rKTs


H576

(e-text produced by ACIP)

see text in transliteration
330a
རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་ནཱ་ཏྲྀ་ཀ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་ངང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་ཕྱག་རྒྱའི་གཟུངས། ནད་ཐམས་ཅད་རྟུ་ཞི་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཏེ། ང་ཡང་ད་ལྟར་འཆད་པ་ཟུངས་ཤིག ། ཏདྱ་ཐཱ། ཨ་བརྟེ། ཨ་བརྟེ། བི་བརྟེ།་བི་བརྟེ། བྷ་ག་མ་ཤུད་དྷེ། པྲ་བྷ་སཝ་རེ། ཏ་ར་ཎེ། ཨུག་ཀ་ལེ། མུག་ཁ་ལེ། སརྦ་དྷརྨཱཿ ་པཱ་ཤ་པ་ཎྱཻ་སཝཱཧཱ། དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ཀྱང་འདིའི་སྙིང་པོ་བརྗོད་པར་བྱའོ། །ཏདྱ་ཐཱ། ཨཙྪ། ཨ་ན་ལེ་ཨེ་ལུ་ཕ་ཨ་ལུ་ཕེ་མུརྟ་ཨ་མུགྟེ། སརྦ་དྷརྨ་ཨ་
330b
དྷི་བ་ཏི་ཡ་པྲདྟ། \?\་སྣ་ཀ་ར། ཨ་དྷི་ག་ཏ་ཛྙཱ་ནེ། བི་ཤུདྡྷེ་པ་ཏི་སཝཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་བ་ཀུན་དགའ་པོ་དང ། ཐམས་ཅད་དང་ལྡན་བའི་འཁོར་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པོ་པར་བསྟོད་དོ། །ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།