rKTs


H584

(e-text produced by ACIP)

see text in transliteration
417b
རྒྱ་གར་སྐད་དུ། ཨཱ་ཡ་བི་ཛ་ཡ་པ་ཏི་ནཱ་མ་པྲ་ཏྱཾ་གི་རཱ། བོད་སྐད་དུ། འཕགས་པ་ཕྱར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཞས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྲུང་བ་ལ་མངོན་པར་བརྩོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྒྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔང་ཧེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ནས་ཕྱིར་ཟློག་པ་རྣམ་པར་གྱལ་བ་ཅན་ཞེས་བྱ་བ་བཤེད་བྱེད་དང་བྱད་སེམས་བ། རོ་ལངས་དང་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། མཁའ་འགྲོ་མའི་འཇིགས་པ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་གྱི་འཇིགས་པ་དང ། གྲིབ་གནོན་གྱི་འཇིགས་པ་དང ། བརྗོད་བྱེད་ཀྱི་འཇིགས་པ་དང ། སྲུལ་པོའི་འཇིགས་པ་དང ། ལུས་སྲུལ་པོའི་འཇིགས་པ་དང ། ལམ་ལོག་པ་དང ། ལམ་དུ་ཞུགས་པའི་འཇིགས་པ་དང ། ཉིན་མོ་དང ། མཚན་མོའི་
418a
༄#། །འགྲོ་བ་སོ་སོའི་འཇིགས་པ་རྨུགས་པར་བྱེད་པ། རེངས་པར་བྱེད་པ། རྨོངས་པར་བྱེད་པ། བདོག་བཟང་པོར་བྱེད་པ། སྤྲོ་བ་ཡང་དག་པར་འཕེལ་བར། བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་ཡང་དག་པར་བྱང་བར་བྱེད་པ། ཁ་རྨུགས་པར་བྱེད་པ། ཁ་རེངས་པར་བྱེད་པ། བཞིན་མཛེས་པར་བྱེད་པ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ། སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་གཞི་འདི་དག་གྲུབ་པར་གྱུར་ཅིག་།ཏདྱ་ཐཱ་ཨོཾ་དྷ་ར་དྷ་ར། དྷ་ར་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷི་རི། དྷི་རི། དྷི་རི་དྷི་རི་དྷི་རི་དྷི་རི། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ་དྷུ་རུ། བདག་འཇིགས་པ་དང ། གནོད་པ་ཐམས་ཅད་དང ། གཤེད་བྱེད་དང ། བྱད་སྟེམས་ཐམས་ཅད་ལས་སྲུང་དུ་གསོལ། སྲུང་དུ་གསོལ། ཏདྱ་ཐཱ། ས་ར་ས་ར། ས་ར་ས་ར། ས་ར་ས་ར་ས་ར། སི་རི་སི་རི་སི་རི་སི་རི་སི་རི་སི་རི་སི་རི་སི་རི། སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ། མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་མ་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི། མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ། བདག་ནད་ཐམས་ཅད་ལས་སྲུང་དུ་གསོལ།
418b
སྲུང་དུ་གསོལ། ཏྡྱཱ་ཐཱ། ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི། མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི། ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ། འབྱུང་པོ་ཐམས་ཅད་ཟློག་པར་མཛད་དུ་གསོལ། ཨོཾ་བཾ་ས་ར་བི་ས་ར། ཀཾ་པ་ཀཾ་པ། ན་ཤ་ན་ཤ། ན་ཤ་པ་ན་ཤ་ཡ། དགྲ་གང་དག་བདག་ལ་མི་ཕན་པར་འདོད་པ་དང ། རྣམ་པར་སྡང་བ་དང ། གནོད་པར་སེམས་པ་དང ། སྔགས་བྱེད་པ་དང ། སྤྱིན་སྲེག་བྱེད་པ་དང ། བྱེད་དུ་འཇུག་པ་དང ། བྱས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ཉིད་ལ་སླར་སོང་ཞིག་སཝཱཧཱ། མི་མཛའ་པ་ཐམས་ཅད་ཀྱི་མིག་བཅིང་ངོ ། །རྣ་བ་བཅིང་ངོ ། །སྣ་བཅིང་པོ། ལྕེ་བཅིང་ངོ ། །ལུས་བཅིང་ངོ ། །ཡིད་བཅིང་ངོ ། །ཡན་ལག་དང་ཉིད་ལག་ཐམས་ཅད་བཅིང་ངོ ། །སྥུཊ་སྥུཊ་སྥུཊ། སྥོཊ་ཡ་སྥོཊ་ཡ་སྥོཊ་ཡ། གཤེད་བྱེད་དང་བྱང་ཐམས་ཅད་རྣམ་པར་བསལ་དུ་གསོལ། རྣམ་པར་གཞོམ་དུ་གསོལ། རྣམ་པར་གཞིག་ཏུ་གསོལ། སརྦ་ཤ་ཧྲཱི་ཏུ་རུ་ཏུ་རུ་ཏུ་རུ་ཏུ་རུ་ཏུ་རུ་སཝཱཧཱ། བདག་འཇིགས་པ་དང་གནོད་པ་ཐམས་ཅད་དང ། གཤེད་བྱེད་དང ། བྱད་དང ། རོ་ལངས་དང ། རྗེད་བྱེད་ཐམས་ཅད་
419a
༄#། །ལས་སྲུང་དུ་གསོལ། སྲུང་དུ་གསོལ་སཝཱཧཱ། བདག་གི་སྡིག་པ་ཐམས་ཅད་པས་ལ་དུ་གསོལ། བསལ་དུ་གསོལ། ཙ་ར་ཙ་པ་སཝཱཧཱ། མ་ར་མ་ར་སཝཱཧཱ། སི་རི་སི་རི་སཝཱཧཱ། ཀུ་རུ་ཀུ་རུ་སཝཱཧཱ། དྷུ་རུ་དྷུ་རུ་སཝཱཧཱ། མི་གང་དག་གནོད་པར་འདོད་པ་ཕན་པར་མི་འདོད་ཅིང་བདག་ལ་ལྟ་བ་ཐམས་ཅད་རྨུགས་པར་བགྱིའོ། །རིངས་པར་བགྱིའོ། །འཁྲུགས་པར་བགྱིའོ། །རྨོངས་པར་བགྱིའོ། །འབྱུང་པོ་ཐམས་ཅད་དང ། གདོན་ཐམས་ཅད་དང ། ནད་ཐམས་ཅད་འཁྲུལ་པར་མཛད་མ། རྨོངས་པར་མཛད་མ་རྨུགས་པར་མཛད་མ། རེངས་པར་མཛད་མ། འཇིགས་པར་མཛད་མ། རྣམ་པར་འཇིགས་པར་མཛད་མ། རྣམ་པར་འཐོར་བར་མཛད་མ། རྣམ་པར་འཇོམས་པར་མཛད་མ་སཝཱཧཱ། ནཱི་ལེ་ནཱི་ལེ་ནཱི་ལེ་ཀེ་ཤེ་སཝཱཧཱ། པཱི་ཏི་པཱི་ཏི་པཱི་ཏི་ཀི་ཤེ་སཝཱཧཱ། ལོ་ཧི་ཏེ་ལོ་ཧི་ཏེ་ཀེ་ཤེ་སཝཱཧཱ་ཨ་བ་དཱ་ཏེ་ཨ་ ་དཱ་ཏེ་ཨ་བ་དྷ་ཏེ་ཀེ་ཤེ་སཝཱཧཱ། ཤཝེ་ཏེ་ཤཝེ་ཏེ་བསྟ་དྷཱ་ར་ཎི་ཡེ་སཝཱཧཱ།་འབྱུང་པོ་ཐམས་ཅད་ལ་དབང་བསྒྱུར་མ། བདག་གི་སྡིག་པ་ཐམས་ཅད་བསལ་དུ་གསོལ་སཝཱཧཱ། འཕེལ་བར་མཛད་མ། བདག་གི་དཔལ་སྐལ་པ་བཟང་པོ་ཐམས་ཅད་སྤལ་དུ་གསོལ། འཕེལ་བར་མཛད་དུ་གསོལ་སཝཱཧཱ། བདག་འཇིགས་པ་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་ཐམས་ཅད་དང ། གཤེད་བྱེད་དང །
419b
བྱད་ཐམས་ཅད་དང ། ནད་ཐམས་ཅད་དང ། གདོན་ཐམས་ཅད་དང ། སྡིག་པ་ཐམས་ཅད་དང ། བཟའ་ཉེས་པ་དང ། སྒོམ་ཉེས་དང ། གནོད་སྒྲིབ་དང ། གནོད་ལྟས་ཐམས་ཅད་སྲུང་དུ་གསོལ། སྲུང་དུ་གསོལ་སཝཱཧཱ། ཕྱིར་ཟློག་རྣམ་པར་རྒྱལ་བ་ཅན། །རྒྱལ་བ་འབྱུང་བ་གསུངས་པ་འདི། །གང་གིས་མ་གུལ་དུ་འདི་བཏགས་པ། །དེ་ནི་རྒྱལ་འགྱུར་ཐེ། ཚོམ་མེད། །སྡིག་པ་རྨི་ལམ་བཀྲ་མི་ཤིས། །རྒྱལ་པོ་མེ་དང་ཆོམ་རྐུན་དགྲ། དེ་དག་རྣམས་ཀྱིས་དེ་མི་ཚུགས། །གང་གིས་མགུལ་དུ་འདི་བཏགས་པ། །དེ་ནི་ཆུ་ཡིས་ཁྱེར་མི་འགྱུར། །སྡིག་པ་ཡང་དག་བྱང་བར་འགྱུར། །དགེ་བ་རྣམས་ཆི་རྟག་ཏུ་འཕེལ། །ནད་མེད་པ་ཡང་ཐོབ་པར་འགྱུར། །འཕགས་པ་ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ།། །།