rKTs


H698

(e-text produced by ACIP)

see text in transliteration
342a
རྒྱ་གར་སྐད་དུ། བཛྲ་དུནད་ནཱ་མ་ནཱ་ག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་གཡོག་འདོར་ན་བཞུགས་ཏེ། འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས་པ་ཀླུའི་འཁོར་དང ། ལྷ་དང ། མིའི་ཚོགས་ཀྱི་འཁོར་ཆེན་པོ་ལ་སེམས་ཅན་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཏེ། བསམ་པ་དང་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་བདེ་བར་བྱེད་པའི་ཆོས་སྟོན་ཏོ། །དེ་ནས་གྲོང་ཁྱེར་དེ་ནས་བྲམ་ཟེའི་ཁྱེའུ་ཁྱབ་མ་སྤྱན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་
342b
ཆེ་བ།་རྫས་ངང་ཡོ་བྱད་མང་བ། ཕུན་སུམ་ཚོགས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ། སྔགས་ལ་འཇུག་པ། སྔགས་གྲུབ་པ་ཞིག་འདུག་སྟེ། དེ་ཡང་ཡང་དང་ཡང་དུ་ཀླུ་འགུགས་ཅིང་མེའི་སྦྱིན་སྲེག་བྱེད་དོ། །བྲམ་ཟེ་དེ་འི་ལོ་ཏོག་སྨིན་ཀར་ཆར་ཆད་པར་གྱུར་ནས་དེས་ང་རྒྱལ་གྱི་སྒྲས་སྔགས་བརྗོད་པ་དང་མཐུན་པས་འདི་སྐད་ཅེས་བདག་གིས་ཆར་བའི་རྒྱུན་དབབ་ཅིང་ཀླུ་དགུག་པར་བྱའ། །ཞེས་སྨྲས་ཏེ། དེས་མེའི་སྦྱིན་སྲེག་བྱ་བར་བཤམས་ནས་ཏིལ་དང ། འབྲས་དང ། ཡུངས་ཀར་རྣམས་འབྲུ་མར་ཚ་བ་དང་བསྲེགས་ཏེ་སྦྱིན་སྲེག་བྱེད་དོ། །དེ་ནས་ཀླུ་མི་སྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྕགས་ཀྱི་ཕུར་བུ་ལ་བསྔགས་ནས་ཀླུའི་སྤྱི་བོར་བཏབ་པ་དང ། ཀླུའི་སྤྱི་བོ་གས་ནས་སྡུག་བསྔལ་གྱི་ཚོར་བ་ཆེན་པོར་གྱུར་ཏོ། །ཀླུ་དེ་ཡང་ཆེར་འཁྲུགས་ཏེ་ཁྲོས་ནས་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ལ་ཀླུས་ཁྱབ་པར་བྱེད་པའི་ཤུགས་ཀྱིས་ཆེར་གནོད་ཅིང་རྡུལ་འབྱུང་བའི་འོད་ཟེར་ཚ་བ་རང་གི་ལུས་ལས་བཀྱེ་སྟེ་གནོད་པ་ཆེན་པོས་ཁེབས་པར་བྱས་ནས་བྲམ་ཟེ་དེའི་ཞིང་ཚིག་པར་བྱས་སོ། །དེ་ཡང་ལྕེ་འབབ་པའི་ཆར་གྱི་རྒྱུན་ཆེན་པོ་བྲམ་ཟེའི་ལུས་ལ་ཕབ་ནས་བྲམ་ཟེ་དེ་མགོན་མེད། སྐྱབས་མེད། དཔུང་གཉེན་མེད་དེ། མེའི་སྦྱིན་སྲེག་བྱེད་པ་བཏང་ནས་དེ་བཅོམ་ལྡན་འདས་ལ་
343a
༄#། །མགོན་དང ། སྐྱབས་དང ། དཔུང་གཉེན་བཙལ་ཏེ་འབྲོས་པར་བསམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཀླུ་ཁྲོ་བོ་བདག་གི་སྲོག་མ་སྲུངས་འཚལ་ཏེ་སྐྱབས་སུ་ཡང་མ་མཆིས་ན། བཅོམ་ལྡན་འདས། བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ། བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེན་པོ་དེ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །འབྲམ་ཟེ་ཆེན་པོ་མ་འཇིགས་ཤིག། ངས་ཁྱོད་ཀྱི་མགོན་དང ། སྐྱབས་དང ། དཔུང་གཉེན་བྱའོ། །ཞེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟིགས་སུ་གསོལ། མངོན་སུམ་དུ་གྱུར་བཞིན་དུ་ཡང་ཀླུ་མི་བགྲུངས་པས་ལོ་ཏོག་མ་རུངས་པར་བགྱིད་ན། བཅོམ་ལྡན་འདས། ཁྱོད་ཡོངས་སུ་མྱ་ངན་ལས་འདས་ཀྱི་སླད་ན་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་རྟེན་ནི། སུ་ལགས། ཇི་ལྟར་འགྱུར། བཅོམ་ལྡན་འདས། ལོ་
343b
ཏོག་ཐམས་ཅད་ཀྱི་དོན་ཏུ་ལོ་ཏོག་རྣམས་ཚིག་པར་མི་འགྱུར་བ་དང ། ཀུན་ཏུ་སྲུང་བ་དང ། རབ་ཏུ་འཕེལ་བར་བགྱིད་པར་གྱུར་པ་ལོ་ཏོག་ཡོངས་སུ་སྐྱོང་ཞིང་ཀླུ་ཟློག་པ་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ། །ལག་ན་རྡོ་རྗེས་ཀླུ་རབ་ཏུ་འགྲོ་བར་བྱེད་པའི་སྙིང་པོ་སྦས་པ་རྡོ་རྗེ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པའི་སྙིང་པོ་དང ། ཕྱག་རྒྱ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡོད་དེ། །ངས་བཤད་པར་བྱའོ། །དེ་མྱུར་དུ་གནོད་པ་བཀག་པའི་ཕྱིར་ལོ་ཏོག་ཐམས་ཅད་མྱུར་དུ་བསྐྱང་བར་འགྱུར་རོ། །ལེགས་པར་སྲུང་པར་འགྱུར། མེའི་རི་སུལ་ཆེན་པོ་སོ་སོ་ཕྱོགས་བཅུ་ཀུན་ནས་ཀླུ་ཐམས་ཅད་ཀྱི་མཚམས་བཅད་པར་འགྱུར་རོ། །མེ་ལྕེ་འབར་བའི་རིམ་པའི་སྤྲིན་ཆེན་པོ་ནམ་མཁའ་ལྡིང་འདབ་མ་གདེངས་པའི་ཤུགས་ཞེས་བྱ་བའི་སྤྲིན་གྱི་རིམ་པས་ནམ་མཁར་ཁེབས་པར་བྱེད་དོ། །ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ཀུན་ཏུ་སྲུང་སྟེ་གནས་པར་འགྱུར་རོ། །དེས་ཀླུ་ལ་སོགས་པ་ཐམས་ཅད་ཀུན་ཏུ་རབ་ཏུ་འབར་བར་འགྱུར་རོ། །ཀླུ་མི་བགྲུངས་པ་རྣམས་ཕུང་བར་འགྱུར་རོ། །འདུམ་
344a
༄#། །པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་གཟུངས་ཆེན་པོ་འདིའི་སྔགས་ཀྱི་ཚིག་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་བཀའ་སྩལ་ཏོ། །ན་མོ་བྷ་ག་བ་ཏེ། སརྦ་བུདྡྷཱ་ནཱན། ན་མོ་བྷ་ག་བ་ཏེ་ཤཱཀྱ་རཱ་ཛ་ཡ། ཨོཾ་ཛྭ་ལ་ཛྭ་ལ། གི་རཱི་བ་བྷ་ནི། དཱིཔྟ་བེ་ག་མ་ཧཱ་བ་དེ་བྷ་ག་བ་ཏེ་མ་ཧཱ་ཙཎྜ་ཧྲྀ་ད་ཡ་ས་ལ་ནི། ཧུ་རུ་ཧུ་རུ།་ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་ས་སྱ་ནཱ་ཤཱ་ཡ། ནཱ་ཀུ་ལ་བཾ་ཤནྡྷ་ར་དྷ་ར་པྲ་ས་ར་ཙཎྜ་བེ་ག་མ་ཧཱ་བ་ལ་པ་རཱ་ཀྲ་མ་སྤུ་རི་ཏ་རཽ་དྲ་བཱཀྟྲ། མ་ཐ་མ་ཐ། པྲ་ཛྭ་ལ་མཱ་ལ་དྷཱ་ར་ཎི། ཙཎྜ་བེ་ག་བ་ཏི། པྲ་བ་ར་བི་མནྡྷཱ་ར་ཎི། ཧཱུཾ་ཧཱུཾ་བ་ལ་བ་ཏི། བེ་ག་བ་ཏི། ས་ར་ས་ར། བི་ས་ར་བི་ས་ར་ས་རནྟི། སརྦ་ས་དྲི་སྱ་ན་ནཱ་མ་དྲི་བ་ན་ཡ་དྲི། པུ་ཡ་ཕ་ལ་ཕཊ། དྲ་སནྡྷ་ར་ཎི། ཨ་བ་སརྦཱནྟུ་སརྦ་ནཱ་ག་ཏོ་ཤ་སརྦ་བ་བྷ་བ་བྷ་ནི། བེ་ག་ཏ་བེ་ག་བ་ཏི་སཝཱཧཱ། ཧཱུཾ་ཧཱུཾ་ཕཊ། ནཱ་ག་བི་ས་ར་ཎི་ཕཊ། ཛྭ་ལ་མཱ་ལི་ནི་ཕཊ། བཛྭ་ལ་མཱ་ལི་ནི་ཕཊ། ཕཊ་ཕཊ་ཕཊ་སཝཱཧཱ། བཅོམ་ལྡན་འདས་ཀྱིས་ཀླུ་ཐམས་ཅད་དང ། ཀླུ་མི་བགྲུངས་པ་ཐམས་ཅད་མ་རུངས་པར་བྱེད་པའི་རིག་པ་འདི་བཤད་
344b
མ་ཐག་ཏུ་ཀླུ་དང་ཀླུ་ཆེན་པོ་ཐམས་ཅད་ཀླད་པ་ན་པར་གྱུར། ལུས་རུལ་ཏེ་ལུས་རྣག་ཤིང་དྲི་མི་ཞིམ་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔགས་ཀྱི་ཚིག་ཤིན་ཏུ་མི་གཟད་པ་དག་བཀའ་སྩལ་ཏོ། །བཅོམ་ལྡན་འདས། བདག་ཅག་གི་ནོངས་བ་བགྱིད་པ་མི་དྲན་དུ་ལགས་ཀྱིས་ཀྱང ། བཅོམ་ལྡན་འདས། རིག་འཛིན་གནོད་པ་བགྱིད་པས་བདག་ཅག་ལ་བརྙས་པ་དང ། བརྡེག་པ་དང ། འཆིང་བ་དང ། སྐྲོད་པ་དང ། གནོད་བ་དེའི་ཚེ་བཅོམ་ལྡན་འདས། ཀླུ་མི་བགྲུངས་པ་འཁྲུགས་ཏེ། དེའི་ཚེ་ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་མ་རུངས་པར་བགྱིད། སེར་བ་འབབ་པར་བགྱིད། སད་དང་རླུང་གིས་འཁྲུག་པར་བགྱིད། ཧ་ཅང་ཆར་ཆེ་བ་དང ། ཆར་མི་འབབ་པ་དང ། དུས་མ་ལགས་པར་ཆར་འབབ་བར་བགྱིད་དོ། །བཅོམ་ལྡན་འདས། རིག་པ་འཛིན་པ་སྔགས་སྨྲ་བས་བྱམས་པ་ལ་གནས་པར་བགྱི། བྱམས་པའི་གོ་བགོ་བར་བགྱི། བྱམས་པའི་རལ་གྲི་ལག་ན་ཐོགས་པར་བགྱི་སྟེ། བྱམས་པས་གནོད་པ་བགྱིད་པ་ཐམས་ཅད་ཞི་བར་བགྱིའོ། །བཅོམ་ལྡན་འདས། དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་བདག་དམ་བཅའ་བར་འཚལ་ཏེ། གང་ན་རིག་པའི་རྒྱལ་མོ་འདི་
345a
༄#། །རབ་ཏུ་སྤྱོད་པ་དེར་བཅོམ་ལྡན་འདས་ཀླུ་གཙེ་བར་མི་བགྱིད་དོ། །གང་ན་སྙིང་པོ་གཟུང་འདིས་སྲུང་བར་བགྱིས་པ་དང ། ཡོངས་སུ་བསྐྱོབས་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བར་བགྱིས་པ་དང ། སྲད་བུ་བྲེ་བ་དང ། མཚམས་དགུམ་པ་དང ། དཀྱིལ་འཁོར་གྱིས་རིས་བཅད་པར་བགྱིས་པ་དར་བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་རྒྱུན་དུ་གནོད་པ་ཐམས་ཅད་བཟློག་པར་བགྱི་འཚལ་ལོ། །ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ཀུན་ཏུ་སྲུང་བར་འཚལ་ལོ། །ཡོངས་སུ་བསྐྱང་བར་འཚལ་ལོ། །ཐ་ན་རྐུན་པོ་དང ། གཡོ་ཅན་དང ། རི་དྭགས་དང ། བྱ་རྣམས་ཀྱང་ཀུན་ཏུ་སྲུང་བར་འཚལ་ཏོ། སླང་ཀྱིས་ཀྱང་མ་རུངས་བར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀླུའི་བདག་པོ། ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག། ཁྱོད་ཀྱིས་འཛམ་བུའི་གླིང་ལེགས་བར་སྲུང་བས་སྲུང་བར་གྱིས་ཤིག། དེ་ནས་དེའི་འོག་ཏུ་ཆོ་གར་བྱ་བ་ལས་ཐམས་ཅད་བྱེད་པ་དགེ་བར་བྱ་བ་བརྗོད་པར་བྱའོ། །ལོ་ཏོག་ལ་གནོད་པར་བྱེད་ན། དེའི་ཚེ་རིག་པ་འཛིན་པས་ཞིང་གི་དབུས་སམ། ཁང་སྟེང་ངམ། གནས་མཐོན་པོར་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཕྱོགས་བཞིར་བུམ་པ་བཀང་\?\་བཞི་གཞག་གོ། །མེ་ཏོ་སིལ་མས་གཅལ་བཀྲམ་སྟེ་བཞག་
345b
གོ་།གཟུགས་འཁྱིལ་བ་བདུན་བྱའོ། །འབྲས་ལས་བྱས་པའི་འཁྱིལ་བ་བདུན་བྱ་སྟེ། གཟུགས་རེ་རེ་ཞིང་ཡང་གཟུགས་ཉི་ཤུ་རྩ་རེ་བྱའོ། །འབྲས་དང་འོ་ཐུག་བསྲེས་པ་དང ། ཞོ་དང ། ལོ་མ་གཞག་པར་བགྱིའོ། །ཕྱོགས་བཞིར་དྲིལ་བུ་གཞག་པར་བྱའོ། །པདྨ་ལྟ་བུར་ཟན་གྱི་གཏོར་མ་སྔ་མ་བཞིན་གཞག་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེན་པོ་བཤག་སྟེ་བ་ལས་བྱུང་བ་ལྔ་དང ། འོ་མ་དང ། ཆུས་དགང་ངོ ། །ཡུངས་ཀར་དང ། འབྲས་ཡོས་བླུག་པར་བྱའོ། །སྔགས་ལན་དྲུག་ཅུར་ཡོངས་སུ་བཟླ་བར་བྱའོ། །སེང་ལྡེང་གི་ཕུར་བུ་བཞི་དང ། ལྕགས་ཀྱི་ཕུར་བུ་གཅིག་བྱ་སྟེ། ཐམས་ཅད་སོར་བརྒྱད་ཀྱི་ཚད་དུ་བྱའོ། །བ་སེར་སྐྱའི་ལྕི་བ་འམ། བག་ཕྱེ་ལས་བྱས་པའི་ཀླུའི་གཟུགས་བཞི་བྱ་སྟེ། དཀྱིལ་འཁོར་གྱི་གྲ་བཞིར་གཞག་པར་བྱའོ། ། སེང་ལྡེང་གི་ཕུར་བུ་དེ་དག་ཀྱང་སྙིང་གར་ནུབ་པར་གཟུགས་སོ། །སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླ་བར་བྱའོ། །ཤར་ཕྱོགས་སུ་ཀླུ་མགོ་བདུན་པ་གཞག་པར་བྱའོ། །ནུབ་ཕྱོགས་སུ་མགོ་བརྒྱད་པའོ། །ལྷོ་ཕྱོགས་སུ་མགོལ་ང་པའོ། བྱང་ཕྱོགས་སུ་མགོ་གསུམ་པའོ། །དཀྱིལ་འཁོར་གྱི་དབུས་སུ་མགོ་དགུ་བ་གཤག་པར་བྱའོ། །པོག་ཕོར་རེ་རེ་སྟེ་ལྔ་གཞག་པར་བྱའོ། །ཡུངས་ཀར་དང ། བྲ་ཡོས་སུ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་ཕྱོགས་བཞིར་གཏོར་རོ། །གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲ་བཞིར་གཟུགས་
346a
༄#། །སོ། །ཞིང་གི་དབུས་སུ་ཡང་གཟུགས་སོ། །སྐྱེད་མོས་ཚལ་གྱི་དབུས་སུ་ཡང་གཟུགས་སོ། །དེ་བཙུགས་མ་ཐག་ཏུ་ཕྱོགས་བཞི་ཀུན་ནས་རི་སུལ་ཆེན་པོས་མཚམས་བཅད་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་བྱུང་བ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ། །ལོ་ཏོག་ཐམས་ཅད་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ། །ཐ་ན་འདམ་མ་གཅིག་ཀྱང་བསྐམས་པར་མི་འགྱུར་ན། ཡལ་ག་དང ། སྡོང་བུ་བསྐམས་པར་འགྱུར་བ་ལྟ་ཅི་སྨོས། སྲོག་ཆགས་ཀྱི་རིགས་རི་དྭགས་དང ། བྱ་ཐམས་ཅད་ཀྱང་ཁ་བཅིངས་པར་འགྱུར་རོ། །མ་རུངས་པར་བྱེད་ཀྱང་མི་ནུས་སོ། །གནས་དེར་རླུང་དང ། སྤྲིན་དང ། སེར་བ་དང ། སད་དང ། དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །ཀླུའི་གནོད་པ་བྱས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །མ་རུངས་པ་ཞིག་ཏུ་གྱུར་ན། དེ་ཡང་སླར་རྟས་པར་འགྱུར་རོ།། ཡང་སྟོབས་དང ། རྟས་པ་དང ། འོད་ཡོད་པར་འགྱུར་རོ། །བུམ་པ་ཆེན་པོ་ནང་ན་ཡོད་པ་དེ་ཡང་ཞིང་དང ། ཀུན་དགའ་ར་བ་དང ། སྐྱེད་མོས་ཚལ་གྱི་ཕྱོགས་བཞི་ཀུན་ཏུ་གཏོར་བར་བྱས་ན། སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ། །སྦྲུལ་དང ། བྱི་བ་དང ། ནེའུ་ལེ་དང ། བྱི་དུར་དང ། དོམ་དང ། སྦལ་པ་དང ། ཤ་སྦྲང་དང ། སྦྲང་བུ་དང །
346b
བྱི་བ་དང ། འདབ་ཆགས་རྣམས་མེད་པར་འགྱུར་རོ། །གོར་སྦྱར་ཐམས་ཅད་མེད་པར་འགྱུར་རོ། །ཐ་ན་ཕྱེ་མ་ལེབ་ལ་སོགས་པ་ཡང་ནམ་ཡང་མི་འབྱུང་ངོ ། །དྲོད་གཤེར་ལས་སྐྱེས་པ་དང ། བརྫུས་ཏེ་སྐྱེས་པ་དང ། སྒོ་ང་ལས་སྐྱེས་པའི་བར་གྱིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །རླན་དང་མེ་ཏོག་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྣམ་པ་དག་ཀྱང་ཕུར་བུ་མ་བྱུང་གི་བར་དུ་ནམ་ཡང་མི་འབྱུང་ངོ ། །ཕུར་བུ་མ་ཕྱུང་གི་བར་ཀླུའི་ཉེས་པ་རྣམ་པ་སྣ་ཚོགས་མི་འབྱུང་ཞིང་རབ་ཏུ་འབྱུང་བར་མི་འགྱུར་རོ། །བདེ་བ་དང ། ལོ་ལེགས་པ་དང ། ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །རོ་ཞིམ་པ་དང ། འཇམ་པར་འགྱུར་རོ། །ཀླུ་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་སྲུང་བ་དང ། སྐྱོབ་པ་དང ། སྦེད་པ་བྱེད་པ་འགྱུར་རོ། །ཕྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླ་བར་བྱ་སྟེ། ལོ་ཏོག་དང ། མེ་ཏོག་དང ། འདབ་མ་དང ། ཤིང་ལྗོན་པ་རྣམས་ལ་གཏོར་ན། སྲོག་ཆགས་ཐམས་ཅད་ལྷུང་ཞིང་མེད་པར་འགྱུར་རོ། །སྲིན་བུ་ཏྲཻ་མ་བུ་ཀ་དང ། ཏྲཻ་ལ་ཏ་དང ། སྦྲུལ་གདུག་པ་དང ། རྐང་བརྒྱད་པ་དང ། སྲོག་ཆགས་ཀྱི་རིགས་གཞན་དག་ཀྱང་ཕུར་བུ་མ་བྱུང་གི་བར་དུ་མེད་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཞིང་གི་ཕྱོགས་བཞིར་ཞི་བའི་ལས་བྱ་སྟེ། ནས་དང ། གྲོ་དང ། ཏིལ་དང ། ཡུངས་ཀར་དང ། འབྲས་དང ། མར་བསྲེས་ཏེ་སྦྱིན་སྲེག་བྱས་
347a
༄#། །ན།་ཞི་བ་ཆེན་པོར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དག་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །གཟུངས་འདི་དང ། ཆོ་གར་བྱ་བ་འབྱུང་བ་མཐའ་དག་བྲི་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང ། དྲང་སྲོང་ཆེན་པོ་ཉེས་འདོར་དང ། རྡོ་རྗེ་འཛིན་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་གཟུགས་སོ། །གཏོར་མ་དང ། མེ་ཏོག་དང ། བདུག་པ་ཡང་དབུལ་ལོ། །སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་ལན་སྟོང་ཡོངས་སུ་བཟླས་པ་བྱས་ཏེ་ཁང་སྟེང་དུ་བཙུགས་ན། རླུང་དང ། སད་དང ། སྤྲིན་དང ། སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ། །ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། འདབ་མ་མ་རུངས་པར་བྱེད་པའི་སྲོག་ཆགས་རྣམས་མེད་པར་འགྱུར་ཏེ། ཤ་སྦྲང་དང ། སྦྲང་བུ་དང ། བི་ཙི་ལི་ཀ་དང ། བྱི་བ་དང ། སྦྲང་མ་དང ། ཏྲཻ་མ་བུ་ཀ་དང ། ཏྲཻ་ལ་ཏ་དང ། བི་ཤ་ཀི་ཏ་ཀ་དང ། ཉ་ཕྱིས་ཅན་དང ། ཉ་དང ། ལོ་མི་ཀ་དང ། སྦལ་བ་དང ། ནེའུ་ལེ་དང ། ཕག་དང ། ཀནྟི་ཀ་དང ། སེངྒེ་དང ། རྐང་མང་དང ། རྐང་གཅིག་པ་དང ། རུས་སྦལ་དང ། གྲོག་མོ་དང ། སྦྲང་རྩིའི་སྦྲང་མ་དང ། ཐང་གི་སྦྲང་མ་དང ། བུང་བ་དང ། ནག་པོ་དང ། ཤངྒ་ནི་ཀ་དང ། སའི་འོག་ནས་བྱུང་བ་དང ། མ་ལུ་ཤི་ཀ་དང ། འུག་པ་དང ། བྱི་བ་དང ། མཆུ་རིང་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་མེད་པར་འགྱུར་
347b
རོ། །མི་འབྱུང་བར་འགྱུར་རོ། །ཐམས་ཅད་ཕུང་བར་འགྱུར་རོ། །བྱ་རོག་དང ། བྱེའུ་དང ། ཁུག་རྟ་དང ། ཕུག་རོན་དང ། མུ་དུ་རིཀ་དང ། འུག་པ་དང ། ཁན་ཛ་ན་ཀ་དང ། ནེ་ཙོ་དང ། རི་སྐེགས་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ། །སྔགས་འདིས་ཕུར་བུ་ལ་ཡོངས་སུ་བཟླས་པར་བྱས་ཏེ་ཕྱོགས་བཅིང་ངོ ། །ན་མོ་བུདྡྷཱ་ཡ། ཨོཾ་ཀི་ལི་མི་ལི་ཙཎྜེ། མེ་རི་ལི། ཙཎྜ་ཙཎྜེ་བྷནྡྷ་ཡ་སཝཱཧཱ། དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་པས་གཟུངས་འདི་ཐོས་ནས་དེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་སྲོག་ཆགས་ཀྱི་རིགས་གནོད་པར་སེམས་པ། རབ་ཏུ་གནོད་པར་སེམས་པ། དུག་འཆང་བ་ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། འདབ་མ་དང ། སྡོང་བུ་དང ། རྩ་བ་མ་རུངས་པར་བགྱིད་པ་ཐམས་ཅད་ཀྱི་ཁ་བཅིང་བར་བགྱིའོ། །བཟློག་པར་བགྱིའོ། །བསྡིགས་པར་བགྱིའོ། །ཕྱོགས་བཞི་ཀུན་ནས་དཔག་ཚད་དུ་མཚམས་བཅད་པ་ཆེན་པོ་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ན་གནོད་པར་སེམས་པ། རབ་ཏུ་གནོད་པར་སེམས་པ་ཐམས་ཅད་བཟློག་པར་བགྱིའོ། །སྔགས་ཀྱི་ཚིག་རྗེས་སུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས། སེམས་
348a
༄#། །ཅན་ཐམས་ཅད་ཀྱི་དོན་དང ། བདག་ལ་ཐུགས་བརྩེ་བའི་སླད་དུ་དེ་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲོང་ཆེན་པོ། །ངས་བྱིན་གྱིས་བརླབས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དང ། ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། ལྡུམ་ར་ཡོངས་སུ་བསྲུང་བའི་ཕྱིར་གཟུགས་ཀྱི་སྔགས་ཀྱི་ཚིག་སྨྲོས་ཤིག་།དེ་ནས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ། །ན་མོ་བྷ་ག་བ་ཏེ་ཤཱཀྱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་ཀ་སྟཱ་ཡ། མཧཱ་རི་ཥི་ཡ། ཏདྱ་ཐཱ། ཀྵི་མ་ཙུ་ལི། ཙ་ལ་ཙ་ལ། ཙ་ར། ཧོ་མི་ལི། བནྡྷ་ནི། ནཱ་ཤ་ནི། ད་ཧ་ད་ཧ། སུ་མུ་རི་ཙ་རི་སརྦ་དུཥྚ་ན་བནྡྷ་བནྡྷ་ནི། དུནད་བནྡྷ་ནི། ས་ར་ས་ར་ཎི།་ཀྵུ་ཀྵུ་ཀྵུ། མ་ཎི་ཤུ་རི་བི་ས་ར་ས་ར། ཧ་ལི་ཧུ་ལི། ཧུ་ཏི་ཧུ་ཏི། ས་ར་མ་ནི། ས་རནྟུ་སརྦ་པཱ་པ་པཱ་ན་ཀ་ཀྵུ་དྷི་ལི་སཝཱཧཱ། དྲང་སྲོང་ཆེན་པོ་ཉེས་འདོར་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་འདི་སྨྲས་མ་ཐག་ཏུ་ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་གནོད་པར་སེམས་པ་དེ་དག་ཐམས་ཅད་ཁས་བུབ་ཏུ་འགྱེལ་ནས་བཅོམ་ལྡན་འདས་ལ་སྐད་ཀྱིས་གསང་མཐོན་པོས་སྨྲེ་སྔགས་འདོན་ཏེ། བཅོམ་ལྡན་འདས། བདག་ཅག་མ་རུངས་ལགས་སོ། །དྲང་སྲོང་གི་དམོད་པ་བབ་པར་གྱུར་ཏོ། །བཅོམ་ལྡན་འདས། བདག་ཅག་དྲང་སྲོང་གི་དམོད་པའི་
348b
མེས་ཚིག་གོ། ཀུན་ཏུ་ཚིག་གོ་།བཅོམ་ལྡན་འདས། བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་མི་བགྱིད་དོ། །བཅོམ་ལྡན་འདས། བདག་ཅག་སླ་ན་ཆད་ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། འདབ་མ་མ་རུངས་པར་མི་བགྱིད་དོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་ཟློག་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀླུའི་བདག་པོ་དག་།ཁྱེད་ཀྱིས་དེ་ལྟར་གྱིས་ཤིག། འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་དང ། འདབ་མ་དང ། ཡལ་ག་བདེ་བར་ཀུན་ཏུ་འཕེལ་བར་གྱུར་པ་རྗེས་སུ་སྲུངས་ཤིག་།དེ་ནས་དྲང་སྲོང་ཆེན་པོ་དེས་ཆོ་གར་བྱ་བ་སྨྲས་པ། བཅོམ་ལྡན་འདས། ཁ་ཤར་ཕྱོགས་སུ་བལྟས་ཏེ་མཆིས་ལ་རིག་པ་དྲང་སྲོང་ཆེན་པོའི་སྙིང་པོ་འདི་རིལ་བ་བྷྲིང་གར་ཆབ་བཅུས་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱི་སྟེ། དྲང་སྲོང་གི་མི་སྨྲ་བས་ཕྱོགས་བཞིར་གཏོར་བར་བགྱིའོ། ། པ་ས་ར་ས་ར། ཤ་པ་ཏ་པ་དཱ་མ་ཧྲི་ད་ཡ་ཀྲོ་དྷ། ཨ་མུ་ཀ་བནྡྷ་ཡ། པྲ་ཎ་ཙ་ར། སུ་མུ་རུ་ཙ་ལ་སཝཱཧཱ། སྔགས་འདི་ལན་བདུན་སྟོང་བཟླས་པ་བགྱི་སྟེ། བཟླས་པ་ཙམ་གྱིས་ཀླུ་གནོད་པར་སེམས་པ་ཐམས་ཅད་ཚ་བས་གདུངས་པར་འགྱུར་རོ། །རྐང་གཉིས་པ་དང ། རྐང་བཞི་པའི་བར་གྱི་སྲོག་ཆགས་ཀྱི་རིགས་ཐམས་ཅད་དམོད་པས་གདུངས་པར་གྱུར་ཏེ་ཐམས་ཅད་འབྱེར་
349a
༄#། །རོ། །སླར་ཡང་ཕྱོགས་དེར་ལོ་ཏོག་ལ་གནོད་པ་མི་བགྱིད་དོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་མ་མཆིས་པར་འགྱུར་རོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་ཕྱིས་ཀྱང་མ་མཆིས་པར་འགྱུར་རོ། །ཡང་ལོ་ཏོག་དང་མེ་ཏོག་དང ། འབྲས་བུ་དང ། འདབ་མ་མ་རུངས་པར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། དྲང་སྲོང་ཆེན་པོ། ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ལེགས་པར་སྲུང་བར་འགྱུར་བ་དང ། ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ལེགས་པར་སྲུང་བར་འགྱུར་བ་དེ་ལྟར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སླད་མའི་ཚེ་སླད་མའི་དུས་ན་རྗེས་སུ་སྲུང་བར་བགྱིད། ཡོངས་སུ་སྲུང་བར་བགྱིད་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ལག་ན་རྡོ་རྗེ། ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྲུངས་ཤིག་།ལོ་ཏོག་ལ་གནོད་པར་བྱེད་པའི་ཀླུའི་ཆོ་ག་རྫོགས་སོ།། །།དེ་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཞམ་རིང་ཆེན་པོ་དང ། འཁོར་འདུས་པ་ཆེན་པོ་དང ། བཀོད་པ་ཆེན་པོ་དང ། དོན་ཡོད་པའི་མཐུ་ཆེན་པོ་དང ། ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་གནས་སུ་གཤེགས་སོ། །དེ་ནས་བཅོམ་
349b
ལྡན་འདས་རྣམ་ཐོས་ཀྱི་བུའི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱོན་བ་དང ། ས་ཕྱོགས་དེ་ན་འབྲོག་གི་ནགས་ཉི་ཤུ་བ་ཞེས་བྱ་བ་ཞིག་ཡོད་དེ། ནགས་དེའི་མཐོངས་ན་རྫིང་བུ་ཞིག་ཡོད་ལ།་རྫིང་བུ་དེའི་མཐུས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་གྱི་ཞིང་དང ། ཀུན་དགའ་དང ། ནགས་དང ། འདབ་མ་དང ། མེ་ཏོག་དང ། འབྲས་བུ་རྣམས་ཀུན་ཏུ་ཚིམ་པར་གྱུར་ཏོ། །སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། བ་ལང་དང ། རྟ་དང ། རྒ་རྒོད་མ་དང ། མ་ཧེ་དང ། གླན་པོ་ཆེ་དང ། བོང་བུ་དང ། སྐྱེ་བོའི་ཚོགས་ཐམས་ཅད་བདེ་བས་ཚིམ་པར་གྱུར་ཏོ། །རྫིང་བུ་དེ་ཡང་ཕྱོགས་བཞི་ཀུན་ཏུ་རྒྱར་དཔག་ཚད་གཉིས་ཀྱི་ཚད་དོ། །རྯིང་བུ་དེ་ཡང་མེ་ཏོག་ཨུཏྤལ་དང ། པདྨ་དང ། ཀུ་མུ་ཏ་དང ། པུཎྜ་རཱིཀ་སྣ་ཚོགས་ཀྱིས་ཀུན་ཏུ་ཁེབས་ཤིང ། ཉ་སྣ་ཚོགས་དང ། ཆུ་བྲན་དང ། ཉ་མིད་དང ། ཆུ་སྲིན་བྱིས་པ་གསོད་དང ། བུང་བ་གཟུགས་སྣ་ཚོགས་ཅན་ནོ། །དེ་ནས་དེའི་འོག་ཏུ་ཐན་པ་བྱུང་བ་དེའི་ཚེ་ནགས་ཚལ་དང ། མེ་ཏོག་དང ། འབྲས་བུ་དང ། འདབ་མ་དང ། ཡལ་ག་ཐམས་ཅད་བསྐམས་ཏེ་མེ་ཏོག་དེ་དག་རྙིང་ངོ ། ཆུ་སྲིན་དང ། ཉ་མིད་དང ། ཆུ་སྲིན་བྱིས་པ་གསོད་དང ། བུང་བ་གཟུགས་སྣ་ཚོགས་པ་དེ་དེ་དག་ཀྱང་ཆུ་བྲི་སྟེ་ཆུ་ཅུང་ཟད་ཅིག་ལུས་པས་ཕྱོགས་བཅུར་རྒྱུག་།ཀུན་ཏུ་རྒྱུག་།རབ་ཏུ་རྒྱུག་སྟེ་སྲོག་འགགས་ལ་ཐུག་།སྲོག་ཆད་ལ་ཐུག་པས་སྙིང་འཕར་ཞིང་རྒྱུག་གོ། །དེ་ནས་
350a
༄#། །བཅོམ་ལྡན་འདས་ཞམ་རིང་བ་ཆེན་པོ་དང་རྫིང་བུ་དེར་བྱོན་པ་དང ། དེ་ན་ཉ་དང ། ཆུ་སྲིན་དང ། ཆུ་སྲིན་བྱིས་པ་གསོད་དང ། བུང་བ་བརྒྱ་སྟོང་དུ་མ་སྲོག་འགགས་པ་ལ་ཐུག་།སྲོག་ཆད་ལ་ཐུག་སྟེ་ཕྱོགས་བཅུར་རྒྱུག་ཅིང་སྙིང་རྗེ་རྗེ་ལྟར་གཟིགས་ནས་བཅོམ་ལྡན་འདས་ཀྱིས་བྱམས་པའི་དམིགས་པ་སྙིང་རྗེས་དབུགས་ཕྱུང་སྟེ་སེ་གོལ་གྱི་སྒྲས་ཀླུ་རྣམས་འབོད་ཅིང་ལན་གཉིས་ལན་གསུམ་དུ་སེ་གོལ་རྡོབ་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྒྲ་གྲགས་པར་མཛད་དོ། །སྔོན་གྱི་ལས་ཀྱི་རྐྱེན་འགའ་ཞིག་གིས་སྲོག་ཆགས་དེ་དག་ཀྱང་སྲོག་མཆད་དོ། །ཀླུ་ཆེན་པོ་དེ་དག་གིས་སྒྲ་དེ་ཡང་མ་ཐོས། བཅོམ་ལྡན་འདས་ཀྱང་རྗེས་སུ་མ་དྲན་ནོ། །དེ་ནས་བདུད་ཀྱི་རིས་ཀྱི་གནོད་སྦྱིན་རྣམ་པར་འཐོར་རླུང་ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་སྒྲ་བསྒྲགས་པ། ཞག་བདུན་གྱི་ཉིན་པར་སྲེག་པའི་བསྐལ་པ་འབྱུང་སྟེ། འདིས་ནི། སྲིད་པའི་རྩེ་མོ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་མནར་མེད་པ་ལ་ཐུག་པའི་བར་དག་ལས་གང་ཚིག་པར་མི་འགྱུར་བ་ཅུང་ཟད་ཀྱང་མི་སྲིད་དོ། །འཇིག་རྟེན་དུ་འཇིགས་པ་ཆེན་པོ་འབྱུང་ཞེས་སྒྲ་གྲག་གོ་།དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་
350b
པ་དེ་དག་ཐམས་ཅད་ཀྱི་སྒྲ་དེ་ཐོས་ནས་ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་མ་རུངས་པར་གྱུར་ཏོ། །ཞེས་ངུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྐྱེན་གྱིས་འདི་མྱོང་བར་མཁྱེན་མོད་ཀྱི། འོན་ཀྱང་དགོངས་པར་མཛད་དེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་ནས་འོད་ཟེར་དེས་ཀླུའི་ཁྱིམ་ཐམས་ཅད་སྣང་བར་བྱས་ནས་ཀྱང་སླར་ལོག་སྟེ་སྤྱི་བོའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་ཞེས་བྱ་བས་ཀླུ་ཐམས་ཅད་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་།ཅིའི་ཕྱིར་འོད་ཟེར་བྱུང་ཞིང་རྐྱེན་གང་གིས་འཇིག་རྟེན་དུ་བྱུང ། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོས་བསམས་ན། བཅོམ་ལྡན་འདས་ཀྱི་མཐུས་འོད་ཟེར་བྱུང་བར་མཐོང་ངོ ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང ། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འོད་ཟེར་རབ་ཏུ་བཀྱེ་བའི་རྒྱུ་གང་ལགས། རྐྱེན་གང་ལགས། འོད་ཟེར་རབ་ཏུ་བཀྱེ་སྟེ་ཁང་པ་ཐམས་ཅད་སྣང་བར་བགྱི་སྟེ། སླར་ལོག་པར་བྱེད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་དག་།སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་སྲོག་འགགས་པས་འགག་བར་
351a
༄#། །འགྱུར་བའོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ལ་རྫིང་བུ་ཆར་གྱི་རྒྱུན་གྱི་ཆུས་བཀང་ནས་བདེ་བས་ཚིམ་པར་བྱས་སོ། ། དེ་ནས་ཕྱོགས་དེར་གོ་སྐབས་ཆེན་པོ་བྱུང་བར་གྱུར་ནས་ས་ཕྱོགས་དེར་བཅོམ་ལྡན་འདས་འཁོར་ཆེན་པོས་ཀུན་ནས་བསྐོར་ཏེ་མདུན་དུ་བདར་བའི་དབུས་ན་བཞུགས་སོ། །ཀླུའི་འཁོར་ཆེན་པོ་འདུས་པ་ནི། འདི་ལྟ་སྟེ། ཀླུའི་རྒྱལ་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བདེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་མེ་ཏོག་དང ། བདུག་པ་དང ། ཕྲེང་བ་དང ། སྤོས་དང ། བྱུག་པ་དང ། རྒྱན་དང ། ལྷབ་ལྷུབ་དང ། ན་བཟའ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་།དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིགས་པ་ཆེན་པོ་མི་བཟད་པ་འཇིག་རྟེན་དུ་བྱུང་སྟེ། འདི་ལྟར་ཐན་པ་བྱུང་ཞིང་མུ་གེའི་དགོན་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས། སྡུག་བསྔལ་འདིས་སེམས་
351b
ཅན་ཐམས་ཅད་མགོན་མ་མཆིས། སྐྱབས་མ་མཆིས། དཔུང་གཉེན་མ་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུ་དང་མཐུན་པའི་སྔགས་ཀྱི་ཚིག་བཤད་དུ་གསོལ། གང་གིས་སླད་མའི་ཚེ་སླད་མའི་དུས་ན་སྡུག་བསྔལ་སྣ་ཚོགས་སུ་ལྟུང་བའི་འཇིག་རྟེན་ཀུན་ཏུ་སྒྲོལ་བ་དང ། ཧ་ཅང་ཆར་ཆེ་བ་དང ། ཆར་མ་མཆིས་པ་དང ། དུས་མ་ལགས་པའི་ཆར་དང ། སེར་བ་དང ། སད་དང ། ཚ་བ་མ་མཆིས་པར་བགྱིད་པ་དང ། མུ་གེའི་དགོན་པ་རབ་ཏུ་མ་མཆིས་པར་བགྱིད་པ་དང ། བཟློག་པ་དང ། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་སྔགས་ཀྱི་ཚིག་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང ། རྒྱལ་བོ་ཆེན་པོ་མིག་མི་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་།ཀླུའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་བསྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བྱ་བ་ཡོད་དེ།་དེ་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ཁྱིམ་དང ། ཀླུ་ཐམས་ཅད་ཀྱི་ལུས་འབར་བར་འགྱུར་རོ། །ཀླུ་མི་བགྲུངས་པ་ཐམས་ཅད་ཀྱི་སྙིང་འཕར་བར་འགྱུར་རོ། །ཀླུ་ཐམས་ཅད་ཀྱི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །མིག་དང ། མགོ་རྣམས་གས་ནས་དུམ་བུ་དུམ་བུར་ཆད་ཅིང་འབྲུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་།ཀླུ་གནོད་པར་སེམས་པ་དང །
352a
༄#། །རབ་ཏུ་གནོད་པར་སེམས་པ་རྣམས་ཀྱི་དོན་དང ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཟུངས་ཤིག་།དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས། ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཀླུའི་སྙིང་པོའི་སྔགས་ཀྱི་ཚིག་བསྐུལ་མ་འདེབས་པ་ཀུན་ནས་འབར་བའི་གློག་ཅེས་བགྱི་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་ལྟ་སྟངས་དང ། དེ་བཞིན་གཤེགས་པའི་གཟིགས་སྟངས་ཀྱིས་རྣམ་པར་གཟིགས་ནས་ཀླུའི་འཁོར་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་དག། ང་ལས་གཟུངས་ཀྱི་ཚིག་གི་སྔགས་ཀྱི་ཚིག་ཉོན་ཅིག། ཏདྱ་ཐཱ། ཨོཾ་བི་པུ་ལེ། པྲ་བ་རེ། ནཱ་གེ་མཧཱ་ནཱ་ག་ཧྲ་དི་ཡ། ཨཱ་བརྟེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལ་བི་དྷྭཾ་ས་ནི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚྣ་ཧྲི་ད་ཡཱ་ནི། ཧ་ན་ཧ་ན། སརྦ་དུཥྚྣ་ནཱ་ག་བ་བ་ནཱ་ནི། པ་ཙ་པ་ཙ་པ་ཙ་ཡ། སརྦ་དུཥྚན་ནཱ་གཱ་ནཱན། ཨ་ཀྲྀ་མ། ཨ་ཀྲྀ་མ། ས་མུ་དྲ་སཱ་ག་ར། བི་མ་ལེ། བི་ཀྲ་མ། མ་ཧཱ་ནཱ་ག་ག་ཏེ། ཛ་བ་རེ་སཝཱཧཱ། བཅོམ་ལྡན་འདས་ཀྱིས་ཀླུའི་སྙིང་པོའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་གསུངས་པ་ཙམ་གྱིས་ཀླུ་དེ་དག་ཐམས་ཅད་འདར་ཞིང་ལུས་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏེ་མེ་འབར་བ་བཞིན་དུ་ལུས་ལ་དུ་བར་འཐུལ་ཞིང་འགྲེ་ལྡོག་གོ་།ཐམས་ཅད་སྐད་ཆེར་བཅོམ་ལྡན་འདས་ལ་
352b
ངུ་ཞིང་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཐམས་ཅད་ཀྱི་སྙིང་ལ་གཡོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། བདག་ཅག་ཐམས་ཅད་ཚིག་སྟེ་མ་རུངས་པར་གྱུར་ཏོ། །བཅོམ་ལྡན་འདས། དེང་སླན་ཆད་མཐུན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡི་དམ་བགྱིད་དོ། །བཅོམ་ལྡན་འདས། བདག་ཅག་ཀླུའི་སྐྱེ་གནས་ན་གནས་ཀྱི་བར་དུ་བཅོམ་ལྡན་འདས། ཡང་བདག་ཅག་འཛམ་བུའི་གླིང་དུ་འཚེ་བར་མི་བགྱིད་དོ། །མ་རུངས་པར་མི་བགྱིད་དོ། །མེ་ཏོག་དང ། ཡལ་ག་དང ། འབྲས་བུ་དང ། ལོ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པར་བགྱིད་དོ། །དུས་དུས་སུ་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། །བདེ་བ་དང་ཡིད་བདེ་བར་བགྱིད་དོ། །ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་འགྲུབ་པར་བགྱིད་དོ། །དེ་བཞིན་གཤེགས་པའི་བཀའ་རྗེས་སུ་སྐྱོང་བར་བགྱིད་དོ། བདེན་པའི་དམ་ཚིག་ལ་གནས་པར་བགྱིད་དོ། །བུ་གཅིག་པ་ལ་བགྱི་པ་བཞིན་དུ་སེམས་ཅན་ཐམས་ཅད་རྗེས་སུ་སྐྱོང་བར་བགྱིད་དོ། །བཅོམ་ལྡན་འདས། ཕྱོགས་གང་དང་གང་ན་རིག་པའི་རྒྱལ་མོ་འདི་སྤྱོད་པ་དེར་བཅོམ་ལྡན་འདས། བདག་ཅག་མཐུན་པར་བགྱིད་དོ། །བཅོམ་ལྡན་འདས། རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་ཀྱང་བདག་ཅག་ཐམས་ཅད་ཀྱིས་ཆར་
353a
༄#། །གྱི་རྒྱུན་འབབ་པར་བགྱིད་དོ། །དྲན་པ་ཙམ་གྱིས་ཀྱང་ཧ་ཅང་ཆར་ཆེ་བ་ཟློག་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལས་ལོག་པར་མི་བགྱིད་དོ། །བཅོམ་ལྡན་འདས། ཡང་མནས་བསྒག་པའི་སྔགས་ཀྱི་ཚིག་སྩལ་ཏོ། །དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། །ཏདྱ་ཐཱ། ཨོཾ་ཙ་ཏ་ཙ་ཏ། བི་ཙ་ཏ། ཤ་ཏ་ཤ་ཏ། པ་ཙ་ར་ཏི་སཝཱཧཱ། བཅོམ་ལྡན་འདས། གལ་ཏེ་རིག་པ་འཛིན་པས་གདུགས་ཞག་ཅིག་ཆོ་ག་བགྱིས་ལ་བདག་ཅག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་པའི་དོན་དུ་འཛམ་བུའི་གླིང་ཐམས་ཅད་དུ་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁུས་པར་འགྱུར་རོ། །བདག་ཅག་ཀླུའི་སྐྱེ་གནས་ནས་འཆི་འཕོ་བར་གྱུར་ཏུ་ཡང་མཆི་སྟེ། བཅོམ་ལྡན་འདས། དེའི་ཚེ་རིག་པ་འཛིན་པས་མནས་བསྒག་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་ཐོག་མ་ཉིད་དུ་ལན་བདུན་དུ་བརྗོད་པར་བགྱིའོ། །དེའི་འོག་ཏུ་སྐྱེ་ཚེའི་ས་བོན་བརྒྱ་རྩ་བརྒྱད་ཀླུའི་ས་བོན་དུ་མཚེ་འུར་དོར་རོ། །བཅོམ་ལྡན་འདས། དེའི་ཚེ་བདག་ཅག་ཐམས་ཅད་ཀྱི་ཁང་ཁྱིམ་མཐའ་དག་ཞུགས་འབར་བར་འགྱུར། བདག་ཤི་ཀེད་རུས་ཀྱི་ལྷག་མ་ཙམ་ཞིག་ལུས་ནས་ཡོངས་སུ་ཐར་བར་མ་གྱུར་གྱི་བར་དུ་དུམ་
353b
བུ་དུམ་བུར་འཆད་པར་འགྱུར་རོ། །དེའི་ཚེ་བདག་ཅག་ཐམས་ཅད་ཀྱིས་མྱུར་བར་ཆར་གྱི་རྒྱུན་འབབ་པར་བགྱིད་དོ། །གལ་ཏེ་མྱུར་དུ་ཆར་གྱི་རྒྱུན་མ་ཕབ་ན། བཅོམ་ལྡན་འདས། དེའི་ཆེ་བདག་ཅག་ཐམས་ཅད་འགུམ་པའི་དུས་ཀྱི་དབང་དུ་མཆིའོ། །བུ་དང་ཚ་བོར་བཅས་ཏེ་འགུམ་པར་མཆིའོ། །དེ་ནས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཀླུ་མནས་བསྒག་པའི་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཤད་དོ། །སྙིང་རྗེ་མ་མཆིས་པའི་མནས་བསྒག་པ་དག་བཤད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་།ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་བགྲུངས་པ། མ་རུངས་པ། གཏུམ་པ། གནོད་པར་བྱེད་པ་དག་འབྱུང་སྟེ། དེའི་ཚེ་མནའ་འདིས་འཇིགས་པར་འགྱུར། སྐྲག་པར་འགྱུར། དུས་དུས་སུ་ཆར་གྱི་རྒྱུན་ནི། ལེགས་པར་འབེབས་སོ། །དུས་དུས་སུ་ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་རྣམས་སྒྲུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོ་ག་རྒྱ་ཆེར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ། ཆར་མི་འབབ་པའི་དུས་ན་དེས་རིའམ། དགོན་པའི་གནས་སམ། གཙུག་ལག་ཁང་དམ། ཆུ་མིག་གམ། མཚེའུའམ། མཚོའམ།
354a
༄#། །ལྟེང་ཀའམ། ཁྲོན་པའམ། ཀླུའི་གནས་ཀྱི་མཚེའུའམ། འཇིམ་པའམ། ལྕི་བར་སྲེག་པའི་དཀྱིལ་འཁོར་གྲུ་གསུམ་དུ་བྱ་སྟེ། དཀྱིལ་འཁོར་དབུས་ཟབས་ཁྲུ་གང་བརྐོས་ལ། ཁ་ཁྱེར་ཡང་ཁྲུ་གང་བར་བྱའོ། །ཤིན་ཏུ་འཇམ་པ་དང ། ཤིན་ཏུ་ཕྱི་བར་བྱའོ། །སྤོས་ཆུས་ཁོར་ཡུག་ཏུ་གཏོར་རོ། །དེའི་དབུས་སུ་ཀླུའི་རྒྱལ་པོ་ཆེན་པོ་བཞི་བྱ་སྟེ། བ་སེར་སྐྱའི་ལྕི་བ་དང་འཇིམ་པར་བསྲེས་པས་ཀླུའི་རྒྱལ་པོ་མགོ་དགུ་གདེངས་ཀ་ཅན་ལུས་དབྱིབས་དགུ་པར་བྱས་ཏེ་ཐམས་ཅད་ཀྱི་མགོ་ལ་ཡང་ཡིད་བཞིན་ནོར་བུ་བྱའོ། །ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་རྒྱ་མཚོ་བྱའོ། །ལྷོ་ཕྱོགས་སུ་ཀླུའི་རྒྱལ་པོ་གདུགས་བྱའོ། །ནུབ་ཕྱོགས་སུ་ཀླུའི་རྒྱལ་པོ་ཆུ་ལྷ་བྱའོ། །བྱང་ཕྱོགས་སུ་ཀླུའི་རྒྱལ་པོ་ལམ་བུ་ཀ་ར་བྱའོ། །དེའི་གཡོག་འཁོར་བདུན་བདུན་མགོ་གསུམ་པ། མགོ་གཉིས་པ། མགོ་ལྔ་པར་བྱའོ། །ལུས་དག་ལ་སྤོས་སྣ་ཚོགས་ཀྱིས་བྱུག་པར་བྱའོ། །ཙནྡན་དཀར་དམར་དང ། སུ་ར་བ་ནི་ཙནྡན་དང ། ཤུག་པ་དང ། གུར་གུམ་རྣམས་ཕྱེ་མར་བྱས་ཏེ་གཏོར་བར་བྱའོ། །མེ་ཏོག་དང ། མེ་ཏོག་ཕྲེང་བ་གདགས་སོ། །གནས་དེའི་དབུས་སུ་འབྲས་ཡོས་དང ། ཡུངས་ཀར་གྱིས་གཏོར་བར་བྱའོ། །གྲ་བཞིར་རྒྱལ་པོ་ཆེན་པོ་བཞི་གཞག་པར་བྱའོ། །ཕྱོགས་ཆེན་པོ་བཞིར་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་རིང་བསྲེལ་དང་བཅས་པ་དང ། མཆོད་
354b
རྟན་རིང་བསྲེལ་དང་བཅས་པ་དག་གཞག་གོ་།དར་དང་བ་དན་གྱིས་བརྒྱན་པར་བྱའོ། །མཆོད་པ་ལྔས་མཆོད་དོ། ། ག་རུ་དང ། ཙནྡན་དང ། དུ་རུ་སྐས་གདུག་གོ་།རྒྱ་སྤོས་དང ། ན་ལ་དང ། ཀུན་ཏུ་རུ་དང ། ཡུངས་ཀར་དང ། གནྡྷ་ར་ས་དང ། སྲ་རྩི་པོག་དཀར་པོ་རྣམས་དང ། སྦྲང་རྩི་དང་བསྲེས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཀླུ་རྣམས་ལ་བདུག་པར་བྱའོ། །དཀྱིལ་འཁོར་གྱི་མཐའ་ཀུན་ཏུ་ནས་ཕྱེས་པདྨ་བྲི་བར་བྱའོ། །སྒོ་བཞི་གཏོད་ལ་ངོས་བཞི་རེ་རེར་ཡང་གཏོར། གཞོང་པ་བཀང་བ་བདུན་བདུན་གཞག་པར་བྱའོ། །གཏོར་མ་དཀར་པོ་དང ། ཅི་འབྱོར་པའི་རོ་རྣམ་པ་མང་པོ་གཞག་གོ་།མེ་ཏོག་སིལ་མ་གཏོར་བར་བྱའོ། །བུམ་པ་བཀང་བ་བཞི་གཞག་གོ་།བུམ་པ་གཏོར་མས་བཀང་བ་བཞི་གཞག་གོ་།པོག་པོར་བཞི་ནས་གུ་གུལ་གྱི་བདུག་པས་བདུག་གོ་།མེ་མར་ཁ་བརྒྱད་དུ་བུད་དོ། །རིག་པ་འཛིན་པས་ཤར་གྱི་སྒོ་རུ་སྦྱིན་སྲེག་བྱ་སྟེ། ཤིང་ཀ་ར་བི་ར་དང ། ཡུངས་ཀར་དང་སྐེ་ཚེ་དམར་པོ་བསྲེས་ཏེ་ལན་བརྒྱ་རྩ་བརྒྱད་དོར་ཏོ། །དོར་བ་བརྒྱ་རྩ་བརྒྱད་ཚང་བ་དང ། ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་ཕྱོགས་བཞི་ཀུན་ནས་ཆར་གྱི་རྒྱུན་འབེབས་སོ། །ཀླུ་དེ་དག་ཐམས་ཅད་འདིར་ཆར་འབེབས་སོ། །འདི་ནི། ཆོ་ག་དང་པོའོ།། །།ཡུངས་དཀར་གྱི་མར་དང ། སྦྲང་རྩི་དང ། ཤིང་ཀཱ་ར་བཱི་རའི་མེ་ཏོག་དང ། ནཱ་ག་གེ་སར་དང་བཏགས་པའི་རིལ་བུ་བྱས་
355a
༄#། །ལ།་དེ་ནས་རིལ་བུ་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ཀླུའི་མཚོར་བོར་ན། བོར་མ་ཐག་ཏུ་ཀླུ་ཐམས་ཅད་དགའ་བར་འགྱུར་ཏེ། ཆར་གྱི་རྒྱུན་ཆེན་པོ་འབེབས་སོ། །གལ་ཏེ་དེ་མ་ཐག་མ་ཕབ་ན་ཀླུ་དེ་དག་ཐམས་ཅད་ལུས་ཞིག་པར་འགྱུར་རོ། །ཀླད་པ་ན་བར་འགྱུར་རོ། །སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར་རོ། །འདི་ནི། ཆོ་ག་གཉིས་པའོ།། །།སྦྱིན་སྲེག་བྱས་པའི་ཐལ་བ་དང ། རྩབ་མོ་དཀྲུགས་ལ་སྔགས་ལན་དྲུག་ཅུ་བཟླས་པ་བྱས་སྟེ་ཁྱིམ་གྱི་ནང་དུ་ཕོ་ན། ཕོ་མ་ཐག་ཏུ་ཀླུ་ཐམས་ཅད་འཁྲུགས་པར་གྱུར་ཏེ། དེའི་ཕྱིར་ཆར་གྱི་རྒྱུན་འབེབས་སོ། །གལ་ཏེ་དེ་མ་ཐག་ཏུ་མ་ཕབ་ན་ཀླུ་ཐམས་ཅད་ཀྱི་ལུས་ལ་ཤ་བཀྲ་འབྱུང་ཞིང་མཛེས་བཏབ་པར་འགྱུར། ལོང་བར་འགྱུར་རོ། །འདི་ནི། ཆོ་ག་གསུམ་པའོ།། །།ཤུག་པ་དང ། ུཏྤ་ལ་སྔོན་པོ་དང ། བ་བླ་དང ། ཟངས་ཕྱེ་དང ། ཡུངས་ཀར་དང ། ིནྡྲ་ཧསྟ་དང ། བ་ལ་ཤ་བསྲེས་ཏེ་བུ་རམ་ཁུ་བས་སྦྲུས་ལ་ཤེས་རབ་ཅན་གྱིས་སྔགས་ལན་བརྒྱད་བཅུ་བཟླས་ཏེ་རིལ་བུ་རྒྱ་ཤུག་གི་འབྲུ་ཙམ་དུ་བྱས་ལ་ཆར་མི་འབབ་པའི་དུས་ན་རིལ་བུ་བདུན་ཀླུའི་ཁྱིམ་དུ་བོར་ན་ཉིན་མཚན་བདུན་ཆར་འབེབས་སོ། །གལ་ཏེ་འཕྲལ་དུ་མ་ཕབ་ན། དེའི་ཕྱིར་ཀླུའི་ཁྱིམ་ཆུ་ཐམས་ཅད་བསྐམས་པར་འགྱུར་རོ། །ཀླུའི་ཁྱིམ་ན་གནས་པ་ཐམས་ཅད་གཅེར་བུར་འགྱུར་
355b
རོ། །རིལ་བུ་གཅིག་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཀླུའི་མཚོར་གཟུགས་སོ། །བ་དན་སྔོན་པོ་གདགས་སོ། །སྔགས་འདི་བྲིས་ཏེ་དེར་གདགས་པར་བྱས་ན། ཇི་སྲིད་དུ་རྒྱལ་མཚན་མ་བསྡུས་པ་དེ་སྲིད་དུ་ཀླུ་ཐམས་ཅད་ཆར་འབེབས་སོ། །ཡང་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཁང་ཐོག་མཐོན་པོར་གཟུགས་སོ། །སེར་བ་བབ་པའི་དུས་ན་ཡང་ཀླུ་རྣམས་སེར་བ་འདེབས་ཀྱང་མི་ནུས་སོ། །ཀླུ་རྣམས་ཀྱིས་གསེར་གྱི་ཁ་དོག་འདྲ་བ་དེ་འདྲ་བར་མཐོང་སྟེ། ཀླུ་ཐམས་ཅད་སྡངས་སྐྲག་ཅིང་གནས་དེར་འདོད་པ་བཞིན་ཆར་འབེབས་སོ། །ོཾ་སུ་པྲ་ཏེ་བཛྲ་དུནྡེ་མི་ལི་མི་ལི་སཝཱཧཱ། འདི་ནི། སྔགས་སོ། །བག་ཕྱེ་ལས་ཀླུ་མགོ་དགུ་པའི་གཟུགས་བྱས་ལ་ལུས་མཚལ་གྱིས་བསྐུ་བར་བྱའོ། །མགུལ་དུ་བ་དན་གདགས་སོ། །དཀྱིལ་འཁོར་གྲུ་བཞི་བྱས་ཏེ་དབུས་སུ་ཀླུའི་གཟུགས་བཞག་ལ་མེ་ཏོག་སིལ་མས་གཏོར་རོ། །གཏོར་མ་དཀར་པོ་ཅི་འབྱོར་ཚད་སྦྱིན་ནོ། །མེ་ཏོག་དང ། བདུག་སྤོས་ཀྱང་སྦྱིན་ནོ། །བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ་སྔགས་དང ། བལ་པོ་སེའུའི་ཤིང་གི་ལྕུག་མ་ལ་ཀླུའི་གཟུགས་ལ་ལན་བརྒྱ་རྩ་བརྒྱད་དུ་བྱ་བ་པ་བྱས་ན། ཀླུ་གང་གི་མིང་བྲེས་པའི་ཀླུ་དེ་བཀུག་པར་འགྱུར་ཏེ། ཀླུ་དེ་ཡང་རང་གི་ཁྱིམ་ལ་དགའ་བར་མི་འགྱུར་རོ། །གལ་ཏེ་ཆར་གྱི་རྒྱུན་ལེགས་པར་མ་ཕབ་ན། འཕྲལ་དུ་སྲོག་མ་རུངས་པར་འགྱུར་རོ། །ཡུངས་
356a
༄#། །ཀར་ལ་ལན་སྟོང་རྩ་བརྒྱད་རེ་རེ་ལ་ཡོངས་སུ་བཟླས་པ་བྱས་ཏེ་སྟོང་རྩ་བརྒྱད་དུ་ཚང་ན། ཀླུའི་གཟུགས་ཐམས་ཅད་འགྲོ་ཞིང་མགོ་གདེངས་ཀ་བྱེད་དོ། །དེའི་འོག་ཏུ་བལ་པོ་སེའུའི་ལྕུག་མས་བསྡིགས་ན། ལྡང་ཞིང་ལྕེ་སྟོན་པར་འགྱུར་རོ། །ལུས་ཀྱི་བར་དུ་སྟོན་པར་འགྱུར། ཀླུ་ཐམས་ཅད་དབང་དུ་འགྱུར་ཏེ། གང་བསྒོ་བ་དེ་བཞིན་བྱེད་དོ། །འོ་མ་དང ། ཡུངས་ཀར་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ་གནས་ཐམས་ཅད་གཏོར་ན། ཐམས་ཅད་ལ་ཕྱིར་ལེགས་པར་བྱས་པར་འགྱུར་རོ། །འདི་ནི། ཆོ་ག་བཞི་པའོ།། །།དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང ། གཞན་ཡང་ཀླུའི་རྒྱལ་པོ་མཐུ་ཆེ་བ་ཀླུའི་རྒྱལ་པོ་བརྒྱ་སྟོང་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ། །ལས་སྒྲུབ་པ་ཤིན་ཏུ་མི་བཟད་པ་དག་བཀའ་སྩལ་ཏོ། །བཅོམ་ལྡན་འདས།་བདག་ཅག་གིས་ཀྱང་དེ་དང་འདྲ་བ་བཤད་པར་བགྱིའོ། །དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །སླན་ཆད་སེམས་ཅན་དག་ལ་རྣམ་པར་འཚེ་བར་མི་བགྱིད་དོ། །བཅོམ་ལྡན་འདས།་བདག་ཅག་གིས་ཀླུ་མི་བགྲུངས་པ་རྣམ་པར་འཚེ་བར་བགྱིད་པ་རྣམས་ཀྱི་དོན་དུ་དམ་ཚིག་མ་འཚལ་བ་རྣམས་ཟློག་པའི་སྔགས་ཀྱི་ཚིག་བཤད་པར་འཚལ་ན། བཅོམ་ལྡན་
356b
འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཀླུའི་བདག་པོ་དག་།ངས་དམ་ཚིག་གི་སྔགས་བྱིན་གྱིས་བརླབ་ཀྱི། དེ་ཤོད་ཅིག་།ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛེ་བྷུ་ཛེ།་ས་མ་ཡ་བྷུ་ཛེ། ཏཏྟྭ་བྷུ་ཛེ། པྲ་བ་ར་བྷུ་ཛེ། ས་མནྟ་ཨཱ་ཀཱ་ར་བྷུ་ཛེ། དུ་རུ་དུ་རུ་སཝཱཧཱ། ས་མ་ཡ་བ་ལ་ནེ་སཝཱཧཱ། ནཱ་ག་མ་ར་སཉྩོ་ད་ནི་སཝཱཧཱ། བཅོམ་ལྡན་འདས། སླད་མའི་ཆེ་སླད་མའི་དུས་ན་ཀླུ་མི་བགྲུངས་པ་ཐམས་ཅད་སླར་བཟློག་པའི་སླད་དུ་བདག་ཅག་གིས་ཀླུའི་དམ་ཚིག་གི་སྔགས་འདི་བཤད་དོ། །ཧ་ཅང་ཆར་ཆེ་བའི་ཚེ་དང ། ཆར་དཀོན་པའི་ཚེ་དང ། སད་དང ། སེར་བ་འབབ་པའི་ཚེ་སྔགས་འདི་དྲན་པར་བྱའོ། །བརྗོད་པར་བགྱིའོ། །དེ་ནས་ཀླུ་ཐམས་ཅད་བསྐུལ་བར་བགྱིའོ། །རིག་པ་འཛིན་པ་དེས་ཤིན་ཏུ་ཁྲུས་བགྱིས་ཏེ་གཙང་མར་བགྱིས་ལ། གོས་གསར་པ་བགོས་ཏེ་ཀླུའི་གནས་སུ་མཆི་བར་བགྱིའོ། །ཀླུའི་གནས་སུ་ཅི་འབྱོར་པའི་སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་སམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་དཀྱིལ་འཁོར་དེའི་སྟེང་དུ་བཞག་སྟེ་སྤོས་ཆབ་ཀྱིས་བཀྲུ་བར་བགྱི། མེ་ཏོག་དང ། བདུག་པས་མཆོད་པར་བགྱི། ཀླུ་ཀུན་ཡང་བཀྲུ་བར་བགྱིའོ། །སྐུ་བསིལ་བའི་ཆབ་དེ་ལ་ལན་བརྒྱད་ཡོངས་སུ་བཟླས་པ་བགྱིས་ཏེ། དེའི་ནང་དུ་ཡུངས་ཀར་སྩལ་ནས་མཚེའུ་དེའི་ནང་དུ་དབོ་ཞིང་ཕྱོགས་བཞི་ནས་བདུག་པས་བདུགས་ན། དེ་ཕོ་མ་ཐག་ཏུ་སྐད་ཅིག་དེ་
357a
༄#། །ལ་ཀླུའི་གནས་འགུལ་ཞིང་དུ་བ་ལྟ་བུ་བྱུང་ནས་སྤྲིན་གྱི་དཀྱིལ་འཁོར་ཆེན་པོར་གྱུར་ཏེ་ནམ་མཁའི་དཀྱིལ་དེ་ཁེབས་པར་ཆར་གྱི་རྒྱུན་འབེབས་སོ། །སེར་བ་འབབ་པའི་དུས་སུ་ཡུངས་ཀར་དང ། ཏིལ་བསྲེས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བགྱིས་ཏེ་ཕྱོགས་བཞིར་བཅིང་བར་བྱའོ། །ཀླུའི་ཕྱོགས་སུ་གཏོར་བར་བགྱིའོ། །སེར་བ་མི་འབབ་པ་དང ། ཀླུ་ཐམས་ཅད་ཀྱང་གཅོད་པར་འགྱུར་རོ། །སད་དང ། སེར་བ་དང ། དུས་མ་ཡིན་པའི་རླུང་རབ་ཏུ་ཞི་བར་འགྱུར་རོ། །ཀླུའི་མཚོ་འགྲམ་མམ། ཁྲོན་པའམ། ལྟེང་ཀའམ། རྫིང་བུའི་འགྲམ་མམ། རིའི་རྩེ་མོར་ཤིང་ཨརྒ་དང ། ཞུན་མར་དང ། ཡུངས་ཀར་དང ། ཤིང་ཀཱ་ར་བཱི་རའི་མེ་ཏོག་གིས་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན། ཐམས་ཅད་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་བྱས་མ་ཐག་ཏུ་ཆར་གྱི་རྒྱུན་ཆེན་པོ་འབབ་པར་འགྱུར་རོ། །ཧ་ཅང་ཡང་ཆར་ཆེ་བའི་དུས་ན་འབྲས་ཡོས་དང ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ནམ་མཁའ་ལ་གཏོར་ན། ཆར་ཆེན་པོ་བཟློག་པར་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བདག་ཅག་གིས་དགུང་གསུམ་གྱིས་ཆར་གྱི་རྒྱུན་མ་ཕབ་ན།་བཅོམ་ལྡན་འདས། དེའི་ཚེ་ཤ་བཀྲ་འབྱུང་བར་འགྱུར་ལགས་སོ། །ལོང་བ་དང་ལུས་དྲི་མི་ཞིམ་པར་འགྱུར་ལགས་སོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་སླུ་བར་
357b
བགྱིད་པ་ལགས་སོ། །འཇིག་རྟེན་གསུམ་སླུ་བར་བགྱིད་པ་ལགས་སོ། །བདག་ཅག་ཀླུའི་སྐྱེ་གནས་འཕོ་བར་གྱུར་ཅིག་།བཅོམ་ལྡན་འདས། གཞན་ཐམས་ཅད་ལ་ཡང་སྦྱོར་བར་བགྱིད་ན་ཐམས་ཅད་རུངས་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་དེ་དག་དབུགས་ཕྱུང ། དམ་ཚིག་ལ་བཀོད་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཡོངས་སུ་གཏད་དེ་རྗེས་སུ་གཏད་ནས་ས་ཕྱོགས་དེ་ནས་གཤེགས་སོ། །རྣམ་ཐོས་ཀྱི་བུ་ནི། གཞི་ལ་བཞུགས་སོ། །ཀླུའི་དམ་ཚིག་ཅེས་བྱ་བ་ཆར་འབེབས་པའི་སྐབས་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཚངས་པའི་ཁང་པ་བརྩེགས་པར་བཞུགས་པ་དང ། ལྷའི་ཚོགས་དུ་མ་ལྷགས། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་ཡང་ལྷགས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང ། ཚངས་པ་དང།་ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། ཀླུའི་དབང་པོ་མཐུ་ཆེ་བ་ཐམས་ཅད་ཀྱང་ལྷགས། ནམ་མཁའ་ལྡིང་གི་དབང་པོ་དང ། རྒྱལ་པོ་ཆེན་པོ་གསེར་མིག་གི་འདབ་མ་ཅན། རྡོ་རྗེའི་མཆུ་ཅན། བདག་ཉིད་ཆེན་པོ་ལུས་འབར་ཞིང་ཁྲོ་བ། འཇིགས་སུ་རུང་བའི་རྩལ་ཅན། རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང ། མུ་ཏིག་དང ། གསེར་གྱིས་སྤྲས་པའི་ཅོད་པན་མགོ་ལ་ཐོག་པ།་གསེར་གྱིས་\?\་ས་པ་དྲག་པོའི་གཟུགས་ཅན། འགྱིང་བར་ལྟ་བ། ཀླུའི་དབང་པོ་གདན་དུ་བཏིང་པ། གཡོག་འཁོར་མང་པོ་ཐམས་ཅད་དང་ལྷགས་སོ། །གནོད་སྦྱིན་གྱི་
358a
༄#། །དབང་པོ་ལག་ན་རྡོ་རྗེ་གནོད་སྦྱིན་བྱེ་བ་དང ། རྡོ་རྗེ་འཛིན་གཡོག་འཁོར་རིག་འཛིན་སྟོང་ལྷགས་ཏེ། བཅོམ་ལྡན་འདས་ནི། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ།་མུ་ཏིག་དམར་པོ་ཐ་དད་པ་མང་པོས་བརྒྱན་པའི་སེངྒེའི་ཁྲི་ལ་བཞུགས་པ། ཁང་པ་བརྩེགས་པ་ན་ཞམ་རིང་ཆེན་པོ་དང ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཆེན་པོས་བྱིན་གྱིས་བརླབས་པ་དང་ལྡན་པས་བཞུགས་ཏེ། བཅོམ་ལྡན་འདས་ནི། འོད་ཟེར་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་སྐུ་ནི། ཤིན་ཏུ་བརྒྱན། གསེར་གྱི་མཆོད་སྡོང་ལྟར་ནི། འབར།་ཉི་མ་ལྟར་ནི། སྣང ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བ། འོད་འདོམ་གང་བས་ནི། སྐུ་ལེགས་པར་བརྒྱན། དེ་བཞིན་གཤེགས་པའི་སྐུ་ནི། ཤིན་ཏུ་རྣམ་པར་དག་ཅིང ། ཤིན་ཏུ་དྲི་མ་དང་སྐྱོན་མེད་པའི་འོད་ནི། གསལ། དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་ཆེན་པོ་འདུས་པར་མཁྱེན་ནས་སྐུ་ལ་འོད་ཟེར་སྣ་ཚོགས་ཕྱུང་སྟེ་འོད་ཟེར་གྱི་སྣང་བ་དེས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་མཛད་དོ། །དེ་ནས་ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པའི་འོད་ཟེར་ལ་བལྟས་ནས་འཛམ་བུའི་གླིང་ན་ཀླུ་མི་བགྲུངས་པས་སད་དང ། སེར་བ་དང ། རླུང་དང ། སེར་སྤྲིན་ཕབ་སྟེ་མེ་ཏོག་དང ། འབྲས་བུ་ཐམས་ཅད་དང ། ལོ་ཏོག་ཐམས་ཅད་དང ། ཤིང་དང ། རྩཝ་དང ། ཤིང་གེལ་
358b
པ་དང ། སྨན་དང ། ནགས་ཚལ་དང ། སྨན་གྱི་བར་བསྲེགས་ཏེ་མ་རུངས་པར་བྱས་ནས་ཡལ་ག་ཡང་འཛམ་བུའི་གླིང་ན་མེད་པར་བྱས་ན། དེ་ན་སེམས་ཅན་དེ་དག་སྡུག་བསྔལ་ཆེན་པོས་གཟིར་ཅིང་ཉམ་ཐག་པའི་སྐད་ཕྱུང་བ་ཐོས་སོ། །དེ་ནས་ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཀླུ་གནོད་པར་སེམས་པ་གཏུམ་པོ་རྣམས་ཀྱིས་འཛམ་བུའི་གླིང་རྣམ་པར་བཤིག་སྟེ་ཐམས་ཅད་མ་རུངས་པར་བགྱིས་ནས་སེམས་ཅན་རྣམས་སྡུག་བསྔལ་མི་བཟད་པ་ཆེན་པོ་མྱོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལྷའི་དབང་པོ་དག་།འདི་ནི། མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་རླབས་དང ། སངས་རྒྱས་ཀྱི་ཡེ་ཤེས་ཟབ་མོ་དང ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བྱིན་གྱི་རླབས་ལ་ལྟོས་ཤིག་།དེ་ནས་བཅོམ་ལྡན་འདས་ནམ་མཁའ་ལྡིང་བསྒྱིངས་པས་རྣམ་པར་བལྟས་པ་ཞེས་བྱ་བ་ཀུན་ནས་མེ་ལྕེ་འབར་བའི་ཕྲེང་བ་ཅན་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུ་ཕྲག་པ་གཉིས་རབ་ཏུ་འབར་ཏེ། འབར་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རབ་ཏུ་འབར་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
359a
༄#། །འདས།་ཚིག་ལགས་སོ། །བདེ་བར་གཤེགས་པ། ཚིག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་པར་གནང་ནས་སྟེང་དུ་རྣམ་པར་གཟིགས་ཏེ་ཕྱོགས་བཅུ་ཀུན་ཡང་གཟིགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞེས་ཏེ་ནམ་མཁའ་ལྡིང་གི་ཤུགས་ཆེན་པོས་ཀུན་ཏུ་འབར་བ་ནམ་མཁའ་ལྡིང་གི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་རྗེས་སུ་དགོངས་སོ། །ོཾ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཧཱུཾ་ཧཱུཾ། ར་ཙི་སྲི་ཛ་ཧཱུཾ་ཕཊ། དེ་ནས་ཀླུ་མི་སྲུན་པ་དེ་དག་ཡུར་ཡུར་པོར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདར་ཡེད་ཡེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་མ་ལྕེ་འབར་བ་ཞེས་བྱ་བའི་སྙིང་པོ་ཆེན་པོ་བཀའ་སྩལ་པ། ན་མོ་བྷ་ག་བ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ། ཧ་ན་ཧ་ན། སརྦ་ནཱ་ག་ཧྲི་ད་ཡ་དྷཱ་ར་ཎཱི། ཧ་ར་ཧ་ར། སརྦ་ཀ་ན་ནཾ་བ་ལ་བཱི་རྱ་པ་ར་ཀྲ་མཾ། ད་ཧ་ད་ཧ། སརྦ་ནཱ་ག་ཧ། ཤྲཱི་ར་ཎི།་པ་ཙ་པ་ཙ། སརྦ་ནཱ་ག་མརྨཱ་ཎི། ག་རུ་ཌ་བེ་ག་བ་ཤི་ནི་པ་ཏེ། ནད་པ་ཏ་ཡ་པ་ཏ་ཡ། སརྦ་ནཱ་ག་བ་བ་ན་ནི། ཨོཾ་མ་ཏ་མ་ཏ། མ་ཧཱ་བི་ཙི་ཏྲ་མ་ནི་མོ་ཧུ་ལི། ད་ར་ཧ་མ་ཧཱ་རུ་ཏྲ་བེ་ག་ད་ར་བི་ཙི་ཏྲ། ཨཱ་བ་ར་ཎ་བི་བུ་ཧུ་ཤི་ཏ་ཀཱ་ཡ། སརྦ་ནཱ་གཱ་ནཱ་ན། ཀར་ཀ་ར། སྨ་ར་སྨར། བྷོ་ག་རུ་ཌེན་པར་ཐཱ་ག་ན་བནྟྲ་ན་ཤཱཀྱ་མུ་ནེ་པྲ་ཙ་ན་མ་ནུ་པཱ་ལ་ཡ། ཏརྫ་ཡ། ནཱ་གཱ་ནཱཾ། པ་ཀྵི་ཡ།
359b
དུཥྚན་ཕྲ་མ་ཏ་ཡ། བཱ་ཡུ་བེ་ཛ་ག་ཝ་ན། སྥོ་ཊ་ཡ། མཱུརྟཱ་ནཱན་ཤོ་ཥ་ཡ་།ཏི་དུ་ཛྭ་ལ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། པྲ་མ་ཏ་སརྦ་བ་ཏ་ཨན་ཤིན་ནེ་མེ་ཀན། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་ནཱ་ག་བ་ལཾ་བ་ཧ་ར། པ་ཙདུརྟེ་ན། ཨཱ་ག་ར་བ་ཡ། སུ་ཤཱ་ནཱ་ག་ནཱཾ། གརྫ་གརྫ་མཧཱ་ག་རུ་ཌ་བེ་ག་ན། ཧཱུཾ་ཧཱུཾ། ཕཊ་ཕཊ། སྟམྦྷ་ཡ་ནི་ཤཱི་ཏ་པཱ་ལ་ཧ་ཀ་ན། སཾ་བྷཀྵ་ཡ། ཧཱུཾ་ཧཱུཾ། ཕཊ་ཕཊ། སྟམྦྷ་ཡ། ཤཱི་ཏ་བཱ་ཡུ། མུ་གྷ་ན། སརྦ་ནཱ་ག་བྷི་ཧ་རི་ཎི། ཧཱུཾ་ཧཱུཾ། ཕཊ་ཕཊ། བྷོ་ནཱ་ག་ཨ་དྷི་པ་ཏི། མུཉྩ་ཧྲི། བྷཀྵ་བུ་ཡུན་ག་རུ་ཌ་ཀྲོ་དྷ་མཧཱ་བེ་ག་བནྡྷ་ཡ་བཱ་ཡུ་བ་ལ་ཧ་ཀནྟི་ཏི་ཊི་ཊི་ཊི། ཧཱུཾ་ཧཱུཾ། ཕཊ་ཕཊ། བྷ་ཤ་ཡ། བ་ཏ་ཤཱི་ཏ་ཨ་ཤི་ན་ནི། ནཱ་ཤ་ཡ། ཙི་ཏི་ཙི་ཏི། ཕཊ་ཕཊ། སཝཱཧཱ། ཨཱ་ཤཱ་ཡ། ནཱ་གཱ་ནཱཾ། བནྡྷ་ཡ། བཛྲ་བནྡྷེ་ན་ཏ་ཐཱ་ག་ཏ་ས་མནྟེ་ན། ས་ཏྱེ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སཝཱཧཱ། ཏི་ཏི་ཏི་ཏི། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཛ་ལཾ་བ་དུ། སརྦ་ཨ་ཤན་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནེ་ན་ཧཱུཾ་ཕཊ། ཨ་མྲྀ་ཏེ་མ་བྷ་བ་ཏུ། སརྦ་ཤཱི་ཏ་པཱ་ཡུ་བེ་ག་ཨཱ་ཤཱ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ། མཱ་ཏི་ཀྲ་མ་སྥོ་ཊ་ཡ། ནཱ་ག་མཱ་ཏི་ཀྲ་མ་མ་ཏེ་མཱུ་ར་ཧ་ནཾ། ཡ་ཏི་ཤཝི་ཏི། ཧུ་རུ་ཧུ་རུ། ཧཱུཾ་ཧཱུཾ་ཕཊ་ཕཊ། སཝཱཧཱ། བརྟ་ཡ་སཝཱཧཱ། ནཱ་ག་སྥོ་ཊ་ཡ་སཝཱཧཱ། ནཱ་ག་བི་ད་རཱ་ཡ་སཝཱཧཱ། ཨོཾ་སཝཱཧཱ། སཝ་སཝཱཧཱ། བྷུ་བ་སཝཱཧཱ། ཏ་ཐཱ་ག་ཏ་ས་མ་ཡ་སཝཱཧཱ། ཏྲཻ་ལོ་ཀྱ་པཱུ་ཛི་ཏཱ་ཡ་སཝཱཧཱ། ཨོཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཀླུའི་བདག་པོ་དག་།དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་གི་འབར་བའི་སྙིང་པོ་ཞེས་བྱ་བའི་གཟུངས་ཆེན་པོ་འདི་ཀླུ་མི་སྲུན་པ་
360a
༄#། །ཐམས་ཅད་ཟློག་པར་བྱེད་དོ། །སྤྲིན་དང ། ལྷགས་པ་དང ། རླུང་དང ། སེར་བ་ཐམས་ཅད་འཇིག་པའོ། །ཟློག་པའོ། །ལོ་ཏོག་ཡོངས་སུ་སྐྱོང་བའོ། །མེ་ཏོག་དང ། འབྲས་བུ་དང ། ནགས་ཚལ་ཡོངས་སུ་སྐྱོང་བའོ། །བདུད་རྩིའི་འབྲས་བུ་ཡོངས་སུ་འགྲུབ་པར་བྱེད་དོ། །དེ་བས་བསྟབ་པ་འཕེལ་བར་བྱེད་དོ། །ཀྱེ་ཀླུའི་བདག་པོ་དག་།འདི་དྲན་མ་ཐག་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར་བྱེད་པ། བུ་དང་ཆུང་མར་བཅས་པ་དང ། བློན་པོར་བཅས་པ་དང ། མངག་གཞུག་པར་བཅས་པ་དང ། འཁོར་དང་བཅས་པ་ལྷགས་པའི་སྟོབས་བྱེད་པ། རླུང་གི་སྟོབས་བྱེད་པ། སྡུད་པ་དང ། སྟོབས་བྱེད་པ། ཀུན་ཐམས་ཅད་མཐུན་པ་དེ་བཞིན་གཤེགས་པའི་བཀའ་གནང་བ་དང ། དེ་བཞིན་གཤེགས་པའི་དམ་ཚིག་གི་བྱིན་གྱི་རླབས་ཀྱིས་ཕྱི་མའི་ཚེ་ཕྱི་མའི་དུས་ན་འཛམ་བུའི་གླིང་འདིར་ལོ་ཏོག་ཐམས་ཅད་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་དང ། རྫས་དང ། ཤིང་དང ། སྨན་ཐམས་ཅད་ཀུན་ཏུ་སྲུང་བ་གྱིས་ཤིག་།དུས་དུས་སུ་ཆར་གྱི་རྒྱུན་ཕོབ་ཅིག་།བདག་གི་སྲོག་ཇི་ལྟ་བ་དེ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྟས་པར་བྱེད་པ། མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་རྣམས་ཡོངས་སུ་སྦྱོངས་ཤིག་།གལ་ཏེ་གཞན་དུ་གྱུར་ཏེ་དེ་བཞིན་གཤེགས་པའི་བཀའ་ལུང་དགེ་བ་ལྟར་མ་བྱས་ན། དེའི་ཚེ་ཀླུ་ཐམས་ཅད་ཀྱི་ཁྱིམ་ཀུན་ཏུ་འབར། རབ་ཏུ་འབར་
360b
ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་ཅིག་།ཀླུ་ལ་མུ་གེ་ཆེན་པོ་འབྱུང་བར་གྱུར་ཅིག་།སྟོབས་བྲི་ཞིང་བརྩོན་འགྲུས་མ་རུངས་པར་གྱུར་ཅིག་།ཆུ་བསྐམས་པར་གྱུར་ཅིག ། ཁྱིམ་བསྐམས་པར་གྱུར་ཅིག་།ལུས་རྩུབ་པར་གྱུར་ཅིག་།འདབ་བཟང་གི་འཇིགས་པ་དང ། མེ་དང་བྱེ་མའི་འཇིགས་པ་དང ། རྟག་ཏུ་བཀྲེས་པ་དང ། སྐོམ་པའི་འཇིགས་པ་ཅན་དུ་གྱུར་ཅིག ། ཕར་རྒྱུག་ཚུར་རྒྱུག་ཅིང་ལུས་ཀུན་ཏུ་ཚིག་པ་དང ། ཉི་མའི་དུགས་ཀྱིས་ཡོངས་སུ་གདུངས་པས་ལུས་ཚིག་པར་གྱུར་ཅིག་།ནད་དང ། གནོད་པ་དང ། ནད་འོག་བ་སྣ་ཚོགས་པ་འདུས་པར་གྱུར་ཅིག ། དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཀླུ་མི་སྲུན་པ་དང ། ཀླུ་གཏུམ་པ་དང ། རབ་ཏུ་གཏུམ་པ་རྣམས་གལ་ཏེ་དེ་བཞིན་གཤེགས་པའི་ནམ་མཁའ་ལྡིང་འབར་བ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་ལས་འགལ་བར་བྱེད་ན། སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་ཏེ། ཀླུའི་བདག་པོ་དག་།དེའི་ཕྱིར་བདེན་པའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བྱའོ། ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བྱའོ། །བསྲུང་བར་བྱའོ། །བསྒྲུབ་པར་བྱའོ། །དེ་ནས་ཀླུའི་རྒྱལ་པོ་ཀུན་ནས་གདུགས་ཀྱི་རྣམ་པས་བསྐོར་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་དང ། བསྙེན་དགའ་བོ་དང ། ཀླུའི་རྒྱལ་པོ་ཆེན་པོ་གཟི་ཅན་དང ། ཀླུའི་རྒྱལ་པོ་ཆེན་པོ་ཧུ་ལ་པ་དང ། ཀླུའི་རྒྱལ་པོ་ཆེན་པོ་ཆུ་ལྷ་དང ། ཀླུའི་
361a
༄#། །རྒྱལ་པོ་ཆེན་པོ་འབར་བ་ཀུན་ཏུ་འཛིན་པ་ཁ་བྱེ་རབ་ཏུ་དགའ་བའི་གཙུག་ཅེས་བྱ་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་ཚངས་པའི་མགོ་དང ། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་གྲགས་པའི་རྒྱལ་མཚན་དང ། ཀླུའི་རྒྱལ་པོ་ཆེན་པོ་དབང་ཕྱུག་འོད་དང ། ཀླུའི་རྒྱལ་པོ་ཆེན་པོ་འོད་རྣམ་པར་གྲགས་པ་ཞེས་བྱ་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྒྱལ་མཚན་གྱི་རྣམ་པ་ཞེས་བྱ་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་ནོར་བུ་མགོ་དང ། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་པ་ཚངས་པའི་གཙུག་དང ། ཀླུའི་རྒྱལ་པོ་ཆེན་པོ་གཙུག་གི་ནོར་བུ་འབར་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་མཚོ་ཆེན་པོ་གནོན་དང ། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ཏུ་ལྟ་བའི་མིག་དང ། ཀླུའི་རྒྱལ་པོ་ཆེན་པོ་ཁྱབ་འཇུག་ཁོར་ཡུག་དང ། ཀླུའི་རྒྱལ་པོ་ཆེན་པོ་ཀུན་ནས་རྣམ་པར་བྲལ་དང ། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་དགའ་བས་ཆར་འབེབས་དང ། ཀླུའི་རྒྱལ་པོ་ཆེན་པོ་རྣམ་དག་རབ་དགའ་དང ། ཀླུའི་རྒྱལ་པོ་ཆེན་པོ་རབ་ཏུ་གཏོར་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་གློག་འབར་བ་དང ། ཀླུའི་རྒྱལ་པོ་ཆེན་པོ་ས་སྲུང་གི་བུ་དང ། ཀླུའི་རྒྱལ་པོ་ཆེན་པོ་ཆུ་འབེབས་སྣ་ཚོགས་དང ། ཀླུའི་རྒྱལ་པོ་ཆེན་པོ་བཏང་བཟུང་སྟོབས་དང ། ཀླུའི་རྒྱལ་པོ་ཆེན་པོ་འཇིག་རྟེན་གསུམ་དུ་རབ་ཏུ་ཆར་འབེབས་དང ། ཀླུའི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྣ་ཚོགས་དང ། དེ་ལ་སོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་
361b
བརྒྱད་ཁྲི་བཞི་སྟོང་ཀླུའི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གཡོག་འཁོར་ཀླུའི་རིགས་སྟོང་ཕྲག་བདུན་ཅུ་རྩ་བདུན་ཡོད་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་མཆོད་པ་ཆེན་པོས་མཆོད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚིག་ཤིན་ཏུ་མི་ཟད་པ་དྲག་པོ་ཆེན་པོ་བལྟ་དཀའ་བ་ཆེན་པོ་དག་བཀའ་སྩལ་པས། བཅོམ་ལྡན་འདས། བདག་ཅག་ནི། ཕུང་པོ་ཚིག་གོ་།ལུས་རབ་ཏུ་འདར་རོ། །སྤུ་ཟིང་ཞེས་བགྱིད་དོ། །བཅོམ་ལྡན་འདས། བདག་ཅག་བས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་སུམ་དུ་གྱུར་པར་གནས་པ་ལགས་ཏེ། འདི་ལྟར་འཇིགས་སྐྲག་བ་སྤུའི་བུ་ག་ནས་སྐྱི་བུང་ཞེས་བགྱིད་ཅིང ། འཇིགས་པ་མི་བཟད་པ་ཆེན་པོ་སྐྱེས་ཏེ་བས་པར་ཡང་སྒྱིད་ལུག་ཅིང་མཆིས་སོ། །བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་དགེ་སློང་དྲག་ཤུལ་བགྱིད་པ་ནོར་ལ་བརྐམ་པ་དག་མཆིས་པ་ལ་སད་དང ། རླུང་དང ། སེར་བ་བཟློག་པའི་སླད་དུ་གསོལ་བ་བཏབ་པར་གྱུར་ན། བཅོམ་ལྡན་འདས། དེ་ལ་ཀླུ་མི་བགྲུངས་པ་དེ་དག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་དག་གི་སྲོག་སླར་ཞིང་ཇི་ལྟར་འགྱུར། བཅོམ་ལྡན་འདས། བདག་ཅག་གི་བུ་དང་ཚ་བོ་
362a
༄#། །ཇི་ལྟ་བུ་མང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ་དང ། ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱམས་པ་ལ་གནས་པར་བྱའོ། །དེ་བཞིན་གཤེགས་པའི་དམ་ཚིག་དང་མཐུན་པར་བྱའོ། །དུས་དུས་སུ་ཆར་གྱི་རྒྱུན་ཕོབ་ཅིག་།དུས་དུས་སུ་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་སྒྲུབས་ཤིག་།རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་ཟློག་ཅིག། ཆུད་ཟ་བར་མ་བྱེད་ཅིག་།ཀླུའི་བདག་པོ་དག་།དེའི་ཕྱིར་ཁྱེད་ཕྱི་མའི་ཚེ་ཕྱི་མའི་དུས་ན་གནོད་པ་མེད་པ་གནས་པར་གྱིས་ཤིག་།ཀླུའི་བདག་པོ་དག་།གལ་ཏེ་ཡང་དག་པར་དམ་ཚིག་མ་བསྲུངས་ན། དེའི་ཕྱིར་ཀླུའི་བདག་པོ་དག་།ཁྱེད་ལ་ཉེས་པ་ཆེན་པོར་འགྱུར་རོ་ཞེས་སྨྲའོ། །ཐོག་མར་ཀླུ་སྐུལ་བའི་རིག་པ་རྫོགས་སོ།། །།དེ་ནས་དེའི་འོག་ཏུ་རྩ་བའི་རིག་པའི་ཆོ་ག་།ཀླུ་རྣམས་ཀྱི་ཁྲོས་པ་ཞི་བར་བྱེད་པ་ནམ་མཁའ་ལྡིང་འབར་བའི་གཟི་བརྗིད་ཀྱི་སྙིང་པོའི་དཀྱིལ་འཁོར་འདི་བརྗོད་པར་བྱའོ། །ཐོག་མ་ཁོ་ནར་གནམ་དུ་བལྟས་ཏེ་ཡུངས་ཀར་དང་ཆུ་བསྲེས་པ་ཕྱོགས་བཞིར་གཏོར་ན། སད་དང ། རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ། །བཅིངས་པར་འགྱུར་རོ། །ཀླུ་ཐམས་ཅད་འདར་ཡེད་ཡེད་ཅིང་འཁོད་པར་འགྱུར་རོ། །ཐལ་བ་དང་ཆུ་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་དབང་བསྐུར་ན།
362b
བདག་སྲུང་བ་བྱས་པར་འགྱུར་རོ། །འབྲུག་ཟེར་བའི་ཚེ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་བདུན་ཡོངས་སུ་བཟླས་པ་བྱས་ལ། ཆུ་ལ་ལན་བདུན་དུ་ཡོངས་སུ་བཟླས་པ་བྱས་ཏེ་གནམ་ལ་སྤྲིན་བཅིང་བར་བྱའོ། །དེ་ནས་སྤྲིན་ལ་བལྟས་ཏེ་ཡུངས་ཀར་གནམ་དུ་གཏོར་ན། མེ་ཏོག་དང ། འབྲས་བུ་ཐམས་ཅད་བསྡུས་ནས་སའི་སྟེང་དུ་ལྷུང་ངོ ། །སྔགས་ཀྱང་བརྗོད་ཅིང་ཁྲོས་པས་ཕཊ་ཅེས་བྱ་བ་བརྗོད་པར་བྱ་སྟེ། ཕཊ་ཅེས་བྱ་བ་ལན་གསུམ་གྱིས་ཀླུ་ཕྲུག་གུ་རྣམས་ཀྱང་ལྷུང་བར་འགྱུར་རོ། །ཀླུ་རྣམས་ཀྱི་ལུས་ཀྱང་ཞིག་སྟེ་ཐང་ལ་ལྷུང་བར་འགྱུར་རོ། །བལ་པོ་སེའུའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པ་བྱས་ཏེ་འཁོར་ལོའི་ཚུལ་དུ་ལན་བདུན་བསྐོར་ན། །ཀླུ་མི་བགྲུངས་པ་ཐམས་ཅད་སད་དང ། སྤྲིན་དང ། རླུང་དང ། སེར་བ་ཐམས་ཅད་ས་ལ་མི་འབེབས་སོ། །མགོ་ཚལ་པ་བདུན་དུ་འགས་སོ། །མི་འབྱུང་ངོ ། །ཁྲོས་པས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ན། ཀླུ་རྣམས་རིགས་དང ། སྤྲིན་དང ། གཡོག་འཁོར་ཀུན་དང་བཅས་ཏེ་སའི་སྟེང་དུ་ལྷུང་ངེ ། །ཀླུའི་ཁྱིམ་དང ། གཞལ་ཡས་ཁང་མཐའ་དག་དང ། ཆུ་དང ། ཤིང་དང ། ནགས་ཚལ་དུ་བཅས་པ་མེ་ལྕེ་འབར་བ་གཅིག་ཏུ་འགྱུར་རོ། །ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཐམས་ཅད་ཀྱང་ཀླད་ནད་དྲག་པོས་བཏབ་པར་འགྱུར་རོ། །གལ་ཏེ་རིག་པ་འཛིན་པས་མྱུར་དུ་མ་བསྐྱབས་ན། རིགས་ཐམས་ཅད་ཕུང་བར་འགྱུར་རོ། །བུ་དང ། ཚ་བོ་དང ། འཁོར་དུ་བཅས་
363a
༄#། །པ་དང ། བཞོན་པར་བཅས་ཏེ་རྣམ་པར་མེད་པར་འགྱུར་རོ། །མིག་མེད་པར་འགྱུར་རོ། །ཆར་མེད་པའི་དུས་ན་ཡུངས་ཀར་ལ་ལན་སྟོང་བཟླས་ཏེ་ཁྱིམ་ལ་གཏོར་ན། ཀླུ་ཐམས་ཅད་འདར་ཡེད་ཡེད་ཅིང་ཁྱིམ་དང་མཚོ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏེ་འདོད་པ་བཞིན་དུ་མྱུར་དུ་ཆར་གྱི་རྒྱུན་འབེབས་སོ། །ཡང་དང་ཡང་ཆར་གྱི་རྒྱུན་འབེབས་སོ། །གང་གི་ཚེ་ཆར་དགོས་པ་དེའི་ཚེ་རིག་པ་འཛིན་པས་ཆུ་དང་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བྱས་ཏེ་གནས་མཐོན་པོར་སོང་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་ཆུ་སྙིམ་པ་བདུན་ལ་སྔགས་ལན་བདུན་བདུན་དུ་ཡོངས་སུ་བཟླས་ཏེ་ཤར་ཕྱོགས་སུ་གཏོར་ན། ཀླུའི་རྒྱལ་པོ་ཐམས་ཅད་འཕྲལ་དུ་གཅིག་ཏུ་འདུས་ཏེ་ཆར་གྱི་རྒྱུན་འབེབས་སོ།། སྐྱ་རེངས་ཤར་བའི་དུས་ན་ཡུངས་ཀར་དང ། གུར་གུམ་དང ། ཆུར་བསྲེས་ལ་ལན་བདུན་བཟླས་པ་བྱས་ཏེ་ཕྱོགས་བཞིར་གཏོར་ཞིང་སྟེང་དང་འོག་ཏུ་ཡང་གཏོར་ན། སད་དང ། རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་ལ་ཀུན་ནས་དཔག་ཚད་ཚུན་ཆད་དུ་མཚམས་བཅད་པར་འགྱུར་རོ། །ཀླུ་མི་སྲུན་པ་ཐམས་ཅད་བཅིངས་པར་འགྱུར་རོ། །ཀླུ་ཐམས་ཅད་མི་གདའ་བར་འགྱུར་རོ། །བ་སེར་སྐྱེའི་ལྕི་བ་ས་ལ་མ་ལྷུང་བར་བླངས་པ་དང ། དེ་ཉིད་ཀྱི་མར་དང ། འོ་མ་དང ། གཅིན་བླངས་ལ་སབ་ཏ་བྱི་ས་ཀ་དང ། བག་ཕྱེ་དང ། ཐམས་ཅད་
363b
བསྲེས་ལ་ལན་དགུ་བཅུ་རྩ་གཉིས་བཟླས་པ་བྱས་ཏེ། དེ་ནས་ཀླུ་མགོ་ལྔ་པ་བྱའོ། །མགོ་གདེངས་ཀ་ཅན་གྱི་སྐྱིལ་མོ་ཀྲུང་བཅས་པ་ལུས་གཅུས་པ་བྱས་ཏེ་ཙནྡན་དཀར་པོ་དང ། གུར་གུམ་གྱིས་ལུས་བཀྲུ་བར་བྱའོ། །སྟན་གཙང་མའི་སྟེང་དུ་གཞག་གོ། དར་གྱི་ཅོད་པན་གྱི་དབང་བསྐུར་རོ། །མེ་ཏོག་གི་ཕྲེང་བ་གདགས་སོ། །དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ་མེ་ཏོག་སིལ་མ་གཏོར། བུམ་པ་གང་བ་བཞི་གཞག་གོ་།མདའ་བཞི་བཙུགས་ཏེ་དར་གྱི་བ་དན་དཀར་པོ་བཞི་གདགས་སོ། །དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་གཞག་གོ་།དཀྱིལ་འཁོར་གྲ་བཞིར་སེང་ལྡེང་གི་ཕུར་བུ་བཞི་གཟུགས་སོ། །ཚོན་སྣ་ལྔའི་སྐུད་པས་ལན་ལྔ་བསྐོར་རོ། །ཀུན་ལ་ཡང་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ལས་བྱའོ། །བུམ་པའི་མགུལ་དར་གྱིས་བཅིང་ངོ ། །ན་ལ་དང ། སཝ་རྩི་པོག་དང ། རྒྱ་སྤོས་དང ། ཀུན་ཏུ་ར་དང ། སེན་མོ་དང ། ནཱ་ག་པུས་པ་དང ། ཡུངས་ཀར་དཀར་པོ་དང ། ཤ་ཀ་ར་དང་བསྲེས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་བདུག་པར་བྱའོ། །བདུག་པ་འདི་སྦྱར་ལ། དེ་ནས་རིག་པ་འཛིན་པས་ཤིན་ཏུ་ཁྲུས་བྱས་ཏེ་གོས་གཙང་མ་གྱོན་ལ་སྔགས་འདི་ཉིད་ཀྱིས་ཉེ་རེག་དང ། བྲག་བཅིང་བ་དང ། མཚམས་བཅིང་བ་དང ། ཕྱོགས་བཅིང་བ་དང ། དཀྱིལ་འཁོར་བཅིང་བ་དང ། གོས་གདགས་པ་དང ། བདག་སྲུང་བ་དང ། ཁྲུས་བྱ་བ་རྣམས་བྱའོ། །ཀླུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ་རིག་པ་འཛིན་པ་ཀླུ་ལ་བལྟས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་ལ།
364a
༄#། །སྔགས་འདི་ཉིད་ཀྱིས་དགུག་པ་དང ། གཏོར་མ་དང ། བདུག་པས་སླར་བཏང་བར་བྱའོ། །དེ་ནས་རིག་པ་འཛིན་པས་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་རེ་རེ་ལ་བཟླས་ལ་ཀླུའི་གཟུགས་ལ་བསྣུན་པར་བྱའོ། །མར་མེ་ཁ་བཞི་བུད་དོ། །ཀླུའི་མིང་བྲིའོ། །གང་བོས་པ་དེ་འགྲེང་བར་འགྱུར་རོ། །བཟླས་པ་སྟོང་རྩ་བརྒྱད་ཚང་བར་བྱས་ན། ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་དབང་དུ་འགྱུར་རོ། །ཐམས་ཅད་སྟོང་པར་འགྱུར་རོ། །ཅི་བསམ་པ་དེ་ཐམས་ཅད་སྦྱིན་པར་འགྱུར་རོ། །དབང་ཐམས་ཅད་ཟློག་པར་འགྱུར་རོ། །དབང་གི་སྐྱེ་བོ་དང ། འཁོར་དུ་བཅས་པ་དང ། བུ་དང ། ཚ་བོར་བཅས་པ་ཐམས་ཅད་དབང་དུ་འགྱུར་རོ། །ལས་ཐམས་ཅད་བྱེད་པར་འགྱུར་རོ། །རང་གི་ཁྱིམ་བཞིན་དུ་ཡོངས་སུ་སྐྱོང་བར་འགྱུར་རོ། །ཀླུའི་གཟུགས་དེ་གནས་དབེན་པར་བཞག་ལ་མེ་ཏོག་དང ། བདུག་པ་སྦྱིན་ནོ། །ལང་ལོང་མེད་པར་གཞག་ཅིང་མི་མཐོང་བར་བྱ་སྟེ། སུ་ལ་ཡང་མི་བསྟན་ནོ། །གོས་གཙང་མས་དགབ་བོ། །ནམ་དགོས་པ་ཡོད་པ་དེའི་ཚེ་ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བ་བྱས་ཏེ་བསྣུན་ན། དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །གར་བཏབ་པ་དེར་འགྲོ་ཞིང་སླར་ཡང་འོང་ངོ ། །རྨི་ལམ་དུ་དགོས་པ་ཐམས་ཅད་སྟོན་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཀླུའི་མངག་གཞུག་པ་ཞེས་བྱའོ། །གང་གི་ཚེ་དུས་མ་ཡིན་པའི་སྤྲིན་དང ། རླུང་དང ། སེར་བ་དང ། སད་བྱུང་བ་
364b
དེའི་ཚེ་སྐེ་ཚེའི་འབྲུ་དང ། ཡུངས་ཀར་དུ་བསྲེས་ལ་ལན་བརྒྱ་རྩ་གཅིག་བཟླས་པ་བྱས་ཏེ་ཁྲོས་པས་ཀླུའི་གཟུགས་ལ་བསྣུན་ན། སྐད་ཅིག་དེ་ལ་རླུང་དང ། སེར་བ་དང ། སྤྲིན་མེད་པར་འགྱུར་ཏེ། ཐམས་ཅད་བཅིང་བར་འགྱུར་རོ། །ཐན་པ་བྱུང་བ་དེའི་ཚེ་ཡི་གེར་བྲིས་ལ་སྐུད་པ་དམར་པོ་ལ་དཀྲིས་ལ་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ་ཀླུའི་མགུལ་དུ་བཏགས་ལ་ཀླུའི་སྤྱི་བོར་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ན། སྐད་ཅིག་དེ་ལ་ཆར་གྱི་རྒྱུན་འབེབས་ཏེ། སྒྲུབ་པ་པོས་ཇི་ལྟར་འདོད་པ་བཞིན་ཆར་འབེབས་སོ། །ཧ་ཅང་ཆར་ཆེན། སྐུད་པ་སྔོན་པོ་ལ་ལན་བདུན་བཟླས་པ་བྱས་ཏེ་མདུད་པ་བདུན་བོར་ན། ཆར་ཆེན་པོ་མི་འབབ་པར་འགྱུར་རོ། །ཆོ་ག་དང་རིག་པ་སྒྲུབ་པ་གཞན་ཐམས་ཅད་ལ་ཡང་སྔགས་འདི་ཐོག་མ་ཁོ་ནར་ལན་བདུན་བརྗོད་དོ། །འདི་ཀུན་ཏུ་སྦྱོར་བ་སྟེ། བརྗོད་པ་སྒྲུབ་པ་འགྲུབ་བོ། །ནམ་མཁའ་ལྡིང་ཆེན་པོ་རྡོ་རྗེ་ཤུགས་འབར་བ་ནམ་མཁའ་ལྡིང་གི་སྙིང་པོ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དེ་ནས་དེའི་འོག་ཏུ་རྩ་བའི་སྙིང་པོའི་ཆོ་ག་བསྟན་ཏོ། །གཟུངས་བཏོན་མ་ཐག་པ་ཙམ་གྱིས་ཀླུ་ཐམས་ཅད་འདར་ཡེད་ཡེད་དོ། །བལ་པོ་སེའུ་ཤིང་གི་ལྕུག་མ་དང ། ཤིང་ཀ་ར་བཱི་རའི་ལྕུག་མས་རླུང་དང ། སྤྲིན་བཟློག་པར་བྱའོ། །བའི་ལྕི་བ་ས་ལ་མ་ལྷུང་བས་ཁང་སྟེང་དུ་དཀྱིལ་འཁོར་གྲཝ་བཞི་པ་ཤིན་ཏུ་རྣམ་པར་ཕྱེ་བ་རེའུ་ཆ་ལེགས་པར་བྱས་ཏེ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བརྒྱད་
365a
༄#། །ཕྱོགས་མཚམས་སུ་གཟུགས་སོ། །མདའ་ལྔ་གཟུགས་སོ། །རྩེ་གསུམ་པ་གཟུགས་སོ། །མདའ་བཞི་ལ་ཚོན་སྣ་ལྔའི་སྐུད་པ་བཞིས་འཁོར་བར་བསྐོར་རོ། ། བུམ་པ་གང་བ་བཞི་དང ། པོག་ཕོར་དང ། གཏོར་མའི་བུམ་པ་བཞི་གཞག་གོ་།གཏོར་མ་དཀར་པོས་བཀང་པ་བཞི་དཀྱིལ་འཁོར་གྱི་དབུས་སུ་བཞག་།མེ་ཏོག་སིལ་མས་གང་བར་གཏོར། བྲ་ཡོས་དང་ཡུངས་ཀར་གྱིས་གཏོར་རོ། །ཐམས་ཅད་ལ་ལན་བདུན་བདུན་གྱིས་བཟླས་པ་བྱས་ཏེ་གཟུགས་སོ། །ཡུངས་ཀར་དང་ཆུ་བསྲེས་ལ་བཟླས་པ་བྱས་པས་ཕྱོགས་བཞིར་མཚམས་གཅད་དོ། །དེ་ནས་དཔག་ཚད་ཚུན་ཆད་ཀུན་ཏུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། །དེར་ཀླུ་མི་སྲུན་པ་རྣམས་འཕྲོག་མི་ནུས། ཀླུ་ཆེན་པོ་རྣམས་ཀྱང་རྟག་ཏུ་དུས་མ་ཡིན་པའི་རླུང་དང ། སྤྲིན་དང ། སེར་བ་འབེབས་མི་ནུས་སོ། །མེ་ཏོག་དང ། འབྲས་བུ་ཐམས་ཅད་ལ་འཚེ་ཡང་མི་ནུས་སོ། །ལན་འགའ་ཡང་རྩཝའི་ལོ་མ་ལ་ཡང་འཚེ་མི་ནུས། བཅིང་བ་ལྔས་བསྡམས་ཏེ་ཐམས་ཅད་བཅིངས་པར་འགྱུར་རོ། །འདི་ཟླ་བ་བརྒྱད་དུ་མཚམས་བཅིངས་པར་འགྱུར། གནོད་སྦྱིན་དང ། འབྱུང་པོ་དང ། སྲིན་པོ་དང ། ཡི་དྭགས་དང ། གྲུལ་བུམ་དང ། གསང་བ་པ་དེ་རྣམས་གནས་འདི་ལས་མི་འདའོ། །དེ་ནས་རིག་པ་འཛིན་པ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་བལ་པོ་སེའུའི་ཤིང་གི་ལྕུག་མ་ལ་ལན་བདུན་བཟླས་པས་
365b
ཀླུ་བཟློག་པར་བྱའོ། །ཤིན་ཏུ་ཁྲོས་པས་བཟློག་པར་བྱ་བ་ནི། མ་ཡིན་ནོ། །ཀླུའི་སྐྱིལ་མོ་ཀྲུང་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། མཛུབ་མོ་གཉིས་མགོ་བོ་གདེངས་ཀ་ལྟར་བྱས་ལ་མཐེའུ་ཆུང་གཉིས་བརྐྱང་ངོ ། །འདི་ནི། ཀླུ་ཐམས་ཅད་ཀྱི་ཕྱག་རྒྱའོ། །བརྗོད་མ་ཐག་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་སྙིང་དག་ལ་གནོད་པར་འགྱུར་རོ། །གལ་ཏེ་ཀླུ་དག་ཕྱོགས་དེ་མ་རུངས་པར་བྱ་བར་འདོད་ན། དེའི་ཚེ་བྱེ་མཚན་མགོ་ལ་འབབ་བོ། །མགོ་དང ། མཇུག་མ་དང ། ཁོག་པ་ཇི་ཙམ་པ་དེ་ཙམ་དུ་ལུས་ལ་རལ་གྲིའི་ཆར་གྱི་རྒྱུན་འབེབས་པར་འགྱུར་རོ། །དེ་ནས་ཀླུ་ཐམས་ཅད་སྡངས་སྐྲག་པར་གནས་པར་འགྱུར་ཏེ། །དེའི་ཚེ་འཛམ་བུའི་གླིང་དུ་དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །ཀླུ་མི་པ་གྲུངས་པ་ཐམས་ཅད་དབང་དུ་འགྱུར་རོ། །ཁང་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ་མེ་ཏོག་སིལ་མས་གང་བར་གཏོར་ལ་བདུག་པས་བདུགས་ཏེ་བུམ་པ་ཆུས་གང་བ་ཐམས་ཅད་ལ་ལན་བདུན་དུ་བཟླ་བར་བྱའོ། །གཏོར་མ་གཞག་གོ། སེང་ལྡེང་གི་ཕུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སེང་ལྡེང་གི་ཕུར་བུ་དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན། རླུང་དང ། སྤྲིན་དང ། སེར་བ་དང ། སད་ཀྱི་ཉེས་བ་ཐམས་ཅད་བཅིངས་པར་འགྱུར་ཏེ། ཕུར་བུ་མ་ཕྱུང་གི་བར་དུ་ཐུབ་པར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་བཟླས་ལ་སྤྲིན་ལ་བལྟས་ཏེ་གཏོར་ན། སེར་བ་ཐམས་ཅད་འཆད་པར་འགྱུར་རོ། །ཤིང་ཀཱ་ར་བཱི་རའི་ལྕུག་མ་
366a
༄#། །ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གདུ་བུར་བྱས་ན། ཐམས་ཅད་དུ་སེར་བ་ཆོད་པར་འགྱུར་རོ། །ཤིང་ཀཱ་ར་བཱི་ར་དམར་པོའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གློག་འབྱུང་བའི་ཚེ་ནམ་མཁའ་ལ་འཕངས་ན། ནམ་མཁའ་ཉིད་དུ་འདུག་སྟེ་བཅིངས་པར་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་ཏེ་གཏོར་ན། གྲོལ་བར་འགྱུར་རོ། ། འབྲུག་ཟེར་བའི་ཚེ་རྩེ་གསུམ་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་དཀྱིལ་འཁོར་གྱི་དབུས་སུ་བཙུགས་ན། རྩེ་གསུམ་པ་མ་བྱུང་གི་བར་དུ་འབྲུག་ཟེར་ཏེ་སྤྲིན་བཅིངས་པར་འགྱུར་རོ། །ཕྱུང་ནས་གྲོལ་བར་འགྱུར་རོ། །རལ་གྲི་ལ་ལན་བདུན་བཟླས་ཏེ་ཀླུའི་ཕྱག་རྒྱ་སྐྱིལ་མོ་ཀྲུང་གིས་བཟུང་ལ་བལྟས་ཏེ་འདུག་ན། བཟུང་མ་ཐག་ཏུ་ཀླུ་མཐའ་དག་འབར་བར་འགྱུར་ཏེ། ཀླུ་ཐམས་ཅད་ལྐུགས་པར་འགྱུར་རོ། །རལ་གྲི་ཐོགས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་གུར་གུམ་གྱིས་དེའི་སྟེང་དུ་ནམ་མཁའ་ལྡིང་བྲིས་ནས་ཇི་ལྟ་ཇི་ལྟ་བུར་བསྐོར་བ་དེ་ལྟ་བུར་ནམ་མཁའ་ལྡིང་འདབ་གཤོག་ཀླུའི་ལུས་ལ་འབབ་པར་འགྱུར་ཏེ་ཀླུ་ཐམས་ཅད་སྐྲག་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར་ཏེ། ཕྱིས་རླུང་དང ། སེར་བ་འབེབས་མི་ནུས་སོ། །ཤིང་ཀ་ར་བཱི་རའི་མེ་ཏོག་དང ། ཡུངས་ཀར་བ་སྲེས་ཏེ་དཀྱིལ་འཁོར་དུ་ལན་དྲུག་ཅུ་སྦྱིན་སྲེག་བྱས་ན། ཀླུ་ཐམས་ཅད་གྲང་བའི་སྟོབས་བྱེད་པ་དང ། སེར་བ་དང ། ཁ་
366b
བའི་བར་ལ་སོགས་པ་ཐུབ་པར་འགྱུར་རོ། །གང་གི་ཚེ་ཆར་དགོས་པར་གྱུར་པ་དེའི་ཚེ་ཆར་འབེབས་སོ། །སྤྲ་ཚིལ་ལས་ཀླུའི་གཟུགས་ཚད་སོར་བཞི་པ་མགོ་ལྔ་པ་བྱས་ཏེ་གསེར་གྱིས་གཡོགས་ལ་སྟེང་གོས་དཀར་པོས་གཡོགས་ཏེ་རྩ་བའི་སྔགས་ལན་སྟོང་བཟླས་པ་བྱས་ལ། བུམ་པ་གསར་པ་མ་སྤྱད་པའི་ནང་དུ་བཅུག་སྟེ་ལུས་གོས་ཀྱིས་དཀྲིའོ། །རྒྱས་གདབ་བོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་བྲ་ཡོས་དང་ཡུངས་ཀར་གྱིས་གཏོར་ལ་བདུག་པས་བདུགས་ཏེ་སྔགས་འདི་བརྗོད་པར་བྱའོ། །བལ་པོ་སེའུ་ཤིང་གི་ལྕུག་མ་ལ་ལན་བདུན་བཟླས་ཏེ་བུམ་པ་ལ་དལ་བུ་དལ་བུས་གཞུག་ན། སེར་བ་ཐམས་ཅད་བུམ་པའི་ནང་དུ་འཕོའོ། །ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །ཀླུའི་རྒྱལ་པོའི་གཟུགས་སྤྲ་ཚིལ་ལ་བྱས་པ་ལ་ཀླུ་ཐམས་ཅད་ཀྱིས་མིང་བྲིས་ན། གང་གི་མིང་གིས་རིགས་བརྗོད་པས་ཀླུ་དེ་དབང་དུ་འགྱུར་ཏེ། འཁོར་དང་བཅས་པ་བྲམ་ཟེའི་གཟུགས་ཀྱིས་མདུན་ན་འདུག་ཅིང་བསྒོ་བ་དེ་ཐམས་ཅད་བྱེད་དོ། །ཀླུའི་རྒྱལ་པོ་ཆོས་ཅན་མ་ཡིན་པ་ཡུལ་ཡོངས་སུ་མི་སྐྱོང་བ། ལོ་ཏོག་དང་འབྲས་བུ་ཆུད་གཟོན་པའི་ཀླུའི་ཁྱིམ་དུ་སོང་སྟེ་ཤིན་ཏུ་ཁྲུས་བྱས་ལ་གོས་དཀར་པོ་གཙང་མ་བགོས་ཏེ་རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ན། ཀླུའི་ཁྱིམ་དེ་ནས་བུད་མེད་རྒན་མོ་དག་འབྱུང་ཞིང ། རིག་པ་འཛིན་པ་ཅི་ཚོལ་ཞེས་ཟེར་བ་དང ། ལན་མ་གདབ་
367a
༄#། །པར་རྡོ་རྗེ་ས་ལ་བརྡལ་བར་བྱའོ། །ཕཊ་ཅེས་བྱ་བ་བརྗོད་པར་བྱའོ། །ཀླུ་རྒན་མོ་དེ་དུས་ནས་ཤིའོ་ཤིའོ་ཞེས་ཟེར་ཞིང་ཁྱིམ་དུ་འཇུག་གོ་།དེ་ནས་ཀླུ་རྣམས་འདུས་ཏེ་སྔངས་སྐྲག་སྟེ་ཁྱེའུའི་གཟུགས་སུ་བསྒྱུར་ནས་རིག་པ་འཛིན་པའི་མདུན་དུ་འདུག་སྟེ་ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚོལ། རིག་པ་འཛིན་པས་སྔར་སྔགས་བརྗོད་ལ་ཁྲོས་པས་བལ་པོ་སེའུའི་ཤིང་གི་ལྕུག་མ་ས་ལ་བརྡབས་པ་དང ། ཁྱེའུ་གཟུགས་ཅན་དེ་ས་ལ་འགྲེ་ལྡོག་ཅིག་།ཀྱེ་རིག་པ་འཛིན་པ་ཅི་ཞིག་ཚོལ་ཞེས་སྨྲའོ། །རིག་པ་འཛིན་པས་སྙིང་རྗེ་མེད་པར་བྱ་སྟེ།་བསྒྱེལ་བའི་ཚུལ་བསྒྱེལ་བ་དང ། འདི་སྐད་ཅེས་ཀྱེ་རིག་པ་འཛིན་པ་བསྒོ་བ་ཐམས་ཅད་བགྱིད་དོ་སྨྲའོ། །དེ་ནས་རིག་པ་འཛིན་པས་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པའི་དམ་ཚིག་སྲུངས་ཤིག་།སྲུང་ངོ ། །རིག་པ་འཛིན་པས་ཡང་འདི་སྐད་ཅེས་བརྗོད་དོ། །དགེ་བ་བཅུ་ཟུངས་ཤིག་།འཛིན་ཏོ། །རིག་པ་འཛིན་པས་ཡང་གསུམ་ལ་སྐྱབས་སུ་གསོལ་བཏང་ངོ ། །རྗེས་སུ་འཛིན་ཏོ། །རིག་པ་འཛིན་པ་ཕུར་བུ་དབྱུང་དུ་གསོལ། མི་དབྱུང་ངོ ། །འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པའི་དམ་ཚིག་བཟླས་པ་རྗེས་སུ་ཟུང་ཤིག་།གདོད་ཕུར་བུ་དབྱུང་ངོ་ཞེས་བྱའོ། །འོན་ཏང་ཀླུ་དེ་འཁོར་དང་བཅས་ཏེ་རྐང་པ་གཉིས་ལ་གཏུགས་སོ། །གསུམ་ལ་སྐྱབས་སུ་འགྲོ་བར་བྱ་བ་དང ། དགེ་བ་བཅུའི་ལས་
367b
ཀྱི་ལམ་རྗེས་སུ་སྦྱིན་པར་བྱའོ། །དམ་ཚིག་རྗེས་སུ་འཛིན་དུ་གཞུག་གོ་།དེ་ནས་གདོད་ཕུར་བུ་ཕྱུང་ལ་དེ་ཉིད་དུ་ཁ་ཟས་ཀྱང་བྱིན་དང ། ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །རང་གི་ཁྱིམ་དུ་འཇུག་པ་བཞིན་དུ་ཞུགས་ཤིང་ལས་སུ་བྱ་བ་རྣམས་ཅི་འདོད་པ་བཞིན་དུ་བྱ་བ་ཐམས་ཅད་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །གང་དུ་བཏང་བ་དེར་འགྲོའོ། །བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །ཀླུའི་ཁྱིམ་དེར་ཕྱིས་ཀླུ་མི་སྲུན་པ་མི་འབྱུང་ངོ ། །དུས་དུས་སུ་ཆར་གྱི་རྒྱུན་འབེབས་སོ། །དུས་དུས་སུ་ལོ་ཏོག་སྒྲུབ་བོ། །དེར་མེ་ཏོག་དང ། འབྲས་བུ་དང ། ལོ་མ་རྣམས་སྒྲུབ་བོ། །ཕྱིས་གནོད་པ་བྱེད་པར་མི་འགྱུར་རོ། །བཀླགས་པས་འགྲུབ་པའི་གཟུངས་ཆེན་པོ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ལས་ཐམས་ཅད་འགྲུབ། མཆོག་འགྲུབ་པ། བླ་ན་མེད་པའོ། །རྩ་བའི་སྔགས་ཀྱི་བྱ་བའི་ཆོ་ག་དང་བཅས་པ་རྫོགས་སོ།། །།དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། བདག་ཅག་གིས་ཀླུ་ཐམས་ཅད་ཀྱི་སྙིང་འབར་བར་བགྱིད་པ། དུས་མ་ལགས་པའི་རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་ཟློག་པ་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་ཐམས་ཅད་སྒྲུབ་པ། སའི་རྡུལ་དང ། སྙིང་པོ་དང ། བྱིན་འཕེལ་བར་བགྱིད་པ། རྡོ་རྗེའི་མཆུ་གློག་འབར་བ་ཞེས་བྱ་བའི་
368a
༄#། །གཟུངས་བརྗོད་པར་བགྱི་ན། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་སླད་དུ་བཅོམ་ལྡན་འདས། དེ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་ལྡིང་གི་བདག་པོ་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་བྱིན་གྱིས་བརླབས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་ཀྱང་བྱིན་གྱི་རླབས་ཀྱི་ནམ་མཁའ་ལྡིང་གི་བདག་པོ་ཀླུ་མི་སྲུན་པ་རྣམས་ཚར་གཅད་པའི་ཕྱིར་སྨོས་ཤིག། དེ་ནས་ནམ་མཁའ་ལྡིང་གི་བདག་པོས་རྡོ་རྗེ་མཆུ་ཞེས་བྱ་བའི་གཟུངས་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་སྟྲཻ་ལོ་ཀྱ་ཨ་དྷི་པ་ཏ་ཡེ། ན་མཿ ཙ་ཏུར་ན་མོ་མཧཱ་རཱ་ཛཱ་ནཱཾ། ཨོཾ་བཛྲ་དུནྟེ་དུནྟེ། མཧཱ་དུནྟ། དུ་ཏི་དུ་ཏི། བཛྲ་ཤི་ཁ་ར་དུནྟེ། མ་ཎི་ཀ་ན་ཀ་བི་ཙི་ཏ། ཨཱ་བ་ར་ཎ་བི་བྷཱུ་ཥི་ཏ་ཤ་རཱི་རེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། ནཱ་ག་རཱ་ཛ་བི་དྲཱ་བ་ཎི་ཧྲི་ད་ཡ། སྥོ་ཊ་ཡ་བཛྲ་དུནྟ་ན། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛྭ་ལི་ཏ་བཛྲ་དུནྟེ་ན།་ཧ་ན་ཧ་ན། ག་རུ་ཌ་བཀྵ་ནི་པ་ཏེ་ན་བྷི་སྨི་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ་ཀུ་རུ། དུཥྚན་ནཱ་གཱ་ནཱཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། བྷོ་བྷོ་པན་ན་གེནྡྲ་སྤུ་ཏ་སྤུ་ཏ་སྤུ་ཏནྟུ་དུ་ནཱ་ག་སྨ་
368b
ཤ་ནི་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་པ་རཱ་ཀྲ་མ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། བྷོ་ག་རུ་ཌ་ར་ཛ་བ་བཛྲ་དུནྟེ། སུ་བརྞ་པཀྵ་མཧཱ་བ་ལེ། མ་ཧཱ་ཀ་ན་ཀ་བི་ཙི་ཏྲི་མ་ཧཱུཾ་ད་ར། བཀྵ་ཡ་དུཥྚ་ནཱ་གཾ་བི་བ་དུ་བྷོ་བཱ་ཡུ་བ་ལ་ཀ་ནེ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཤོ་ཥ་ཡ་ཤཱ་ཏ་བ་ལ་ཧ་ག་ག་རུ་ཌ་ཨུཥྨེ་ཎ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། བྷོ་བྷོ་བཛྲ་དུནྟ་བི་ཙུ་ཧུཾ་ན། བི་ཏྱད་ཛྭ་ལ་ན།་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྷཉྫ་ཡ། སརྦ་ཤ་རི་ནི་མཱ་ཏི་ཀྲ་མ་སི་མ་ན། བྷོ་པན་ནཱ་གེནྡྲ་མཱ་ཏེ། བཛྲ་དུནྟེ་ན་མུར་ནཱཾ། པོ་ཏ་ཡཱ་མི། ཧ་ར་ཧ་ར། པྲ་ཧ་ར་ཧཱུཾ་ཕཊ། མ་ཧ་མ་ཏ། སརྦ་ནཱ་གཱ་ནཱཾ་ཧཱུཾ་ཧཱུཾ་ཕཊ། ཏ་ཐཱ་ག་ཏ་བ་ཙ་ན་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཕཊ། བཛྲ་པཱ་ཎི་ས་མ་ཡ་མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུཾ་ཕཊ། ཏྲཻ་ལོཀྱ་ཨ་དྷི་བ་ཏེ་ར་བ་ཙ་ན་མ་ནུ་པཱ་ལ་ཡ། ཧཱུཾ་ཧཱུཾ་ཕཊ། ས་ར་ས་ར། སྨ་ར་སྨ་ར། ས་མ་ཡ་མ་ནུ་པཱ་ལ། ཏྲི་རཏྣ་ས་ཏྱེ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧྲཱིཿ བཛྲ་དུནྟ་སརྦ་ནཱ་ག་བི་དྲ་བ་ན་ཀ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཏྲི་རཏྣ་མ་ནུ་པ་ལཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། པྲ་མ་དནྟ་ཧ་ད་ས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། པི་ནི་ཙཀྲ་ཧ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། མ་ཧེ་ཤཝ་ར་ཏྲི་ཤཱུ་ལ་ཧསྟཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ག་རུ་ཌ་ཏེ་ཛ་ཧསྟཱ་ཡ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ག་རུ་ཌ་བི་ཀྲ་མཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ནཱ་ག་ཀུ་ལ་ནཱ་ཤ་ནཱ་ཡ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ག་རུ་ཌ་སརྦ་ཨ་ཤཱ་ནི་བ་པ་ནཱ་ཡ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། སརྦ་པཱ་པ་བཱ་ཡུ་སཾ་བྷ་ཀྵ་ཎཱ་ཡ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། སརྦ་ཨ་ཀཱ་ལ་བཱ་ཏ་མེ་གྷ་ཨཱ་ཤཱ་ནི་བ་ར་ཎཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་
369a
༄#། །སཝཱཧཱ། མ་ཧཱ་བཛྲ་ཛྭ་ལ་སཝཱཧཱ།་སརྦ་དུཥྚན་ནཱ་ག་ག་བི་ནཱ་ཤ་ཀཱ་ཡ་སཝཱཧཱ། ག་རུ་ཌ་ཧྲྀ་ད་ཡ་སཝཱཧཱ། ག་རུ་ཌ་དུནྟ་ཡ་སཝཱཧཱ། སརྦ་ནཱ་ཤཱ་ནཱ་ཡ་སཝཱཧཱ། ཨོཾ་དུ་རུ་དུ་རུ་སཝཱཧཱ།་མུ་རུ་མུ་རུ་སཝཱཧཱ། ཏུ་རུ་ཏུ་རུ་སཝཱཧཱ། དི་རི་དི་རི། དུ་རུ་རུ་རུ་རུ་རུ་རུ་རུ་རུ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སཝཱཧཱ། ནམ་མཁའ་ལྡིང་གི་དབང་པོས་རྡོ་རྗེ་མཆུའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁས་བུབ་ཏུ་འགྱེལ་ནས་ལུས་རྡུལ་བྱུང་ཞིང་ལུས་རབ་ཏུ་འདར་ཏེ་བརྒྱལ་ནས་ས་ལ་འགྲེ་ལྡོག་གོ་།ཀྱེ་མའོ་གཟུངས་ཆེན་པོ་སྔགས་ཀྱི་ཚིག་མི་བཟད་པ་དག་སྨྲས་སོ། །ཞེས་འཛེར་ཞིང ། ཐམས་ཅད་ལུས་འདར་ཡེད་ཡེད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ། བསྐྱབ་ཏུ་གསོལ། བཅོམ་ལྡན་འདས། བདག་ཅག་སླན་ཆད་འཛམ་བུའི་གླིང་དུ་མ་རུངས་པར་མི་བགྱིད་དོ།། མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་མ་རུངས་པར་མི་བགྱིད་དོ། །བཅོམ་ལྡན་འདས། ས་ཕྱོགས་འདི་མཆོད་རྟེན་དང་འདྲ་བར་འཛིན་ཏེ། གང་ན་ཆོ་གའི་རྒྱལ་པོ་ཆེན་པོ་འདི་སྤྱོད་པ་དང ། གང་ན་གནས་པས་སྤྱོད་པ་དེར་བཅོམ་ལྡན་འདས། བདག་ཅག་གིས་རྒྱུན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་དང་འདྲ་བར་འཛིན་ཏོ། །ཡུལ་ལམ། གྲོང་ཁྱེར་རམ། ལྗོངས་སམ། རི་བྲགས་
369b
གམ།་གྲོང་ངམ། གཙུག་ལག་ཁང་དེ་རྟག་པར་རྒྱུན་དུ་བསྲུང་བ་དང ། བསྐྱང་བ་དང ། སྦ་བར་བགྱིའོ། །སད་དང ། རླུང་དང ། སེར་བ་དང ། དུས་མ་ལགས་པའི་སྤྲིན་ཐམས་ཅད་སྣུམ་པ་དང ། མངར་བ་དང ། ཡིད་དུ་འོང་བ་དང ། རོ་ཞིམ་པ་དང ། སྙི་བ་དང ། རོ་བྲོ་བའི་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་ཐམས་ཅད་བསྒྲུབ་པར་བགྱིའོ། །འཐབ་པ་དང ། སྡིག་པ་ཐམས་ཅད་བྱང་བ་དང ། ལྟས་ངན་པ་ཐམས་ཅད་བསལ་བར་བགྱིའོ། །དུས་དུས་སུ་ཆར་གྱི་རྒྱུན་དབབ་པར་བགྱིའོ། །མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་རྣམས་ཡང་དག་པར་འགྲུབ་པར་བགྱི། ཤ་སྦྲང་དང ། སྦྲད་བུ་ཆུ་རིང་དང ། བྱི་བ་དང ། སྦྲུལ་དང ། སྤལ་པ་དང ། ཏྲཻ་མ་བུ་ཀ་དང ། མ་ཀྵི་ཀ་དང ། ཏྲཻ་ལ་ཏ་དང ། ཤ་ཏ་པ་དང ། བུང་བ་དང ། ནེ་ཙོ་དང ། རི་སྐེགས་ཀྱི་འཇིགས་པ་ཐམས་ཅད་མེད་པར་བགྱི། རྣམ་པར་འཇིག་པར་བགྱི། ཡམས་ཀྱི་ནད་དང ། ནད་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བཟློག་པར་བགྱིའོ། །བཅོམ་ལྡན་འདས། སླན་ཆད་སྡིག་པའི་ལས་ཀུན་ཏུ་སྤྱོད་པའི་ཚུལ་མི་སྤྱོད་པར་བགྱི། ཆར་གནོད་པར་འབབ་པ་དང ། དུས་མ་ལགས་པའི་ཆར་ཐམས་ཅད་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས། རང་གི་མནའི་ཡི་དམ་གྱིས་གནས་པར་བགྱིའོ། །བཅོམ་ལྡན་འདས། དཀོན་མཆོག་གསུམ་གྱི་དགོངས་པ་བསླབ་པའི་སྡོམ་པ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས། སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་
370a
༄#། །མི་བགྱིད་དོ། །བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་བཀའ་ལུང་བཞིན་དུ་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱིའོ། །ཀུན་ཏུ་འཛིན་པར་བགྱིའོ། །དགེ་བ་དང ། བདེ་བ་དང ། ལོ་ལེགས་པ་ཀུན་ཏུ་བསྒྲུབ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་ལ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་རྒྱལ་པོ་དག་།དེ་ལྟར་གྱིས་ཤིག་།ཡལ་བར་མ་བཏང་ཞིག་།དེ་ནས་དེའི་འོག་ཏུ་ཆོ་ག་བྱ་བར་བརྗོད་པར་བྱ་སྟེ།་སྔགས་འདི་དཔའ་བ་གཅིག་པུ་ནི། །ལས་ཀུན་བྱེད་པ་དགེ་བ་སྟེ། །ཤེས་རབ་ཅན་གྱིས་ལན་གཅིག་དྲན། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །མཐོན་པོའི་གནས་སུ་མཁས་པ་ཡིས། །སྒྲ་སྐད་ཆེན་པོ་བརྗོད་པར་བྱ། །གནས་གང་དང་གང་དུ་སྒྲ་བསྒྲགས་པ་དེ་དང་དེར་དུས་མ་ཡིན་པའི་རླུང་དང ། སད་དང ། སྤྲིན་དང ། སེར་བ་དང ། གློག་ཐམས་ཅད་ཀྱིས་མི་ཚུགས་སོ། །སུས་ཀྱང་བྱིན་འཕྲོག་པར་མི་ནུས་སོ། །གཙེ་བར་མི་ནུས་སོ། །གནས་མཐོན་པོའི་རིའམ། དགོན་པའི་གནས་སམ། གྲོང་ངམ། གཙུག་ལག་ཁང་ངམ། གནས་ཁང་ཤིན་ཏུ་མཐོ་བ་དེར་རིག་པ་འཛིན་པ་གཙང་མར་བྱས་ཏེ་གོས་གཙང་མ་དཀར་པོ་བགོས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ་བའི་ལྕི་བ་དང་འཇི་མ་པ་བསྲེས་པས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་
370b
པ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མདའ་གང་ཙམ་པ་ཞིག་བཙུགས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླའོ། །དཀྱིལ་འཁོར་གྱི་གྲ་བཞིར་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཙུགས་ཏེ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ་ཚོན་སྣ་ལྔ་པའི་སྐུད་པས་ལན་གསུམ་མཁྲིས་པར་བསྐོར་རོ། །དཀྱིལ་འཁོར་གྱི་དབུས་སུ་པོག་ཕོར་བཞག་ལ་ལན་བདུན་བཟླས་པའི་བདུག་པས་བདུག་གོ་།ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ལ་ཡུངས་ཀར་གྱིས་གཏོར་རོ། །མེ་ཏོག་སིལ་མས་གང་བར་གཏོར་རོ། །ཕྱོགས་བཞིར་གཏོར་མའི་བུམ་པ་བཞི་གཞག་གོ། དཀྱིལ་འཁོར་གྱི་དབུས་སུ་གཏོར་མ་གཞག་པར་བྱ་སྟེ། ཞོ་དང ། འོ་མ་དང ། འབྲས་བཙོས་པ་དང ། བུ་རམ་དང ། ཤ་ཀ་རས་གདབ་བོ། །ཆུ་དང་ཡུངས་ཀར་ལ་སྔགས་ལན་ལྔ་བརྗོད་དེ་ཕྱོགས་བཞིར་མཚམས་གཅད་པར་བགྱི། ཟླ་བ་ཉ་ལ་སྦྱོར་བ་བྱའོ། །སྐད་ཆེར་བཀླགས་ལ་ཕྱོགས་བཞི་དང ། སྟེང་དང ། འོག་ཏུ་ཡུངས་ཀར་གཏོར་ཞིང་ཀླུ་ཐམས་ཅད་ཀྱི་སོ་སོའི་མིང་ནས་བརྗོད་ན། ཆོ་ག་འདི་བྱས་མ་ཐག་ཏུ་དུས་མ་ཡིན་པའི་རླུང་དང ། སྤྲིན་དང ། སེར་བ་དང ། ཀླུ་མི་སྲུན་པ་ཐམས་ཅད་བཅིངས་པར་འགྱུར། ཐུབ་པར་འགྱུར་རོ། །ལྟས་ངན་པ་དང ། ཡམས་ཀྱི་ནད་དང ། གནོད་པ་དང ། ནད་འགོ་བ་དང ། གདོན་དང ། འབྱུང་པོ་དང ། ཤ་ཟ་དང ། གནོད་སྦྱིན་དང ། སྲིན་པོ་ཐམས་ཅད་རྒྱང་རིང་དུ་སྤངས་བར་འགྱུར་རོ། །དཔག་ཚད་གཅིག་ཁོར་ཁོར་ཡུག་ཏུ་
371a
༄#། །མཚམས་བཅད་པར་འགྱུར་རོ། །ནད་ཐམས་ཅད་དང ། ན་བ་ཐམས་ཅད་དང ། གནོད་པར་སེམས་པ་དང ། རབ་ཏུ་གནོད་པར་སེམས་པ་དང ། ཕྱིར་རྒོལ་བ་དང ། ཕྱིར་གནོད་པར་བྱེད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་འགྲུབ་པར་འགྱུར། ལེགས་པར་ཡོངས་སུ་སྨིན་པ་དང ། རོ་ཞིམ་པར་འགྱུར་རོ། །ས་བོན་ལེགས་པར་བཏབ་པ་ཐམས་ཅད་ལེགས་པར་འཁྲུངས་པར་འགྱུར་རོ། །གཤེད་བྱེད་དང ། ལས་དང ། བྱད་སྟེམས་ཐམས་ཅད་རྣམ་པར་འཇིག་པར་འགྱུར། མི་ཚུགས་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་ཆེན་པོ་བཅད་པར་འགྱུར་རོ། །དེ་སྲིད་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ། །མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་ཐམས་ཅད་ལེགས་པར་ཡོངས་སུ་རྒྱས་པར་འགྲུབ་པར་འགྱུར་རོ། །གང་དང་གང་དུ་དགོས་པར་འགྱུར་བ་ཐམས་ཅད་ལན་གཅིག་དྲན་པར་བྱས་ན་འགྲུབ་པར་འགྱུར། སྤྲ་ཚིལ་ལས་ནམ་མཁའ་ལྡིང་གི་གཟུགས་སོར་བརྒྱད་པ་སྐྱིལ་མོ་ཀྲུང་བཅས་པ། འདབ་མ་བརྐྱང་བ། ཀླུ་རྒྱལ་གདན་དུ་བཏིང་བ།་མགོ་དགུ་པ་མགོ་རྒྱན་དུ་ཐོགས་པ། ཀླུ་མགོ་གསུམ་པ་ལག་པ་གཡས་ན་ཐོགས་པ། ནོར་བུ་རིན་པོ་ཆེ་འབར་བ་ལག་པ་གཡོན་ན་ཐོགས་པ། གསེར་གྱིས་གཡོགས་པར་
371b
བྱས་ཏ་ཆོ་ག་བཞིན་དུ་ཚོན་གྱིས་རི་མོ་བྲིས་ལ། སྟན་སྣ་ཚོགས་ཀྱི་སྟེང་དུ་བཞག་ལ་ཉིན་ཞག་གཅིག་ལ་སྔགས་སྟོང་བརྗོད་དོ། །ནམ་ལུས་ཀྱིས་མི་ཐུབ་པའི་ཚེ་ཁ་ཟས་དཀར་པོ་བཟའ་བར་བྱ་སྟེ།་ཡང་ཁྲུས་བྱས་ལ་བསྒྲུབ་པར་བྱའོ། །གུ་གུལ་གྱིས་བདུག་གོ་།མེ་ཏོག་དང ། བདུག་པ་དང ། གཏོར་མ་ཅི་འབྱོར་པ་སྦྱར་རོ། །མར་མེ་བཏང་ལ་དེའི་མདུན་དུ་ཉལ་ན་སྟོན་པར་འགྱུར་ཞིང ། ལས་ཐམས་ཅད་བརྗོད་པར་འགྱུར་རོ། །མཆོག་ཐམས་ཅད་སྦྱིན་པར་འགྱུར། ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཅི་བསྒོ་བ་བྱེད་པར་འགྱུར་རོ། །ལང་ལོང་མེད་པའི་གནས་སུ་བཞག་ལ། ནམ་ཐན་པ་བྱུང་བའི་ཚེ་རིག་པ་འཛིན་པས་བླངས་ཏེ་ཀླུའི་གནས་སུ་བཀུར་བར་བྱ། ཀླུའི་གནས་མཚོར་བཞག་ལ་མེ་ཏོག་དང་བདུག་པ་བྱིན་ལ་ཡུངས་ཀར་ལ་སྔགས་ལན་གསུམ་བཟླས་ཏེ་གནས་སུ་གཏོར་ན། འཕྲལ་དུ་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ། །གལ་ཏེ་འཕྲལ་དུ་ཆར་གྱི་རྒྱུན་མི་འབེབས་ན། དེའི་ཕྱིར་ཀླུའི་གནས་ཀུན་ཏུ་ནམ་མཁའ་ལྡིང་གིས་གང་བར་མཐོང་བར་འགྱུར། གནས་མེ་ལྕེ་གཅིག་ཏུ་འབར་བར་འགྱུར། བྱེ་ཚན་མགོ་ལ་འབབ་བར་འགྱུར། ཆུ་བསྐམས་པར་འགྱུར་རོ། །ཐན་པ་བྱུང་བའི་ཚེ་སྤྲིན་ལ་བསྟན་ན། ཆར་འབེབས་པར་འགྱུར་རོ། །རླུང་དང ། སྤྲིན་དང ། སེར་བ་དང ། སད་དང ། ཆར་སྤྲིན་ལ་བསྟན་ན། སྐད་ཅིག་ཏུ་མེད་པར་འགྱུར་རོ། །དཔག་ཚད་བདུན་གྱི་ནང་དུ་ཕྱོགས་བཞི་ཀུན་ཏུ་སེར་བ་མི་
372a
༄#། །འབབ་ཅིང ། སད་དང ། དུས་མ་ཡིན་པའི་རླུང་གིས་མི་ཚུགས་པར་འགྱུར་ཏེ། ཐམས་ཅད་ཐུབ་པར་འགྱུར། རླུང་འཁྲུགས་པའི་ཚེ་ལམ་གྱི་བཞི་མདོར་གཞག་གོ། ཡང་ན་གྲོང་ཁྱེར་གྱི་སྒོར་རོ། །ཡང་ན་རྒྱལ་པོའི་སྒོར་གཞག་གོ་།དེས་རླུང་ཐམས་ཅད་ཆོད་པར་འགྱུར་རོ། །རླུང་ཆེན་པོ་རྣམ་པར་འཐོར་རླུང་ཡང་ཆོད་པར་འགྱུར་རོ། །ཕྱིས་ལྡང་མི་ནུས་སོ། །བསྟན་མ་ཐག་ཏུ་ཀླུ་ཐམས་ཅད་འབྲོས་པར་འགྱུར་རོ། །རྡོ་རྗེ་མཆུའི་གཟུངས་ལས་ཐམས་ཅད་བྱེད་པ། ནམ་མཁའ་ལྡིང་བཀླགས་པས་གྲུབ་པ་མཆོག་ཏུ་འགྲུབ་བོ། །དེ་ནས་ཚངས་པ་དང ། དབང་ཕྱུག་ཆེན་པོ་དང ། རྒྱལ་པོ་ཆེན་པོ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཐམས་ཅད་ཚོགས་པས་ཀྱང་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བགྱི་པའི་གཟུངས་བརྗོད་པར་བྱ་སྟེ། ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པ། སྙིང་འགེམས་པ། ཀླུ་མི་སྲུན་པའི་རིགས་ཕུང་བར་བགྱིད་པ། རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་སེལ་བ། ལོ་ཏོག་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་སྒྲུབ་པ་འབུལ་ན། སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་
372b
པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། རྒྱལ་པོ་ཆེན་པོ་བཞི་དག་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་།སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་ངས་བྱིན་གྱི་རླབས་ཀྱི་རྗོད་ཅིག་།དེ་ནས་ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གཟུངས་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷྱ་ཡ། ན་མ་ཤྩཎྜ་བཛྲ་དྷ་རཱ་ཡ། མཧཱ་བ་ལ་བ་རཱ་ཀྲ་མཱ་ཡ། ན་མ་སྟེ་ལོཀྱ་མུརྟ་ཡེ། ན་མ་ཤྩ་ཏུར་ཎཾ། ན་མོ་བཛྲ་ཤ་ནི་ཛྭ་ལ་ཏི་རཽ་ཏྲཱ་ཊྚ་ཧ་སཱ་ཡ། ཛ་ཡ་མཧཱ་བ་ལ་བཱིརྱ་པ་ར་ཀྲོ་དྷ་ར་བྲཧྨ་ཛ་བྲཧྨ་ས་ར། བྷོ་བྷོ་ནཱ་ག་ཨ་དྷི་པ་ཏི་བི་ས་ར་ཏ་བི་ས་ར་ཏ། མ་རོ་བྲཧྨ་དཱནྟེ་ནཱ་མ་མཱུརྟཱ་ནཱཾ། པྲ་ཏ་ཡ་ཧཱུཾ་ཧཱུཾ་ཕཊ། བྷ་ར་བྷ་ར། བིཀྵུ་ཙཀྲ་ཧསྟ་ན་བོ་ཤྨ་ནཱ་གེན་དུ་མ་ཏི་བིཥྚ་ཙ་ཀྲེ་ཤི་ཙྪེ་ནྡཱི་མི། ཏུ་ཏི་ཏུ་ཏི། ལི་ལི་ལི་ལི་ཧཱུཾ་ཧཱུཾ་ཕཊ། མུ་ཧུ་མུ་ཧུ་མུ་ཧྱནྟུ་སརྦ་དུཥྚ་ནཱ་གཱ་ནཱཾ། སྥོ་ཊ་ཡཧྲྀ་ད་ཡཾ་མ་ཧེ་ཤཝ་ར་ཛྭ་ལ་ཏི་ཏྲི་ཤཱུ་ལ་དྷ་ར། ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། མུ་ཙི་མུ་ཙི། ཏུ་ཏི་ཏུ་ཏི། བྷ་བ་བྷ་བ། ཀྵི་ཎི་ཀྵི་ནི་ཀྵི་ནི། ཙ་ཏུརྞཱཾ་མ་རི་ཙི་ནཱཾ། ཛྭ་ལི་ཏ་ཤ་ཀྟི། དྷ་ར་དྷ་ར། ཧཱུཾ་ཧཱུཾ་ཕཊ། སྤུ་ར་སྤུ་ར། བི་སྤུར་ཇི་སྤུ་ར། ཙ་ར་ཙ་ར། ནཱ་ཤ་ཡ། དུཥྚན་ནཱ་ག་ཧྲི་ད་ཡཾ། སྥོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། སཾ་ཧ་ར་སཾ་ཧ་ར། དུཥྚ་ནེ་ཡ་ཤ་ན། བ་ཏི་ནཱ་གན་ཤཱི་ཏ་བ་དྱུད་ཛྭ་ལ་བྷསྨཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། ས་མ་ཡ་མ་ནུ་
373a
༄#། །སྨ་ར་བྷོ་ནཱ་ག་ཨ་དྷི་པ་ཏེ་བཛྲ་བ་ཡ་བྷོ་བྷོ་ཏུ་ཏི་ཏུ་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། བཛྲ་ཨཱ་ཤ་ན་ནི་ནཱ་ཤ་ཡེ་ཧཱུཾ་ཕཊ་སཝཱཧཱ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། བི་སྥོ་ཊ་ཡ་ཧཱུཾ་ཕཊ་སཝཱཧཱ། བུདྡྷ་བི་ལོ་ཀ་ཏཱི་ཡ་སཝཱཧཱ། བྲཧྨཱ་ཡ་སཝཱཧཱ། བིཥྞུ་མུརྟི་སཝཱཧཱ། མ་ཧེ་ཤཝ་ར་ཛྭ་ལི་ཏ་ཏྲི་ཤཱུ་ལཱ་ཡ་སཝཱཧཱ། ཙ་ཏུར་མ་ཧཱ་རཱ་ཛ་ས་མ་ཡ་དྷ་རཱ་ཡ་སཝཱཧཱ། བྷུ་ཛ་གཱ་ཡེ་སཝཱཧཱ། ནཱ་ག་ཨ་དྷི་པ་ཏ་ཡེ་སཝཱཧཱ། ཨོཾ་དྷི་རི་དྷི་རི་སཝཱཧཱ། ཛྭ་ལི་ཏ་ཝཱ་ཀ་ཏྲཱ་ཡ་སཝཱཧཱ། རོ་མ་ཧཱ་ར་ནཱ་ཤ་ཡ་སཝཱཧཱ། ཛུ་ཏི་ཛུ་ཏི་ཛུ་ཏི་སཝཱཧཱ། ཕཊ་ཕཊ་ཕཊ་ཕཊ་ཕཊ་སཝཱཧཱ། དེ་ནས་རྡོ་རྗེ་འབར་བའི་ལྕེ་འབབ་པའི་མཆུ་ཞེས་བྱ་བའི་གཟུངས་འདི་བརྗོད་མ་ཐག་ཏུ་ཀླུ་མི་སྲུན་པ་ཐམས་ཅད་ལུས་རུལ་ཏེ་དྲི་མི་ཞིམ་པར་གྱུར་ཏོ། །ལུས་ཤིག་ཤིག་པོར་གྱུར་ཅིང་ཤ་བཀྲས་བཏབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསྐྱབ་ཏུ་གསོལ། བཅོམ་ལྡན་འདས། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པར་གྱུར་ཏོ། །བཅོམ་ལྡན་འདས། བདག་ཅག་ནི། བརླག་གོ་།བཅོམ་ལྡན་འདས། སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད་དོ། །གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས།་རྡོ་རྗེ་འབར་བའི་ལྕ་འབབ་པའི་མཆུའི་གཟུངས་འདི་བརྗོད་པ་དེར་བཅོམ་ལྡན་འདས། ཀླུ་ཐམས་ཅད་གནོད་པར་སེམས་ཤིང་མི་མཆི་སྟེ། ཐ་ན་ལྟ་བར་ཡང་མི་བགྱིད་
373b
ན།་འཇུག་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་དེའི་ཆོག་བརྗོད་དེ། གཟུངས་འདི་དྲན་པ་ཙམ་གྱིས་ཀླུ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་འབྲུལ་ལོ། །ལུས་དྲི་མི་ཞིམ་པར་འགྱུར་རོ། །ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་ན། ཀླུ་ཐམས་ཅད་བཅིངས་པར་འགྱུར་རོ། །དཔག་ཚད་བདུན་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར་རོ། །རྡོ་རྗེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ་ཀླུ་བཟློག་པར་བྱའོ། །ལན་གཅིག་བརྗོད་ན། རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་ཟློག་གོ། ཐམས་ཅད་མེད་པར་འགྱུར་རོ། །དྲན་པ་ཙམ་གྱིས་སེར་བ་ཐམས་ཅད་སྐད་ཅིག་ཏུ་མེད་པར་འགྱུར་རོ། །གལ་ཏེ་འབབ་ན་ཡང་ཡུད་ཙམ་གྱིས་ཆུར་འགྱུར་རོ། །སེར་བ་འབབ་པའི་དུས་ན་རྡོ་རྗེ་བསྐོར་ན། ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འདྲིམ་པར་འགྱུར་ཏེ། ཕྱོགས་དེར་སེར་བ་མི་འབབ་པར་འགྱུར་རོ། །ནང་པར་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ཏུ་ཞུགས་ལ་སྐྱིལ་མོ་ཀྲུང་གི་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་ལན་སུམ་ཅུ་རྩ་གཉིས་བརྗོད་དེ། བརྗོད་མ་ཐག་ཏུ་རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་མེད་པར་འགྱུར་རོ། །རླུང་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཡུངས་ཀར་ཕྱོགས་བཞིར་གཏོར་ན། ལོ་གཅིག་ཁྱུད་ཀོར་དུ་མཚམས་བཅད་པར་འགྱུར་རོ། །རླུང་དང ། སྤྲིན་དང ། སེར་བ་ཐམས་ཅད་བཅིངས་པར་འགྱུར་རོ། །ཀླུ།
374a
༄#། །ཐམས་ཅད་དབང་དུ་འགྱུར་རོ། །བུ་དང་ཚ་བོ་འཁོར་དང་བཅས་པ་རྒྱུན་དུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་འགྱུར་རོ། །ལས་ཐམས་ཅད་བྱེད་པར་འགྱུར་རོ། །དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སེར་བ་འབབ་པའི་དུས་ན་དཀྲོལ་ན། ཀླུ་མི་སྲུན་པ་ཐམས་ཅད་ཀྱི་ཀླད་པ་འགས་པར་འགྱུར་རོ། །ནམ་མཁའ་ལས་ས་ལ་ལྷུང་བར་འགྱུར་ཏེ།་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གཟུངས་འདི་ནི། ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་དང ། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཚངས་པ་ཆེན་པོ། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་དང ། ཀླུ་མི་སྲུན་པ་དང ། སྙིང་རྗེ་མེད་པ་འཚེ་བ་རྣམས་གདུལ་བ་དང ། ཚར་གཅད་པ་དང ། ཆད་པས་གཅད་པའི་ཕྱིར་ཁྱོད་ཀྱིས་རིག་པ་ཆེན་པོའི་གཟུངས་སྔགས་ཀྱི་ཚིག་འདི་བརྗོད་ནས་འཛམ་བུའི་གླིང་དུ་བཞག་པ་ལེགས་སོ་ལེགས་སོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་ཆེན་པོ་གདུགས་ཀྱི་རྣམ་པས་ཀུན་ནས་བསྐོར་བ་དང ། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་གཟི་བརྗིད་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དང ། གཞན་ཡང་ཀླུ་མི་སྲུན་པ་བྱེ་བ་ཕྲག་དུ་མ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
374b
བཅོམ་ལྡན་འདས། བདག་ཅག་འཁོར་དང་བཅས་པས་སླད་མའི་དུས་ན་འཛམ་བུའི་གླིང་ཐམས་ཅད་ཀྱི་མེ་ཏོག་དང ། འབྲས་བུ་དང ། ལོ་ཏོག་དང ། ལོ་མ་དང ། ཡལ་ག་རྣམས་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱང་བར་བགྱིད་དོ། །རླུང་དང ། སྤྲིན་དང ། སེར་བ་དང ། སད་དང ། ཚད་པ་ཐམས་ཅད་བཟློག་པར་བགྱིད་དོ། །དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འཚལ་ལོ། །རང་གི་མནའི་ཡི་དམ་གྱིས་དེ་བཞིན་གཤེགས་པའི་དམ་ཚིག་བསྐྱང་བར་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་ཤིང་བསམ་པར་གྲུབ་པར་འཚལ་ལོ། །མི་འཚེ་བར་འཚལ་ལོ། །བཅོམ་ལྡན་འདས། གལ་ཏེ་ཆོ་གའི་རྒྱལ་པོ་འདི་ལས་གོང་དུ་སྔགས་དང ། གཟུངས་ཇི་སྐད་བཤད་པའི་ཡོན་ཏན་གྱི་ཁྱད་པར་རྣམས་དང་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མ་གྱུར་ཅིག་།འདི་ནི། བྲོ་བོར་བ་སྟེ། ཏདྱ་ཐཱ། བ་ཀི་ཙ་ཏི། ཤུ་ལི་ཤུ་མུ་ལི། ཤ་ཤ་ཤུ་ཤུ། ཏི་ཏི་པི་རི་ཏི། ཧུ་ཡུ་ཧུ་ཡུ། ཧུ་རི་ཏི་སཝཱཧཱ། བཅོམ་ལྡན་འདས། འདི་ནི། ཀླུའི་མནའ་ལགས་ཏེ། སླད་མའི་ཚེ་སླད་མའི་དུས་ན་ཀླུ་མི་སྲུན་པ་རྣམས་འཇིག་པར་བགྱིད་དོ། །ཐན་པ་དང ། ཐན་པ་ཆེ་བ་དང ། དུས་མ་ལགས་པའི་ཆར་དང ། རླུང་དང ། སྤྲིན་དང ། སེར་བ་དང ། སད་དང ། དུས་མ་ལགས་པའི་རླུང་དང ། གློག་བྱུང་ན། རིའམ་ཁང་པ་མཐོན་པོའི་སྟེང་དུ་རིག་པ་འཛིན་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ་
375a
༄#། །མནའ་འདི་དག་གིས་བསྟོད་དེ་ལན་བདུན་བརྗོད་ལ། ཆུ་དང་ཡུངས་ཀར་བསྲེས་པས་ཕྱོགས་བཞིར་གཏོར་བར་བྱའོ། །གཏོར་ཅིང་དྲན་མ་ཐག་ཏུ་ཀླུ་ཐམས་ཅད་ཀྱི་ལུས་རྣམས་དུམ་བུ་བརྒྱར་འཆད་པར་འགྱུར་རོ། །གྱེས་པར་འགྱུར་རོ། །འགག་པར་འགྱུར་ཏེ། དེའི་སླད་དུ་ཆར་གྱི་རྒྱུན་འབེབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཀླུའི་རྒྱལ་པོ། ཁྱེད་ཀྱིས་དེ་ལྟར་བྱོས་ཤིག་།རྡོ་རྗེ་མཆུའི་ཆོ་ག་རྫོགས་སོ།། །།