rKTs


H532

(e-text produced by ACIP)

see text in transliteration
185a
རྒྱ་གར་སྐར་དུ། ཨཱརྱ་ཛ་ཡ་པ་ཏི་ནཱ་མ་མ་ཧཱ་བིདྱཱ་རཱ་ཛ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལུས་འཕགས་རི་ལ་བཞུགས་ཏེ། དེའི་ཚེ་འབྱུང་པོ་རྣམས་འཁྲུགས་པར་གྱུར་ནས་མ་དད་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲུལ་པོ་དང ། ལུས་སྲུལ་པོ་དང ། གྲུལ་བུམ་རྣམས་འཁྲུགས་ཤིང་ཁྲོས་ཏེ་དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་བསྙེན་རྣམས་དང ། དགེ་བསྙེན་མ་རྣམས་གང་དག་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མངོན་པར་དད་པ་དེ་དག་ལ་གནོད་པར་བྱེད་དེ། དེའི་ཚེ་ཀུ་ཅོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་ས་ཡང་དག་པར་ཟིན་ནས་ཕྱོགས་བཞིར་རྣམ་པར་གཟིགས་ཏེ། ཕྱོགས་བཞི་ནས་གློག་ལས་སེར་བ་དང ། ཆར་ཆེན་འབབ་པ་དང ། སྐར་མདའ་ལྟུང་བ་
185b
འོང་བ་གཟིགས་སོ། །གཟིགས་ནས་ཀྱང་རྡོ་རྗེ་འཆང་ལ་བརྡ་མཛད་དོ། །དེ་ནས་རྡོ་རྗེ་འཆང་གཏུམ་པོ་ཁྲོས་ཏེ་སྟན་ལས་ལངས་ནས་ཤར་ཕྱོགས་སུ་རྡོ་རྗེ་འབར་བ་སྟོང་མངོན་པར་སྤྲུལ་ཏེ་འདི་སྐད་ཅེས་གསོལ་ཏོ། །འབྱུང་པོའི་ཚོགས་རྣམས་ང་ལ་ཉོན་ཅིག་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བདེན་པའི་བྱིན་གྱི་རླབས་འདི་བྱའོ། །ད་ལྟར་དང་མ་འོངས་པའི་དུས་ན་འབྱུང་པོ་གཏུམ་པོ་མི་རྣམས་ལ་རྣམ་པར་འཚེ་བ་དང ། ལོ་ཏོག་དག་ཀྱང་མ་རུངས་པར་བྱེད་པ་གང་དག་འབྱུང་བ་དེ་དག་གི་དོན་གྱི་ཕྱིར་ངས་རིག་པའི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བྱའོ། །ཏདྱ་ཐཱ། གི་རི་གི་རི་བཛྲ། ཧ་ལ་ཧ་ལ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། སརྦ་བྷུ་ཏཱ་ནཱ་མ། བྷྲ་མ་ཡ་བྷྲ་མ་ཡ། བྷོ་བྷེ་བཛྲ་དྷ་ར་བཛྲེ་ཎ། པཱ་ཏ་ཡ་པཱ་ཏ་ཡ། ཤཱི་གྷྲཾ་ཤཱི་གྷྲཾ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཛྭ་ལ་ཡ། ནཱ་ག་བྷ་བ་ནཱཾ། བནྡྷ་བནྡྷ། ཏིཥྛ་ཏིཥྛ། ཤར་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་སྙིང་པོ་འདི་བྱིན་གྱིས་བརླབ་པར་བྱའོ། །སུ་ཞིག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པའི་མགོ་བོ་འགས་པར་འགྱུར་རོ།། སྙིང་འགས་པར་འགྱུར་རོ། །སྙིང་འགྲུམ་པར་འགྱུར་རོ། །བཛྲཱ་ཡ་སཝཱཧཱ། མ་ཧཱ་བཛྲཱ་ཡ་སཝཱཧཱ། བཛྲ་བྷཻ་ར་ཝཱ་ཡ་སཝཱཧཱ། ཨ་པྲ་ཏི་ཧ་ཏ་བ་ལ་བ་རཱ་ཀྲ་མོ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སཝཱཧཱ། དེ་
186a
༄#། །ནས་རྡོ་རྗེ་ཁྲོ་བོ་སྟན་ལས་ལངས་ཏེ་ལྷོ་ཕྱོགས་སུ་རྣམ་པར་བལྟས་ནས་ཁྲོས་ཏེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། གསང་བ་པའི་བདག་པོ། དེང་ཉིད་ལྷོ་ཕྱོགས་ཀྱི་ཀླུ་ཐམས་ཅད་ཐལ་བར་བརླག་བོ། །ལུས་སྲུལ་པོ་ཐམས་ཅད་ཀྱི་བར་གྱི་གནས་རྣམས་འབར་བར་བྱའོ། །ཀླུ་ཐམས་ཅད་ཀྱི་གནས་རྣམས་དཀྲུག་པར་བྱའོ། །ཡང་སྨྲས་པ། གསང་པ་པའི་བདག་པོ། བདག་གིས་རྡོ་རྗེ་ལྷ་མ་ཡིན་དང ། ཀླུ་ཐམས་ཅད་ནས་ལུས་སྲུལ་པོའི་བར་ཐམས་ཅད་དང ། མི་དང་མི་མ་ཡིན་གྱི་བར་ཐམས་ཅད་རྨུགས་པར་བྱེད་པའི་རྡོ་རྗེ། རེངས་པར་བྱེད་པའི་རྡོ་རྗེ། རྨོངས་པར་བྱེད་པའི་རྡོ་རྗེ། ལྕེ་འབབ་པར་བྱེད་པའི་རྡོ་རྗེ། མགོ་འགེམས་པར་བྱེད་པའི་རྡོ་རྗེ།་སྙིང་འགས་པར་བྱེད་པའི་རྡོ་རྗེ་འདི་ལྷོ་ཕྱོགས་སུ་གཞག་པར་བྱའོ། །ད་ལྟར་བྱུང་བ་དང ། མ་འོངས་པའི་དུས་ན་ཀླུ་གནོད་པར་སེམས་པ་རྣམས་འདུལ་བར་འགྱུར་རོ། །ཏདྱ་ཐཱ། ས་ར་ས་ར། བི་ས་ར་བི་ས་ར། ཨཱ་བརྡྷཱ་ཡ། སཾ་གོ་ཙ་ལ། ཧཱུཾ་ཧཱུཾ་ཧཱུཾ། དྷོ་ན་དྷོ་ན་དྷོ་ན། དྷུ་ན་དྷུ་ན་དྷུ་ན། བྷནྡྷ་བྷནྡྷ་བྷནྡྷ། སརྦ་པཱ་ཤེ་ན། མོ་ཧ་ཡ། ཛམྦྷ་ཡ། སྟམྦྷ་ཡ། ཧ་ས་ཧ་ས་ཧ་ས། སན་ཏྲཱ་ས་ཡ། སརྦ་དུཥྚཱ་ནཱན་བཛྲ་དྷ་ར་ཨཱ་ཛྙ་པ་ཡ་ཏི་སཝཱཧཱ། དེ་ནས་རྡོ་རྗེ་ཕོ་ཉ་མོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ། །ད་ལྟར་
186b
དང་མ་འོངས་པའི་དུས་ན་གང་དག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བགྱིད་ན། བདག་གིས་ཀྱང་ནུབ་ཕྱོགས་ཀྱི་ཀླུ་ཐམས་ཅད་ནས་ལུས་སྲུལ་པོའི་བར་ཐམས་ཅད་ཀྱི་གནས་རྣམས་རྣམ་པར་གཏོར་རོ། །སྙིང་རྣམས་དགྲུམ་མོ། །ཏྡྱ་ཐཱ། ཀི་ལི་ཀི་ལི། ལི་ལི་མི་ལི། ཏྲ་ཊ་ཏྲ་ཊ། བྷ་ཊ་བྷ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཛྭ་ལ་ཡ་ཛྭ་ལ་ཡ། དུ་ཏིང་ཡན་ཤོ་ཥ་ཡ་གང་ཞིག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་ན། ཀྱེ་མདུང་རྩེ་གསུམ་པ་འབར་བ་འདིས་དེའི་སྙིང་ལ་མེ་ལྕེ་འབར་བར་བྱེད་དོ། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་དྷ་རི་བཛྲ་ཎ། བྷཾ་ཛ་བྷཾ་ཛ། བནྡྷ་བནྡྷ། ཏིཥྛ་ཏིཥྛ། བཛྲ་དཱུ་ཏི་རཱ་ཛཱ་པ་ཡ་ཏི་སཝཱཧཱ། དེ་ནས་ལྷ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་གཡོག་ཉི་ཁྲི་དང་ལྡན་པ་སྟན་ལས་ལངས་ནས་བྱང་ཕྱོགས་སུ་རྣམ་པར་བལྟས་ཏེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ས། །གསང་བ་པའི་བདག་པོ་གཡོག་ཉི་ཁྲི་དང་ལྡན་པ་བདག་གིས་ཀྱང་བྱང་ཕྱོགས་ཀྱི་ཀླུ་གནོད་པར་སེམས་པ་ནས་ལུས་སྲུལ་པོ་གནོད་པར་སེམས་པའི་བར་དག་ལ་ཟློག་པར་བགྱིད་དོ། །ད་ལྟར་དང་མ་འོངས་པའི་དུས་ན་གང་དག་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་དང ། ལོ་ཏོག་ཀྱང་མ་རུངས་པར་བགྱིད་པ་དེ་དག་གི་དོན་གྱི་སླད་དུ་གསང་སྔགས་ཀྱི་གཞི་མི་བཟད་པ་དག་ཀྱང་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། དྷ་ཀ་དྷ་ཀ། དྷུ་མ་དྷུ་མ། དྷུ་ན་དྷུ་ན། མ་ཐ་
187a
༄#། །མ་ཐ།་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ཧ་ཧ་ཧ་ཧ། བཛྲ་དཱུ་ཏི་མོ་ཧ་ཡ། ཛམྦྷ་ཡ། སྟཾ་བྷ་ཡ། སརྦྦ་ནཱ་གཱ་ནཱཾ། སརྦ་ཨ་ཧི་ཏེ་ཥ་ནོ། བཛྲ་ཎི་བུདྡྷ་མཻ་ཏྲི། དྷརྨ་ས་ཏྱེ་ནཾ། ཨིནྡྲ་ས་ཏྱེ་ན། ཨིནྡྲ་བ་ལེ་ན། ལོ་ཀ་པཱ་ལ། པྲ་དྷཱ་བེ་ན། ཛམྦྷ་ཡ་མི། སརྦ་ནཱ་ག་ན་སྟེམྦྷ་ཡཱ་མི། སརྦ་ཨི་ཧ་ཏེ་ཥ་ནོ། བ་རུ་ཎ་པཱ་ཤེ་ན། བྷནྡྷ་ཡཱ་མི། སརྦ་ནཱ་གཱ་ན་ཨིནྡྲ་ཙི་ལེ་ན། སརྦ་ཨི་ཧེ་ཧེ་ཥི་ཎ་ཆེ་ག་ལི་ཀ་རོ་མི། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། བཛྲ་ཤྲིཾ་ཁ་ལེ་སཝཱཧཱ། བའི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ་མེ་ཏོག་བཀྲམ་ལ།་ཨ་ག་རུ་དང ། ཙནྡན་གྱི་བདུག་པས་བདུགས་ཏེ་ཁ་ཤར་ཕྱོགས་སུ་བལྟས་ལ་བཟླས་བརྗོད་བརྒྱད་སྟོང་བྱའོ། །དེ་ལྟར་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་གང་འདོད་པ་དེ་བྱའོ། །སྐུད་པ་ནག་པོས་ནི། རིམས་ནད་སེལ་ཏོ། །ཤིང་ཀཱ་ར་བཱི་རའི་ལྕུག་མས་ནི། སྤྲིན་ཟློག་གོ། །ཆུའི་ནང་དུ་འདུག་ན་ནི། དྲན་པར་བྱའོ། །གཅན་གཟན་ཁྲོ་བོའི་ནང་ན་འདུག་ན་ནི། གོས་ཀྱི་མཐའ་མར་མདུད་པ་བོར་རོ། །ལྟོ་སྤོས་ན་ནི། ཚཝ་ཆུས་ཞི་བར་བྱེད་དོ། །སོ་ན་བ་ལ་སྐུད་པས་ཞི་བར་བྱེད་དོ། །སྣ་མའི་མེ་ཏོག་བརྒྱད་བརྒྱ་མེ་ཏོག་རེ་རེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏོར་རོ། །ཉི་མ་བདུན་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་
187b
ཡཀྵ་སེ་ནཱ་པ་ཏཱ་ཡེ། ཨ་པྲ་ཏི་ཧ་ཏ་པ་ལ་པ་རཱ་ཀྲ་མ་ཡེ། ན་མཿ ་སརྦ་བཛྲ་ཀུ་ལ་བིདྱཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་སྨན་པའི་དོན་དང ། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང་བདེ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བར་ཉེ་བར་བཟུང་སྟེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གསུངས་ཤིང་བྱིན་གྱིས་བརླབས་པ་སྟེ། ངས་ཀྱང་ཐུགས་བརྩེ་བ་ཉེ་བར་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བར་བྱ་བའི་ཕྱིར་བཤད་ཀྱི། ཁྱོད་ཀྱིས་ཟུངས་ཤིག་།ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡ་པཱ་ཧ་ནཱི་ཡེ་བུདྡྷ་ཨ་དྷི་ཥྛི་ཏེ། དྷརྨ་ཨ་བ་བྷ་སེ་ནི། བུདྡྷ་ཨ་དྷི་ག་མེ་ཛྙཱ་ཨ་བ་བྷ་སེ་སཝཱཧཱ།
188a
༄#། །ལག་ན་རྡོ་རྗེ། འདི་དག་ནི། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ། ལག་ན་རྡོ་རྗེ། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་འདི་དག་གང་གི་ལུས་ལ་ཡོད་པ་དང ། གླེགས་བམ་ལ་ཡོད་པར་གྱུར་བ་དེའི་ལུས་ལ་ཕྱིར་རྒོལ་བ་རྣམས་ཀྱིས་དཔག་ཚད་བརྒྱ་ཚུན་ཆད་གནོད་པར་བྱར་མི་ཆུད་དོ། །མཚོན་དང ། དུག་དང ། དབྱིག་དུག་དང ། བྱད་ཀྱིས་མི་ཚུགས་སོ། །མིའི་བདག་པོ་དེའི་ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ ། །ཡུལ་འཁོར་དེའི་ཕྱིར་རྒོལ་བའི་དཔུང་གིས་མི་ཆུད་པར་འགྱུར་རོ། །ལག་ན་རྡོ་རྗེ། རིགས་ཀྱི་བུ་གང་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ་འཆང་བ་དེ་ཇི་སྲིད་འཚོའི་བར་དུ་དེའི་ལུས་ལ་དུག་དང ། མཚོན་དང ། ཆུ་དང ། དབྱིག་དང ། སྦྱར་བ་ལས་བྱུང་བའི་དུག་གཞན་གྱིས་ཀྱང་མི་ཚུགས་སོ། །དགྲའི་འཇིགས་པ་མི་འབྱུང་ངོ ། །དེ་ལ་རྣམ་པར་འཆེ་བ་དང ། མཐོ་འཚམ་པ་མི་འབྱུང་ངོ ། །རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ ། །གཡུལ་ངོར་ཞུགས་ན་ཡང་ལུས་ལ་མཚོན་གྱིས་མི་ཕོག་གོ་།ཐམས་ཅད་དུ་རྒྱལ་བ་སྨྲ་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིའི་གཟི་བརྗིད་དང ། མཐུ་དང ། བྱིན་གྱི་རླབས་
188b
ཀྱིས་ཐོགས་པ་མེད་ཅིང་མ་སྣད་མ་རྨས་པར་རྒྱལ་བར་འགྱུར་རོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡོཏྟ་མེ། དྷརྨ་ཨ་བ་བྷཱ་ས་ནི། བུདྡྷ་བུདྡྷ། དྷ་ར་དྷ་ར། བོ་དྷ་ནི་བོ་དྷ་ནི། ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། ཨ་བ་རོ་ཧ་ཎི། ཨ་བ་རོ་ཧ་ཎི། ཨ་བ་ཨཱ་བ་རོ་སྱ་ནི། ཛ་ཡ་ཀུ་སུ་མ། སཝ་རེ་སཝ་རེ་བ་ཏི། དྲྀ་ཌྷེ་དྲྀ་ཌྷེ་དྲྀ་ཌྷེ། དྲྀ་ཌྷ་པཱ་ཤ་ནི་དཏྟེ། མ་ཧ་ནི་མོ་ཧ་ནི། ཛམྦྷ་ནི་ཛམྦྷ་ནི། སྟམྦྷ་ནི་སྟམྦྷ་ནི། ཛཾ་བྷི་ནི་ཛཾ་བྷི་ནི། མོ་ཧ་ནི་སརྦ་ཧི་ཏཻ་ཥི་ནཱན། ན་མོ་བྷ་ག་བ་ཏེ། བུདྡྷ་སྱ་མ་ཧཱ་ཀཱ་རུ་ཎ། བི་ཧཱ་རི་ཎི། སིདྡྷྱནྟུ་མ་མནྟྲ་པ་ད་ནི་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་མཐུ་དང ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང ། བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། པ་ཊ་པ་ཊ་པ་ཊ། ཛྭ་ལ་ཛྭ་ལ་ཛྭ་ལ། བཛྲི་ཎི། པྲ་ཧ་ར་པྲ་ཧ་ར།་དྷ་ར་དྷ་ར་དྷ་ར། ཧ་ར་ཧ་ར་ཧ་ར། བྷ་ར་བྷ་ར། བྷ་ར་བྷ་ར། ཏ་ར་ཏ་ར། ཛ་ཡ་ཀུ་སུ་མེ། བ་ལ་བ་ལ། ཙྐྲ་ཙྐྲ། པཱི་ཌ་ཡ་པཱི་ཌ་ཡ། ཨ་ཀྲ་མ་ཨ་ཀྲ་མ། བི་ཀྲ་མེ། ཨ་ཙ་ལ། མ་ཙ་ལེ།་ཁ་ག་ཙཱ་རི་ཎི། ནཱི་ལ་བྷ་ས་ནི། བཛྲ་པྲ་ཧ་ར་ཎི། བཛྲ་སཾ་བྷ་བེ། བཛྲ་ཀི་ལི། བུདྡྷ་ཨ་དྷིཥྛི་ཏེ། བུདྡྷ་རཤྨི། མ་ཧཱ་པྲ་བྷ་བེ། ཨུད་ཙ་སྐནྡྷེ། མ་ཧཱ་ཏེ་ཛ་བ་ཏི། ཨ་ལེ་པ་ཙ་ལི། དྷུ་ན་དྷུ་ན།
189a
༄#། །ཀཾ་ཀ་ཀཾ་ཀ་རཾ། ཀ་སི་ནི། ས་ཨ་ཧི་ཏེ། དྷ་རྨ་ཨ་བ་བྷཱ་ས་ནི། ཙ་ར་ཙ་ར་ཙ་ར། གྷུ་གྷུ་ཏེ། བཛྲ་མཱ་ལཱ་དྷ་རི། ས་ར་ས་ར་ས་ར། ཀཱ་ལ་ཙཱ་ར་ཎི་སཝཱཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གཟུངས་པ་ལགས་ཏེ། གང་དག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་པ་དེ་དག་ཐམས་ཅད་ནི། སངས་རྒྱས་བཅོམ་ལྡན་འདས་ལ་འཁུ་བ་ལགས་སོ། །འདི་ལྟ་སྟེ། ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། ཤ་ཟའམ། གྲུལ་བུམ་མམ། གྲིབ་གནོན་དམ། བརྗེད་བྱེད་དམ། གཤེད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པའམ། མ་མོའི་གདོན་ནམ། གོང་དུ་ཡང་གདོན་གཞན་ནམ། སྐེམ་བྱེད་ཀྱི་གདོན་ནམ། གཤིན་རྗེའི་གདོན་ཡང་རུང་སྟེ། དེ་དག་ཐམས་ཅད་རྨུགས་པ་དང ། རེངས་པ་དང ། རྨོངས་པར་གྱུར་ཅིག་།ཏདྱ་ཐཱ། བཛྲེ་བཛྲེ་བཇྲེ། ཧ་ན་བཛྲི་ཎི་ཧ་ན་བཛྲི་ཎི། ཁཱ་ད་ཁཱ་ད་ཁཱ་ད་བཛྲི་ཎི། སྥོ་ཊ་སྥོ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བཛྲོ་ཎ་ཨི་དཾ་ག་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པཱ་ཏ་ཡ་པཱ་ཏ་ཡ་པཱ་ཏ་ཡ། དྷ་མེ་དྷ་མེ། དྷུ་དྷུ་མེ། འཇིགས་པ་དང ། གནོད་པ་ཐམས་ཅད་དང ། གཡུལ་དགྱེད་པ་དང ། ཁྲག་ཁྲུག་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང །
189b
འགྱེད་པ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་།སྲུངས་ཤིག། རྒྱལ་བར་མཛོད་ཅིག་།ཏ་ར་ཏ་ར། མ་ཧཱ་བ་ཏ་ར་ཎི། ཀུ་ཊེ་ཀུ་ཊེ། མུ་ཀུ་ཊེ། བཛྲ་ཀུ་ཊེ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ། ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བར་བྱ་བ་དང ། སྙིང་བརྩེ་བའི་ཕྱིར་ཞུགས་ཏེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སྨྲས་པ་ནི། སེམས་ཅན་ཆེན་པོ་ལག་ན་རྡོ་རྗེ། ཁྱོད་ཡང་ལེགས་སོ། །ལག་ན་རྡོ་རྗེ།་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སུའི་ལག་ན་ཡོད་པ་དང ། ལུས་ལ་ཡོད་པ་དང ། གླེགས་བམ་ལ་ཡོད་པ་དང ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ།་རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆག་སའམ། དགོན་པའི་གནས་ན་ཡོད་པ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་འཁོར་དུ་བཅས་ཏེ། གྲོང་དང ། གྲོང་ཁྱེར་དང ། ཡུལ་དེ་ལ་སྲུང་བར་བྱེད་བར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ ། །མི་ངས་མི་འོང་ངོ ། །དགྲ་མི་འབྱུང་ངོ ། །ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཏེ་གྲོང་ངམ། གྲོང་ཁྱེར་དང ། ཡུལ་དེ་ལ་སྲུང་བར་བྱེད་པར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་
190a
༄#། །དམག་ཚོགས་མི་འོང་ངོ ། །དགྲ་མི་འབྱུང་ངོ ། །ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྒྱུ་ཞིང་དེར་སྲུང་བ་དང ། ཡོངས་སུ་སྐྱོབ་པ་དང ། ཡོངས་སུ་བསྐྱང་བ་དང ། ཡོངས་སུ་འཛིན་པ་དང ། ཡོངས་སུ་སྐྱོང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤོང་བ་དང ། མཚོན་ཆ་སྤོང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། དུག་གཞིག་པ་དང ། མི་མཛའ་བ་ཟློག་པ་དང ། མཚམས་བཅད་པ་དང ། ས་བཅིང་བར་བྱེད་པར་འགྱུར་རོ། །ཏདྱ་ཐཱ། ཏ་པ་ནེ། ཏ་པ་ནེ། པྲ་ཏ་པ་ནེ། པྲ་ཏ་པ་ནེ། པྲ་ཏ་པ་ནེ། དྷུ་རུ་མེ། དྷུ་རུ་མེ། མཧཱ་དྷུ་རུ་མེ། བུདྡྷ་ཨ་དྷིཥྛི་ཏེ། མུ་ཁེ་མུ་ཁེ་སུ་ཁེ། སཝ་ལ་པྲ་ཏེ་ས་མཱ་དྷི་ས་མ་དི་གརྦྷེ། མ་ན་སི། ཕུ་རུ་ཕུ་རུ། དྷུ་རུ་དྷུ་རུ། བུདྡྷ་མ་ན་སི་ཀེ་སཝཱཧཱ། ལག་ན་རྡོ་རྗེ། འདི་དག་ནི། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། །གསང་བའི་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ། མིའི་རྒྱལ་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ་འཆང་ངམ། ལུས་ལ་ཡོད་པར་བྱས་ཏེ་འཆང་ངམ། སྤོས་དང ། ཕྲེང་བ་དང །
190b
བྱུག་པ་དང ། མེ་ཏོག་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱིས་དེ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་མཆོད་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་མིའི་རྒྱལ་པོ་དེའི་ཕྱི་བཞིན་དུ་འབྲང་ཞིང ། ཕྱི་རོལ་རྒོལ་བ་ཐམས་ཅད་ལས་སྲུང་བར་བྱེད་པར་འགྱུར་རོ། །མིའི་བདག་པོ་དབང་པོ་དེ་ལ་དགྲ་དང་ཕ་རོལ་གྱི་དམག་ཚོགས་ཀྱིས་གླགས་མི་རྙེད་དོ། །ཡུལ་དེར་ཕ་རོལ་གྱི་དཔུང་མི་འཇུག་གོ་།འཇུག་ན་ཡང་དེ་དག་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་བྱེད་པར་འགྱུར་ཏེ་བགེགས་སྣ་ཚོགས་བརྒྱ་དག་དང ། བགེགས་སྣ་ཚོགས་སྟོང་དག་བྱེད་པར་འགྱུར་རོ། །མིའི་རྒྱལ་པོ་དེ་དག་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་གཞག་པར་བྱའོ། །གང་དུ་གཡུལ་འགྱེད་དམ། ་ཆེན་པོ་དང་འཐབ་པ་དེར་ཡང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་མགུལ་དུ་བཏགས་ཏེ་གཡུལ་ངོར་ཞུགས་ན། དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཚོགས་དེ་ལ་གནོད་པ་འདིས་གནོད་པ་བྱེད་དོ། །དེ་ཕན་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་སུའི་མགུལ་དུ་ཐོགས་པ་དེ་ནི། རྒྱལ་བར་འགྱུར་རོ། །ལག་ན་རྡོ་རྗེ་
191a
༄#། །གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་དུ་ནད་འགོ་བ་སྣ་ཚོགས་དང ། མི་ངས་མི་བཟད་པ་ཆེན་པོ་བྱུང་བ་དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལ་མེ་ཏོག་སྣ་ཚོགས་ཀྱི་བླ་རེ་བྲེས་ལ་གཏོར་མའི་ཆོ་ག་གཞོང་ཁུང་བཞི་རོ་བྲོ་བ་སྣ་ཚོགས་ཀྱིས་བཀང་སྟེ་ཕྱོགས་བཞིར་བཞག་ལ། དེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་བཀླགས་ནས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་འཁོར་དང་བཅས་ཏེ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང ། མི་ངས་དེ་རབ་ཏུ་ཞི་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདིའི་གོད་ན་རིག་སྔགས་ཆེས་སྟོབས་དང་ལྡན་པའམ། གཟི་བརྗིད་ཆེ་བའམ། རྫུ་འཕྲུལ་ཆེ་བའམ། མཐུ་ཆེ་བ་ནི། གང་ཡང་མ་མཆིས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི། རིག་སྔགས་ཐམས་ཅད་ཀྱི་མཆོག་ལགས་སོ། །ཡུལ་གང་དག་ཏུ་སྤྱོད་པར་འགྱུར་བའི་གནས་དག་ཏུ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ། །ཏདྱ་ཐཱ། བཛྲེ་བཛྲེ། ཨ་ཏི་ཏ་བཛྲེ། ཛྭ་ལི་ཏ་བཛྲེ། ཧུ་ཏ་ཤ་ནི། བྷཾ་ཛ་བྷཾ་ཛ། བྷཉྫ་བྷཉྫ། ཛམྦྷ་ཛམྦྷ།
191b
སྟམྦྷ་ཡ་སྟམྦྷ་ཡ། སརྦ་དུཤྟ་གྲ་ཧཱ་ཎཱ་མ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པ་ཊ་པ་ཊ་པ་ཊ། ཏ་ཊ་ཏ་ཊ་ཏ་ཊ། མུ་རུ་མུ་རུ་མུ་རུ། དྷ་མ་དྷ་མ་དྷ་མ། ཛྭ་ལ་ཛྭ་ལ། ཁུ་ཁུ་རེ། ཁུ་ཁུ་རེ། ཁུ་ཁུ་རེ། ཁུ་ཁུ་མེ། ཁུ་ཁུ་མེ། ཁུ་ཁུ་མེ། གྷོ་རི། གྷོ་རི། གྷོ་རི། བཛྲ་མཱ་ན་སི། བཛྲ་ཧཱུཾ་ཏི། ཕུ་རུ་ཕུ་རུ་ཕུ་རུ། གྲ་ས་གྲ་ས་གྲ་ས། སརྦ་ཨ་ཧི་ཏེ་ཤི་ནཱན། སུ་རུ་མེ། མུ་མུ་ལེ། བཛྲ་པྲ་ཏི་པ་ཏི། སརྦ་བ་ལེ་ཕུ་སཝཱཧཱ། ཨ་ལུ་པ་ལ་ནི་ཙུ་ཙུ་རེ་སཝཱཧཱ། ཛ་ཡེ་ཛ་ཡེ། ཛ་ཡེ་སམྦྷ་པ་སཝཱཧཱ། ཛ་ཡོཏྟ་མེ་སཝཱཧཱ། ཛ་ཡ་བ་རེ་ཏེ་སཝཱཧཱ། ཛ་ཡཾ་དྷ་རེ་སཝཱཧཱ། ཛ་ཡ་མ་ནི་སཝཱཧཱ། ཛ་ཡ་བཛྲ་ཡ་སཝཱཧཱ། ཨ་ཛི་ཏེ་བཛྲཱ་ཡ་སཝཱཧཱ། མ་ཧཱ་ཧུ་ཏ་ཤ་ནཱ་ཡ་སཝཱཧཱ། ཨ་མོ་གྷ་བཛྲ་ཧ་ཏཱ་ཡ་སཝཱཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྲུང་བ་སྩལ་བར་བགྱི་སྟེ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། མི་མཛའ་བ་བཟློག་པ་དང ། དུས་མ་ལགས་པར་འགུམ་པ་ཐམས་ཅད་དགག་པ་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་
192a
༄#། །དང ། གཡུལ་འགྱེད་པ་དང ། ཁྲག་ཁྲུག་ཐམས་ཅད་དང ། འཇིགས་པ་ཐམས་ཅད་དགག་པར་བགྱིའོ། །མཚམས་གཅད་པར་བྱའོ། །ཏདྱ་ཐཱ། ཛ་ཡི་ཛ་ཡེ་ཛ་ཡེ།་མ་ཧཱ་ཛ་ཡེ། མི་ལི་མི་ལི། མ་ན་སི། ཛྷུ་ཛྷུ་ཛྷུ། ཛྷུ་རུ་མ། མུ་རུ་མུ་རུ། ཏུ་ཊུ་ཏུ་ཊུ་ཏུ་ཊུ། མུ་ལུ་ལེ་སཝཱཧཱ། མཱརྒ་བ་ཏཱི་དྷུ་དྷུ་མེ་བེ་གེ་།བེ་གེ་དྷ་རི་ཎི། ཏེ་ཛ་མ་ཏི། འཇིགས་པ་དང ། གནོད་པ་ཐམས་ཅད་དང ། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་།སྲུངས་ཤིག་སཝཱཧཱ། བཅོམ་ལྡན་འདས། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཤིང་བྱིན་གྱིས་བརླབས་པ་ལགས་སོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། བུདྡྷ་བུདྡྷེ་བུདྡྷེ། པཱ་ཏི། བུདྡྷ། ཨ་བ་བྷཱ་ས་ནི། དྷརྨ་བ་ཏཱི། ས་མ་ཧི་ཏེ། དྷརྨཱ་དྷ་གརྦྷ། བུདྡྷ་བི་ཧ་རེ། དྷརྨཱ་ཨ་བ་བྷ་ས་ནེ་སཝཱཧཱ། གང་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་ན། དེའི་མགོ་སི་ཏ་ཀ་བཞིན་དུ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བགྱིད་པ་དང ། མཆོད་པ་དང ། ཡི་གེར་འབྲི་བ་དང ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་དུ་གླེགས་
192b
བམ་གནས་པར་བགྱིད་ན། དེར་ཚོགས་ཀྱི་གཡོག་འཁོར་དང་བཅས་པ་དང ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཆང་དེའི་སླད་བཞིན་འབྲང་ཞིང་དཔག་ཚད་བརྒྱ་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང ། དགྲ་རྣམས་ལས་ཐམས་ཅད་དུ་བསྲུང་བ་དང ། མཚམས་གཅད་པར་བགྱིའོ། །གཡུལ་འགྱེད་པ་དང ། ཁྲག་ཁྲུག་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་བསལ་བར་བགྱིའོ། །སླར་ལྡོག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ། ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་དང ། སྙིང་བརྩེ་བ་དང ། བསྟན་པ་བསྲུང་བའི་ཕྱིར་ཞུགས་པ་ནི། སེམས་ཅན་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་ཁྱོད་ཡང་ལེགས་སོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིས་སུ་ལ་སྲུང་བ་བྱས་པ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་བྱས་པ་དེའི་ལུས་ལ་མཚོན་གྱིས་མི་ཚུགས་སོ།། དུག་དང ། དབྱིག་དུག་དང ། བྱད་དང ། གཤེད་བྱེད་དང ། རིམས་ནད་ནས་གདོན་ཐམས་ཅད་ཀྱི་བར་གྱིས་དེ་ལ་མི་ཚུགས་སོ། །ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་
193a
༄#། །འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ། །ལག་ན་རྡོ་རྗེ། ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་ཟུངས་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ལག་ན་རྡོ་རྗེ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ཀྱི་ཚེ་གནོད་སྦྱིན་དང ། སྲིན་པོ་མདངས་འཕྲོག་པ་དྲག་ཤུལ་གྱི་སེམས་དང་ལྡན་པ་ཤིན་ཏུ་མི་བཟད་པ་དང ། ཆོས་མ་ཡིན་པའི་རྒྱལ་པོ་ཚེ་ཐུང་བ་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་དག་འབྱུང་བར་འགྱུར་ཏེ། །དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སེམས་ཀྱི་རྒྱུད་མི་མཉམ་པ།་མི་བཟད་པའི་སེམས་དང་ལྡན་པ་དེ་དག་དང ། སེམས་ཅན་སྡང་བ་ཐམས་ཅད་ཀྱི་དོན་དང ། ཚར་གཅོད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་བཟུང་ཞིང་བྱིན་གྱིས་བརླབས་ཏེ་ཕྱག་རྒྱས་བཏབ་པ་ཡིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་
193b
ལག་ན་རྡོ་རྗེས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་སྙིང་པོ་དང ། ཕྱག་རྒྱ་ཞེས་བྱ་བར་ཟུངས་ཤིག་།རིགས་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བར་ཟུངས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕག་པ།། །།