rKTs


H710

(e-text produced by ACIP)

see text in transliteration
16b
རྒྱ་གར་སྐད་དུ། ཨཱརྱ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཐཱ་ལ་དྡྷ་ཀལྤ་ནཱ་མ། བོད་སྐད་དུ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལངྐའི་གླིང་དང་ཉེ་བར་གྱུར་པ་རྒྱ་མཚོ་ཆེན་པོའི་འགྲམ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་གྱུར་པའི་རྣམ་པར་འཇིགས་པ་དང ། ཟླ་བའི་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པའི་འཁོར་གྱིས་བསྐོར་ནས་མངོན་དུ་བྱས་སོ། །དེ་ནས་དེར་བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་ནས་སླར་བབས་ཏེ་དཔག་བསམ་གྱི་ཤིང་བི་ཙུ་ཝརྡྷའི་རྩ་བར་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རབ་ཏུ་དགའ་བ་དང ། ལྷ་མ་ཡིན་གྱི་དབང་པོ་དང ། ཀླུའི་རྒྱལ་པོ་མི་ཞུམ་པ་དང ། གྲུལ་བུམ་གྱི་རྒྱལ་པོ་མངོན་ཤེས་ལྔ་པ་དང །
17a
༄#། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང ། སྲིན་པོའི་རྒྱལ་པོ་ཀི་ལི་ཀི་ལ་དང ། ནམ་མཁའ་ལྡིང་གི་རྒྱལ་པོ་གཤོག་པ་ཅན་དང ། མིའམ་ཅིའི་རྒྱལ་པོ་ལྗོན་པ་དང ། ཟུར་ཕུད་ལྔ་པ་དང ། སྲུལ་པོ་དང ། ལྷའི་བུ་སྤྲིན་གྱི་ཤུགས་ཅན་དང ། ཟླ་བ་དང ། ཟླ་བ་ལ་མངོན་པར་གུས་པ་དང ། ལྷའི་བུ་རྒྱལ་བས་བྱིན་རྣམས་ནུབ་མོ་འདས་ནས་ཐོ་རངས་གསལ་བའི་དུས་སུ་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བསྐོར་བ་ལན་བདུན་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་འོད་ཀྱི་ཁ་དོག་ཤིན་ཏུ་གསལ་ཞིང་རྒྱ་ཆེ་བ་དཔག་བསམ་གྱི་ཤིང་རྩ་བ་ཐམས་ཅད་གསལ་ཞིང་རྒྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ངོ་མཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་བཟོད་པ་དང ། ཇི་ལྟར་རྟོགས་པ་ལ་ཁྱེད་རྣམས་བར་ཆད་དང ། གདོན་མེད་པར་མ་གྱུར་ཏམ། འདི་སྐད་དུ་གསུངས་པས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རང་གི་སྟན་ལས་ལངས་ཏེ་བླ་གོས་
17b
ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཙུན་པ་བཅོམ་ལྡན་འདས། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་བཟོད་པ་དང ། ཇི་ལྟར་རྟོགས་པར་བྱེད་པ་ལ་མངོན་པར་དགའ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ཇི་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཁྱེད་རྣམས་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་མངོན་པར་དགའ་བར་བྱེད་པ་དེ་ལྟར་རིགས་ཀྱི་བུ་ཆོས་འདི་རྣམས་འདོད་པ་དང ། དད་པས་མངོན་པར་དགའ་བ་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པར་དེ་ནི་ཚངས་བར་སྤྱོད་པ་ལ་གནས་པའོ། །དེ་ནས་གནོད་སྦྱིན་གྱི་བདག་པོ་གནོད་གནས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པ་འདི་ལ་ང་ཡིས་བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བཀྲ་ཤིས་པ་དང ། འཇིག་རྟེན་པ་ལ་རྗེས་སུ་བརྩེ་བས་སྐྱེ་བོ་མང་པོ་ལ་ཕན་པ་དང ། བདེ་བའི་ཕྱིར། བཅོམ་ལྡན་འདས། བདག་གི་
18a
༄#། །སྙིང་པོ་འདི་ཡོངས་སུ་གཟུང་ཞིང ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདི་བདག་གིས་རྟོགས་པ་འདི་ལོག་པར་དང་སེལ་དང ། གསེར་ཐུབ་དང ། འོད་སྲུང་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ལ་སྙིང་པོ་འདི་ཡོངས་སུ་དབུལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཀྱང་སྙིང་པོ་འདི་ཡོངས་སུ་བཟུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སྦྱིན་གྱི་སྡེ་དཔོན་ཁྱོད་ཀྱིས་གང་དུས་ལ་བབ་ཅིང་མནོ་བ་དེ་སྨྲོས་ཤིག་།དེ་ནས་གནོད་སྦྱིན་གྱི་བདག་པོ་གནོད་གནས་ཀྱིས་འདི་སྐད་ཅེས་སྨྲས་པ། འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། མཆོད་སྦྱིན་ནང་ན་སྦྱིན་སྲེག་གཙོ། །རིག་བྱེད་རྣམས་ན་དབྱངས་ཅན་གཙོ། །མི་རྣམས་ན་ནི་རྒྱལ་པོ་གཙོ། །ཆུ་རྣམས་ན་ནི་རྒྱ་མཚོ་གཙོ། །རྒྱུ་སྐར་རྣམས་ན་ཟླ་བ་གཙོ། །དྲོད་རྣམས་ན་ནི་ཉི་མ་གཙོ། །སྟེང་དང་ལོགས་དང་ཐད་ཀ་ན། །ཇི་སྙེད་འགྲོ་བ་གནས་པ་དང ། །གང་ཞིག་བསོད་ནམས་འདོད་པ་ཡིས། །ཚོགས་རྣམས་ན་ནི་འཕགས་པ་གཙོ། །ལྷ་དང་བཅས་པའི་འཇིག་རྟེན་ན། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དེ་ནས་ཡང་གནོད་སྦྱིན་གྱི་བདག་པོ་གནོད་གནས་
18b
ཀྱིས་བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བ་ཐོབ་ནས་རང་གི་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སཝཱཧཱ། དེ་ནས་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པ་ཙམ་གྱིས་དེ་མ་ཐག་ཏུ་སྟོང་གྱི་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ཇི་སྲིད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱིས་མགྲིན་གཅིག་གིས་འདི་སྐད་ཅེས་བྱ་བའི་ཚིག་བརྗོད་དོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་སྔར་མ་བྱུང་བའི་ངོ་མཚར་རྨད་དུ་ངེས་པར་གྱུར་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་ཕན་ཡོན་ཆེན་པོ་ངོ་མཚར་བ། སྡུག་བསྔལ་བ་རྣམས་དང ། སྐྱབས་མེད་པ་རྣམས་དང ། ཡོངས་སུ་སྐྱོབ་པ་མེད་པ་རྣམས་དང ། གནས་མེད་པ་རྣམས་ཀྱི་སྐྱབས་དང ། གནས་དང ། སྐྱོབ་པ་དང ། ཡོངས་སུ་སྐྱོབ་པ་དེ། བཅོམ་ལྡན་འདས། བཤད་དུ་གསོལ། སེམས་ཅན་རྣམས་ཀྱི་དོན་དང ། ལྷ་དང ། མི་རྣམས་ཀྱི་དོན་དུ་ལྷ་དང་མི་རྣམས་ཀྱི་ཕན་པ་དང ། བདེ་བའི་ཕྱིར་སྙིང་པོ་འདི་རྟོག་པ་དང ། དཀྱིལ་འཁོར་དང ། གསང་ཆེན་དང ། སེམས་ཅན་གང་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་བདེ་བ་ཉིད་ཀྱིས་བླ་ན་མེད་
19a
༄#། །པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཐོབ་པའོ། །དེ་ནས་ཡང་འཁོར་གནོད་སྦྱིན་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་ལ་སོགས་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྣམས་འཁོར་དེ་རྣམས་དང་བཅས་པ་ལ་བཀའ་སྩལ་པ། ཆོས་ཀྱི་རྣམ་གྲངས་འདི། རིགས་ཀྱི་བུ། ཁྱེད་རྣམས་ཉོན་ཅིག་།གནོད་སྦྱིན་ཆེན་པོའི་སྙིང་པོ་འདི་དཀྱིལ་འཁོར་དང ། ཕྱག་རྒྱ་དང ། སྔགས་དང ། གསང་ཆེན་ཤིན་ཏུ་ངོ་མཚར་བ་དང ། ཤིན་ཏུ་རྨད་དུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། མི་དང ། མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱས་ཤིང་མངོན་པར་བསྟོད་པ། སེམས་ཅན་རྣམས་ལ་ཀུན་ཏུ་ཕན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང །
19b
བུམ་པ་བཟང་པོ་དང ། དཔག་བསམ་གྱི་ཤིང་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དེའི་ཕྱིར་ང་ཡིས་རྗེས་སུ་གནང་ཞིང་བྱིན་གྱིས་བརླབས་པ་འདི་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་རྣ་བའི་ཁུང་དུ་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང ། དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང ། འདྲི་བ་དང ། འཛིན་པ་དང ། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །འོན་ཀྱང་སེམས་ཅན་གང་སྙིང་པོ་འདི་འཛིན་པ་དང ། རྗེས་སུ་གཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང ། ཡིད་མི་བདེ་བ་དང ། ལུས་ཀྱི་ཟུག་རྡུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང ། ཀླུ་དང ། གནོད་སྦྱིན་རྣམས་འདུས་པས་སྔགས་འདི་འཛིན་པའི་ཡོན་ཏན་དང ། ཕན་ཡོན་རྟོགས་པར་མི་ནུས་སོ། །འོན་ཀྱང་ང་ནི་དེ་བཞིན་གཤེགས་པ་གཅིག་པུ་དང ། གཞན་
20a
༄#། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དང ། ཕན་ཡོན་རྒྱས་པར་མཐར་ཐུག་པ་བརྗོད་པར་མི་ནུས་སོ། །གཞན་ལ་གཏམ་ཙམ་ཡང་མི་གྲག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་རྣམས་དང ། དེ་ལས་གཞན་པའི་རྒྱ་ཆེ་བའི་ལྷས་འདིའི་ཡོན་ཏན་སྟོན་པ་དང ། ཤེས་པ་ཙམ་ཡང་མི་ནུས་སོ། །མདོར་ན། ཇི་ལྟར་དེ་བཞིན་གཤེགས་པ་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་སོ། །འདི་དང་འདྲ་བའི་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྙིང་པོའི་མཆོག་གོ་།གདུག་པ་རྣམས་ལ་གནོད་གནས་ཀྱིས། །ཕོངས་པ་རྣམས་ནི་གསོ་བར་བྱེད། །སེམས་ཅན་རྣམས་ནི་གནས་ཡིན་ཞིང ། །འགྲོ་བ་རྣམས་ནི་ཡང་དག་སྲུང ། །དབང་པོ་ཀུན་ཤེས་གོ་འཕང་ལྡན། །གནོད་གནས་རྒྱལ་བར་བརྗོད་པའོ། །མདོར་ན་འདི་ལས་གཞན་པ་ཡི། །དེ་བཞིན་གཤེགས་པ་ཐ་དད་པའི། །དེ་བཞིན་གཤེགས་པ་གཞན་ན་མེད། །འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་
20b
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང ། ས་ཐོབ་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གནས་པའི་འཁོར་རྣམས་ལ་གཟིགས་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་གནས་ཀྱི་དབང་པོ། ཁྱོད་ཀྱི་རྟོག་པ་དང ། དཀྱིལ་འཁོར་དང ། ཕྱག་རྒྱ་དང ། སྔགས་དང ། གསང་ཆེན་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟན་པ་ཡོད་དེ། རྣམ་པར་གཟིགས་དང ། གཙུག་ཏོར་ཅན་དང ། ཐམས་ཅད་སྐྱོབ་དང ། འཁོར་བ་འཇིག་དང ། གསེར་ཐུབ་དང ། འོད་སྲུང་དང ། ད་ལྟར་ཤཱཀྱ་ཐུབ་པ་ངས་བཤད་དོ། །དེ་ནི་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུངས་ཤིག་།ད་ལྟར་ང་ཡིས་བཤད་ཀྱིས་ལྷ་དང ། མིའི་ཕན་པ་དང ། བདེ་བས་དགེ་བའི་རྩ་བ་འཕེལ་བའི་དོན་དུ་ང་ཡིས་ཡང་དག་པར་ཤེས་སོ། །གང་གིས་ཀོ་ཤའི་གྲོང་ཁྱེར་དུ་ཤིང་ཁུར་ནས་འཚོང་པ་དེའི་ཚེ་དེར་ང་ལ་དགོན་པ་ན་སྡོད་པའི་དགེ་སློང་ཞིག་བུད་ཤིང་གི་དོན་དུ་ང་ལ་ཤིང་སློང་དུ་འོངས་ཏེ།་དེར་ངས་དགོན་པར་ཤིང་ཁྱེར་ནས་དགེ་སློང་གི་གན་དུ་ཕྱིན་ཏེ་མེ་སྦར་ནས་དགེ་སློང་གི་ནད་སོས་པར་བྱས་ཏེ་ཉི་མ་གཅིག་གི་བསོད་སྙོམས་ཀྱང་དྲངས་སོ། །དེ་
21a
༄#། །ནས་དགེ་སློང་དེ་སེམས་ཡོངས་སུ་མགུ་ནས་དེས་ང་ལ་གསུམ་ལ་སྐྱབས་སུ་འགྲོ་བ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀྱིལ་འཁོར་དང ། ཕྱག་རྒྱ་དང ། སྔགས་དང ། གསང་བའི་རྟོག་པ་ང་ལ་བྱིན་ནོ། །ངས་ཀྱང་ཡང་དག་པར་བསྒོམས་ནས་ཡོད་དོ། །དེའི་ཚེ་སྔགས་ཀྱི་རྒྱལ་པོ་ང་ལ་བྱིན་ནས་དེ་ལྟར་དེ་ཉིད་བསྒོམས་པས་ཚེ་དེ་ཉིད་ལ་ཇི་ལྟར་འཕགས་པ་གནོད་གནས་ཀྱི་དབང་པོ་མཐོང་བའི་ལམ་དུ་གྱུར་ཏོ། །དེ་ནས་དེ་ང་ལ་ཡོངས་སུ་མགུ་ནས་ཕྱག་རབ་ཏུ་གྲོལ་བ་ཞེས་བྱ་བར་མིང་བཏགས་སོ། །དེར་ཡང་ང་རྒྱལ་པོར་དབང་བསྐུར་བས་གྲོང་ཁྱེར་གྱི་མི་རྣམས་ཆོས་དང་ལྡན་པར་བྱས་ནས་དེ་ལ་ང་རྒྱལ་པོར་རབ་ཏུ་གནས་པས་ངས་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངེས་པར་སྦྱར་རོ། །ཇི་ལྟར་དོན་དུ་གཉེར་བ་རྣམས་ལ་སྐལ་བ་དང་ལྡན་པ་རྣམས་ལ་དུས་མེད་པར་ཐམས་ཅད་ལ་ཉེ་བར་ཕན་པ་རང་རང་གི་ཁྱིམ་དུ་རྫོགས་པར་བྱས་སོ། །དེ་ལ་སོགས་པ་ངས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་བཞིན་པས་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་ཞུགས་སོ། །རིམ་གྱིས་ངས་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་སོ། །དབུལ་བ་ཐམས་ཅད་ཉམས་པར་བྱེད་
21b
པ་དང ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉེ་བར་གཅོད་པ་ངས་ཡང་དག་པར་མངོན་པར་ཤེས་སོ། །གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་རྟོགས་པ་དེ་རྣམས་ཀྱིས་ཀྱང་སྔོན་དུ་སྔགས་ཀྱི་རྒྱལ་པོ་འདི་བསྒྲུབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །དེའི་ཕྱིར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ། །ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་བསྐྱེད་པ། འདོད་དོན་ཐམས་ཅད་སྒྲུབ་པའི་ཐབས། །གང་ཞིག་མཐོང་བ་ཙམ་གྱིས་ཀྱང ། །དེ་ནི་སྐྱེ་བ་གཅིག་ནས་གཅིག་།སྔོན་དུ་བསགས་པའི་ལས་རྣམས་ཀྱང ། །སྡིག་པ་ཀུན་ལས་རྣམ་པར་གྲོལ།། དེ་བཞིན་སྐྱེ་བ་འདི་ལ་རྨོངས། །ཤིན་ཏུ་སྡིག་པ་མི་བཟང་བྱས། །གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། །གང་གིས་མཐོང་བ་ཙམ་གྱིས་ཀྱང ། །བྱང་ཆུབ་སེམས་དཔའ་ཐོབ་པ་དང ། །སངས་རྒྱས་དང་ནི་ཡང་དག་ཕྲད། །ཕྱིར་མི་ལྡོག་པའི་ས་ཡང་ནི། །ཡུན་མི་རིང་བར་རབ་འཐོབ་བོ། །མཐོང་བ་ཙམ་གྱིས་ཡོན་ཏན་ནི། །ང་ཡིས་བཤད་ཀྱིས་ཁྱོད་རང་ཉོན། །དབུལ་བ་དང་ནི་ཡིད་མི་བདེ། །སེམས་ནི་ནད་ཀྱིས་གཟིར་བ་དང ། །གདོན་དང་བྱད་ཀྱང་སྒྱུར་བ་ཡིས། །དེ་ཡིས་འཇིགས་པར་མི་འགྱུར་
22a
༄#། །རོ། །ལྷ་དང་ཀླུ་དང་དྲི་ཟ་དང ། །ལྷ་མ་ཡིན་དང་ནམ་མཁའ་ལྡིང ། །དེ་ལས་གཞན་ཡང་ཡིད་མི་བདེ། །རྟག་པ་ཉིད་དུ་སྲུང་བའོ།། གནོད་སྦྱིན་དེ་ཉིད་མཐོང་ཙམ་གྱིས། །དཀྱིལ་འཁོར་སངས་རྒྱས་ཀྱིས་བསྟན་པ། །འདིར་ནི་ཡོན་ཏན་དེ་རྣམས་འབྱུང ། །བསྒྲུབས་པར་འགྱུར་ན་ལྟ་ཅི་སྨོས།། གང་ཞིག་དད་པས་དེ་བཞིན་རྟོགས། །གུས་པས་བརྟགས་པས་གཞན་མི་འཇུག་།འདི་ལ་གུས་པས་དོན་དུ་གཉེར། །བསླབ་པ་སྡོམ་པ་སོགས་པ་ཡིས།། དེས་ན་འབད་པས་གཙང་སྦྲ་བྱ། །ཡིད་ལས་བྱུང་བའི་དཀྱིལ་འཁོར་མཆོག་།གཙང་ཞིང་དབེན་པའི་ས་ཕྱོགས་སུ། །ཤིང་གི་འབྲས་བུ་སྣ་ཚོགས་བཅས། །པུས་ནུབ་ཙམ་གྱིས་ས་སྦྱངས་ལ། །བ་ཡི་རྣམ་ལྔས་བྱུག་པར་བྱ། །མཉམ་པར་བརྡུང་ཞིང་བཅག་པར་བྱ། །ལག་མཐིལ་ལྟ་བུའི་མཉམ་པ་ལ། །ཁྲུ་ཚད་ཉི་ཤུ་ཙམ་ལ་ནི། །གནོད་སྦྱིན་དབང་པོ་མངོན་པར་སྔགས། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། ། གར་བདུག་པས་བདུག་པ་དང ། །ཉི་མ་བཟང་པོ་དེ་བཞིན་གཟའ། །དེ་བཞིན་དུས་ཚོད་བཟང་པོ་ལ། །དཀར་པོའི་ཕྱོགས་ལ་ལེགས་པར་དགེ་།སློབ་དཔོན་ལེགས་པར་བསྡོགས་པ་ཡིས། །བ་ཡི་རྣམ་ལྔས་ལེགས་
22b
པར་སྤྱད། །བདག་ཉིད་སྔགས་བཟླས་རྒྱལ་པོ་ཡིས། །སྔ་དྲོ་དག་པར་གྱུར་པ་ཡིས། །མཉམ་པར་གཞག་པར་བསྲུང་བར་བྱ། །སྟེང་དང་འོག་དང་ཕྱོགས་བཅུ་རུ། །ཕྱོགས་ནི་དེ་བཞིན་བཅིང་བར་བྱ། །གནོད་སྦྱིན་རྒྱལ་པོ་དྲི་ཡི་ཆུས། །མཁས་པས་བརྒྱ་རྩ་བརྒྱད་དུ་སྔགས། །ཇི་ལྟར་ཤར་སོགས་མངོན་པར་གཏོར། །ཕྱོགས་བཅིང་སྔོན་གྱི་རིམ་པ་བཞིན། །གཞོན་ནུ་མ་ཡིས་བཀལ་བ་ཡི། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །གུར་གུམ་ཆུ་ཡིས་བྱུགས་པ་དང ། །ཕུར་པ་ཨུ་དུམ་ཤིང་ལ་བྱས། །ཤར་གྱི་ཕྱོགས་ནས་བརྩམས་པར་བྱ། །ཐིག་གདབ་སྔ་དྲོའི་དུས་སུའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཟུར་བཞིའི་རེ་མིག་བཞི་དང་ལྡན། །དེ་ལ་དང་པོའི་དཀྱིལ་དུ་ནི། །དེ་བཞིན་གཤེགས་པ་བྲི་བར་བྱ། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །ཐམས་ཅད་མཁྱེན་པ་ཟླ་བའི་འོད། །དེ་འོག་གནོད་སྦྱིན་དབང་པོ་ནི། །མཚན་ཉིད་ཐམས་ཅད་མཚོན་པ་ཡི། །སྔོན་པོ་སྤྲིན་ལྟ་བུ་ཡི་མདོག་།རྒྱན་སེར་པོ་ཡིས་མཛེས་པ་དང ། །རྐང་གདུབ་ལག་གདུབ་མགུལ་རྒྱན་དང ། །རིན་ཆེན་སྣ་ཚོགས་ཀྱིས་མཛེས་པ། །སེངྒེའི་གདན་ལ་རིན་ཆེན་དང ། །སྣ་ཚོགས་ཐ་དད་རྣམ་པར་བརྒྱན། །རི་མོ་སྣ་ཚོགས་རིན་ཆེན་འདི། །འོད་འཕྲོ་ཡིད་འོང་འབར་བའི་འོད། །སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལེགས་
23a
༄#། །པར་མཛེས། །དེ་ཉིད་དབུས་སུ་ནོར་བུ་བཟང་པོ་ལེགས་པར་བྱ། །རབ་ཏུ་འབད་པས་གཡས་པའི་ཕྱག་།མཆོག་སྦྱིན་ས་བོན་ཡོངས་སུ་བྱ། །དེ་བཞིན་དུ་ནི་གཡོན་པའི་ཕྱག་།ནེའུ་ལེ་རིན་ཆེན་དགུག་པའོ། །སྣ་ཚོགས་གཏེར་རྣམས་སྟེང་དུ་ལེགས་པར་བཞུགས། །དེ་བཞིན་དུང་དང་པདྨ་ཡིས། །རིན་ཆེན་ཆར་ནི་འབེབས་པའོ། །མངའ་བདག་གཡས་དང་གཡོན་དུའོ། །ནོར་བུ་བཟང་པོ་དེ་ཡི་ཕྱོགས། །གནོད་སྦྱིན་བཟང་པོ་དངུལ་མདོག་ཅན། །མཁས་པས་སྔར་བཞིན་དུ་ནི་དགོད། །སྤྱོད་པའི་དབང་པོ་གདོང་དབང་པོ། །གཡས་དང་གཡོན་དུ་བྱ་བའོ། །རྣམ་པ་ཁ་དོག་འདྲ་བ་ཡི། །གཏེར་གྱི་སྟེང་དུ་ཡང་དག་བཞུགས། །དེ་ཡི་འོག་ཏུ་གནོད་སྦྱིན་མོ། །བདུན་པོ་དག་ནི་བྲི་བར་བྱ། །དེ་ལས་གཞན་དུ་བུ་དགུ་སྟེ། །དེ་ལས་གཞན་ནི་ཆུ་སྐྱེས་སོ། །རིན་ཆེན་ལྟེ་བ་ནོར་སྦྱིན་དང ། །གནོད་མཛེས་དང་ནི་གནོད་མཛེས་གཞན། །ལྟེ་མཛེས་དང་ནི་ལྟེ་ཆེན་པོ། །མཚམས་སུ་བུམ་པ་བཟང་པོའོ། །འཕར་བ་གཉིས་ལ་དགོད་བྱ་བའི། །གནོད་སྦྱིན་དབང་པོ་སྟོབས་པོ་ཆེ། །གནོད་གནས་ཧུ་ལུ་ཧུ་ལུ་དང ། །སྡེ་མཛེས་དང་ནི་ཟླ་བའི་སྡེ། །རེངས་པ་དང་ནི་གདུལ་བ་དང ། །རྩེ་དམར་དང་ནི་གསུས་པོ་ཆེ། །སྣམ་བུ་གསུམ་པ་ལ་བྱ་བ།།
23b
གནོད་སྦྱིན་མོ་ནི་ལྷ་མཛེས་མ། །རྒྱ་ཆེན་མ་དང་དྲི་བྲལ་མ། །ཟླ་མོ་བློ་གྲོས་སྙིང་པོ་སྤྱན། །པདྨའི་སྙིང་པོ་སྨིན་མཛེས་མ། །གནོད་སྦྱིན་ལག་པ་ལག་མང་ས་པོ། །སྤྲིན་ཆེན་མ་དང་སྐྲ་མཛེས་མ། །གཏེར་གྱི་ཕྲེང་བ་གཡེམ་པ་མོ། །ལྗོན་ཤིང་ཕྲེང་བ་ཕྲེང་བ་མོ། །འདོད་པ་ཀུན་གྱི་འབྲས་སྟེར་མ། །ཡིད་ཤུགས་མ་དང་འདོད་གཟུགས་མ། །ཐོས་ངག་མ་དང་ལྷ་མཛེས་མ། །རྫུ་འཕྲུལ་ཆེན་པོ་རྣམ་བཤད་པ། །ཉི་ཤུ་མཆོག་ནི་སྟེར་བའོ། །ཅི་ལྟའི་རིམ་པས་རྣམ་དགོད་པ། །ཇི་ལྟར་མདུན་དང་ཕྱོགས་བཞིར་དགོད། །དབང་པོ་ལ་སོགས་དགོང་པར་བྱ། །དེ་ནས་ཕྱི་རོལ་དྲ་བ་སྟེ། །རྡོ་རྗེ་ཤཀྟི་དབྱུག་པ་དང ། །རལ་གྲི་ཞགས་པ་རྒྱལ་མཚན་དང ། །འཁོར་ལོ་རྩེ་གསུམ་མཚོན་ཆ་བསྣམས། །སྔར་བཞིན་དུ་ནི་དགོད་པར་བྱ། །སྟེང་འོག་མངའ་ཡི་དྲ་བ་དང ། །དེ་བཞིན་རྡོ་རྗེ་འབར་བའོ། །མཁས་པས་ཕྱི་རོལ་དུ་ནི་དགོད། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །ཚོན་རྩི་ལྔ་ནི་དཀར་པོ་དང ། །སེར་པོ་དམར་པོ་སྔོན་པོ་ནག་།དབྱངས་ཀྱི་སྔགས་ཀྱིས་སྔོན་སྔགས་ཏེ། །ཕྱི་རོལ་རྒྱལ་མཚན་བརྒྱད་དགོད་བྱ། །དེ་བཞིན་ཕྱོགས་རྣམས་ཨརྒའི་སྣོད། །ཆུ་ནི་མེ་ཏོག་གིས་བཀང་བྱ། །སྤྱན་དྲང་མཆོད་སྦྱིན་ཡིས་ནི་བྱ། །སྔགས་པས་བྱ་བར་ཐེ་ཚོམ་མེད། །གནོད་སྦྱིན་
24a
༄#། །མོ་རྣམས་རང་སྔགས་ཀྱིས། །མཁས་པ་ཡིས་ནི་སྤྱན་དྲང་བྱ། །ལྷ་དང་ལྷ་མིན་སྤྱན་དྲང་བྱ། །གནོད་གནས་དབང་པོ་སྟོབས་པོ་ཆེ། །མ་ལི་ཀ་ཕྲེང་ཤིན་ཏུ་དཀར། །པདྨ་ཨུཏྤ་ལ་ཡི་ཚོགས། །ནཱ་ག་གེ་སར་ཀེ་སུ་དང ། །དྲི་དང་བདུག་པ་སྒྲོན་མ་དང ། །བཤོས་གཙང་གཏོར་མ་ཀུན་འདོད་པ། །རིམ་པ་བཞིན་དུ་མཆོད་པ་ནི། །མཁས་པ་ཡིས་ནི་བྱ་བ་ཡིན། །ག་བུར་དང་ནི་གུར་གུམ་མ། །ཡང་ན་ཙནྡན་དཀར་པོ་ཡིས། །འབུམ་ཕྲག་དུ་ནི་སྦྱིན་སྲེག་བྱ། །སྟོང་ཕྲག་བརྒྱ་ཡི་སྦྱིན་སྲེག་བྱ། །ནོར་བུ་བཟང་པོའི་མདུན་དུའོ། །ཇི་ལྟར་རིགས་པས་བཟླས་པ་དང ། །སྦྱིན་སྲེག་ཆོ་ག་བཞིན་དུའོ། །འབད་པ་ཡིས་ནི་མཆོད་པ་བྱ།། མཚམས་སུ་བུམ་པ་དགོད་པ་ནི། །རིན་ཆེན་འབྲུ་དང་སྨན་རྣམས་ལྡན། །དྲི་ཡི་ཆུ་ཡིས་ཡོངས་སུ་དགང ། །ཙུ་ཏ་པ་ལ་ས་ཡིས་གཡོགས། །མགྲིན་པ་རས་ཀྱིས་དཀྲིས་པ་དང ། །དེ་སྲིད་བཅོམ་ལྡན་འདས་ཀྱི་སྔགས། །རང་རང་གི་ནི་སྔགས་བཟླས་པ། །དེ་ཉིད་བུམ་པ་དགོད་པར་བྱ། །འདི་ལ་སྔགས་རྣམས་འབྱུང་བ་ནི།། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སཝཱཧཱ། གཙོ་བོའི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །མཧཱ་ཡཀྵ་རཱ་ཛཱ་ཡ། པི་ན་མ་ཏེ་མ་ཎི་བྷ་དྲཱ་ཡ་དྷི་མ་ཧེ་ཏཎྞོ་ཡཀྵ་པྲ་ཙོཏྟ་ཡ་དྷ་པི་
24b
ཏྲི།་གནོད་སྦྱིན་གྱི་དབྱངས་ཀྱི་སྔགས་སོ། །ོཾ་ཡཀྵའ་ཡ་སཝཱཧཱ། གནོད་སྦྱིན་གྱི་སྙིང་པོའོ། །སྤྱན་དྲང་བ་དང ། གཤེགས་སུ་གསོལ་པ་དང ། མཆོད་པ་དང ། བུམ་པ་ལ་མདོ་པར་སྔགས་པའི་སྔགས་ཏེ་སོ་སོར་སྦྱར་བར་བྱའོ། ། ནནྟ་པདྨཱ་ཡ་སཝཱཧཱ། པདྨའི་གཏེར་གྱི་སྔགས་སོ། ། ནནྟ་སཾ་ཁཱ་ཡ་སཝཱཧཱ། གཏེར་གྱི་དུང་གི་སྔགས་སོ། །ཛ་ར་ཡ་ན་བེ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། དངུལ་གྱི་མདོག་ཅན་གྱི་སྔགས་སོ། །ཙ་རེནྡྲཱ་ཡ་སཝཱཧཱ། སྤྱོད་པའི་དབང་པོའི་སྔགས་སོ། །མུ་ཁེན་དྲཱ་ཡ་སཝཱཧཱ། དབང་པོ་གདོང་གི་སྔགས་སོ། ཨོཾ་དྷ་ན་དཱ་ཡ་སཝཱཧཱ། གཏེར་སྦྱིན་གྱི་སྔགས་སོ། །མ་ནི་བྷཱ་ཡ་དྷ་ནི། ཨ་དྷི་བ་ཏ་\?\་སཝཱཧཱ། རིན་ཆེན་ལྟེ་བའི་སྔགས་སོ། །སུ་ཎ་གྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། ལྟེ་མཛེས་ཀྱི་སྔགས་སོ། །ོཾ་སུཾ་བྷ་ཎ་བྷཱ་ཡ་དྷ་ན་ཨ་དྷ་པ་ཏ་ཡེ་སཝཱཧཱ། གནོད་མཛེས་ཀྱི་ལྟེ་བའི་སྔགས་སོ། །ོཾ་ཨ་སུཾ་བྷ་ཎ་བྷཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། གནོད་མཛེས་ལྟེ་གཞན་གྱི་སྔགས་སོ། །ོཾ་ཨཾ་བྷ་ཎ་བྷཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། ཆུའི་ལྟེ་བ་ཅན་གྱི་སྔགས་སོ། །ནི་ཎ་བྷ་ཡ་དྷི་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ།་ལྟེ་སྔོན་ཅན་གྱི་སྔགས་སོ། །བཻ་ཤྲ་མ་ཎ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། རྣམ་ཐོས་སྲས་ཀྱི་སྔགས་སོ། །མ་ཧཱན་བྷཱ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སཝཱཧཱ། ལྟེ་ཆེན་གྱི་
25a
༄#། །སྔགས་སོ། །ོཾ་ཛཾ་བྷ་དྲ་གྷ་ཊཱ་ཡ་སཝཱཧཱ། བུམ་པ་བཟང་པོའི་སྔགས་སོ། །ཧ་ར་ཛམྦྷ་ཀ་ཧཱུཾ་ཕཌ། རྨུགས་བྱེད་ཀྱི་སྔགས་སོ། །ཡཀྵ་ཨིན་དྷ་ཡ་སཝཱཧཱ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྔགས་སོ། །སུ་སེ་ནཱ་ཡ་སཝཱཧཱ། སྡེ་མཛེས་ཀྱི་སྔགས་སོ། །ཧ་ར་ཧ་ར་ཙནྡྲཱ་སེ་ནཱ་ཡ་སཝཱཧཱ། ཟླ་བ་སྡེའི་སྔགས་སོ། །ཛཾ་བྷ་ལཱ་ཡ་སཝཱཧཱ། གནོད་གནས་ཀྱི་སྔགས་སོ། །མོ་ཏཱ་ཡ་སཝཱཧཱ། འདུལ་བྱེད་ཀྱི་སྔགས་སོ། །རཱ་ག་ཛི་ཧཱ་ཡ་སཝཱཧཱ། ལྕེ་དམར་པོའི་སྔགས་སོ། །མ་ཧོ་ང་རཱ་ཡ་སཝཱཧཱ། གསུས་པོ་ཆེའི་སྔགས་སོ། །བི་མ་ལེ་བི་མ་ལ་དཪྴ་ནི་ཨ་ཡ་ཏི་སཝཱཧཱ། དྲི་བྲལ་མའི་སྔགས་སོ། །བྷ་ས་ལ་ཎ་ཡ་ཎེ་བོ་དྷཱ་ཡ་སཝཱཧཱ། རྒྱ་ཆེན་མའི་སྔགས་སོ། །ཙནྡྲཱ་སུ་མ་ཏི་སུ་ར་པུ་ཛི་ཏི་ཙན་དྲེ་ཙན་དྲེ་ཙནྡྲ་མ་ཏི་སཝཱཧཱ། ཟླ་འོད་བློ་གྲོས་མའི་སྔགས་དང ། དགུག་པའི་སྤྱན་ཅན་མའིའོ། །ོཾ་ཙན་དྲ་པདྨའི་སཝཱཧཱ། པདྨའི་སྙིང་པོའི་སྔགས་སོ།། སུ་བྷཱུཾ་མ་ནོ་ར་བྷེ་སཝཱཧཱ། སྨིན་མཛེས་མའི་སྔགས་སོ། །ོཾ་བ་ཧུ་པྲ་ཏཱ་ཡ་སཝཱཧཱ། ལག་པ་དང ། ལག་མང་མའི་སྔགས་སོ། །ལི་ཏི་ཀ་ཏི་མོ་ཏི་སཝཱཧཱ། །སྤྲིན་ཆེན་མའི་སྔགས་སོ། །སུ་གཻ་མ་ལི་ཀེ་ཤ་བྷ་རི་ཎི་སཝཱཧཱ། སྐྲ་མཛེས་མ་ཞེས་བྱ་བའི་སྔགས་སོ། །བ་ན་མཱ་ལ་བ་ལི་ནི་སཝཱཧཱ། ནགས་ཀྱི་ཕྲེང་བ་མ་ཞེས་བྱ་བའི་སྔགས་སོ། །
25b
ུ་ཏིཥྛ་བྷུན་ཛ་ལི་སཝཱཧཱ། གཡེམ་པ་མོའི་སྔགས་སོ། །དྲུཾ་མཱ་ལི་མཱ་ལི་ཀ་ལི་ཀ་ཧ་ལི་དྲུ་མི་ཀི་ལི་ཀི་ལི་སཝཱཧཱ། ལྗེན་མ་ཕྲེང་བ་མའི་སྔགས་སོ། །ཀཱ་མ་མཱ་ལ་བྷི་ལ་སི་ནི་སཝཱཧཱ། འདོད་པའི་ཕྲེང་བ་མའི་སྔགས་སོ། །སརྦ་དྷ་ཡི་བྷ་སརྦ་ཨ་གྲ་མ་ནོ་ཛ་བ་བ་ག་བ་ཏེ་སཝཱཧཱ། ཡིད་ཀྱི་ཤུགས་ཅན་མའི་སྔགས་སོ། །ཀཱ་མ་བི་ཀཱ་མི་ནི་སཝཱཧཱ། འདོད་པའི་གཟུགས་ཅན་མའི་སྔགས་སོ། །ཤྲུ་ཏ་བཱ་ཀ་ཀེ་ཀ་རི་སཝཱཧཱ། ཐོས་ངག་མའི་སྔགས་སོ། །སུ་ད་ར་ནི་ཀཱ་མཱི་ནི་སཝཱཧཱ། ལྟ་མཛེས་མའི་སྔགས་སོ། །མ་ཧཽ་གྷེ་བྷ་ཡ་ཀ་རི་སཝཱཧཱ། རྫུ་འཕྲུལ་ཆེན་མོའི་སྔགས་སོ། །གནོད་སྦྱིན་མོ་རྣམས་ཀྱིའོ། །ིནྡྲ་དེ་བཱ་དྷི་པ་ཏ་ཡེ་སཝཱཧཱ། དབང་པོའི་སྙིང་པོའོ། །གྣ་ཡེ་ཨུད་བྱ་དྷི་པ་ཏ་ཡེ་སཝཱཧཱ། མེ་ལྷའི་སྙིང་པོའོ། །ཡ་མཱ་ཡ་པྲེ་ཏེ་ཨ་དྷི་བ་ཏ་ཡེ་སཝཱཧཱ། གཤིན་རྗེའི་སྙིང་པོའོ། །ནཻ་རྀ་ཏྱ་རཱཀྵ་སཱ་དྷི་པ་ཏ་ཡེ་སཝཱཧཱ། བདེན་བྲལ་གྱི་སྙིང་པོའོ། །བ་རུ་ན་ཡ་ཛ་ལཱ་ཨ་དྷི་པ་ཏ་ཡེ་སཝཱཧཱ། ཆུ་བདག་གི་སྙིང་པོའོ། །བཱ་ཡ་བེ་ཨནྟ་རཀྵི་ཨ་དྷི་པ་ཏ་ཡེ་སཝཱཧཱ། རླུང་ལྷའི་སྙིང་པོའོ། །ཀུ་བེ་ར་དྷ་ན་ཨ་དྷི་ལ་ཏ་ཡེ་སཝཱཧཱ། ལུས་ངན་གྱི་སྙིང་པོའོ། །ཱི་ཤ་ནཱ་ཡ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་སཝཱཧཱ། དབང་ལྡན་གྱི་སྙིང་པོའོ། །ཱུར་དྱེ་བྲཧྨ་ཎེ་སཝཱཧཱ། ཚངས་པའི་སྙིང་པོའོ། ། དྷྷོ་བིཥྞ་བེ་སཝཱཧཱ། ཁྱབ་འཇུག་གི་སྙིང་
26a
༄#། །པོའོ། ། བི་བརྟ་ཀཱ་ཡ་སཝཱཧཱ། རྡོ་རྗེའི་སྙིང་པོའོ། །ཧུ་ཏ་ས་ནཱ་ཡ་སཝཱཧཱ། ཤཀ་ཏིའི་སྙིང་པོའོ། །མཧཱ་སྱ་མཱ་ཡ་སཝཱཧཱ། དབྱུག་པའི་སྙིང་པོའོ་ཁཌྒ་བི་མ་ལ་བྷ་རི་ཎི་སཝཱཧཱ། རལ་གྲིའི་སྙིང་པོའོ། །བ་རུ་ཎ་ཏ་མ་ཨ་དྷི་པ་ཏ་ཡེ་སཝཱཧཱ། ཞགས་པའི་སྙིང་པོའོ། །པྲ་བྷཉྫ་ན་ཡེ་སཝཱཧཱ། རྒྱལ་མཚན་གྱི་སྙིང་པོའོ།། མཧཱ་སུ་མྱ་རསྨ་ཡེ་སཝཱཧཱ། འཁོར་ལོའི་སྙིང་པོའོ། །བྷ་ལ་བི་ཧུ་ལེ་སཝཱཧཱ། རྩེ་གསུམ་པའི་སྙིང་པོའོ། །བྷི་ལ་ཤ་བྷི་ཧུ་ལེ་སཝཱཧཱ། ཕྱོགས་ཀྱི་སྔགས་སོ། །ཤ་རེ་ཛཱ་ལ་སཝཱཧཱ། མདའི་དྲ་བའི་སྔགས་སོ། །ོཾ་ཨཱུར་དྷཾ་ཛཱ་ལ་བཛྲ་པཉྩ་རཱ་ཡ་སཝཱཧཱ། རྡོ་རྗེ་དྲ་བའི་སྔགས་སོ། །འདི་རྣམས་རང་རང་གི་ནི་སྔགས། །མཁས་པས་བུམ་པ་ལ་བཟླས་བྱ། །སློབ་མ་དཀྱིལ་འཁོར་དུ་ཡང་གཞུག་།དབང་བསྐུར་བར་ན་རབ་ཏུ་བརྟག་།རྒྱལ་པོ་དབང་བསྐུར་བར་ནི་མཛོད། །སྐྱེ་བོ་གང་རྣམས་དངོས་གྲུབ་འདོད། །དེ་རྣམས་དབང་བསྐུར་དོན་དུ་བྱ། །བརྒྱན་པའི་དོན་དུ་རབ་ཏུ་འབད། །དེ་ལྟར་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཆོ་ག་བཞིན་དབང་བསྐུར་བ་དང ། དམ་ཚིག་བསྟན་པ་དང ། རྗེས་སུ་གནང་བས་ཕྱག་རྒྱ་ཆེན་པོའི་སྐལ་བ་ཅན་དུ་ཤེས་པར་བྱའོ། །རང་རང་གི་སྔགས་དང ། ཕྱག་རྒྱས་དབང་བསྐུར་ལ།
26b
ཡང་མཆོད་པ་རྒྱ་ཆེན་པོ་དང ། སྦྱིན་སྲེག་བྱས་ལ་བསྡུ་བ་དང ། གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གནོད་གནས་ཀྱི་བདག་པོའི་དམ་ཚིག་བསྟན་པ་དང ། ངག་\?\་གི་སྔགས་སྒྲུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །དེ་ནས་ཉིན་རེ་བཞིན་དུ་དུས་གསུམ་དུ་སྔགས་དང ། ཕྱག་རྒྱས་བདག་བསྲུང་བ་བྱས་ལ་འཁོར་དང་བཅས་པ་སྤྱན་དྲངས་ཏེ།་ཞབས་བསིལ་དང ། མཆོད་ཡོན་ལ་སོགས་པ་ཕུལ་ནས་ཉེ་བར་སྤྱོད་པའི་མཆོད་པ་ཉི་ཤུ་སྔགས་དང ། ཕྱག་རྒྱས་ཕུལ་ལ་ཆོ་ག་ཇི་ལྟར་ཚོགས་པའི་མཆོད་པ་བྱས་ནས་སྔོན་དུ་བསྙེན་པ་བྱའོ། །དེ་ནས་ཕྱག་རྒྱ་དང ། སྔགས་ཀྱི་ཆོ་གས་ང་ཡིས་རྒྱས་པར་བཤད་པར་བྱ་སྟེ། དེ་ནས་ཡང་གནོད་སྦྱིན་གྱི་དབང་པོས་གུས་པ་ཉེ་བར་སྐྱེས་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ནས་སེངྒེའི་སྒྲ་བསྒྲགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱེད་རྣམས་ཉོན་ཅིག་།འདའ་བར་དཀའ་བ་འདི་བསྟན་པ་སྙིང་རྗེ་ཆེན་པོའི་བདག་ཉིད་སེམས་ཅན་རྣམས་ལ་ཕན་པ་དང ། བདེ་བ་དང་ལྡན་པ། གནོད་གནས་ཀྱི་དབང་པོའི་ཕྱག་རྒྱའི་མཚན་ཉིད་སྔགས་དང་ལྡན་པ། དེ་ནས་གནོད་གནས་ཀྱི་དབང་པོས་ཐལ་མོ་སྦྱར་ཏེ་པུས་མོ་ས་ལ་བཞག་སྟེ་ཕྱག་བྱས་ནས་ཅིའང་མི་སྨྲ་བར་
27a
༄#། །སྤོད་དོ། །དེ་ནས་བཅོམ་ལྡན་འདས་སེངྒེ་བཞིན་འཇིགས་པ་མེད་པས་སྔགས་དང ། ཕྱག་རྒྱ་འདི་གསུངས་པ། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་ནས། གུང་མོ་གཉིས་ཕྱིར་བཟློག་མིང་མེད་ཀྱི་རྩེ་མོ་གཉིས་སྦྱར་ལ་མཛུབ་མོ་གཉིས་ཚིགས་གསུམ་པ་བཅག་ནས་དེར་བཞག་སྟེ་མཐེ་བོང་ཕྱོགས་སུ་བཞག་།མཐེབ་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། །འདི་བཅིངས་པ་ཙམ་གྱིས་གནོད་གནས་ཀྱི་དབང་པོ་ཉེ་བར་གནས་པར་གྱུར་ནས་སྒྲུབ་པ་པོ་ལ་ལྟ་ཞིང་མཆོག་སྟེར་བར་འགྱུར་རོ། །འདིའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སཝཱཧཱ། སྔགས་འདི་དང་ལྡན་པའི་ཕྱག་རྒྱ་ཡིས་གནས་རྣམ་པ་ལྔར་སྦྱར་བས་བྱིན་གྱིས་བརླབ་པར་བྱའོ། །གནོད་གནས་དང་སོ་སོར་མཉམ་པར་འགྱུར་རོ། །ལག་པ་གཉིས་ཁུ་ཚུར་བཅངས་ནས་མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་སྤྱོད་པའི་དབང་པོའི་ཕྱག་རྒྱ་སྟེ་བདག་བསྲུང་བ་ལ་ངེས་པར་སྦྱར་བར་རོ། །འདིའི་སྔགས་ནི། ཨོཾ་ཙ་རེན་དྲཱ་ཡ་སཝཱཧཱ། དེ་ལྟར་ཁུ་ཚུར་བྱས་ཏེ་མཐེ་ཆུང་གཉིས་ནང་དུ་བཅུག་ནས་སྲིན་
27b
ལག་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་དབང་པོ་གདོང་གི་ཕྱག་རྒྱ་སྟེ་བདག་བསྲུང་བ་ལ་ངེས་པ་སྟེ་འདིའི་སྔགས་ནི། ཨོཾ་མུ་ཁེན་དྲཱ་ཡ་སཝཱཧཱ། དབང་པོ་གདོང་གི་ཕྱག་རྒྱ་ལས་མིང་མེད་ཀྱི་ཚིགས་གསུམ་པ་བཅག་པ་ནི་གནོད་སྦྱིན་མོ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་ཨ་ནི། འདིས་ཀྱང་བདག་བསྲུང་བ་བྱའོ། །སྤྱན་འདྲེན་པའི་དུས་སུའང་གནོད་སྦྱིན་མོ་རྣམས་སྤྱན་དྲང་བར་བྱའོ། །སྟེང་དང ། འོག་དང ། ཕྱོགས་བཅུ་རུ་ར་བ་དང ། དྲ་བ་དང ། ཕུར་བུ་སྟེ་ལག་པ་གཉིས་ཁུ་ཚུར་བྱས་ལ་མཛུབ་མོ་གཉིས་སོ་སོར་ཁབ་ཀྱི་རྩེ་མོ་ལྟར་བྱས་པ་འདི་ནི་དྲ་བའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་ཙ་རེནྡྲཱ་བནྡྷ་དི་ཤ་ཕཌ། ར་བ་དང་ངེས་པར་སྦྱར་བར་བྱའོ། །དེ་ཉིད་ལ་མཛུབ་མོ་གཉིས་ཁབ་ཀྱི་རྣམ་པར་ལྟར་གཅིག་ཏུ་བྱས་པ་ནི་དྲ་བའི་ཕྱག་རྒྱ་སྟེ། ཨོཾ་མུ་ཁེནྡྲཱ་ཡ་སཝཱཧཱ། དྲ་བའི་དོན་དུ་ངེས་པར་སྦྱར་རོ། །ལག་པ་གཉིས་ཁུ་ཚུར་བྱས་ནས་འོག་ཏུ་བཞག་པ་ནི་ཕུར་བུའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་ཧྲི་ཏ་ཏ། སྤྱན་དྲང་བར་བྱ་བ་ནི། རྩ་བའི་ཕྱག་རྒྱ་ལས་མཐེ་བོང་ཅུང་ཟད་དགུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨེ་ཧྱེ་ཙུ་ལུ་ཙུ་ལུ། ཏྭ་ར་ཏྭ་ར། ཛཱ་ལ་ས་ཡ་ནཾ་བྲི་ཡཱ་ཡ་སཝཱཧཱ། རིམ་
28a
༄#། །པ་འདིས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །དེ་ནས་ཨརྒྷ་སྦྱིན་པར་བྱའོ། །ལག་པ་གཉིས་བརྟན་པའི་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་མཐེ་བོའི་ངོས་ལ་སྦྱར་ཏེ་འདིའི་སྔགས་ནི། ཨོཾ་ཡཀྵ་ནཱ་དྷ་ཡ་ཀེ་ན་དྷ་ན་པྲི་ཡ་པ་ཤ་པ་ཤ་སཝཱཧཱ། དེ་ནས་གདན་དབུལ་བར་བྱ་སྟེ་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་མཛུབ་མོ་གསུམ་པ་མཉམ་པར་བྱས་ནས་ཚིགས་གསུམ་པར་བཅག་སྟེ་དབུས་མར་སྦྱར་ནས་གཞན་སོ་སོར་བྱས་པ་ནི་བཅོམ་ལྡན་འདས་ཀྱི་སེངྒེའི་གདན་གྱི་ཕྱག་རྒྱའོ། །འདི་བསྟན་པ་ཙམ་གྱིས་གནོད་སྦྱིན་གྱི་བདག་པོ་འཁོར་དང་བཅས་པས་སེངྒེའི་གདན་ལ་བཞུགས་པར་འགྱུར་རོ། །སེངྒེའི་གདན་གྱི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཨིནྡྲཱ་ཡ་ས་མ་ཀཾ་སཝཱཧཱ། དེ་ནས་ཁྲུས་ཀྱི་ཕྱག་རྒྱ་བཅིངས་ནས་གནོད་གནས་འཁོར་དང་བཅས་པ་ཁྲུས་གསོལ་བར་བྱ། ལག་པ་གཉིས་ཡང་རྟེན་གྱིས་ཐལ་མོ་བྱས་མཐེ་ཆུང་གཉིས་ཕྱིན་ཅི་ལོག་ཏུ་བྱས་ལ་མིང་མེད་གཉིས་དཀྱིལ་དུ་བྱས་པ་གུང་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས། དེའི་ཕྱི་རོལ་ཏུ་གུང་མོའི་ཚིགས་གསུམ་སྦྱར་བར་མཐེ་བོང་གཉིས་ཕྱོགས་སུ་བཞག་པ་ནི་
28b
ལྷ་ཐམས་ཅད་ཀྱི་ཁྲུས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ནཱ་ནཱ་པྲི་ཡ་གྷ་ཏ་ཀུཾ་བྷ་ཛྭ་ལ་སཝཱཧཱ། གོས་ཀྱི་ཕྱག་རྒྱ་བཅིངས་ནས་གོས་དབུལ་བར་བྱ་སྟེ། ཡང་ལག་པ་གཉིས་མཐེ་བོང་དང ། མཛུབ་མོ་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་ལྟར་བྱས་ཏེ་སོར་མོ་ཕྱི་མ་རྣམས་བརྐྱང་བ་འདི་ནི་གོས་ཀྱི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་དྷི་རི་དྷི་རི་མ་ཧཱ་ས་མུ་དྲ་ཨཾ་དྷ་ར་དྷ་ཀ་སཝཱཧཱ། རྒྱན་གྱི་ཕྱག་རྒྱ་ཉེ་བར་བྱ་སྟེ་ལག་པ་གཉིས་སོར་མོ་གསུམ་གྱི་མཐེ་བོང་བཀབ་ནས་སྡིགས་མཛུབ་འཁྱིལ་བའི་ཚུལ་དུ་བྱས་ནས་ཕན་ཚུན་སྟེང་དུ་བསྐོར་ནས་གཅིག་ཏུ་བྱས་པ་འདི་ནི་རྒྱན་གྱི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་མེ་གྷ་བྷ་ར་ཎ་ཛཱ་ལ་བུ་གྷ་ན་སཝཱཧཱ། ཡང་དག་པར་སྐྱང་ནུལ་བྱ་བའི་ཕྱག་རྒྱ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ནས་ལག་པ་གཡོན་པ་ནོར་བུ་འཆིང་བའི་མཚམས་སུ་ལག་པའི་གདུབ་སྐོར་ལྟར་བཟུང་བ་ནི་སྐྱང་ནུལ་བྱ་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཧ་ར་ཧ་ར་ཛོ་གྷ་ཎཱ་ཡ་སཝཱཧཱ། དེ་ནས་དཀྱིལ་འཁོར་གྱི་ཕྱག་རྒྱ་ངེས་པར་བསྟན་པར་བྱ་སྟེ། དེ་ཉིད་ལས་སོར་མོ་རྣམས་སོ་སོར་བརྐྱང་ནས་ཁ་འོག་ཏུ་དབུབ་པ་ནི་དཀྱིལ་འཁོར་ཉེ་བར་བྱུག་པའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཀུ་ཏི་ཛུ་ག་བྷ་ར་ཏ་པྲི་ཡཱ་ཡ་སཝཱཧཱ། རྡུལ་ཚོན་གྱི་
29a
༄#། །ཕྲེང་བའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་དཀྱིལ་འཁོར་གྱི་ཕྱག་རྒྱ་ལས་སོར་མོ་རྣམས་ཁ་འོག་ཏུ་བྱས་ནས་བཞག་པ་ནི་རྡུལ་ཚོན་གྱི་ཕྲེང་བའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཧེ་ཧེ་ཕེན་བྷ་ལི་བྲི་ཡ་སོ་བྷ་ནཱ་ཡ་སཝཱཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཉིས་རྟེན་པའི་ཐལ་མོ་སྦྱར་ལ་མཐེའུ་ཆུང་ཁབ་ཀྱི་རྣམ་པ་ལྟར་བྱས་ནས་མིང་མེད་དང ། གུང་མོ་དང ། མཛུབ་མོ་རྣམས་ནང་དུ་བཅུག་པ་ནི་དྲིའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ལ་ལཱ་གཱ་ལ་གཱ་ལ་སུ་གན་དྷ་གན་དྷཱ་ཡ་སཝཱཧཱ། དེ་ནས་མེ་ཏོག་གི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་དྲིའི་ཕྱག་རྒྱ་ལས་མཐེ་བོང་དྲང་པོར་གྱེན་དུ་སྒྲེང་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་པུཥྤེ་པྲ་བྷ་ར་པུཥྤེ་མེ་གྷ་སཝཱཧཱ། བདུག་སྤོས་ཀྱི་ཕྱག་རྒྱ་ནི་མེ་ཏོག་གི་ཕྱག་རྒྱ་ལས་ཚིགས་གསུམ་པ་ཅུང་ཟད་བཀུག་པར་བྱ་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་རུ་རུ་མཧཱ་དྷཱུ་པ་པྲི་ཡཱ་ཡ་སཝཱཧཱ། གཏོར་མའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་བདུག་སྤོས་ཀྱི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ལོངས་སྤྱོད་པའི་རྣམ་པར་བཀོད་ནས་མཐེའུ་ཆུང་གཉིས་ནང་དུ་བྱས་པ་ནི་གཏེར་མའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ས་ཀ་ས་ཀ་བྷ་རི་ལ་ཛ་ན་གཾ་པ་ཀ་
29b
བ་ལིཾ་ཏ་ཡཀྵ་དེ་ཧི་དེ་ཧི་སཝཱཧཱ། མེ་མར་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་གཏོར་མའི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ཁུ་ཚུར་བྱས་ལ་མཐེའུ་ཆུང་གཉིས་དང ། མཐེ་བོང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་མེ་མར་གྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཕུ་རུ་ཕུ་རུ་པྲ་ཀ་སཱ་ཡ་སཝཱཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡས་པ་ཁོང་སྟོང་ལ་ཐུར་དུ་བྱས་པ་ནི་དྲིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཀི་ནི་ཀི་ནི་གནྡྷ་ཀརྣ་ཀརྣ་གྷོ་ཤཾ་མེ་ཏྲི་མུ་སཝཱཧཱ། གདུགས་ཀྱི་ཕྱག་རྒྱ་ཉེ་བར་གནས་པ་ནི་ཡང་ལག་པ་གཉིས་ཕན་ཚུན་དུ་མངོན་པར་ཕྱོགས་ནས་གཅིག་ཏུ་སྦྱར་ཞིང་ནང་དུ་ཞུམ་ནས་མཐེ་བོང་ཕྱོགས་སུ་བཞག་པ་ནི་གདུགས་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་གྲིཧྞ་ཚ་པྲ་ཏི་ཡཙྪ་ཏྲཱཾ་ཀ་རཀྵ་ཀ་སཝཱཧཱ། རྔ་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ནས་སོར་མོ་ལྷག་མ་རྡོ་རྗེ་ལྟར་མཚོན་པས་ཕྱོགས་གཉིས་ཀ་བསྐོར་བ་ནི་རྔ་ཡབ་ཀྱི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་ཙ་མ་ར་ཙ་མ་ཀ་ར་པྲི་ཡ་ཀེ་ཊུ་ཊུ་སཝཱཧཱ། རླུང་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་བཀབ་ནས་སོར་མོ་ལྷག་མ་རྣམས་བརྐྱང་སྟེ་རྡོ་རྗེ་ལྟར་མཚོན་ནས་ཡོངས་སུ་བསྐོར་བ་ནི་རླུང་ཡབ་ཀྱི་ཕྱག་
30a
༄#། །རྒྱ་སྟེ།་འདིའི་སྔགས་ནི། ཨོཾ་བྷེ་རེ་བྷ་བྷ་ཡུ་དྷ་ཀཱ་ཡ་སཝཱཧཱ། རྒྱལ་མཚན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡས་པའི་མཐེ་བོང་གིས་མིང་མེད་དང ། མཐེའུ་ཆུང་གི་སེན་མོ་མནན་ནས་མཛུབ་མོ་དང ། གུང་མོ་གཉིས་གཅིག་གི་རྣམ་པ་ལྟར་བྱས་ནས་འོག་ཏུ་བསྐྱོད་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཨོཾ་ཏུ་ཤ་ཏུ་ཀ་ལ་ས་ཧ་ཛ་པྲི་ཡཱ་ཡ་སཝཱཧཱ། གདན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ཡང་ལག་པ་གཉིས་ཀྱི་མིང་མེད་དང ། མཐེའུ་ཆུང་རིམ་གྱིས་མནན་ནས་གུང་མོ་དང ། སྡིགས་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་ལ་སྟེང་དུ་བསྐྱོད་པ་ནི་གདན་གྱི་ཕྱག་རྒྱ་སྟེ་འདིའི་སྔགས་ནི། ཛཱ་ལ་ཛཱ་མ་ཏུ་རུ་ཁེ་ཛ་ཡ་ན་ཏྲི་པྲི་ཡཱ་ཡ་སཝཱཧཱ། །གདན་གྱི་སྔགས་སོ། །འདི་རྣམས་ནི་གནོད་སྦྱིན་གྱི་དབང་པོའི་ཉེ་བར་མཆོད་པ་ཉི་ཤུའོ། །སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ལས་བྱུང་བའི་མཆོད་པ་མཐོང་བ་དང ། ཐོས་པས་རང་བཞིན་གྱི་སྔགས་དང ། ཕྱག་རྒྱས་མཆོད་པ་འདི་ཐམས་ཅད་དབུལ་བར་བྱའོ། །དེ་ནས་བདག་ཉིད་དབུལ་བ་དང ། སྡིག་པ་བཤགས་པ་དང ། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང ། དེ་བཞིན་གཤེགས་
30b
པ་ལ་གསོལ་བ་གདབ་པ་དང ། བསྟོད་པས་མཉེས་པར་བྱ་བ་དང ། གླེང་གཞི་དང ། ཆེད་དུ་བརྗོད་པའི་མདོ་ལ་སོགས་པ་གདོན་པ་དང ། མཚན་བརྒྱ་རྩ་བརྒྱད་པ་གདོན་པ་དང ། མཆོད་སྦྱིན་གྱི་ཚིགས་སུ་བཅད་པས་བསྐུལ་བ་དང ། རྟག་ཏུ་ཆུ་སྦྱིན་པ་དང ། ལྷ་ཐམས་ཅད་ལ་གཏོར་མ་སྦྱིན་པ་དང ། འདི་རྣམས་ཐམས་ཅད་བྱས་ལ་པོ་དེ་ཙེ་སྔགས་ཀྱི་སྐུད་པ་ཡོངས་སུ་བཟུང་ལ་གནོད་གནས་དང་འདྲ་བར་རང་བསྒོམས་པ་ཡི། ཨོཾ་ཡིག་སྤྱི་བོ་དགོད་པར་བྱ། །ཛཾ་ཡིག་ཁ་རུ་ངེས་པར་དགོད། ། བྷ་ཡིག་ལག་པ་གཡས་པར་དགོད། །ལཱ་ཡིག་གཡོན་པར་དགོད་པར་བྱ། །ཛ་ཡིག་སྙིང་གར་དགོད་པའོ། །བརླ་ནི་གཡས་དང་གཡོན་པ་ལ། །ལེན་དྲ་ངེས་པར་དགོད་པར་བྱ། །ཡེ་ཡིག་མཚན་མར་དགོད་པར་བྱ། །དེ་ནས་བློ་དང་ལྡན་པ་ཡིས། །རྐང་པའི་མཐིལ་དུ་སཝཱཧཱ་དགོད། །འདི་རྣམས་གནོད་སྦྱིན་དབང་པོ་རྒྱལ། །གསང་པའི་སྙིང་པོར་རབ་ཏུ་གྲགས། །འདི་རྣམས་གང་ཤེས་བློ་ལྡན་ཡིན། །དེ་ཡིས་དངོས་གྲུབ་འགྲུབ་པར་འགྱུར། །ཇི་ལྟར་ནུས་པར་བཟླས་པ་བྱ། །བདག་ཉིད་བསྲུང་བ་བྱས་ནས་ནི། །སེམས་ཅན་རྣམས་ལ་བསོད་ནམས་གང ། །མཉམ་པར་གཞག་པས་དབུལ་བར་བྱ། །ཇི་ལྟར་འདོད་པས་བླངས་ནས་ནི། །དེ་ནས་གཤེགས་སུ་གསོལ་
31a
༄#། །བར་བྱ། །སྔར་གྱི་སྤྱན་དྲང་ཕྱག་རྒྱ་ལས། །མཐེ་བོ་བརྐྱང་བས་བསྐྱོད་པའོ། །སྔགས་དང་མཆོད་པས་གཤེགས་སུ་གསོལ། །སྔགས་ནི།་ཨོཾ་ཌི་ཌི་ཀི་ཏཱ་ཏེ་བ་ག་ཏ་ཨ་ཛྴ་གཙྪ་གཙྪ་སཝཱཧཱ། རིམ་པ་འདི་ཡིས་སྔོན་དུ་བསྙེན་པ་འབུམ་བྱས་ལ་ཕྱི་ནས་ཇི་ལྟར་འདོད་པར་བསྒྲུབ་པར་བྱའོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་སྲིད་རིམ་པ་འདི་ཡིས་སེམས་ཅན་ཐམས་ཅད་དབུགས་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས། ཤིན་ཏུ་ངོ་མཚར་ཏོ། །བདེ་བར་གཤེགས་པ། ཤིན་ཏུ་ངོ་མཚར་ཏོ། །སེམས་ཅན་ཐམས་ཅད་ཁྱད་པར་སྤྲོ་བ་དང ། དོན་ཐམས་ཅད་སྒྲུབ་པ་དང ། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སེམས་ཅན་གང་གིས་གནོད་གནས་ཀྱི་དབང་པོའི་རྟོག་པ་མཉན་པར་འདོད་པའི་དོན་མ་ལུས་པ་སྒྲུབ་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་གནོད་གནས་ཀྱི་རྟོག་པ་འདི་གསུངས་པ། སྔར་བརྗོད་པའི་ཆོ་གས་སྔོན་དུ་བསྙེན་པ་བྱས་ལ་དེ་ནས་ཡང་གནོད་གནས་ཀྱི་དབང་པོ་ལ་དྲི་དང ། མེ་ཏོག་གི་མཆོད་པ་བྱས་
31b
ན་རྒྱ་མཚོའི་ཆུར་ཞུགས་ལ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་ཡར་ངོའི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུའི་འགྲམ་དུ་ཕྱིན་ནས་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ཏེ་ཉིན་མཚན་གཅིག་ཏུ་སྨྱུང་བར་གནས་ནས་ཁྱོར་བ་འབུམ་གྱི་ཆུ་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །སྦྱོར་བ་འདི་ཉིད་ཀྱིས་པུས་མོ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་སྟོང་ཕྲག་བཅུའི་སྦྱིན་སྲེག་བྱས་ན་གྲོང་བཅུའམ། གསེར་སྲང་སྟོང་རབ་ཏུ་སྟེར་བར་འགྱུར་རོ། །ཆུ་བོ་དེ་ཉིད་ལ་རྐེད་པ་ནུབ་ཙམ་ཆུར་ཞུགས་ནས་པདྨ་ལ་ཞོ་དང ། མར་དང ། སྦྲང་རྩིས་སྤགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་གཏེར་གྱི་བུམ་པ་རྙེད་པར་འགྱུར་རོ། །ཡང་སྦྱོར་བ་དེ་ཉིད་ཀྱིས་ཟར་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །མྱ་ངན་མེད་པའི་ཡམ་ཤིང་ལ་མེ་སྦར་ཏེ་ཨ་པ་མརྐའི་སྙེ་མ་ལ་མར་དང ། སྦྲང་རྩི་སྦགས་ནས་སྦྱིན་སྲེག་སྟོང་བྱས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དབང་དུ་འགྱུར་རོ། ། པ་མྲྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་བ་ཨ་པ་མ་རྐའི་ས་བོན་ཞོ་དང ། མར་དང ། སྦྲང་རྩིས་བྱུགས་ལ་མིང་མེད་དང ། མཐེབ་མོས་བཟུང་ནས་རང་གི་ཁྱིམ་དུ་གཏེར་མཐོང་བར་
32a
༄#། །འགྱུར་རོ། །དེ་ནས་ཉིན་རེ་བཞིན་ཏིལ་གྱི་མེ་ཏོག་ཞོ་དང ། མར་དང ། སྦྲང་རྩིས་སྦགས་ནས་དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་དོན་དུ་གཉེར་པ་དེ་འཐོབ་པར་འགྱུར་རོ། །ཉི་མ་གཅིག་གིས་འཁོར་གཉིས་བརྒྱ་དང་བཅས་པར་མ་བསླངས་པར་བཟའ་བ་དང ། བཅའ་བའང་རྙེད་པར་འགྱུར་རོ། །མྱ་ངན་མེད་པའི་མེ་ཏོག་ལ་ཞོ་དང ། མར་དང ། སྦྲང་རྩིས་བྱུགས་ཏེ་དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གང་གསོལ་བ་བཏབ་པ་དེ་ཐོབ་བར་འགྱུར་རོ། །མྱ་ངན་མེད་ཀྱི་མེ་ཏོག་དང ། ་བ་མྲྒའི་ས་བོན་བསྲེས་ལ་ཞོ་དང ། མར་དང ། སྦྲང་རྩིས་བྱུགས་ལ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་མོ་དབང་དུ་འགྱུར་རོ། །མིང་བཟུང་ནས་སྦྱིན་སྲེག་དེ་ཉིད་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་དེ་ཉིད་ཐོབ་པར་འགྱུར་རོ། །མེ་ཏོག་དམར་པོ་མཉམས་པ་ཡོངས་སུ་བཟུང་ནས་རྒྱ་མཚོར་འབབ་པའི་ཆུ་བོར་ཕྱིན་པ་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་གང་མེ་ཏོག་དེའི་དྲི་ཚོར་བ་དང ། རེག་པ་དེ་རྣམ་པ་ཐམས་ཅད་དུ་དབང་དུ་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་གནོད་སྦྱིན་མོ་རྣམས་འགུགས་པར་འགྱུར་རོ། །ཡང་ཆུ་དེ་
32b
ཉིད་ལ་ཨ་པ་མྲྒའི་ཤིང་གིས་སྦྱིན་སྲག་སྟོང་བྱས་ན་ཉི་མས་མཆོག་སྟེར་བར་འགྱུར་རོ། །དེ་ལྟར་མན་དཱ་ར་བའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་བརྒྱ་བྱིན་གྱིས་མཆོད་སྟེར་བར་འགྱུར་རོ། །ཏིལ་གྱི་མེ་ཏོག་གིས་ནི་ཚངས་པས་མཆོག་སྟེར་བར་འགྱུར་རོ། །བེ་ཏ་ལའི་མེ་ཏོག་གིས་ནི་ནོར་ལྷས་མཆོག་སྟེར་བར་འགྱུར་རོ། །སྔགས་དེ་ཉིད་ཟློས་བཞིན་པས་མཐེའུ་ཆུང་དང ། མཐེ་བོང་གཉིས་ཀྱི་གཟུགས་བརྙན་བཙིར་ནས་ཇི་སྲིད་སྔགས་སྟོང་ཕྲག་བཅུ་བཟླས་པ་དེ་སྲིད་གང་འདོད་པ་དེ་རྙེད་པར་འགྱུར་རོ། །དེ་ནས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །འབུམ་ཕྲག་བཟླས་པས་རྒྱལ་པོ་འགུགས་པར་འགྱུར་རོ། །ཡང་ན་དཀའ་བས་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ན་ཡིད་ལ་གང་འདོད་པས་དེ་རྙེད་པར་འགྱུར་རོ། །རྒྱལ་པོའི་ཨརྒའི་རང་བཞིན་གྱི་ཤིང་ལ་གཟུགས་བརྙན་བྱས་ལ་མ་བཅོས་པའི་ཁ་དོག་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་ཉིད་ཀྱི་མདུན་དུ་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ན་ལག་པ་གཡོན་པའི་མཐིལ་དུ་སྔགས་ཁྲི་མངོན་པར་བཟླས་ལ་གཏེར་གང་ན་ཡོད་པའི་སར་ཕྱིན་ནས་སྟེང་དུ་ལག་པ་བཞག་སྟེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་གཏེར་ཐམས་ཅད་འགུགས་པར་འགྱུར་རོ། །དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་མྱ་ངན་མེད་
33a
༄#། །ཀྱི་རྩ་བ་ན་གནས་པས་ཉིན་མཚན་དུ་གསོ་སྦྱོང་གིས་གནས་ཤིང་ཉིན་མཚན་པར་ཆོད་ཀྱི་ཟས་ཟ་བས་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་བྱས་ན་དགོས་པ་ཐམས་ཅད་སྒྲུབ་པར་ནུས་སོ། །རྒྱ་སྐྱེགས་ཀྱི་ཁུ་བ་དང ། ཞོ་བསྲེས་ནས་སྲེག་བླུགས་སྟོང་བྱས་ན་གསེར་སྲང་སྟོང་སྟེར་བར་འགྱུར་རོ། ། ་པ་མྲྒའི་ཡམ་ཤིང་ཞོ་དང ། མར་དང ། སྦྲ་རྩིས་མངོན་པར་སྦགས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་པས་ཤིན་ཏུ་ཤེས་རབ་འཕེལ་བར་འགྱུར་བ་དང ། ཚིགས་བཅད་སྟོང་ཡང་འཛིན་པར་འགྱུར་རོ། །རྒའི་རྩ་བ་ལ་ཆོ་ག་འདིས་སོར་མོ་དྲུག་པའི་གཟུགས་བརྙན་ཅོད་པན་དང ། ཐོར་ཚུགས་ལྡན་པར་བྱས་ལ་དེའི་མདུན་ཨ་པ་མརྒའི་ཡམ་ཤིང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། སོ་མ་མ་སོ་པི་ཏ་ཀྲི་ནི་ཡ་མི་རི་ཏི་མ་ནི་རི་ཏི་སཝཱཧཱ། །སྔགས་འདིས་སྦྱིན་སྲེག་སྟོང་བྱས་ན་དོང་རྩེ་བརྒྱ་རྙེད་པར་འགྱུར་རོ། །གནོད་གནས་ཀྱི་སྙིང་པོའི་མཆོག་རྙེད་པར་འགྱུར་རོ། །འདི་ཉིད་ཀྱིས་གནས་པས་པུས་མོ་ནུབ་ཙམ་དུ་ཆུར་ཞུགས་ནས་འབུམ་ཕྲག་དྲུག་བཟླས་ན་ནོར་རྙེད་པར་འགྱུར་རོ། །ནིམ་པའི་ཤིང་གི་རང་བཞིན་
33b
ལ་ཆུ་ཞེང་དུ་སོར་བཞིན་མཉམ་པའི་ནོར་བུ་བཟང་པོ་བྱས་ལ་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་གྱིས་བྲིས་ལ་ཉེ་བར་མཆོད་པ་དང ། གཏོར་མ་བྱིན་ནས་དུ་བ་མེད་པའི་མེ་ལ་དུས་གསུམ་དུ་དེའི་མདུན་དུ་རྒྱ་སྐྱེགས་ཀྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ཕྱུག་པོ་རྣམས་དབང་དུ་འགྱུར་རོ། །ལེགས་པར་ཡན་ལག་སྟེར་བ་དང ། །རྨད་གྱུར་ཆེན་པོའི་བརྩོན་འགྲུས་དང ། །ལྟོས་པ་མེད་པའི་སྙིང་རྗེ་དང ། །ཡང་དག་ཇི་བཞིན་སྟོན་པ་དང ། །རྫུ་འཕྲུལ་གྱིས་འགྲོ་གཙོ་པོ་དང ། །ཐམས་ཅད་དུ་ནི་སྐྱོན་མེད་པ། །སྡུག་བསྔལ་པ་ནི་ཉོན་མོངས་ཉམས། །ཛཾ་བྷ་ལ་ཡི་སྒོམ་པ་པོ། །དེ་ནས་ཡང་གནོད་སྦྱིན་གྱི་དབང་པོའི་སྙིང་པོ་རྒྱས་པར་བཤད་པ་ནི་མཆོག་གི་དངོས་གྲུབ་དང ། བསྐུལ་བའི་ཡི་གེ་དང་ཡང་དག་པར་ལྡན་པ་འདི། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ས་མ་ཡ་མ་ནུ་སྨ་ར། མ་ཎི་བྷ་དྲཱ་ཡ། བྷ་ག་བཾ་ཏེ། ཛ་ཙིཏྟ་དཏྭཾ། བྷ་མ་བྷ་མ། དྷུ་རུ་དྷུ་རུ། མ་རི་ཙི་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ་མ་ཎི་བྷ་དྲ།་ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཏུ་ཊི་ཏུ་ཊི་མ་ཎི་བྷ་དྲ། ཏི་ཊི་ཏི་ཊི་མ་ཎི་བྷ་དྲཱ་སཝཱཧཱ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བའི་ཆོ་ག་ཡོད་མ་ཡིན། །རྒའམ་ནི་
34a
༄#། །ནིམ་པའི་ཤིང ། །གཞན་པ་རྣམས་ལ་ནོར་བུ་བཟང་པོའི་གཟུགས་བྱས་ཏེ་དེའི་མདུན་དུ་འདུག་ལ་ཉི་མ་ཕྱེད་ཀྱི་དུས་སུ་དྲ་དང ། མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ནས་ཡུངས་ཀར་གྱི་ཚ་བའི་མར་ནག་དང་བཏགས་པའི་རིལ་བུ་བྱས་ཏེ་ནོར་བུ་བཟང་པོའི་ལྟོར་བཅུག་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་ན་དོང་རྩེ་བརྒྱ་རྙེད་པར་འགྱུར་རོ། །དེ་ཉིད་དུ་ཟད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་ཀྱི་རྟོག་པ་གསུངས་པ། གང་གི་ལོ་མ་བཙོས་པ་ཟ་བ་དང ། བསོད་སྙོམས་ཀྱིས་འཚོ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྒྱ་ཆེ་བའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་དུ་བཟླས་པ་བྱས་ན་ནོར་མང་པོ་རྙེད་པར་འགྱུར་རོ། །ཟླ་བ་དྲུག་ཏུ་ཆུ་ནང་དུ་ཆུའི་སྦྱིན་སྲེག་བྱས་ན་སྟོང་ཕྲག་བརྒྱ་རྙེད་པར་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་དཀར་གསུམ་གྱི་གཏོར་མ་དང ། མཆོད་པ་ཕུལ་ལ་ཨ་ཤཝཐའི་ཡམ་ཤིང་གི་ཞོ་དང ། མར་དང ། སྦྲང་རྩི་སྤགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་བར་སྣང་ལས་སྒྲ་ཐོས་པའམ། ཡིད་ལ་འདོད་པའི་རིག་པ་འཛིན་པའི་འབྲས་བུ་འགྲུབ་བ་དང ། སེམས་ཀྱིས་བྱས་པས་ཚོགས་པར་འགྱུར་རོ། །དེ་བཞིན་དུ་
34b
ལས་སྣ་ཚོགས་གཞན་འགྲུབ་སྟེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་འབུམ་ཕྲག་གཅིག་བཟླས་ནས་དཀར་པོ་དང ། ནག་པོའི་ཕྱོགས་ལ་བསོད་སྙོམས་ཟ་ཞིང་རེ་མོས་ཀྱིས་སྨྱུང་བར་གནས་ནས་གཏོར་མ་དང ། མཆོད་པ་ཆོ་ག་བཞིན་བྱིན་ནས་ཏིལ་ནག་པོ་ལ་ཞོ་དང ། མར་དང ། སྦྲང་རྩིས་སྦགས་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གྲོང་མཆོག་བཅུ་གཉིས་རྙེད་པར་འགྱུར་རོ། །བག་མེད་པས་ལས་མ་གྲུབ་ན་སྟོང་ཕྲག་བཅུའི་ནང་ནས་གྲོང་གཅིག་རྙེད་པར་འགྱུར་རོ། །ཆུ་བོའི་འགྲམ་དུ་ནོར་བུ་བཟང་པོ་བཞག་ནས་མར་དང ། འོ་ཐུག་ཟ་ཞིང་མཆོད་རྟེན་གདུང་དང་ལྡན་པ་ལ་འབུམ་ཕྲག་གཅིག་བཟླས་ནས་གནམ་སྟོང་ལ་མཚན་མོ་སྨྱུང་བར་གནས་པས་ཛ་ཏིའི་མེ་ཏོག་ལ་སྟོང་ཕྲག་བརྒྱད་དུ་རེ་རེ་ལ་མངོན་པར་སྔགས་ནས་མཆོད་རྟེན་ལ་ཕུལ་ན་ནང་བར་ཕྱུགས་སྟོང་ཕྲག་སྟེར་བར་འགྱུར་རོ། །བསོད་སྙོམས་ཟ་ཞིང་རིགས་གཙང་མ་ལ་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གཅིག་ཏུ་བཟླས་ནས་ནག་པོའི་ཕྱོགས་ཀྱི་བརྒྱད་ལ་མཚན་མོ་སྨྱུང་བར་གནས་ལ་འཛམ་བུའི་ཡམ་ཤིང་ལ་མེ་སྦར་ལ་ནཱ་ག་པུཥྤ་ཞོ་དང ། མར་དང ། སྦྲང་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་པ་དང ། མངར་གསུམ་གྱི་བཤོས་གཙང་མ་དང །
35a
༄#། །གཏོར་མ་བྱིན་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང ། བྲམ་ཟེའི་གཟུགས་ཀྱིས་འོངས་ནས་ང་ཡིས་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། །དེ་ལ་སྨྲ་བ་དོང་རྩེ་ལྔ་བྱིན་ཅིག་ཅེས་སྨྲས་པ་དང ། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏེ་ཉིན་རེ་བཞིན་དུ་སྟེར་བར་འགྱུར་རོ། །ལྷག་མ་མེད་པར་ཟད་པར་བྱའོ། ། པདྨ་སྐྱེས་པའི་མཚོའི་འགྲམ་དུ་ཕྱིན་ཏེ་ཆུ་དང་བཅས་པའི་ཕྱེ་ཟ་བའམ། ཡང་ཇི་ལྟར་རྙེད་པའི་ཟས་ཟ་ཞིང་ནོར་བུ་བཟང་པོའི་ཁ་ཕྱིར་བསྟན་པར་བཞག་ལ་གསོལ་བ་བཏབ་ནས་ཇི་སྲིད་དུ་སྟོང་ཕྲག་བརྒྱ་རྫོགས་པར་པདྨོའི་སྦྱིན་སྲེག་བྱས་ན་དེའི་རྗེས་ལ་དཔལ་མོ་འོངས་ཏེ། འོངས་པ་ལ་དེ་ལ་པདྨ་ཉེ་བར་ཕུལ་ནས་དྲི་དང་བཅས་པའི་ཆུའི་ཨརྒྷཾ་བྱིན་ན་དེས་སྨྲས་པ། བུ།་ཅི་ཞིག་བྱ་ཞེས་སྨྲས་ན། སྒྲུབ་པ་པོས་སྨྲ་བར་བྱ་སྟེ། གཏེར་མང་པོ་བདག་ལ་རབ་ཏུ་སྩོལ་ཅིག་དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་གང་དུ་འགྲོ་བ་དེར་ཁྱེར་ནས་ཕྱིན་པ་དེ་ཟད་པ་མེད་པར་འགྱུར་རོ། །ནོར་བུ་བཟང་པོའི་མདུན་དུ་ཟླ་བ་ཕྱེད་དུ་བཟླས་ནས་ཇི་སྲིད་ཟླ་བ་ཉེའི་ནུབ་མོ་སྨྱུང་བར་གནས་པས་ཤ་མེད་པའི་གཏོར་མ་ཕྱིན་ནས། དེ་ནས་ནོར་བུ་བཟང་པོའི་སྙིང་གར་མིང་མེད་བཞག་ནས་ཅི་
35b
སྲིད་དུ་བཟླས་པ་དེ་སྲིད་དུ་གཡོ་བར་འགྱུར་རོ། །དེ་ནས་ཉིན་རེ་བཞིན་དུ་དོང་ཙེ་ལྔ་ལྔ་རེ་སྟེར་བར་འགྱུར་རོ། །ལྷག་མ་མེད་པར་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ཕྱིན་ནས་དུར་ཁྲོད་ཀྱི་ཐལ་བ་ལ་མཆོད་རྟེན་བྱས་ཏེ་བསོད་སྙོམས་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་འབུམ་ཕྲག་གསུམ་བཟླས་ལ་ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ་མཚན་མོ་སྨྱུང་བར་གནས་པས་བཅོམ་ལྡན་འདས་ལ་རྒྱ་ཆེ་བའི་མཆོད་པ་བྱས་ནས་ལྷག་མ་མེད་པར་རབ་ཏུ་ཟད་པར་བྱའོ། །དུར་ཁྲོད་ཆེན་པོར་ནོར་བུ་བཟང་པོ་ལ་ཤ་ཏ་པུཥྤ་ཕུལ་ལ་ཨ་ག་རུ་དང ། དུ་རུ་སྐ་བསྲེས་པའི་བདུག་པ་ཕུལ་ཏེ་གདོང་ཕྱིན་ཅི་ལོག་ཏུ་བཞག་ནས་ཇི་སྲིད་མཚན་ཕྱེད་པ་དེ་སྲིད་དུ་བཟླས་སོ། །དེ་ནས་ཤ་ཟའི་བདག་པོ་རང་འོངས་པ་དང ། སྔར་བཞག་པའི་གཏོར་མ་ཕུལ་ལ་འཁོར་རྣམས་ལ་ཆང་ཡང་དབུལ། དེ་ནས་སྒྲུབ་པ་པོས་གསོལ་བ་གདབ་པར་བྱའོ། །དེ་ནས་དེང་མགུའོ་ཞེས་སྨྲའོ། །སྒྲུབ་པ་པོས་སྨྲས་པ། ཉི་མ་རེ་རེ་གཡོག་རེ་རེ་བྱིན་ཅིག་།དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་མངགས་གཞུག་པ་ལ་སོགས་པར་རབ་ཏུ་སྦྱིན་ནོ། །གཞན་ཡང ། དེ་བཞིན་གཤེགས་པས་ལས་ཀྱི་ཚོགས་བྱ་བ་གསུངས་པ། རིའི་རྩེ་མོར་འཛེགས་ཏེ་ཁྲུ་གང་ཙམ་གྱི་ནོར་བུ་བཟང་པོ་
36a
༄#། །བཞག་ནས་འོ་མ་དང ། འོ་ཐུག་ཟ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གསུམ་དུ་བཟླས་ནས་དེ་ནས་དཀར་པོའི་ཕྱོགས་ཀྱི་ཉ་ལ་ཐུག་པའི་མཚན་མོ་གསུམ་དུ་སྨྱུང་བར་གནས་ནས་ནོར་བུ་བཟང་པོ་ལ་རྒྱ་ཆེ་བའི་མཆོད་པ་བྱས་པ་དང ། གཏོར་མའི་ཆོ་ག་རྒྱ་ཆེ་བ་བྱས་ནས་ཀུ་ཤའི་ཆུན་པོ་དག་བྱིན་ནས་ཇི་སྲིད་སྒྲ་གྲགས་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་དེ་མ་ཐག་ཏུ་གནོད་སྦྱིན་ཐམས་ཅད་ཉེ་བར་འོངས་ནས་དེ་རྣམས་ལ་མེ་ཏོག་དམར་པོ་དང ། དྲི་དམར་པོ་དང ། རྒ་སྦྱིན་པར་བྱའོ། །དུ་རུ་སྐའི་བདུག་པའང་བདུག་པར་བྱའོ། །དེ་ནས་གནོད་སྦྱིན་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས་སྨྲས་པ། ངས་ཁྱོད་ལ་ཅི་བྱེད་ཅེས་ཟེར་བ་དང ། དེ་ནས་དེ་ལ་སྨྲས་པ་དང ། ཉིན་རེ་བཞིན་མངག་གཞུག་རབ་ཏུ་བྱིན་ཅིག་།དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ལ་སོགས་པ་བསམ་གཏན་ཙམ་གྱིས་གནས་པ་ལ་མ་མཐོང་བར་འཁོར་གྱིས་བསྐོར་ནས་གནས་སོ། །གང་དང ། གང་འདོད་པ་དེ་དང ། དེར་ཁང་པ་བརྩེགས་པ་དང ། ལྷའི་བཞོན་པ་སྤྲུལ་ཏེ་སྟོང་ཕྲག་གཅིག་དང་བཅས་པ་ལ་རབ་ཏུ་འདོད་པའི་ཟས་རྣམས་སྟེར་བར་འགྱུར་རོ། །ཉིན་རེ་བཞིན་དུ་གནོད་སྦྱིན་མོར་
36b
སྤྲུལ་ཞིང་འོངས་ནས་ཐོ་རངས་ཀྱི་དུས་སུ་འགྲོ་བར་འགྱུར་རོ། །དེ་ཉིད་ཀྱི་ཚེ་ལོ་སྟོང་དུ་འགྱུར་རོ། །རྒྱ་མཚོའི་འགྲམ་དུ་ནོར་བུ་བཟང་པོའི་གཟུགས་བརྙན་བཞག་སྟེ་བསོད་སྙོམས་ཟ་ཞིང་འབུམ་ཕྲག་གསུམ་བཟླས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་ཐུག་པར་ནུབ་གསུམ་དུ་སྨྱུང་བར་གནས་པས་རྒྱ་མཚོ་ཆེན་པོ་དང་ཉེ་བར་ཕྱིན་ནས་ཅི་སྲིད་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱའོ། །མདུན་དུ་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་ལ་དྲི་དང ། མེ་ཏོག་གི་མཆོད་པ་ཕུལ་ལ་ཨ་ག་རུའི་བདུག་པས་བདུགས་ལ། ཀྱེ།་རིག་པ་འཛིན་པ། མཆོག་གང་འདོད་པ་རབ་ཏུ་སྦྱིན་པར་སྨྲའོ། །དེས་སྨྲས་པ། རྒྱ་མཚོ་ཆེན་པོར་ང་ཐོགས་པ་མེད་པར་འགྲོ་བར་གྱིས། དེ་ལྟར་བྱ་ཟེར་ནས་མི་སྣང་བར་འགྱུར་རོ། །དེ་ནས་རྒྱ་མཚོ་ལ་ཞུགས་ན་རྒྱ་མཚོ་ན་ཡོད་པའི་ནོར་བུ་རིན་པོ་ཆེ་བླངས་ནས་འབྱུང་བར་འགྱུར་རོ། །རྒྱ་མཚོ་\?\་ཡོད་པའི་ཀླུ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཡང་གནོད་སྦྱིན་གྱི་དབང་པོ་དབྱངས་སྙན་གྱི་སྔགས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ།
37a
༄#། །མ་ཎི་ནི་སཝཱཧཱ། རྩ་བའི་དཀར་པོའི་ཕྱོགས་ཀྱི་བརྒྱད་དམ། ཡང་ན་དཀར་པོའི་བཅུ་བཞི་ལ་ཉིན་ཞག་གཅིག་ཏུ་སྨྱུང་བར་གནས་པས་རོ་ཧི་ཏའི་ཉ་ལ་བའི་ལྕི་བ་དང ། མར་གྱིས་བྱུགས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །གཞན་ཡང ། ཉེ་བར་མཆོད་པ་དང ། སྔོན་དུ་འབུམ་ཚོ་གསུམ་བཟླས་ན་ཉ་མ་གོད་པ་ལ་ཞོ་དང ། མར་དང ། སྦྲང་རྩིས་མངོན་པར་བྱུགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །མ་གྲུབ་ནའང་ཀཱ་ར་ཥ་པ་ཎི་སྟོང་ཕྲག་གཅིག་རྙེད་པར་འགྱུར་རོ། །ོཾ་བཛྲ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སཝཱཧཱ། རྩ་བའི་སྔགས་སོ། །དེ་ནས་ཡང་ནོར་བུ་བཟང་པོ་བསྒྲུབ་པར་འདོད་ན་མཆོད་སྦྱིན་གྱི་ཤིང་དཀར་པོ་ལ་ནོར་བུ་བཟང་པོའི་གཟུགས་བརྙན་བྱས་ལ་མཆོད་པ་ཆེན་པོ་རབ་ཏུ་གནས་པར་བྱས་ན་སྡེའི་མདུན་དུ་ཨ་པ་མྲྒའི་ཡམ་ཤིང་ལ་མར་དང ། སྦྲང་རྩིས་ཕྱུགས་ལ་འབུམ་ཕྲག་ཏུ་སྦྱིན་སྲེག་བྱས་ན་འདོད་པའི་འབྲས་བུ་རྙེད་པར་འགྱུར་རོ། །པེ་ཏ་ལའི་མེ་ཏོག་རྣམས་ཀྱིས་འབུམ་ཕྲག་ཏུ་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །ཏིལ་དང ། འབྲས་ཐུག་པོ་ཆེའི་སྦྱིན་སྲེག་འབུམ་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །དེ་ལྟར་ཤ་ཏ་པུཥྤ་དང ། གུ་གུལ་
37b
དང ། ཀུན་ད་དང ། ཙནྡན་དཀར་པོ་དང ། དུ་རུ་སྐ་ལ་སོགས་པ་དེ་རྣམས་རེ་རེ་འབུམ་དུ་སྦྱིན་སྲེག་བྱས་ན་དོང་ཙེ་སྟོང་ཕྲག་རྙེད་པར་འགྱུར་རོ། །ཏིལ་དང ། འབྲས་ཀྱི་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཉེའུ་ཇི་ལྟར་འཚོང་པ་ཉོས་ལ་ཆུ་བོའི་གཞུང་ལ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བརྒྱ་བྱས་ན་སུམ་འགྱུར་གྱི་དོང་ཙེ་རྙེད་པར་འགྱུར་རོ། །རས་བལ་གྱི་ས་བོན་ལ་མར་དང ། སྦྲང་རྩིས་བྱུགས་ནས་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱི་བར་ལ་རས་གཅིག་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་ན་གོས་དང ། བཟའ་བ་རྙེད་པར་འགྱུར་རོ། །འབུམ་བཟླས་ན་དོང་ཙེ་ལྔ་སྟོང་རྙེད་པར་འགྱུར་རོ། །འབུམ་ཚོ་གཉིས་བཟླས་ན་གྲོང་རྙེད་པར་འགྱུར་རོ། །འབུམ་ཚོ་གསུམ་བཟླས་ན་ལོངས་སྤྱོད་ཆེན་པོ་རྙེད་པར་འགྱུར་ཞིང་གྲོང་བརྒྱད་ཀྱི་བདག་པོར་འགྱུར་རོ། །བེའུའི་ལྕི་བ་ལ་སྦྱིན་སྲེག་སྟོང་བྱས་ན་བ་གླང་སྟོང་རྙེད་པར་འགྱུར་རོ། །གཞན་ཡང ། དུད་འགྲོ་རྣམས་ཀྱི་ལུས་ལ་ཞོ་དང ། སྦྲང་རྩིས་སྦགས་ལ་ཉིན་རེ་བཞིན་སྦྱིན་སྲེག་བྱས་ན་ར་ལུག་ལ་སོགས་པ་རྙེད་པར་འགྱུར་རོ། །བ་ལང་གི་ལྷས་ཀྱི་ནང་དུ་ཀུ་ཤའི་མེ་ཏོག་མར་དང ། སྦྲང་རྩིས་སྦགས་ལ་ཉིན་རེ་བཞིན་སྦྱིན་སྲེག་བྱས་ན་འབྱུང་པོ་དང ། ཤ་ཟ་དབང་དུ་
38a
༄#། །འགྱུར་རོ། །རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ལྟར་འདོད་པ་རྙེད་པར་འགྱུར་རོ། །ཡང་བ་ལང་གི་ལྷས་ཀྱི་ནང་དུ་འོ་མ་དང ། འོ་ཐུག་ཟ་ཞིང་ཤྲི་རི་པ་ལའི་ཡམ་ཤིང་ལ་སྦྱིན་སྲེག་འབུམ་བྱས་ན་གང་འདོད་པའི་གསོལ་བ་བཏབ་པ་དེ་རྙེད་པར་འགྱུར་རོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ལ་ཟླ་བའམ། ཉི་མ་གཟས་གཟུང་བ་ལ་ལྡོང་རོས་དང ། གི་ཝང་སྲང་ལྔས་ཨ་ཤཝཏྠའི་འདབ་མ་བཞི་ལ་གཡས་སྐོར་གཡོན་སྐོར་དུ་བཞག་ནས་ཡང་འདབ་མ་བཞིས་གཡོགས་ལ་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དུ་བ་དང ། འབར་བས་འདི་ལྟར་ས་བླ་ས་འོག་ས་སྟེང་གསུམ་འགྲུབ་པར་འགྱུར་རོ། །བ་ལང་གི་ལྷས་ཀྱི་ནང་ངམ། ཆུ་བོ་འདུས་པར་བསོད་སྙོམས་ཟ་བའམ། འོ་ཐུག་ཟ་བས་ཨརྒའི་འོ་ཐུག་མར་དང ། སྦྲང་རྩིས་བྱུགས་ནས་སྟོང་ཚོ་ལྔ་སྦྱིན་སྲེག་བྱས་ན་རང་ཉིད་ཀྱིས་ནོར་གྱི་བདག་པོ་ནོར་བུ་བཟང་པོ་ནོར་གྱི་བདག་པོ་ནོར་དང་བཅས་པ་མཐོང་བར་འགྱུར་རོ། །ང་མགུའོ་ཞེས་དེ་སྨྲ་ན་མཆོག་བརྒྱད་གང་འདོད་པ་སྟེར་བར་འགྱུར་རོ། །རྒྱལ་པོ་དང ། གཏེར་དང ། རྫུ་འཕྲུལ་གྱིས་འཆག་པ་དང ། རིག་པ་འཛིན་པ་དང ། ཐམས་ཅད་དབང་དུ་བྱེད་པ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང །
38b
འབྱུང་པོ་དང ། ཤ་ཟ་དང ། གྲུལ་བུམ་དང ། ལུས་སྲུལ་པོ་རྣམས་དབང་དུ་འགྱུར་རོ། །དྲན་པ་ཙམ་གྱིས་མདུན་དུ་འདུག་པར་འགྱུར་རོ། །རྐང་བཞི་པ་ལ་སོགས་པའི་སེམས་ཅན་ཤི་བ་རབ་ཏུ་ཞི་བར་བྱེད་པ་དང ། ས་འོག་ཏུ་འཇུག་པ་དང ། ནམ་མཁའ་ལ་འགྲོ་བ་དང ། ས་འོག་གི་འཁྲུལ་འཁོར་རབ་ཏུ་འཇིག་པ་དང ། ཆུ་རེངས་པ་དང ། བཅུད་ལེན་དང ། ཚར་བཅད་པ་དང ། རྗེས་སུ་བཟུང་བ་བརྒྱད་པོ་འདི་རྣམས་ལས་དེའི་མདུན་དུ་གང་ན་གང་གཅིག་བླང་བར་བྱའོ། །དེས་གང་ཅི་འདོད་པ་དེ་སྟེར་བར་འགྱུར་རོ། ། པདྨ་མར་དང ། སྦྲང་རྩིས་བྱུགས་ནས་འབུམ་དུ་སྦྱིན་སྲེག་བྱས་ན་པདྨ་རཱ་ཀའི་ནོར་བུ་རྙེད་པར་འགྱུར་རོ། །དེ་ལྟར་ཨུཏྤ་ལ་སྔོན་པོ་དང ། ཀུ་མུ་ད་རྣམས་དྲི་ཞིམ་པོ་དང་ལྡན་པས་ཁ་དོག་སྣ་ཚོགས་པའི་ནོར་བུ་རིན་པོ་ཆེ་རྙེད་པར་འགྱུར་རོ། །ཡུངས་ཀར་དཀར་པོ་མར་དང ། སྦྲང་རྩིས་བྱུགས་ལ་གང་གི་མིང་ནས་བཟུང་ནས་སྦྱིན་སྲེག་བྱས་ན་མཚན་མོ་བདུན་གྱིས་དབང་དུ་འགྱུར་རོ། །ཏིལ་ནག་པོ་ལ་མར་དང ། སྦྲང་རྩིས་སྦགས་ལ་འབུམ་དུ་སྦྱིན་སྲེག་བྱས་ན་ནོར་ཉེ་བར་འཕེལ་བར་འགྱུར་རོ། །རྒའི་ཤིང་ལ་མེ་བཏང་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱིས་ནད་ཞི་བར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཤ་ཏ་པུཥྤ་དང ། ཀུན་ད་དང ། ཏ་ཀ་ར་
39a
༄#། །དང ། བ་ཤ་ཀ་དང ། དུ་རུ་སྐ་དང ། གུ་གུལ་རྣམས་ཇི་ལྟར་འཚོང་བ་ཉོས་ལ་མཆོད་པ་བྱས་ནས་མར་དང ། སྦྲང་རྩིས་སྔགས་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་ཉི་མ་བདུན་ན་བདུན་འགྱུར་གྱི་ནོར་རྙེད་པར་འགྱུར་རོ། །འབུམ་ཕྲག་བཞི་བཟླས་ན་བདག་དང ། གཞན་ཉེ་བར་འགྱུར་བར་བྱེད་དོ། །ཡུལ་སྲུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཀི་ཎི་ཀི་ཎི་གྷ་ཊྚ་ཀ་རྞ་སཝ་བ་ནཾ་མེ་དྷ་ར་ས་མ་ཡེ་སཝཱཧཱ། ཨརྒའི་མར་ཁུས་ཀུ་མུ་དའི་མེ་ཏོག་སྦྱིན་སྲེག་བྱས་ན་རྨི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཀི་ཎི་ཀི་ཎི་གན་ཌ་ཀརྞ་ཙི་ཏྲཾ་མེ་དྷ་ར་ཡཱ་ཡ་སཝཱཧཱ། དོན་ངེས་པར་སྟེར་ན་ཆོ་ག་ཇི་ལྟར་བརྗོད་པ་བཞིན་ནོ། །འཕགས་པ་གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་དང ། བོད་ཀྱི་ལོཙྪ་བ་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །།