rKTs


H531

(e-text produced by ACIP)

see text in transliteration
179a
རྒྱ་གར་སྐད་དུ། ཨཱརྱ་ཛ་ཡ་བ་ཏི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་གནོད་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་
179b
འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དང ། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང ། བདེ་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིགས་ངགས་ཀྱིར་གྱལ་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བར་དགོངས་ཏེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་བཀའ་སྩལ་བ། ལག་ན་རྡོ་རྗེ། ཁྱོད་ཀྱིས་རིག་སྔགས་ཀྱིར་གྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་དང ། སྙིང་བརྩེ་བའི་ཕྱིར་དང་ཡང་ད་ལྟར་འཆད་པ་འདི་ཟུངས་ཤིག། ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡ་བ་ཏི་ཡེ། བུདྡྷ་ཨ་དྷིཥྛི་ཏེ་དྷརྨ་ཨ་བ་བྷ་ས་ནི། བུདྡྷ་ཨ་དྷི་ཀ་མེ་ཛྙཱ་ན་ཨ་བ་བྷ་སེ་སཝཱཧཱ། ལག་ན་རྡོ་རྗེ། འདི་དག་ནི། དེ་བཞི་གཤེགས་པས་སྦྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ།་ལག་ན་རྡོ་རྗེ། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་འདི་དག་གང་གི་ལུས་ལ་བཏགས་སམ། གླེགས་བམ་ལ་བྲིས་པ་དེའི་ལུས་དཔག་ཚད་སྟེང་ཚུན་ཆད་དུ་
180a
༄#། །ཕྱིར་རྒོལ་བའི་གནོད་པ་འབྱུང་བར་མི་འགྱུར་རོ།། མཚོན་དང ། དུག་དང ། དབྱིག་དུག་གིས་མི་ཚུགས་སོ། །རྒྱལ་པོ་དེའི་ཡུལ་དེར་ཕ་རོལ་གྱི་གནོད་པམ་ ་འབྱུང་ངོ ། །ཕྱིར་རྒོལ་བ་དག་ཡུལ་འཁོར་དེར་མཐུས་གནོད་པར་མི་འགྱུར་རོ། ལག་ན་རྡོ་རྗེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་རིགས་ནགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ་འཆང་བ་དེ་ཇི་སྲིད་འཚོའི་བར་དུ་དེའི་ལུས་ལ་མཚོན་དང ། དུག་དང ། ཆུ་དང ། རིམས་དང ། དུག་སྦྱར་མ་གཞན་གྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་དང ། འཆེ་བ་དང ། མཐོ་འཚམ་པ་འབྱུང་བར་མི་འགྱུར་རོ། །རྒྱལ་པོའི་འཇིགས་པ་མི་འབྱུང་ངོ ། །ཆོམ་རྐུན་གྱི་འཇིགས་པ་མི་འབྱུང ། འཐབ་མོའི་ནང་དུ་སོང་ཡང་དེའི་ལུས་ལ་མཚོན་གྱིས་མི་ཕོག་།ཐམས་ཅད་དུ་ཡང་ང་རྒྱལ་བ་སྨྲ་བར་འགྱུར། །གནོད་པ་མེད་ཅིང་མ་སྣད་ལ་མ་རྨས་པར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་མཐུ་དང ། གཟི་བརྗིད་དང ། སྟོབས་དང ། བྱིན་གྱི་རླབས་ཀྱིས་རྒྱལ་བར་འགྱུར་རོ།། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། ཛ་ཡོཏྟ་མི། དྷརྨ་ཨ་བ་བྷ་ས་ནི། བུདྡྷྱ་བུདྡྷྱ་བུདྡྷྱ། དྷ་ར་དྷ་ར་དྷ་ར། བོ་དྷ་ནི་བོ་དྷ་ནི་བོ་དྷ་ནི། ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། ཨ་བ་རོ་ཧ་ནི། ཨོ་རོ་བྱ་ནི། ཛ་ཡ་ཀུ་སུ་མེ་སཝ་རེ་ས་ར་བ་ཏི། དྲེ་ཌྷེ་དྲི་ཌྷེ་དྲི་ཌྷེ། ད་དཱ་དྲི་དྷ་པ་ཤ་རི་བི་དྷེ། མོ་ཧ་ནི་མོ་ཧ་ནི། ཛམྦྷ་ནི། སྟཾ་བྷ་ནི། སྟཾ་བྷི་ཏ། སརྦ་
180b
་ཧི་ཏིཥྛི་ཎཾ། ན་མོ་བྷ་ག་ཝ་ཏི། བུདྡྷྱ་སྱ། མ་ཧཱ་ཀཱ་རུ་ཎཾ། བི་ཧ་རི་ནི། སིདྡྷྱནྟུ་མནྟྲ་པ་ད་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་མཐུ་དང ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བདག་གིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། པ་ཊ་པ་ཊ་པ་ཊ། ཛྭ་ལ་ཛྭ་ལ་ཛྭ་ལ། བཛྲ་པྲ་ཧ་ར། པྲ་ཧ་ར་བྲ་ཧ་ར། བྷར་དྷ་ར་དྷ་ར། ཧ་ར་ཧ་ར་ཧ་ར། བྷ་ར་བྷ་ར་བྷ་ར། ཛ་ཡ་ཀུ་སུ་མེ། བ་ལ་བ་ལ།་ཙཀྲ་ཙཀྲ། བཱི་ཌ་ཡ་བཱི་ཌ་ཡ། ཨ་ཀྲ་མ་ཨ་ཀྲ་མ། བི་ཀྲ་མེ་བི་ཀྲ་མེ། ཨ་ཙ་ལེ། མ་ཙ་ལེ། ཁ་ག་ཏ་རི་ནཱི། ནི་ལ་བ་ཏི། བཛྲ་བྲ་ཧ་ར་ཎི། བཛྲ་སཾ་བྷ་བ། བཛྲ་ཀ་ཡེ། བྷུདྡྷ་ཨ་དྷིཥྛི་ཏེ། བུདྡྷ་རསྨི་མ་ཧཱ་པྲ་བྷེ། ཨུ་ཙ་གནྡྷེ། མ་ཧཱ་ཏེ་ཛ་བ་ཏི། མ་ཙ་ལེ། བ་ཙ་ལེ། དྷུ་ན་དྷུ་ན་དྷུ་ན། ཀ་ཀ་ཀཾ་རེ། ཀཱ་སི་ནི། ས་མཱ་ཧེ་ཏི། དྷརྨ་ཨ་བ་བྷ་ས་ནི། ཙ་ར་ཙ་ར། གྷུ་གྷུ་ཌེ། བཛྲ་མཱ་ལཱ་དྷ་རི། ས་ར་ས་ར།་ཀ་ལ་བ་རི་ནི་སཝཱཧཱ། བཅོམ་ལྡན་འདས། གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་སྟེ། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཁུས་པར་འགྱུར་རོ། འདི་ལྟ་སྟེ། ལྷའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ་
181a
༄#། །ཤ་ཟའམ། བརྗེད་བྱེད་དམ། གསོད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པའམ། མ་མོའི་གདོན་ཏམ། གོང་མའི་གདོན་ཏམ། སྐེམ་བྱེད་དམ།་སྐེམ་བྱེད་ཀྱི་གདོན་ཏམ། ཟ་བའི་གདོན་དེ་དག་ཐམས་ཅད་རྨུགས་པར་བགྱིའོ། །རེངས་པར་བགྱིའོ། །ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ། ཧ་ན་བཛྲེ། ནི་ཧ་ན་བཛྲེ། ཁཱ་ད་ཁཱ་ད་བཛྲེ་ཎ་སྥཊ་ཡ་སྥ་ཊ་ཡ་སྥ་ཊ་ཡ། བཛྲེ་ཎ། ཨེ་དཾ་གྲྀཧྣ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པཱ་ཏ་ཡ་པཱ་ཏ་ཡ། དྷ་ར་དྷ་ར། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང ། གནོད་པ་ཐམས་ཅད་དང ། འཐབ་མོ་དང ། འཐབ་པ་དང ། རྩོད་པ་དང ། འགྱེད་པ་ཐམས་ཅད་ལས་སྲུངས་ཤིག་།ཛ་ཡ་ཀ་རི། ཛ་ཡཾ་ཀུ་རུ། ཏ་ར་ཏ་ར་ཏ་ར། མ་ཧཱ་ཏ་ར་ཎི། ཀུ་ཊེ་ཀུ་ཊེ་ཀུ་ཊེ།་བཛྲ་ཀུ་ཊེ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ལག་ན་རྡོ་རྗེ། ལེགས་སོ་ལེགས་སོ། ། ལག་ན་རྡོ་རྗེ། སེམས་ཅན་ཆེན་པོ་ཁྱོད་སེམས་ཅན་རྣམས་ལ་ཕན་པ་དང ། བདེ་བ་དང ། སྙིང་བརྩེ་བའི་ཕྱིར་ཞུགས་པ་ཡང་ལེགས་སོ། །ལག་ན་རྡོ་རྗེ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སུའི་ལག་ཏུ་སོང་སྟེ་ལུས་ལ་བཏགས་སམ། གླེགས་བམ་དུ་བྲིས་སམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་ངམ། གནས་ཁང་
181b
དམ།་འཆག་ས་ན་སྤྱོད་པར་འགྱུར་བ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་པས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དེར་སྲུང་བར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པར་མི་འགྱུར་རོ། །ས་ཕྱོགས་དེར་མི་ངས་མི་འབྱུང་ངོ ། །དགྲ་མི་འབྱུང་ངོ ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྱི་བཞིན་འབྲང་བ་དང་ལྷན་ཅིག་དེར་སྲུང་ངོ ། །ཡོངས་སུ་སྐྱོབ་བོ། །ཡོངས་སུ་འཛིན་ཏོ། །ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱེད་དོ། །ཆད་པ་སྤོང་ངོ ། །མཚོན་ཆ་སྤོང་ངོ ། །དུག་གསོད་དོ། །མི་མཛའ་བ་འགོག་གོ་།མཚམས་གཅོད་དོ། །ས་བཅིང་ངོ ། །ཏདྱ་ཐཱ། ཏ་པ་ནི་ཏ་པ་ནི། པྲ་ཏ་པ་ནི། དྷུ་རུ་མེ་དྷུ་རུ་མ། བུདྡྷ་ཨ་དྷིཥྛི་ཏ། མུ་ཁེ་མུ་ཁེ། སུ་མུ་ཁེ་སུ་མུ་ཁེ། སྤ་ལ་པྲ་ཏེ། ས་མཱ་ཧི་ཏེ། ས་མ་དྷི་གརྡྷེ། མ་ན་སི། ཕུ་རུ་ཕུ་རུ་ཕུ་རུ། དྷུ་རུ། བུདྡྷ་མཱ་ན་སི་ཀེ་སཝཱཧཱ། ལག་ན་རྡོ་རྗེ། འདི་དག་ནི། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། ། གསང་བའི་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ། མིའི་རྒྱལ་པོ་གང་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ་འཆང་ངམ། ལུས་ལ་བཏགས་ཏེ་འཆང་ཞིང་དེ་ལ་སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། མེ་ཏོག་
182a
༄#། །སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། མིའི་རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཕྱི་བཞིན་འབྲང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སྲུང་བར་འགྱུར་རོ། །མིའི་རྒྱལ་པོ་དེ་ལ་ཕྱིར་རྒོལ་བ་དང ། དགྲ་དང ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །མཐུས་ཡུལ་དེར་འཇུག་པ་དང ། བགེགས་འཇུག་ན་ཡང་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་སྣ་ཚོགས་བརྒྱ་དང ། བགེགས་སྣ་ཚོགས་སྟོང་བྱེད་པར་འགྱུར་རོ། །མིའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་བཀུར་བར་བྱའོ། །གང་དུ་གཡུལ་ངོར་འཇུག་གམ། དགྲ་ཆེན་པོ་དང་འཐབ་པ་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་མགུལ་དུ་བཏགས་ཏེ་གཡུལ་ངོར་ཞུགས་ན། དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་པུས་ཕ་རོལ་གྱི་དམག་ཚོགས་དེ་ཕམ་པར་བྱེད་པར་འགྱུར་རོ། །དེར་ནི། རྒྱལ་བར་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བཅན་འདི་སུའི་མགུལ་དུ་བཏགས་པ་དེ་རྒྱལ་བར་འགྱུར་རོ། །ལག་ན་རྡོ་རྗེ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་གལ་
182b
ཏེ་ནད་འགོ་བ་སྣ་ཚོགས་དང ། མི་ངས་མི་བཟད་བ་ཆེན་པོ་བྱུང་ན། དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་དང ། མེ་ཏོག་སྣ་ཚོགས་དང ། ཆོག་དང ། གཏོར་མ་དང ། བུམ་པ་བཏུད་བ་སྣ་ཚོགས་ཀྱིས་བཀང་བ་བཞི་ཕྱོགས་བཞིར་བཞག་སྟེ་རིག་སྔགས་ཀྱིར་གྱལ་མོ་ཆེན་མོ་རྒྱལ་བཅན་འདི་བཀླགས་ན། དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཤིང ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང ། མིངས་དེ་རབ་ཏུ་ཞི་པར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལས་ལྷག་པའི་རིག་སྔགས་ཆེས་སྟོབས་དང་ལྡན་པའམ། གཟི་བརྗིད་ཆེ་བའམ། རྫུ་འཕྲུལ་ཆེ་བའམ། མཐུ་ཆེ་བ་གང་ཡང་མ་མཆིས་སོ། །རིག་སྔགས་ཐམས་ཅད་ཀྱི་མཆོག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡུལ་གང་དག་ཏུ་སྤྱོད་པར་འགྱུར་བའི་གནས་དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ། ཨ་མྲྀ་ཏ་བཛྲེ། ཛྭ་ལི་ཏ་བཛྲེ། ཧུ་ཏཱ་ཤ་ནི། བྷན་ཛ་བྷན་ཛ་བྷན་ཛ་བྷན་ཛ་བྷན་ཛ། ཛཾ་བྷ། སྟཾ་བྷ་ཡ། ས་མ་ས་གྲ་ཧ་ཎི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྷྲ་ས་གྷྲ་ས་གྷྲ་ས། ཕཊ་ཕཊ་ཕཊ། ཏ་ཊ་ཏ་ཊ་ཏ་ཊ། མུ་རུ་མུ་རུ་མུ་རུ། དྷ་མ་དྷ་མ་དྷ་མ། ཛྭ་ལ་ཛྭ་ལ་ཛྭ་ལ། ཁུ་ཁུ་མེ་ཁུ་ཁུ་མེ། གྷི་རི་གྷི།
183a
༄#། །རི་གྷི་རི། བཛྲ་མ་སཱ་སི། བཛྲ་ཧུ་ཏེ། ཧུ་ཏི་རུ། ཕུ་རུ་ཕུ་རུ། གྲ་ས་གྲ་ས། སརྦ་ཨ་ཧི་ཏེ་ཥི་ནཾ། ནཱ་བྷུ་རུ་ཎི། མུ་མུ་ལེ། བཛྲ་པྲ་དཱི་པ་ནི། ཙ་མ་ལེ་ཕུ་སཝཱཧཱ། ཨ་ཡུ་བཱ་ལ་ནི་ཙུ་ཙུ་རེ་སཝཱཧཱ། ཛ་ཡ་ཛ་ཡེ་ཛ་ཡེ། ཛ་ཡ་སཾ་བྷ་བྷ་སཝཱཧཱ། ཛ་ཡོཏྟ་མེ་སཝཱཧཱ། ཛ་ཡ་བ་རེ་དེ་སཝཱཧཱ། ཛ་ཡ་ལ་དྷ་ནེ་སཝཱཧཱ། ཛ་ཡ་མཱ་ན་སི་སཝཱཧཱ། ཛ་ཡ་བཛྲ་སཝཱཧཱ། ཛ་ཡ་ཏ་བཛྲ་ཡ་སཝཱཧཱ།་མ་ཧཱ་བཛྲ་ཧུ་ཏ་ཤ་ནཱ་ཡ་སཝཱཧཱ། ཨ་མོ་གྷ་བཛྲ་ཧ་སྟཱ་ཡ་སཝཱཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྲུང་བ་སྩལ་བར་བགྱི། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་དགུམ་པ་དང ། མི་མཛའ་བ་དགག་པ་དང ། དུས་མ་ཡིན་པར་འགུམ་པ་དགག་པ་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་དང ། གཡུལ་འགྱེད་པ་དང ། ཁྲག་ཁྲུག་དང ། འཇིགས་པ་ཐམས་ཅད་དགག་པར་བགྱིའོ། །མཚམས་དགུམ་པར་བགྱིའོ། །ཏྡྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། མཱི་ལཱི་མཱ་ན་སི། ཛྷེ་ཛྷེ་ཛྷེ། མུ་རུ་མུ་རུ། ཏུ་ཊུ་ཏུ་ཊུ། མུ་མུ་ལེ། མཱརྒ་བ་ཏི། དྷུ་དྷུ་མེ། བེ་ག་བེ་ག་དྷཱ་རི་ཎཱི། ཏེ་ཛ་བ་ཏི། བདག་
183b
དང་སེམས་ཅན་ཐམས་ཅད་འཇིགས་པ་དང ། གནོད་པ་ཐམས་ཅད་དང ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སཝཱཧཱ། བཅོམ་ལྡན་འདས། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ། བྱིན་གྱིས་བརླབས་པ་ལགས་སོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ་བུདྡྷེ། བུདྡྷེ་བ་ཏི། བུདྡྷ་ཨ་བ་བྷ་ས་ནི། དྷརྨ་བ་ཏི། ས་མཱ་ཧཱི་ཏེ། ས་མཱ་དྷི་གརྦྷེ། བུདྡྷ་ཨ་བ་བྷ་ས་ནི། བུདྡྷ་པ་རི་ཧི་རི། དྷརྨ་ཨ་བ་བྷ་ས་ནི་སཝཱཧཱ། སུ་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེའི་མགོ་སི་ཏ་ཀའི་འབྲས་བུ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་འཆང་ངམ། ཀློག་གམ། མཆོད་པར་བགྱིད་དམ། ཡི་གེར་འབྲི་འམ། གླེགས་བམ་ལ་བྲིས་ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་ཏམ། གཙུག་ལག་ཁང་དུ་འཇོག་ན།་དེར་བདག་ཚོགས་ཀྱི་གཡོག་དང་བཅས་ཤིང ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཛིན་པ་དེའི་སླད་བཞིན་དུ་འབྲངས་ཏེ་བསྲུང་བར་བགྱིའོ། །དཔག་ཚད་བརྒྱད་སྟོང་ཚུན་ཆད་མཚམས་དགུམ་པར་བགྱིའོ། །སླར་རྒོལ་བ་དང ། དགྲ་དང ། གཡུལ་འགྱེད་པ་དང ། འཐབ་པ་དང ། མཚད་འདྲུ་བ་དང ། འཐབ་
184a
༄#། །མོ་དང ། འགྱེད་པ་ཐམས་ཅད་མ་མཆིས་པར་བགྱིའོ། །སླར་བཟློག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ས་རྒྱལ་བོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ། ལེགས་སོ་ལེགས་སོ། །སེམས་ཅན་ཆེན་པོ་ཁྱོད་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང ། འཇིག་རྟེན་ཐམས་ཅད་ལ་བདེ་བ་དང ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང ། བསྟན་པ་བསྲུང་བའི་ཕྱིར་ཞུགས་པ་ཡང་ལེགས་སོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་པ་ཅན་འདིས་གང་ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་བྱས་པ་དེའི་ལུས་ལ་མཚོན་དང ། དུག་དང ། བྱད་དང ། གསོད་བྱེད་དང ། རིམས་དང ། གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པའོ། །ལག་ན་རྡོ་རྗེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཟུངས་ཤིག་།ཆོངས་ཤིག། ཀུན་ཆུབ་པར་གྱིས་ཤིག་།ལག་ན་རྡོ་རྗེ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས་ན་སེམས་ཅན་དྲག་ཤུལ་ཅན་དང་ལྡན་པ། ཤིན་ཏུ་མི་བཟད་པ། མདངས་འཕྲོག་པའི་གནོད་སྦྱིན་དང ། སྲིན་པོ་རྣམས་དང ། ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་འབྱུང་
184b
བར་འགྱུར་རོ། །ཚེ་ཐུང་བ་ཆོས་མ་ཡིན་པས་ཡུལ་འཁོར་སྐྱོང་བ་འབྱུང་བ་དེའི་ཚེ་རིག་སྔགས་ཀྱིར་གྱལ་མོ་རྒྱལ་བ་ཅན་འདིས་སེམས་ཅན་མི་མཉམ་པ་དང ། སེམས་ཅན་མི་བཟད་པ་དེ་དག་དང ། སྡང་བ་དང ། རབ་ཏུ་སྡང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར། ཚར་གཅོད་པར་འགྱུར། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། ཕྱག་རྒྱས་བཏབ་པའོ། ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ནི། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་དང ། ཕྱག་རྒྱ་ཞེས་བྱ་བར་ཡང་ཟུངས་ཤིག་།བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་རྒྱལ་བ་ཅན་ཞེས་བྱ་བར་ཡང་ཟུངས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་
185a
༄#། །དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་བ་ལ་མངོན་བར་བསྟོད་དོ། །འཕགས་བ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།