rKTs


H577

(e-text produced by ACIP)

see text in transliteration
330b
རྒྱ་གར་སྐད་དུ།་ཨཱརྱ་བ་ལ་བ་ཏི་ནཱ་མ་པྲ་དྱཾ་གི་རི། བོད་སྐད་དུ། འཕགས་པ་ཕྱིར་ལྡོག་པ་སྟོབས་ཅན་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་ཆེན་པོ་དང་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་བརྩོ་བ་ཅན། འཕགས་པ་སྤྱན་རས་གཟིགས་དབང་ཡུག་ལ་ཕྱག་འཚལ་ལོ། །འབྱུང་པོ་ཐམས་ཅད་འགོག་པ། རིམས་ཐམས་ཅད་ཟློག་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་འགོག་པ། གཟའ་དང ། རྒྱུ་སྐར་གྱི་གདོན་དང ། འབྱུང་ལོའི་གདོན་ཐམས་ཅད་རྣམ་པར་འཇོམས་པ། བདུད་ཀྱི་གནས་ཐམས་ཅད་འཇོམས་པ། མི་མཛའ་བ་ཐམས་ཅད་སོ་སོར་རེངས་པར་བྱེད་པ། ཏེ་སྐྱོང་བ། སྲོག་སྐྱོབ་པའི་ཕྱིར་ཟློག་པ་འདི་བརྗོད་པར་བྱའོ། ། ཏདྱ་ཐཱ།་ཨ་བ་ལོ་ཀི་ཏེ། ཨ་བ་ལོ་ཀི་ཏེ། སཾ་བྷ་བེ། དྷ་ར་དྷ་ར་དྷ་ར་དྷ་ར། བ་ར་བ་ར་བ་ར་བ་ར། ཀཱ་ལེ་ཀཱ་ལེ་ཀཱ་ལེ། མ་ཧཱ་ཀཱ་ལ་ཨ་བ་ལོ་ཀི་ཏེ། པྲ་སཱ་དྷ་ནེ། དྷ་མེ་དྷ་མེ་དྷ་མེ། དྷ་མ་
331a
༄#། །ནི།་ས་མཱ་ཧི་ཏེ། བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། འཇིགས་ཤིང་སྐྲག་པ་ཐམས་ཅད་ལས་སྲུང་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱང་དུ་གསོལ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ། ཆད་པ་སྤང་བར་མཛད་དུ་གསོལ། མཚོན་ཆ་སྤང་བར་མཛད་དུ་གསོལ། མཚམས་གཅད་པར་མཛད་དུ་གསོལ། ས་བཅིང་བར་མཛད་དུ་གསོལ། ཀུ་རུ་ཀུ་རུ་པ་ན་མཀྵི། བི་དྷི་བི་དྷི་བི་དྷི། མྲྒ་སཾ་པྲ་སཝ་རེ། ཨ་མྲྀ་ཏ་ཏེ་ཛ་བ་ཏི། གནོད་པ་ཐམས་ཅད་ལས་བདག་ལ་རྟག་ཏུ་སྲུང་དུ་གསོལ། སྲུང་དུ་གསོལ། མུ་ལུ་མུ་ལུ་མུ་ལུ། ཁུ་ཁུ་མེ། གྷོ་རི་གྷོ་རི། བ་ལེ་བ་ལེ། ཏ་ར་ཏ་ར། མུ་ཡ་མུ་ཡ། མུཉྩ་ནི། ཁ་ཁ་རེ།་དྷུཾ་དྷུཾ་དྷུཾ་ནི། བདག་འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་ཐམས་ཅད་ལས་སྲུང་དུ་གསོལ། སྲུང་དུ་གསོལ། ཛ་ཡཾ་ཀུ་རུ་ཀུ་རུ། ཕུ་རུ་ཕུ་རུ་སཝཱཧཱ། ཨ་མ་ལེ་སཝཱཧཱ།་ཨ་མྲྀ་ཏེ་སཝཱཧཱ། འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བ་རྫོགས་སོ།། །།