rKTs


H539

(e-text produced by ACIP)

see text in transliteration
230a
རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་བི་ཛ་ཡཱ་
230b
ནཱ་མ་དྷཱ་ར་ཎཱཾ་ཀལྤ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ། གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཆོས་ཡང་དག་པར་སྡུད་པའི་ཕུག་ཆེན་པོའི་ཁང་བཟང་གི་ཚལ་བདེ་བ་ལ་ཉེ་བར་བཞུགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། སེམས་ཅན་སྡུག་བསྔལ་དང་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཅིང་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་དོན་དུ་ཚེ་རིང་བར་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་གཟུང་བར་བྱ། གཞན་རྣམས་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་
231a
༄#། །གྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ་ཀུན་ཏུ་སྣང་བའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་ཏོ། །ོཾ་ན་མོ་བྷ་ག་བ་ཏེ། སརྦྦ་ཏྲཻ་ལོཀྱ་པྲ་ཏི་བིཥྚཱི་ཡ། བུདྡྷཱ་ཡ་ཏེ་ན་མཿ ། ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོདྷ་ཡ། ཨ་ས་མ་ས་མནྟ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སཝཱ་བྷཱ་བ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཾ། སརྦ་ཏ་ཐཱ་ག་ཏཱ། སུ་ག་ཏ་བ་ར་བ་ཙ་ནཱ་མྲྀ་ཏཱ་བྷི་ཥེ་ཀཻརྨ་ཧཱ་མུ་དྲ་མནྡྲ་པ་དཻཿ ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿ སནྡྷཱ་ར་ཎི། ཤོ་དྷ་ཡ་ཤོདྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སཝཱ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཾ་ཙོ་དེ་ཏེ། སརྦ་ཏ་ཐཱ་ག་ཏཱ་བ་ལོ་ཀི་ནི། ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་དེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡཱ་དྷིཥྛ་ན་དྷིཥྛི་ཏེ། ཨོཾ་མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་བཛྲ་གཱ་ཡ་ས་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝཱ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟྟ་ཡ་མ་མཱ་ཡུརྦི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ་དྷིཥྛ་ན་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། མ་མ་ཏི། མ་ཧཱ་མ་ཏི། སུ་མ་ཏི་སུ་མ་ཏི། མ་ཧཱ་སུ་མ་ཏི། ཏ་ཐཱ་ཏ་བྷུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷེ་ཤུདྡྷེ། ཨོཾ་ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨྲ་ར་སྨྲ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥ་ར་ཡ། སརྦ་བུདྡྷཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོཾ་ཤུདྡྷེ་
231b
ཤུདྡྷེ།་བུདྡྷེ་བུདྡྷེ། བཛྲེ་བཛྲེ། མཧཱ་བཛྲེ། སུ་བཛྲེ། བཛྲ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭེ་ལ་གརྦྷེ། བཛྲོདྦྷ་བེ། བཛྲ་སཾ་བྷ་བེ། བཛྲ་བཛྲི་ཎི། བཛྲ་མྦྷ་བནྟུ། མེ་ཤ་རཱི་རཾ་སརྦ་སཏྭཱ་ནཉྩ། ཀཱ་ཡ་པ་རི་ཤུདྡྷི་རྦྦྷ་བ་ཏུ་མེ་སཱ་དཱ། སརྦ་ག་ཏི་པ་རི་ཤུདྡྷ་ཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཱཾ་ས་མ་ཤཝ་ས་ཡནྟུ། ཨོཾ་བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱ་མོ་ཙ་ཡ་མོ་ཙ་ཡ་ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧཝྀ་ད་ཡཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོཾ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་མ་ཧཱ་མུ་དྲ་མནྡྲ་པ་དཻཿ ་སཝཱཧཱ། རིགས་ཀྱི་བུ། གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱ་ལམ་ཞེས་བྱ་བའི་གཟུངས། འཆི་བའི་དབྱུག་པ་ཆེན་པོ་འཛིན་པ། སྡིག་པ་ཞི་བར་བྱེད་པའི་དག་བྱེད་དོ། །གང་སུ་དག་ཚེ་རིང་བར་འདོད་པས་འཆད་པར་འགྱུར་བའི་རིམ་པས་བཀླག་པར་བྱའོ། །ས་ཕྱོགས་ཡངས་པ་ཁ་ཅིག་ཏུ་ས་དང་བ་བྱུང་གིས་ཉེ་བར་བྱུགས་ལ་དྲི་བཟང་གི་ཆབ་ཀྱིས་ཆག་ཆག་གདབ་པར་བྱའོ། །སྟེང་དུ་བླ་བྲེས་ཀྱིས་བྲིས་ཤིང་འཕྱང་དུ་བཅུག་ནས་དེའི་དབུས་སུ་རྡུལ་ཚོན་དཀར་པོས་འཁོར་ལོ་རྩིབས་བརྒྱད་པ་ཤིན་ཏུ་བརྒྱན་པར་གདབ་པར་བྱའོ། །གང་དེའི་དབུས་སུ་རང་བཞིན་གྱི་སྙིང་པོ་འབྱུང་བའི་གཙུག་ཏོར་རོ། །དེ་ལྟར་རིམ་པ་ཇི་ལྟ་བར་ཤར་ལ་སོགས་པའི་རྩིབས་རྣམས་སུ་ནམ་མཁའ་ལྟར་འདུས་པའི་བཟའ་སྟོན་འབྱུང་བའི་གཙུག་ཏོར་དང ། སའི་
232a
༄#། །སྙིང་པོ་འབྱུང་བའི་གཙུག་ཏོར་དང ། ནོར་བུའི་སྙིང་པོ་འབྱུང་བའི་གཙུག་ཏོར་དང ། རོ་བཅུད་ཀྱི་སྙིང་པོ་འབྱུང་བའི་གཙུག་ཏོར་དང ། སྙིང་པོ་དཔག་མེད་འབྱུང་བའི་གཙུག་ཏོར་དང ། གཟི་བརྗིད་སྙིང་པོ་འབྱུང་བའི་གཙུག་ཏོར་དང ། རྔའི་སྒྲ་དབྱངས་འབྱུང་བའི་གཙུག་ཏོར་དང ། སེར་བུ་འབྱུང་བའི་གཙུག་ཏོར་ཏེ། དེ་བཞིན་གཤེགས་པ་རྣམས་བཞུགས་སུ་གསོལ་ལོ། །དེའི་ཡང་ཕྱི་རོལ་ཉིད་དུ་པདྨ་འདབ་མ་བཅུ་དྲུག་པ་ལེགས་པར་བྲི་བར་བྱའོ། །འདབ་མ་སོ་སོ་རེ་རེར་རིམ་པ་ཇི་ལྟ་བར་ཐིག་ལེ་བཅུ་དྲུག་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བཞུགས་སུ་གསོལ་ལོ། །ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། ཕྱི་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། ཕྱི་ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། སྟོང་པ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། དོན་དམ་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། འདུས་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། འདུས་མ་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། དོར་བ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། རང་བཞིན་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། ཆོས་ཐམས་ཅད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། རང་གི་མཚན་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། མི་དམིགས་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། དངོས་པོ་མེད་པ་སྟོང་པ་ཉིད་
232b
འབྱུང་བའི་གཙུག་ཏོར་དང ། རང་གི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང ། དངོས་པོ་མེད་པའི་རང་གི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་རོ། །དེ་བཞིན་གཤེགས་པ་བཞུགས་པའི་གདན་གྱི་དཀྱིལ་འཁོར་བྱས་ནས་དུས་ཇི་ལྟ་བའི་མེ་ཏོག་རྣམ་པ་དབུལ་བར་བྱའོ། །དེའི་ཕྱེད་ཀྱི་སྟེང་དུ་ཁྲི་གཙུགས་ཏེ་ཆུའི་སྣོད་དུ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་མཆོད་རྟེན་བཞུགས་པར་བྱའོ། །ཤོག་བུའམ་ལོ་མ་ལ་སྔགས་ཀྱི་ཡི་གེ་སྒྲུབ་པ་པོའི་མིང་ཅན་ཡང་བཞུགས་པར་བྱའོ། །བུམ་པ་ཆུས་བཀང་བ་ཡང་གཞག་པར་བྱའོ། །པདྨའི་ཕྱི་རོལ་ཕྱོགས་བཞིར་བུམ་པ་བཞི་ཡང་གཞག་པར་བྱའོ། །དར་གྱི་ལྡ་ལྡི་དང་གདུགས་དང་བ་དན་གྱིས་ཉེ་བར་མཛེས་པར་བྱས་ནས་ཡང་ཤར་དུ་བགེགས་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང ། ལྷོར་འཆི་བ་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང ། ནུབ་ཏུ་ཉོན་མོངས་པ་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང ། བྱང་དུ་ཕུང་པོའི་ནད་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང ། མེར་རྡོ་རྗེ་ཕྲེང་བ་ཚེ་སྦྱིན་མ་དང ། བདེན་བྲལ་དུ་སྒྱུ་མ་ཆེན་མོ་དང ། རླུང་དུ་གསེར་འོད་མ་དང ། དབང་ལྡན་དུ་གསེར་གྱི་ཕྲེང་བ་ཅན་ཚེ་སྦྱིན་མའོ། ། སྣོད་བཞི་ཆུ་དྲི་བཟང་དང་བཅས་པས་བཀང་སྟེ་མེ་ཏོག་གི་ཕྲེང་བའི་ཕྱང་དུ་གཞུག་པར་བྱའོ། །འདིའི་མཐར་རེ་ཁ་གསུམ་རྡུལ་ཚོན་གྱིས་བྲི་བར་བྱའོ། །ཕྲེང་བ་དང་པོ་ལ་སྒྲ་ལ་སོགས་པ་མེད་
233a
༄#། །པའི་འཇིམ་པ་རློན་པ་ལ་བྱས་པའི་སཱ་ཚ་སྟོང་ཕྲག་གཅིག་བསྒྲིག་པར་བྱའོ། །མ་འགྲུབ་ན་བརྒྱ་ངེས་པར་བཞུགས་པར་བྱའོ། །ཕྱོགས་བཞིར་བཀུར་སྟི་དང་བསྟི་སྟང་ཆེན་པོའི་མཆོད་པ་བྱས་ནས་ཚིག་གཞན་མི་སྨྲ་བའི་དམ་བཅའ་འཛིན་པའི་ཆོས་སྨྲ་བ་རྣམས་ཀྱིས་གཟུངས་འདི་བཀླག་པར་བྱའོ། །ལན་རེ་རེ་ཞིང་མཆོད་རྟེན་གྱི་དབུར་མཆོད་ཅིང་རབ་ཏུ་གནས་པར་བྱའོ། །སྟོང་ཕྲག་གཅིག་ཏུ་ཀློག་པས་དབུས་ཀྱི་མཆོད་རྟེན་གྱི་དབུར་ལག་པ་བསྐྱོད་ཅིང་མཆོད་པ་བྱའོ། །མེ་ཏོག་དང ། བདུག་སྤོས་དང ། མར་མེ་དང ། དྲི་ཆབ་དང ། ལྷ་བཤོས་ལ་སོགས་པ་མཆོད་པ་ཐམས་ཅད་སྟོང་ཕྲག་སོ་སོར་མཆོད་རྟེན་གྱི་ཕྲེང་བའི་རྣམ་པར་བྱས་ནས་མཆོད་པ་བྱའོ། །ཇི་སྲིད་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་མར་མེའི་ཕྲེང་བ་རླུང་གིས་མི་ཉམས་པ་སྦར་བར་བྱའོ། །མཉམ་པར་བཞག་ཅིང་གཙང་སྦྲས་རབ་ཏུ་འཇུག་པར་བྱའོ། །དེ་ལྟར་བྱས་ན། ཞག་བདུན་པའི་ཚེ་ལོ་བདུན་དུ་འཚོ་བར་འགྱུར་རོ། ། ལོ་བདུན་པའི་ཚེ་ནི། དེ་ལྟར་ཚེ་མཆོག་འཐོབ་ཅིང་ནད་ལས་རྣམ་པར་གྲོལ་ནས་ལོ་བརྒྱར་འཚོ་བར་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་ཡང་ཐམས་ཅད་དུ་རྙེད་པར་མི་འགྱུར་རོ། །དེ་ལྟ་བུའི་ཉེ་བར་སྤྱོད་པའི་རིམ་པ་ལས་གཞན་དུ་བྱས་ན། དེས་འགྲུབ་པ་མ་ཡིན་ནོ། །རབ་ཏུ་བྱེད་པ་དང་པོའོ།། །།རྟོག་པ་འདི་ཡང་དག་པའི་དགེ་བའི་བཤེས་གཉེན་སྔོམ་བརྩོན་
233b
དམ་པ་འདུལ་བའི་གཙུག་ལག་ལ་ཟླ་མེད་པར་སྨྲ་བ་ནེའུ་མཁན་པོའི་གསུང་བཞིན་དུ། མང་དུ་ཐོས་པའི་ལོ་ཙཱ་བ་གནས་བརྟན་དཔལ་ཉི་མ་རྒྱལ་མཚན་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་རང་གིས་བསྒྱུར་བའོ།། །།