rKTs


H589

(e-text produced by ACIP)

see text in transliteration
426a
ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་ལ་ཕྱག་འཚལ་ལོ། །དགྲ་དང་འཇིགས་པ་ཀུན་ལས་བརྒལ། །རྣམ་པར་གཟིགས་ནི་གཟི་བརྗིད་ཆེ། །རྫུ་འཕྲུལ་ངོ་བོ་གཙུག་ཏོར་རོ། ། ཐམས་ཅད་སྐྱོབ་པའི་ཤེས་རབ་དང ། །ལོག་དད་སེལ་བའི་སྟོབས་ཉིད་དང ། གསེར་ཐུབ་ཀྱི་ནི་རླབས་པ་དང ། །འོད་སྲུང་གི་ནི་ཡོན་ཏན་དང ། །ཤཱཀྱ་ཐུབ་པའི་བརྩོན་འགྲུས་ཀྱིས། །བདག་ནི་རྟག་ཏུ་བདེ་བར་ཤོག། ཏདྱ་ཐཱ། ཛ་ཡནྟི། བི་ཛ་ཡནྟི། ཛ་ཡེ། བི་ཛ་ཡེ། ཛི་ཏི་ཛི་ཏི། ཨ་པ་ར་ཛི་ཏེ། པ་ར་སེ་ནྱ་པྲ་མརད་ནཱི་ཡེ་སཝཱཧཱ། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ་རྫོགས་སོ།། །།