rKTs


H553

(e-text produced by ACIP)

see text in transliteration
289b
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡ་བ་ཧི་ནི། ཛ་ཡོ་ཏ་ཏ་རི། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ། ཀྵི་ན་ཀྵི་ན། སརྦ་ཀརྨ་ཨཱ་བ་ར་ཎ་ནི། མེ་སརྦ་ཛྙཱ་ན་ཨདྷྵྛི་ཏེ་སཝཱཧཱ། ན་མོ་བྷ་ག་བ་ཏི་ཧ་ས་པྲ་བྷ་དྷ། སརྦ་བུདྡྷ་ཨ་བ་ལོ་ཀེ་ཏ་ཙ་ཀྵུ། ཤྲོ་ཏྲ་གྷྲ་ཎ་ཛི་ཧཱ་ཀཱ་ཡ་མ་ནོ་བིདྷྱཱ་ཛྙཱ་ན་པི་ཤོ་དྷ་ནེ་སཝཱཧཱ། ཕུ་རུ་ཕུ་རུ། སུ་རུ་སུ་རུ། ཕུ་རཱ་ཕུ་རཱ། བྲ་ཕུ་རཱ་པྲ་ཕུ་རཱ། སརྦ་བུདྡྷ་ཨ་དྷིཥྛི་ཏེ་སཝཱཧཱ། དྷརྨ་དྷཱ་ཏུ་གརྦྷེ་སཝཱཧཱ། ཨ་བྷཱ་བ་སཝཱཧཱ། སརྦ་དྷརྨ་ཨ་པ་བོ་དྷ་ནི་སཝཱཧཱ། གཟུངས་འདིའི་ཆོ་ག་ནི། འདི་ཡིན་ཏེ། ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོན་གི་བར་དུ་ལས་ཀྱི་སྒྲིབ་པ་
290a
༄#། །བསགས་པ་ཐམས་ཅད་ཟད་པར་འགྱུར་རོ། །སངས་རྒྱས་སྟོང་གི་དགེ་བའི་རྩ་བ་བསགས་པ་ཐོབ་པར་འགྱུར་རོ། །བསྐལ་བ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ཚེ་བརྗེས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དག་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཉིན་དུས་གསུམ་མཚན་དུས་གསུམ་ཉི་ཤུ་རྩ་རེ་རེ་བརྗོད་ན། ཅི་འདོད་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་ཡང་མཐོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུལ་རྣམས་ལ་ཡང་མི་ཕྱེད་པའི་སེམས་དད་པ་ཅན་དུ་འགྱུར་ཏེ། དེ་ལ་སོགས་པ་ཕན་ཡོན་ཚད་མེད་པ་དགའ་བྱུང་ངོ ། །སྟོང་འགྱུར་ཞེས་བྱ་བའི་གཟུངས་རྫོགས་སོ།། །།