rKTs


H524

(e-text produced by ACIP)

see text in transliteration
158a
འཕགས་པ་པརྞ་ཤ་བ་རིའི་མདོ།་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །བཱ་མ་ནེ་ཏྭཱཾ་ན་མ་ཥྱ་མི་ཏྭཱཾ་ན་མ་སྱཱ་མི་བཱ་མ་ནེ་བྷ་ག་ཝ་ཏི་པི་ཤཱ་ཙི། པརྞ་ཤ་བ་རི། པི་ཤཱ་ཅི་པཱ་ཤ་པ་ར་ཤུདྡྷཱ་རི་ཎཱི། ཡ་ནི་ཀ་ནི་ཅིད་བྷ་ཡཱ་པ་དྱཾ་སྟེ། ཡེ་ཀེ་ན་ཅིད་
158b
ུ་པ་དྲ་བྷཿ ཡེ་ཀེ་ཙིད་ཨཱུ་པཱ་ཡཱ་སཱ། ཡེ་ཀེ་ཙིད་ཨ་དྷྱ་ཨཱཏྨི་ཀཱ་བྷ་ཡ། ཡེ་ཀེ་ཙིད་ཨུ་པ་ཡརྒྒ་ཨུ་པ་སརྒྒ་སཾ་བདྡྷཱ་བཱ། ཨུད་པ་དྱཏྟེ། སརྦ་ནི་ཏཱ་ནི། སརྦ་སྟ། སརྦེ་ཏེ་བཱ་ལ་ཏ། ཨེ་བོད་པརྱནྟེ་ན་པཎྜི་ཏ་ཏཿ ་ཏད་ནཻ་ན་ས་ཏྱ་བ་ཙ་ནེ་ན་ས་ཏྱ་བཱཀྐ་ནཿ ་ཏདྱ་ཐཱ། ཨོཾ་ཛཿ ཛཿ ཛཿ ཛཿ ེ་བྷི་ཥཿ ་པཎྜི་ཏ་ཨ་དྷིཥྛི་ཏཻ་ར་མནྟྲ་པ་དེ་ར་མ་མ་སརྦ་སཏྭཱ་ནཱཉྩ། རཀྵཾ་ཀུ་རུ་བ་རི་ཏྲ་ནཾ་ཀུ་རུ། བ་རི་གྲ་ཧཾ་ཀུ་རུ། པ་རི་པཱ་ལ་ནཾ་ཀུ་རུ། ཤཱནྟིཾ་ཀུ་རུ་སཝ་སཏྱ་ཡ་ནཾ་ཀུ་རུ། དཎྜ་པ་རི་ཧཱ་རཾ་ཀུ་རུ། ཤསྟ་པ་རི་ཧཱ་རཾ་ཀུ་རུ། ཡཱ་བད་བ་ཥིདྟུ་ཥ་ཎཾ་ཀུ་རུ་ཨགྣཾ་པ་ར་ཧཱི་རཾ་ཀུ་རུ། ཨུ་ད་ཀ་པ་རི་ཧཱཾ་ཀུ་རུ།་ཀ་ཁོ་རྡ་ཚྪེ་ད་ནི་ཀུ་རུ་སཱི་མཱཾ་བཾ་དྷཾ་ཀུ་རུ། དྷཱ་ར་ཎི་བནྡྷཾ་ཀུ་རུ། ཏདྱ་ཐཱ། ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏེ་དེ་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་སཝ་སྟེ། ཨ་སཝ་སྟཾ་གེ་མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར། ཤ་མ་པྲ་ཤ་མ། ཨུ་པ་ས་མ་སརྦ་བྱཱ་དྷཱི། ནུ་བ་ས་མ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནུ་པ་ས་མ་སརྦ་ནཀྵ་ཏྲ་གྲ་ཧ་དོཥཱ་ནུ་པ་ས་མ། སརྦ་དཾ་ཥྚྭཱི་ནཾ། ཙོ་ས་ས་མ། བྷ་ག་བ་ཏི། པརྞ་ཤ་བ་རི། ཏྱུཾ་ན་ཏྱུཾ་ན། བི་ཏྱུཾ་ན་བི་ཏྱུཾ་ན། ཏུ་ཎ་ཏུ་ཎ་ཏུ་མུ་ལ་སཝཱཧཱ། ཨོཾ་གཽ་རི་གནྡྷ་རཱི་ཙོ་རི་ཙཎྜཱ་ལི་མཱ་ཏཾ་གི་པུཀྐ་སི་སཝཱཧཱ། ན་མཿ ་སརྦ་ཤ་བ་རཱ་ཎཱཾ། མ་ཧཱ་ཤ་བ་རཱ་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི་པརྞྞ་ཤ་བ་རི་སཝཱཧཱ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་བ་རི་ཧྲཱིཿ ཛཿ ཧཱུཾ་ཕཊ་པི་ཤཱ་ཙི་སཝཱཧཱ། ཨོཾ་ཨཾ་ཀུ་རེ། མཱཾ་ཀུ་རེ། ཀུ་ར་རེ་པརྞྞ་ཤ་བ་རི་སཝཱཧཱ། གནག་ནད་ལ་སྲད་བུ་བྱས་ཏེ་བརྒྱ་རྩ་བརྒྱད་བཟླས་
159a
༄#། །ཤིང་མདུད་པ་བརྒྱ་རྩ་བརྒྱད་དུ་མདུད་དེ། སྔགས་ཀྱི་སྙིང་པོ་བྲིས་པའི་སྣོད་དང་བཅས་པས་བཟླས་པ་ཚུལ་བཞིན་དུ་བྱས་ལ། དེའི་རྗེས་ལ་ནད་པའམ། རྟ་དང ། བ་ལང་ལ་སོགས་པ་ལ་སྤོས་ཆུས་བཀྲུས་ནས་ཁྱུ་མཆོག་ཀྱང་བཀྲུས་ཏེ་དེའི་མགོ་ལ་བཅིངས་ན། ཞི་བར་འགྱུར་རོ། །དེ་བཞིན་དུ་མ་ཧེ་དང་ར་ལུག་རྣམས་ལ་གནོད་པ་བྱུང་བ་ལ་ཡང་ལྷས་སུ་བྲི་བར་བྱའོ། །བུམ་པ་ཆུ་གཙང་མས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་བསྔགས་ནས་བཀྲུས་ན་ཞི་བར་འགྱུར་རོ། །སྔ་དྲོ་ཕྱུགས་ཀྱི་ལྷས་སུ་སོང་ལ་དྲི་དང་མེ་ཏོག་གི་གཏོར་མ་བྱས་ཏེ་བུམ་པ་གསར་པ་མ་སྤྱད་པ་ཆུས་བཀང་ལ་བརྒྱ་རྩ་བརྒྱད་དུ་བསྔགས་ཏེ། ཕྱུགས་ལྷས་ཀྱི་སྒོར་རྟ་བབས་གཟུགས་ཤིང ། རྟ་བབས་དེ་ལ་ཆུ་ཤིང་གི་ལོ་མ་ལ་རིག་པ་གི་ཝང་གིས་བྲིས་ཏེ་རྟ་བབས་ཀྱི་ཁར་གདགས་སོ། །དེ་ནས་ཕྱུགས་ཐམས་ཅད་ཟས་ལ་སོང་བ་རྟ་བབས་ཀྱི་སྒོ་དེ་ནས་གཟུང་ངོ ། །གཞན་ཡང་བུམ་པ་བཞི་ཆུས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་བསྔགས་ནས་མི་བཞིས་ཆུས་གཏོར་ན། ཕྱུགས་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་ཞག་བདུན་དུ་བྱས་ན། ནད་ཐམས་ཅད་ཞི་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་སོ། །སྟག་གི་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་
159b
དཀྲོལ་པར་བྱའོ། །ཆུ་སྲིན་གྱི་འཇིགས་པ་ལ་མདའ་དང་ཕ་གུ་ལ་བསྔགས་ན། སྦྲུལ་དང ། བྱི་བ་དང ། སྡིག་པ་ལ་སོགས་པ་རྣམས་ཀྱང་ཁ་བཅིངས་པར་འགྱུར་རོ། །གཡུལ་ངོར་ཐལ་བ་ལ་བསྔགས་ཏེ་སྤྱི་བོ་དང་མགུལ་དུ་བྱུགས་ན། མཚོན་ཆ་ཟློག་པར་བྱེད་དོ། །སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ ། །བུམ་པ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ཁྲུས་བྱའོ། །ལག་པའི་སྐུད་པ་ལ་བཟླས་ནས་བཅིང་ངོ ། །དེ་ནས་བདེ་བར་འགྱུར་རོ། །ཡུལ་བསྐོར་ཏེ་དྲིལ་བུ་དང ། རྔ་དང ། དུང་ལ་བཟླས་པ་བྱས་ན། བགེགས་ཐམས་ཅད་འབྱེར་ཏེ་གནོད་པའང་ཞི་བར་འགྱུར་རོ། །སྐྱེས་བུ་དཔའ་བོའི་དཔྲལ་བར་རིག་པའི་མདོངས་བཞག་ལ་མཚོན་ཆ་བསྐུར་ན། དགྲའམ་གཡུལ་ཞི་བར་འགྱུར་རོ། ། འཕགས་པ་པརྞྞ་ཤ་བ་རིའི་མདོ་རྫོགས་སོ།། །།