rKTs


H718

(e-text produced by ACIP)

see text in transliteration
127b
རྒྱ་གར་སྐད་དུ། ཨཱརྱ་པྲ་དཀྵཱ་རཏྣ་ཏྲ་ཡཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དཀོན་མཆོག་མཆོག་གི་རྟེན་ལ་བསྐོར་བ་བྱ་བའི་གཟུངས་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ོཾ་ན་མོད་ཤ་དི་ཀ་\?\་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མ་མ་པྲ་དཀྵ་སུ་པྲ་དཀྵཱ། སརྦ་པཱ་པཾ་བི་ཤོ་དྷ་ནི་སཝཱཧཱ། གཟུངས་འདི་
128a
༄#། །ལན་གཅིག་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་པར་འགྱུར་རོ། །ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར། སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ། །དགྲ་དང ། བགེགས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །ནད་དང ། གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །བསྐོར་བའི་གཟུངས་རྫོགས་སོ།། །།