rKTs


H598

(e-text produced by ACIP)

see text in transliteration
444b
རྒྱ་གར་སྐད་དུ། ཨཱརྱ་སུ་མུ་ཁཾ་ནཱ་མ་དྷཱ་ར་ཎཱི་\?\། བོད་སྐད་དུ། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་བ་\?\་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་ན་བྱང་ཆུབ་སྙིང་པོའི་མཆོད་རྟེན་ཆེན་པོ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་སློང་ཆེན་པོ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་མཚན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཡང་ཐབས་ཅིག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
445a
༄#། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། གང་གིས་སེམས་ཅན་རྣམས་ལ་སྣང་བ་བགྱིས་པར་འགྱུར་བ་དང ། ཕྱིར་རྒོལ་བ་དང ། དགྲ་ཐམས་ཅད་ཀྱིས་གནོད་པར་བགྱི་བ་སྲུང་བ་དང ། བསྐྱབ་པར་འགྱུར་བ་དང ། འདི་ལྟ་སྟེ། ལྷའི་དབང་པོ་རྣམས་དང ། ཀླུའི་དབང་པོ་རྣམས་དང ། གནོད་སྦྱིན་གྱི་དབང་པོ་རྣམས་དང ། སྲིན་པོའི་དབང་པོ་རྣམས་དང ། འབྱུང་པོའི་དབང་པོ་རྣམས་ཀྱིས་འཇིགས་པར་མི་འགྱུར་བ་དང ། སྡིག་པ་དང ། མཚོན་དང ། དུག་དང ། བྱད་ཀྱིས་གནོད་པར་མི་འགྱུར་བ་དང ། ཕར་མཆིའམ། སླར་མཆིའམ། ཉལ་ལམ། གཉིད་ཀྱིས་ལོག་གམ། སྨྱོས་སམ། རབ་ཏུ་སྨྱོས་ཀྱང་རུང ། ཐམས་ཅད་དུ་ཡང་སྐྱོབ་པར་འགྱུར་བ་དང ། དེ་དག་གི་དོན་དུ་དེ་ལྟ་བུའི་གསང་སྔགས་ཀྱི་གཞི་རྣམས་བཤད་དུ་གསོལ། ཇི་ལྟར་བདག་རྟག་ཏུ་དེ་བཞིན་གཤེགས་པའི་རིམ་གྲོ་འཚལ་བ་དང ། རྟག་ཏུ་སྲུང་བ་དང ། ཡོངས་སུ་སྐྱོབ་པར་འཚལ་བ་དང ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་འཐབ་པ་དང ། མཚང་འདྲུ་བ་དང ། རྩོད་པ་དང ། ནད་དང ། དུས་མ་ལགས་པའི་འགུམ་པ་ལས་བསྲུང་བ་དང །
445b
ཡོངས་སུ་བསྐྱང་བ་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདབས་པ་ལེགས་སོ། །ལེགས་སོ། །དེའི་ཕྱིར་ལག་ན་རྡོ་རྗེ། ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱའོ། །ུ་གུ་མུ་གུ་བ་ལི་ནི། བནྡྷ་ནི། བ་ལ་ཙ་མ་ན། བ་ཧུ་བ་ཧུ་བ་ཧུ་ལི་བརྟ་ཡ་སཝཱཧཱ། དེ་བཞིན་གཤེགས་པས་སྦྱི་བོ་ནས་དབང་བསྐུར་བའི་གཟུངས་སྔགས་ཀྱི་གཞི་རྣམས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པས་ཀྱང་གསུངས་པར་འགྱུར་རོ། །བྱིན་གྱིས་རློབ་པར་འགྱུར་རོ། །ཏདྱ་ཐཱ། བཛྲི་བཛྲི་བཛྲཱ་བཛྲི་དྷ་རི། བཛྲ་པའ་ཎི། བཛྲཱི་དྷ་རི།་ཙཀྲ་བཛྲཱི། ཙཀྲ་དྷ་རི། བ་ཊུ་དྷི་དྷི་རི། བྷི་རི། མུ་རི། ཙི་རི། ཨ་ཧུ་རི། བྷ་ག། བྷི་བྷི་རི། ཤི་རི་ཏྲ། ཤི་རི། རུ་རུ་ཙེ། རུ་རུ་ཙེ། ཙ་རི་ཙ་རི། ད་རི་ཙ་ལེ། ཙུ་རུ་མུ་རུ་པཎྜ་རེ། སྡིག་པ་ཐམས་ཅད་འཇིག་པར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུས་མ་ཡིན་པར་འཆི་བ་འགོག་པ་ནས་རྨི་ལམ་ངན་པའི་བར་དུ་འགོག་པར་བྱེད་པ། ཏདྱ་
446a
༄#། །ཐཱ།་བནྡྷི་ད། ག་ག་རི་ནི། མཱུརྟ་ནི། པྲ་མཱུརྟ་ནི། ནཱ་ཤ་ནི། པྲ་ནཱ་ཤ་ནི། ནད་རབ་ཏུ་ཞི་བར་བྱེད་པ་ནས་རྨི་ལམ་ངན་པའི་བར་དུ་འགོག་པར་བྱེད་པ། འདི་ལྟ་སྟེ།་ནཱ་ཤ་ནི། ནཱ་ཤ་ནི། བནྡྷ་ནི། བནྡྷ་ནི། ཙྪིནྡ་ནི། ཙྪིནྡ་ནི། ཙི་རེ་མི་རེ། མ་ཧེ་ཧ་ད་ནི། བ་ནི་བ་རེ། ཁ་རེ་བེ་རེ། བི་རི་བི་རི། བོ་དྷི་བོ་དྷི། སུ་ཥ་ཎི། ཤ་ར་ནི། བ་རུ་བ་རི་ནི། བ་ར་ཧཱུཾ་ཡེ། བྲྷྨ་ཙ་རི་ཎི། ཨིནྡྲ་པ་ཏི། དྷི་དྷི་རཱི་ཡ་ཎི། ན་མོ་མཧེ་ཤཝ་ར་ཡ་ནི། རི་ཤི། བྷཉྫ་ནི་པཱ་པ་ཛ་ཧ་ནི་ཀཱ་ལ་པ་ཏི་ནི། བྷུ་ཏ་བ་ད་ནི། སཏྱ་ག་ཐེ། སོ་མ་བཱ་དི། སོ་མ་པྲ་དྷེ་སཝཱཧཱ། ཚེ་རིང་བར་འགྱུར། ཏདྱ་ཐཱ། ཧ་ར་ཧ་ར་ཧ་ར་ཧཱ་ནི་སཝཱཧཱ། ཏདྱ་ཐཱ། ཨི་ཌི་ཏ་ག་ཌི་ཏ། པ་དི་ད། ཨ་ཡེ་ན། ཨ་རི། བྷཾ་ཛ་ནི། ཀ་ཀཱི་རྟི་ནི། པུ་ཏྲ་ད་ད་ཧ་ནི། མརྒ་ཨ་བྷི་རོ་ཧ་ནི། ཧུ་ས་བ་ཏི། མུ་པ་བི་ཏ། ཧི་ལི་ཧི་ལི། ཡ་ཐཱ་བ་ཛུ་ཡ། ཡ་ཐཱ་ཨགྣི། ཡ་ཐཱ་པ་རཾ་ཙ་ཡ་ཐཱ་ན་ལ་ཡ། ཡ་ཐཱ་བཛྲ་ཎ། ཡ་ཐཱ་ཧྲྀ་ད་ཡ་སཝཱཧཱ། ལག་ན་རྡོ་རྗེ། འདི་ནི། སྒོ་བཟང་པོ་ཞེས་བྱ་བའི་གཟུངས་ཏེ།་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྗེས་སེམས་ཅན་རྣམས་ཀྱི་དོན་དུ་བཤད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ་དང ། བདེན་པའི་ཐུགས་དམ་གྱིས་རྣམ་པར་བཞག་བཞིན་དུ་ང་ཡང་འཆད་དོ། །དེ་ནས་བཅོམ་
446b
ལྡན་འདས་ཀྱིས་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྦུ་ནས་འོད་ཟེར་ཕྱུང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འོད་ཟེར་གྱི་སྣང་བ་བྱུང་ངོ ། །འོད་ཟེར་གྱི་སྣང་བ་དེས་བསྐུལ་བས་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་ཆས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བྱོན་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།་ཤཱཀྱ་ཐུབ་པ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གཟུངས་སྔགས་ཀྱི་གཞི་རྣམས་སྣང་བར་བྱེད་པ། མཆོག་ཏུ་དགའ་བར་བྱེད་པ། དྲན་པར་བྱེད་པ། བཤད་པར་བྱེད་པ་ལེགས་སོ་ལེགས་སོ། །བདག་ཅག་གིས་ཀྱང་བྱིན་གྱིས་བརླབ་བོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་སྔགས་ཀྱི་གཞི་འདི་དག་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་ཡོན་ཏན་གྱི་ཕན་ཡོན་ཉི་ཤུར་ཤེས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་འགྱུར་བ་དང ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་བ་དང ། ངན་སོང་དུ་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་མེད་པར་འགྱུར་བ་དང ། ཚེ་རིང་བར་འགྱུར་བ་དང ། རིང་དུ་འཚོ་ཞིང་གྲགས་པ་དང་ལྡན་པ་དང ། ལོངས་སྤྱོད་དང་ལྡན་པ་དང ། སྟོབས་དང་ལྡན་
447a
༄#། །པ་དང ། གཟི་བརྗིད་དང་ལྡན་པ་དང ། རྟག་ཏུ་ནད་མེད་པ་དང་ལྡན་པ་དང ། བརྩོན་འགྲུས་དང་ལྡན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དགྱེས་ཤིང་ཐུགས་སུ་བྱོན་པར་འགྱུར་བ་དང ། ལྷ་ཐམས་ཅད་ཀྱིས་བསམ་པར་འགྱུར་བ་དང ། དགེ་བར་སྤྱོད་པར་འགྱུར་བ་དང ། དགེ་བའི་དོན་ལ་རབ་ཏུ་བརྩོན་པ་དང ། སྣང་བར་བྱེད་པར་འགྱུར་བ་དང ། མཆོག་ཏུ་དགའ་བ་དང་དྲན་པ་དང་ལྡན་པར་འགྱུར་བ་དང ། མཚན་ཕུན་སུམ་ཚོགས་པར་འགྱུར་བ་དང ། མི་འཇིགས་པར་འགྱུར་བ་དང ། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ལག་ན་རྡོ་རྗེ། འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསང་བའི་གནས་ཀྱི་གཟུངས་སྔགས་ཀྱི་གཞི་འདི་རྣམས་གསུངས་ཤིང ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ད་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་ཀྱི་གཞི་རྣམས་བཤད་པར་བགྱིའོ། །སུ་ཞིག་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་
447b
སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པ་དེ། རྣམ་པར་འཚེ་བ་ཐམས་ཅད་ལས་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཤི་ཁི་ཤི་ཁི་ཤི་ཁི་ཤི་ཀ། ཙི་ཙི་ཙི་ཙི།བྷ་བྷ་བྷ་བྷ། རུ་རུ་རུ་རུ།་ཛི་ཛི་ཛི་ཛི། གྲ་གྲ་གྲ་གྲ། ཧྲི་ཧྲི་ཧྲི་ཧྲི། ཧ་ཧ་ཧ་ཧ། མ་མ་མ་མ། ཧ་ན་ཧ་ན་མེ། སརྦ་པྲ་ཏྱིཐ་ཀཱ། ད་ཧ་ད་ཧ་མེ། སརྦ་ཤ་ཏྲ་བ། པ་ཙ་པ་ཙ་མེ། སརྦ་ཨ་ཧི་ཏེ་ཥི་ན་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དངོས་གྲུབ་དམ་པའི་གཟུངས་སྔགས་ཀྱི་གཞི་རྣམས་སྨྲས་པ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པ་དེའི་སྦུའི་ཁུང་བུ་རྣམས་སུ་མདངས་ཐམས་ཅད་སྩལ་བར་བགྱི་བ་བཤད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི་ཙ་ལི་སཝཱཧཱ། པྲཧྨ་སཝཱ་རེ་སཝཱཧཱ། བྲཧྨ་ཨ་བ་སུ་གརྦྷེ། ཨ་ཀལྤེ། པུ་ཥ་སཾ་སྟ་རེ་སཝཱཧཱ། བཙུན་པ་བཅོམ་ལྡན་འདས། འདི་ནི། གང་ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་སྲུང་བ་དང ། ཡོངས་སུ་སྐྱོང་བའི་གཟུངས་སྔགས་ཀྱི་གཞི་རྣམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་
448a
༄#། །བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་གི་ཚེ་སྐྱོང་བའི་རིག་སྔགས་འདི་དག་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འྦྶྲུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གཟུངས་སྔགས་ཀྱི་གཞི་རྣམས་བཤད་པར་བྱའོ། །ཏདྱ་ཐཱ། བོ་དྷི་ཙིཏྟེ། བ་ར་ཎི། བཱ་མ་རཎྜེ། དིཏྟི་དིཏྟི། གཽ་རི། གནྡྷ་རི། ས་ར་མ་ཏནྟ། བཛྲ་ཏུ་ལ་ནི། ཛྭཱ་ལ་མཱ་ལི་ནི། ཙཀྲ་བ་ཀ། ཤ་བ་རེ་ཤ་བ་རེ། ཤ་མ་རེ་ཤ་མ་ར་སཝཱཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང ། རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་གསང་སྔགས་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། བུཥྤེ་སུ་པུཥྤེ། ཤོ་དྷ་ནི། སཾ་ཤོ་དྷ་
448b
ནི།་དྷུ་མ་པ་ཡི་ཏ་རེ། ཨཱརྱ་པྲ་ཤ་སྟེ། ཤནྟེ། ནི་ར་མུཀྟེ། མཾ་ག་ལྱེ། ཧི་ར་ཎྱ་གརྦྷེ། སྟ་རེ་སྟ་པ་ཏ་སཝཱཧཱ། དེ་ནས་འབྱུང་པོའི་མ་མོ་འཕྲོག་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། །ནང་པར་ལངས་ནས་ཀློག་པ་དང ། ཡིད་ལ་བགྱིད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པི་ལི་སི་བ་པི་ལི། སི་ལི། མ་ཧཱ་པི་པི་ལི། སི་མི་ལི་སེ། གུ་རུ་ཎེ། གུ་རུ་གུ་རུ་ཎེ། མ་ཧཱ་གུ་རུ་ཎེ་ཕུ་སཝཱཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཨཊྚ་ཕུ། བཊྚ་ཕུ། ནཊྚེ་པུ། ཀུ་ནཊྚེ་ཕུ།་མ་ནཊྚེ་ཕུ། མཎྜ་ཏ་ཧ་ཀེ་ཕུ། ཤྲི་ཕུ། བྷཾ་གེ་ཕུ། མཾ་གེ་ཕུ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་
449a
༄#། །ཅེས་གསོལ་ཏོ། །བཅུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། དུག་གཞིལ་བར་བགྱིའོ། །མཚམས་གཅད་པར་བགྱིའོ། །ཏདྱ་ཐཱ། ཧེ་བཛྲེ། ཧེ་བཛྲེ། ཧཱི་ཧཱ། བི་སི་བི་སི། མ་ཧཱ་བི་སི་ཕུ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ལུ། སརྦ་བྷུ་ཏ་པྲ་ཏི་ཥེ་དྷ་ནཾ་ཀ་རོ་མི་སཝཱཧཱ། དེ་ནས་སྡེ་དཔོན་གཞོན་ནུས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་
449b
གཙང་མ་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བར་བགྱི་བའི་སླད་དུ་གཟུངས་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། ཏུ་རུ་ཏུ་རུ། ཏུ་རུ་ཏུ་རུ། སརྦ་བྷུ་ཏ་པྲ་ཏི་ ་དྷ་ནཱཾ་ཀ་རོ་མི་སཝཱཧཱ། དེ་ནས་ལྷའི་བུ་ཟླ་འོད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་གཙང་མ་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨཾ་གེ། བཾ་གེ། ཙཾ་གེ། ཧི་ནི། ཌི་ཌི། དི་དི། ཙི་ཙི་ཕུ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱབ་པར་བགྱིའོ། །ཏདྱ་ཐཱ། ཧ་ཏེ། བི་ཧ་ཏེ། ནི་
450a
༄#། །ཧ་ཏེ།་སརྦ་པྲ་ཏྱ་རཱི་ཀཱ་།པྲ་ཏྱཱ། མི་ཏྲ་ཤུདྡྷེ། མུཀྟེ། བི་མུཀྟེ། བི་མ་ལེ། ནི་རྨ་ལེ། པྲ་བྷ་སཝ་རེ། པྲ་བྷ་ཀ་རེ་ཕུ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས།་ཚེ་སྐྱོང་བའི་རིག་སྔགས་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཛྭ་ལེ་ཛྭ་ལེ། མ་ཧཱ་ཛྭ་ལེ་ཛྭ་ལ།་ཛྭ་ལེ་ནི་ཨུཀྐེ་མུཀྐེ། ཤ་མེ་པྲ་ཤ་མེ། མ་ཧཱ་པྲ་ཤ་མེ། ཤ་མེ་ས་མཱ་དྷེ། མ་ཧཱ་ས་མཱ་དྷེ། ས་མཱ་བ་དྷེ། ཛྭ་ལེ་མ་ཧཱ་ཛྭ་ལ། ཛྭ་ལ་བ་མེ་ཕུ་སཝཱཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཁ་བ་ཅན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨུ་དུཾ་བ་རེ། ཨུ་དུཾ་བ་རེ། དུ་མ་བེ། པྲ་དུ་མི་བེ། བྱ་བ་དྷེ། ཨཱ་ན་གྷེ། ས་མཱ་དྷེ། མ་ཧཱ་སཱ་མཱ་དྷེ། ནཱི་ལེ་ནཱི་ལེ། ནཱི་ལེ་ཀེ་
450b
ཤེ་ཀེ་ཤི་ནི། ཀུ་ལེ་ཀུ་ལེ། མ་ཧཱ་ཀུ་ལེ། ནཱི་ལ་ཀུ་ལེ། སིདྡྷི་སིདྡྷི། ན་མོ་ཧཱ་རེ། ཨཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ས་མ་ཐེ། བ་བ་ལ། ཀུཙེ། དཱནྟེ། ནཱི་ལ་ཀ་ཤེ། ཀུ་ལེ། ནཱི་ལ་དཱནྟ། ཛཱཾ་གུ་ལེ་ཧུ་ཤེ།་མཱུ་ཤེ། བ་ལཾ་ཀུ་ཤེ། ཧ་ལ་ཀུ་ཤེ་།ཕ་ལ་མུ་ཙེ་སཝཱཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བདེ་བའི་རི་གནས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨ་མ་ལེ། བི་མ་ལེ།་ནིརྨ་ལེ། མཾ་ག་ཡེ། ཧི་ར་ཎྱ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། ཀ་མ་ཤྩི་ནི། ཡུ་བི་ར་ཛེ། ཀུ་ཊ་ཀུ་ཊ། ཀཾ་བ་ལེ། པྲཧྨ་སཝ་རེ། བྲཧྨ་སིདྡྷི། སིདྡྷི་མ་ནོ་ར་ཐེ་ཕུ་སཝཱཧཱ། དེ་ནས་ལྷ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིགས་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་
451a
༄#། །བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་ཀྱི་གཞི་འདི་རྣམས་བརྗོད་པར་བྱའོ།། ཏདྱ་ཐཱ།་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲེ་ཎི། བུདྡྷ་བཛྲེ། བུདྡྷ་ཨ་དྡྷིཥྛི་ཏེ་བཛྲེ། སུ་བུདྡྷེ། ནི་བུ་དྡྷེ། བ་ཧུ་བུ་དྡྷེ། བི་ཤི་ཥྚ་བུ་དྡྷེ། ཤུདྡྷེ། བུདྡྷེ་བུདྡྷེ། ནི་ཤཾ་གྲ་མ་ནི། ཛ་གེ་ལེ། ཨ་ལེ་སེ། ཏི་ལི་མེ།་ཏི་ལེ། ཏི་ལི་ལེ། མརྒེ། ཤཱནྟ་ཤཱནྟ་གཱ་མཱི་ནི་ཕུ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིགས་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཧི་ལི་བཛྲེ། ཧེ་ཧི་བཛྲེ། ཧེ་ཧེ་བཛྲ། ཡ་བ་ཀི་རི་ཀི་རི་བཛྲ་སཝཱ་ཧཱ། ཏདྱ་ཐཱ། ཨཎྜ་རེ། པཎྜ་རེ། ཤཝེ་དེ། པཎྜ་ར་བ་སི་ནི། ཀིནྣ་རེ། ཀ་རཱ་དེ། ཀེ་ཡུ་རེ། ཨི་ཧཱ་བུདྡྷེ། ཏ་ཏྭ་བུདྡྷེ། བྷུ་ཛེ་བྷུ་ཛེ། བྷུ་ཛེ་ག་མེ། བྷུ་ཛ་པཱ་པ་ཏེ། བྷ་ཡེ་བྷ་ཡེ། བྷ་ཡ་ཨ་གྲ་བ་ཏེ། བི་ནི་བི་ནི། ཤི་ར་པ་ཐེ། ཤི་པ་པ་ཐེ། ཨ་དཱི་དྱ་པ་ཐེ། ཏེ་ཛེ་ཏེ་ཛེ་བ་ཏོ། །ཱ་ཀཱ་ཤ་པ་ཐེ་ཕུ་སཝཱཧཱ། དེ་ནས་རྡོ་རྗེ་ཕོ་ཉ་མོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་
451b
སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང ། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང ། བསྐྱང་བ་དང ། སྦ་བར་བགྱིའོ། །ཏདྱ་ཐཱ། ཀུ་ཊེ་ཀུ་ཊེ། ཀུ་ཊི་ནི། ཀུ་ཊ་ཀུ་ཊ་རེ་སཝཱ་ཧཱ། ནཱི་ལེ་ནཱི་ལེ། ནཱི་ལ་ཀེ་ཤེ་སཝཱཧཱ། པཱི་ཏེ་བཱི་ཏེ། བཱི་ཏ་ཀེ་ཤེ་སཝཱ་ཧཱ། ལོ་ཧི་ཏེ་ལོ་ཧི་ཏེ། ལོ་ཧི་ཏ་ཀེ་ཤེ་སཝཱཧཱ། ཨ་བ་དཱ་དེ་ཨ་པ་དཱ་དེ། ཨ་པ་དཱ་ད་ཀེ་ནི་སཝཱ་ཧཱ། མཉྫི་ཥྛེ་མཉྫེ་ཥྛེ། མཉྫེ་ཥྛ་ཀེ་ཤེས་སཝཱ་ཧཱ། ཙ་ཀྲེ་ཙཀྲེ། བཛྲ་ཙ་ཀྲེ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱངས་ནས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟང་དག་།དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལྷ་དང ། འཇིག་རྟེན་སྐྱོང་བ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང ། བསྲུང་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་འདི་དག་ལེགས་པར་བརྗོད་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གང་སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་
452a
༄#། །ནང་པར་ལངས་ནས་ཀློག་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར། ལྷའི་དབང་པོ་དང ། ཀླུའི་དབང་པོ་དང ། ཀླུའི་དབང་པོ་དང ། གནོད་སྦྱིན་གྱི་དབང་པོ་དང ། ལྷ་མ་ཡིན་གྱི་དབང་པོ་དང ། ནམ་མཁའ་ལྡིང་གི་དབང་པོ་དང ། མི་འམ་ཅིའི་དབང་པོ་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་ཐམས་ཅད་ཀྱིས་བསམ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།