོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་བརྐྱང་སྟེ་དཔྲལ་བར་ཁྲོ་གཉེར་བཅངས་ལ་བཞག་པའི་ཕྱག་རྒྱ་འདི་ནི་བདུད་སྐྲག་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་དང ། སྲིན་ལག་བསྒྲེང་སྟེ་མཐེ་བོའི་དྲུང་དུ་གཞག་པ་ནི་སྤྱན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ཏེ་ཕན་ཚུན་བསྣོལ་ལ་
183a
༄#། །སོར་མོ་རྣམས་ཁུ་ཚུར་བཅངས་ཏེ་མཛུབ་མོ་གཉིས་བསྒྲེང་ལ་བཀུག་སྟེ་དཀྱིལ་འཁོར་གྱི་ཚུལ་དུ་སྦྱར་བ་འདི་ནི་ཞགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཛུབ་མོ་བསྒྲེང་ལ་ཚིག་དང་པོ་བཀུག་སྟེ་ལྷག་མ་རྣམས་བསྣོལ་བའི་ཚུལ་དུ་གཞག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །ལྕགས་ཀྱུའི་ཕྱག་རྒྱ་དེ་ལས་གུང་མོ་གཉིས་བཀུག་སྟེ་དེ་ཉིད་ལ་བཅངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་བརྐྱང་ལ་ལྷག་མ་དེ་བཞིན་དུ་གཞག་པ་ནི་དེ་བཞིན་གཤེགས་པ་ལྟེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་བརྐྱང་སྟེ་ལྷག་མ་དེ་བཞིན་གཞག་པ་ནི་རྐེད་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་བཅུག་ལ་སྲིན་ལག་གཉིས་དང ། མཐེའུ་ཆུང་གཉིས་དང ། མཐེ་བོང་གཉིས་ཡིད་ཙམ་བཀུག་སྟེ་གུང་མོ་གཉིས་གཤིབས་པ་འདི་ནི་སྦུབས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་གྱེན་དུ་བསྒྲེང་པ་ནི་རྡོ་རྗེ་མཚམས་ཆེན་པོ་གཅད་པའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་བཀུག་ལ་མཐེ་བོ་བརྐྱང་བ་ནི་བསྲུང་བ་ཆེན་མོའི་ཕྱག་རྒྱའོ། །དེ་བཞིན་དུ་
183b
མཛུབ་མོ་གཉིས་བརྐྱང་སྟེ་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་རྡོ་རྗེ་ཀུན་ཏུ་འབར་བའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་སོར་མོ་ཐམས་ཅད་བརྐྱང་སྟེ། མཛུབ་མོ་གཉིས་ངོས་ནས་འཁྱུད་པ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་དང ། མཐེ་བོང་གཉིས་སྦྱར་བ་འདི་ནི་རྡོ་རྗེ་ལྕེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དང ། སྲིན་ལག་གཉིས་བཀུག་སྟེ་ནང་དུ་སྦྱར་ལ། མཐེ་བོང་གཉིས་བསྟོད་དེ་ཡིད་ཙམ་བཀུག་ལ་གུང་མོ་ལོགས་སུ་ཕྱོགས་པར་གཞག་སྟེ། སྲིན་ལག་གཉིས་སྔ་མ་བཞིན་དུ་གཞག་པ་ནི་རྡོ་རྗེ་ཞལ་གྱི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ནང་དུ་བཅུག་ལ་བཀུག་སྟེ་བསྟོད་དེ་གཞག་པ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་དེ་ཚིག་དང་པོ་བཀུག་པ་ནི་རྡོ་རྗེ་སོ་སོ་ཡང་དག་པར་རིག་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པའི་ཚུལ་དུ་སྦྱར་ལ། མཐེ་བོང་གཉིས་དང ། མཐེའུ་ཆུང་གཉིས་ནང་དུ་བཅུག་སྟེ་སྦྱར་བ་འདི་ནི་སྟོབས་བཅུ་འཛིན་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་རྩེ་མོ་བཀུག་སྟེ་སྦྱར་བ་འདི་ནི་དྲན་པ་ཉེ་བར་གཞག་པ་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་
184a
༄#། །ཉིད་ལས་མཐེ་བོང་གཉིས་ཀྱི་སྟེང་དུ་སྲིན་ལག་གཉིས་གཞག་པ་ནི་རྡོ་རྗེ་ཡེ་ཤེས་ཐམས་ཅད་རྟོགས་པར་བྱེད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དྲུང་དུ་བཀུག་སྟེ་གཞག་པ་ནི་བྱམས་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ་གུང་མོ་གཉིས་ཀྱིས་སྲིན་ལག་གཉིས་འཁྱུད་ལ་མཐེ་བོང་གཉིས་ཀྱི་སྟེང་དུ་མཛུབ་མོ་གཉིས་གཞག་སྟེ། ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་དམ་པ་སྦྱིན་པའི་རྡོ་རྗེའི་ཕྱག་རྒྱའོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཛུབ་མོ་བཀུག་སྟེ་སྲིན་ལག་དེའི་དྲུང་དུ་བཅར་བ་ནི་ཕྱག་བརྙན་མ་ཐམས་ཅད་ཀྱི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་ཐམས་ཅད་ཡིད་ཙམ་བཀུག་ལ་གུང་མོ་བསྒྲེང་བ་ནི་ཨུཏྤ་ལའི་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་བསྒྲེང་སྟེ། ཡིད་ཙམ་སྒུ་བོར་བྱས་པ་ནི་རྡོ་རྗེ་རལ་གྲིའི་སོ་གཅིག་པ་ཡུ་བ་ཅན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ལ་མཛུབ་མོ་གཉིས་ཚིགས་དང་པོ་བཀུག་པ་ནི་ནམ་མཁའ་ལྟར་དྲི་མ་མེད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་བསྣོལ་བ་ནི་དེ་བཞིན་གཤེགས་པའི་ཞབས་
184b
ལས་བྱུང་བའི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཅུག་པ་ནི་གོས་བཀྲ་གྱོན་པའི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྒང་\?\་དུ་བཅུག་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་ཅིང་གནས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བསྣོལ་བའི་ཚུལ་དུ་གཞག་པ་ནི་སྤྲོས་པ་མེད་པར་གནས་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་མཐེ་བོང་གཉིས་དང ། མཐེའུ་ཆུང་གཉིས་སྦྱར་བ་ནི་དེ་བཞིན་གཤེགས་པའི་གོ་ཆ་ལས་བྱུང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང།་སྲིན་ལག་བསྐྱེད་པ་ནི་སྒྲ་ཆེར་སྒྲོགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་སོར་མོ་ཐམས་ཅད་བསྣོལ་ཞིང་ཟླ་བའི་ཚུལ་དུ་བྱས་ལ་བསྡམས་ཏེ་མཐེ་བོང་གཉིས་ངོས་ལ་བཞར་བ་ནི་ནམ་མཁའ་ལྟ་བུར་དྲི་མ་མེད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཕྱུང་སྟེ་མཐེ་བོང་གཉིས་དང་རྩེ་མོ་སྤྲད་པ་ནི་སྟོབས་བཅུ་ལས་ངེས་པར་འབྱུང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཕྱུང་སྟེ་མཐེ་ཆུང་སྔ་མ་བཞིན་གཞག་པ་ནི་ནམ་མཁའ་མཐའ་ཡས་པ་རྣམ་པར་གནོན་པའི་ཕྱག་རྒྱའོ། །དམ་པ་སྦྱིན་པའི་རྡོ་རྗེའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ལག་མཐིལ་དུ་གཞག་པ་ནི་ལྟད་མོ་ཅན་གྱི་ཕྱག་རྒྱའོ། །མཐེ་བོང་
185a
༄#། །ཕྱུང་སྟེ་མཛུབ་མོའི་དྲུང་དུ་བཅར་བ་ནི་སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང ། མཐེ་བོང་སྦྱར་བ་ནི་བློ་བརྟན་གྱི་རིན་པོ་ཆེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་ནི་དཀོན་མཆོག་འབྱུང་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་དང ། སྲིན་ལག་རྩེ་མོ་སྤྲད་ལ་གུང་མོ་བརྐྱང་བ་ནི་ལག་ན་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་དང ། མཐེའུ་ཆུང་སྦྱར་ལ་མཛུབ་མོ་བཀུག་པ་ནི་རྟག་ཏུ་བརྩོན་པར་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ཏེ་སྲིན་ལག་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་ཀྱི་རྩེ་མོ་མནན་ཏེ་མཐེ་བོང་གཉིས་ངོས་ལ་བཅར་བ་ནི་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཆེན་པོའི་འཁོར་ལོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་ཆེར་བཞད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་ནི་བཅོམ་ལྡན་འདས་འདི་ཉིད་ཀྱི་འོད་ཟེར་འབར་བ་ཆེན་པོའི་ཕྱག་རྒྱའོ། །མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་ལ་གོ་ཆའི་ཚུལ་དུ་འཁྱུད་པ་ནི་བཅོམ་ལྡན་འདས་ཀྱི་གོ་ཆའི་ཕྱག་རྒྱའོ། །མཛུབ་མོ་གཡས་བ་བཀུག་
185b
པ་ནི་བཅོམ་ལྡན་འདས་འདི་ཉིད་ཀྱི་སྙན་གྱི་ཕྱག་རྒྱའོ། །མཛུབ་མོ་གཡས་པ་བཀུག་ལ་གཡོན་པ་བརྐྱང་བ་ནི་འདི་ཉིད་ཀྱི་སྨིན་མའི་ཕྱག་རྒྱའོ། །མཛུབ་མོ་གཉིས་བཀུག་པ་ནི་འདི་ཉིད་ཀྱི་ཤངས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་དང ། སྲིན་ལག་ལ་གོ་ཆའི་ཚུལ་དུ་འཁྱུད་པ་ཡིད་ཙམ་བཀུག་སྟེ། མཐེ་བོང་གཉིས་དེའི་དྲུང་དུ་བཅར་བ་ནི་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོའི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་ཉིད་ལས་ཁ་སྦུབས་ཏེ་སྨིན་མཚམས་སུ་གཞག་པ་ནི་བཅོམ་ལྡན་འདས་ཀྱི་མཛོད་སྤུའི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་བརྐྱང་ལ་མཐེ་བོང་བསྟོད་དེ་བཀུག་པ་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཅུག་ལ་སླར་བསྒྲེང་བ་ནི་མཆེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ནང་དུ་བཅུག་སྟེ་ཕྱིར་བསྒྲེང་བ་ནི་ལྗགས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་ལས་མཛུབ་མོ་གཉིས་གདུབ་ཀོར་གྱི་ཚུལ་དུ་ངོས་ལ་བཅར་བ་ནི་མཁུར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དྲུང་དུ་སྦྱར་བ་ནི་ཀོས་ཀོའི་ཕྱག་རྒྱའོ། །གཙུག་ཏོར་གྱི་ཕྱག་རྒྱ་ལས་མཐེའུ་ཆུང་གཉིས་བསྐྱེད་དེ་སྙིང་གར་གཞག་པ་ནི་དཔལ་བེའུའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་\?\་
186a
༄#། །གཉིས་སྙིམ་པར་སྦྱར་བའི་ཚུལ་དུ་སྦྱར་ཏེ་མཛུབ་མོ་གཉིས་གདུབ་ཀོར་གྱི་ཚུལ་དུ་གུང་མོ་གཉིས་ཀྱི་ངོས་ལ་སྦྱར་བ་ནི་བཅོམ་ལྡན་འདས་ཀྱི་སྤྱན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་བཅུག་པ་ནི་ལྟེ་བའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཀྱང་ནང་དུ་བཅུག་པ་ནི་བཅོམ་ལྡན་འདས་ཀྱི་གསུང་གི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་ལག་པ་གཉིས་སྙིམ་པར་སྦྱར་ཏེ། མཐེའུ་ཆུང་གཉིས་ཀྱི་ནང་དུ་མཛུབ་མོ་གཉིས་ཀ་བཀུག་ལ་རྡོ་རྗེའི་ཚུལ་དུ་གཞག་པ་ནི་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ལས་བྱུང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་སྔ་མ་བཞིན་དུ་གཞག་པ་ལ་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་ངོས་ལ་གཞག་པ་ནི་རྡོ་རྗེའི་ཡན་ལག་ལས་བྱུང་བའི་ཕྱག་རྒྱའོ། །རྡོ་རྗེའི་ཡན་ལག་ལས་བྱུང་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་གུང་མོ་གཉིས་ཀྱི་དྲུང་དུ་བཅར་བ་ལ་ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་རྡོ་རྗེ་ལྟར་མཁྲེགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་བསྣོལ་བའི་ཚུལ་གྱིས་གཡོན་པ་ཁས་སྦུབས་ལ་གཡས་པ་བཀན་ཏེ་མཐེ་བོ་དང ། མཐེ་ཆུང་གཉིས་རྩེ་མོ་སྤྲད་ལ་སོར་མོ་ལྷག་མ་རྣམས་མདུང་རྩེ་གསུམ་པའི་ཚུལ་དུ་གཞག་པ་
186b
ནི་གཉིས་ཀའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་དང ། མཐེ་བོང་རྡོ་རྗེ་བཅིངས་པའི་ཚུལ་དུ་བཅིང་བ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱ་སྟེ་མཚམས་བཅད་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡས་གཡོན་གཉིས་ཀ་བསྐུམ་པ་ནི་ས་བཅིང་བའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་སྔ་མ་བཞིན་དུ་བརྐྱང་བ་ལ་ལག་པ་གཡས་གཡོན་གཉིས་ཀའི་གུང་མོ་བཀུག་པ་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའོ། །རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ལས་གུང་མོ་བརྐྱང་ལ་སྲིན་ལག་གཡས་པ་བཀུག་བ་ནི་ལུས་ཀུན་ཏུ་འཛིན་པའི་རྡོ་རྗེའི་ཕྱག་རྒྱའོ། །ལུས་ཀུན་ཏུ་འཛིན་པའི་རྡོ་རྗེའི་ཕྱག་རྒྱ་དེ་ལས་སྲིན་ལག་བརྐྱང་སྟེ་མཛུབ་མོའི་ཚིགས་དང་པོ་བཀུག་པ་ནི་ནམ་མཁའ་རྣམ་པར་འཇོམས་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡོན་པའི་མཛུབ་མོ་ཡང་ལག་མཐིལ་དུ་ཕུར་བུའི་ཚུལ་དུ་གཞག་པ་ནི་ཕུར་བུའི་རྡོ་རྗེའི་ཕྱག་རྒྱའོ། །ཕུར་བུའི་རྡོ་རྗེའི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་བསྐུམ་པ་ནི་རྡོ་རྗེ་བཀྲ་ཤིས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བཀྲ་ཤིས་ཀྱི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་བསྒྲེང་སྟེ་གཞག་པ་ནི་རྡོ་རྗེ་བླ་རེའི་ཕྱག་རྒྱའོ། །དེ་ཉིད་ལས་སོར་མོའི་བར་ཕྲལ་ཏེ་གཞག་པ་ནི་རྡོ་རྗེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཏུན་ཤིང་གི་ཚུལ་
187a
༄#། །དུ་གཅིག་ཏུ་བསྡུས་པ་ནི་རྡོ་རྗེ་གཏུན་ཤིང་གི་ཕྱག་རྒྱའོ། །རྡོ་རྗེ་གཏུན་བུའི་ཕྱག་རྒྱ་ལས་ལག་པ་གཡས་པའི་གུང་མོ་དང ། སྲིན་ལག་གཉིས་བཀུག་ལ་མཛུབ་མོ་བེ་ཅོན་གྱི་ཚུལ་དུ་བསྒྲེང་བ་ནི་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱའོ། །གུང་མོ་ཡང་དེ་ཉིད་ལ་སྦྱར་ཏེ་བརྐྱང་བ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ལས་ཚིགས་དང་པོ་བཀུག་པ་ནི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱའོ། །འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ལས་གུང་མོའི་རྒྱབ་ཏུ་མཛུབ་མོ་བཀུག་སྟེ་སྦྱར་བ་ནི་རྡོ་རྗེ་ལྕགས་མདའི་ཕྱག་རྒྱའོ། །རྡོ་རྗེ་ལྕགས་མདའི་ཕྱག་རྒྱ་ལས་སྲིན་ལག་ཀྱང་དེ་ཉིད་ལ་སྦྱར་བ་ནི་ཀ་ཎ་ཡའི་ཕྱག་རྒྱའོ། །ཀ་ཎ་ཡའི་ཕྱག་རྒྱ་ལས་གུང་མོ་བསྒྲེང་སྟེ་བརྐྱང་ལ།་དེ་དག་ལས་གཅིག་ཞགས་པའི་ཚུལ་དུ་བཀུག་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡོན་པའི་སོར་མོ་གསུམ་གཅིག་ཏུ་བསྡུས་པ་ནི་རྡོ་རྗེ་རུས་སྦལ་གྱི་ཕྱག་རྒྱའོ། །རྡོ་རྗེ་རུས་སྦལ་གྱི་ཕྱག་རྒྱ་ལས་མཛུབ་མོ་བསྒྲེང་བ་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་བྱེད་པའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་གཉིས་བརྐྱང་སྟེ་མཛུབ་མོ་བསྐུམ་བ་ནི་སྟངས་སྟབས་འགུགས་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་སྙིམ་པར་སྦྱར་ཏེ་
187b
གུང་མོ་གཉིས་ཀྱིས་སྲིན་ལག་གཉིས་ལ་འཁྱུད་དེ་མཐེ་བོང་གཉིས་དང ། མཛུབ་མོ་གཉིས་ངོས་ལ་སྦྱར་བ་ནི་རྡོ་རྗེ་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས། མཐེ་ཆུང་གཉིས་ནི་བརྐྱང་ནས་སུ། །མཐེ་བོ་གཉིས་ནི་བསྒྲེང་བྱས་ལ། །འདི་ནི་གཏུན་ཤིང་རྐེད་ཉག་སྟེ། །ཀུན་ཏུ་ཐོགས་པ་མེད་པར་འདོད། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དེའི་དྲུང་དུ་བཀུག་པ་ནི་རྡོ་རྗེ་ཡན་ལག་བརྒྱད་པའི་ཕྱག་རྒྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྡོ་རྗེས་བྱིན་གྱིས་བརླབས་པ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་ཐབས་སླ་བ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ཤེས་པ། མངོན་པར་རྫོགས་པར་བྱང་ཆུབ་པ། རྣམ་པར་རྟོག་པ་མེད་པའི་ཕྱག་རྒྱ། གསང་ཆེན་ཡན་ལག་དང ། ཡན་ལག་ནས་བྱུང་བ། རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་རྣམས་དང ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་རྣམས་དང ། ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པ་རྣམས་དང ། རྡོ་རྗེ་འཆང་གི་བྱིན་གྱིས་བརླབས་པ་རྣམས་ཀྱིས་མཉན་པའམ། གཟུང་བ་རྣམས་ཀྱིས་མ་གཏོགས་པར་ཉན་ཐོས་དང །
188a
༄#། །རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཤེས་པར་མི་ནུས་ན། གཞན་འཇིག་རྟེན་པ་མུ་སྟེགས་བྱེད་རྣམས་ཀྱིས་ཤེས་པའམ། རྣམ་པར་ཤེས་པ་ལྟ་ཅི་སྨོས་པ་བཤད་པར་བརྩམས་སོ། །དེ་ནས་རྡོ་རྗེ་འཆང་གིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་མིག་གཉིས་ཀྱིས་རྣམ་པར་བལྟས་ཏེ་རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་གྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ནས་སྨྲས་པ། རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པའི་ཟུར་ཙམ་གྱིས་གོ་བའི་ཡེ་ཤེས་ལས་བྱུང་བའི་ཕྱག་རྒྱའི་དཀྱིལ་འཁོར་རབ་འབྱམས་ཞེས་བྱ་བའི་ཆོས་ཀྱི་སྒོ་སེམས་ཅན་གྱི་ཁམས་མཐའ་ཡས་པ་སྒྲོལ་བར་བྱེད་པ་ཡོད་དོ་ཞེས་སྨྲས་ནས། དེའི་ཚེ་སྨིན་མཚམས་ཀྱི་བར་ནས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བའི་འོད་ཟེར་འཁོར་བརྒྱ་ཕྲག་དུ་མ་དང་ལྡན་པ་བྱུང་ངོ། །དེ་བྱུང་ནས་ནམ་མཁའི་ཁམས་ཀྱིས་ཀླས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་འདུན་པར་བྱས་ནས་དཀོན་མཆོག་གསུམ་གྱི་རྡོ་རྗེའི་བྱིན་གྱི་རླབས་ཀྱི་སེམས་ཅན་གྱི་ཁམས་བྱིན་གྱིས་བརླབས་ཏེ། སླར་ཡང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བསྐོར་བ་བྱས་ནས་མཛོད་སྤུ་
188b
ཉིད་དུ་ཞུགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་མགྲིན་གཅིག་ཏུ་ཚིག་སྨྲས་པ། སེམས་ཅན་ཆེན་པོ། འདི་ནི་དུས་སོ། །འདི་ནི་ཚོད་དོ། །དེ་ནས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དངོས་གྲུབ་སྩལ་བར་བགྱིའོ། །བསྲུང་བ་དང ། གཟི་བརྗིད་དང།་ཕུན་སུམ་ཚོགས་པ་སྩལ་བར་བགྱིའོ། །དེ་ནས་རྡོ་རྗེ་འཆང་གིས་གསང་ཆེན་དང་བཅས་པའི་ཡན་ལག་གི་ཕྱག་རྒྱ་སྨྲས་པ། མཁས་པས་དམ་ཚིག་ཅེས་བྱ་བའི། །ཕྱག་རྒྱ་ཐོག་མར་བཅིངས་ནས་སུ། །སངས་རྒྱས་སྙིང་པོ་དྲན་བྱས་ལ། །ལག་པ་གཡས་པ་བསྐུལ་བར་བྱ། །ོཾ། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་མི་ཤེས་པའི་གྲོང་ཁྱེར་འཇིག་པར་བྱེད་པ་སྟེ། རྡོ་རྗེའི་ཡེ་ཤེས་རྣམ་པར་དགོད་པའི་ཕྱག་རྒྱ་ཞེས་བྱའོ། །ལག་པ་གཡས་པ་བཏེག་ནས་སུ། །སྟེང་གི་ཕྱོགས་སུ་ཡོངས་བསྐྱོད་ན། །སྡང་བ་རྣམས་ནི་བསྐྲད་པར་འགྱུར། །སྐྱོད་བྱེད་རྣམས་ཀྱང་གཡོ་བར་འགྱུར། །བཙུམས་ཀྱི་ཚུལ་དུ་བྱས་ནས་སུ། །ལག་པ་གཡས་པ་བཏེག་བྱས་ལ། །རྣལ་འབྱོར་པས་ནི་མཚོག་མར་གཞག་།ཁ་ཞེས་བྱ་བ་འབར་ཕྲེང་ཅན། །ཐིག་ལེ་དང་ནི་བཅས་པར་ཡང ། །སྤྱི་བོའི་སྟེང་དུ་གནས་པར་བྱ། །མེ་ལྕེ་ཕྲེང་
189a
༄#། །ལྡན་ཀུན་ཏུ་འབར། །ཕྱོགས་རྣམས་ཀུན་ཏུ་ལྷ་མ་མེ་བ། །གཙུག་ཏོར་ཕྱག་རྒྱ་ཕྱག་རྒྱ་ཆེ། །གཙུག་ཏོར་སྟེང་ནས་གནས་པ་ཡིན། །སྔགས་ལ།་བཛྲ་ཧོ་ཁཾ་སཝཱཧཱ། ལག་པ་དེ་ཉིད་མཛུབ་བསྒྲེང་སྟེ། །བཏེག་ལ་སྨིན་མ་གཉིས་གར་ཡང ། །སྔགས་པས་ཧ་ཞེས་བྱ་བར་ནི། །སྐྱེད་གཉིས་དང་ནི་ལྡན་པར་གཞག་།སྔགས་ལ། བཛྲ་ཧོ་ཏུ་མ་སཝཱཧཱ། རྡོ་རྗེ་སྨིན་མའི་ཕྱག་རྒྱའོ། །གུང་མོ་བསྒྲེང་བའི་ཚུལ་གྱིས་སུ། །ལག་པ་དེ་ཉིད་བཏེག་ནས་སུ། །ཧ་ཞེས་བྱ་བ་མིག་གཉིས་སུ། །སྐྱེད་གཉིས་དང་ནི་ལྡན་པར་གཞག་།སྔགས་ལ། བཛྲ་ཧོ་ཧྲཱིཿ སཝཱཧཱ། རྡོ་རྗེ་མིག་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །ཧ་ཞེས་བྱ་བར་སྟོབས་ལྡན་པར། །མཐེའུ་ཆུང་བསྒྲེང་བའི་ཚུལ་གྱིས་སུ། །རྡོ་རྗེ་སྣ་ལ་གཞག་པར་བྱ། །སྔགས་ལ། བཛྲ་ཧོ་ཧ་སཝཱཧཱ། རྡོ་རྗེ་སྣའི་ཕྱག་རྒྱའོ། །མཐེའུ་ཆུང་བསྒྲེང་བའི་ཚུལ་གྱིས་སུ། །ལག་པ་དེ་ཉིད་བཏེག་ནས་སུ། །སྔགས་པས་རྣ་བ་གཉི་གར་ལ། །ཧེ་ཞེས་བྱ་བ་གཞག་པར་བྱ། །སྔགས་ལ། བཛྲ་ཧ་ཧོ་སཝཱཧཱ། རྡོ་རྗེ་རྣ་བའི་ཕྱག་རྒྱའོ། །མཐེ་བོང་བསྒྲེང་སྟེ་ལག་དེ་ཉིད། །བཏེག་ནས་མཁུར་ཚེས་གཉིས་ཀར་ཡང ། །ཧ་ཞེས་བྱ་བ་སྐྱེད་གཉིས་ཅན། །བརྟུལ་ཞུགས་ཅན་གྱིས་གཞག་པར་བྱ།།
189b
སྔགས་ལ། བཛྲ་ཧོ་ཧོ་སཝཱཧཱ། རྡོ་རྗེ་མཁུར་བའི་ཕྱག་རྒྱའོ། །སྔགས་པས་གུང་མོ་མཐེབ་སྦྱར་ཏེ། །ལག་པ་དེ་ཉིད་བཏེག་ནས་སུ། །ཧ་ཞེས་བྱ་བ་སྐྱེད་གཉིས་ཅན། །མཆུ་གཉིས་སུ་ནི་གཞག་པར་བྱ། །སྔགས་ལ། བཛྲ་ཧོ་ཧཱུཾ་སཝཱཧཱ། རྡོ་རྗེ་མཆུའི་ཕྱག་རྒྱའོ། །སྔགས་ཤེས་པས་ནི་མཐེབ་བསྒྲེང་སྟེ། །ལག་པ་དེ་ཉིད་བཏེག་ནས་སུ། །ཧ་ཞེས་བྱ་བའི་ཐིག་ལེ་ཅན། །ལྕེ་ཡི་གནས་སུ་གཞག་པར་བྱ། །སྔགས་ལ། བཛྲ་ཧོ་ཧཾ་སཝཱཧཱ། རྡོ་རྗེ་ལྕེའི་ཕྱག་རྒྱའོ། །ལག་པ་གཡོན་པ་བཏེག་ནས་སུ། །སྔགས་པས་ནུ་མཇིང་གཉིས་ཀར་ཡང ། །ར་ཞེས་བྱ་བ་གཞག་བྱ་སྟེ། །སྐྱེད་གཉིས་དང་ནི་ལྡན་པའོ། །སྔགས་ལ། བཛྲ་ཧ་ཧོ་ར་སཝཱཧཱ། རྡོ་རྗེ་ནུ་མཇིང་གི་ཕྱག་རྒྱའོ། །ལག་པ་གཡོན་པ་དེ་ཉིད་ནི། །མགུལ་བའི་གནས་སུ་གཞག་པར་བྱ། །ར་ཞེས་བྱ་བ་སྐྱེད་གཉིས་ཅན། །མཛུབ་མོའི་རྩེ་མོ་གཞག་པར་བྱ། །སྔགས་ལ། བཛྲ་ཧོ་ཧྲཱི་སཝཱཧཱ། དཔལ་བེའུ་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །མཁས་པས་མཆན་ཁུང་ཕྱོགས་སུ་གཞག་།ར་ཞེས་བྱ་བའི་ཐིག་ལེ་ཅན། །དེར་ནི་ལེགས་པར་གཞག་པར་བྱ། །བཛྲ་ཧོ་ར་མ་སཝཱཧཱ། རྡོ་རྗེ་མཆན་ཁུང་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །སོར་མོ་སྲིན་ལག་ཚུལ་གྱིས་ནི། །ར་གཉིས་རྩེག་དང་བཅས་པར་ཡང ། །ལག་པ་
190a
༄#། །གཉིས་ཀར་གཞག་པར་བྱ། །བཛྲ་ཧོ་རཱ་རཱ་སཝཱཧཱ། རྡོ་རྗེ་དགེ་བའི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །སྔགས་པས་སྙིང་གི་སྟེང་དུ་ནི། །ར་ཞེས་བྱ་བ་རྣ་རུ་ཅན། །ཇི་ལྟ་བཞིན་དུ་གཞག་པར་བྱ། །བཛྲ་ཧོ་རོ་སཝཱཧཱ། རྡོ་རྗེ་སྙིང་གི་ཕྱག་རྒྱའོ། །ལག་གཡས་དམ་པ་སྦྱིན་བྱས་ལ། །མཁས་པས་སོར་མོ་མཛུབ་མོ་ཡིས། །སྙིང་ག་ནས་ནི་སོར་གཉིས་སུ། །སྐྱེད་གཉིས་ལྡན་པའི་བར་གཞག་གོ་།བཛྲ་ཧོ་བྷ་སཝཱཧཱ། རྡོ་རྗེ་ཡན་ལག་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་སྨད་ནས་སུ། །གུང་མོས་པ་ཞེས་བྱ་བ་གཉིས། །སྐྱེད་གཉིས་དང་ནི་ལྡན་པར་ཡང ། །རྩིབ་ལོགས་གཡོན་པར་གཞག་པར་བྱ། །བཛྲ་ཧོ་བྷི་བི་སཝཱཧཱ། རྡོ་རྗེ་རྩིབ་ལོགས་ཀྱི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །མཁས་པས་རྩིབ་ལོགས་གཡས་པར་ནི། །བ་ཞེས་བྱ་བའི་ཐིག་ལེ་ཅན། །མཐེའུ་ཆུང་སོར་མོ་གཞག་པར་བྱ། ། སྔགས་ལ། བཛྲ་ཧོ་བཾ་སཝཱཧཱ། རྩིབ་ལོགས་གཡས་པའི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་དེ་གཉིས་བཏེག་ནས་སུ། །མཐེ་བོང་དང་ནི་གུང་མོ་ཡིས། །བ་ཞེས་བྱ་བའི་ཐིག་ལེར་བཅས། །རྣ་རུ་རྟགས་ཅན་ལྟེ་བར་གཞག་།སྔགས་ལ། བཛྲ་ཧོ་བཾ་སཝཱཧཱ། རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །ལྟེ་བའི་འོག་ཏུ་
190b
སོར་གཉིས་སུ། །བ་ཞེས་བྱ་བའི་ཐིག་ལེ་ཅན། །གཉིས་ཤིག་མཛུབ་མོའི་རྩེ་མོར་གཞག་།སྔགས་ལ། བཛྲ་ཧོ་བཾ་བཾ་སཝཱཧཱ། རྡོ་རྗེ་ཟླ་བ་སྡུག་གི་ཕྱག་རྒྱའོ། །ལག་པ་དེ་ཉིད་བཏེག་ནས་སུ། །རྐེད་པའི་ཕྱོགས་སུ་བློ་ལྡན་གྱིས། །སོར་མོ་གུང་མོའི་ཚུལ་གྱིས་སུ། །སྐྱེད་གཉིས་ལྡན་པའི་བ་གཞག་གོ་།སྔགས་ལ། བཛྲ་ཧོ་བྷཽ་སཝཱཧཱ། རྡོ་རྗེ་རྐེད་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁ་སྦུབས་ལ། །གཡས་པ་དེའི་སྟེང་དུ་བཀན་ཏེ། །ལག་པ་གཉིས་བསྣོལ་མར་སྦྱར་ལ། །མཐེ་བོང་མཐེ་ཆུང་ཕན་ཚུན་དུ། །རྡོ་རྗེ་བཅིངས་པའི་ཚུལ་དུ་བྱས་ཏེ། མཛུབ་མོ་བསྒྲེང་ལ་གཡོན་རོལ་ནས་སོར་མོ་ཐམས་ཅད་ཀྱི་གོ་བགོ་བའི་ཚུལ་དུ་བསྐོར་རོ། །རྡོ་རྗེ་གོ་བགོ་བའི་ཕྱག་རྒྱ་སྟེ། སྔགས་ལ།་བཛྲ་ཧཾ་ཧ་སཝཱཧཱ། མཐེ་བོང་གཉིས་ནི་ཕྱེ་ནས་སུ། །གཡས་ཕྱོགས་སུ་ནི་ཡོངས་སུ་འཕང ། །ཚངས་པ་ལ་སོགས་ལྷ་སྐྲོད་ན། །སྡང་སེམས་ཅན་རྣམས་སྨོས་ཅི་དགོས། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཞེས། །རྒྱལ་བ་དམ་པ་རྣམས་ཀྱིས་གསུངས། །འདི་གཞག་བྱ་བའི་ཚུལ་གྱིས་ནི། །རྒྱལ་བ་དམ་པར་འགྱུར་བ་ཡིན། །སྔགས་ལ། བཛྲ་ཧོ་བཾ་བ་སཝཱཧཱ། མཛུབ་མོ་ནང་དུ་བཀུག་ནས་སུ། །ལྷག་མ་སྔ་མ་བཞིན་དུ་གཞག་།གུང་མོ་གྱེན་དུ་བསྒྲེང་བྱས་ལ། །འོག་གི་ས་ལ་གཞག་པར་བྱ། །སྔགས་ལ།།
191a
༄#། །བཛྲ་ཧོ་ཧཾ་སཝཱཧཱ། རྡོ་རྗེ་ཡན་ལག་གི་ཕྱག་རྒྱའོ། །འདི་དག་ཐམས་ཅད་ཤེས་ནས་ན། །རྡོ་རྗེའི་ལུས་སུ་སྲ་བར་འགྱུར། །བལྟས་པས་བགེགས་ཀྱང་ཞི་འགྱུར་ན། །ཕ་རོལ་གནོད་པ་སྨོས་ཅི་དགོས། །བལྟས་པས་ནད་རྣམས་ཐམས་ཅད་དང ། །སྡང་བ་ཐམས་ཅད་འཇིགས་པར་བྱེད། །ཕྱག་རྒྱར་བཅས་ཏེ་སྔགས་བརྗོད་ན། །ལྷ་ལ་སོགས་པ་དབང་དུ་འགྱུར། །དེ་ནས་སློབ་མ་བརྟག་བྱ་སྟེ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །ཡན་ལག་ཐམས་ཅད་མཚན་ལྡན་ཞིང ། །ཡན་ལག་རྫོགས་ལ་མཐུན་པ་བདམ། །མཐོང་བ་ཉམས་དང་ཟུར་ལྟ་དང ། །མ་རུངས་པ་དང་མིའུ་ཐུང་སྤངས། །བྱེ་བྲག་ཏུ་ནི་ལྟ་བ་བརྟག་།ལྟ་བ་དོན་ཀུན་སྒྲུབ་པར་བྱེད། །དྲག་དང་འཇམ་དང་བར་མ་དང ། །ལྟ་བ་རྣམ་པ་གསུམ་དུ་གསུངས། །བསྐྲད་དང་བསད་དང་དེ་བཞིན་དུ། །བསྐམ་དང་ཕུང་བར་བྱ་བ་དང ། །མ་རུངས་པ་དག་དབང་བྱ་དང ། །ཚར་གཅོད་པ་ནི་དྲག་པོར་བསྟན། །འཇམ་པར་ལྟ་བ་འཇམ་པོར་བྱེད། །སེམས་ཅན་ཐམས་ཅད་དབང་དུ་བྱེད། ། བསྒྲུབ་པ་རྒྱ་ཆེན་སེམས་ལྡན་ཞིང ། །འཇམ་པོར་ལྟ་བ་སྙན་པར་སྨྲ། །སྙིང་རྗེ་དང་ནི་ཐབས་ལྡན་ཞིང ། །བྱང་ཆུབ་སེམས་དང་འཇིགས་མེད་པ། །བདུད་ཀྱི་
191b
དཔུང་གི་སྟོབས་པོ་ཆེ། །མ་དུལ་ཐམས་ཅད་འདུལ་བྱེད་ན། །བགེགས་དང་ལོག་འདྲེན་ཐམས་ཅད་དང ། །སྡང་བ་ཀུན་ལྟ་སྨོས་ཅི་དགོས། །དེ་ལྟ་པས་ན་རྣམ་ཀུན་ཏུ། ། འཇམ་པོར་ལྟ་བ་བརྟག་པར་བྱ། །མཛའ་དང་དགྲ་ལ་སེམས་སྙོམས་ཤིང ། །ལས་སུ་བྱ་བ་རྣམ་སྤངས་ལ། །སྔགས་པ་བར་མས་གནས་པ་ནི། །གལ་ཏེ་ཐབས་ལ་མཁས་ཤིག་ན། །ཡིད་ལ་བསམ་པར་གྱུར་པ་ཡིས། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །དེ་ལྟ་བས་ན་རྣམ་ཀུན་ཏུ། །ལྟ་བ་འདི་ནི་རྣམ་པར་སྦྱང ། །གང་ཞིག་ལྟ་བ་ཡོངས་དག་ཅིང ། །དེ་བཞིན་ཡིད་ཀྱང་རྣམ་དག་པ། །དེ་ལ་རྡོ་རྗེ་ཡེ་ཤེས་ཕྱིར། །བརྟུལ་ཞུགས་ཅན་གྱི་མཆོག་ཏུ་བསྟན། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་བཤད་པའི་དོན་བདག་གིས་ཤེས་པ་ལྟ་ན། བདག་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ཡིད་རྣམ་པར་སྦྱང་བར་བྱའོ་སྙམ་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང ། ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ལེགས་སོ། །ལེགས་སོ། །ཡིད་རྣམ་པར་དག་པར་བྱ་བའི་ཕྱིར་ཚིག་འདི་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །འཇམ་དཔལ།
192a
༄#། །དེའི་ཕྱིར་ཉོན་ཅིག་དང ། གང་དང་ལྡན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་གསང་སྔགས་རྣམས་ལ་སྔགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་པའི་ཡིད་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཁོ་བོས་ཁྱོད་ལ་བཤད་པར་བྱའོ། །འཇམ་དཔལ་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དཀྱིལ་འཁོར་མཐོང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡིད་སྙིང་རྗེ་དང་ལྡན་པ། ཐབས་ལ་མཁས་པ། གསང་སྔགས་ཀྱི་སྒོ་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས་འདི་སྙམ་དུ་ངག་མ་གཏོགས་པར་ཡིད་མེད། ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ། ཡིད་ཉིད་ངག་ཡིན་ལ་ངག་ཉིད་ཡིད་ཡིན་ནོ། །ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ་སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་གང་གི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་
192b
པར་གཞག་པ་ཡིན་ནོ། །གང་ཚེ་ཀུན་ཏུ་ཐམས་ཅད་དུ། །སྔགས་པ་མཉམ་པར་གཞག་གྱུར་ན། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་འགྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། །ཡན་ལག་བསྐྱེད་པ་ཇི་སྙེད་དང ། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །སྔགས་པ་ཀུན་ཏུ་དགྲ་མེད་ཅིང ། །རྟག་ཏུ་མི་གཡོ་བདེ་བར་གནས། །དབང་ཕྱུག་ཀུན་གྱི་གོ་འཕང་ཐོབ། །འདོད་པ་འབྱོར་པའི་གནས་ལ་གནས། །དེ་བསིལ་ཡོངས་སུ་གདུང་བ་མེད། །བཟོད་དང་ལྡན་པའི་ཚུལ་ཁྲིམས་བསྡམས། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ།་ཇི་ཙམ་དུ་ཡིད་རྣམ་པར་དག་པའི་སྒོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་གྱུར་པ་ནི་ངོ་མཚར་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི་རྐང་གཉིས་པ་དང ། རྐང་བཞི་པ་རྣམས་ལ་ཕན་པར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཀྱི་སྒོ་འདི་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་གྱུར་པ་ཡིན་ནོ། །
193a
༄#། །རིགས་ཀྱི་བུ། གང་དག་ཆོས་ཀྱི་སྒོ་འདི་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་གནས་ལ་སྐལ་བ་ཡོད་པ་ཡིན་ནོ། །ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་སྟེ། དེ་དག་ནི་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ལ་འཇུག་པ་དང ། མཉན་པ་དང ། ཡང་དག་པའི་སྐལ་བ་ཡོད་པ་དག་གོ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུ་གང་དག་ཡིད་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པ་དེ་དག་ནི་ཕྱག་བགྱི་བ་ལགས་ཏེ། བདག་ཅག་ཐམས་ཅད་གཡོག་དང་བཅས་འཁོར་དང་བཅས་པར་འདུས་ནས་གོས་དང ། ཟས་རྣམས་ཀྱིས་དེ་དག་ལ་བསྟི་སྟང་དུ་བགྱི། བླ་མར་བགྱི། རི་མོར་བགྱི། མཆོད་པར་བགྱིའོ། །གྲོང་ན་གནས་ཀྱང་རུང ། དགོན་པ་ན་གནས་ཀྱང་རུང་སྟེ། གནོད་པ་ཐམས་ཅད་བཟློག་པར་བགྱིའོ། །ཕན་པ་རྣམས་ཉེ་བར་བསྒྲུབ་པར་བགྱིའོ། །རིགས་ཀྱི་བུའམ། རིགས་
193b
ཀྱི་བུ་མོ་རྟག་ཏུ་རྒྱུན་མི་ཆད་པར་བརྩོན་པ་དེ་དག་གི་རེ་བ་ཐམས་ཅད་ཇི་ཙམ་དུ་ཡོངས་སུ་རྫོགས་པར་མ་བགྱིས་པ་དེ་སྲིད་དུ་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །གྲོགས་པོ་དག་།འདི་ལྟ་སྟེ། གང་གི་ལག་ན་ཡིད་རྣམ་པར་དག་པའི་སྒོ་གནས་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་བོ། །འདི་ལྟ་སྟེ། གསང་སྔགས་ཀྱི་སྒོ་སྤྱོད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་འཛིན་པ་ལ་བསྟི་སྟང་བྱ། རི་མོར་བྱ་སྟེ་འདི་ཉིད་བྱ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་དེའི་ཚེ། བྱང་ཆུབ་སེམས་དཔའ་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྣམས་བསྲུང་བའི་ཕྱིར་རྣམ་པར་དག་པ་མཐའ་ཡས་པའི་གནས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་སྨྲས་པ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་བྷ་ཡ་བྷི་ཁ་ཏེ་བྷྱཿ ། སརྦ་ཐཱ་ཧཱུཾ་ཙ་པ་ལི་ནི་ཀ་།ཀེ་ཀ་རཀྵ་རཀྵ་དཱ་ཀེ་བྷྱ་དརྨ། མ་ཏཱཾ་གི་ཙཎྜོ་ལི་ཤ་པ་དོ་ལི་ཏི་རཏྣ་ཧ་མ་བ་ཡི་ནི་མ་ནི་ས་མ་མཧཱ་ཡ་ན་སི་སཝཱཧཱ། ཆོས་སྨྲ་བ་གང་ལ་ལ་ཞིག་གིས་ཉིན་ལན་གསུམ་མཚན་
194a
༄#། །ལན་གསུམ་དྲན་པར་བྱས་ན་དེ་ལ་འཇིགས་པ་དང ། གནོད་པ་ཐམས་ཅད་མི་འབྱུང་ངོ ། །དེ་བཞིན་དུ་ལག་པ་གཉིས་སྦྱར་ཏེ་གུང་མོ་གཉིས་བཀུག་ལ་ནང་དུ་བཅུག་པ་ནི་བྱང་ཆུབ་ཀྱི་སྙིང་པོ་མནན་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཀྱི་ཚིགས་དང་པོ་བཀུག་པ་ནི་བདུད་ཡང་དག་པར་བསྐུལ་བའི་རྡོ་རྗེའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་སླར་ཕྱུང་སྟེ་སྔ་མ་བཞིན་དུ་གཞག་པ་ནི་བདུད་ཀྱི་དཔུང་སྐྲག་པར་བྱེད་པའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་གཤིབས་ཏེ་མཐེ་བོང་གཉིས་བཀུག་ལ་ནང་དུ་བཅུག་པ་ནི་བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཕྱུང་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་བཅུག་པ་ནི་བདུད་འདུལ་བའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་ཧེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཡོན་པས་མཐེ་བོང་གཡས་པ་མནན་པ་ནི་གདོན་ཐམས་ཅད་གཅོད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡས་པས་མཐེ་བོང་གཡོན་པ་མནན་པ་ནི་སྲིན་པོ་ཐམས་ཅད་ཚར་གཅོད་པའི་
194b
ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏེ་ཧེ་རེ་ཊེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པའི་སྲིན་ལག་གིས་ལག་པ་གཡས་པའི་མཐིལ་དུ་བྲུད་པ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་རྣམ་པར་གཞོམ་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་རིངྒ་ཎི་ཧེ་ཧེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྙིམ་པའི་ཚུལ་དུ་བྱས་ལ། མཛུབ་མོ་གཉིས་དང ། མཐེ་བོང་གཉིས་དུང་གི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དུང་གི་ཕྱག་རྒྱ་སྟེ། ཀླུ་ཐམས་ཅད་ཀྱི་སྙིང་རྣམ་པར་གཞོམ་པའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛཾ་གི་རི་ཕུཏྟ་རེ་རེ་སཝཱཧཱ། དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་གུང་མོ་གཉིས་བསྣོལ་བ་ནི་གནོད་སྦྱིན་ཐམས་ཅད་ཚར་གཅོད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛིཾ་གི་རི་ནི་ཧཱུཾ་ན་དེ་ཀེ་སཝཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ་གུང་མོ་གཉིས་སྔ་མ་བཞིན་དུ་གཞག་པ་ནི་དྲི་ཟ་ཚར་གཅོད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་རི་གེ་བྷྱཿ སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་འཁྱུད་པའི་ཚུལ་དུ་བྱས་པ་ནི་ལྷ་མ་ཡིན་ངེས་པར་གཞོམ་པའི་ཕྱག་
195a
༄#། །རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་འཁྱུད་པ་བསྒྲེང་སྟེ། སོར་མོ་ལྷག་མ་བརྐྱང་བ་ནི་ནམ་མཁའ་ལྡིང་ཐམས་ཅད་འཆིང་བར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧ་རི་པིངྒོ་ལི་མུ་ཁི་སཝཱཧཱ། དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་ལག་པ་གཡོན་པ་བཀན་ཏེ་གཡས་པ་ཁ་སྦུབས་ལ་སྲིན་ལག་གིས་ལག་པ་གཡོན་པའི་མཐིལ་དུ་རེག་པར་བྱས་པ་ནི་མིའམ་ཅི་ཚར་གཅོད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛ་ཡ་ཛ་ཡ་ནི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོས་ལག་པ་དེ་ཉིད་ཀྱི་མཐིལ་དུ་རེག་པར་བྱས་པ་ནི་ལྟོ་འཕྱེ་ཆེན་པོ་ཚར་གཅོད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ག་ར་ལི་ནི་ཧཱུཾ་ཀ་རི་ཎི་སཝཱཧཱ། དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་ལག་པ་གཉིས་བ་སྣོལ་བ་ནི་སྡང་བ་ཐམས་ཅད་དགག་པའི་ཕྱག་རྒྱའོ། །སྔགས་ལ། ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་ཙཎྜི་ཧེ་རི་བི་ཀེ་སཝཱ་ཧཱ། ལག་བ་དེ་ཉིད་སོར་མོ་རྣམས་གཅིག་གིས་གཅིག་འཁྱུད་
195b
ལ་ལག་པ་གཉིས་སྔ་མ་བཞིན་དུ་གཞག་པ་ནི་སྲིན་པོ་ཐམས་ཅད་ཀྱི་སྙིང་ཚིག་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཀེཾ་ཀ་རི་ཎི་ཛྷཾ་ཀ་རི་ཎི་ཀེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཡིད་ཙམ་བཀུག་པ་འདི་ནི་སྲིན་མོ་ཐམས་ཅད་ཀྱི་སྙིང་རྨོངས་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཀ་ར་ན་ཛི་ཏེ་བི་ཁ་ལ་མུ་ཀེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕྱེ་སྟེ་མཐེ་བོང་སྔ་མ་བཞིན་གཞག་པ་ནི་ཤ་ཟ་འདུལ་བའི་ཕྱག་རྒྱ་སྟེ་རྒྱལ་བ་མཆོག་རྣམས་ཀྱིས་རྟག་ཏུ་གསུངས་སོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་མི་ཙི་མི་ཙི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཕྱེ་ལ་མཛུབ་མོ་གཉིས་སྔ་མ་བཞིན་གཞག་པ་ནི་ཤ་ཟ་མོ་ཐམས་ཅད་ཀྱི་སྙིང་རྨོངས་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་པི་ཤཱ་ཙི་ནི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཀྱང་ཕྱེ་སྟེ་གུང་མོ་སྔ་མ་བཞིན་གཞག་པ་ནི་འབྱུང་པོ་ཐམས་ཅད་དབང་དུ་བསྡུ་བའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་གུང་གུང་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཀྱང་ཕྱེ་བ་ལ་སྲིན་
196a
༄#། །ལག་གཉིས་སྔ་མ་བཞིན་གཞག་པ་ནི་འབྱུང་པོ་ཐམས་ཅད་དགུག་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་གུ་མི་གུ་མི་ཧི་ལི་གེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཡོན་པ་བརྐྱང་ལ་ལྷག་མ་སྔ་མ་བཞིན་གཞག་པ་ནི་གྲིབ་གནོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཚཱ་ཡཱ་ལི་སཝཱཧཱ། དེ་བཞིན་དུ་མཐེ་བོང་གཡོན་པ་བརྐྱང་ལ་ལག་པ་གཡས་པ་སྔ་མ་བཞིན་དུ་གཞག་པ་ནི་གྲིབ་གནོན་ཐམས་ཅད་འཇིགས་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛོ་ལ་ནི་ཛ་ཏི་ཀེ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྣོལ་བའི་ཚུལ་དུ་བཀུག་ལ་མཐེ་བོང་གཉིས་ཀྱི་སྟེང་དུ་གཞག་པ་ནི་བརྗེད་བྱེད་ཐམས་ཅད་གཞིག་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ལམྦོ་ད་ར་ཎཱི་བྷྲི་བྷྲི་ཤི་ནི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་སོར་མོ་ཐམས་ཅད་ཕྱེ་སྟེ་བསྒྲེང་བ་ནི་བརྗེད་བྱེད་མ་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བོ་རཏྣ་ཨུ་ལ་
196b
པ་མུ་གི་ཙི་ཕུ་རི་རེ་སཝཱཧཱ། དེ་བཞིན་དུ་སོར་མོ་ཐམས་ཅད་བཀུག་སྟེ། ནང་དུ་བཅུག་ལ་མཐེ་བོང་གཉིས་བསྒྲེང་སྟེ་དེ་ལྟར་བྱས་པ་འདི་ནི་བྱད་རྣམས་ཀྱི་སྙིང་སྐེམ་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཁི་ཁི་རི་ཧྲྀ་ད་ཡ་བི་དཱ་ར་ཎི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་བཀུག་སྟེ་བཅུག་ལ། མཛུབ་མོ་གཉིས་བསྒྲེང་བ་འདི་ནི་བྱད་ཐམས་ཅད་ཀྱི་སྙིང་ཀུན་ཏུ་སྦྱར་བའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བི་ས་རི་ཎི་སཝཱཧཱ། དེ་ནས་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་སེམས་དཔའི་སྟོབས་བཅུའི་སྟོབས་དང་ལྡན་པ། རྡོ་རྗེ་ཡེ་ཤེས་ལས་མངོན་པར་བྱུང་བ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ལས་བྱུང་བའི་ཕྱག་རྒྱ་གསང་བ་རབ་འབྱམས་བསྟན་པའི་སྒོ་སྨྲས་པ། ཐོག་མར་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ལ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་མིག་གིས་སེམས་ཅན་གྱི་ཁམས་ཁྱབ་པར་བྱས་ཏེ། སྤོས་ཀྱི་ལག་པ་བསྐུས་ལ་ཁ་ཤར་ཕྱོགས་སམ། བྱང་ཕྱོགས་སུ་བལྟས་ཏེ་ཕྱག་རྒྱ་ལེགས་པར་བཅིང་བར་བྱའོ། །ལག་པ་གཉིས་
197a
༄#། །སྙིམ་པར་སྦྱར་ལ་བསྟོད་དེ་གཞག་པ་ནི་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་གི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏྲི་རཏྣ་ནིར་ཛཱ་ཏ་ཧཱུཾ་ཧཱུཾ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་བཀུག་སྟེ་\?\་བཅར་བ་ནི་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་རྒྱས་པའི་དབང་པོའི་རྒྱལ་པོའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛྙཱ་ན་སཾ་བྷ་བ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཀུག་སྟེ་གུང་མོའི་ངོས་ཀྱི་ཐད་ཀར་གཞག་པ་ནི་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེདྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨ་མི་ཏོདྦྷ་བེ། ཛྙཱ་ན་པ་རི་ཎི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་དེ་ཉིད་ཀྱིས་རྩེ་མོ་ལ་གུང་མོ་རེག་པར་བྱ་ས་པ་ནི་མི་འཁྲུགས་པའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བི་ག་ད་ཛྭཱ་ཛྙཱ་ན་སཾ་བྷཱ་བ་སཝཱཧཱ། ལག་པ་གཉིས་ཀ་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་འཁྱུད་པ་ནི་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་
197b
ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཀ་ན་བི་ཙུ་ཏི་ཏ་ཛྙཱ་ནོད་ཡ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་གཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛྙཱ་ན་ཤི་ཁི་སཾ་བྷ་བ་སཝཱཧཱ། དེ་བཞིན་དུ་སྔ་མ་ལྟར་ཁུ་ཚུར་བཅངས་ལ་སྲིན་ལག་གཉིས་གཤིབས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་ཀྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་བི་ཤུད་དྷ་ག་ཏ་ཛྙཱ་ན་བི་དེ་སཝཱཧཱ། སྔ་མ་བཞིན་དུ་དེ་ལྟར་ཁུ་ཚུར་བཅངས་ལ་མཐེ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་ལོག་པར་དད་སེལ་གྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛི་མ་སཝཱཧཱ། དེ་བཞིན་དུ་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་དང ། མཛུབ་མོ་གཉིས་ནང་དུ་བཅུག་པ་ནི་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོའི་དབུའི་ཕྱག་རྒྱའོ། །སྔགས་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཁ་ཏྲ་མི་སཝཱཧཱ། ཕྱག་རྒྱ་འདི་ཉིད་ལས་གུང་མོ་གཉིས་ཕྱུང་སྟེ། གཤིབས་པ་ནི་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོའི་གཙུག་ཏོར་གྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་
198a
༄#། །ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛཾ། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཉིས་ཕྱུང་སྟེ་ཚིགས་དང་པོ་བཀུག་པ་དེ་ཉིད་ལ་སྦྱར་བ་ནི་སྦྱན་གྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་དྲི། ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཉིས་ཡིད་ཙམ་བཀུག་ལ་མཛུབ་མོ་གཉིས་ལ་ཕྱོགས་པར་བྱས་ཏེ། ལྷག་མ་སྔ་མ་བཞིན་དུ་གཞག་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨཾ། སྔ་མ་བཞིན་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་ཕྱིར་བཀྱེད་དེ་བརྐྱང་ལ་ཚིགས་དང་པོ་བཀུག་ཅིང་མཐེ་བོང་གཉིས་ཕྱིར་བསྐྱེད་དེ་བརྐྱང་བ་ནི་བཅོམ་ལྡན་འདས་དཔལ་བེའུའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཤྲཱིཿ ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བསྐྱེད་དེ་བརྐྱང་ལ་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་བཅོམ་ལྡན་འདས་ཀྱི་ལྟེ་བའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧྲིཾ། སྔ་མ་བཞིན་དུ་དེ་ལྟར་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་ཕྱུང་སྟེ་བསྐྱེད་པ་འདི་ནི། བཅོམ་ལྡན་འདས་ཀྱི་
198b
ཞབས་ཀྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧྲཾ། འདི་དག་ནི་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་བ་ཆེན་པོའི་ཕྱག་རྒྱ་སྟེ་དགོས་པའི་དོན་ཐམས་ཅད་བསྒྲུབ་པའོ། །གང་ཞིག་ནང་གི་དག་པ་ཡིས། །ཕྱག་རྒྱ་འདི་དག་འཛིན་བྱེད་པ། །སྔགས་པ་དེ་ནི་སྡིག་བྲེལ་བར། །འགྱུར་ཏེ་འདི་ལ་ཐེ་ཚོམ་མེད། །རྡོ་རྗེ་འཆང་རྣམས་ཐམས་ཅད་དང ། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྫུ་འཕྲུལ་ཆེ་བའི་ལྷ་ཀུན་དང ། །བློ་དང་ལྡན་པ་དེ་ལ་བསྲུང ། །དེ་ལྟ་བས་ན་རྣམ་ཀུན་དུ། །བདག་ཉིད་ཆེ་ལ་གུས་པར་བྱ། །རིག་སྔགས་རྟག་ཏུ་བཟླས་བྱས་ན། །དེ་ལ་དངོས་གྲུབ་མི་དཀའ་འོ། །རྒྱལ་བ་རྣམས་ཀྱིས་གསུངས་པའི་སྔགས། ། ཚེ་འདི་ལ་ནི་འགྲུབ་པར་འགྱུར། །འཇིག་རྟེན་སྔགས་རྣམས་གང་ཡིན་པ། །དེ་དག་དེ་ཡི་དབང་གྱུར་ཏེ། །བསྒོ་བཅི་ཞིག་གྱིས་ཤིག་ཅེས། །དེ་ཡི་གཡས་གཡོན་འཁོར་བར་འགྱུར། །མི་མིན་ལྷ་ཡི་སྨན་རྣམས་ཀྱང ། །དེ་ཡི་དབང་དུ་གྱུར་ཅིང་འཁོད། །སྔགས་པ་སྔགས་ཀྱི་ཚུལ་གནས་ནས། །གང་ཚེ་ལུས་ནི་འདོར་འགྱུར་ན། །དབང་བསྒར་\?\་གྱི་ནི་གནས་མཆོག་ཏུ། །དེ་ཚེ་དེ་ནི་སྐྱེ་བར་འགྱུར། །གང་ན་དབང་ལྡན་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེ་བཞུགས་པར། །རྒྱལ་བའི་སྲས་པོ་འདོད་
199a
༄#། །པ་བཞིན། །སྐྱེ་བ་དག་ནི་འཛིན་པར་འགྱུར། །ཇི་སྲིད་བྱང་ཆུབ་གྱུར་གྱི་བར། །དེ་ཡི་སྤྱོད་པ་ཉམས་མི་འགྱུར། །རྡོ་རྗེ་འཆང་རྣམས་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་བྱིན་གྱིས་བརླབས། །དེ་བཞིན་དུ་ལག་པ་གཉིས་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ། མཛུབ་མོ་གཉིས་ཚིགས་དང་པོ་བཀུག་ལ།་གུང་མོ་གཤིབས་ཏེ་ནས་གང་གིས་མ་རེག་ཙམ་གཞག་ཅིང་མཐེ་བོང་གཉིས་དེའི་དྲུང་དུ་གཞག་པ་འདི་ནི་རྡོ་རྗེ་དྲག་པོ་ཆེན་པོའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡས་པས་གུང་མོ་བསྒྲེང་བ་ལ་འཁྱུད་པ་འདི་ནི་རྡོ་རྗེ་དྲག་པོ་ཆེན་པོའི་མགོའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་མཾ། མཛུབ་མོ་གཡོན་པས་གུང་མོ་བསྒྲེང་བ་ལ་འཁྱུད་པ་ལ་མཛུབ་མོ་གཡས་པ་ཕྱེ་སྟེ། སྔ་མ་བཞིན་དུ་ཚིགས་དང་པོ་བཀུག་སྟེ་གཞག་པ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་གཙུག་ཏོར་གྱི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཛཱི། དེ་བཞིན་དུ་མཛུབ་མོ་གཉིས་ཀྱིས་གུང་མོ་བསྒྲེང་བ་ལ་འཁྱུད་པ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་གོ་ཆའི་ཕྱག་རྒྱའོ། །
199b
སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཨཱ། དེ་བཞིན་དུ་མཛུབ་མོ་གཉིས་ཕྱེ་ལ་གློག་འགྱུ་བའི་ཐབས་སུ་བརྐྱང་བ་ནི་རྡོ་རྗེ་མེ་ལྕེ་འབར་བ་ཆེན་པོའི་ཕྱག་རྒྱའོ། །སྔགས་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁ་བྷྱཿ ། སརྦ་ཐཱ་ཀྵཾ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་སྟེ། མཐེ་བོའི་དྲུང་དུ་གཞག་པ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་དཔྲལ་བའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ནི་ལཾ་བ་ཏི་ཀ་ཏི་སཝཱཧཱ། དེ་བཞིན་དུ་མཛུབ་མོ་གཡོན་པ་མཐེ་བོའི་དྲུང་དུ་གཞག་ལ་གུང་མོ་བསྒྲེང་བའི་ཚིགས་དང་པོ་བཀུག་སྟེ། ཡིད་ཙམ་སྨད་པ་ནི་རྡོ་རྗེ་དྲག་པོའི་ནུ་མཇིང་གི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧ་ས་ཧ་ས། དྷ་ཀ་དྷ་ཀ། ཙ་ར་ཙ་ར། ཧཾ་པྲ་ཙཎྜ་བཛྲ་སཝཱཧཱ། དེ་བཞིན་དུ་ནུ་མཇིང་གི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་སྟེ་བཀྱེད་ལ་བརྐྱང་ཞིང་མཐེའུ་ཆུང་གཉིས་ནང་དུ་བཅུག་པ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་དཔལ་བེའུའི་ཕྱག་རྒྱའོ། །སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་\?\་བྷྱཿ ། སརྦ་ཐཱ་བི་ཕུ་ལ་བཛྲ་ཙཎྜ་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་བྱུང་སྟེ་སྔ་མ་བཞིན་དུ་གཞག་པ་ནི་རྡོ་རྗེ་དྲག་པོ་ཆེན་པོའི་རྐང་པའི་ཕྱག་རྒྱའོ། །སྔགས་
200a
༄#། །ལ།་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་པི་ཙི་ཏྲ་ག་ཏི་སཝཱཧཱ། དེ་ལྟར་ཕྱག་རྒྱ་རབ་འབྱམས་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། རྣམ་པ་སྣ་ཚོགས་སུ་གནས་པ། འཇིག་རྟེན་གྱི་ཁམས་དུ་མར་སེམས་ཅན་གྱི་ཁམས་དུ་མ་རྣམ་པར་སྦྱོང་བར་བྱེད་པ། དུས་གསུམ་ལ་ནི་སྟོབས་ཐོགས་པ་མེད་པ། ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པའི་འགྲོ་བ་གཅོད་པར་བྱེད་པ། དེ་བཞིན་གཤེགས་པའི་རྟོགས་པ་ཐོབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྐུ་དང།་གསུང་དང ། ཐུགས་ཀྱི་བཀོད་པ་བསྟན་པའི་རྣམ་པར་གནས་པ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པ། རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་བཀོད་པ་སྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་དང ། མི་དང ། ལྷ་
200b
ཡིན་དུ་བཅས་པའི་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཤ་སྟག་གོ། །ལག་ན་རྡོ་རྗེ་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་བཀོད་པ་དེ་བཞིན་གཤེགས་པའི་སྔོན་གྱི་སྤྱོད་པའི་རྒྱུ་མཐུན་པ་བསྟན་པ་དང ། ཆོ་འཕྲུལ་རྣམ་པར་སྤྲུལ་པའི་གནས་ལས་ཕྱག་རྒྱ་རབ་འབྱམས་ཇི་སྙེད་ཅིག་རྙེད་པའོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བཅུ་པ། དེ་ནས་ཡང་ལག་ན་རྡོ་རྗེས་བདུད་ཐམས་ཅད་ཕམ་པར་བྱེད་པ་བཀོད་པ་རྣམ་པར་སྤྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་ལ་ག་ན་རྡོ་རྗེའི་མགོ་བོ་ལ་བྱུགས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་ལ་ཀུན་ཕན་བྱེད་པ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །གསང་སྔགས་སྤྱོད་པ་ལས་བྱུང་བའི། །རྡོ་རྗེ་སྟང་སྟབས་ཆེད་ཀྱི་ཕྱིར། །སྡང་བའི་སེམས་ཅན་འཇིགས་བྱེད་པ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །རྡོ་རྗེ་སྟང་སྟབས་ཆོ་གའི་རིམ། །སེམས་ཅན་ཆེན་པོ་ཁྱོད་ཀྱིས་སྟོན། །རྡོ་རྗེ་འབྱུང་བའི་རྐང་ཐབས་ནི། །སྔགས་རྒྱལ་རྣམས་ཀྱི་སྤྱི་ཡིན་ཏེ། །འདུག་པ་དང་ནི་འགྲོ་བ་དང ། །ལྡང་དང་
201a
༄#། །རྣམ་པར་གཏོར་བ་དང ། །དགུག་པ་དང་ནི་བརྐྱང་བ་དང ། །རྐང་པ་བཅིང་དང་བསྐུམ་པ་དང ། །སྤོ་བ་དང་ནི་གཞག་པ་དང ། །ཁུ་ཚུར་བཅིངས་པས་བཟུང་བ་དང ། །གཟིར་དང་རྡོ་རྗེས་གཞོམ་པ་དང ། །རྡོ་རྗེའི་ཕྱག་རྒྱས་ཕུར་གདབ་དང ། སེང་གེ་ལྟ་བུར་མཆོང་བ་དང ། །ཧཱུཾ་ཞེས་བྱ་བས་བསྡིགས་པ་དང ། །སྟན་ལས་ལངས་ནས་མཆུ་གནོན་དང ། །ཁྲོ་གཉེར་དཔྲལ་བར་བལྟ་བ་དང ། །སྨིན་མ་བསྐྱོད་པར་བྱ་བ་དང ། །དེ་བཞིན་མིག་གཉིས་བགྲད་པ་དང ། །རྐང་ཐབས་རྣམ་པར་དབྱེ་བ་དང ། །ལག་གཉིས་སྦྱར་བར་བྱ་བ་དང ། །དེ་བཞིན་ལག་པ་བསྐྱོད་པ་དང ། །རྐང་པ་གཉིས་ཀྱིས་མཆོད་བ་དང ། །ལུས་ནི་བསྙེམས་དང་བཅས་པར་ཡང ། །བྱེ་བྲག་ཏུ་ནི་སྟོན་པ་དང ། །བཅད་དང་གཏུབ་དང་བགད་པ་དང ། །བཟའ་དང་རྣམ་པར་བགད་པ་དང ། ། ཀུན་ཏུ་སྒྲ་དང་རྣམ་སྒྲ་དང ། །དྲག་ཏུ་བྱེད་དང་བཅིང་པ་དང ། །སྡང་བ་ཐམས་ཅད་ཚར་བཅད་དང ། །རེངས་བར་བྱ་དང་རྨོངས་བྱ་དང ། །གྱེན་དུ་མཆོང་དང ། ངེས་བསྣུན་དང ། །མཛེས་པའི་སྟབས་དང་གཙུབ་པ་དང ། །བསྒྲུབ་པའི་དང་པོར་སྔར་སྤྱད་དང ། །དེ་བཞིན་ལྷ་ལ་བསྙེན་བྱ་དང ། །སྔགས་པ་ཡི་ནི་དཀྱིལ་
201b
འཁོར་དང ། །དངོས་གྲུབ་ཅི་འདྲ་ཡིན་པ་དང ། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །བསྲུང་དང་སྦ་བ་བྱ་བ་དང ། །དབང་པོ་འདི་དག་ཐམས་ཅད་དང ། །གཞན་ཡང་ཡིད་ལ་ཅི་འདོད་དང ། །སྡང་སེམས་ལྡན་པ་དེ་དག་ལ། །དེ་བཞིན་ཕྱིར་གསོ་བྱ་བ་དང ། །འདི་དག་ཐམས་ཅད་རྒྱ་ཆེར་ནི། །སེམས་ཅན་ཐར་པར་འདོད་པར་སྨྲོས། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་རྐང་སྟབས་ཀྱི་སྟབས་ཀྱིས་རྣམ་པར་རྒྱལ་བར་བྱ་བའི་གསང་སྔགས་འདི་ལྟ་བུ་གསུངས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཙཎྜ་བཛྲ་པྲ་ཛྭ་ལི་ཏ་མཱུརྟི་སཝཱཧཱ། དེ་ནས་ལག་ན་རྡོ་རྗེས་གསང་སྔགས་འདི་ཐོས་ནས་དགའ་ཞིང་རབ་ཏུ་དགའ་བའི་ཡིད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་རྣམ་པར་བལྟས་ནས་སྨྲས་པ། ཀྱེ། གྲོགས་པོ་དག་ཉོན་ཅིག་།སེམས་ཅན་གང་ལ་ལ་དག་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་དོང་བ་རྣམས་དང ། བྱང་ཆུབ་སེམས་དཔའ་གང་དག་གསང་སྔགས་ཀྱི་སྤྱད་པ་སྤྱོད་ཅིང་གསང་སྔགས་ཀྱི་ཚུལ་ལ་བརྩོན་པ་དེ་དག་ལ་ཅི་ནས་ཀྱང་སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དེང་ཕྱིན་ཅད་བསྲུང་བར་གྱིས་ཤིག་།བསྟི་སྟང་དུ་གྱིས་ཤིག་།རིམ་གྲོར་གྱིས་
202a
༄#། །ཤིག་།མཆོད་བ་གྱིས་ཤིག་།དེ་ནས་ཐམས་ཅད་དང་ལྡན་བའི་འཁོར་དེས་མགྲིན་གཅིག་ཏུ་སྨྲས་།ཆོས་ཀྱི་རྗེས་བཀའ་སྩལ་བ་བཞིན་འཚལ་ལོ་ཞེས་བརྗོད་ནས་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་སྨྲས་པ། རིགས་ཀྱི་བུ།་གང་ལ་ལ་ཞིག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་སྔོན་གྱི་སྤྱོད་པའི་དཀྱིལ་འཁོར་ལ་བསྲུང་བ་བསྒྲུབ་པར་བརྩོན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་ལས་འགལ་བར་བྱེད་ན། རིག་པའི་རྒྱལ་པོ། དྲག་པོས་འབར་བ་རབ་ཏུ་འབར་བ། ཀུན་ཏུ་མཆེད་ཅིང་རབ་ཏུ་འབར་བས་དེའི་\?\་ཚལ་པ་བདུན་དུ་འགེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས། སྟང་སྟབས་ཀྱི་མཚན་ཉིད་སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པ་བཤད་ཀྱིས་ཉོན་ཅིག་།མཐུན་པའི་རྐང་སྟབས་བྱས་ནས་སུ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལ། །སྔགས་པས་ཤར་ཕྱོགས་ཁ་བལྟས་ཏེ། །འགྲེང་
202b
ལ་ཐལ་མོ་མཚོག་མར་གཞག་།གསང་སྔགས་ལྟ་བུར་འཇོ་མཆོག་གིས། །རྡོ་རྗེ་སྟངས་ཚུལ་གར་བྱེད་ཅིང ། །མཚོག་ནས་ཐལ་མོ་ཕབ་ནས་སུ། །སྙིང་གར་གཞག་པའི་ཚུལ་གྱིས་ནི། །ཕྱོགས་རྣམས་ཀུན་ཏུ་བསྐོར་བར་བྱ། །རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡས་པ་བཏེག་བྱས་ལ། །གཡོན་པ་རྐེད་པའི་རྒྱབ་ཏུ་གཞག་།རྐང་པ་གཡས་པ་བཏེག་ནས་སུ། །གཡས་པ་བསྐུམ་པར་ལེགས་པར་སྦྱར། །གཡོན་པ་མཚོག་མར་བསྟོད་ནས་སུ། །སྡང་བ་ཀུན་ལ་བསྡིགས་པར་བྱ། །རྐང་པ་གཡས་པ་བརྐྱང་བྱ་ཞིང ། །གཉི་ག་རྡོ་རྗེ་ཁུ་ཚུར་བཅངས། །ཁྲོས་བཅས་ཧཱུཾ་ཞེས་བྱ་བས་བསྒྱིངས། །རྡོ་རྗེ་སྣུན་པས་བསྣུན་པར་བྱ། །རྡོ་རྗེ་གར་གྱིས་བསྒྱུར་ནས་སུ། །རྐང་པ་གཡོན་པ་བསྐུམ་བྱས་ལ། །དེ་ལྟར་ཕྱོགས་བཞི་རྣམས་སུ་ཡང ། །རྡོ་རྗེའི་མནན་འགྲོས་མནན་པར་བྱ། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །རྐེད་པའི་གནས་སུ་གཞག་པར་བྱ། །རྟིང་སྤྲད་གནས་ལ་གནས་ནས་སུ། །མིག་ནི་ཐུར་དུ་བལྟ་བར་བྱ། །རྡོ་རྗེ་ཕུར་བུས་བཏབ་པ་ནི། །ས་འོག་རྣམ་བདུན་གཡོ་བར་འགྱུར། །འབྲུག་སྒྲ་དལ་འདྲའི་ཧཱུཾ་ལྡན་ཞིང ། །རབ་འབར་རྡོ་རྗེ་འཆང་འདྲ་བར། །རྡོ་རྗེ་གྱེན་དུ་གདེག་པར་བྱ། །རྒྱབ་ཏུ་ཐལ་མོ་སྦྱར་བར་བྱ། །དེ་ནས་རྡོ་རྗེ་གར་བྱ་ཞིང ། །ལྟེ་བའི་གནས་སུ་
203a
༄#། །གཞག་པར་བྱ། །འདི་འདྲའི་གནས་ལ་གནས་ནས་སུ། །ཚམ་ངམ་ལེགས་པར་བསླབ་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། ། ཁྲོ་བོ་ཕྱག་བརྙན་བྲན་མོ་ཡི། །མཚོན་ཆའི་ཕྱག་རྒྱ་ཇི་སྙེད་པ། །རྡོ་རྗེ་བེ་ཅོན་དབྱུག་ཏོ་དང ། །མདུང་ཐུང་མདའ་ཆེན་འཁོར་ལོ་དང ། །ཀ་ན་ཡ་དང་གཏུན་ཤིང་སོགས། །ཕོ་ཉ་ཕོ་སྨོས་གང་ཡིན་དང ། །བགེགས་ལ་སོགས་པ་རྣམ་པར་ཟློག་།ཕྱག་རྒྱའི་ཚོགས་གཞན་གང་གསུངས་པ། །བགེགས་རྣམས་གཞིག་པར་བྱ་བའི་ཕྱིར། །དཀྱིལ་འཁོར་འདི་ནི་བསྟན་རྣམས་ཀྱིས། །སྤྱི་ཡི་ཆོ་ག་རྒྱས་པར་ནི། །བསླབ་པའི་སྔགས་པས་ལྷར་བཅས་དང ། །ལྷ་མིན་གསང་བ་ཀུན་ཏུ་གཞོམ། །དཀྱིལ་འཁོར་ལ་ནི་བགེགས་བྱའི་ཕྱིར། །ཚངས་བའི་སྡོང་བུར་ཐུག་པ་ནས། །ས་སྟེང་གནས་པའི་ལྷ་ཡི་བར། །གཅིག་ཏུ་འདུས་ནས་ལྷགས་གྱུར་ཀྱང ། །སྟང་སྟབས་ཆོ་ག་ཤེས་པ་ཡི། །སྔགས་པས་ཧཱུཾ་ཞེས་བྱས་པ་ཡིས། །ཐམས་ཅད་རྣམ་པར་འཐོར་འགྱུར་ཏེ། །ཤིང་བལ་འདབ་མ་རླུང་གཏོར་བཞིན། །རྡོ་རྗེ་འབར་བ་མེར་གྱུར་ནས། །བསྐལ་པའི་མེ་འདྲར་ལངས་ནས་སུ། །རྡོ་རྗེ་རྐང་པ་ལྡན་པར་ནི། །རྡོ་རྗེ་ཕྱག་རྒྱས་ཀུན་ཏུ་གཞོམ། །རྡོ་རྗེས་གནོན་དང་
203b
ལྡན་པར་ནི། །རྡོ་རྗེའི་ཕྱག་རྒྱ་བཅོམ་ནས་སུ། །སྔགས་པས་ས་གསུམ་ཕུང་བྱེད་ན། །བགེགས་དང་ལོག་འདྲེན་སྨོས་ཅི་དགོས། །བདག་ཉིད་ཆེན་པོ་རྡོ་རྗེའི་རྒྱ། ། སྟང་སྟབས་འདི་ནི་སྤྱི་ཡིན་ཏེ། །བསྒྲུབས་མིན་དོན་ཡང་གྲུབ་བྱེད་ན། །ཆོ་ག་ཞིབ་ལས་འབྱུང་ཅི་དགོས། །རྡོ་རྗེ་འབྱུང་བ་དམ་པ་ནི། །ཐོག་མར་བཅིང་བ་བྱས་ནས་སུ། །དེ་ནས་རྡོ་རྗེ་མཆོག་རིགས་ལས། །འབྱུང་བ་གཞན་ཡང་བཅིང་བར་བྱ། །འདི་ལས་གསང་སྔགས་རྣམས་དང་ནི། །སྟང་སྟབས་རྣམ་པ་ཐམས་ཅད་འབྱུང་།། དེ་ལྟ་བས་ན་རྣམ་ཀུན་ཏུ། །སྔགས་པས་བསྒྲིམས་ཏེ་བསླབ་པར་བྱ། །དམ་ཚིག་ཆེན་པོ་རྡོ་རྗེ་འབྱུང་བའི་རྩ་བའི་སྟང་སྟབས་སོ།། །།རྡོ་རྗེ་འབྱུང་བར་འདུག་ནས་སུ། །སེང་གེ་བཞིན་དུ་ཕ་རོལ་གནོན། །རྡོ་རྗེ་ཕྱག་རྒྱས་ཀུན་ཏུ་གཞོམ། །རྡོ་རྗེ་རྐང་པ་བརྐྱང་བར་བྱ། །ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་ཤིང ། །རྡོ་རྗེའི་ཕྱག་རྒྱས་བཅོམ་ནས་སུ། །ས་རྣམས་ཀུན་ཀྱང་གཡོ་འགྱུར་ན། །གསང་དང་ཀླུ་རྣམས་སྨོས་ཅི་དགོས། །སེང་གེའི་ཚུལ་དུ་མཆོངས་ནས་ནི། །བགེགས་གང་སེང་གེའི་གཟུགས་འདྲ་དང ། །གླང་ཆེན་ཤིང་རྟ་སྤྲེའུ་དང ། །གཞན་ཡང་གང་དག་རྐང་བཞི་པ། །དེ་ནས་རྣམ་པར་འབྲོས་པའམ། །འཆི་བར་གྱུར་ཏེ་ཐེ་ཚོམ་མེད། །ཚངས་པས་བྱས་པའི་
204a
༄#། །བགེགས་རྣམས་ཀྱང ། །སྐད་ཅིག་དེ་ལ་མྱུར་དུ་འཇོམས། །སེང་གེ་ལྟར་ཕ་རོལ་གནོན་པའི་སྟང་སྟབས་སོ།། །།རྡོ་རྗེ་འབྱུང་བར་ཡང་འདུག་སྟེ། །རྐང་པ་བསྣོལ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཁུ་ཚུར་གཉིས་ཀ་ནི། །རྐེད་པའི་གནས་སུ་གཞག་པར་བྱ། །ཧཱུཾ་བརྗོད་མགུལ་པ་བསལ་བའི་སྒྲས། །རྡོ་རྗེ་གར་གྱིས་གར་བྱ་ཞིང ། །རྐང་པ་གཡོན་པ་བཏེག་ནས་ནི། །དེ་ཡི་རྩེ་མོ་སར་བཙུགས་ལ། །རྐང་པ་གཡོན་པ་བཏེག་ནས་ནི། །ལག་པ་རྡོ་རྗེ་གསོར་བཅས་པར། །ལག་གཡོན་སྙིང་གར་བཞག་ནས་ནི། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །རྡོ་རྗེ་འབར་བའི་མེར་བསྒྱུར་ནས། །རྡོ་རྗེ་ཉི་མའི་མིག་ལྡན་པར། ། རྡོ་རྗེ་མགུལ་པ་བསལ་བའི་སྒྲས། །ཕྱོགས་ཀུན་ཡོངས་སུ་རྫོགས་པར་བྱ། །བགེགས་ཀྱི་གནས་སུ་དམིགས་ནས་ནི། །མྱུར་དུ་རྡོ་རྗེའི་གོམས་སྟབས་ཀྱིས། ། གཡས་བརྐྱང་བ་ཡི་གནས་ནས་ཏེ། །རྡོ་རྗེ་ཕྱག་རྒྱས་ཀུན་ཏུ་གཞོམ། །དེ་བཞིན་ཕྱོགས་དང་མཚམས་རྣམས་ཀྱང ། །ཀུན་ཏུ་ཡང་དག་གཞོམ་པར་བྱ། །བདུད་སྡེ་མི་བཟད་ཆེན་པོ་དག་།ཕྱོགས་རྣམས་ཀུན་ནས་བྱུང་བ་ཀུན། །གཡས་བརྐྱང་གོམ་པའི་སྟབས་སྦྱར་ཏེ། །རྡོ་རྗེའི་ཕྱག་རྒྱས་ཀུན་ཏུ་གཞོམ། །ས་གསུམ་ཐམས་
204b
ཅད་གཡོ་འགྱུར་ན། །བགེགས་དང་ལོག་འདྲེན་སྨོས་ཅི་དགོས། །རྡོ་རྗེའི་ཕྱག་རྒྱས་བལྟས་ནས་ནི། །བགེགས་དང་ལོག་འདྲེན་ཐམས་ཅད་དང ། །མི་བཟད་གཟུགས་ཅན་སྲིན་པོ་རྣམས། །ཕྱོགས་རྣམས་ཀུན་ཏུ་འབྲོས་པར་འགྱུར། །རྡོ་རྗེ་གཡས་བརྐྱང་བྱ་བ་འོ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །མཚོག་མར་རྡོ་རྗེ་ཐལ་སྦྱར་ཏེ། ། རྡོ་རྗེར་བཅས་པའི་ལག་བསྐོར་ཞིང ། །སྤྲིན་ལྟར་ཡོངས་སུ་ཁྱབ་པར་བྱ། །རྡོ་རྗེ་གར་གྱིས་གར་བྱ་ཞིང ། །མཆུ་ནི་སོ་ཡིས་མནན་པར་བྱ། །ཁུ་ཚུར་གཡོན་པ་བཏེག་པར་བྱ། །གཡས་པ་སྙིང་གར་གཞག་པར་བྱ། །རྐང་པ་གཡོན་པ་བཏེག་ནས་སུ། །གཡས་རོལ་དུ་ནི་གཅུ་བར་བྱ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་པ། །གཡོན་པ་བརྐྱང་པའི་རྐང་གནོན་ཏེ། །རྡོ་རྗེ་རྐང་པས་བསྣུན་པར་བྱ། །གཡས་པ་ས་ལ་གཟུག་པར་བྱ། །རྡོ་རྗེ་རྐང་པས་འོག་ཏུ། །བསྣུན་ན་ཐམས་ཅད་གཡོ་བར་བྱེད། །ས་ཡི་འོག་ན་གནས་པའི་ཀླུ། །གསང་དང་ལྷ་མིན་སྲིན་པོར་བཅས། །ཐམས་ཅད་གཡོས་པ་འདི་ཅི་ཞེས། །ཡ་མཚན་འཛིན་པའི་སེམས་གྱུར་ནས། །ཡ་མཚན་འཛིན་པའི་སྙིང་གིས་སུ། །འདི་དག་ཐམས་ཅད་ཅིར་འགྱུར་ཀྱེ། །བསྐལ་པ་ཟད་པར་མ་གྱུར་གྲང ། །དེ་སྐད་ཕན་ཚུན་འདྲི་བར་བྱེད། །གནས་དེ་ནས་ནི་ཡང་བསྐྱོད་
205a
༄#། །ནས། །རྡོ་རྗེ་འབར་བའི་མིག་ལྡན་པར། །རྡོ་རྗེ་ཕྱག་རྒྱས་ཧཱུཾ་བརྗོད་དེ། །རྡོ་རྗེའི་རྐང་པས་བསྣུན་པར་བྱ། །ཀླུ་དང་གསང་བ་ཐམས་ཅད་དང། །གཞན་ཡང་གང་དག་སར་གནས་པ། །གང་ན་སྔགས་འཆང་འདུག་པ་ཡིས། །གནས་དེར་ཐམས་ཅད་ལྷག་ནས་སུ། །ལུང་ནི་ཡོངས་སུ་ནོད་བྱེད་ཅིང། །རྡོ་རྗེ་འབར་བས་རབ་ཉེན་པས། །ཇོ་བོ་ཅི་ཞིག་འཚོལ་ཅིག་པ། །བཀའ་ལུང་མྱུར་དུ་བདག་ཅག་སྩོལ། །བཅུད་ཀྱིས་ལེན་དང་དངུལ་ཆུ་འམ། །འོན་ཏེ་མིག་བསྐུའི་སྨན་རྫས་སམ། །གནོད་སྦྱིན་ཕོ་མོས་འབངས་སུའམ། །འོན་ཏེ་རྒྱལ་སྲིད་བཞེད་གྱུར་ཏམ། །འོན་ཏེ་དཔལ་གྱི་སྒོ་བཞེད་དམ། །འོན་ཏེ་ཡུལ་ས་གཞན་བཞེད་ན། །རྡོ་རྗེ་འབར་བས་གཟིར་གྱུར་པས། །བཞེད་པ་ཐམས་ཅད་བསྐང་བར་བགྱི། །སྔགས་པས་འགའ་ཞིག་བླངས་ནས་སུ། །དེ་དག་ལ་ནི་བྱམས་པར་བྱ། །རྡོ་རྗེ་གར་ནི་ལེགས་བྱ་ཞིང ། །ཕྱག་རྒྱ་དེ་ནི་བསྡུ་བར་བྱ། །ཆོ་ག་མཐོང་བའི་ལས་ཀྱིས་སུ། །རྡོ་རྗེ་གནས་སུ་གཞག་པར་བྱ། །གཞན་དུ་ན་ནི་གསང་བ་དང ། །སྲིན་པོ་ཀུན་ལ་གནོད་འགྱུར་ཏེ། །གླགས་ལྟ་གླན་ཀ་ཚོལ་བྱེད་པ། །གཟིར་བ་དེ་དག་གནོད་པར་བྱེད། །གླགས་སུ་གྱུར་པ་རྟོགས་ནས་སུ།།
205b
སྔགས་པ་ལ་ནི་གནོད་པ་བྱེད། །དེ་ལྟ་བས་ན་རྣམ་ཀུན་ཏུ། །བློ་དང་ལྡན་པའི་སྒྲུབ་པ་པོས། །རྡོ་རྗེའི་གནས་ནི་རིག་བྱས་ལ། །སྟང་སྟབས་བྱ་བ་སྦྱར་བར་བྱ། །གཡོན་བརྐྱང་རྐང་པའི་སྟང་སྟབས་སོ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །དཔྲལ་བར་ཐལ་མོ་སྦྱར་བར་བྱ། །རྡོ་རྗེའི་གར་ནི་བྱས་ནས་སུ། །ཐལ་མོ་སྙིང་གར་གཞག་པར་བྱ། །ཚངས་པའི་རྐང་སྟབས་བྱས་ནས་སུ། །པདྨའི་ཐལ་མོ་རྒྱས་པར་བྱ། །གཉི་ག་ཁུ་ཚུར་བཅངས་ནས་སུ། །གཡས་པ་གྱེན་དུ་བརྐྱང་བར་བྱ། །གཡོན་པ་སྙིང་གར་བཞག་ནས་སུ། །ཧཱུཾ་དང་ཕཊ་བཅས་ཁྲོས་བསྒྱིངས་ཤིང ། །སོས་ནི་མཆུ་ཡང་མནན་བྱས་ལ། །རྡོ་རྗེ་ཉི་མའི་མིག་ལྡན་ཞིང ། །བཞིན་ནི་ཁྲོ་གཉེར་རིམ་འཆང་བས།། གར་བྱེད་པ་ཡི་ཚུལ་གྱིས་ནི། །རྐང་པ་གཡས་པས་བསྣུན་པར་བྱ། །གཡོན་པས་ཀྱང་ནི་དེ་བཞིན་བསྣུན། །རྡོ་རྗེ་གསོར་བའི་ཕྱག་རྒྱ་ཡིས། །ལག་པ་གྱེན་དུ་བསྒྲེང་བར་བྱ། །གྱེན་དུ་བལྟས་ནས་དྲག་ཏུ་ནི། །རྡོ་རྗེ་ཕྱག་རྒྱས་བསྣུན་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བསྣུན་ནས་ཡང ། །ཚངས་པར་བཅས་དང་བརྒྱ་བྱིན་བཅས། །གནས་དང་བཅས་པ་ཐམས་ཅད་འགུལ། །ཕན་ཚུན་གཅིག་ལ་གཅིག་ལྟ་ཞིང ། །གྲོགས་དག་བསྐལ་པ་འཁྲུགས་གྱུར་ཏམ། །འོན་ཏེ་སེམས་ཅན་ཆེ་འབྱུང་ངམ། །འོན་ཏེ་
206a
༄#། །སངས་རྒྱས་བྱུང་གྱུར་ཏམ། །ཅི་ཞེས་ཐམས་ཅད་ཕན་ཚུན་སྨྲ། །མྱོས་ཆེས་གྱུར་ནས་ཕན་ཚུན་དང ། །ཕྱོགས་བཅུ་དག་ཏུ་ལྟ་བར་བྱེད། ། རྡོ་རྗེ་འབར་བས་གཟིར་བས་ན། །གནས་དེ་ནས་ནི་དོང་ནས་སུ། །རྡོ་རྗེ་ལྡན་པ་ཅི་བཞེད་པ། །གསུངས་ཞེས་ལུང་ནི་ནོད་པར་བྱེད། །བདག་ཅག་ནོངས་པ་མ་མཆིས་ཤིང ། །བཀའ་དང་འགལ་བར་བགྱིད་མ་ལགས། །རྡོ་རྗེ་འབར་བར་གཟིར་གྱུར་ནས། །བཀའ་ལུང་མྱུར་དུ་བདག་ཅག་སྩོལ། །རྡོ་རྗེ་ཅན་གྱིས་རྡོ་རྗེ་ལ། ། མིག་མི་འཛུམས་པར་རྟག་ཏུ་ལྟ། །ལྷ་ཕལ་གཞན་རྣམས་དེ་དག་ཀྱང ། །རྡོ་རྗེ་འབར་བས་བརྒྱལ་གྱུར་ནས། །རྡོ་རྗེའི་དམ་པ་ལྡན་པ་ལ། །ཐུགས་ལ་ཅི་དགོངས་བསླང་མཛོད་དང ། །གལ་ཏེ་རྒྱལ་སྲིད་བཞེད་གྱུར་ཏམ། །དེ་བཞིན་མི་དང་ལྷ་བཞེད་དམ། །ལྷ་ཡི་བུ་མོ་བསྙེམས་པ་དང ། །ལྷ་ཡི་བདེ་བ་ཡིད་མཐུན་བཞེད། །ཐུགས་ལ་གང་བཞེད་དེ་རྣམས་ཀུན། །དེ་དག་དབུལ་བར་བགྱིད་པར་འགྱུར། །དེ་ནས་ལྷ་མང་རྫུ་འཕྲུལ་ཆེ། །དེ་དག་ཡིད་ནི་རབ་དགའ་ནས། ། རྡོ་རྗེ་འབར་བས་གཟིར་བ་དག་།སྒྲུབ་པ་པོ་ལ་མྱུར་དུ་དབུལ། །དེ་ནས་བྱམས་པའི་སེམས་ཀྱིས་ནི། །སྔགས་པས་བལྟས་ནས་གཏང་བར་བྱ། །གཞན་དུ་ན་
206b
ནི་གཟིར་དེ་དག་།གླགས་རྙེད་གནོད་པ་བྱེད་པར་འགྱུར། །རྡོ་རྗེ་འབྱུང་བར་ཡང་འདུག་སྟེ། །རྡོ་རྗེ་གར་ནི་རབ་ཏུ་བྱ། །མཚོག་མར་ཐལ་མོ་སྦྱར་ནས་སུ། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །གཡས་པ་བཏེག་ཅིང་དེ་བཞིན་གཡོན། །རྡོ་རྗེའི་ཁུ་ཚུར་ཚུལ་གྱིས་ནི། །གཡས་པ་གྱེན་དུ་བསྒྲེང་བར་བྱ། །གཡོན་པ་སྙིང་གར་གཞག་ནས་སུ། །སྨིན་མ་དགུག་ཅིང་བསྐུལ་བསྐྱོད་དེ། །མིག་གིས་བགེགས་ལ་བལྟས་བྱས་ན། །ཧཱུཾ་དང་བཅས་པས་རབ་བསྐུལ་ན། ། གལ་ཏེ་ཚངས་པ་ཉིད་གྱུར་ཏམ། །གལ་ཏེ་ཁྱབ་འཇུག་ཉིད་གྱུར་ཏམ། །དྲག་པོ་བརྒྱ་བྱིན་ཉིད་གྱུར་ཡང ། །བལྟས་པས་མྱུར་དུ་འཇིགས་པར་འགྱུར། །ཅི་སྟེ་ཁྱབ་འཇུག་དྲག་པོ་རྣམས། །བདག་གི་དབང་དུ་གྱུར་འདོད་པས། །ཀུན་ཏུ་བསྐྱོད་པའི་ཚུལ་གྱིས་སུ། །རྡོ་རྗེ་ཉི་མའི་མིག་ཅན་གྱིས། །རྐང་སྟབས་སྦྱར་བའི་ཚུལ་གྱིས་སུ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །ས་རྣམས་ཐམས་ཅད་རབ་ཏུ་གཡོ། །དེ་ནས་བརྒྱ་བྱིན་ལྷ་རྣམས་དང ། །ལྷ་མིན་སྲིན་པོ་གསང་བ་པ། །སྟན་ལས་ཉམས་པར་བདག་ཉིད་ཀྱིས། །མ་ཤེས་ཤིག་ནི་བརྒྱལ་བར་འགྱུར། །དེ་ནས་ཁྱབ་འཇུག་དྲག་པོ་རྣམས་དང ། །ཡིད་ནི་བློང་ཞེས་གྱུར་
207a
༄#། །ནས་སུ། །རྡོ་རྗེ་རྣལ་འབྱོར་ཆེ་ལྡན་པ། །ག་ལ་བ་དེར་ཐལ་སྦྱར་དོང ། །བདག་ཅག་ནོངས་པ་མ་མཆིས་པར། །སྔགས་ཀྱིས་བདག་ཅག་ཤིན་ཏུ་གཟིར། །གཟིར་བའི་ལྷ་རྣམས་དེ་དག་ཀུན། །སྟན་ལས་སེམས་ནི་ཉམས་པར་གྱུར། །ཅི་ལྟར་ཅི་བགྱི་བཀའ་སྩོལ་ཅེས། །ལུང་ལ་གུས་པས་ལྟ་ཞིང་འཁོད། །ཀུན་ལ་བྱམས་པ་བྱས་ནས་སུ། །སྙིང་ལ་བསམ་པ་གཅིག་བསླངས་ན། །དེ་ཡི་མོད་ལ་དེ་དག་རྣམས། །དགའ་ཞིང་མགུ་ནས་སྦྱིན་པར་བྱེད། ། སྔགས་པ་མཉམ་པར་གཞག་ནས་སུ། །དེ་ནས་ཕྱག་རྒྱའི་རྒྱལ་པོ་བཏང ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །རྡོ་རྗེའི་གནས་སུ་གཞག་པར་བྱ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི། །རྡོ་རྗེའི་གནས་ནི་རྐེད་ནས་གཅོད། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །དབང་པོ་ཆེན་པོའི་གནས་སུ་བརྟན། །མཚོག་མར་ཐལ་མོ་སྦྱར་བྱས་ལ། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཁུ་ཚུར་བཅངས་བྱས་ལ། །གར་བྱེད་པ་ཡི་ལག་པ་ཡིས། །བགེགས་ཀྱི་གཟུགས་རྣམས་བསྡིགས་པར་བྱ། །དེ་བཞིན་གཡས་དང་གཡོན་གྱིས་ཀྱང ། །གནས་ནས་སོང་གི་བར་དུ་བྱ། །ཅི་སྟེ་བགེགས་ཆེན་རབ་སྡང་བ། །
207b
བསྡིགས་ཀྱང་འགྲོ་བར་མི་བྱེད་ན། །རྡོ་རྗེ་གོམ་པ་མྱུར་བོར་ལ། །གྱེན་དུ་ལག་པ་ཀུན་ཏུ་བསྐྱོད། །ལག་གཉིས་ས་ལ་བརྡབས་ནས་སུ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་ལ། །གསང་སྔགས་བློ་ལྡན་རྐང་བསྐུམ་སྟེ། །རྣམ་པ་ཀུན་ཏུ་ལུས་བསྐོར་རོ། །དེ་ནས་ལྡང་བའི་ཚུལ་གྱིས་སུ། །རྡོ་རྗེའི་ལག་པ་གཡས་བརྐྱང་ལ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །གཡས་དང་གཡོན་གྱི་ཚུལ་དུ་ནི། །ལག་གཉིས་གཅིག་ཏུ་སྦྱར་བྱས་ལ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་རྣམས་དང ། །ཕཊ་རྣམས་ཀྱིས་ནི་རབ་བསྐུལ་ཏེ། །རྡོ་རྗེ་གཟིར་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཟིར་བར་བྱ། །བདེ་གཤེགས་གོ་འཕང་མ་གཏོགས་པར། །རྡོ་རྗེ་ཅན་དང་འཁོར་ལོ་ཅན། །སངས་རྒྱས་སྲས་པོ་གང་ཞིག་གིས། །དེ་ཡིས་ལུས་ལ་མི་སེམས་ན། །ལྷ་དང་དྲི་ཟ་གསང་བ་དང ། །གཞན་ཡང་གང་དག་ཀླུ་རྣམས་དང ། །ཤིང་བལ་འདབ་མ་རླུང་གཏོར་བཞིན། །ཧཱུཾ་བརྗོད་འཇིགས་འགྱུར་སྨོས་ཅི་དགོས། །ལྷ་མིན་སྲིན་པོ་མ་རུངས་དང ། །ཡི་དྭགས་གྲུལ་བུམ་མངག་གཞུག་དང ། །བདུད་དང་བདུད་ཀྱི་ཕོ་ཉ་རྣམས། །འདི་ལྟར་འགྱུར་བ་ཅི་ཞིག་སྨོས། །བྱམས་པའི་སེམས་ལ་མཉམ་བཞག་ཅིང ། །སྙིང་རྗེ་ལ་ཡང་
208a
༄#། །མཉམ་བཞག་ནས། །བྱང་ཆུབ་སེམས་དྲན་སྔགས་པ་ཡིས། །ཕྱག་རྒྱ་བསྡུ་བ་བརྩམ་པར་བྱ། །ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། ། བགེགས་རྣམས་ལ་ནི་གནོད་མི་བྱ། །ཤིན་ཏུ་སྡང་བར་རིག་ནས་ནི། །གལ་ཏེ་བགེགས་ལ་གནོད་བྱ་ན། །ཤིན་ཏུ་སྡང་བ་དྲག་རྣམས་ལ། །འཇམ་དེས་ཉིད་ནི་མི་བྱའོ། །གལ་ཏེ་འཇམ་དེས་ཉིད་བྱས་ན། །དེ་ཡི་མོད་ལ་གནོད་པར་བྱེད། །ཐོག་མར་འཇམ་པོར་སྦྱར་བར་བྱ། །ལན་གཉིས་ཚེ་ནི་དབྱེ་བར་བརྩོན། །གསུམ་ཚེ་མཆོད་ཡོན་ཐོགས་ནས་སུ། །མེ་ཏོག་སྙིམ་པར་གནས་བྱས་ལ། །དེ་ནས་བགེགས་ལ་མཆོད་པར་བྱ། །འབྱུང་པོ་ཀུན་ཕན་གཏོར་བྱིན་ནས། །འདི་སྐད་ཀྱི་ནི་ཚིག་བརྗོད་ད། ་།བདག་གིས་དེ་རིང་ཁྱོད་མཆོད་ཀྱི། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་།ཁྱོད་ཀྱི་སྟོབས་དང་རྩལ་མཐོང་སྟེ། །ཁྱོད་ནི་བགེགས་ཀྱང་བྱེད་པར་ནུས། །ཁྱོད་ནི་ལྷ་ཡིས་སྤྲུལ་པ་སྟེ། །ཁྱོད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་པ་མ་ཐོབ་པ། །དེ་རིང་བདག་གིས་མཆོད་བྱས་ན། །ཁྱོད་ཀྱིས་ད་ནི་མཆོད་ཁྱེར་ལ། །བགེགས་ཀྱི་དབང་པོ་སོང་ཞེས་བརྗོད། །གལ་ཏེ་འདུག་ཀྱང་བགེགས་མིན་ན། །དེ་ཡི་སྤྱོད་
208b
པ་བཟང་པོ་ཡིན། །སྔགས་པས་མཆོད་བྱས་འོན་ཀྱང་ནི། །ཅི་སྟེ་བགེགས་ནི་ཡང་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་དཔང་གྱུར་པས། །མི་མཆོག་རྣམས་ལ་མཁྱེན་པ་གསོལ། །བགེགས་ལ་ཆད་པས་གཅད་སླད་དུ། །སྦྱོར་བ་བགྱིས་ཀྱང་ནོངས་མ་མཆིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །བཀའ་དང་བདག་འགལ་མི་བགྱིད་བརྗོད། །ལྷ་དང་ལྷ་མིན་གསང་རྣམས་དང ། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང ། །གཟའ་དང་མིའམ་ཅི་གང་དག། མགོན་པོ་མགོན་པོ་ཆེ་རྣམས་ལ། །བགེགས་ཀྱིས་གཙེས་པ་བསྒྲག་པར་བྱ། །གལ་ཏེ་ཅུང་ཞིག་བསྐྱབ་ཅེ་ན། །མྱུར་དུ་ཡོངས་སུ་སྐྱོབས་ཤིག་ཅེས། །བསྒྲགས་པ་གང་དག་མཉན་བྱས་ནས། །བགེགས་བྱེད་ཞི་བར་གྱུར་ན་ནི། །དེ་ནས་ཕྱོགས་རྣམས་ཐམས་ཅད་ཀྱི། །ལྷ་རྣམས་ལ་ནི་མཆོད་པ་བྱ། །གལ་ཏེ་དེ་ལྟར་མི་འདུག་ན། ། མེ་ཏོག་ཐལ་མོ་མཆོད་ཡོན་གྱིས། །སངས་རྒྱས་ལ་སོགས་རབ་བསྐུལ་ལ། །དེ་ལ་ཆད་པས་གཅད་པར་བྱ། །དྲག་པོ་ཤིན་ཏུ་སྡང་སེམས་པ། །བཀའ་ལུང་ལས་ནི་འགལ་བྱེད་ཅིང ། །སྲོག་ཀྱང་ཤིན་ཏུ་འཕྲོག་བྱེད་ལ། །སངས་རྒྱས་རྣམས་ཀྱང་མི་གཡེལ་བར། །དེ་ལ་ཕན་པར་ཤེས་ནས་སུ། །བསྐལ་པ་བྱེ་བ་དུ་མར་ནི། །
209a
༄#། །སེམས་དམྱལ་རྣམས་སུ་སྐྱེ་བ་ཡི། །སྡུག་བསྔལ་མང་པོ་འདིར་འགྱུར་ཏེ། །དེ་ལྟར་སྨན་པས་སེམས་ཅན་གྱི། །ནད་རྣམས་མེད་པར་བྱེད་པ་བཞིན། །གཟིར་བས་བདག་ལ་ཉེས་པ་མེད། །མཁས་པ་རྣམ་པར་སྦྱངས་པ་ཡི། །དེ་ལྟར་སེམས་ནི་མཉམ་བཞག་ཅིང ། །སྙིང་རྗེའི་ཡིད་དང་ལྡན་པ་ཡིས། བྱང་ཆུབ་སེམས་ནི་བརྟན་བྱས་ཏེ། །དེ་ལ་ཆད་པས་བཅད་པ་བརྩམ། །ཇི་ལྟར་སྨན་པ་མཁས་པ་ཡིས། །ཉེས་ཏེ་ཡལ་བར་མི་འདོར་བཞིན། །ཐབས་དང་ཤེས་རབ་མཁས་པ་ཡང ། །མི་བྱེད་མཁས་ནའང་ཉེས་དང་བཅས། །ཇི་ལྟར་སྨན་པ་མི་མཁས་པ། །ཐབས་དང་ཤེས་རབ་བྲལ་བ་ཡིས། །ནད་པ་ཡལ་བར་འདོར་བྱེད་ཅིང་།། གསོ་བའི་ཆོ་ག་མི་བྱེད་པ། །དེ་བཞིན་ཤེས་དང་བྲལ་བ་ཡིས། །གལ་ཏེ་གསོ་བར་བརྩོན་ན་ཡང ། །ཐབས་དང་ཤེས་རབ་བྲལ་བ་ལ། །སངས་རྒྱས་རྣམས་ནི་བསྔགས་མི་མཛད། །ནད་པ་ནད་པ་རྣམས་ལ་ནི། །སྨན་པས་ཇི་ལྟར་སྨན་བྱིན་པ། །ཚཝ་དང་ཁ་དང་བསྐ་བ་ཡང ། །འཇིག་རྟེན་སྨོད་པར་མི་བྱེད་པ། །དེ་བཞིན་འདུལ་བའི་བྱེ་བྲག་གིས། །ཅི་རིགས་པ་ནི་གསོ་བར་བྱ། །སྡང་བའི་སེམས་ཅན་རྣམས་ལ་ནི། །འཕྱས་ཏེ་སངས་རྒྱས་རྣམས་མི་སྨོད། །འདས་པའི་དུས་ན་སྔོན་བྱུང་བ། །
209b
ཤིན་ཏུ་རྨད་བྱུང་རྒྱལ་བ་བྱུང ། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཆོས་ནི་འདི་འདྲ་སྟེ། །ཤིན་ཏུ་སྡང་སེམས་དྲག་པོ་ཡི། །སེམས་ཅན་ཐམས་ཅད་དེ་ཚེ་བྱུང ། །ཤིན་ཏུ་དྲག་པོ་མཐོང་ནས་ནི། །འཇམ་པོ་ཉིད་དུ་མི་སྦྱོར་ཏེ། །ཤེས་རབ་ཐབས་ཀྱི་སྙིང་སྟོབས་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། རྡོ་རྗེའི་སྙིང་སྟོབས་ཁྲོས་གྱུར་པ། །སེམས་ཅན་རྣམས་ལ་ཕན་བྱེད་པ། །དེ་ནས་ཕ་རོལ་གནོན་པ་ཡིས། །སེམས་ཅན་ཁམས་ནི་དུ་མ་གནོན། །སྡིག་མེད་ནན་གྱིས་སྟོབས་གྱིས་སུ། །ཐམས་ཅད་དབང་དུ་དགོད་པར་བྱ། །ཕ་རོལ་གནོན་པའི་རིགས་ཚུལ་གྱིས། །ཇི་ལྟར་བྱང་ཆུབ་འདོད་བྱས་ནས། །སེམས་ཅན་ཁམས་ནི་དུ་མ་དག། ཐམས་ཅད་དབང་དུ་དགོད་པར་བྱས། །རྡོ་རྗེ་སློབ་དཔོན་ཆེན་པོ་ཡིས། །ལོག་འདྲེན་བགེགས་རྣམས་དེ་ལྟར་དགོད། །བྱང་ཆུབ་སེམས་དྲན་བསྒྲིམ་བྱས་ནས། །སྐྱོན་གྱིས་གོས་པར་མི་འགྱུར་རོ། །དེ་ཕྱིར་སྔགས་པ་ཆེ་ཁྲོས་ལ། །བསྐལ་པའི་མེ་ཡི་མཐུ་ལྟ་བུས། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །རྐང་པའི་ཚུལ་ནི་དེ་ཉིད་ཀྱིས། །རྡོ་རྗེའི་གར་གྱིས་གར་བྱས་ལ། །རྐང་པ་གཡོན་པ་བརྐྱང་ཞེས་འདོར། །རྐང་གཡས་བརྐྱང་བའི་གནས་བརྟེན་ཏེ། །རྐེད་པའི་གནས་
210a
༄#། །ཀྱི་རལ་གྲི་དེ། །ཤུགས་ནས་ཕྱུང་ནས་གདབ་པར་བྱ། །རྣོ་བ་མེད་པའི་ཚུལ་གྱིས་སུ། །ཤུགས་ཀྱིས་ལག་པ་སར་བསྡམས་ལ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །རལ་གྲི་འཕྱར་བ་འདྲ་བར་བཟུང ། །རལ་གྲི་ཚུལ་དུ་གཞུག་པ་ནི། །མཛུབ་མོ་གུང་མགོ་གཤིབས་པར་བྱ། །དེ་ནས་ལག་པ་གཡོན་པ་ཡིས། ། རལ་གྲི་ཤུབས་སུ་བྱ་བ་ནི། །མཐེའུ་ཆུང་དང་ནི་སྲིན་ལག་དང ། །མཐེ་བོས་རལ་གྲི་ཤུབས་སུ་བྱ། །དེ་ནས་རྐང་པ་གཡས་པ་ཡིས། །ས་ལ་བགེགས་ཀྱི་གཟུགས་བྲིས་ཏེ། །སོ་ཡིས་མཆུ་མནན་ཁྲོས་བྱས་ལ། །བདག་ནི་རྡོ་རྗེ་ཉི་འབར་བས། །རྐང་པས་མགོ་ནི་མནན་བྱས་ནས། །ལག་པས་རལ་གྲི་ཕྱུང་ནས་སུ། །རྡོ་རྗེ་འགྲོ་བའི་གོམ་སྟབས་ཀྱིས། །གར་གྱི་ཚུལ་དུ་ཀུན་བསྐྱོད་དེ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །རྡོ་རྗེ་ལྡན་དེས་གང་བཅོམ་པ། །དེ་ནི་སྲོག་ལ་མི་སེམས་སོ། །དེ་ནས་དེ་དག་ཞི་བར་འགྱུར། །ཡང་ན་འཆི་འགྱུར་ཐེ་ཚོམ་མེད། །བརྒྱ་བྱིན་མཚུངས་པའི་བགེགས་ཞིག་ནའང ། །དེ་ཡང་མོད་ལ་བརླག་པར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ཆེ། །སྙིང་རྗེ་སྙིང་བརྩེའི་སེམས་ལྡན་པས། །ཇི་ལྟར་དེ་ཡང་སྐྱེ་འགྱུར་བ། །དེ་ལྟར་དེ་ལ་སྙིང་བརྩེར་བྱ། །རྡོ་རྗེ་རལ་གྲིའི་སྟང་
210b
སྟབས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་ཆེས། །རྡོ་རྗེ་གཏུབ་པར་བྱ་བ་བྱས། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །གནོད་པར་སེམས་པ་ཐམས་ཅད་གཏུབ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །རྡོ་རྗེ་མཐུ་རྩལ་བརྩམ་བྱས་ལ། །རྐང་པ་བཏེག་ཅིང་བཞག་ཚུལ་གྱིས། །རྡོ་རྗེ་གར་ནི་རབ་ཏུ་བྱ། །འཁོར་ལོས་བསྒྱུར་བར་བྱ་རིམ་གྱི། །པདྨོའི་ཐལ་མོ་སྦྱར་བྱས་ལ། །རྐང་པ་རྣམ་པར་བཞག་བྱས་ནས། །ས་ལ་འཁོར་ལོ་འཕང་བར་བྱ། །རྟིང་སྤྲད་གནས་སུ་འདུག་བྱས་ལ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་དེ། །ཐལ་མོ་བརྡབ་པའི་ཚུལ་གྱིས་སུ། །ས་ལ་འཁོར་ལོས་བསྣུན་པར་བྱ། །བཟློག་སྟེ་ལན་བུར་བྱས་ནས་སུ། །ལག་པ་སྦྱར་བའི་ཚུལ་གྱིས་ནི། །འཁོར་ལོ་ལྟ་བུར་བྱས་ནས་སུ། ། གྱེན་དུ་འཕང་ལ་གཞིག་པར་བྱ། །བཀུག་སྟེ་རྐྱང་པས་མགོ་མནན་ནས། །བགེགས་རྣམས་ལ་ནི་བསྣུན་པར་བྱ། །འོན་ཏེ་རབ་ཏུ་ཞི་བར་འགྱུར། །ཡང་ན་ཞི་འགྱུར་ཐེ་ཚོམ་མེད། །དེ་ལྟར་རིམ་པའི་ཚུལ་འདི་ཡིས། །བགེགས་རྣམས་ལ་ནི་གནོད་པར་བྱ། །སྡིག་པའི་གནོད་པ་མེད་པར་ནི། །བསྐུལ་ཡང་བདེ་བར་མི་འདོང་ངོ ། །གལ་ཏེ་རྡོ་རྗེ་སེམས་དཔའ་ཆེ། །སྙིང་རྗེའི་སེམས་དང་ལྡན་གྱུར་པས། །བགེགས་ལ་ཞི་བར་བྱ་འདོད་ན། །ཆོ་ག་འདི་ཡིས་ཚུལ་དུ་བྱ། །བ་ལང་གི་ནི་ལྕི་བ་ལས། །དེ་འདྲ་བ་ཡི་གཟུགས་
211a
༄#། །བྱས་ལ། །སྔགས་པས་ཞི་བའི་སེམས་ཀྱིས་སུ། །སྔགས་པས་འོ་མམ་བཀྲུས་ནས་ནི། །མོད་ལ་སྔ་མཁོ་བཞིན་དུ་འགྱུར། །དེ་ལྟར་ཀུན་ཏུ་བགེགས་རྣམས་ནི། །ཀུན་ལ་ཆོ་ག་འདི་བཞིན་བྱ། །རིམ་པ་འདི་ཡི་ཚུལ་གྱིས་ནི། །གསང་སྔགས་རྣམས་ལའང་སྦྱར་བྱ་སྟེ། །གཅད་དང་གནོད་པ་བྱས་པ་དང ། ། བཀག་པ་དང་ནི་བཅིང་བའང་རུང ། །གལ་ཏེ་བསྒྲུབ་པར་འདོད་པ་ནི། །དེ་ནས་སྔ་མཁོ་བཞིན་དུ་འགྱུར། །འོན་ཀྱང་གསང་སྔགས་རྣམས་ལ་ནི། །བྱེ་བྲག་ཏུ་ནི་སྤོས་ཀྱིས་བྱ། །བ་ནི་སེར་མོའི་འོ་མ་དང ། །ཡང་ན་མར་གྱི་སྦྱིན་སྲེག་བྱ། །ཡང་ན་བརྒྱ་དང་རྩ་བརྒྱད་ཀྱིས། །སྦྱིན་སྲེག་གིས་ནི་ཀུན་ཞི་འགྱུར། །ཞི་བའི་སེམས་ཀྱིས་ཞི་བ་སྟེ། །དགའ་བའི་སེམས་ཀྱིས་རྒྱས་པའོ། །དྲག་ཤུལ་སྤྱོད་ལམ་གང་ཡིན་པ། །དེ་ནི་ཁྲོས་པས་བརྩམ་པར་བྱ། །དེ་ལྟར་ལས་ནི་ཅི་རིགས་པས། །གསང་སྔགས་རྣམས་ལ་སྔགས་པས་བྱ། །རྣམ་པ་གཞན་དུ་མི་བྱ་སྟེ། །ལས་ཀྱི་འབྲས་བུ་མེད་པར་འགྱུར། །རྡོ་རྗེ་འཁོར་ལོའི་སྟང་སྟབས་སོ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཀྱང ། ། རྡོ་རྗེ་འབྱུང་བར་བྱས་ནས་སུ། །མཚོག་མར་ཐལ་མོ་སྦྱར་བྱས་ཏེ། །རྡོ་རྗེའི་གར་ནི་རབ་ཏུ་བྱས། །རྟིང་སྤྲད་རྣམས་ཀྱི་ཚུལ་གྱིས་སུ། །སྨིན་བསྒྱུར་རྐང་པས་རེག་པར་
211b
བྱ། །ལག་པ་གཉིས་ཀས་ས་ལ་བྱུག་།དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང ། །ཡིད་ཀྱིས་བསྐོར་བའི་ཚུལ་གྱིས་སུ། །རྐང་པ་འཁོར་ལོ་བཞིན་དུ་བསྐོར། །ལག་གཉིས་རྐེད་པའི་གནས་བཞག་ལ། །རྡོ་རྗེའི་བགད་པ་རབ་བྱེད་ཅིང ། །ལག་པ་གཡས་པ་བསྒྲེང་བར་བྱ། །རྡོ་རྗེའི་མཛུབ་མོས་རབ་ཏུ་བསྡིགས། །ཧཱུཾ་བརྗོད་བསྒྱིངས་དང་བཅས་བྱས་ལ། །རྡོ་རྗེ་ཉི་མའི་མིག་ལྡན་པས། །རྡོ་རྗེའི་མཛུབ་མོས་བསྡིགས་ནས་ནི། །བདུད་ཀྱི་དབང་ཕྱུག་བདག་ཉིད་ཀྱང ། །བལྟས་པས་དེ་ནི་མོད་ལ་འབྲོས། །བྱ་རོག་བོང་རྡོ་འཕེན་མཐོང་བཞིན། །རྡོ་རྗེ་བགད་པའོ། །དེ་ནས་རྡོ་རྗེ་སྔགས་པ་ཆེས། །རྡོ་རྗེ་འབྱུང་བར་བྱས་ནས་སུ། །མི་མཐུན་རྐང་སྟབས་བྱས་ནས་སུ། །ལག་པ་བསྣོལ་ཏེ་ཁུ་ཚུར་བཅང ། །མཐེ་བོ་གྱེན་དུ་བསྒྲེང་བྱས་ལ། །གུང་མོ་གཤིབས་ཏེ་བསྒྲེང་བར་བྱ། །མཛུབ་མོ་དེ་གཉིས་ཟླ་ལ་བསྒྲེང ། །རྡོ་རྗེ་ཁ་ཞེས་བརྗོད་པ་ཡིན། །རྐང་པ་གཡས་པ་བཏེག་པར་བྱ། །གཡོན་པ་གཟུགས་ཤིང་དེ་བཞིན་བྱ། །རྡོ་རྗེ་ལྕེ་ནི་མེ་ལྟར་འབར། །རྒོད་མའི་ཁ་ལྟར་མངོན་སུམ་བྱ། །འབྲུག་སྒྲ་དལ་འདྲའི་ཧཱུཾ་བརྗོད་དེ། །ཁ་ཡི་ཐད་ཀར་གཞག་པར་བྱ། །ཕྱོགས་རྣམས་དག་ནི་ཐམས་ཅད་ཀྱི། །རྒྱ་མཚོ་བཞི་ཡི་ཆུ་འཐུངས་ན། །མིག་སྔར་སྣང་བར་གྱུར་པ་ཡི། །སྡང་བ་ཀུན་ལྟ་སྨོས་ཅི་དགོས། །དེ་ལྟར་བྱས་ན་ཕྱོགས་
212a
༄#། །བཞི་པོ། །ཀུན་ནས་འབྱུང་བ་ཐམས་ཅད་སྐེམས། །འཚུབ་མ་ཀུན་དང་ལྕེ་འབབ་དང ། །སྤྲིན་རྣམས་ཀུན་ནས་འདུ་བ་དང ། །རྡོ་རྗེའི་ཁ་ནི་གླལ་བ་དང ། །གཏོར་བས་རབ་ཏུ་འཐོར་བར་འགྱུར། །འཇིག་རྟེན་དུ་ནི་ལྟས་བྱུང་བ། །ཀུན་ནས་གནས་གྲུབ་གང་ཡིན་པ། །སྔགས་པས་རྡོ་རྗེ་མེ་ལྕེ་ཡི། །མེ་ལྟར་བསྒྱུར་ན་དེ་ཀུན་ཞི། །རྡོ་རྗེ་ཁ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅའ་བར་བྱ། །རྡོ་རྗེ་ཁ་གླལ་བའི་གར་སྟབས་སོ། །དེ་ནས་རྡོ་རྗེ་རྣལ་འབྱོར་ཆེ། །རྡོ་རྗེ་ཡེ་ཤེས་བསྒྱུར་ནས་སུ། །བགེགས་ལ་གསོ་བ་བྱས་ན་ནི། །ཉེས་པ་ཡོད་པ་མ་ཡིན་ནོ། །རྒྱལ་བའི་ཡེ་ཤེས་ལས་བྱུང་བའི། །རྡོ་རྗེ་སློབ་དཔོན་གསོ་བྱེད་པས། །བདག་འདྲར་སྔགས་པ་དེ་འདྲ་སྟེ། །སྔགས་བ་ཅི་འདྲར་རྒྱལ་དེ་བཞིན། །སེམས་ཅན་ཀུན་ལ་སྙིང་རྗེ་དང ། །བྱང་ཆུབ་སེམས་ནི་བརྟན་བྱ་སྟེ། །ཐབས་ཀྱི་དམ་པ་ཐོབ་འགྱུར་པས། །རྣམ་པར་གསོ་བ་ཐམས་ཅད་བྱ། །གཞན་དུ་ན་ནི་ཕྱོགས་རྣམས་ན། །བཞུགས་པའི་སངས་རྒྱས་བསྔགས་མི་འགྱུར། །བྱང་ཆུབ་སེམས་དང་བྲལ་བ་ནི། །ལྷ་ཡི་མཆོད་འོས་མ་ཡིན་ནོ། །ཐབས་དང་ཤེས་རབ་བྲལ་གྱུར་པས། །རྒྱལ་བའི་
212b
སྲས་པོ་ཉན་ཐོས་དང ། །གང་ཡང་རང་སངས་རྒྱས་དག་ནི། །དཀའ་ཐུབ་གནས་ལ་གནས་པ་སྟེ། །བདག་དོན་ཕན་པའི་སེམས་ལྡན་པས། །དེ་དག་ལ་ནི་བྱ་བ་མེད། །ཐབས་དང་ཡེ་ཤེས་ལས་བྱུང་བ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །བྱང་ཆུབ་སེམས་ཀྱི་ཤིང་རྟ་དང ། །བྱམས་དང་སྙིང་རྗེའི་ཁ་བསྒྱུར་དང ། །ས་དང་ཕ་རོལ་ཕྱིན་པ་དང ། ། བསྡུ་བ་བཞི་ཡི་རྡོ་རྗེ་དང ། །ཐམས་ཅད་མཁྱེན་པ་ཉིད་ས་དང ། །བྱང་ཆུབ་ཕྱོགས་ཀྱི་རྩ་ལག་ལ། །བརྟེན་ནས་སངས་རྒྱས་སྲས་པོ་རྣམས། །སེམས་ཅན་དོན་དགའི་རྩེ་བས་བརྩེ། །དེ་ལྟར་སློབ་དཔོན་རྡོ་རྗེ་འཆང ། །ཐབས་དང་ཡེ་ཤེས་མཁས་པ་ཡིས། །སྡང་བ་རྣམས་ནི་ཐམས་ཅད་ཀྱི། །སེམས་ནི་རབ་ཏུ་གསོ་བར་བྱ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང ། །རྡོ་རྗེ་འབྱུང་བར་བྱས་ནས་ནི། །རྐང་པ་མཐུན་པའི་གནས་བཞག་སྟེ། །རྡོ་རྗེ་ཐལ་མོ་གཞུམ་བྱས་ལ། །རྡོ་རྗེའི་གར་ནི་བྱས་ནས་སུ། །ལག་པ་གཡས་པ་གྱེན་དུ་བསྒྲེང ། །གཡོན་པ་ཀོས་ཀོར་བརྟེན་ནས་སུ། །གུང་མོ་དང་ནི་མཛུབ་མོ་གཤིབ། །མཐེ་ཆུང་མཐེ་བོ་སྤྲད་པར་བྱ། ། གཡས་པ་ལྷ་ཡི་བ་དན་གསུམ། །གཡས་བརྐྱང་རྐང་པར་གནས་ནས་སུ། །རྡོ་རྗེ་བགད་པའི་ཚུལ་གྱིས་ནི། །ཀྱེ་མ་བདག་ཉིད་རྡོ་རྗེ་ཅན། །བདག་ཉིད་དུ་ནི་བདག་
213a
༄#། །གནས་སོ། །ཧཱུཾ་བརྗོད་བསྙེམས་དང་ཁྲོས་པ་ཡིས། །རྡོ་རྗེ་གར་གྱིས་གཏང་བར་བྱ། །ཕྱག་རྒྱ་འདི་ནི་རྡོ་རྗེས་བསྡིགས། །རྡོ་རྗེ་བགད་པས་བསྡིགས་པས་ན། །ལྷ་དང་ལྷ་མིན་གསང་བར་བཅས། །དཀྱིལ་འཁོར་ཚེ་འམ་བསྒྲུབ་པའི་ཚེ། །བགེགས་བྱེད་ཕྱིར་ནི་འགྲོ་མི་འགྱུར། །རྡོ་རྗེ་འཛིན་གྱིས་ཐོག་མར་བཅིང ། །གཙུག་ནས་བྱུང་བ་ཉིད་ཀྱང་ནི། །བགེགས་བྱེད་ཕྱིར་ནི་འགྲོ་མི་འགྱུར། །རྡོ་རྗེ་འཛིན་པ་མངོན་སུམ་ཞེས། །བགེགས་རྣམས་ཕན་ཚུན་སྨྲ་བྱེད་ཅིང ། ། བསྲུང་བའི་ཕྱིར་ནི་དེ་དག་ཀུན། །ལྷན་ཅིག་དཀྱིལ་འཁོར་དྲུང་དུ་འདོང ། །རྡོ་རྗེ་སྟངས་ཀྱིས་བསྐུལ་བས་ན། །རྡོ་རྗེ་སློབ་དཔོན་སྐལ་བ་ཆེ། །བསོད་ནམས་ཚོགས་ནི་བསགས་པ་ལ། །གཞན་རྣམས་ཐམས་ཅད་ཕྱག་འཚལ་ལོ། །རྡོ་རྗེའི་ཚུལ་གྱིས་དེ་ན་ཡང ། །རྡོ་རྗེ་གར་ནི་རབ་བྱས་ལ། །པདྨོའི་ཐལ་མོ་སྦྱར་ནས་སུ། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱ། །གཡས་པ་བརྐྱང་བའི་ཚུལ་བྱས་ཏེ། །བསྐལ་པའི་མེ་ཡི་འོད་འདྲ་བས། །ཐལ་མོ་བརྡབས་པའི་ཚུལ་གྱིས་སུ། །ཁྲོས་ཏེ་ལག་པ་གདབ་པར་བྱ། །ལག་གཉིས་རྡོ་རྗེའི་ཚུལ་གྱིས་སུ། །མཐེའུ་ཆུང་མཐེ་བོང་སྦྲད་བྱས་ལ། །གཡོན་པས་ཀོས་ཀོར་བརྟེན་ནས་སུ། །གཡས་པ་གྱེན་དུ་བསྒྲེང་
213b
བྱས་ལ། །ཱ་ཧཱུཾ་ཧཱུཾ་ཧཱུཾ་བརྗོད་དེ་བསྐུལ་བ་ཡིས། །སྔགས་པས་ཀུན་ཏུ་སྒྲ་ཡང་བརྗོད། །རྡོ་རྗེའི་སྒྲ་ནི་བྱུང་བ་ན། །སྡང་བ་ཐམས་ཅད་ཕུང་བར་འགྱུར། །བརྒྱ་བྱིན་ཚངས་དང་ཟླ་བ་སོགས། །རྫུ་འཕྲུལ་ཆེ་བའི་གཟའ་གཞན་ཡང ། །ཐོས་པ་ཙམ་གྱིས་ས་གཡོས་ཏེ། །ཀུན་ཏུ་སྒྲ་ཡི་སེམས་ཀྱང་ཉམས། །དེ་ཚེ་ཐལ་མོ་སྦྱར་ཏེ་འདུད། །རྡོ་རྗེ་སྒྲ་ཆེན་གང་ན་བར། །ཐམས་ཅད་ལྷན་ཅིག་ལྷགས་ནས་སུ། །རྡོ་རྗེ་སྒྲ་ཡིས་གཟིར་གྱུར་ཏེ། །སྟན་ལས་སེམས་ནི་ཉམས་པས་ན། །མངའ་བདག་སུག་ལས་ཅི་འཚལ་བ། །བདག་ཅག་མྱུར་དུ་བཀའ་སྩོལ་ཅེས། །སྔགས་པ་ལ་ནི་ལུང་ཡང་ནོད། །སྔགས་པས་བསམས་ཏེ་གར་བྱས་ན། །ལྷ་རྣམས་མྱུར་དུ་གྲོལ་བར་འགྱུར། །དེ་ནས་བྱམས་པའི་སེམས་བསྐྱེད་ལ། །བརྟུལ་ཞུགས་ཅན་གྱིས་ཕྱག་རྒྱ་དགྲོལ། །རྡོ་རྗེ་ཀུན་ཏུ་སྒྲའོ། །རྡོ་རྗེ་འབྱུང་བར་འདུག་ནས་སུ། །རྡོ་རྗེ་གར་ནི་འབར་བྱས་ལ། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །ཕྱོགས་རྣམས་ཀུན་ཏུ་རྒྱས་བྱས་ཏེ། །མི་མཐུན་རྐང་སྟབས་བྱས་ནས་སུ། །བསྣོལ་ཏེ་ཁུ་ཚུར་བཅངས་བྱས་ལ། །མཐེ་བོང་གཉིས་ནི་གཤིབས་ཏེ་བསྒོང། །གུང་མོ་གཉིས་ནི་གཤིབས་བྱས་ལ། །མཛུབ་མོ་དབུ་མའི་ཚིག་བཀུག་སྟེ། །གུང་མོ་གཉིས་ལ་སྦྱར་བར་བྱ། །རྡོ་རྗེ་ཁ་ནི་བྱས་པས་ན། །སྡང་བ་ཐམས་ཅད་
214a
༄#། །ཞི་བར་འགྱུར། །ཁ་ཡི་ཐད་ཀར་བཞག་ན་ནི། །རྡོ་རྗེ་སྒྲ་ཡང་འབྱུང་བར་འགྱུར། །བདག་ནི་རྡོ་རྗེ་ཆེན་པོ་ཅན། །རྡོ་རྗེ་ཡེ་ཤེས་སྟོབས་དང་ལྡན། །ཧྲི་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། །རྡོ་རྗེའི་གོམ་སྟབས་ཚུལ་གྱིས་ནི། །རྡོ་རྗེ་གནོན་པོའི་གོམ་པ་ཡིས། །བཞག་དང་འདེགས་པས་འགྲོ་བྱེད་ཅིང ། །ཕྱོགས་རྣམས་བཞི་པོར་བརྗོད་པར་བྱ། །རྡོ་རྗེ་སྒྲ་བྱུང་བསྐུལ་བས་ན། །བགེགས་ཆེན་རྣམས་དང་གྲགས་རྣམས་དང ། །རྫུ་འཕྲུལ་ཆེན་པོའི་ལྷ་རྣམས་ཀྱང ། །དེ་ཡི་མདུན་དུ་འགྲོ་བར་བྱེད། །རྡོ་རྗེ་སྒྲ་ཡིས་བདག་ཅག་ཚིག་།རྡོ་རྗེ་སྒྲ་ཡིས་བསྐུལ་བས་ན། །བདག་ཅག་རང་གི་གནས་ནས་གཡོས། །རྡོ་རྗེ་དབང་པོ་བཀའ་མྱུར་སྩོལ། ། གལ་ཏེ་དཔལ་གྱི་སྒོ་བཞེད་དམ། །རྒྱལ་སྲིད་དངུལ་ཆུ་མིག་བསྐུ་དང ། །ཀུན་ནས་གཏེར་རྣམས་གཟིགས་བཞེད་དམ། །བཀའ་སྩོལ་ཅིག་ཅེས་དེ་སྐད་སྨྲ། །དགའ་བར་བྱིན་ནས་སྒྲུབ་པོ་ལ། །ཕྱག་འཚལ་མཆོད་པ་བྱས་ནས་དོང ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང ། །རྡོ་རྗེའི་སློབ་དཔོན་མཐུ་ཆེན་གྱིས། །རྡོ་རྗེའི་གར་ནི་རབ་བྱས་ལ། ། རྡོ་རྗེ་ཅན་གྱིས་ཕྱག་རྒྱ་བཅིང ། །རྐང་བ་བུས་མོར་བཙུགས་ནས་སུ། །ལག་པ་གཉིས་ནི་ཁུ་ཚུར་བཅང ། །གུང་མོ་གཉིས་ནི་བསྒྲེང་ནས་སུ། །མཛུབ་མོ་གཉིས་ནི་
214b
ངོས་ལ་སྦྱར། །གཡས་བརྐྱང་གོམ་སྟབས་བྱས་ནས་སུ། །མྱུར་དུ་རྡོ་རྗེའི་གོམ་སྟབས་ཀྱིས། །འཁྲུལ་འཁོར་ཀུན་ལ་བསྣུན་བྱས་ལ། །སྒོ་རྣམས་ཐམས་ཅད་དབྱེ་བར་བྱ། ། ལྷ་མིན་གནོད་སྦྱིན་རྒྱལ་པོ་དང ། །སྲིན་པོ་རྫུ་འཕྲུལ་ཆེ་རྣམས་ཀྱང ། །ཐམས་ཅད་རང་གི་གནས་ནས་གཡོས། །བསྐལ་པ་ཟད་དམ་ཇི་སྙམ་སེམས། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །སེམས་ནི་བློང་ཞེས་གྱུར་ནས་སུ། །ཡེ་ཤེས་རྡོ་རྗེ་ཆེ་ལྡན་པ། །གལ་བ་དེར་ཉེ་བར་དོང ། །རྡོ་རྗེ་འབར་བས་བདག་ཅག་ཚིག་།སྔགས་པས་དཔལ་གྱི་སྒོ་བཞེད་དམ། །འོན་ཏེ་དངུལ་ཆུ་བཅུད་ལེན་བཞེད། །རྡོ་རྗེ་དབང་པོས་བཀའ་མྱུར་སྩོལ། །སྨྲས་ནས་ཀུན་གྱིས་དེ་མོད་ལ། །ཡིད་ལ་འདོད་པ་སྦྱིན་པར་བྱེད། །གལ་ཏེ་ལྷ་དང་ལྷ་མ་ཡིན། །གསང་བ་བཀོལ་བར་འདོད་ན་ཡང ། །འདོད་པས་དེ་དག་ལྷགས་ནས་སུ། །འདོད་པ་བཞིན་དུ་ལས་བྱེད་དོ། །ལུང་དང་འགལ་བར་བྱེད་པ་དག་།ཅི་སྟེ་དམ་བཅས་མི་འོང་ན། །སློབ་དཔོན་རྡོ་རྗེ་འཆང་བ་པོ། །རྡོ་རྗེའི་ཕྱག་རྒྱས་ཡོངས་ལྡན་པ། །སོས་ནི་མཆུ་མནན་ཁྲོས་པ་དང ། །མེ་འབར་ལྟ་བུར་འཇིགས་རུང་བས། །མྱུར་དུ་རྡོ་རྗེའི་གོམ་སྟབས་ཀྱིས། །ས་རྣམས་ཀུན་ལ་པ་བསྣུན་པར་བྱ། །གཡས་བརྐྱང་གོམ་སྟབས་བྱས་ནས་སུ། །ཅི་སྟེ་དམ་བཅས་མི་འོང་ན། །རྡོ་རྗེའི་ཕྱག་རྒྱས་
215a
༄#། །བསྣུན་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། ། ལ་ལ་ཞེས་དེ་སྐད་སྨྲ། །སྟན་ལས་ལུས་ཀྱང་རབ་ཏུ་ཉམས། །ལུས་ནི་མེ་ཡིས་རབ་ཏུ་འབར།། རྡོ་རྗེ་རྣལ་འབྱོར་ཆེན་པོ་པ། །ག་ལ་བ་དེར་ཉེ་བར་དོང ། །བསྐལ་བ་ཆེན་པོས་ཡོངས་སུ་སྐྱོབས། །བཀའ་ལུང་མྱུར་དུ་བདག་ཅག་སྩོལ། །ལྷ་དང་གསང་བ་ལྷ་མིན་རྣམས། ། འཕྲལ་དུ་བསྒོ་བའི་ལུང་བཞིན་བྱེད། །བསྒོ་བའི་ལུང་ནི་བསྒྲུབས་ནས་སུ། །རང་རང་གི་ནི་གནས་སུ་དོང ། །དེ་ལྟ་ན་ནི་ལྷ་དབང་སོང ། །དེ་ལྟ་མ་ཡིན་མི་གཏོང་ངོ ། །དེ་ནས་བསྒོ་ལུང་བཞིན་བྱས་ནས། །དེ་དག་མྱུར་དུ་གནས་སུ་དོང ། །སློབ་དཔོན་རྡོ་རྗེ་འཆང་བ་པོས། །དེ་ནས་ཕྱག་རྒྱ་བཏང་བྱས་ཏེ། །རྡོ་རྗེའི་གར་གྱི་ཚུལ་གྱིས་ནི། །རྐེད་པའི་གནས་སུ་གཞག་པར་བྱ། །རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང ། །རྡོ་རྗེའི་གར་ནི་རབ་བྱས་ལ། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །སྡང་བ་ཐམས་ཅད་བཅིང་བར་བྱ། །དུས་བཞིན་རབ་ཏུ་བསྐུལ་བྱས་ལ། །གལ་ཏེ་བསྒོ་ལུང་འགལ་བྱེད་ན། །རྡོ་རྗེའི་ལྕགས་ཀྱུས་དགུག་བྱ་ཞིང ། །རྡོ་རྗེའི་ཞགས་པས་བཅིང་བར་བྱ། །རྡོ་རྗེ་རྣམ་པའི་སྒྲའོ། །རྡོ་རྗེ་ཐལ་མོ་བཙུམ་ནས་སུ། །མཐུན་པའི་སྟབས་སུ་གནས་བྱ་སྟེ། །ལག་པ་རྒྱབ་ཏུ་བསྣུན་བྱས་ལ། །རྡོ་རྗེ་གྱེན་དུ་འཕང་བར་བྱ། །དེ་ནས་རྡོ་རྗེ་ལ་བལྟས་ལ། །འབྲུག་སྒྲ་དལ་
215b
འདྲའི་ཧཱུཾ་བརྗོད་དེ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །གཡས་དང་དེ་བཞིན་གཡོན་པས་སོ། །ལག་པ་གཡོན་པའི་མཛུབ་མོ་དང ། །མཐེ་བོ་རྩེ་སྤྲད་ཞགས་པར་བྱ། །ལག་པ་གཡས་པའི་མཛུབ་མོ་ཡིས། །རྩེ་བཀུག་ལྕགས་ཀྱུས་བརྟན་པོར་བྱ། །རྡོ་རྗེ་རྒྱས་པའི་མིག་ལྡན་པ། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །གང་ལ་བགེགས་ནི་ཡོད་པ་དེར། །རྡོ་རྗེ་ཐབས་ཀྱིས་མྱུར་སོང་ལ། །རྐང་པ་གཡས་བརྐྱང་སྟབས་བྱས་ཏེ། །རྡོ་རྗེའི་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཀུག་བྱ་ཞིང ། ། རྡོ་རྗེ་ཞགས་པས་བཅིང་བར་བྱ། །གལ་ཏེ་འཁོར་ལོ་ཅན་དང་ནི། །དབང་བཅས་དྲག་པོ་ཚངས་བཅས་པ། །གལ་ཏེ་རྡོ་རྗེ་འཆང་སྲུང་ཡང ། །སྔགས་པ་གཞི་ནས་དྲངས་ཏེ་དགུག་།བཀུག་ནས་རྡོ་རྗེས་བཅིངས་པ་ཡིས། །རྡོ་རྗེའི་གཟེབ་ཏུ་གཞུག་པར་བྱ། །ཇི་སྲིད་འདོད་པ་རྫོགས་འགྱུར་བ། །དེ་སྲིད་བར་དུ་གཞག་པར་བྱ། ། བསྒོ་བའི་ལུང་ནི་མི་ཉན་ཏེ། །གལ་ཏེ་འདོད་པ་མ་རྫོགས་ན། །བདག་གི་འབྱོར་བ་འབྱོར་འདོད་པས། །དེ་ལ་ཆད་པས་གཅད་པར་བྱ། །དེ་ཡི་གཟུགས་ནི་བྱས་ནས་སུ། །རྡོ་རྗེའི་རྐང་བས་གཟིར་བྱས་ན། །ཧ་ཧ་ཧ་ཞེས་སྒྲ་འབྱིན་ཅིང ། །ལྷ་ཡི་དབང་པོའང་འོང་བར་འགྱུར། །དེ་ལ་བསྒོ་བའི་ལུང་ཡང་འབོག་།རྡོ་རྗེ་གར་གྱི།
216a
༄#། །དེ་ནས་ཡང ། །ཐལ་མོ་ཤིན་ཏུ་སྦྱར་བྱས་ལ། །དབང་ཆེན་སྟབས་ཀྱིས་འདུག་ནས་སུ། །ཕྱོགས་རྣམས་ཀུན་ཏུ་རྒྱས་བར་བྱ། །རྐང་པ་སྤོ་བའི་ཚུལ་གྱིས་སུ། །གཡས་དང་དེ་བཞིན་གཡོན་པ་སྤོ། །ལག་པ་གཉིས་ནི་སྦྱར་ནས་སུ། །ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅང ། །གུང་མོ་གཉིས་ནི་བཤིབས་\?\་ནས་སུ། །མཛུབ་མོ་དེ་ལ་གཟུགས་པར་བྱ། །ང་ཡི་རྡོ་རྗེ་ཕྱག་རྒྱ་དེ། །བགེགས་རྣམས་ཀུན་གྱི་དམ་ཚིག་ཡིན། །སྔ་མ་བཞིན་དུ་སྟབས་ཚུལ་གྱི། །ཕྱག་རྒྱས་བགེགས་རྣམས་བཀུག་ནས་སུ། །ཁྲོ་བོ་ཡི་ནི་རྡོ་རྗེ་འདིས། །དེ་ལ་དམ་ཚིག་སྦྱིན་པར་བྱ། །རྡོ་རྗེ་སྟབས་ཀྱིས་ཕྱག་རྒྱ་བཅིང ། །ཧཱུཾ་ཞེས་བྱ་བའི་སྒྲ་ཕྱུང་ལ། །བདག་ཉིད་རྡོ་རྗེ་བསྒྱུར་ནས་སུ། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །ལན་ནི་སྨྲ་བར་མི་བྱེད་ན། །དེ་ནི་གཏང་བར་མི་བྱ་འོ། །གལ་ཏེ་ཅུང་ཟད་མི་སྨྲ་ན། །དེ་ལ་ཆད་པས་གཅད་བྱ་སྟེ། །ཤིང་གི་དུག་དང་སྟར་བུ་དང ། །ཡུངས་ཀར་དག་ནི་བསྲེགས་པ་ལས། །དེ་ཡི་གཟུགས་ནི་བྱས་ནས་སུ། །མེ་ཡི་ནང་དུ་བོར་བྱས་ན། ། གལ་ཏེ་ཚངས་པས་བསྲུངས་ན་ཡང ། །བགེགས་དེ་དེ་ཡི་མོད་ལ་འགྲོ། །སྔགས་པས་དེ་ལ་བསྲོ་བར་བྱ། །དེ་ནས་དེ་ལ་རྒྱས་པར་བྱ། །བྱམས་པའི་སེམས་
216b
ནི་བསྐྱེད་ནས་སུ། །ཕྱག་རྒྱ་བཏང་བར་བསམ་བྱས་ན། །གཟིར་དང་བཅིང་དང་དགུག་པ་རྣམས། །ཐར་ནས་བདེ་བར་གནས་པར་འགྱུར། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་།། ཡེ་ཤེས་ཆེ་ལ་རབ་གཞོལ་ཞིང ། །སེམས་ཅན་དོན་ལ་སྙིང་རྗེ་བས། །རྡོ་རྗེ་ཉིད་དུ་ཡང་བསྒྱུར་ཏེ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྡོ་རྗེ་གར་ནི་རབ་བྱས་ལ། །རྡོ་རྗེ་ཐལ་མོ་ལེགས་སྦྱར་ཏེ། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱ། །གོམ་པ་སྤོ་བའི་ཚུལ་གྱིས་སུ། །གཡས་དང་དེ་བཞིན་གཡོན་པ་སྤོ། །ལག་པ་གར་བྱེད་ཚུལ་གྱིས་ནི། ། དེ་ནས་ཐལ་མོ་ཡང་སྦྱར་རོ། །གོམ་པ་བསྐྱོད་པའི་ཚུལ་གྱིས་ནི། །མཁས་པས་ཕྱོགས་བཞི་རྣམས་སུ་བསྐོར། །རྡོ་རྗེ་རེངས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་རེངས་པར་བྱ། །མྱུར་དུ་རྡོ་རྗེ་གོམ་པ་ཡིས། །ཕྱོགས་རྣམས་རྡོ་རྗེ་རེངས་པར་བྱ། །རྩེ་མོ་བརྒྱད་པའི་ལྷུན་པོ་ཆེ། །རྡོ་རྗེ་མཚན་ཅན་བསམ་པར་བྱ། །འོག་ཏུ་ལག་པ་རྡོ་རྗེ་ཅན། །སྟེང་དུ་གཡས་པའིང་རྡོ་རྗེ་ཅན། །རྡོ་རྗེ་རེངས་བྱེད་རབ་བྱེད་ཅིང ། །ཕྱོགས་རྣམས་ཀུན་ཏུ་བསྐོར་བྱས་ན། །གང་དག་སྡང་བའི་སེམས་ལྡན་པ།། བགེགས་རྣམས་ཐམས་ཅད་རེངས་པར་འགྱུར། །རྡོ་རྗེ་རེངས་བྱེད་བྱས་པས་ན། །བགེགས་བྱེད་ཕྱིར་ནི་འཚོ་མི་བྱེད། །དེ་ཡི་སྤྱི་བོར་རྡོ་རྗེ་ནི། །ལེགས་པར་འདུག་
217a
༄#། །པར་བསམ་བྱས་ན། །ཚངས་པའི་གནས་ལ་ཐུག་པ་ནས། །ས་འོག་བདུན་\?\་བའི་བར། །རྡོ་རྗེ་རེངས་པས་རེངས་འགྱུར་ཏེ། །རྨོངས་ཤིང་སེམས་ཀྱང་མེད་པར་འགྱུར། །སྔགས་པ་མཁས་པས་འདོད་བར་དུ། །དེ་སྲིད་དུ་ནི་རེངས་པར་བྱེད། །རྡོ་རྗེ་ཚུལ་གྱིས་དེ་ནས་ཀྱང ། །རྡོ་རྗེའི་གར་ནི་རབ་བྱས་ལ། །མཚོག་མར་ཐལ་མོ་སྦྱར་བྱས་ཏེ། །ཕྱོགས་རྣམས་ཀུན་ཏུ་རྒྱས་བྱས་ན། །ཀུན་ནས་འབྱུང་བའི་ཆུ་རྣམས་ཀྱང ། །སྔགས་པས་སྐམ་པར་བྱེད་པར་ནུས། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྡོ་རྗེའི་ཐལ་མོ་གཞུམ་བྱས་ལ། །ལག་པ་གཡས་པ་གྱེན་དུ་ནི། །ཞགས་པ་བཅས་པས་བརྐྱང་བར་བྱ། །དེ་བཞིན་རྐང་པ་གཡོན་པ་ནི། །གཡོན་དང་ལྷན་ཅིག་གདེག་པར་བྱ། །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང ། །གོམ་པ་འདོར་བའི་ཚུལ་གྱིས་ནི། །མངོན་དུ་བསྐལ་པའི་མེ་ལྟ་བུ། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །འོག་ལོགས་སུ་ནི་མིག་བལྟས་ཏེ། །རྡོ་རྗེའི་གོམ་པས་མྱུར་སོང་ལ། །རྐང་པ་གཡོན་པ་བསྐུམ་བྱས་ཏེ། །ལྷུན་པོའི་རྩེ་མོར་གཞག་པར་བྱ། །འོག་མ་ཤུགས་ནས་འབྱིན་པའི་ལག་།གཡས་པ་སྟེང་ནས་དེ་བཞིན་ཏེ། །མཆོང་བའི་རྐང་སྟབས་སྦྱར་བ་ཡིས། །ཁ་ཡི་ཚུལ་དུ་འདུག་པར་
217b
བྱ། །རྒོད་མ་རྟ་ཡི་ཁ་ཚུལ་གྱིས། །རྒྱ་མཚོའི་ཆུ་རྣམས་བཏུང་བར་བྱ། །རྡོ་རྗེ་ལྡན་པས་བཤད་པ་ཡིས། །བསམ་གཏན་སྔགས་པ་ལྡན་གྱུར་ནས། །ཆུ་ནི་ཨ་ལ་ལ་ཞེས་སུ། །སྒྲ་འབྱིན་ནས་ནི་འདུ་འགྱུར་ན། །འབབ་ཆུ་དང་ནི་ཆུ་ཀླུང་དང ། །སྤྲིན་ལས་བྱུང་བ་སྨོས་ཅི་དགོས། །བསྐྱོད་ན་གལ་ཏེ་འོ་མ་ཡི། །ཆུ་ལས་བྱུང་བའང་སྐམ་པར་འགྱུར། རྡོ་རྗེའི་ཚུལ་གྱིས་དེ་ནས་ཡང ། །རྡོ་རྗེའི་ཐལ་མོ་མཚོག་མར་སྦྱར། །ཕྱོགས་རྣམས་ཀུན་ཏུ་རྒྱས་བྱས་ཏེ། །སྤྲིན་བཞིན་ཡོངས་སུ་རྒྱས་པར་བྱ། །དབང་ཆེན་གོམ་སྟབས་བྱས་ནས་སུ། །རྐང་པ་སྤོ་བའི་ཚུལ་གྱིས་ནི། །རྐང་པ་གཡོན་པ་གྱེན་བཏེག་སྟེ། །དེ་ནས་ས་ལ་གཞག་པར་བྱ། །རྐང་པ་གཡས་པ་བཏེག་ནས་སུ། །གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །ལག་གཉིས་ཁུ་ཚུར་ཚུལ་གྱིས་སུ། །རྡོ་རྗེ་ལྡན་པ་གཡས་པ་བསྒྲེང ། །གཡོན་པ་མཁུར་བར་བརྟེན་ནས་སུ། །འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར། ། དེ་བཞིན་གཡས་པ་གཞག་ནས་སུ། །ལག་པ་གཡོན་པས་ཡོངས་སུ་བསྐོར། །གཡས་པ་མཁུར་བར་བརྟེན་ནས་སུ། །རྡོ་རྗེ་ལྡན་པ་གཡོན་པ་བསྒྲེང ། །རྡོ་རྗེ་གོམ་པས་མྱུར་སོང་ལ། །གཡས་པ་བརྐྱང་བའི་གོམ་སྟབས་ཀྱིས། །ཏི་སེའི་རྩེ་མོར་རྐང་བཞག་སྟེ། །རྐང་སྟབས་སྦྱར་བའི་ཚུལ་གྱིས་ནི། །ལུས་ནི་འདུད་པ་བྱས་ནས་སུ། །
218a
༄#། །རེངས་བྱེད་རྩ་བར་སྦྱོར་ལྡན་པས། །སོ་ཡིས་ཆུ་མནན་ཁྲོས་གྱུར་ཅིང ། །བདག་ཉིད་མེ་དང་འདྲ་འགྱུར་བ། །སྟོབས་ཆེན་སྒྲ་ཡང་ཆེ་ལྡན་པ། ། གཏུམ་པོ་ཆེན་པོ་ཕ་རོལ་གནོན། །རྡོ་རྗེའི་ཚུལ་གྱིས་སྟེང་བསྐོར་ལ། །ངེས་པར་གནོན་པ་བླང་བར་བྱ། །སྔགས་པ་སྔགས་ལ་འཇིགས་མེད་པ། །དེས་ནི་གང་དུ་ཁྲོས་པ་འདོར། །རྡོ་རྗེ་དེས་གནོན་ཚུལ་གྱིས་ནི། །རྐང་པ་གཡོན་པ་བཙུགས་ནས་སུ། །རྡོ་རྗེ་གནོན་པས་བསྣུན་བྱས་ན། །དབང་པོ་ཆེན་པོའང་ཕྱེ་མར་རློག་།རྡོ་རྗེ་གནོན་པས་བསྣུན་བྱས་ན། །ས་རྣམས་ཐམས་ཅད་རབ་ཏུ་གཡོས། །ལྷུན་པོ་མན་དཱར་ཏི་སེ་དང ། །ཁོར་ཡུག་རི་རྣམས་གཡོ་འགྱུར་ན། །ལྷ་མི་སྒོ་ལྟ་སྨོས་ཅི་དགོས། །རྡོ་རྗེ་ལྡན་པས་བཤད་ནའོ། །བསྣུན་པས་རྣམ་པ་བརྒྱར་འགྱུར་ཏེ། །ཕུབ་མ་སྦར་གང་རླུང་གཏོར་བཞིན། །སློབ་དཔོན་རྡོ་རྗེ་འཆང་བ་པོས། །ས་སྦྱང་བརྩམ་པར་བྱ་བ་ནི། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །སྙིང་གར་བཞག་སྟེ་རྒྱས་པར་བྱ། །རྐང་པ་རྟིང་པ་སྤྲད་ནས་སུ། །ལག་པ་གར་བྱེད་སྦྱོང་བ་དང ། །རྐང་པ་བཞག་པའི་ཚུལ་གྱིས་སུ། །གཡས་དང་གཡོན་པ་གཞག་པར་བྱ། །རྐང་པ་བསྐྱོད་པ་བྱས་ནས་སུ། །དེ་ནས་རྟིང་པ་ཡང་སྤྲད་དེ། །གར་གྱི་ཚུལ་ནི་དེ་ཉིད་ཀྱིས། །ཕྱོགས་བཞིར་ཡོངས་
218b
སུ་བསྐོར་བར་བྱ། །ཁྲོས་པས་དབུས་ཀྱི་གནས་སུ་ནི། །རྡོ་རྗེ་གོམ་པས་མྱུར་སོང་ལ། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །གུང་མོས་སྲིན་ལག་འཁྱུད་བྱས་ལ། །གཉི་ག་ཁུ་ཚུར་བཅང་བྱས་ཏེ། །རྟིང་པ་སྤྲད་པའི་རྐང་སྟབས་ཀྱིས། །ས་ལ་བཞག་དང་བཏེག་བྱས་ཏེ། །གཡས་སུ་ཡོངས་སུ་བརྐྱང་བྱས་ལ། །བར་བུར་ཐམས་ཅད་བསལ་བར་བྱ། །མེ་མེ་ཞེས་ནི་བརྗོད་བྱས་ལ། །ནང་ན་གང་དག་ཅི་ཡོད་པ། །སྔགས་པས་ཐམས་ཅད་བསལ་བར་བྱ། །ཧཱུཾ་དང་བཅས་ཤིང་ཕཊ་བཅས་པའི། །གསང་སྔགས་མཁས་པས་བརྗོད་པར་བྱ། །འོག་དང་ས་ཡི་སྟེང་ན་ནི། །བར་བུར་ཐམས་ཅད་ཞི་འགྱུར་ཏེ། །ཀུན་ཏུ་བགེགས་ནི་མེད་གྱུར་ནས། །སྔགས་པས་མཉམ་གཞག་ལས་རྣམས་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་བཞག་པ་ལེགས་བསླབས་པས། །རྡོ་རྗེ་གར་ནི་རབ་བྱས་ལ། །ཚངས་པའི་རྐེང་སྟབས་བྱས་ནས་སུ། །པདྨའི་ཐལ་མོ་སྦྱར་བྱས་ཏེ། །སྙིང་གའི་ཐད་ཀར་བསྐོར་བར་བྱ། །གར་བྱེད་ཚུལ་གྱིས་ལག་པ་གཉིས། །རྡོ་རྗེ་ཁུ་ཚུར་བཅང་བར་བྱ། །གཡོན་པ་གཡོན་དུ་བརྐྱང་བར་བྱ། །གཡས་པ་གཡས་སུ་བརྐྱང་བར་བྱ། །མཐུན་པའི་རྐང་ཐབས་བྱས་ནས་སུ། །ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་ལ། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །རྡོ་རྗེ་གོམ་པས་མྱུར་སོང་
219a
༄#། །ལ། །གཡས་བརྐྱང་གོམ་སྟབས་ཚུལ་གྱིས་ནི། །རྐང་པ་བཞག་པའི་ཚུལ་གྱིས་སུ། །དེ་ཉིད་ཀྱིས་ནི་ཡང་བསྐོར་རོ། །ཧཱུཾ་ཞེས་བྱ་བའི་སྒྲ་ཕྱུང་ལ། །དེ་བཞིན་ཕྱོགས་བཞི་རྣམས་སུ་ཡང ། །རྡོ་རྗེ་ཁུ་ཚུར་བསྐོར་བས་ན། །བགེགས་རྣམས་ཐམས་ཅད་འདར་བར་འགྱུར། །རྡོ་རྗེ་བློ་དང་ལྡན་པ་ཡིས། །ས་བསྡུས་འདོར་བར་འདོད་ན་ནི། །གོམ་པ་བཞག་པའི་འགྲོས་ཀྱིས་སུ། །མྱུར་དུ་གཡས་པ་བརྐྱང་བྱས་ལ། །གཅིག་ནི་རི་རབ་རྩེ་ལ་བཞག་།གཅིག་ཤོས་ཏི་སེའི་རྩེ་མོར་བཞག་།དེ་ལྟར་རྐང་སྟབས་བཞག་པ་ནི། །ཀུན་ཏུ་འདོར་བར་རབ་བྱེད་ཅིང ། །ས་འོག་ན་ནི་ལག་པ་གཡོན། །གཡས་པ་ས་ཡི་སྟེང་ན་སྟེ། །ཧ་ཧ་ཞེས་ནི་སྒྲ་འབྱིན་ཅིང ། །འཇིག་རྟེན་ཁམས་སུ་འཕེན་བྱེད་པ། །བགེགས་རྣམས་གཞན་ལྟ་སྨོས་ཅི་དགོས། །ལོག་འདྲེན་སྡང་བ་དྲག་པོ་རྣམས། །མི་ཡི་འཇིག་རྟེན་འདི་ནས་ནི། །གཞན་དུ་འཕེན་པ་སྨོས་ཅི་དགོས། །ཅི་སྟེ་འཇིག་རྟེན་ཁམས་རྣམས་ཀྱང ། །ཀུན་ནས་ཚིག་པར་བྱེད་འདོད་ནའང ། །རྐང་སྟབས་ཚུལ་ནི་དེ་ཉིད་ཀྱིས། །ཕྱོགས་བཞི་དག་ཏུ་འཇུག་པར་བྱ། །རྡོ་རྗེའི་གོམ་པས་མྱུར་སོང་ལ། །གཡས་པ་བརྐྱང་བའི་སྟབས་ཚུལ་གྱིས། །ཉི་མ་བཅུ་གཉིས་ལྟ་བུར་ནི། །མེ་ལྕེའི་ཕྲེང་ལྡན་བཟོད་
219b
དཀའ་བ། །རྐང་པ་གཡོན་པ་བརྟན་བྱས་ལ། །རྡོ་རྗེ་འཛིན་དེ་ལག་པ་བསྒྲེང ། །ལུས་ནི་བཏུད་པར་བྱས་ནས་སུ། །རྐང་པ་གཡས་པ་བཏེག་བྱས་ལ། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །རླུང་རྣམས་ཀུན་ཀྱང་སྡུད་བྱེད་ཅིང ། །ནམ་མཁའ་མ་འདྲར་བསྒྱུར་ནས་སུ། །བསྲེག་པའི་བསྐལ་པ་ལྟ་བུར་འཇུག་།ལག་ན་འཛིན་པའི་རྡོ་རྗེ་ནི། །ཀུན་ཏུ་རི་རབ་འདྲར་བསམས་ལ། །ཧཱུཾ་ཞེས་བྱ་བའི་སྒྲས་གནོན་ཞིང ། །རྡོ་རྗེ་འོག་ཏུ་འཕང་བྱས་ན། །རི་དང་ནགས་སུ་བཅས་པ་ཡི། །ས་རྣམས་ཐམས་ཅད་འཁྲུག་པར་འགྱུར། །དེ་ནས་ཐལ་བ་ཉིད་འགྱུར་ཏེ། །མེར་ནི་ཤིང་བལ་བཅུག་པ་བཞིན། །སློབ་དཔོན་རྡོ་རྗེ་འཆང་བ་པོས། །དེ་ནས་བསྡུ་བ་བརྩམ་བྱས་ཏེ། །རྐང་སྟབས་ཚུལ་ནི་དེ་ཉིད་དེ། །བྱེ་བྲག་ཏུ་ནི་ལག་པ་བསྒྲེང ། །རྡོ་རྗེ་གོམ་པས་མྱུར་སོང་ལ། །མཆོངས་བ་བསྐོར་བ་བྱས་ནས་སུ། །ཕྱག་རྒྱ་ཡི་ནི་སྟང་སྟབས་བྱ། །རྒྱབ་ནས་རྐང་སྟབས་ཚུལ་གྱིས་ནི། །དབུས་ཀྱི་གནས་སུ་ཕྱིན་པར་བྱ། །དེ་བཞིན་ཕྱོགས་བཅུ་རྣམས་སུ་ཡང ། །རྡོ་རྗེ་བསྣུན་པས་བརྡེག་པར་བྱ། །རྐང་སྟབས་ཚུལ་ནི་དེ་ཉིད་དང ། ། སྔགས་པ་བློ་ལྡན་ལག་ཚུལ་གྱིས། །ས་རྣམས་ཐམས་ཅད་བླངས་བྱས་ལ། །དེ་ཉིད་དུ་ནི་གཞག་པར་བྱ། །ཀུན་ནས་བསྡུ་བར་རབ་བྱེད་ཅིང ། །མཁས་པས་གསང་སྔགས་
220a
༄#། །བརྗོད་བྱས་ལ། །རྡོ་རྗེ་ཅན་གྱིས་བཤད་པ་བཞིན། །ས་རྣམས་ཀུན་ཏུ་གཞག་པར་བྱ། །རིམ་བའི་ཚུལ་ནི་འདི་ཉིད་ཀྱིས། །མཁས་པས་ཐམས་ཅད་ཀུན་ཏུ་བཞག་།དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །སྡང་བ་ལྷ་དང་ལྷ་མིན་དང ། །མི་རྣམས་གཞག་བྱ་གདུལ་བར་བྱ། །བསམ་དབང་བཞིན་དུ་འབྱུང་བ་ཡི། །རྡོ་རྗེའི་ཡེ་ཤེས་ལེགས་བསླབས་པས། །འདུལ་བའི་ཚོགས་ནི་ཐ་དད་པ། །ཐམས་ཅད་རྣམ་པར་གདུལ་བར་བྱ། །གདུང་པས་འདུལ་བའི་འཇིག་རྟེན་ན། །གདུང་བ་ཉིད་ཀྱིས་གྲུབ་པར་འགྱུར། །གཡས་དང་གཡོན་གྱི་ཚུལ་གྱིས་ནི། །དཔའ་བོའི་ལྔ་པོ་ཀུན་ཏུ་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་བརྐྱང་སྟབས་ཀྱིས་གནོན་པར་བྱ། །རྐང་སྟབས་བཞག་པའི་ཚུལ་གྱིས་ནི། །འབེན་ལ་ལྟ་ཞིང་ལག་པས་གཏད། །སྲིན་ལག་མཐེའུ་ཆུང་སྤྲད་བྱས་ལ། །ལག་གཉིས་ལུ་གུ་རྒྱུད་དུ་བྱ། །གཡོན་པའི་གུང་མོ་མཐེབ་མཚུངས་སྦྱར། །གཡས་པ་ཡི་ནི་མཛུབ་མོ་དེ། །བརྐྱང་པའི་ཚུལ་དུ་བྱས་པ་ནི། །གཞུ་དང་མདའ་ཞེས་བརྗོད་པ་ཡིན། །གུང་མོ་ཡི་ནི་རྒྱབ་ལོགས་སུ། །མཛུབ་མོ་མདའ་ཡི་ཚུལ་དུ་བཞག་།གཡས་བརྐྱང་རྐང་སྟབས་ཚུལ་གྱིས་ནི། །
220b
ཧཱུཾ་བཅས་བརྗོད་དེ་ཕོག་པར་བསྣུན། །གལ་ཏེ་ས་ཡི་འོག་གནས་སམ། །ཚངས་པ་རབ་ཏུ་གནས་གྱུར་ཏམ། །དྲག་པས་བསྲུངས་པར་གྱུར་ཀྱང་རུང ། །རྡོ་རྗེ་འཕང་བར་བྱས་ནས་སུ། །རྡོ་རྗེ་མདའ་ཡིས་ཕོག་གྱུར་ན། །དེ་ནི་གསོན་པར་མི་བསམ་མོ། །འཕང་བའི་སྟང་སྟབས་སོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །ཐབས་ཤེས་པ་ལ་མཁས་གྱུར་ཅིང ། །འཕང་བའི་ཚུལ་དུ་ལེགས་བསླབས་པ། །སྡང་བའི་སེམས་ཅན་འདུལ་བར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །སྲིད་པ་གསུམ་ལ་ཁྱབ་ལུས་ཀྱིས། །བགེགས་རྣམས་ཐམས་ཅད་འདུལ་བར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །རྐང་པ་བཞག་པའི་ཚུལ་གྱིས་ནི། །ལག་པ་གཡས་དང་གཡོན་པ་ཡིས། །ཐལ་མོ་ཁོང་སྟོང་སྦྱར་བར་བྱ། །དེ་ཡི་ཕྱག་རྒྱ་བཅིངས་ནས་སུ། །ཕྱོགས་རྣམས་ཀུན་ལ་བསྐོར་བྱས་ན། ། སྲིད་པ་གསུམ་ཡང་འགུགས་འགྱུར་ན། །ལོག་འདྲེན་བགེགས་རྣམས་སྨོས་ཅི་དགོས། །དགུག་པའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །པདྨའི་ཐལ་མོ་སྦྱར་བྱས་ལ། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱ། །རྐང་སྟབས་བཞག་པའི་ཚུལ་གྱིས་སུ། །གནས་ནི་མྱུར་དུ་བཟུང་
221a
༄#། །བྱས་ལ། །རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་།ཁྲོས་པས་ཧཱུཾ་གི་སྒྲ་བརྗོད་དེ། །རྒྱ་མཚོ་བཞི་པོའི་གནས་རྣམས་ལ། །རྡོ་རྗེའི་ལག་པས་བསྣུན་པར་བྱ། །ཀླུ་སྐྲག་ཐལ་མོ་སྦྱར་བ་དག་།རྒྱ་མཚོ་ནས་ནི་འཐོན་པར་འགྱུར། །གང་དག་ས་ཡི་འོག་གནས་པ། །ལྷ་མིན་གསང་བ་སྲིན་པོ་རྣམས། །བསྒོ་བའི་ལུང་ལ་བརྩོན་ཡིད་ཀྱིས། །ཅི་འཚོལ་ཅིག་ཅེས་འཁོད་པར་བྱེད། །རྡོ་རྗེ་འབར་བས་བདག་ཅག་གཟིར། །གནོད་སྦྱིན་མོའམ་སྲིན་མོའམ། །ལྷ་མིན་མོའམ་ཀླུ་མོ་འམ།། བཅུད་ཀྱིས་ལེན་ནམ་དངུལ་ཆུའམ། །རིན་ཆེན་རྣམས་སམ་ནོར་བུ་རྒྱན། །དཔལ་དང་ཕུན་སུམ་འདོད་ལྡན་ནམ། །ཐུགས་ལ་ཅི་དང་ཅི་བཞེད་པ། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག་།སྔགས་པས་གང་ཡང་རུང་བླངས་ཏེ། །གསང་བ་པ་ཀུན་གཏང་བར་བྱ། །བསྒོ་བའི་ལུང་དང་འགལ་བྱེད་པ། །ཅི་སྟེ་བསྒོ་ཡང་མི་འོང་ན། །རྐང་སྟབས་ཚུལ་ནི་དེ་ཉིད་ཀྱིས། །གཡོན་བརྐྱང་སྟབས་ཀྱིས་མནན་པར་བྱ། །ལྷུན་པོ་ལ་ནི་རྐང་བཞག་སྟེ། །ལག་པས་དབྱུག་པའི་སྦྱོར་བ་ཡིས། །སྒྲ་སྒྲོག་ཅིང་ནི་ཐམས་ཅད་ནས། །ས་འོག་ཐམས་ཅད་མནན་པར་བྱ། །ཧ་ཧ་ཞེས་ནི་སྒྲ་འདོན་ཅིང ། །བསྒོ་བའི་ལུང་དང་འགལ་བྱེད་པ། །ཐམས་ཅད་ཀྱིས་ནི་གཟུང་
221b
ནས་སུ། །ཤིན་ཏུ་མྱུར་བར་འབུལ་བར་བྱེད། །སྔགས་པས་དེ་གཅིག་ཚར་བཅད་དེ། །ལྷག་མ་ཐམས་ཅད་གཏང་བར་བྱ། །བསྒོ་བའི་ལུང་ལ་དེ་བཞག་ལ། །མཁས་པས་ལེགས་པར་བསླབས་པར་བྱ། །གསང་བ་སྲིན་པོ་ཐམས་ཅད་ལ། །བྱམས་པའི་སེམས་ནི་ཡང་བསྐྱེད་དེ། །དེ་དག་དམ་ཚིག་བྱིན་ནས་ནི། །དེ་རྣམས་ཀུན་ཏུ་གཏང་བར་བྱ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ་ལས།། །།བམ་པོ་བཅུ་གཅིག་པ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །སྙིང་བརྩེ་སྙིང་རྗེའི་སེམས་ལྡན་པས།། མི་དང་མི་མིན་ལ་སོགས་པ། །ཤིན་ཏུ་གནོད་བྱེད་ལྷ་རྣམས་དང ། །ལྷ་མིན་གསང་བར་བཅས་པ་རྣམས། །གཞན་ཡང་སྡང་བའི་གདོན་ལ་སོགས། །ནད་སྤྲུལ་དུག་ལ་སོགས་རྣམས་ཀྱིས། །སེམས་ཅན་རྣམས་ལ་གནོད་བྱེད་ཅིང ། །དམ་ཚིག་ལ་ནི་མི་གནས་ཏེ། །རྒྱགས་པའི་ཡིད་དང་ལྡན་པ་དག་།ནད་དང་མུ་གེ་ལ་སོགས་པས། ། སེམས་ཅན་རྣམས་ལ་གནོད་བྱེད་དེ། །ཕ་རོལ་ལ་གནོད་མངོན་དགའ་བ། །དེ་དག་སྙིང་རྗེ་མེད་པ་དང ། །བསྟན་པ་ལས་ནི་འགལ་བྱེད་ཅིང ། །ཤིན་ཏུ་རྒྱགས་པའི་ཤས་ཆེ་བ། །མཐོང་ནས་དེ་དག་ཚར་གཅད་ཕྱིར། །སྔགས་པ་མཁས་པས་སྦྱར་བར་བྱ། །བདག་ལ་སྡིག་པར་འགྱུར་སྙམ་དུ། །བདག་ཉིད་ལས་ནི་མི་སེམས་
222a
༄#། །ཤིང ། །བདག་ཉིད་ལ་མིན་ཞུགས་གྱུར་ལ། །གཞན་དང་གཞན་ཡང་ཕུང་བྱེད་པ། །གཞན་ལ་གནོད་བྱེད་དེ་དག་ལ། །སྔགས་པས་བཟོད་པར་མི་བྱ་སྟེ། །སྐྲག་པར་བྱ་ཞིང་བཅིང་བར་བྱ། །བཏུབ་པར་བྱ་ཞིང་གསད་པར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཞགས་པ་ལེགས་བསླབས་པས། །ནམ་མཁའ་གོ་སྐབས་མེད་བྱས་ཏེ། །རྡོ་རྗེའི་དབྱིབས་སུ་བསྒྱུར་ནས་སུ། །གུས་པས་བསྒྲིམས་བཅས་འཇོ་ཚུལ་དང ། །བཞིན་འཛུམ་རྒྱགས་དང་ལྡན་པ་ཡིས། །རྡོ་རྗེའི་གར་ནི་རབ་བྱས་ལ། །ལག་པ་བསྐྱོད་པའི་སྦྱོར་བ་ཡིས། །ཕྱོགས་རྣམས་ཀུན་ཏུ་གར་བྱ་ཞིང ། །དངོས་དང་མཐུན་པར་བཟུང་བྱས་ལ། །བསྒོ་བ་ལ་ནི་སེམས་བཞག་ཅིང ། །རྡོ་རྗེའི་རང་བཞིན་ལུས་སྲ་བས། །མི་མཐུན་རྐང་སྟབས་ཚུལ་གྱིས་ནི། །རྡོ་རྗེ་འཆང་བས་ལག་བསྒྲེང་སྟེ། །རྡོ་རྗེ་མིག་གིས་ཀུན་བལྟས་ལ། །སྲིད་པ་གསུམ་པོ་ཐམས་ཅད་མནན། །དཔའ་བོ་གནས་སུ་གནས་ནས་སུ། །རྐང་པ་གདེངས་པའི་ཚུལ་གྱིས་ནི། །ཧཱུཾ་བརྗོད་འཇིགས་པ་འཇིགས་རུང་བ། །མིག་གཉིས་ཉི་མ་ཟླ་བ་སྟེ། །ཁ་ནི་རྒོད་མ་རྟ་ཡི་ཁ། །ལྟེ་བ་དགའ་བོ་ཉེ་དགའ་བོ། །ལྟོ་བ་རྒྱ་མཚོར་བསམ་པར་བྱ། །ལྷུན་པོ་དེ་ཡི་མགོ་བོ་བྱ། །དེ་བཞིན་ལག་པ་ཁོར་ཡུག་རི། །
222b
ས་ནི་རྐང་པ་གཉིས་ཡིན་ཏེ། །ནོར་རྒྱས་བུ་སྤྲུལ་གསང་བསྲེལ་ཡིན། །རླུང་ནི་དེ་ཡི་རྣ་བ་གཉིས། །དེ་ཡི་སྒྲ་རྣམས་མེ་ཡིན་ཏེ། །ལྕེ་ནི་འཇིགས་པ་ཆེན་པོའི་གློག། །ཧ་ཧ་ཧ་ཞེས་སྒྲ་ཆེན་ལྡན། །འབྲུག་སྒྲ་ཧཱུཾ་ཞེས་སྒྲ་ཕྱུང་ལ། །ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་བསྐོར། །རབ་ཏུ་བསྐུལ་བས་དེ་ནས་ནི། །རྡོ་རྗེའི་སྒྲ་ཡིས་བརྒྱལ་གྱུར་ནས། །ཀླུ་དང་དྲི་ཟ་ཆེན་པོ་དང ། །ལྷ་དང་ལྷ་མིན་སོགས་ཀུན་དོང ། །ཧཱུཾ་བརྗོད་པ་ནི་འཇིགས་འགྱུར་ཞིང ། །འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྡོ་རྗེ་སྒྲ་ཡིས་ཚིག་གྱུར་ཅིང ། །བློང་བར་གྱུར་ཏེ་དམན་པར་བལྟ། །རྡོ་རྗེ་རྣལ་འབྱོར་ཆེ་ལྡན་པ། །ག་ལ་བ་དེར་ཉེ་བར་དོང ། །རྡོ་རྗེ་ཆེན་པོ་བཀའ་སྩོལ་ལ། །སླན་ཆད་དེ་ལྟར་མ་མཛད་ཅིག་།དེ་ནས་དམ་ཚིག་བཞག་བྱས་ལ། །ལྷ་རྣམས་ཐམས་ཅད་གཏང་བར་བྱ། །རྡོ་རྗེ་འཇིགས་པ་གཏུམ་པོ་ཆེ། །འཇིགས་པ་ཆེན་པོ་འཇིགས་བྱེད་པ། །འཇིགས་བྱ་རྣམས་ལ་འཇིགས་བསྐྱེད་པ། །ཆེན་པོས་མཆོད་འོས་རྨད་བྱུང་བས། །མི་དང་མི་མ་ཡིན་རྣམས་ལ། །འཇིགས་ཆེན་ལྟས་འབྱུང་ཆེ་འབྱུང་དང ། །ལྷ་དང་ཀླུ་དང་ཤ་ཟ་དང ། །གཟའ་དང་མ་མོ་བརྩེ་མེད་རྣམས། །ནད་དང་མུ་གེ་ལ་སོགས་དང ། །ཡུལ་འཁྲུགས་པ་དང་འཆི་བྱེད་དང ། །བདུད་རྣམས་དང་ནི་ལོག་འདྲེན་དང ། །སྲུལ་པོ་སྲིན་པོ་ལ་
223a
༄#། །སོགས་པ། །བདག་ཡུལ་གཞན་ཡུལ་ལས་བྱུང་བའི། །གནོད་པ་གཞན་ཡང་དུ་མ་རྣམས། །དེ་དག་རྣམ་པར་གཞིག་པའི་ཕྱིར། རྡོ་རྗེ་འཇིགས་བྱེད་སྦྱར་བར་བྱ། །རྐང་པ་རྒྱས་པར་བྱ་ཚུལ་གྱིས། །ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་ན། །རྡོ་རྗེ་འཇིགས་པ་རབ་བསྐུལ་བས། །ཐམས་ཅད་མྱུར་དུ་འཇིགས་པར་འགྱུར། །འདི་ནི་དོན་ཡོད་ཐོགས་པ་མེད། །རྡོ་རྗེ་འཇིགས་པ་མི་བཟད་པ། །སྔགས་པས་ཀུན་ཏུ་སྦྱོར་བྱས་ནས། །སྲིད་པ་གསུམ་ཡང་དབང་འགྱུར་ན། །མི་ཡི་འཇིག་རྟེན་མངག་གཞུག་པ། །བྱེད་པར་འགྱུར་བ་སྨོས་ཅི་དགོས། །ཚིག་གིས་ཅུང་ཟད་བསྐུལ་བས་ན། །གང་དག་ཤིན་ཏུ་དྲེགས་ལྡན་པ། །སྲིན་པོ་ལྷ་མིན་གསང་བ་དང ། །དེ་དག་ཐམས་ཅད་དབང་དུ་འགྱུར། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །དབང་ཕྱུག་ཀུན་དང་ཡོན་ཏན་འཐོབ། །ལྷ་རྣམས་ཀུན་གྱི་རྒྱལ་པོར་འགྱུར། །མཁས་པས་དབང་ལ་འགོད་པར་བྱེད། །ཀླུ་ཡི་གནས་སུ་ཀླུ་རྣམས་དང ། །གནོད་སྦྱིན་རྒྱལ་དང་གནོད་སྦྱིན་དང ། །དྲི་ཟ་རྣམས་ཀྱི་བདག་པོར་འགྱུར། །ལྷ་མིན་གནས་སུ་ལྷ་མིན་དང ། །མཁའ་ལྡིང་གནས་སུ་མཁའ་ལྡིང་དང ། །མི་ཅི་རྣམས་ཀྱི་བདག་པོར་འགྱུར། །ལྷ་དང་ལྷ་མིན་མིར་བཅས་པ། །བསྒོ་
223b
བའི་ལུང་བཞིན་གུས་སེམས་ཀྱིས། །རྡོ་རྗེ་འཇིགས་སྒྲ་ཆེ་ལྡན་པ། །དེ་ཡི་དབང་དུ་ཐམས་ཅད་འགྱུར། །རྡོ་རྗེ་འཇིགས་སུ་རུང་བའི་སྒྲ་ཆེན་པོའི་ཕྱག་རྒྱའོ། །ཀུན་ལ་རྡོ་རྗེ་རྣམ་འཕྲུལ་པ། །དེ་ཡི་འོག་ཏུ་བརྗོད་པར་བྱ། །དཔལ་ལྡན་མཆོད་པ་བྱེད་པ་པོས། །ཕྱོགས་བཅུ་དག་ན་བཞུགས་རྣམས་ཀྱི། །སངས་རྒྱས་རྣམ་པ་ཀུན་ཏུ་མཆོད། །སྲིད་པར་བདག་ཉིན་ཆེན་རྣམས་ཀྱི། །བསམ་ཡས་མཆོད་མིན་གང་ཡང་མེད། །འཛུམ་དང་བཅས་ཤིང་མིག་རྒྱས་པས། །གཡས་པ་དང་ནི་གཡོན་ཚུལ་གྱིས། །རྡོ་རྗེའི་ཐལ་མོ་བཅུམ་བྱས་ལ། །ཕྱོགས་བཅུ་རྣམ་པ་ཀུན་ཏུ་འདུད། །དཔྲལ་བར་ཐལ་མོ་སྦྱར་བྱས་ལ། །ཕྱོགས་རྣམས་ཀུན་ཏུ་ཡོངས་བསྐོར་ཞིང ། །དུས་གསུམ་རྣམ་པར་བཞུགས་པ་ཡི། །སངས་རྒྱས་ཀུན་ལ་ཕྱག་བྱའོ། །བདེ་གཤེགས་ཀུན་ལ་ཕྱག་བྱ་མཆོད། །སེམས་ཅན་གདུལ་བའི་མཆོད་པ་ནི། །བསམ་པ་ཇི་བཞིན་འདུག་པ་སྟེ། །བསམ་པ་ཐ་དད་སེམས་ཅན་ཁམས། །བསམ་པ་སྣ་ཚོགས་རྣམ་པར་འཕེལ། །བསམ་པ་སྣ་ཚོགས་རྣམ་པར་རྟོག་།བསམ་པ་ཆགས་མེད་དེ་དང་དེས། །སྔགས་པས་རྣམ་པ་ཐམས་ཅད་དུ། །སེམས་ཅན་ཁམས་མང་གདུལ་བར་བྱ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །ཀུན་ལ་ཤེས་པས་ཆེར་བྱུང་བའི། །སྒེག་དང་དཔའ་དང་སྙིང་རྗེ་དང ། །རྒོད་
224a
༄#། །དང་ཁྲོས་དང་འཇིགས་བྱེད་དང ། །འཇིགས་རུང་རྨད་བྱུང་ཞི་བ་རྣམས། །བསམ་པ་ཆགས་པས་རྣམ་དགུར་དགོངས། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །ཀུན་ལ་ཡེ་ཤེས་འབྱུང་བྱེད་པའི། །རྐང་པ་གཡས་དང་གཡོན་པ་ནི། །གོམ་པ་མཛེས་དང་ལྡན་པ་ཡིས། །ལག་པ་གཡས་དང་གཡོན་པ་ནི། །གར་བྱེད་པ་ཡི་ཚུལ་གྱིས་སུ། །མཛུབ་མོ་མཐེ་བོང་རྩེ་སྤྲད་ལ། །གཡོན་ཕྱོགས་སུ་ནི་བལྟ་བར་བྱ། །གཡས་དང་གཡོན་པ་སྦྱར་ཚུལ་གྱིས། །འཛུམ་བྱས་རྒྱས་པ་གུས་བསྒྲིམས་ཤིང་།། ལག་ན་རྡོ་རྗེ་གསོར་ལྡན་པས། །རྗེས་སུ་ཆགས་པས་གར་བྱའོ། །ལྷ་རྣམས་ཀུན་དང་གསང་བ་དང ། །ལྷ་མ་ཡིན་དང་མི་རྣམས་དང ། །འདོད་ཁམས་དབང་ཕྱུག་བདག་པོ་དང ། །ས་གསུམ་གནས་རྣམས་ཆགས་བྱེད་ཅིང ། །མིག་ཟུར་བགྲད་དང་ལྟ་བ་ཡིས། །དེ་དག་ཐམས་ཅད་དབང་དུ་འགྱུར། །ས་གསུམ་ཐམས་ཅད་འགུགས་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །ལྷ་ཡི་རྒྱལ་པོ་སོགས་བཀུག་ནས། །སྡོམ་པ་ཅན་གྱི་དབང་འཇོག་སྟེ། །ཐམས་ཅད་བསྒོ་བ་བཞིན་བྱེད་ཅིང ། །མངག་གཞུག་པར་ནི་རབ་ཏུ་དགོད། །རྡོ་རྗེ་ཆེ་ལྡན་ཀུན་ཤེས་པས། །རྡོ་རྗེ་གླུ་ནི་བླང་བར་བྱ། །རྡོ་རྗེའི་གླུ་ཡིས་བསྐུལ་བས་ན། །རྗེས་སུ་ཆགས་ཤིང་ཆགས་ཆེན་འགྱུར། །
224b
རྡོ་རྗེ་སེམས་དཔར་སྨོས་པ་ཡིས། །གླུ་དང་གར་ནི་རབ་ཏུ་བྱ། །བསམ་པ་ཆགས་པས་བརྒྱལ་འགྱུར་ནས། །སེམས་ཅན་ཁམས་ནི་རྗེས་ཆགས་བྱ། །རྡོ་རྗེའི་གླུ་ནི་འབྱུང་བ་སྟེ།། ས་གསུམ་དག་ན་འབར་བའི་སྐུ་མངའ་རྗེས་སུ་ཆགས་མཛད་འདུལ་ལྡན་པས། །ཉི་མ་སྟོང་ཕྲག་བཅུ་བས་རྣོ་བའི་འོད་ཟེར་སྟོང་དང་ལྡན་པ་པོ། །རྣམ་མང་ཆ་བྱད་གཟུགས་ཀྱིས་སེམས་ཅན་འགྲོ་བ་རྗེས་སུ་ཆགས་མཛད་པ། །རྡོ་རྗེ་སེམས་དཔའ་དབང་ཕྱུག་དམ་པ་མཛེས་པའི་སྟོབས་ལྡན་གར་མཛད་གསོལ། །ཥ་ཊ་བ་ལ་སོགས་པའི་གླུ། ། རྡོ་རྗེ་གར་གྱིས་རབ་བྱས་པས། །ས་གསུམ་ཐམས་ཅད་འགུག་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །རྡོ་རྗེ་གར་གྱི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཉིད་དུ་ཡང་བསྒྱུར་ཞིང ། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །ཐམས་ཅད་ལ་ནི་གར་མཁན་བྱ། །གོམ་སྟབས་ཐམས་ཅད་མཛེས་ལྡན་པར། །གཡས་པ་དགུག་པའི་ཕྱག་རྒྱ་དང ། །གཡོན་པས་བཏང་བའི་ཕྱག་རྒྱ་བྱ། །མིག་ཟུར་བགྲད་དང་ལྟ་བ་ཡིས། །ལག་པ་གཡས་དང་གཡོན་པ་ཡིས། །འཁྱུད་པར་བྱེད་པའི་སྦྱོར་ལྡན་པས། །ཚངས་པ་ལ་སོགས་ལྷ་རྣམས་ནི། །རྣམ་པ་ཀུན་ཏུ་དབང་འགྱུར་ཏེ། །མངག་གཞུག་པ་ནི་རབ་བྱེད་ཅིང ། །རྡོ་རྗེ་ཅན་གྱི་ལུང་ལ་བརྩོན། །རྡོ་རྗེ་ཆགས་པས་ཆགས་བྱས་པས། །
225a
༄#། །ཤིན་ཏུ་ཆགས་པས་དྲེགས་མྱོས་པའི། །ལྷ་དང་མི་དང་གསང་བ་པས། །བསྒྲུབ་དཀའ་རྣམས་ཀྱང་སྔགས་པས་བསྒྲུབ། །རྡོ་རྗེ་ལུས་ལ་ཡོངས་ཆགས་པས། །འདོད་ཆགས་ཐམས་ཅད་ཡོངས་སུ་དོར། །རྡོ་རྗེའི་གླུ་སྙན་ལྡན་པ་ཡིས། །སེམས་ཅན་ཁམས་རྣམས་ཆགས་པར་བྱ། །རྗེས་སུ་ཆགས་པས་ཆགས་པའི་ཕྱིར། །ལྷ་རྣམས་ཐམས་ཅད་དབང་དུ་འགྱུར། །རྡོ་རྗེའི་གླུ་ཡི་སྙན་པའི་སྒྲ་རྣམས་ཐམས་ཅད་དང ། །གཟོད་ནས་རང་བཞིན་དག་པས་རྡོ་རྗེ་སེམས་དཔའ་བསྐུལ། །སྒྱུ་མའི་དངོས་པོ་རྣམ་མང་དང ། །སྙན་པའི་སྒྲ་ནི་དེ་ཉིད་དང ། །སངས་རྒྱས་རྣམ་འཕྲུལ་ཐམས་ཅད་ཀྱིས། །དབང་བསྒྱུར་དེ་ནས་སངས་རྒྱས་སྣང ། །འཇིག་རྟེན་ཐམས་ཅད་ཡོངས་སུ་འདྲེན། །བདུད་རྣམས་ཐམས་ཅད་ཡོངས་སུ་འདུལ། །ཤེས་པ་ཐམས་ཅད་ཡོངས་སུ་སྦྱོང ། ། སེམས་ཅན་ཐམས་ཅད་ཡོངས་སྨིན་བྱེད། །གླུ་འདི་རབ་ཏུ་ལེན་བྱེད་ཅིང ། །རྡོ་རྗེའི་གར་ནི་རབ་བྱས་ན། །ལྷ་དང་གང་དག་གནོད་སྦྱིན་དང ། །ལྷ་མིན་ཀླུར་བཅས་ཐམས་ཅད་འགྲུབ། །རྡོ་རྗེའི་གླུ་ནི་འདྲེན་པའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་སེམས་དཔར་ཡང་བསྒྱུར་ཏེ། །དཔའ་ཆེན་བསམ་པས་ཀུན་ཆགས་
225b
པས། །དཔའ་བོས་ལྔ་པོ་བརྟེན་པར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་པ་བརྐྱང་པ་ཕ་རོལ་མནན། །གཡོན་པ་བརྐྱང་པའི་ཚུལ་གྱིས་ནི། །སེང་གེ་བཞིན་དུ་བསྒྱིངས་པར་བྱ། །ཚངས་པའི་གནས་ལ་ཡང་གནས་ཏེ། །རྡོ་རྗེ་སེ་གོལ་སྦྱོར་བ་དང ། །རྡོ་རྗེ་བསྣུན་སྟབས་ཚུལ་གྱིས་ནི། །ཚངས་པ་ལ་སོགས་བསྡུ་བར་བྱ། །རྡོ་རྗེའི་གླུ་ནི་ལེན་བྱེད་ཅིང ། །ས་གསུམ་འབར་བའི་སྐུ་ལྡན་པ། །ཉི་མ་བྱེ་བ་འབར་མཚུངས་པ། །ནམ་མཁའ་མཚུངས་ཤིང་མཉམ་མེད་པ། །ཆོས་དང་རྒྱལ་མཆོག་རྣམས་ཀྱི་གཙོ། །སངས་རྒྱས་སྐུ་མཆོག་དེ་ལ་འདུད། །སོ་ཡིས་མཆུ་ནི་རབ་མནན་ཅིང ། །ཀུན་ནས་མིག་ཅན་ཁྲོ་གཉེར་བཞིན། །རྐེད་པར་རྡོ་རྗེ་བརྟེན་ནས་སུ། །ཕྱོགས་བཅུ་ཀུན་ཏུ་བལྟ་བར་བྱ། །གཡས་པ་རྡོ་རྗེའི་ཚུལ་གྱིས་ནི། །ཕྱོགས་རྣམས་ཀུན་ཏུ་རབ་བསྒྲགས་པས། །ལྟ་འཇིགས་འོད་ཟེར་འབར་ལྡན་ཞིང ། །བསྲེག་པའི་བསྐལ་པ་གཞན་ལྟ་བུ། །གྲུབ་འགྱུར་རྡོ་རྗེ་མེ་འབར་བ། །འཇིགས་པ་ཆེ་ལྟར་བཟོད་དཀའ་བས། །བགེགས་རྣམས་ལ་ནི་སྦྱོར་བར་བྱ། །འཇིག་རྟེན་གསུམ་པོ་ཐལ་བར་རློག ། ཉེས་པ་ཆེན་པོ་མ་ཡིན་ལ། །ཕྱག་རྒྱ་འདི་ནི་སྦྱར་མི་བྱ། །ཐུན་མོང་མ་ཡིན་དགོས་པ་ནི། །ཐ་མའི་ཚེ་ན་སྦྱར་བར་བྱ། །རྡོ་རྗེ་འཆང་བས་བསྲུངས་གྱུར་ཀྱང ། །ཧཱུཾ་བརྗོད་
226a
༄#། །པས་ནི་ཐལ་བར་རློག་།འཇིག་པའི་མེ་ལྟར་བཟོད་དཀའ་བས། །རྡོ་རྗེ་ཆེན་པོའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེའི་ཡེ་ཤེས་ལེགས་བསླབས་པས། །སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས། །བཞག་ནས་འདི་སྙམ་བསམ་བྱས་ཏེ། །སེམས་དམྱལ་ཡི་དྭགས་དུད་འགྲོ་དང ། །གང་གཞན་སྡུག་བསྔལ་སྡུག་བསྔལ་རྣམས། །ལག་པས་དྲང་བའི་སྦྱོར་བ་ཡིས། །བདེ་བ་ཀུན་གྱིས་བསྟབས་པར་བྱ། །བཟའ་བཏུང་ལ་སོགས་ཆར་པ་དང ། །གོས་དང་རིན་ཆེན་རྒྱན་གྱི་ཆར། །དེ་དག་རྣམས་ལ་ཀུན་ཏུ་དབབ། །ཅི་བདེར་ཡང་དག་བསྟབས་པས་ན། །སྙིང་རྗེ་སྤྱན་རས་གཟིགས་དབང་བཞིན། །ཀུན་ཏུ་ཡོངས་སུ་རྒྱས་པར་བྱ། །སེམས་ཅན་ཀུན་གྱི་བླ་མེད་བདེ། །ཐོབ་པར་ཤོག་ཅིག་བསམ་པར་བྱ། །སྙིང་རྗེའི་ཕྱག་རྒྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །རྡོ་རྗེའི་ཕྱག་རྒྱ་བཅིང་བྱ་ཞིང ། །མཚོག་མར་ཐལ་མོ་སྦྱར་བར་བྱ། །བཏེག་དང་སྒེག་པའི་སྦྱོར་བ་ཡིས། །དེ་ནས་མྱུར་དུ་སྨད་པར་བྱ། །རྡོ་རྗེ་བགད་ཆེན་ཕྱག་རྒྱ་འདི། །རྡོ་རྗེ་འཆང་ཉིད་བཞིན་དུ་དགོད། །བགད་པ་ཆེན་པོའི་ཕྱག་རྒྱའོ། །དེ་ནས་ལག་གཡས་བཏེག་བྱས་ཏེ། །གཡོན་པ་རྐེད་པའི་ཕྱོགས་སུ་བཞག་
226b
གཡོན་བརྐྱང་རྐང་སྟབས་བྱས་ནས་སུ། །དེ་ནས་ཐལ་མོ་ཡང་སྦྱར་ཏེ། །འཇིགས་རུང་སྒྲ་ནི་གྲག་བྱེད་ཅིང ། །ཐལ་མོ་སྦྱར་བ་བཏུད་པར་བྱ། །འཇིགས་སུ་རུང་བ་ཆེན་པོའི་སྒྲའི་ཕྱག་རྒྱའོ། །གཡས་བརྐྱང་རྐང་པའི་སྟབས་བྱས་ཏེ། །ལག་པ་གཉིས་ནི་རྒྱབ་རོལ་དུ། །ཁུ་ཚུར་གཉིས་ནི་བཅང་བར་བྱ། །བགེགས་ཀུན་འདར་བར་བྱ་བའི་ཕྱིར། །མགུལ་པ་ངེས་པར་སྨད་བྱ་ཞིང ། །སྒྲ་ཆེན་རབ་ཏུ་བརྗོད་བྱས་ན། །ཕྱག་རྒྱ་འདི་ཡི་སྦྱོར་བ་ཡིས། །བགེགས་རྣམས་ཐམས་ཅད་འདར་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །མཚོག་མར་ཐལ་མོ་སྦྱར་བྱས་ལ། །ལག་པ་གཉིས་ཀ་ལྟོ་བར་གཞག་།གཡས་བརྐྱང་རྐང་སྟབས་སྦྱོར་བ་ཡིས། །སྔགས་པས་འཁོར་ལོ་བཞིན་དུ་བསྐོར། །ཧ་ཧ་ཞེས་པས་རབ་བརྒྱན་པ། །ཕྱག་རྒྱ་འདི་ནི་རྒྱ་ཆེ་སྟེ། །རི་རྣམས་ཕྱེ་མར་རློག་བྱེད་ན། །སྡང་བའི་སེམས་ཅན་ཅི་སྨོས་ཏེ། །སྔགས་པའི་འདོད་པ་བཞིན་དུ་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་གྱེན་དུ་བསྒྲེང་བྱས་ལ། །གདུ་བུའི་ཕྱག་རྒྱ་བཅིང་བར་བྱ། །དེ་བཞིན་སོ་ཡིས་མཆུ་མནན་ཅིང ། །གཡོན་པ་བརྐྱང་བ་ལེགས་སྦྱར་བས། །བགེགས་རྣམས་ཀུན་ལ་བསྣུན་པར་བྱ། །ཕྱག་རྒྱ་འདི་ནི་སྒྲ་ཆེན་ཏེ། །བགེགས་རྣམས་ཐམས་ཅད་བཟློག་པ་ཡིན། །ཕྱག་རྒྱ་འདི་ནི་ལེགས་སྦྱར་བས། །
227a
༄#། །ཐམས་ཅད་བཟློག་པར་གྱུར་པ་ཡིན། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་གཉིས་བྲང་ལ་སྦྱར་བ་ལས། །ལག་པ་གཡས་པ་བསྒྲེང་བྱས་ཏེ། །རྐང་པ་གཡོན་བརྐྱང་ལེགས་སྦྱར་བས། །ཐོ་བ་ཡི་ནི་ཕྱག་རྒྱ་ཡིས། །རྡོ་རྗེ་འཆང་ཉིད་ཡིན་ནའང་བསྣུན། །རྡོ་རྗེ་ཐོ་བས་བསྣུན་པས་ན། །དེ་ཡི་མོད་ལ་ཕྱེ་མར་འགྱུར། །ཐོ་བའི་སྟང་སྟབས་སོ། །གཡས་དང་གཡོན་པའི་སྦྱོར་བ་ཡང ། །ལག་པ་མཆན་ཁུང་གཞུག་པར་བྱ། །ཉི་མ་འབར་འདྲའི་ལྟ་འདྲ་བས། །ཧཱུཾ་བརྗོད་བསྙེམས་པས་ཐུར་དུ་བལྟ། །ལག་ན་རྡོ་རྗེ་ཉིད་བསྒྱུར་ཏེ། །འཇིགས་སུ་རུང་བའི་སྒྲ་བྱུང་ལ། །རྒྱ་མཚོ་མན་དཱ་ར་བཅས་པ་ཡིས། །ས་རྣམས་ཐམས་ཅད་གཡོ་བར་བྱ། །སོ་ཡིས་མཆུ་ནི་མནན་བྱ་ཞིང ། །རྡོ་རྗེ་རྐང་པས་བསྣུན་པར་བྱ། །ཕྱག་རྒྱ་འདི་ནི་ལེགས་སྦྱར་བྱས། །དེ་དག་ཐམས་ཅད་འདར་བར་འགྱུར། །གཡས་བརྐྱང་རྐང་སྟབས་བྱས་ནས་སུ། །ལག་གཉིས་ཁུ་ཚུར་བཅངས་ཚུལ་གྱིས། །གཡོན་པ་བྲང་ལ་སྦྱར་བར་བྱ། །གཡས་པ་གྱེན་དུ་བསྒྲེང་བྱས་ལ། །མཛུབ་མོ་མྱུར་དུ་བསྒྲེང་བྱས་ཤིང ། །རྡོ་རྗེའི་སྒྲ་ནི་དབྱུང་བྱས་ན། །གལ་ཏེ་སངས་རྒྱས་ཉིད་གྱུར་ཀྱང ། །བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །རྡོ་རྗེ་ཅན་གྱིས་བཤད་ཡིན་ན། །
227b
སྡང་བའི་སེམས་ཅན་སྨོས་ཅི་དགོས། །ཕྱག་རྒྱ་འདིས་ནི་བསྐྱོད་པས་ན། །དེ་དག་ཐམས་ཅད་དུལ་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །གཡས་པ་གྱེན་དུ་བསྒྲེད་བྱས་ལ། །ལག་པ་ཐལ་མོ་བརྐྱང་བར་བྱ། །གཡོན་པ་བྲང་དུ་སྦྱར་བར་བྱ། །ལག་པས་མྱུར་དུ་བསྣུན་སྟབས་ཀྱིས། །ཧཱུཾ་དང་བཅས་པས་ས་ལ་བསྣུན། །ནམ་མཁའ་མེ་འབར་འདྲ་བ་ཡི། །རལ་གྲིའི་ཕྱག་རྒྱ་བཅིངས་བྱས་ལ། །བགེགས་རྣམས་ཐམས་ཅད་བཏུབ་པར་བྱ། །རྡོ་རྗེ་ཅན་གྱིས་བཤད་ཡིན་ནོ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་འོག་ཏུ་བཏང་ནས་ནི། །རྐང་པའི་དབུས་ནས་གཟུང་བྱས་ལ། །དེ་ནི་གྱེན་དུ་བཏེག་པར་བྱ། །རྡོ་རྗེ་ཧཱུཾ་བརྗོད་སྒྲ་དང་ནི། །ཁྲོས་ཤིང་ཁྲོ་གཉེར་བཅས་པ་ཡིས། །རྐང་པ་དེ་ཡིས་ཡང་བསྣུན་ལ། །དེར་ནི་བགེགས་ནི་བསམ་པར་བྱ། །རྡོ་རྗེའི་རྐང་པས་བསྣུན་བྱས་ན། །རི་རབ་རྣམས་ཀྱང་ཕྱེ་མར་རློག་།རྡོ་རྗེ་རྐང་པའི་སྟད་སྟབས་སོ། །གཡས་བརྐྱང་རྐང་སྟབས་སྦྱོར་བ་ཡིས། །ལག་གཉིས་འཁོར་ལོའི་ཚུལ་དུ་བརྐྱང ། །སོ་ཡིས་མཆུ་མནན་ཁྲོས་པ་ཡིས། །ཀུན་ཏུ་འཁོར་ལོ་འཕང་བར་བྱ། །ཕྱོགས་རྣམས་ཀུན་ན་གནས་པ་ཡི། །སངས་རྒྱས་ཞིང་རྣམས་གཞིག་པར་འགྱུར། །ཞིག་པར་གྱུར་པའི་ཞིང་རྣམས་ནས། །རྒྱལ་བ་དམ་པ་རྣམས་
228a
༄#། །ཀྱང་འབྱོན། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །གང་གཞན་དབང་ནི་ཐོབ་འགྱུར་རྣམས། །བློང་ཞེས་གྱུར་ནས་བློ་ལྡན་པ། །ལག་ན་རྡོ་རྗེའི་གན་དུ་དོང ། །སྲོག་ཟད་ན་ནི་མི་རུང་གི་།བུ་གཅིག་ངེད་ཀྱིས་ཅི་ཞིག་བྱ། །ཁྱོད་ནི་ཇི་ལྟར་འདོད་པ་བཞིན། །ངེད་ཀྱིས་མྱུར་དུ་སྒྲུབ་པོ་ཞེས། །རྡོ་རྗེ་སེམས་དཔའ་བློ་ལྡན་པས། །ལུང་ནི་ཡོངས་སུ་ནོད་པར་མཛད། །བསྐལ་པའི་མེ་ལྟར་གྱུར་པ་ཡིས། །གཡས་བརྐྱང་རྐང་སྟབས་བྱས་ནས་སུ། །འབར་བའི་ཕྱག་རྒྱ་ལེགས་སྦྱར་བས། །ས་གསུམ་ཐམས་ཅད་འབར་བར་བྱ། །ས་གསུམ་འབར་བར་མཐོང་གྱུར་ནས། །སྔགས་པ་རྣམས་ལ་རྟག་འཚེ་བ། ། གེགས་བྱེད་མ་རུངས་ཆེན་པོ་པ། །སྲིན་པོ་སྡང་བ་རྣམས་སྐྲག་གོ་།ཕྱག་རྒྱ་འདི་འདྲ་མཐོང་གྱུར་ནས། །དེ་ནས་དེ་དག་ཞི་བར་འགྱུར། །མཐུན་པའི་རྐང་སྟབས་བྱས་ནས་སུ། །དེ་ཚེ་ངེས་པར་བསྣུན་བླངས་ལ། །སྔགས་པས་གྱེན་དུ་འཕང་བར་བྱ། །དེ་ཚེ་སོ་ཡིས་མཆུ་མནན་ལ། །མྱུར་དུ་གོམ་པ་གཅིག་བོར་ཏེ། །ངེས་པར་བསྣུན་པས་བསྣུན་དེ་ཚེ། །སྲིན་པོ་སྡང་བ་གེགས་བྱེད་པ། །དེ་དག་ཐམས་ཅད་ཕྱེ་མར་འགྱུར། །རྡོ་རྗེ་ངེས་བསྣུན་ཕྱག་རྒྱ་
228b
ཡིས། །དེ་དག་ཐམས་ཅད་བཟློག་པར་བྱ། །དབང་ཆེན་གནས་ལ་གནས་ནས་སུ། །ལག་པ་གཉིས་ནི་བསྒྲེང་བྱས་ལ། །ལྷུན་པོའི་རྒྱལ་བོ་བླངས་ནས་སུ།། ལག་པ་གཉིས་སུ་དེ་བཞག་ནས། །སྔགས་པ་ལ་ནི་བགེགས་བྱེད་པ། །སྡང་བའི་སེམས་ཅན་རྣམས་ལ་བསྣུན། །བསྣུན་པས་རྣམ་པར་ཕུང་འགྱུར་ཞིང ། ། འཆི་བར་འགྱུར་ཏེ་ཐེ་ཚོམ་མེད། །རྣལ་འབྱོར་གཞོལ་བའི་སྔགས་པ་ལ། །གང་ཚེ་བགེགས་ཤིག་བགེགས་བྱེད་པ། །དེ་ཚེ་སྔགས་པ་སྟོབས་ཆེན་གྱིས། ། ཕྱག་རྒྱ་འདི་ལ་སྦྱར་བར་བྱ། །ཕྱག་རྒྱ་འདི་ལ་སྦྱར་བ་ན། །མཐོང་ནས་དེ་དག་འདར་བར་འགྱུར། །དེ་ནས་སློབ་དཔོན་རྡོ་རྗེ་འཆང ། །རྡོ་རྗེ་ཡེ་ཤེས་ལེགས་བསླབས་པས། །རྒྱལ་བ་ཀུན་ལ་ཕྱག་བྱས་ནས། །ཅོད་པན་སྟབས་ཀྱིས་ཐབས་བཤད་དོ། །སྔགས་པས་ཤར་ཕྱོགས་ཁ་བལྟས་ལ། །ལག་པ་གཡས་པ་མཚོག་མར་བཞག་།གཡོན་པ་རྐེད་པའི་ཕྱོགས་སུ་བཞག་།ཧཱུཾ་ཞེས་བྱ་བའི་སྒྲ་ཕྱུང་ལ། །འབྲུག་སྒྲ་དལ་འདྲའི་ཕྱག་རྒྱ་ཡིས། །ཕྱོགས་རྣམས་ཀུན་ཏུ་བསྐོར་བར་བྱ། །གཡས་པ་བརྐྱང་བའི་ཚུལ་གྱིས་ཀྱང ། །ངང་པའི་རྩལ་གྱི་སྦྱོར་བ་ཡིས། །ལག་པ་གཡས་པ་གདེངས་བྱས་ན། །རྒྱ་མཚོ་རྣམས་ཀྱང་བཏེག་པར་
229a
༄#། །འགྱུར། །ངང་པའི་རྩལ་གྱི་ཕྱག་རྒྱའོ། །རྐང་པ་གཡས་པ་བཏེག་ནས་སུ། །ལག་པ་གཉིས་ནི་སར་བཙུགས་ལ། །ཧ་ཧ་ཞེས་པས་རྣམ་བརྒྱན་པས། །ས་གསུམ་ཐམས་ཅད་བཏེག་བྱས་ན། །རྒྱ་མཚོར་བཅས་པའི་རི་རབ་ཀྱང ། །ཐམས་ཅད་ཤིན་ཏུ་བཏེག་པར་འགྱུར།། མན་དཱ་ར་དང་ཏི་ས་དང ། །གཞན་ཡང་གང་དག་རི་རྣམས་ཀྱང ། །ཧ་ལ་ཧ་ལའི་ཕྱག་རྒྱ་ཡིས། །བསྣུན་པ་དེ་དག་སླར་མི་འཆགས། །གཡས་དང་གཡོན་པའི་སྦྱོར་བ་ཡང ། །ལག་པ་གཉིས་ནི་མཆན་ཁུང་བཞག་།ཧཱུཾ་བརྗོད་བསྙེམས་པས་མར་བལྟས་ཏེ། །སོ་ཡིས་མཆུ་ནི་མནན་བྱས་ལ། །རྡོ་རྗེའི་ཅོད་པན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །གཡོན་པ་བརྐྱང་བའི་སྦྱོར་བ་ཡིས། །དེ་ཡི་ཚེ་ན་གཡོན་བཏེག་སྟེ། །ཁྲོས་དང་བཅས་པས་རྐང་བཞག་པས། །ས་གསུམ་ཐམས་ཅད་དྲང་བར་བྱ། །དྲང་བའི་ཅོད་པན་ཕྱག་རྒྱའོ། །མཐུན་པའི་རྐང་སྟབས་བྱས་ནས་སུ། ། ལག་པ་གཉིས་ནི་བཏེག་བྱས་ལ། །བགེགས་རྣམས་ཐམས་ཅད་འཆིང་བྱེད་ཅིང ། །འཁོར་ལོ་བཞིན་དུ་ཕྱོགས་སུ་བསྐོར། །ཕྱག་རྒྱ་འདི་ལ་ལེགས་
229b
སྦྱར་བས། །དེ་དག་འཆིང་དང་གཟིར་བར་འགྱུར། །བགེགས་རྣམས་ཐམས་ཅད་སེལ་བྱེད་པ། །རྡོ་རྗེ་ཅན་ནི་ཉིད་ཀྱིས་བཤད། །བགེགས་རྣམས་སྐྲག་པར་བྱེད་པའི་ཕྱག་རྒྱའོ། །རྣལ་འབྱོར་སྟན་ལ་འདུག་ནས་སུ། །རྐང་པ་གཡས་པ་བཏེག་ནས་ནི། །ལག་གཉིས་འཁོར་ལོའི་ཚུལ་དུ་བྱ། །རྐང་པ་གཅིག་གིས་ཡོངས་སུ་བསྐོར། །འཁོར་ལོ་ཅོད་པན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །མཐུན་པའི་རྐང་སྟབས་བྱས་ནས་སུ། །མེ་ཏོག་ཐལ་མོ་སྦྱར་ཚུལ་གྱིས། །དེ་ཡི་ཚེ་ན་ས་ལ་བཞག་།དེ་ནས་མྱུར་དུ་ཡང་བཏེག་གོ་།འདིས་མཆོད་པས་ན་སྔགས་པ་ལ། །ཐམས་ཅད་བགེགས་བྱེད་མི་འགྱུར་རོ། །མཆོད་པའི་ཅོད་པན་གྱི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ། སྐྲག་པ་ཞེས་བྱ་བའི་སྟང་སྟབས་ཡོད་དེ། ང་བྱང་ཆུབ་སེམས་དཔར་གྱུར་པ་ན། བསྐལ་པ་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་དབྱངས་ལས་ངས་ཐོས་ཀྱི་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་
230a
༄#། །ཤིག་དང་ངས་ཁྱོད་ལ་བཤད་དོ། །དེ་ཡིས་སྐྲག་པར་བྱས་ནས་བགེགས། །ལོག་འདྲེན་ཐམས་ཅད་གདུངས་པར་འགྱུར། །ཕྱོགས་རྣམས་ཀུན་ཏུ་འབྲོས་བྱེད་ཅིང ། །འཆི་བར་གྱུར་ཏེ་ཐེ་ཚོམ་མེད། །ལག་གཉིས་ཕན་ཚུན་བསྣོལ་ནས་སུ། །གཡོན་པ་བརྐྱང་བར་རབ་སྦྱར་ཏེ། །ཕྱོགས་རྣམས་ཀུན་ཏུ་བསྐོར་བར་བྱ། །དེ་ནས་རྐང་པས་ཡང་མནན་ནོ། །སྐྲག་བྱེད་འདི་ནི་སྐྲག་པ་ཆེ། །བགེགས་རྣམས་ཐམས་ཅད་བཟློག་པ་སྟེ། །སྐྲག་པས་རྣམ་པར་ཕུང་འགྱུར་ཞིང། །འཆི་བར་གྱུར་ཏེ་ཐེ་ཚོམ་མེད། །དེ་ནས་རྐང་པའི་ཚུལ་གྱིས་ཀྱང ། །མིག་ནི་ཐུར་དུ་བལྟས་བྱས་ལ། །ལག་པ་གཡས་པ་བསྒྲེང་ནས་ནི། །གཡོན་པ་བྲང་ལ་བཅར་བྱས་ཏེ། །ལག་པ་ས་ལ་བརྡབས་ནས་ནི། །རྡོ་རྗེའི་ཐལ་མོས་བསྣུན་པར་བྱ། །རྡོ་རྗེ་ཐལ་མོའི་སྟང་སྟབས་སོ། །རྣལ་འབྱོར་སྟན་ལ་ཡང་འདུག་སྟེ། ། མཚོག་མར་ཐལ་མོ་སྦྱར་བྱས་ལ། །རྐང་པ་གཡས་པ་བཏེག་ནས་སུ། །འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར། །འདི་ནི་རླུང་འཆིང་ཆེན་པོ་སྟེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །གལ་ཏེ་རྣམ་འཐོར་རླུང་བྱུང་ཡང ། །དེ་ཡང་མི་གཡོ་འདུག་པར་འགྱུར། །རླུང་འཆིང་བའི་སྟང་སྟབས་སོ། །གར་གྱི་ཚུལ་གྱིས་
230b
ལེགས་བསླབས་པས། །རྐང་པ་སྤོ་བར་བྱས་པས་ཡང ། །ལག་པ་ཐུར་དུ་སྨད་བྱས་ལ། །ལག་གཉིས་མཐེ་བོང་སྲིན་ལག་སྤྲད། །གཡོན་པ་བརྐྱང་བ་ལེགས་སྦྱར་ཏེ། །ལག་པ་གཡས་པས་གར་བྱའོ། །གར་གྱིས་བགེགས་རྣམས་ཐམས་ཅད་ནི། །ཤིན་ཏུ་དགའ་བ་སྐྱེ་བར་འགྱུར། །དགའ་བས་སྔགས་པ་དེ་ལ་ནི། །དེ་དག་ཕྱིན་ཆད་བགེགས་མི་བྱེད། །མཐུན་པའི་རྐང་སྟབས་བྱས་ནས་སུ། །ལག་པ་གཡས་པ་བསྒྲེང་བྱས་ཏེ། །གཡོན་པ་རལ་གྲིའི་ཚུལ་བྱས་ལ། །གཉི་ག་གཅིག་ཏུ་སྦྱར་བར་བྱ། ། གལ་ཏེ་རྡོ་རྗེ་འཆང་གྱུར་ཀྱང ། །བགེགས་རྣམས་ཐམས་ཅད་དྲང་བར་བྱ། །ཀུན་ནས་ཤིན་ཏུ་དྲངས་ནས་ཀྱང ། །དེ་ནས་ཕྱག་རྒྱ་གཏང་བར་བྱ། །རྡོ་རྗེའི་ཞགས་པས་བཅིངས་བྱས་ན། །གནོད་པར་གྱུར་པས་ཀུན་ཏུ་ཡང ། །ཧ་ཧ་ཞེས་པའི་སྒྲ་འབྱིན་ཅིང ། །སེམས་ནི་བློང་ཞེས་གྱུར་པ་ཡིས། །བློ་ལྡན་ལག་ན་རྡོ་རྗེ་ལ། །ལུང་ནི་ཡོངས་སུ་ནོད་པར་བྱེད། །ཕྱིན་ཆད་བགེགས་ནི་མ་བྱེད་ཅེས། །ལག་ན་རྡོ་རྗེས་ལུང་བསྒོའོ། །རྡོ་རྗེས་གཟིར་བའི་ཕྱག་རྒྱའོ། །སྔགས་པས་ཇི་ལྟར་འདོད་པ་བཞིན། །དེ་ནས་སྙིང་རྗེ་ཡང་བསྐྱེད་དེ། །སྔགས་པས་མཉམ་པར་གཞག་པ་ལ། །མེ་ཏོག་ཐལ་མོ་སྦྱར་ནས་སུ། །དེ་ཡི་ཚེ་ན་དེ་དག་ལ། །གང་ཚེ་སྔགས་པས་མཉམ་གཞག་
231a
༄#། །ཚེ། །ཁྱེད་ཅག་བགེགས་ནི་མ་བྱེད་པར། །གནས་སུ་དེངས་ཤིག་བརྗོད་པར་བྱ། །གཡས་བརྐྱང་སྟང་སྟབས་བྱས་ནས་སུ། །ལག་པ་གྱེན་དུ་བསྒྲེང་བར་བྱ། །གཡས་དང་གཡོན་པའི་ཚུལ་གྱིས་ཀྱང ། །ཁུ་ཚུར་མཆན་ཁུང་གཉིས་སུ་གཞག་།ཧཱུཾ་ཞེས་བྱ་བའི་སྒྲ་ལྡན་པ། །སྔགས་པ་དྲག་པོའི་ལས་བྱེད་པས། །ཕྱོགས་རྣམས་ཐམས་ཅད་ཀུན་ནས་ཀྱང ། །རྡོ་རྗེ་གཟིར་བས་གཟིར་བར་བྱ། །གཞན་ཡང་གང་དག་ལོག་འདྲེན་བགེགས། །སྲིན་པོ་གང་དག་གྲགས་པ་དང ། །རྒོད་མ་རྟ་ཡི་ཁ་གདངས་པར། །དེ་དག་ཐམས་ཅད་གཟིར་གྱུར་ཅིག་།རྡོ་རྗེ་གཟིར་བའི་ཕྱག་རྒྱ་ཡིས། །གཟིར་ནས་དེ་དག་ལྷགས་འགྱུར་ཏེ། །ཤིན་ཏུ་མི་བཟད་འདར་བྱེད་ཅིང ། །སྲོག་ཟད་གྱུར་ན་མི་རུང་གི། །ཅི་འཚལ་བཀའ་ནི་མྱུར་སྩོལ་ཅེས། །བསྒོ་བའི་ལུང་ནི་ནོད་པར་བྱེད། །སྔགས་པས་ཅི་འདོད་ལུང་བཞིན་དུ། །གལ་ཏེ་ལུང་ནི་ནོད་བྱེད་ན། །དེ་ལྟ་ན་ནི་ཐར་བར་འགྱུར། །གཞན་དུ་ན་ནི་ནམ་ཡང་མིན། །ཤིན་ཏུ་མི་ཟད་གཟིར་བས་ན། །ཁྱོད་ནི་ཅི་བཞེད་དེ་བཞིན་དུ། །བགྱིད་ཀྱི་བཀའ་ལུང་སྩོལ་ཅིག་ཅེས། །དེ་ཚེ་དེ་དག་དེ་སྐད་སྨྲ། །མཚོག་མར་རྡོ་རྗེ་ཐལ་བཞག་ནས། །དེ་ནས་དེ་དག་དམ་ཚིག་སྦྱིན། །ས་ལ་
231b
བགེགས་ཀྱི་གཟུགས་བྲིས་ཏེ། །གཡས་པ་བརྐྱང་བས་གནས་ནས་སུ། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཏུབ་པར་བྱ། །བཏུབ་པར་བྱས་པས་དེ་དག་ཀུན། །དེ་ལ་སྐྱབས་སུ་འགྲོ་བར་བྱེད། །སྙིང་རྗེར་ལྡན་པའི་སེམས་ཀྱིས་སུ། །དེ་ནས་ཕྱག་རྒྱ་བཏང་བར་བྱ། །སྙིང་རྗེའི་སེམས་ཀྱིས་དེ་དག་ལ།། མ་འཇིགས་ཤིག་ཅེས་སྨྲ་བར་བྱ། །སྔགས་པས་དེ་ཡི་འདོད་པ་བཞིན། །དེ་ནས་དེ་དག་རང་གནས་འདོད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། ཐམས་ཅད་དང་ལྡན་པའི་འཁོར་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཕྱག་རྒྱ་གསུམ་ཡོད་དེ། གང་ངས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པའི་རྒྱན་གྱི་སྙིང་པོ་ལས་ཕྱག་རྒྱ་གསུམ་ཐོབ་སྟེ། བསྐལ་པ་དུ་མར་དེ་བསྟན་པ་ཙམ་གྱིས་བགེགས་རྣམས་ཀྱིས་ང་ལ་མ་གཙེས་ཀྱི། སེམས་རྩེ་གཅིག་ཏུ་བསྒྲིམས་ལ་དེ་ཉོན་ཅིག་།གཡས་བརྐྱང་རྐང་སྟབས་བྱས་ནས་སུ། །ལག་པ་གཡོན་པ་སྙིང་གར་བཞག་།གཡས་པ་གར་དང་བཅས་པ་ཡིས། །མཚོག་མར་ལེགས་པར་གཞག་པར་བྱ། །བགེགས་རྣམས་རྟག་ཏུ་གཞིག་པ་ཡིས། །དམ་ཚིག་འདི་ནི་
232a
༄#། །བརྗོད་པ་ཡིན། །འདི་ནི་བསྟན་པ་ཙམ་གྱིས་ཀྱང ། །འབྲོས་པར་འགྱུར་ཏེ་ཐེ་ཚོམ་མེད། །ཕྱིར་བཟློག་པ་ནི་ཡང་བྱས་ལ། ། ས་ལ་ལག་པ་བརྡབ་པར་བྱ། །ལག་པ་གཉིས་ནི་བཏེག་ནས་སུ། །དེ་ཚེ་མཁུར་བ་བུད་པར་བྱ། །རྡོ་རྗེའི་ཕྱག་རྒྱ་བཅིང་བས་ན། །དེ་ཚེ་བགེགས་རྣམས་བཅོམ་པར་འགྱུར། །རྡོ་རྗེ་ཅན་ནི་ཉིད་གྱུར་ཀྱང ། །རྡོ་རྗེའི་ཕྱག་རྒྱས་བཅོམ་འགྱུར་ན། །མཐོང་བ་ཙམ་གྱིས་བགེགས་རྣམས་ཀུན། །ཕུང་བར་གྱུར་པ་སྨོས་ཅི་དགོས།། སྔགས་པས་ཤར་ཕྱོགས་བལྟས་འདུག་ལ། །ལག་པ་གཡས་པ་དཀུར་བརྟེན་ཏེ། །གཡོན་པ་བརྐྱང་བ་ལེགས་བྱས་ལ། །གཡོན་པས་ཐམས་ཅད་དགུག་པར་བྱ།། ས་བཅུར་གནས་པ་ཀུན་ཀྱང་དགུག་།ཐམས་ཅད་ནས་ནི་བཀུག་ནས་སུ། །རྡོ་རྗེའི་ཕྱག་རྒྱས་བསྣུན་པས་ན། །དེ་ཡི་མོད་ལ་ཕྱེ་མར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ངའི་སློབ་མ་རྣམས་མ་གཏོགས་པར་ཁྱོད་ཀྱིས་སུ་ལ་ཡང་བསྙད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མ་དད་པ་དེ་དག་ནི་ཚུལ་འདི་ལ་ཡིད་མི་ཆེས་ཤིང ། དེ་དག་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱིས་
232b
གསུངས་པ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས་དེ་དག་གི་རྣ་ལམ་དུ་ཡང་བསྒྲགས་པར་མི་བྱ་ན་ཕྱག་རྒྱ་ལྟ་ཅི་སྨོས། གསང་བ་བའི་བདག་པོ། དེ་ལ་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་མཚན་ཉིད་ཤེས་ནས་སྦྱིན་པར་བྱ་ཡི། གཞན་དུ་ནི་མ་ཡིན་ནོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་རང་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱི་དེ་སྐད་མ་སྨྲ་ཞིག་གསང་བ་པའི་བདག་པོ། འོན་ཀྱང་འགའ་ཞིག་བརྗོད་པར་བྱ་ཡི། དཔའ་བོ་བསྒྲིམས་ཏེ་ཉོན་ཅིག་།མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་དག་རྣམས་ཀྱི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་དུ། །དེ་ལ་ནམ་ཡང་བརྙས་མི་བྱ། །གསང་བ་པའི་བདག་པོ། སློབ་དཔོན་ལ་སློབ་མས་ཇི་ལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཇི་ལྟ་བ་བཞིན་དུའོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགའ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་
233a
༄#། །སངས་རྒྱས་འགྱུར། །ལག་ན་རྡོ་རྗེ་དབང་བསྐུར་བ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སྟང་སྟབས་ཀྱི་རིམ་པ་ཕྱེ་བ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ཆེན་པོས་བདག་ཉིད་རྒྱས་པ་དེ་དག་གི་ཚིག་གི་འཁོར་ལོའི་དཀྱིལ་འཁོར་ལ་འཇུག་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཡངས་པ་ལ་དམིགས་ནས་འཇུག་ཅིང ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བདག་བྱིན་གྱིས་བརླབས་ནས་སངས་རྒྱས་འབྱུང་བ་མངོན་དུ་བྱེད་ཅིང ། །སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་དག་གིས་ཡེ་ཤེས་ཤིན་ཏུ་རྒྱས་པ་དཔག་ཏུ་མེད་པའི་དོན་ཐུགས་སུ་ཆུད་ནས་དེ་དག་ཉིད་ན་བཞུགས་བཞིན་དུ་ཕྱག་བརྐྱང་སྟེ། ལག་ན་རྡོ་རྗེའི་སྤྱི་བོར་བཞག་གོ་།བཞག་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །ཡེ་
233b
ཤེས་རྡོ་རྗེ་རྫོགས་བྱེད་པ། །ཁྱོད་ནི་སངས་རྒྱས་བྱས་པ་གཟོ། །སངས་རྒྱས་སྲས་པོ་རྫུ་འཕྲུལ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་།དམ་པ་གསང་བ་ཁྱོད་ཀྱིས་ཤོད། །གཟུངས་སྔགས་ཚུལ་དུ་དགོངས་བྱོས་ལ། །གང་དུ་ཞུགས་མ་ཐག་ཏུ་ནི། །སྡིག་པ་ཐམས་ཅད་མེད་འགྱུར་པ། །དཀྱིལ་འཁོར་འདིར་ནི་བཤད་པར་གྱིས། །དེ་ནས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དེ་དག་ཐམས་ཅད་ཕྱག་སླར་བསྐུམས་སོ། །དེ་ནས་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་མ། །སྡིག་པ་ཐམས་ཅད་བྱང་བར་བྱེད་མ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་མ། ། བགེགས་ཐམས་ཅད་འཇིགས་པར་བྱེད་མ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་མ། །གཟུངས་སྔགས་ཆེན་པོའི་མཆོག་འདི་སྨྲས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧེ་བུདྡྷ་མ་ཏི་རི། སརྦ་བཱ་པ་ནི་ཥ་ཎི། གརྗ་གརྫ། བྷཉྫ་བྷཉྫ། མྲྡ་མརྡ། གམྦྷཱི་རི་གམྦྷཱི་རི། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། བིདྷྭཱ་ན་ས་ཡ་བིདྷྭཱ་ན་ས་ཡ། སརྦ་ཤ་ཏྲུན་ཏ་ར་མ་ཏི། བིམ་ལེ། པཱུ་ར་ཡ་པཱུ་ར་ཡ། པྲ་ཏི་ཛྙཱ་ན། སརྦ་བྷུ་ཏ། རཱུ་པ་སི་ཏེ། བྷ་ག་བ་ཏེ། ག་ན་ག་ན། ཛ་ཧི་ཛ་ཧི། བི་མ་ལ་སི་ནི། ཀྲ་
234a
༄#། །མ་ཎི། ཧ་ད་པ་ནི། ར་མ་ཎི། མ་ཏཾ་གི་ཀེ་སཝཱཧཱ། ལག་ན་རྡོ་རྗེས་གཟུངས་སྔགས་གསང་བ་འདི་སྨྲས་མ་ཐག་ཏུ་དེ་ནས་དེ་ཡི་མོད་ལ་ས་ཆེན་པོ་འདི་འགུལ་ཏོ། །འུར་འུར། རབ་ཏུ་འུར་འུར་རོ། །ལྡེག་།རབ་ཏུ་ལྡེག་གོ་།ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །ཉི་མ་དང ། ཟླ་བ་ཡང་ས་ལ་ལྷུང་ངོ ། །རིག་སྔགས་འཆང་རྣམས་ཀྱང་ལྷུང་ངོ ། །བྱང་ཆུབ་སེམས་དཔའ་གང་དག་གཟུངས་ཐམས་ཅད་ལ་དབང་ཐོབ་པ་དེ་དག་ཀྱང་མོག་མོག་པོར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་བློང་བློང་པོར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་ཕ་ལ་ཡིད་ཀྱིས་ཕྱག་འཚལ་ཞིང་གནས་པར་གྱུར་ཏེ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་བློང་བློང་པོར་གྱུར་པ་མཐོང་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་།ཁྱེད་ཀྱིས་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུང་སྔགས་ཆེན་མོ་དྲན་པར་གྱིས་ཤིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ། གཟུངས་འདི་ནི་མཐུ་ཆེན་པོ་ནི་ཡིན་ན། སྒྲུབ་
234b
པ་བོ་གང་ལ་ལ་ཞིག་འདི་འཛིན་པ་དང ། ཡིད་ལ་བྱེད་པ་དང ། མཆོད་པར་བྱེད་པ་དེའི་མཐུ་ཇི་ལྟ་བུར་རིག་པར་བྱ། དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གཟུངས་སྔགས་འདིའི་མཐུ་འམ། ནུས་མཐུ་འམ། མཐུ་བསྒྱིངས་པ་ཅི་འདྲ་བ་ནི། འཇམ་དཔལ། ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་དྲི་མ་མེད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་བཅོམ་ལྡན་འདས་དེས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་གཟུངས་སྔགས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཏོག་ལ་འཛིན་དུ་གཞུག་པའི་ཕྱིར་བྱིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལ་བྱིན་མ་ཐག་ཏུ་དེའི་མོད་ལ་གཟུངས་སྔགས་འདིའི་མཐུས་དེའི་སྤུའི་ཁུང་བུ་ཐམས་ཅད་ནས་སངས་རྒྱས་ཀྱི་གཟུགས་རྣམས་འབྱུང་ཞིང་ཞུགས་ཏེ་མཐའ་རྟོགས་པར་མི་ནུས་སོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་མ་གཏོགས་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གཟུངས་ཐམས་ཅད་ལ་དབང་ཐོབ་པ་
235a
༄#། །གང་དག་གིས་ཀྱང་འདི་ཅི་འདྲ་བ་ཡིན་ཞེས་བསྟན་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་ནམ་མཁའི་དཀྱིལ་འཁོར་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ནས་གནས་ཏེ། དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་འོད་ཟེར་གྱིས་དབང་བསྐུར་ནས་སྐུ་དེ་ཉིད་དུ་ཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་སྔགས་ཆེན་པོ་འདི་ཉིད་ཀྱི་མཐུས་སོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་དབང་པོར་དབང་བསྐུར་བ་ཡིན་ན། ཁྱོད་ཀྱིས་ཀྱང་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བསྟན་པའི་ཕྱིར་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤོད་ཅིག་།དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དོན་ཡོད་པར་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གང་དག་གཟུངས་སྔགས་ཀྱི་ཚུལ་དུ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་
235b
གྱིས་བརླབས་པ་དག་ཉོན་ཅིག་།དེ་དག་གང་ཞེ་ན། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། ཨ་མ་རི་\?\་ཨ་མ་རི། ཊ་ཏ། བྷཉྫ་ཛྷ་ཛྷ། མི་ཙིཾ་མི་ཙི། སྥོ་ཊ་སྥོཊ། མ་ཏ་མ་ཏ་དུ་རྡཱནྟ་ད་མ་ཀ་སཝཱ་ཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། ཧེ་ཧེ། ཀ་ཎི་ཊི་ཀ་ནི་ཏི། སརྦ་ཏ་ཐཱ་ག་ཏ་བ་ན་ཀེ་།བོ་ད་ནི་ད་དེ། ཏྲ་ཊ་ཊ་ཏྲ་ཊ་ཊ། ཧཱུཾ་ཕཊ་ཧཱུཾ་ཕཊ། གརྫ་གརྫ། པ་ར་མ་ཏི། བི་ཧཱུཾ་རི་ཀ་སཝཱ་ཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། བྷ་ག་བ་ཏེ། པྲ་ཛྙཱ་པར་མི་ཏཱ་ཨཱ། སརྦ་པཱ་པཀྵ་ཡཾ་ཀ་རི། ཛྙཱ་ན་ཨ་པ་སྥ་ར་ཎི། བྷཉྫ་བྷཉྫ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། སརྦ་བྷ་ཏེ་ཛ་ན་ཏྲི་ཡེ་སཝཱཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། གརྫ་གརྫ། མ་ཐ་མ་ཐ། ཧཱ་མ་ཧཱ་མ། བྷཉྫ་བྷཉྫ། དུནྡུ་བྷི་སཝ་ར་ནིར་གྷོ་ཥེ། ཧ་ན་ཧ་ན། བི་དྷྭཱ་ན་ས་ཡ་བི་དྷྭཱ་ན་ས་ཡ། མོ་ཊ་ཡ་མོ་ཊ་ཡ། ད་ཧ་ད་ཧ། བི་པུ་ལ་ནི་རྨ་ལ་ནིར་ཛཱ་ཏེ། ཨཱ་ཧ་ར་ཨཱ་ཧ་ར། ཨཱ་གཙྪ་ཨ་གཙྪ། སརྦ་བུདྡྷ་ས་རཱུ་པ་པི་ཏེ་མཱ་བི་ལམྦ་སཝཱཧཱ། འཇམ་དཔལ། གཟུངས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་དབང་ཕྱུག་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་མ། བྱང་ཆུབ་ཀྱི་སྙིང་པོ་སྟོན་པར་བྱེད་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མ་ནོར་བའོ།།
236a
༄#། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མིག་མི་འཛུམས་པར། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་ཀྱང་དེ་བཞིན་གཤེགས་པ་རྣམས་སུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་སྔོན་མ་མཐོང་བ་རྣམས་དང ། དམ་ཚིག་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཡེ་ཤེས་ཆེན་པོར་དབང་བསྐུར་བ་དང་ལྡན་པའི་གཟུངས་སྔགས་འདི་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ནས་དེའི་མོད་ལ་འཇམ་དཔལ་གཞོན་ནུར་གྱུར་པས་དབང་ཆེན་པོ་བསྐུར་བའི་གཟུངས་སྔགས་ལ་སོགས་པ་ཡེ་ཤེས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལས་ངེས་པར་བྱུང་བའི་ཡེ་ཤེས་ཆེན་པོའི་རྡོ་རྗེ་རྟོགས་པར་གྱུར་ཏོ། །ཡེ་ཤེས་ཆེན་པོའི་རྡོ་རྗེ་དེ་རྟོགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པའི་སྤྲིན་ཆེན་པོ་དག་བྱུང་བར་གྱུར་རོ། །ཀྱེ་མའོ་ཡེ་ཤེས་ཆེན་པོར་དབང་བསྐུར་བས། འཇམ་དཔལ་འདི་དབང་བསྐུར་ཏོ། །ཞེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲ་འུར་ཞེས་གྲག་གོ་།དེའི་མཐུས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་གཤེགས་པའི་གཟུགས་
236b
སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཨུཏྤལ་ཆེན་པོའི་ནང་དུ་ཞུགས་པར་མཐོང་ངོ ། །དེ་བཞིན་གཤེགས་པའི་གཟུགས་རྣམས་ཞུགས་མ་དག་\?\་ཏུ་དེ་ནས་ཆོས་ཀྱི་སྐུ་རྟོགས་པའི་མཐུས་དེའི་མོད་ལ་འཇམ་དཔལ་གཞོན་ནུར་གྱུར་པའི་སྤུའི་ཁུང་བུའི་མཚམས་རྣམས་དང ། ཅོད་པན་དང ། རྒྱན་དང ། ཡན་ལག་དང ། ཉིང་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གཟུགས་རྣམས་བྱུང་ཞིང་ཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་གནས་པ། སེམས་ཀྱི་དབང་ཐམས་ཅད་ཐོབ་པ་དེ་དག་གིས་ཀྱང་སྤུའི་ཁུང་བུ་གཅིག་གི་ཚད་ཀྱང་རྟོགས་པར་མ་ནུས་ན། ཉན་ཐོས་དང ། རང་སངས་རྒྱས་རྣམས་དང ། གཞན་འཇིག་རྟེན་པ་རྣམས་ཀྱིས་ལྟ་ཅི་སྨོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡིད་ལ་བྱེད་པ་དེ་བཏང་སྟེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་མིག་མི་འཛུམ་པར་རིང་དུ་བལྟས་ནས། ཞིང་རྣམས་འདི་དག་ཡོངས་སུ་སྦྱང་བར་བྱ། །རྒྱལ་སྲས་ཀུན་གྱི་སྨོན་ལམ་མཐུན་རྫོགས་བྱ། །སེམས་ཅན་ཕན་དང་སྙིང་བརྩེས་ནད་མེད་ཅིང ། །ཞི་བ་བདུད་རྩི་རྙེད་དཀའ་ཡེ་ཤེས་བསྟན། །ཡེ་ཤེས་དམ་པ་གཅེས་པ་འདི་ཐོབ་ནས། །སངས་རྒྱས་ཞིང་ནས་སེམས་ཅན་ཁྲག་ཁྲིག་ཕྲག་།གྲངས་མེད་ཁྱོད་ཀྱིས་བརྗོད་པ་དགྲོལ་བར་བྱ། །ཁྱོད་ཀྱི་ཏིང་འཛིན་བསྟན་པ་མཆོག་ཏུ་བྱ། །ཞེས་
237a
༄#། །ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཚིག་སྨྲས་པ་ནི་ཤིན་ཏུ་གཙིགས་ཏེ་ཁྱོད་ཡང་ལེགས་སོ། །འཇམ་དཔལ། ཁྱོད་འདི་ལྟ་བུའི་གཟུངས་སྔགས་ཆེན་པོའི་གསང་སྔགས་ཀྱི་གཞི་རྣམས་ཡིད་ལ་བྱེད་པ་ནི་ཤིན་ཏུ་དཀའ་བ་བྱེད་པའོ། །འཇམ་དཔལ། ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཡེ་ཤེས་ཆེན་པོ་འདི་ལྟ་བུ་དག་ཡིད་ལ་བྱེད་པ་དང ། འཛིན་པ་དང ། བསྒྲུབ་པ་དང ། གླེགས་བམ་དུ་བྱས་ནས་ཉིན་གཅིག་བཞིན་དུ་ཕྱག་འཚལ་བ་དེ་དག་ནི། ཤིན་ཏུ་དཀའ་བ་བྱེད་པ་སྟེ། དེ་ནི་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ཚེ་ཉེ་བར་གནས་ན་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་ཕྲ་རབ་ཀྱེ་རྡུལ་སྙེད་སྦྱིན་པ་མཐོང་བར་འགྱུར་ཏེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཚུལ་འདི་རྟོགས་ནས་ཐམས་ཅད་མཁྱེན་བ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་
237b
མངོན་པར་བརྩོན་པར་བྱེད་པ་དག་གོ་འཕང་དེ་ཐོབ་པར་གྱུར་པ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྔོན་མ་བྱུང་བ་དེ་སེམས་ཅན་ཆེན་པོ་ཤོད་ཅིག་དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གང་དུ་ཞུགས་པ་ཙམ་གྱིས་མཚམས་མེད་པ་ལྔ་པོ་དག་ཡོངས་སུ་བྱང་བར་འགྱུར་བ་དང ། དོན་ཐམས་ཅད་ཀྱང་འབྱོར་པར་འགྱུར་བ་དང ། དཔལ་ཐམས་ཅད་སྐྱེ་བར་འགྱུར་བ་དང ། སྡིག་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་བ་དང ། ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་དགོད་པ་དེ་ཉོན་ཅིག་།འཇམ་དཔལ། དཀྱིལ་འཁོར་བརྗོད་པར་བྱའོ། །འཇམ་དཔལ། དེ་ལ་ལུས་ཅན་ཐམས་ཅད་ལ་གསང་ཆེན་དང་བཅས་པ། སློབ་དཔོན་རྣམས་ཀྱི་གསང་ཆེན་མཆོག་གསང་བ་བས་ཀྱང་ཆེས་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་གཟུངས་སྔགས་འདི་དག་གི་མིང་དུ་གྱུར་བའི་དཀྱིལ་འཁོར་བརྗོད་པར་བྱའོ། །འཇམ་དཔལ། དེ་ལ་དཀྱིལ་འཁོར་གྱི་ཚད་ལ། །ཚད་ནི་ཁྲུ་བརྒྱད་ཐམ་པ་སྟེ། །སློབ་དཔོན་ཉིད་ཀྱི་ཁྲུ་ཡིས་བྱ། །ཡེ་ཤེས་འབྱུང་བའི་དཀྱིལ་འཁོར་དེར། །ཆ་ནི་རྣམ་པ་གསུམ་དུ་བྱ། །བློ་དང་ལྡན་པས་ཆ་གསུམ་དུ། །དེར་ནི་སྒོ་ཁྱུད་རྣམས་
238a
༄#། །བྱ་སྟེ། །དེར་ནི་སྒོ་ཡང་བཞི་གཏོད་དོ། །གྲུ་བཞི་ལྷམ་པ་ཁ་ཁྱེར་བཅས། །སྔོན་གྱི་བཞིར་དུ་ཆ་གསུམ་ལ། །ཆ་ནི་རྣམ་པ་བརྒྱད་བྱ། མཁས་པས་ཆ་བརྒྱད་ནས་སུ། །དབུས་ཀྱི་ཆར་ནི་འཇུག་པར་བྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པར། །ཐང་ཅིག་ཐང་ཅིག་བསམ་བྱས་ལ། །ཕུན་སུམ་ཚོགས་པ་ཀུན་བྱེད་པ། ། དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །སྔགས་པས་དེ་ཡི་དབུས་སུ་ནི། །པདྨ་མཆོག་ཏུ་མཛེས་པ་བྲི། །ཀུན་ཀྱང་མརྒད་འདྲ་བ་སྟེ། །འདབ་མ་བརྒྱད་པར་བརྗོད་པ་ཡིན། །དེ་ཡི་སྟེང་དུ་བུམ་པ་སྟེ། །བུམ་པའི་སྟེང་དུ་ཨུཏྤལ་ལོ། །ུཏྤལ་སྟེང་དུ་དུང་བྲི་སྟེ། །མེ་ལྕེ་ཕྲེང་བ་འཁྲིགས་པས་མཛེས། །ཤེས་རབ་ཕ་རོལ་ཕྱིན་དེ་ནི། །ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན། །ཆ་བརྒྱད་གང་དག་བརྗོད་པ་ཡང ། །དབུས་ཀྱི་ཆ་ལས་བྱུང་བ་སྟེ། །གཟུངས་ཀྱི་ཚུལ་དུ་བྲི་བ་ཡང ། །ཆོ་གའི་རིམ་བཞིན་མཐུན་པར་བྱ། །དེ་ལ་ཤར་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ། དབང་པོ་ཆེན་པོའི་དཀྱིལ་འཁོར་ལ་གནས་པ། ཨུཏྤ་ལའི་ཕྱག་རྒྱར་བྲི་བར་བྱ་སྟེ། མཐའ་རྣམས་སུ་ཨུཏྤ་ལ་བཀྲ་ཞིང་མེ་ལྕེ་འབར་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བྱའོ། །བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོའི་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ །
238b
སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་རཱ་ཨོཾ་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏེ་ཛ་ནི་ཀེ། སུ་རཱ་ཡ་པྲ་ཏི་ཛྙཱ་ན། ཏ་ཊ་ཊ་ཊ། མརད་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུཾ་ཧཱུཾ་ཛ་ཧི་ཛ་ཧི་སཝཱཧཱ། དབང་ལྡན་གྱི་ཕྱོགས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་པ་མེ་ལྕེ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི། །པདྨ་ཤིན་ཏུ་མཛེས་པ་བྲི། །དེ་ཡི་སྟེང་དུ་འཁོར་ལོ་སྟེ། །མེ་ལྕེའི་ཕྲེང་བ་འཁྲིགས་པ་མཛེས། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱ། སརྦ་ཐཱ་ཧཱུཾ་ཧྲཱིཿ ། སརྦ་པད་མ། ཏ་ཧྲཱིཿ ་བྷཉྫ་བྷཉྫ། མ་ཐ་མ་ཐ། དམ་མ་ནི་ད་མ་མ་ནི། གརྒྷ་རི་གརྒྷ་རི་ཧྲཱིཿ ་སཝཱཧཱ། མེའི་ཕྱོགས་སུ་བརྟེན་ནས་བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། ཆུ་དང་དབང་ཆེན་ལྡན་པ་ཡི། །ཕྱག་རྒྱ་གཟུགས་བཟང་བྲི་བར་བྱ། །པདྨའི་སྟེང་དུ་རྡོ་རྗེ་སྟེ། །མེ་ལྕེའི་ནང་དུ་ཤིན་ཏུ་མཛེས། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཏྲ་ཊ་ཏྲ་ཊ། མུ་ཧཱུ་མུ་ཧཱུ། སརྦ་པཱ་པཾ་ཤོ་དྷ་ནེ་སཝཱཧཱ། ལྷོ་ཕྱོགས་སུ་ནི་གདུལ་དཀའ་བ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། མེ་དང་རླུང་དང་ལྡན་པ་ཡིས། །ུཏྤལ་ནི་དེར་བྲིའོ། །དེ་ཡི་སྟེང་དུ་རིན་པོ་ཆེ། །བསམ་པ་ཐམས་ཅད་ཡོངས་སྐོང་བ། །མེ་ལྕེའི་ཕྲེང་བ་འཁྲིགས་ཞི་བ། །པདྨ་རྣམས་ཀྱི་ཡོངས་སུ་བསྐོར། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་
239a
༄#། །ཏ་ཐཱ་ག་ཏ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ་།དྷ་ཀ་དྷ་ཀ་།མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ནིར་ཛཱ་ཏེ་སཝཱཧཱ། བདེན་བྲལ་ཕྱོགས་སུ་ནི་བདུད་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། དེ་ཡི་མེ་ཡི་དཀྱིལ་འཁོར་ཏེ། །པདྨའི་དབུས་སུ་གནས་པ་ཡིན། །དེ་ཡི་སྟེང་དུ་སྔགས་པ་ཡིས། །ལྕགས་ཀྱུ་ཤིན་ཏུ་མཛེས་པ་བྲིས། །ཕན་ཚུན་འབྲེལ་པའི་རྡོ་རྗེ་དག་།བློ་དང་ལྡན་པས་དེར་དགོད་དོ། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ་ཧ་ཧ། མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དྷུ་ན་དྷུ་ན། མི་ཙི་མི་ཅི། དུརྡཱནྟ་ད་མ་ནི་སཝཱཧཱ། བྱང་གི་ཕྱོགས་སུ་བཅོམ་ལྡན་འདས་མ་སྒོ་མཐའ་ཡས་པ་བསྒྲུབ་པ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། དེ་ཡི་དཀྱིལ་འཁོར་བྲི་བ་ནི། །ཟླ་བའི་དཀྱིལ་འཁོར་འདྲ་བ་ཡིན། །དེ་ཡི་སྟེང་དུ་པདྨ་སྟེ། །འོད་ནི་དུས་མཐའི་མེ་ལྟ་བུ། །དེ་ཡི་སྟེང་དུ་རལ་གྲི་སྟེ། །འོད་ཟེར་རྣམས་ཀྱིས་ཡོངས་སུ་བསྐོར། །མེ་ལྕེའི་ཕྲེང་བ་འཁྲིགས་ལྡན་པའི། །ུཏྤལ་རྣམས་ཀྱིས་ཀུན་ཁེབས་བྱ། །དེ་ལ་གཟུངས་སྔགས་ནི་འདི་ཡིན་ཏེ། ན་མཿ ་སརྦ་ཏ་ཐ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། མི་ཙི་མི་ཙི། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ་སཝཱཧཱ། རླུང་གི་ཕྱོགས་སུ་ནི་དཀོན་མཆོག་འབྱུང་
239b
གནས་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། དེ་ཡི་རླུང་གི་དཀྱིལ་འཁོར་ཏེ། །ཆ་གསུམ་ལ་ནི་གཙུག་ཏོར་གནས། །ལྕགས་ཀྱུས་ཐམས་ཅད་དགབ་པར་བྱ། །མེ་ལྕེ་འབར་བའི་ཕྲེང་བར་ལྡན། །ནུབ་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སྐུལ་བྱེད་མ་བྲི་བར་བྱ་སྟེ། དེ་ལ་དབང་ཆེན་དཀྱིལ་འཁོར་ཏེ། །དེ་ལ་རྡོ་རྗེ་ལེགས་པར་གནས། །དེ་ཡི་སྟེང་དུ་པདྨ་ཆེ། །པདྨའི་སྟེང་དུ་བགྲང་ནོར་ཕྲེང ། །དེ་དག་མེ་ལྕེའི་ཕྲེང་བ་འཁྲིགས། །སྟེང་དུ་པདྨ་རྣམས་ཀྱིས་དགབ། །དེ་ནས་ཆ་གསུམ་པ་ལ་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་པས་ཅི་རིགས་བྲི་བར་བྱ། །བརྒྱད་རྣམས་སུ་ཡང་སྔ་མ་བཞིན། །དེ་ལ་ཤར་དུ་རྣལ་འབྱོར་པས། །འཇིག་རྟེན་དབང་པོ་འོད་ཆེན་བྲི། །པདྨ་ཤིན་ཏུ་མཛེས་པ་ནི། །དེ་ཡི་ཕྱག་རྒྱར་བརྗོད་པ་ཡིན། །མེའི་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་བྲི་བར་བྱའོ། །དབང་བདག་གི་ཕྱོགས་སུ་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱག་རྒྱ་ཨུཏྤལ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་དྲི་བར་བྱའོ། །བྱང་ཕྱོགས་སུ་ནི་བྱམས་པའི་ཕྱག་རྒྱ་རིལ་བ་སྤྱི་བླུགས་བྲི་བར་བྱའོ། །རླུང་གི་ཕྱོགས་སུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་པདྨ་བྲི་བར་བྱའོ། །བདེན་བྲལ་གྱི་ཕྱོགས་སུ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱ་རལ་གྲི་བྲི་བར་བྱའོ། །ནུབ་ཕྱོགས་
240a
༄#། །སུ་ནི་སའི་སྙིང་པོའི་ཕྱག་རྒྱ་པདྨ་བྲི་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔལ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། ལག་ན་རྡོ་རྗེ། ལེགས་སོ། །ལེགས་སོ། །ལག་ན་རྡོ་རྗེ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་ཕྱིར་ཡེ་ཤེས་ཆེན་པོ་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བརྗོད་པ་ཁྱོད་ཡང་ལེགས་སོ། །དེ་སྐད་ཅེས་སྨྲས་པ་དང ། ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་འདི་སུའི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང ། དགྲ་དང་བྲལ་བར་འགྱུར། གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར།་ཆོམ་རྐུན་གྱིས་འཇོམས་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེས་པར་མི་འགྱུར། དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང ། རྟག་ཏུ་དཔལ་དང་ལྡན་པར་འགྱུར། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་བཞིན་
240b
མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ན་ཡང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན། གང་འཛིན་པ་དང།་ཀློག་པ་དང ། ཡིད་ལ་བྱེད་པ་དང ། མིང་ཙམ་ཡང་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་འབྱང་པར་འགྱུར་རོ། །དེས་ངན་སོང་གི་སྒོ་ཐམས་ཅད་གཅད་པར་འགྱུར་རོ། །དེས་ངན་སོང་དང ། ངན་འགྲོ་རྣམས་རྒྱང་བསྲིང་བར་འགྱུར་རོ། །གང་ཞིག་ནང་པར་ལངས་ནས་སུ། །ལན་གཅིག་ཀློག་པར་བྱེད་པའི་མི། །སྲིན་པ་ཉམ་ངར་གང་བྱས་པའི། ། སྡིག་ལས་གྲོལ་བར་དེ་འགྱུར་རོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བ། བམ་པོ་བཅུ་གཉིས་པ་སྟེ་ཐམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་བས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ། སུས་དཀྱིལ་འཁོར་གྱི་རྒྱལ་པོ་འདི་བྲིས་ནས་དེར་ཞུགས་པར་གྱུར་ན་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། ཁོ་བོས་ནི་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་བསྟན་པར་མི་ནུས་མོད་ཀྱི། འོན་ཀྱང ། འཇམ་དཔལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་སའི་རྡུལ་ཇི་སྙེད་ཡོད་པ་དེ་དེ་སྙེད་དུ་རིག་པར་བྱའོ། །འཇམ་
241a
༄#། །དཔལ།་མ་འོངས་པའི་དུས་ན་སེམས་ཅན་སྡིག་ཅན་གང་ཚུལ་འདི་ལ་ཡིད་མི་ཆེས་པ་དག་ཡོད་དེ། འཇམ་དཔལ། ཐེ་ཚོམ་མེད་པ་དང ། རྣམ་པར་རྟོག་པ་སྣ་ཚོགས་ཀྱི་རང་བཞིན་ཅན་དང ། མི་དགེ་བའི་བཤེས་གཉེན་གྱིས་རབ་ཏུ་ཟིན་པ་དང ། ཕ་ལམ་གུས་པ་དང ། མ་ལ་མ་གུས་པ་དང ། སློབ་དཔོན་དང ། བླ་མ་ལ་སྨོད་པ་དང།་བླ་མའི་སྐྱོན་འབྲུ་བའི་སེམས་ཅན་དེ་དག་ལ་ནི་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདི་ལག་ཏུ་ཡང་འཆང་དུ་མི་གཞུག་གོ་།རྣ་ལམ་དུ་ཡང་གྲག་པར་མི་བྱའོ། །འཇམ་དཔལ། དེ་དག་གི་མདུན་དུ་ནི་གཏམ་ཡང་མི་བྱའོ། །གླེགས་བམ་དུ་བྲིས་པ་ཡང་དེ་དག་གི་མདུན་དུ་དབྱེ་བར་ཡང་མི་བྱ་སྟེ། སེམས་ཅན་སྡིག་པ་ཅན་དེ་དག་གིས་སྤོང་བ་ཅུང་ཟད་བྱས་པས་ཀྱང ། ངན་སོང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་དུ་འོང་ངོ ། །འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཏེ་དེ་དག་ནི་བདག་ཀྱང་ཕུང་ལ། གཞན་དག་ཀྱང་ཕུང་བར་བྱེད་དོ། །དེ་ལྟར་བྱེད་པའི་སེམས་ཅན་དེ་དག་ལ་ནི་གསང་སྔགས་གྱི་དངོས་གྲུབ་མེད་དོ་ཞེས་ཁོ་བོས་སྨྲ་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྟག་ཏུ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། དེ་དག་རྒྱབ་ཀྱིས་ཕྱོགས་པར་འགྱུར་ན་ངེས་པར་འབྱིན་
241b
པ་དང ། གསང་སྔགས་ཀྱི་དངོས་གྲུབ་གཏན་མེད་དོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། གསང་སྔགས་ཀྱི་ཚུལ་འདི་ལ་དད་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤིན་ཏུ་བཀའ་བ་བྱེད་པ་ཡིན་ནོ། །འཇམ་དཔལ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པ་ཡིན་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཆེན་པོ་འདི་ཡི་གེར་འདྲི་བ་དང ། ཀློག་པ་དང ། འཇིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཡོད་པར་རིག་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་ཙམ་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་གཟུངས་སྔགས་འདིའི་རང་བཞིན་དུ་བཞུགས་ཏེ། ཚུལ་འདི་མ་རྟོགས་པ་བླུན་པོ་དེ་དག་གིས་ནི་མི་ཤེས་སོ། །
242a
༄#། །འཇམ་དཔལ། གཞན་ཡང ། བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་དང ། སེམས་ཅན་ཐམས་ཅད་ལ་དབང་ཐོབ་པ་ཇི་སྙེད་པ་རྣམས་རྫུ་འཕྲུལ་དང ། ཆོ་འཕྲུལ་སྣ་ཚོགས་བྱེད་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པའི་སྤྲིན་རྣམ་པ་སྣ་ཚོགས་སྟོན་པ་དེ་དག་ཐམས་ཅད་ཀྱང་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་བདུད་ཕམ་པར་བྱེད་པ་དང ། བྱང་ཆུབ་མངོན་པར་རྫོགས་པར་རྟོགས་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཀྱང་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །འཇམ་དཔལ། སུ་གསང་བའི་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདིར་དབང་བསྐུར་བ་དེ་ནི་དམ་ཚིག་ཐམས་ཅད་ལ་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་དེ་ལྟ་བུའི་རང་བཞིན་ནམ། གཟུངས་སྔགས་ཀྱི་རང་བཞིན་ནམ། དཀྱིལ་འཁོར་གྱི་རང་བཞིན་དུ་གནས་པའི་ཕྱིར་ཏེ། དེ་བས་ན་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདི་མ་གཏོགས་པ་དེ་ལས་གཞན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་འདི་ནི་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སུ་འདིར་དབང་བསྐུར་བ་དེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་བསྐུར་བ་ཡིན་ནོ། །འཇམ་དཔལ། ཕྱོགས་གང་དུ་
242b
ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདི་བྱེད་པ་འམ། གང་གི་ལག་ན་འཆང་བའམ། གང་གི་ཕྱིར་འདྲི་བ་འམ། གང་ཞིག་ཉིན་གཅིག་ཏུ་ནང་པར་ལངས་ནས་ལན་རེ་ཀློག་པ་དེ་ལ་འཇིགས་པ་རྣམས་མི་འབྱུང་ངོ ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་ཉིན་གཅིག་བཞིན་དུ་གཟིགས་པར་འགྱུར་རོ། །འཆི་ཁར་ཡང་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་སྟོན་པར་མཛད་དོ། །འཇམ་དཔལ། ལྟོས་དང ། ས་ལ་གནས་པའི་ཤིང་དང ། ནགས་ཚལ་ཐམས་ཅད་ནི་ས་མེད་ན་དེ་དག་ཀྱང་མེད་དོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ལ་དབང་ཐོབ་པ་རྣམས་ཀྱང ། གཟུངས་སྔགས་འདི་དག་ལ་གནས་ཏེ། འདི་དག་གི་བྱིན་གྱིས་བརླབས་པས་ཐམས་ཅད་མཁྱེན་པའི་གོ་འཕང་རྙེད་དོ། །བདུད་ལས་རྣམ་པར་རྒྱལ་བར་བྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་རོ། །བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འོ། །དེ་ནས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཀྱང་བྱད་དེ། འདི་ལྟར་ཐམས་ཅད་གཟུངས་སྔགས་འདི་དག་གི་མཐུ་ཡིན་ནོ། །འཇམ་དཔལ། དེ་ལྟ་བས་ན་ཁྱོད་ཀྱིས་ཀྱང་ཆོངས་ཤིག། ལྷོགས་ཤིག། ཡིད་ལ་གྱིས་ཤིག། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ཅིག་དང་དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བར་འགྱུར་
243a
༄#། །རོ། །འཇམ་དཔལ། ས་ཕྱོགས་གང་ན་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་བྱེད་པའི་ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །གང་གི་ལག་ན་འཆང་བའི་སྔགས་པ་དེ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་འགྱུར་རོ། །འཇམ་དཔལ། སྔགས་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྟག་ཏུ་བྱིན་གྱིས་རློབ་པར་འགྱུར་རོ། །སྔགས་པ་དེས་ཀྱང་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་རིན་པོ་ཆེ་ཟ་མ་ཏོག་བཞིན་དུ་རྟག་ཏུ་བསྲུང་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། སེམས་ཅན་གང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ལམ་གུས་པའི་རང་བཞིན་ཅན་དང ། སློབ་དཔོན་གྱི་སྐྱོན་འདྲུ་བ་དག་ཡོད་པའི་ཕྱིར་ཏེ།་འཇམ་དཔལ། དེ་དག་ལ་ནི་ཆུང་ངུ་ན་གཏམ་དུ་ཡང་བཟླས་པར་མི་བྱ། གླེགས་བམ་ཡང་བསྟན་པར་མི་བྱ་ན་དཀྱིལ་འཁོར་དུ་དབང་བསྐུར་བ་དང ། ཀློག་ཏུ་གཞུག་པ་དང་བལྟར་གཞུག་པ་ལྟ་ཅི་སྨོས། འཇམ་དཔལ། འདི་ལྟ་བུ་དག་བལྟར་གཞུག་པ་དང ། ཚིག་ཏུ་དབྱུང་བ་ནི་བྱང་ཆུབ་སེམས་དཔའ་དེའི་འཁྲུལ་པ་ཡིན་ཏེ། འཇམ་དཔལ། བྱང་ཆུབ་སེམས་དཔའི་བག་མེད་པ་ཆེན་པོར་རིག་པར་བྱའོ། །དེ་ནི་འཁྲུལ་པ་ཆེན་པོ་དང ། ཤིན་ཏུ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ། །འཇམ་དཔལ། སངས་རྒྱས་དང ། བྱང་ཆུབ་
243b
སེམས་དཔའ་ཆེན་པོ་ལ་བསླུ་བ་ནི་སླ་ཡི། གཟུངས་སྔགས་ཀྱི་ཚིག་འདི་དག་སྤོང་བ་དེ་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ། སངས་རྒྱས་འབྱུང་བ་ནི་དཀོན་ཏེ། དབེར་ན། ཨུ་དུ་མ་ཝ་རའི་མེ་ཏོག་བཞིན་ནོ། །དེ་བས་ཀྱང་གཟུངས་སྔགས་འདི་འདྲ་བ་དག་སྟོན་པ་ནི་དཀོན་ནོ། །དེ་བས་ཀྱང་ནན་ཏན་གྱིས་སྒྲུབ་པ་ནི་དཀོན་ནོ། །དེ་བས་ཀྱང་འདི་གང་གི་ལག་ན་འཆང་བ་དང།་གང་དག་འདི་ཉན་པ་དང ། གང་དག་འདི་ཀློག་པ་དང ། འཛིན་པ་དང ། ཡང་ན་དཀྱིལ་འཁོར་འདྲི་བའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ཏེ། སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོའི་མཐའ་ཡང་རྟོགས་པར་མི་ནུས་ན། གང་དག་ནང་པར་ལངས་ནས་ལན་གཅིག་ཀློག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་མཚམས་མེད་པ་ལྔ་ལ་སོགས་པ་རྣམས་ཡོངས་སུ་བྱང་བར་འགྱུར་རོ། །དེ་ལ་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་ཅད་དང ། ཕྱིར་རྒོལ་བའི་འཇིགས་པ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །དེའི་ལུས་ལ་ནད་ཐམས་ཅད་འབྱུང་བར་མི་འགྱུར་རོ། །གང་ལ་ལས་དབེན་པའི་ཕྱོགས་སུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱུགས་ལ། མེ་ཏོག་ཕུལ་ནས་ཚེས་གྲངས་དང ། ཞག་ཕྱེད་པ་དང ། ཡུད་ཙམ་དང ། དུས་བཟང་པོ་ལ་གྲོ་ག་ལ་བྲིས་སམ། ཡང་ན་ཡར་ངོའི་ཚེས་བརྒྱད་དམ། ཆེས་བཅོ་ལྔ་ལ་སྤོས་དང ། མེ་ཏོག་དང །
244a
༄#། །བདུག་པ་དང ། ལྷ་བཤོས་ཕུལ་ལ་མར་གྱི་མར་མེ་བརྒྱད་དང ། གསེར་གྱི་བུམ་པ་ལྔ་བཞག་ནས་གྲོ་ག་ལ་བྲིས་ཏེ་མགུལ་པའམ། དཔུང་པ་འམ། ལག་ངར་རམ། རྐེད་པར་བཏགས་ལ་འཐབ་མོ་འགྱེད་པའི་ནང་དུ་འགྲོ་བའམ། ལམ་དུ་འགྲོ་བ་དང ། རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །འཇམ་དཔལ། འདི་ནི་སེམས་ཅན་རྣམས་བསྲུང་བའི་མཆོག་ཡིན་ཏེ། ཁྱིམ་མམ། གཙུག་ལག་ཁང་ངམ། གནས་ཁང་གང་ན་གཟུངས་སྔགས་འདི་དག་འདུག་པའི་གནས་དེར་བསྲུང་བའི་མཆོག་ཏུ་འགྱུར་རོ། །འཇམ་དཔལ། གང་གིས་གཟུངས་སྔགས་འདི་དག་ལས་གང་ཡང་རུང་བས་བསྲུང་བར་བྱས་པ་ལ་འགལ་བར་བྱེད་བ་ནི་ལྷ་དང་བཅས་པ་དང ། བདུད་དང་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་སྟེ། དེའི་མགོ་བོ་ལག་ན་རྡོ་རྗེ་ངས་ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པས་འགེམས་སོ། །འཇམ་དཔལ། ཆར་མི་འབབ་ན་ཡང་གཟུངས་སྔགས་འདི་བཀླག་པར་བྱའོ། །ཕ་རོལ་གྱི་དམག་ཚོགས་འོང་ན་ཡང་བཀླག་པར་བྱའོ། །མི་ནད་ཀྱི་གནོད་པ་འབྱུང་བ་ལ་ཡང་བཀླགས་ན་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། དེའི་མོད་ལ་ཞི་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་
244b
ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ། གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང ། ཤིན་ཏུ་ཟབ་པ་འདི་དང ། གཏིང་དཔག་དཀའ་བ་དང ། གསང་བ་བས་ཀྱང་ཆེས་གསང་བ། སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང ། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདིར་གཞུག་པར་བྱ་ཡི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་གིས་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ་།དེ་དག་ལ་ནི་ཕྱག་རྒྱ་དང ། གསང་སྔགས་ཀྱང་བསྟན་པར་མི་བྱའོ། །འཇམ་དཔལ། གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་འདི་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་བཅིངས་པ་ཙམ་གྱིས་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་བ་བཤད་ཀྱི་ཉོན་ཅིག་།ལག་པ་གཉིས་སྦྱར་ལ་
245a
༄#། །གཡས་པའི་གུང་མོ་བཀུག་པ་ནི་གཟུངས་སྔགས་ཐམས་ཅད་འདྲེན་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་དྷྱཿ ། སརྦ་ཐཱ་ཨཱ་གཙྪ་པུ་ནིཏྟཱི། པ་རི་པཱུ་ར་ཎི། ས་མི་ས་མི། མཾ་ག་ལི་མཾ་ག་ལི་ཧཱུཾ་ཕཊ། དེ་ཉིད་ཀྱི་གུང་མོ་སྔ་མ་བཞིན་དུ་བཞག་ན། དཀྱིལ་འཁོར་དུ་གཟུངས་སྔགས་རྣམས་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་བཀུག་ན་ཐམས་ཅད་དྲངས་པར་འགྱུར་རོ། ། དེའི་གསང་སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭ་མ་དྷ་རི། ཨཱ་གཙྪ་ཨཱ་གཙྪ། ས་ནི་ད་དྷཾ། ཀུ་རུ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་མཆོད་པ་མཆོག་འབྱུང་བའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་སྦྱར་ནས་མཛུབ་མོ་གཉིས་བཀྱེད་པ་ནི་མཆོད་པ་འབྱུང་བའི་ཕྱག་རྒྱ་སྟེ། འདིས་མཆོད་པའི་ཆོ་ག་བྱིན་གྱིས་བརླབ་པར་བྱའོ། །གསང་སྔགས་ལ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། མ་ཧཱ་པཱུ་ཛ། པྲ་བརྟ་ནི་ཧཱུཾ་ཕཊ། པྲ་བརྟ་ཡ་པྲ་བརྟ་ཡ། སརྦ་ཏ་ཐཱ་ག་ཏ་སམ་ཡེ་སཝཱཧཱ། འཇམ་དཔལ། དེ་ནས་སློབ་དཔོན་གྱིས་ཆོ་ག་སྔ་མ་བཞིན་དུ་སློབ་མ་ཡོངས་སུ་གཟུང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་སྒོམ་པ་འགྲུབ་པ་ལ་དཀྱིལ་འཁོར་
245b
འདི་དང ། ཕྱག་རྒྱ་བསྟན་པར་བྱའོ། །དེ་མ་ཡིན་པ་གཞན་པ་ལ་ནི་གླེགས་བམ་ཡང་བལྟར་གཞུག་པར་མི་བྱའོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམ་ཚིག་མི་ཤེས་པའི་སེམས་ཅན་ལ་དཀྱིལ་འཁོར་བསྟན་ཏམ། ཕྱག་རྒྱ་བསྟན་ན་དེས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་བསླུས་པར་འགྱུར་རོ། །མཚམས་མེད་པ་ལྔ་ཡང་བྱས་པར་འགྱུར་རོ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་བྱས་པ་ནི་སླ་ཡི། དམ་ཚིག་མི་ཤེས་པ་དང ། ལུས་ཡོངས་སུ་མ་སྦྱངས་པ་དང ། བྱང་ཆུབ་ཀྱི་སེམས་སྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟ་མ་ཡིན་ཏེ། འཇམ་དཔལ། སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཀྱང་ཚིག་ཏུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་ཅན་དེ་དག་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ལ་དྲིན་དུ་མི་གཟོ་བ་དང ། དད་པ་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སེམས་ཅན་དེ་ལ་ཡ་མཚན་དུ་འཛིན་པར་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་བོ་སྙམ་ནས་ཅང་མི་ཟེར་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་
246a
༄#། །སེམས་དཔའ་ཆེན་པོ། གཟུངས་སྔགས་འདི་དག་ཉན་པ་དང ། དཀྱིལ་འཁོར་དུ་འཇུག་པ་དང ། ཀློག་པ་དང ། དྲན་པར་བྱེད་པ་དང ། ཆུང་ངུ་ནི་རྣ་ལམ་དུ་གྲག་པ་ཙམ་དུ་གྱུར་པ་དེ་ཡང་ཤིན་ཏུ་དཀོན་པ་ཡིན་ནོ། །ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འཇམ་དཔལ། གང་དག་གཟུངས་སྔགས་འདི་དག་ལ་མཆོད་པ་བྱེད་པ་དང ། ཡི་གེར་འདྲི་བའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་པར་རིག་པར་བྱའོ། །སུ་གྲོ་གའམ། གཞན་ལ་བྲིས་ནས་ཡན་ལག་དང ། ཉིད་ལག་གང་ཡང་རུང་བ་ལ་འཆང་ན་དེ་ལ་འཇིགས་པ་ཐམས་ཅད་མི་འབྱུང་ཞིང ། སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། དེའི་དགེ་བའི་རྩ་བ་ཉིན་གཅིག་བཞིན་དུ་སངས་རྒྱས་སྟོང་ལས་བསགས་པར་འགྱུར་རོ། །འཇམ་དཔལ། ཕྱོགས་གང་ན་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བསྟན་པ་འདི་གནས་པ་འམ། གང་གི་ལག་ན་ཡོད་པའི་ས་ཕྱོགས་དེ་ནི་མཆོད་རྟེན་ལྟ་བུར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ། གཟུངས་སྔགས་འདི་དག་འཆང་བ་དང ། ཀློག་པ་དང ། ཁ་ཏོན་བྱེད་པ་གང་ཡིན་པ་དེ་ལ་ནི་ཁོ་བོས་མཆོད་པ་དང ། བསྙེན་བཀུར་བྱའོ། །དེའི་ཕྱི་བཞིན་
246b
དུ་ཡང་རྟག་ཏུ་འབྲང་བར་བྱའོ། །གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་ན་ཡང་ཁོ་བོས་དེའི་དགེ་བའི་བཤེས་གཉེན་བྱས་ཏེ། རྟག་ཏུ་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པར་བྱའོ། །འཇམ་དཔལ། ལེགས་སོ། །ལེགས་སོ། །ཚིག་འདི་ནི་ལེགས་པར་སྨྲས་སོ། །འཇམ་དཔལ། ཁོ་བོས་ཀྱང་དེ་ལ་མཆོད་པ་བྱའོ། །རྟག་ཏུ་དེའི་ཕྱི་བཞིན་དུ་ཡང་འབྲང་བར་བྱའོ། །རྟག་ཏུ་བསྲུང་བར་ཡང་བྱའོ། །འཆི་བའི་ཚེ་ན་ཡང་དེ་ལ་ལུང་བསྟན་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་ཆེན་པོ། གང་བསྒྲུབས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་འགྱུར་བ་དང ། གཟུངས་སྔགས་གང་བསྒྲུབས་ན་སྔགས་པས་ཚེ་འདི་ཉིད་ལ་ཡིད་ལ་ཅི་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་པའི་གཟུངས་སྔགས་འདི་དག་གི་དངོས་གྲུབ་སྒྲུབ་པའི་རིམ་པར་ཕྱེ་བ་རྒྱས་པར་ཤོད་ཅིག་།དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གཟུངས་སྔགས་འདི་དག་གི་སྒྲུབ་པ་སངས་རྒྱས་རྣམས་ཀྱིས་ཇི་སྐད་གསུངས་པ་བཤད་ཀྱིས་ཉོན་ཅིག་།ཚེས་གྲངས་དང ། རྒྱུ་སྐར་
247a
༄#། །དང་ཡང་སྦྱར་མི་དགོས། སྨྱུང་བ་ཡང་བྱ་མི་དགོས། བགེགས་ཀྱང་འབྱུང་བར་མི་འགྱུར་ཏེ། གཟུངས་སྔགས་བསྒྲུབ་པའི་ཚེ་ཡང་རྟག་ཏུ་སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་འགྱུར་རོ། །འཇམ་དཔལ། ཐོག་མར་རེ་ཞིག་གཟུངས་སྔགས་འདི་དག་གི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་འབྱུང་སྟེ།་ཁ་ཐབས་བཞིན་དུ་རས་ཉོས་ལ་སྐྲ་ལ་སོགས་པ་མེད་པར་བྱའོ། །དེ་ནས་བ་ལས་བྱུང་བའི་སྣ་ལྔས་བཀྲུས་ལ་སྤོས་ཆུས་བཀྲུའོ། །དེ་ནས་ཚེས་གྲངས་དང ། ཞག་ཕྱེད་པ་དང ། ཡུད་ཙམ་བཟང་པོ་ལ་རི་མོ་བྲིས་ཏེ། རི་མོ་མཁན་གསོ་སྦྱོང་དང་ལྡན་པ་འདྲིར་གཞུག་གོ། རི་མོ་མཁན་དེ་ཡང་འཁོར་ལོས་བསྒྱུར་བས་བསྲུང་བར་བྱའོ། །ཉིན་གཅིག་བཞིན་དུ་ལྷ་བཤོས་དང ། མཆོད་པ་ཡང་དབུལ་བར་བྱའོ། །དེ་ནས་རི་མོ་མཁན་གྱིས་དབུས་སུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་བྱ་སྟེ། སྐྱིལ་མོ་ཀྲུང་དུ་འདུག་ལ་ཐོར་ཚུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བྱའོ། །བཅོམ་ལྡན་འདས་མའི་གཡོན་རོལ་དུ་སོ་སོར་འབྲང་བ་ཆེན་མོ་བྲི་བར་བྱ་སྟེ། ཨུཏྤ་ལའི་རྒྱལ་པོ་ཆེན་པོ་ལ་འདུག་ཅིང ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ལྕང་ལོ་འཕྱང་བར་བྱའོ། །གཡས་ལོགས་སུ་རྡོ་
247b
རྗེ་མི་ཕམ་པའི་མེ་པདྨ་དཀར་པོ་ལ་འདུག་ཅིང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ལུས་བརྒྱན་ལ་ལག་པ་གཡོན་པར་འཁོར་ལོ་ཐོགས་པ། གཡས་པ་བཅོམ་ལྡན་འདས་མ་ལ་ཕྱག་འཚལ་པར་བྱའོ། །སྟེང་གི་ཕྱོགས་སུ་ཡང་རིག་སྔགས་འཆང་གཉིས་མེ་ཏོག་གི་ཆར་འབེབས་པ་བྲིའོ། །འོག་ལོགས་སུ་སྒྲུབ་པ་བོ་ལག་ན་བོག་ཕོར་ཐོགས་པ་བཅོམ་ལྡན་འདས་མ་ལ་བལྟ་ཞིང ། ཡལ་ག་མེ་ཏོག་ཅན་ཐོགས་པ་སྐྱིལ་མོ་ཀྲུང་གིས་འདུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ས་ཕྱོགས་གཙང་མ་འམ། དབེན་པ་འམ། རི་འམ། ནགས་ཚལ་ལམ། གཙུག་ལག་ཁང་ངམ། གང་ཡིད་དང་འཐད་པ་དེར་འདུག་ལ་སློང་མོའི་ཟས་ཟ་ཞིང ། ནང་གི་གཙང་སབྲ་སྤྱོད་པས་རི་མོའི་སྐུ་གཟུགས་དེའི་མདུན་དུ་གཟུངས་སྔགས་གང་ཡང་རུང་བ་ཅིག་བཟུང་སྟེ་བཞི་འབུམ་བཟླས་བརྗོད་བྱས་ལ། ཐ་མར་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་པ་བྱས་ཏེ་མཚན་རངས་བཟླས་བརྗོད་བྱས་ན་ནང་པར་རམ། ཉི་མ་འཆར་ཀར་མཚན་མ་འབྱུང་སྟེ། སྔགས་པའི་ལུས་ལ་འོད་སྣང་བ་འབྱུང་ཞིང ། སྐུ་གཟུགས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར། །རིག་སྔགས་འཆང་རྣམས་ཅ་ཅོའི་སྒྲ་འདོན་པར་འགྱུར། འབྲུག་སྒྲ་གྲག་པར་འགྱུར། བཅོམ་ལྡན་འདས་མ་ཡང ། བུ།ང་གྲུབ་ཟིན་གྱིས་ལོངས་
248a
༄#། །ཞེས་ཚིག་བརྗོད་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་མཆོད་ཡོན་ཕུལ་ནས་བཅོམ་ལྡན་འདས་མ་ལ། འདི་སྐད་དུ། བདག་གི་བསམ་པ་རྫོགས་པར་མཛོད་ཅིག་ཅེས་སྨྲོས་ཤིག་།འོན་ཏང་བཅོམ་ལྡན་འདས་མས་རིག་སྔགས་འཆང་གི་ལག་པ་ནས་བཟུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འཇོག་སྟེ། བཅོམ་ལྡན་འདས་མའི་མཐུས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྒྲུབ་པར་བྱེད་ཅིང ། སེམས་ཅན་གྱི་ཁམས་ཐམས་ཅད་སྐད་ཅིག་རེ་རེ་ལ་དགའ་བར་བྱེད་དོ། །རིགས་སྔགས་འཆང་གི་འཁོར་དུ་མ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །འཇམ་དཔལ། བཅོམ་ལྡན་འདས་མའི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་རྒྱས་པའི་མདོ་འདི་ནི་དོན་ཐམས་ཅད་སྒྲུབ་པ། སྡིག་པ་ཐམས་ཅད་རབ་ཏུ་སེལ་བ། འཇིགས་པ་ཐམས་ཅད་རྣམ་པར་སྦྱོང་བ། དུས་མ་ཡིན་པར་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །འཇམ་དཔལ། གང་རི་མོའི་སྐུ་གཟུགས་འདི་མཐོང་བ་དང ། མཆོད་པ་བྱེད་པ་དང ། སུའི་ལག་ན་འདུག་པ་དང ། སུ་ཡི་གེར་འདྲི་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ལམ་སྟོན་པར་
248b
འགྱུར་ཞིང་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་སྐྱེས་པར་འགྱུར། འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་གཙེ་བར་མི་འགྱུར། འཆི་བའི་ཚེ་སངས་རྒྱས་མཐོང་བར་འགྱུར་རོ། །ལག་ན་རྡོ་རྗེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་རི་མོའི་སྐུ་གཟུགས་འདི་མཐོང་བ་དང ། རི་མོར་འདྲི་བ་དང ། གང་གི་ལག་ན་འདུག་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞིང ། ངན་སོང་ངན་འགྲོར་ཡང་འགྲོ་བར་མི་འགྱུར། དེ་བཞིན་གཤེགས་པའི་རིགས་སུ་ཡང་རྟག་ཏུ་སྐྱེ་བར་འགྱུར་ཏེ། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་གསོལ་བ་བཏབ་པ། བྱང་ཆུབ་སེམས་དཔའ་ཆེན་པོ། གཟུངས་སྔགས་འདི་དག་གི་སྦྱིའི་དངོས་གྲུབ་བསྒྲུབ་པའི་རིམ་པར་དབྱེ་བ་གང་གིས་བྱང་ཆུབ་ཀྱི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་རྣམས་ཀྱིས་ཚེགས་ཆུང་དུས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱ་བར་འགྱུར་བ་དང ། རྫུ་འཕྲུལ་གྱི་ཆོ་
249a
༄#། །འཕྲུལ་རྣམ་པ་སྣ་ཚོགས་བྱེད་པར་འགྱུར་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པར་འགྱུར་བ་ཁྱོད་ཀྱིས་ཤོད་ཅིག་།དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། གཟུངས་སྔགས་འདི་དག་གི་སྤྱིའི་སྒྲུབ་པའི་རྣམ་པར་ཕྱ་བ་བཤད་ཀྱིས་ཉོན་ཅིག་།འཇམ་དཔལ། དེ་ལ་བྱང་ཆུབ་ཀྱི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་དུ་ཡང་རུང་སྟེ། རི་མོའི་སྐུ་གཟུགས་བཞག་ལ་བཅོམ་ལྡན་འདས་མ་གཟུགས་སམ། ཁ་དོག་གམ། དབྱིབས་སམ། ཡི་གེར་ཡིད་ལ་བསམས་ཏེ། ཟླ་བ་དྲུག་གི་བར་དུ་བསྒོམས་ན་ལས་ཐམས་ཅད་ནུས་པར་འགྱུར་ཏེ། དུག་ནི་མཐོང་བ་ཙམ་གྱིས་འབྲོས་པར་འགྱུར་རོ། །གདོན་གྱིས་ཟིན་པ་ནི་བསྡིགས་པ་ཙམ་གྱིས་འབྲོས་པར་འགྱུར་རོ། །གཞན་ཅི་ཡང་རུང་བས་ཟིན་པ་ཡང་མཐོང་བ་ཙམ་གྱིས་གཏོང་བར་འགྱུར་རོ། །དཔག་ཚད་བརྒྱའི་ཕ་རོལ་ན་གནས་པ་ཡང་ལས་ཐམས་ཅད་བྱེད་དོ། །འཇིགས་པ་ཐམས་ཅད་ལ་ནི་ལན་བརྒྱ་རྩ་བརྒྱད་བཟླས་
249b
བརྗོད་བྱས་པའི་སྐུད་པས་བསྲུང་བ་བྱས་པར་འགྱུར་རོ། །བགེགས་ཐམས་ཅད་ལ་ནི་ཆུས་སྲུང་བ་བྱེད་དོ། །སྒྲུབ་པོ་རྣམས་སམ། རོ་ལངས་གྲུབ་པ་རྣམས་ལ་གཟུངས་སྔགས་འདི་དག་ལས་གང་ཡང་རུང་བ་གཅིག་གིས་བདག་བསྲུང་བ་དང ། གཞན་བསྲུང་བ་དང ། ཕྱོགས་བཅིང་བ་དང ། དཀྱིལ་འཁོར་གྱི་མཚམས་གཅད་པར་བྱའོ། །དེ་ནས་ལུས་མི་སྣང་བར་བྱེད་འདོད་ན་སྐར་མ་རྒྱལ་ལ་ལྡོང་རོས་ཁ་ཐབས་བཞིན་དུ་ཉོས་ཏེ། རང་གི་ཁྲག་གིས་བསྒོས་ལ་དེ་ནས་ཕྱུང་སྟེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་གཞག་གོ་།དེ་ནས་ཟས་སུ་འོ་མ་དང ། ཕྱེའི་འདི་གུ་ཟ་ཞིང་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཁ་ཟས་མི་ཟ་བར་ལག་པ་གཡོན་པར་བཞག་སྟེ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། ཐིག་ལེ་བྱས་པས་ལུས་མི་སྣང་བར་འགྱུར་ཞིང་འདོད་དགུར་སྒྱུར་བའི་གཟུགས་ཅན་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །བཅོམ་ལྡན་འདས་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་རིའི་རྩེ་མོར་སོང་སྟེ། བཅོམ་ལྡན་འདས་མ་བཟླས་བརྗོད་བྱའོ། །དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཅི་འབྱོར་པས་ལྷ་བཤོས་དབུལ་ཞིང་མཆོད་པ་བྱས་ཏེ་བཅོམ་ལྡན་འདས་མ་ལ་བཟླས་
250a
༄#། །བརྗོད་བྱའོ། །དེ་ནས་ནམ་ཕྱེད་ན་བཅོམ་ལྡན་འདས་མ་ཉིད་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་བཅོམ་ལྡན་འདས་མས་སྒྲུབ་པ་པོའི་སྤྱི་བོར་བྱུགས་ནས། བུ་ལེགས་སོ། ཁྱོད་ལ་མཆོག་ཅི་ཞིག་སྦྱིན་པར་བྱ་ཞེས་དེ་ཉིད་ཟེར་བ་དང ། ཅི་འདོད་པ་དེ་བ་སླང་བར་བྱ་སྟེ། འདོད་ན་ཞོ་འམ། རིགས་སྔགས་འཆང་ཉིད་དམ། ལུས་མི་སྣང་བའམ། སའི་འོག་ཏུ་འགྲོ་བ་འམ། གཞན་ཡང ། ཡིད་ལ་གང་འདོད་པ་ཅི་ཡང་རུང་བ་དེ་ཐམས་ཅད་བསླང་པར་བྱའོ། །ཅི་སྟེ་ངང་པ་བསྒྲུབ་པར་འདོད་ན་ལི་ཁྲི་ལས་ངང་པའི་གཟུགས་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་གཞག་ལ་ཀུནདའི་མེ་ཏོག་གིས་མཆོད་པ་རྒྱས་པར་བྱས་ནས། མཚན་རངས་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ནང་བར་རམ། ཉི་མ་འཆར་ཀར་འགྲུབ་པར་འགྱུར་ཏེ་དེ་ལ་ཞོན་ནས་ནམ་མཁའ་ལ་འཕགས་པ་དང།་ཚངས་པ་གཉིས་པར་འགྱུར་རོ། །ཅི་སྟེ་རྨ་བྱ་བསྒྲུབ་པར་འདོད་ན་འཇིམ་པ་ལ་རྨ་བྱའི་གཟུགས་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ། ཟླ་བ་དྲུག་ཏུ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་ཉ་ལ་ཅི་འབྱོར་བས་མཆོད་པ་བྱས་ཏེ། མཚན་རངས་བཟླས་བརྗོད་བྱས་ན་ཉི་མ་འཆར་ཀར་རྨ་བྱའི་
250b
སྐད་འབྱིན་པར་འགྱུར་ཏེ། སྐད་ཕྱུང་མ་ཐག་ཏུ་སྔགས་པས་བསླང་བར་བྱའོ། །དེ་བླངས་པ་ཙམ་གྱིས་སྔགས་པ་སྨིན་དྲུག་གི་བུ་དང་འདྲ་བར་འགྱུར་རོ། །ཆོ་ག་དེ་བཞིན་དུ་ས་སྲུང་གི་བུ་བསྒྲུབ་ན་བརྒྱ་བྱིན་དང་འདྲ་བར་འགྱུར་རོ། །ལུས་མི་སྣང་བར་བསྒྲུབ་པར་འདོད་ན་མིའི་ཐོད་བ་བླངས་ལ་ཤིང་མངར་དང་ལྷན་ཅིག་ཏུ་ཞིབ་མོར་བཏགས་ཏེ། ཐ་མར་ཡར་གྱི་ངོ་ཚེས་བརྒྱད་ལ་ཨརྒའི་ཤིང་གི་མེ་བུས་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་མཚན་རངས་སྦྱིན་སྲེག་བྱས་ཏེ་ནང་པར་དེའི་ཐལ་བས་སེན་མོའི་སེན་རིས་བྱས་ན་ལུས་མི་སྣང་བར་འགྱུར་ཏེ། ལུས་མི་སྣང་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །སྦྱོར་བ་གཞན་ཡང་འབྱུང་སྟེ། ལི་ཁྲི་མར་དང་ལྷན་ཅིག་ཏུ་བསྲེགས་ལ།་དེ་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་བྱས་ན་ཤེལ་བཞིན་འབར་བར་འགྱུར་གྱི་བར་དུ་མཚན་རངས་བརྗོད་པར་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ་དེས་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཏེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། །ཅི་སྟེ་མིག་སྨན་བསྒྲུབ་པར་འདོད་ན་སྣ་མའི་མེ་ཏོག་དང ། ལིག་བུ་མིག་བླངས་ཏེ་ཞིབ་མོར་བྱས་ལ་དེ་ནས་སྔ་མ་བཞིན་དུ་ཟངས་ཀྱི་སྣོད་དུ་བཞག་སྟེ་མཆོད་པ་བྱས་ནས་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེ་སྔ་མ་བཞིན་དུ་
251a
༄#། །གྱུར་ནས་དེས་མིག་བསྐུས་ན་ཕྱོགས་གང་དུ་བལྟས་པ་དེ་ཐམས་ཅད་དབང་དུ་འགྱུར་རོ། །ཅི་སྟེ་དེས་མིག་བསྐུས་ན་རྒྱལ་པོ་དང ། བློན་པོ་དང ། རྒྱལ་པོའི་བཙུན་མོ་དམ་པ་དང ། རྒྱལ་པོའི་བུ་མོ་དང ། གཞན་ཡང ། གང་སུ་ལ་བལྟས་པ་དེ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །དེ་ནས་མིག་སྨན་གྱི་མཆོག་བསྒྲུབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་མི་རོ་རྨ་མེད་པ་བླངས་ཏེ་ཙནྡན་དམར་པོ་དང་ལྡན་པའི་ལྷ་བ་ཤོས་ཕུལ་ལ། དེ་ནས་མི་རོའི་ལག་ཏུ་མིག་སྨན་བཞག་སྟེ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱས་པ་དང ། མི་རོའི་ལག་ན་མིག་སྨན་འདུག་པ་འགུལ་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ། དེས་མིག་ལ་བསྐོས་ན་གནག་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །སྣ་མའི་མེ་ཏོག་བརྒྱད་སྟོང་གི་སྦྱིན་སྲེག་བྱས་ན་ལས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ནས་བསོད་སྙོམས་ཀྱི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན། ཡར་གྱི་ངོ་ཚེས་བརྒྱད་ལ་ཡང་ཡུལ་སྦྱིན་པར་འགྱུར་རོ། །ཡར་གྱི་ངོ་ཚེས་བརྒྱད་ལ་བསོད་སྙོམས་ཀྱི་ཟས་ཟ་ཞིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་ཚོགས་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་
251b
ཟས་སུ་འོ་མ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་འབྱེར་བར་འགྱུར། མར་གྱི་ངོ་ཞག་བརྒྱད་ལ་ཞག་ཅིག་སྨྱུང་བར་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བྱས་ལ་མཚན་རངས་བཟླས་བརྗོད་བྱས་ན་དེ་ནས་རི་མོའི་སྐུ་གཟུགས་ལས་འོད་ཟེར་འབྱུང་བར་འགྱུར་རོ། །དེ་ནས་འགྲུབ་པར་འགྱུར་ཏེ། རཱ་ཛྱཾ་ཉད་\?\་དཱ་ཏི་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བྱས་ཏེ་ཟས་སུ་ཆུ་འཐུངས་ན་དེ་ནས་ནམ་མཁའ་ལ་རལ་གྲི་ཐོགས་པར་འགྱུར་ཏེ། དེས་མཆོད་ཡོན་ཕུལ་ལ་བླང་བར་བྱའོ། །དེས་བླངས་པ་ཙམ་གྱིས་སྐྲ་ལྕང་ལོར་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་དང་འདྲ་བར་འགྱུར་ལ། རིག་སྔགས་འཆང་དུ་མས་བསྐོར་ཞིང་སིལ་སྙན་དང ། ཕེག་རྡོབ་པ་མང་པོས་རོལ་མོ་བྱེད་ཅིང་འགྲོ་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་སངས་རྒྱས་ཀྱི་ཞིང་དུ་མ་ཡང་མཐོང་པར་འགྱུར་རོ། །ཐམས་ཅད་དུ་ཡང་མཆོད་པ་རྣམ་པ་སྣ་ཚོགས་ཀྱི་སྤྲིན་དག་གྲུབ་པར་བྱེད་དོ། །གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ཡང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་རྣམས་སུ་སྐྱེ་བར་འགྱུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ། །ཅི་སྟེ་རལ་གྲི་བསྒྲུབ་པར་འདོད་ན་དགོན་པར་སོང་ལ་ཆུ་འཐུང་ཞིང་ཟླ་བ་གཅིག་བཟླས་བརྗོད་བྱས་
252a
༄#། །ལ་དེའི་འོག་ཏུ་ཟླ་བ་ཉ་ལ་ཅི་འབྱོར་པས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བྱས་ཏེ་མཚན་རངས་བཟླས་བརྗོད་བྱས་ན་དེ་ནས་རལ་གྲི་འབར་བར་འགྱུར་ཏེ། དེ་བླངས་པ་ཙམ་གྱིས་རིག་སྔགས་འཆང་དུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །ལོ་དྲུག་ཁྲིར་འཚོ་བར་འགྱུར་རོ། །དེ་ཡང་མཆོད་པ་བྱེད་པར་འགྱུར་རོ། །འདོད་པ་བཞིན་དུ་དགོས་པ་ཐམས་ཅད་བྱེད་དོ། །གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེས་དང་པོ་ལ་དབང་པར་འགྱུར་རོ། །ཅི་སྟེ་ཟས་མི་ཟད་པར་འབྱུང་བར་འདོད་ན། སྦོ་མའི་རྩ་བ་བླངས་ལ་སླེ་ཏྲེས་དང་ལྷན་ཅིག་སྦྱིན་སྲེག་བྱས་ན་ཁ་ཟས་མི་ཟད་པར་འབྱུང་ངོ ། །མིག་ན་ན་རྒྱམ་ཚ་བཏགས་པ་ལ་ལན་བདུན་སྔགས་ཏེ་མིག་བཀབ་ན་མིག་ནད་སོས་པར་འགྱུར་རོ། །ཀ་ལ་པིངྐའི་རྩ་བ་སྲོག་ཆགས་མེད་པའི་ཆུ་དང་བཏགས་ལ་ལྟེ་བའི་ཕྱོགས་སུ་བསྐུས་ན་བུད་མེད་བདེ་བར་བུ་བཙས་པར་འགྱུར་རོ། །ཟླ་བ་སྤྱང་ཀྱིས་ཟིན་པའི་ཚེ་བ་དམར་སེར་གྱི་མར་ཟངས་ཀྱི་སྣོད་དུ་བཅུག་སྟེ། ཙེར་རི་རི་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ལ། དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཉེ་བའི་གསོ་སྤྱོང་བྱས་པས་ཚེས་བཅུ་དྲུག་ནས་བརྩམས་ཏེ་ཏིལ་དང་སྦྲང་རྩི་བསྲེས་པས་སྦྱིན་སྲེག་བྱས་ན་རཱ་ཛྱཾ་པྲ་ཏི་ལ་བྷྱ་ཏེ་རི་མོའི་གཟུགས་ཀྱི་མདུན་
252b
དབྱེ་\?\་པ་ཕྲག་ཅིག་བཟླས་བརྗོད་བྱས་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བར་འགྱུར་ཏེ། ཆོས་སྟོན་པ་ཡང་བྱེད་དོ། །དེ་ཐོས་པས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །ཙནྡན་དམར་པོ་ལས་རྡོ་རྗེ་བྱས་ལ་དེ་གློར་བཞག་སྟེ་འབར་བའི་བར་དུ་བཟླས་བརྗོད་བྱས་ན་དེ་ལ་རེག་པ་ཙམ་གྱིས་གླིང་བཞིའི་རྒྱལ་པོར་འགྱུར་རོ། །ཤིང་པ་ཏའི་འབྲས་སུ་སྦྱིན་སྲེག་བྱས་ན་གང་གིས་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །རྒྱ་ཤུག་གི་འབྲས་བུ་རྣམས་ཀྱང་དེ་བཞིན་ཏེ། གང་གི་མིང་ནས་བརྗོད་ཅིང་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ། །ཡང་ན་ནིམ་པའི་འབྲས་བུ་སྤྱིན་སྲེག་བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །བ་རུ་རའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་ཡུལ་ཆེན་པོ་རྙེད་པར་འགྱུར་རོ། །མ་ལི་ཀའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་ཟས་ཟད་མི་ཤེས་པར་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་འབྲས་བུ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཏི་ན་ར་འབུམ་རྙེད་པར་འགྱུར་རོ། །སྣ་མའི་མེ་ཏོག་ཁྲི་སྦྱིན་སྲེག་བྱས་ན་མདུན་ན་འདོན་མཆོག་ཏུ་འགྱུར་རོ། །བྲ་མའི་ཁུ་བ་དང ། སྦྲང་རྩི་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་སྟེ། ཏི་ན་ར་རྙེད་ཀྱི་བར་དུ་བཟླས་བརྗོད་བྱའོ།། གུ་གུལ་གྱི་སྦྱིན་སྲེག་གིས་ནི་རྒྱལ་ཕྲན་ཐོབ་པར་འགྱུར་རོ། །ཤིང་བིལ་བའི་མེའི་མེ་བུས་ལ་མ་ལི་ཀའི་མེ་ཏོག་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་དབང་དུ་འགྱུར་
253a
༄#། །རོ། །བ་རུ་རའི་ཤིང་གི་མེ་བུས་ལ་ཨ་ག་རུའི་ཡམ་སྲེག་ཤིང་ཁྲིའི་སྦྱིན་སྲེག་བྱས་ན་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་ཆེན་པོའི་གནས་སུ་སོང་སྟེ་བའི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ་ཨརྒའི་མེ་ཏོག་སྟོང་རྩ་བརྒྱད་ཕུལ་ན་ལྷ་ཆེན་པོ་མཐོང་བར་འགྱུར་ཏེ། དངོས་གྲུབ་གང་འདོད་པ་སྦྱིན་པར་བྱེད་དོ། །ལྷ་ཆེན་པོའི་གནས་སུ་རི་མོའི་སྐུ་གཟུགས་བྲིས་ཏེ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་དཀའ་ཐུབ་བཟློག་གི་ཁྱོ་མཐོང་བར་འགྱུར་ཏེ། དངོས་གྲུབ་ཅི་འདོད་པ་སྦྱིན་པར་བྱེད་དོ། །དུར་ཁྲོད་ཆེན་པོར་རི་མོའི་སྐུ་གཟུགས་བྲིས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་རོ་ལངས་ཆེན་པོ་མཐོང་པར་འགྱུར་ཏེ། མཆེ་བ་མི་སྡུག་པར་གཙིགས་མེའི་ཕུང་པོ་ཆེན་པོ་ལྟར་བྱུང་ན་ཡང་དེ་ལ་འཇིགས་པར་མི་བྱ་བར་ཕྱག་རྒྱ་བཅིངས་ལ་བསྣུན་ན། དེས་འགྱེལ་བར་འགྱུར་ཏེ། དེ་ལ་དམ་པ་བསླངས་ན་རྒྱལ་སྲིད་དམ། གཏེར་རམ། མི་སྣང་བ་འམ། ཡུལ་ལམ། རྐང་མགྱོགས་ཀྱང་རུང་སྟེ། དམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་ཅིག་སྦྱིན་པར་བྱེད་དོ། །ལན་ཚཝའི་སྦྱིན་སྲེག་གིས་ནི་ལྷའི་བུད་མེད་འགུགས་པར་བྱེད་དོ། །སྣ་མའི་མེ་ཏོག་ཁ་མ་བྱེ་བ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་ཏི་ན་ར་རེ་རེ་རྙེད་པར་འགྱུར་རོ། །ཅི་སྟེ་དགྲ་སྲོག་དང་བྲལ་བར་
253b
འདོད་ན་སྲེག་བླུགས་ལན་ཚཝ་འབུམ་སྦྱིན་སྲེག་བྱས་ན་སྲོག་དང་བྲལ་བར་འགྱུར་རོ། །ཅི་སྟེ་ནམ་མཁའ་ལྡི་\?\་བསྒྲུབ་པར་འདོད་ན་གྲོག་མཁར་གྱི་ས་ལས་ནམ་མཁའ་ལྡིང་གི་གཟུགས་བྱས་ཏེ། བ་ལས་བྱུང་བའི་རྣམ་ལྔས་བཀྲུས་ལ། དེ་ནས་ནམ་མཁའ་ལྡིང་གི་གཟུགས་དེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ། འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་དེ་ནས་འགྲུབ་པར་འགྱུར་ཏེ། དེ་ལ་ཞོན་ནས་གང་དུ་འདོད་པ་དེར་འགྲོའོ། །དེ་ལ་ཡོ་བྱད་ཐམས་ཅད་ཀྱང་སྒྲུབ་པར་བྱེད་དོ། །འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀླུ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །ཅི་སྟེ་འཁོར་ལོས་བསྒྱུར་བ་བསྒྲུབ་པར་འདོད་ན་ལྕགས་ཨུར་མོའི་འཁོར་ལོ་བྱས་ལ་སྤོས་ཆུས་བཀྲུས་ལ་གུར་གུམ་གྱིས་བྱུགས་ལ། དེ་ནས་ཨ་ཤཝད་ཐའི་ལོ་མའི་སྟེང་དུ་བཞག་སྟེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ་སུམ་འབུམ་བཟླས་བརྗོད་བྱས་ན་དེས་འགྲུབ་པར་འགྱུར་ཏེ། དེས་གཟུང་བ་ཙམ་གྱིས་རིག་སྔགས་འཆང་འཁོར་ལོས་བསྒྱུར་པར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ཞིང་ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཀྱང་ཡོངས་སུ་བསྐོར་ནས་ལྷའི་གཞལ་མེད་ཁང་གི་ནང་ནས་ནམ་མཁའ་ལ་འགྲོ་ཞིང ། རྟག་ཏུ་མཆོད་པ་བྱེད་པར་
254a
༄#། །འགྱུར་རོ། །ཅི་སྟེ་བཅོམ་ལྡན་འདས་མ་སྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཟླས་བརྗོད་དྲུག་འབུམ་བྱས་ན་བཅོམ་ལྡན་འདས་མ་མངོན་སུམ་དུ་འགྲུབ་པར་འགྱུར་ཏེ། མཐོང་བ་ཙམ་གྱིས་དེ་བཞིན་གཤེགས་བའི་རྗེས་སུ་སྦྱོད་པར་འགྱུར་རོ། །ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འགྱུར་རོ། །ཅི་སྟེ་ཞི་བར་བྱེད་པར་འདོད་ན་པདྨ་ཁ་མ་བྱེ་བ་བརྒྱད་སྟོང་ཕུལ་ན་སུའི་ཆིང་དུ་ཕུལ་བ་དེ་ཞི་པར་འགྱུར་རོ། །སྣ་མའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དེའི་ནད་ཐམས་ཅད་མེད་པར་འགྱུར་རོ། །བ་རུ་རའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ། །དཔལ་གྱིས་ཟིན་པར་འགྱུར་རོ། ། ཏི་མུ་ཀ་ཏ་ཀ་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་གང་གི་ཆེད་དུ་བྱས་པ་དེ་གདོན་གང་གིས་ཟིན་པར་གྱུར་པ་དེ་ལ་བལྟས་པ་ཙམ་གྱིས་གཏོང་བར་འགྱུར་རོ། །ཟླ་བ་སྤྱང་ཀྱིས་ཟིན་པའི་ཚེ་མར་ཟངས་ཀྱི་སྣོད་དུ་བཞག་སྟེ་དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད་བྱས་ནས་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཅི་སྟེ་རྨ་བྱ་བསྒྲུབ་པར་འདོད་ན་ཆུ་ངོགས་གཉིས་ཀ་ནས་ས་བླངས་ཏེ་ཙནྡན་དང་བསྲེས་ལ་རྨ་བྱའི་གཟུགས་བྱས་ཏེ། དེ་ནས་རྨ་བྱེད་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ། རྨ་བྱའི་སྒྲ་འབྱིན་
254b
གྱི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །ཅི་སྟེ་རྫས་སྒྲུབ་པར་འདོད་ན་ཀ་ར་བི་རའི་མེ་ཏོག་འབུམ་ཕུལ་ན་ཉིན་གཅིག་བཞིན་ཏི་ན་ར་ལྔ་ལྔ་རྙེད་པར་འགྱུར་རོ།། མིད་པ་ནུབ་པ་ཙམ་གྱི་ཆུར་ཞུགས་ལ་འབུམ་བཟླས་བརྗོད་བྱས་ན་གཏེར་རྙེད་པར་འགྱུར་རོ། །སྣ་མའི་མེ་ཏོག་ཁ་མ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་བུད་མེད་གང་འདོད་པ་དེ་རྙེད་པར་འགྱུར་རོ། ། ཏི་མུ་ཀ་ཏ་ཀའི་མེ་ཏོག་ཁྲི་ཕུལ་ན་ལུས་ལ་ནད་ཅི་ཡོད་པ་ཐམས་ཅད་བྱ་བས་བྱེད་པར་འགྱུར་ཞིང་ཕྱིས་མི་ལྡང་ངོ ། །ཚེ་རིང་བར་ཡང་འགྱུར་རོ། ། ལུས་ལ་སྐལ་བ་བཟང་པོ་འབྱུང་བར་འགྱུར་རོ། །ལོ་བརྒྱར་འཚོ་བར་འགྱུར་རོ། །ཅི་སྟེ་ཕ་རོལ་གྱི་དམག་གཞིག་པར་འདོད་ན་མཛུབ་མོ་ལ་ལན་བདུན་སྔགས་ཏེ་བསྡིགས་ན་དམག་འབྲོས་པར་འགྱུར་རོ། །འཐབ་པར་འདོད་ན་འུག་པའི་སྒྲོ་འབུམ་སྦྱིན་སྲེག་བྱས་ན་ཆེར་འཐབ་པར་འགྱུར་རོ། །དགྲ་ཕུང་བར་བྱེད་པར་འདོད་པས་སྐྱེ་ཚེ་འབུམ་སྦྱིན་སྲེག་བྱས་ན་དགྲ་སྲོག་དང་བྲལ་བར་འགྱུར་རོ། །རྒྱ་ཤུག་གི་འབྲས་བུ་ཚཝ་བ་གསུམ་གྱི་མར་དུ་སྙུགས་པ་ཁྲི་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཀྱང་མི་གཙོ་བར་འགྱུར་རོ། །བ་རུ་རའི་འབྲས་བུ་ཡུངས་ཀར་གྱི་མར་དུ་སྨྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཉི་མ་ལྔས་དགྲ་ཕུང་བར་འགྱུར་རོ། །དབང་དུ་བྱ་ན་འབྲས་སཱ་ལུའི་ཕྱེ་མ་ལས་
255a
༄#། །གཟུགས་བྱས་ལ་གཏུབ་ཅིང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ། །ཀ་ར་བཱི་རའི་མེ་ཏོག་ཁ་མ་བྱེ་བ་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་དབང་དུ་འགྱུར་རོ། །སྣ་མའི་ལོ་མ་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་སྨྱོ་བར་བྱེད་དོ། །ཛ་ཏི་ཀ་ལི་ཀ་ནན་ལ་ཀྵཾ་ཛུ་ཧུ་ཡང་རཱ་ཛ་ནཾ་བ་ཤི་ཀ་རོ་ཏི། ཨ་ཏི་མུ་ཀ་ཏ་ཀའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ། །མར་གྱི་སྦྱིན་སྲེག་གིས་ཞག་བཞི་པ་མེད་པར་འགྱུར་རོ། །སྣ་མའི་མེ་ཏོག་སྦྲང་རྩི་དང་བསྲེས་པ་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་རེ་རྙེད་པར་འགྱུར་རོ། །དེ་ནས་ཀླུ་བསྒྲུབ་པར་འདོད་པས་མ་ལི་ཀའི་མེ་ཏོག་ཁ་མ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་ཀླུ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་ད་གྱོད་པ་ཐམས་ཅད་ཀྱིས་ཅི་འདོད་པ་བཞིན་འགྲུབ་པོ། །མྱ་ངན་འཚང་གི་མེ་ཏོག་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཉིན་གཅིག་བཞིན་གཡོག་ལྔ་བརྒྱའི་གོས་ཟས་འབུལ་ལོ། །ཅི་སྟེ་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་པས་ཨ་ག་རུའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་དབང་དུ་འགྱུར་ཏེ་དེ་དག་ཅི་འདོད་པ་བཞིན་དུ་འགྲུབ་བོ། །ཅི་སྟེ་ལག་ན་རྡོ་རྗེ་བསྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་
255b
ཀྱི་མདུན་དུ་བཞི་འབུམ་བཟླས་བརྗོད་བྱས་ལ་ཐ་མར་ཟླ་བ་ཉ་ལ་ཨུཏྤ་ལའི་མེ་ཏོག་ཅི་འབྱོར་པས་མཆོད་པ་བྱས་ཏེ། མཚན་རངས་བཟླས་བརྗོད་བྱས་ན་ནང་པར་རམ། ཉི་མ་ཤར་ན་ལག་ན་རྡོ་རྗེ་འོང་སྟེ། འོངས་ནས་སྔགས་པའི་མགོ་ལ་རེག་པ་བྱེད་དེ། རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྡ་དང་ལྡན་པར་འགྱུར་རོ། །རིག་སྔགས་འཆང་ཉིད་དམ།་གཞན་ཅི་ཡང་རུང་བ་ཞིག་ཀྱང་རྙེད་པར་འགྱུར་རོ། །དེས་ཅི་འདོད་པ་དེ་ཐམས་ཅད་རྙེད་པར་འགྱུར་རོ། །ལག་ན་རྡོ་རྗེའི་གཟུགས་ཀྱི་མདུན་དུ་ཤིང་ཀིང་ཤུ་ཀའི་མེ་ཏོག་འབུམ་ཕུལ་ན་ཏི་ན་ར་སྟོང་རྙེད་པར་འགྱུར་རོ། །ལག་ན་རྡོ་རྗེའི་གཟུགས་ཀྱི་ལག་པ་ནས་བཟུང་སྟེ། ཟླ་བ་གཅིག་བཟླས་བརྗོད་བྱས་ན་ཉིན་གཅིག་བཞིན་ཏི་ན་ར་རེ་རེ་སྦྱིན་པར་བྱེད་དོ། །ལག་ན་རྡོ་རྗེའི་གཟུགས་པདྨའི་འདབ་མའི་སྟེང་དུ་བཞག་སྟེ། སྣ་མའི་མེ་ཏོག་ཁ་མ་བྱེ་བ་ཁྲི་ཕུལ་ན་ཉིན་གཅིག་བཞིན་ཀར་ཤཱ་པ་ཎ་རེ་རེ་སྦྱིན་པར་བྱེད་དོ། །ཟླ་པ་གཅིག་ཏུ་ནམ་ཕྱེད་ན་ལངས་ཏེ་ཉིན་གཅིག་བཞིན་གི་ཝང་གིས་དཀྱིལ་འཁོར་བྱས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ནུས་པར་འགྱུར་རོ། ། བགེགས་རྣམས་ཀྱིས་མི་འཚེ་བར་འགྱུར་རོ། །ཟླ་བ་གཅིག་ཏུ་ཙནྡན་དམར་བོས་དཀྱིལ་འཁོར་བསྐུས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ཤ་ཟ་ཐམས་ཅད་
256a
༄#། །དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །རང་གི་ཁྲག་གིས་དཀྱིལ་འཁོར་བསྐུས་ཏེ། ཟླ་བ་གཅིག་བཟླས་བརྗོད་བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །ཤུ་དག་དཀར་པོ་འབུམ་སྦྱིན་སྲེག་བྱས་ན་མ་མོ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་དག་ཅི་འདོད་པ་དེ་ཐམས་ཅད་བསྒྲུབ་བོ། ། ལི་ག་དུར་འབྲུ་སྟོང་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་སྣོད་གང་བ་རྙེད་པར་འགྱུར་རོ། །སྒེའུ་གཤེར་གྱི་རྩ་བ་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་ཀར་ཤཱ་པ་ཎ་བཞི་བཞི་རྙེད་པར་འགྱུར་རོ། ། པ་མརྒའི་སྙིང་པོ་ཁྲི་སྦྱིན་སྲེག་བྱས་ན་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་འགྱུར་རོ། །ན་ལེ་ཤམ་གྱི་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་ཐལ་བ་བླངས་ཏེ་ཐིག་ལེ་བྱས་ལ་མོན་སྲན་སྡེའུ་ལ་སོགས་པའི་ཕུང་པོའི་ནང་དུ་གཏོར་ན་དེ་མི་ཟད་པར་འགྱུར་རོ། །ཅི་སྟེ་འཇམ་དཔལ་བསྒྲུབ་པར་འདོད་ན་ཨ་ག་རུ་དང་བསྲེས་པའི་གི་ཝང་གིས་དཀྱིལ་འཁོར་བསྐུས་ལ་དེར་གཟུགས་བཞག་སྟེ། ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན་བདག་ཉིད་འཇམ་དཔལ་མཐོང་བར་འགྱུར་ཏེ་དེས་ཆོས་སྟོན་ཏོ། །དེ་ཐོས་ནས་ཐོས་པ་འཛིན་པར་འགྱུར་རོ། །རིག་སྔགས་འཆང་ཉིད་ཀྱང་ཐོབ་པར་འགྱུར་རོ། །དེ་ཇི་སྲིད་འདོད་
256b
ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །པདྨ་དཀར་པོ་བརྒྱད་སྟོང་ཕུལ་ན་དེ་ལ་འཇམ་དཔལ་འགྲུབ་པར་འགྱུར་ཏེ་རྒྱལ་སྲིད་དམ་པ་འམ། ས་འོག་ཏུ་འཇུག་པ་འམ། མི་སྣང་བར་བྱ་བ་འམ། ཐོས་པ་འཛིན་པ་འམ། སྨན་བཅུད་ཀྱིས་ལེན་ཡང་རུང་སྟེ། དམ་པ་ལྔ་ལས་གང་ཡང་རུང་བ་གཅིག་སྦྱིན་བར་བྱེད་དོ། །སྒྱུ་རུ་རའི་ཡམ་སྲེག་ཤིང་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ་དེ་དག་ཅི་འདོད་པ་གྲུབ་པར་བྱེད་དོ། །བིལ་བའི་འབྲས་བུ་འབུམ་སྦྱིན་སྲེག་བྱས་ན། དཔལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གྲུབ་པར་འགྱུར་ཏེ། ཅི་འདོད་པ་བཞིན་དུ་སྒྲུབ་བོ། །ན་ཛྱ་དི་མ་པྲ་ཡད་ཙནྟི། བ་རུ་རའི་འབྲུ་འབུམ་སྦྱིན་སྲེག་བྱས་ན། དབྱངས་ཅན་ཐམས་ཅད་གྲུབ་པར་འགྱུར་ཏེ། དེ་དག་གྲུབ་པས་ཚིག་ཐོགས་པ་མེད་པར་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་ཁ་མ་བྱེ་བ་ཁྲི་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་དུ་ཀར་ཤཱ་པ་ཎ་ལྔ་ལྔ་རྙེད་པར་འགྱུར་རོ། །ཅི་སྟེ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱེད་འདོད་ན་གྲོང་ཁྱེར་གྱི་བདག་པོའི་ལྷའི་གཟུགས་རི་མོར་བྲིས་པ་བྲིས་ལ་སྐེ་ཚེའི་སྦྱིན་སྲེག་བྱས་ཏེ། དེ་ནི་ཐལ་བ་ཐོགས་ལ་གྲོང་ཁྱེར་དུ་སོང་སྟེ། གཏོར་ན་དེ་དག་ཐམས་ཅད་གཉིད་ཀྱིས་ལོག་ཅིང་འདུག་པར་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །གྲོང་ཁྱེར་ལ་ཇི་ལྟ་བ་བཞིན་དུ་ཡུལ་ལ་
257a
༄#། །ཡང་དེ་བཞིན་དུ་བྱའོ། །མཚེའུ་སྐམ་པར་འདོད་ན་སྐེ་ཚེའི་སྲེག་བླུགས་རང་གི་ཁྲག་དང་སྦགས་པ་ཁྲི་སྦྱིན་སྲེག་བྱས་ལ་དེའི་ཐལ་བ་བླངས་ཏེ་མཚེའུ་དེར་གཏོར་ན་མཚེའུ་སྐམ་པར་འགྱུར་ཏེ། དེ་ན་གནས་པའི་ཀླུ་རྣམས་ཀྱིས་ཅི་འདོད་པ་བཞིན་དུ་རིན་པོ་ཆེ་རྣམས་འབུལ་ལོ། ། བ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་ལྷ་མོ་དཔལ་མཐོང་བར་འགྱུར་ཏེ། ས་ཙ་རཱ་ཛྱ་མ་པྲ་ཡཙྪ་ཏི། བིལ་བའི་འབྲས་བུ་སྟོང་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོའི་མདུན་ན་འདོན་དུ་འགྱུར་རོ། །མྱ་ངན་འཚང་གི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་ན་རྐང་པ་བཞི་པ་ཐམས་ཅད་དབང་དུ་འགྱུར་རོ། །སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོའི་ཕོ་བྲང་འཁོར་དུ་ཚིག་གཟུང་བར་འོས་པར་འགྱུར་རོ། །སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་ན་བུད་མེད་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། །སྐེ་ཚེའི་སྡོང་བུའི་ཡམ་སྲེག་ཤིང་སྦྲང་རྩི་ལ་སྨྱུགས་པ་བརྒྱ་སྦྱིན་སྲེག་བྱས་ན་གདོན་ཐམས་ཅད་དེ་ལ་ཞི་བར་བྱེད་པར་འགྱུར་རོ། །འབྲས་ཀྱི་འོ་ཐུག་དང ། སྦྲང་རྩི་འབབ་ཆུའི་ནང་དུ་གཏོར་ན་ཀླུ་མོ་ཐམས་ཅད་དེའི་དབང་དུ་འགྱུར་ཏེ་རང་རང་གི་གནས་སུ་ཡང་ཁྲིད་པར་བྱེད་དོ། །ལོག་འདྲེན་བསྒྲུབ་པར་འདོད་ན་ཨ་ཏི་མུཀྟ་ཀའི་མེ་ཏོག་འབུམ་གཏོར་ན་ལོག་འདྲེན་
257b
ཐམས་ཅད་དངོས་གྲུབ་སྦྱིན་པར་བྱེད་དོ། ། ཤཝཏྠ་ཨཱི་ལོ་མ་སྦྲང་རྩི་ལ་སྨྱུགས་ཏེ། བརྒྱད་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་སྔགས་པ་དེ་ལ་ཉིན་གཅིག་བཞིན་དུ་སྣོད་གང་བ་ཅི་འདོད་པ་འབུལ་ལོ། །རྨ་བྱའི་སྒྲ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བདུད་ཀྱི་གདོན་ཐམས་ཅད་བསལ་བར་འགྱུར་རོ། ། ག་རུ་ས་མརད་ནན་ཨསྟ་ཧ་ས་སྲན་ཛུ་ཧུ་ཡཱད་རཱ་ཛ་བ་ཤོ་བྷ་བ་ཏི། པྲི་ཡང་ཀུའི་ཡམ་སྲེག་ཤིང་གིས་ནི། མ་ཧཱ་རཱ་ཛ་གྲ་མ་ཧི་ཤི་བ་ཤོ་བྷ་བ་ཏི། ཨ་ག་རུའི་ཡམ་སྲེག་ཤིང་གི་མེ་བུས་ལ་ཏིལ་འབྲུ་ཁྲི་སྦྱིན་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ། །ཤིང་འོ་མ་ཅན་གྱི་མེ་བུས་ལ་ཏིལ་འབྲུ་འབུམ་སྦྱིན་སྲེག་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ། །ཤིང་མ་ད་ཀས་མེ་བུས་ལ་ན་ལེ་ཤམ་གྱི་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་ཏེ་འབྱུང་པོའི་བདག་པོ་རེ་རེ་ལ་ཡང་ཉིན་གཅིག་བཞིན་དུ་གཡོག་བརྒྱའི་གོས་ཟས་སྦྱིན་པར་བྱེད་དོ། །གར་འགྲོ་འདོད་པ་དེར་ཕྲག་པ་ལ་བསྐྱེན་ཏེ་འགྲོའོ། །མོན་སྲན་གྲེའུ་འབྲུ་འབུམ་སྦྱིན་སྲེག་བྱས་ན་འབྱུང་མོ་ཐམས་ཅད་དབང་དུ་འགྱུར་ཏེ། དེ་དག་སྔགས་པ་དེའི་ཡོ་བྱད་ཐམས་ཅད་སྒྲུབ་བོ། །འཇམ་དཔལ། འདི་དག་ལ་སོགས་པ་གཟུངས་འདི་རྣམས་ཀྱི་བསྒྲུབ་པ་དག་ནི་གང་དུ་སྦྱོར་བ་དེའི་དངོས་གྲུབ་སྦྱིན་པར་བྱེད་དོ། །འདོད་པ་
258a
༄#། །དང།་སྦྱོར་བ་ཐ་དད་པ་དང ། སྦྱོར་བ་མང་ཡང་རུང་\?\། ཉུང་ཡང་རུང་བས་ཀྱང་སྒྲུབ་པར་བྱེད་དོ། །འཇམ་དཔལ། གཞན་ཡང ། གཟུངས་སྔགས་འདི་དག་འཛིན་པ་དང ། སྒྲུབ་པ་རྣམས་ལ་ནི་བགེགས་རྣམས་ཀྱི་སྐབས་མེད་དོ། །ལག་ན་རྡོ་རྗེ་དབང་བསྐུར་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྫོགས་སོ།། །།འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོའི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང ། ཞུས་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།