rKTs


H574

(e-text produced by ACIP)

see text in transliteration
328b
རྒྱ་གར་སྐད་དུ། པཱུ་ཛ་མེ་གྷ་ནཱ་མ་དྷཱ་ར་ཎི།་བོད་སྐད་དུ། མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརད་ནེ། ཏ་ཐཱ་ག་ཏཱ་ཡ།་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲ། མ་ཧཱ་བིདྱ་སཝཱཧཱ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་
329a
༄#། །ཤོདྷ་ན་བཛྲེ་སཝཱཧཱ། གཟུངས་སྔགས་འདིའི་ཆོ་ག་ནི། འདི་ཡིན་ཏེ། དྲན་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར་འགྱུར་ཞིང་ཞབས་ལ་ཕྱག་བྱས་བར་འགྱུར་རོ། །མེ་ཏོག་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་དང ། ཕྱེ་མ་དང ། ཆོས་གོས་དང ། གདུགས་དང ། རྒྱལ་མཚན་དང ། བདན་ཐམས་ཅད་དང ། གདན་དང ། གདང་བ་དང ། ན་བཟའ་དང ། སྤྱན་གཟིགས་དང ། བཤོས་གཙང་ལ་སོགས་པ་དང ། རྒྱན་དང ། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང ། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང ། ལག་ན་རྡོ་རྗེ་ལ་སོགས་པ་གསང་བ་བའི་བདག་པོ་དང་བཅས་པ་རྣམས་དང ། རྒྱལ་པོ་ཆེན་པོ་བཞི་རྣམས་ཕྱི་བཞིན་ཡང་དག་པར་འབྲང་ཞིང་སྲུང་བ་དང ། སྐྱོབ་བ་དང ། སྦེད་པར་བྱེད་དོ། །འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཡོན་ཏན་གྱི་
329b
ཁྱད་པར་འདི་དག་ནི། མ་བསྒྲུབས་པར་ལན་གཅིག་དྲན་པ་ཙམ་གྱིས་ཐོབ་པར་འགྱུར་རོ། །མཆོད་པའི་སྦྲིན་ཅེས་བྱ་བའི་གཟུངས་རྫོགས་སོ།། །།