rKTs


H800

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། དེ་བཱི་ཛཱ་ལི་མཧཱ་མཱ་ཡཱ་ཏནྟྲ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་གསུངས་པ་ཉིད་དུ་གྱུར་པའི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པའི་རྣལ་འབྱོར་ཆེན་པོ་
2a
༄#། །དང ། རྣལ་འབྱོར་མ་ཆེན་མོ་དང ། ཤིན་ཏུ་མོས་པ་ཆེན་མོ་དང ། མོས་པ་དང་བཅས་པ་སྲུང་བར་བྱེད་པ། རབ་ཏུ་རྣམ་པར་སྲུང་བར་བྱེད་པ། ཉེ་བ་མོ་དང་བཅས་པ། ཉེ་བར་ཞི་བ་ཆེན་པོ་དང ། ཞི་བར་མཛད་པ་ཆེན་པོ་མཛེས་པ་དང་མདོག་ཏུ་ལྡན་པ། ཤེས་པ་དང་སྐྱབས་སུ་ལྡན་པ་ནི། འདི་ལྟ་སྟེ།་གཙོ་བོ་རྣལ་འབྱོར་འཁོར་ལོ་ཞེས་བྱ་བ་དང ། རྣལ་འབྱོར་ཆེན་པོ་རྡོ་རྗེ་ཉིད་དུ་འདུས་པ་ཞེས་བྱ་བ་དང ། རྣལ་འབྱོར་ཆེན་པོ་བཏང་སྙོམས་ཞེས་བྱ་བ་དང ། རྣལ་འབྱོར་ཆེན་པོ་དབང་དུ་མཛད་པ་ཞེས་བྱ་བ་དང །
2b
རྣལ་འབྱོར་ཤིན་ཏུ་རྣམ་པར་རྒྱ་གྲམ་གྱི་ཚུལ་འཛིན་པ་དང་བཅས་པ་ནི། ཅིར་ཡང་སྟོན་པའི་གཟུགས་ཀྱིས་ཁ་དོག་བཞི་དང་ལྡན་ཏེ་འདུག་པའི་ཆ་ལུགས་ཀྱིས་ཅོད་པན་ལྔ་དང་ལྡན་ཏེ། མ་བསྒྲིབས་མི་སྒྲིབ་བསྒྲིབས་པ་མི་འགོག་བསྒྲིབ་ཏུ་མེད་པའི་དབྱིངས་ནས་ཡང་དག་པའི་གཞལ་ཡས་ཆེན་པོ་ན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེས་སྐུ་མ་བཀག་པས་མཛད་པ་བསམ་གྱིས་མི་ཁྱབ་པས་བཞུགས་སོ། །དེ་ཡང་འདི་ལྟར་སོ་སོར་གསལ་བར་མཉམ་པ་ཆེན་པོ་དང་འཁོར་དང་བཅས་པ་མཉམ་པ་ཆེན་པོས་ཡོ་བྱད་ཆེན་པོ་ནི། ཀུན་གྱི་གདུང་འཛིན་པའི་རང་བཞིན་དུ་གནས་པ་ནི་བརྟེན་པས་ཕྱིན་ཅི་མ་ལོག་པ་དང ། གཉིས་སུ་དུ་མ་མེད་པ་ནི། གཟུངས་རྣལ་འབྱོར་མ་ཆེན་མོ་སྟེ། བྱང་ཆུབ་ཆེན་མོ་ནམ་མཁའ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་ནམ་མཁའ་
3a
༄#། །འཛིན་མ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་ས་སྲུང་མ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་རླན་པར་བྱེད་པ་ཆེན་མོ་དང ། བྱང་ཆུབ་ཆེན་མོ་རྣམ་པར་ཁེངས་པ་སྤངས་པ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་ལས་གྲུབ་པར་མཛད་མ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་རྡོ་རྗེ་རབ་ཏུ་ཆགས་པ་ཆེན་མོ་འཛིན་ཞེས་བྱ་བ་དང ། རབ་ཏུ་མ་ཆགས་པ་གསོད་ཅེས་བྱ་བ་དང ། བྱང་ཆུབ་ཆེན་མོ་རབ་ཏུ་རྨོངས་སེལ་ཞེས་བྱ་བ་དང ། བྱང་ཆུབ་ཆེན་མོ་གསུང་གི་འཁོར་ལོ་མ་ཞེས་བྱ་བ་སྟེ། དེ་དག་ཀྱང་འདི་ལྟ་སྟེ། ཤིན་ཏུ་ཨུཏྤལ་ལྟ་བུའི་མདོག་དང ། ཤག་ཀྲ་དང ། བཻ་ཌཱུརྱ་དང ། པདྨ་རཱ་ག་དང ། སྨ་གརྦྷ་ལ་སོགས་པ་རྫས་ཀྱི་བསྔགས་པས་འཕགས་པར་འཚེར་བ་མ་སྨིན་པ་མེད་པར་བཞུགས་པ་ནི། རྣལ་འབྱོར་མ་ཀུན་ཏུ་བཟང་
3b
པོ་འཁོར་དང་བཅས་པའོ། །དེ་ཡང་གུས་པ་ཆེན་པོ་གསང་བ་དང ། གུས་པ་ཆེན་པོ་སྣ་ཚོགས་པའི་དྲི་དང ། གུས་པ་ཆེན་པོ་དབང་སྒྱུར་བ་ནི། གསང་བའི་དབང་པོ་ཞེས་བྱ་བ་དང ། གསལ་བ་འཛིན་བྱེད་མ་དང ། རྣམ་པར་དྲིའི་གནས་སུ་གྱུར་བ་དང ། རྣམ་པར་སྒྲ་བྱེད་པའི་གཟུགས་འཛིན་པའོ། །དེ་ཉིད་མཐོང་བར་བྱེད་པའི་དབང་པོ་དང ། ཉན་པར་བྱེད་པའི་དབང་པོ་དང ། བསུང་བྱེད་ཆེན་པོའི་དབང་པོ་དང ། བཏང་བ་ཆེན་པོའི་དབང་པོ་དང ། ཤིན་ཏུ་གཏོང་བར་མཛད་པ་དང ། ཤིན་ཏུ་རྟོག་པར་མཛད་པ་དང ། ཤིན་ཏུ་འཛིན་དབང་ཆེན་པོ་དང ། ཤིན་ཏུ་གྲུབ་པར་མཛད་པ་དང ། ཆ་ལུགས་མི་གཏོང་བའི་བཙུན་མོ་དང་བཅས་པའོ། །ཡོད་པ་རྣམ་པར་རྟོག་པར་མཛད་པ་དང ། མེད་པ་སེལ་བར་མཛད་པ་དང ། རྣམ་པར་འདུ་ཤེས་རྒྱལ་བ་ཡིན་པར་མཛད་པ་དང ། ཤིན་ཏུ་འགོག་པ་རྣམ་པར་འཇོམས་པ་ཆེན་མོ་དང ། མངོན་སྤྱོད་ཀྱི་ལས་ཀྱིས་གཉིས་སུ་མེད་པར་འཁྲིལ་ནས་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་གཞལ་ཡས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གསང་བ་ཆེན་མོའི་རྣལ་འབྱོར་མའི་གཞལ་ཡས་སུ་དགྱེས་ནས་མ་སྐྱེས་པའི་དབྱིངས་ཤེས་རབ་ཀྱི་ཚོགས་ཆེན་མོ་མུ་ཁྱུད་ཀུན་དང་ལྡན་པ། ཟླ་རྒྱས་ལྟ་བུའི་དཀྱིལ་འཁོར་མཐའ་དབུས་མེད་པར་ཁྱབ་པ། རིན་པོ་ཆེ་ཀུན་དང་ལྡན་པ། གྲ་དང་ངོས་དང་ཁ་དོག་དང་
4a
༄#། །དབྱིབས་རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆ་ལུགས་ཀྱིས་རྣམ་པར་མཛེས་པ། ཡིད་བཞིན་ཆེན་པོའི་རྒྱན་གྱིས་རྣམ་པར་སྤྲས་པ། སྣ་ཚོགས་པའི་བྱེ་བྲག་གིས་རྒྱལ་བ་རྣམས་ཀྱི་གདུང་འཇིན་པ། །སྒྱུ་འཕྲུལ་ཆེན་པོའི་སྒོ་བཞི་དང་ལྡན་པ། ཐེག་པ་ཕྱིའི་རྣལ་འབྱོར་རྣམས་ཀྱི་ཐེག་པ་ཆེན་པོ་འབབ་གཞོལ་དགེ་སྡིག་ཆེན་པོའི་མཆོག་ཤིན་ཏུ་གསང་བ་ཆེན་མོ་དང་བཅས་པ། པདྨ་ཆེན་པོའི་དབུས་ན་ལྕེ་ཁ་དོག་བཞིའི་བྱེ་བྲག་གིས་མཛེས་པར་གྱུར་པ།་ཕྱོགས་བཞི་བྲེ་བ་རིམ་པ་གསུམ་གྱི་ཆ་ལུགས་ཀྱིས་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་སྒྲིབ་པ་མཆོག་ཏུ་སེལ་བ་སྟེ་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་གདུང་བ་མཆོག་ཏུ་སེལ་བར་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འཛུམ་པ་ཆེན་པོས་རབ་ཏུ་ཆགས་པ་ཆེན་པོ་ལ་དབང་སྒྱུར་བར་དགྱེས་ཏེ། གསང་བ་ཆེན་མོའི་མཁའ་ལ་པདྨ་དབང་གི་མདོག་གིས་རྒྱས་པར་མཛད་དེ། ཨོཾ་སུ་ར་ཏྭ་སུ་ཁེ་ཞེས་བརྗོད་པས་རྡོ་རྗེ་རིགས་བསམ་གྱིས་མི་ཁྱབ་པ་བཙུན་མོ་དང་བཅས་པར་གྱུར་རོ། །དེ་ནས་རབ་ཏུ་འདི་བརྗོད་པར་མཛད་དོ། །བཞི་པ་ཁ་དོག་དཀར་ལ་འཚེར།
4b
བཏང་སྙོམས་ཀུན་གྱི་སྤྲོ་བསྡུ་ཡིས། །གསུམ་པ་རྫོགས་པར་གསལ་བ་དང ། །ཕྱག་རྒྱའི་ཚོགས་མཆོག་དེ་དག་ལས། །རྒྱལ་མོ་དག་དང་མཉམ་དུ་དགྱེས། །ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། །བཅུ་གསུམ་པ་ཡི་ཆ་ལུགས་ཀྱིས། །ཆེ་ཆུང་མེད་པར་གསལ་བར་བསྒོམ། །དབུ་ལ་གཉིས་པའི་ཡི་གེར་ལྡན། །གསལ་བ་ཉིད་ཀྱི་དུས་དག་ཏུ། །ཅོད་པན་ལྔ་ཡི་རིན་ཆེན་ལས། །རྒྱན་གྱི་རིགས་ནི་གསལ་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་རྒྱན་དམ་པ་ཞེས་བྱ་བའི་ཕྱག་རྒྱའོ། །གསུམ་པ་མཐིང་འབར་ཡི་གེ་ཆེ། །རིགས་ཀྱི་རིན་ཆེན་སྤྲོ་བསྡུ་ལས། །ཕྱག་རྒྱར་གསལ་བས་སྐུར་གསལ་བ། །རྒྱལ་མོ་དག་དང་མཉམ་དུ་དགྱེས། །སྒྲིབ་པ་ཀུན་སྤངས་སྡིག་མེད་སྡོམས། །གཉིས་པ་ཡི་ནི་ཡི་གེ་ལས། །ཅོད་པན་ལྔ་ལྡན་ཡི་གེར་གསལ། །ཐམས་ཅད་བློ་སྦྱངས་ཡིད་བཞིན་གཏེར། །མཉམ་པ་འཁྲིལ་བའི་ཚུལ་འཛིན་པ། །རིན་ཆེན་རིགས་ཀྱི་ཕྱག་རྒྱར་གསལ། །ལས་ཐམས་ཅད་ཀྱི་མཆོག་རྒྱལ་མོ་རྣམ་པར་རོལ་པའི་ཕྱག་རྒྱའོ། །པདྨ་རཱ་ག་འདྲ་བའི་མདོག་།ཆོས་སྐུ་ཟླ་ཚེས་རབ་ལྡན་པ། །གསལ་བའི་ཁ་དོག་མཛེས་པ་ནི། །ཐམས་ཅད་མ་ལུས་དབང་དུ་མཛད།། སྦྱར་དང་བསྐྱེད་དང་བསྡུ་བ་ཡིས། །ཕྱག་རྒྱར་གསལ་བས་དབང་གི་སྐུ། །བཙུན་མོ་དག་དང་མཉམ་དུ་དགྱེས། །གཉིས་སུ་མེད་པར་འཁྲིལ་བ་ཡིས། །དབུ་རུ་ཡི་གེ་གཉིས་པ་ལྡན། །
5a
༄#། །རིན་ཆེན་རིགས་ཀྱི་སྤྲོ་བསྡུ་ལས། །ཅོད་པན་རིགས་ལྔ་ཁ་དོག་སྟེ། །ཇི་བཞིན་པ་ཡི་ཏིང་འཛིན་གྱིས། །ཕྱག་རྒྱ་བཞུགས་ཚུལ་པདྨའི་ཚུལ། །མཉམ་པར་བསམ་པས་དཀྱིལ་འཁོར་ཡིན། །མི་འབྱེད་པ་ཡི་ཏིང་འཛིན་གྱིས། །རྫོགས་པའི་དཀྱིལ་འཁོར་ཀུན་འདུས་མཆོག་།པདྨའི་རིགས་ཀྱི་ཕྱག་རྒྱར་གསལ། །མུན་པ་སེལ་བའི་མར་མེ་བཞིན། །གསལ་དག་ཡིད་གཉིས་མེད་པར་བསྒོམ། །ཆུ་སྐྱེས་འཛུམ་པའི་འོད་དུ་ལྡན། །སྟེག་དང་སྤྲོད་པའི་རོལ་མོ་ཡིས། །དགྱེས་ཤིང་མཉམ་པའི་མཆོད་པར་བཤམ། །འདི་ལྟར་གསལ་བས་དབང་ཡང་རྫོགས། །ཐམས་ཅད་སྡུད་པ་ཞེས་སུ་བྱ། །དེ་བཞིན་དབང་སྟེ་ལས་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དུས་གསུམ་པ་ཡི་མཛད་པ་ཆེ། །རིགས་ཀུན་འདུས་པ་བདེ་གཤེགས་ལས། །མཉམ་པ་ཇི་བཞིན་ཏིང་འཛིན་ཏེ། །ཡི་གེ་འབྲུ་གཅིག་ཀུན་གྱི་མཆོག་།བཤད་པས་ཁྱད་པར་ལས་ཀུན་རྫོགས། །ཆུ་སྐྱེས་གསལ་བའི་འདབ་མ་སྟོང ། །གཉིས་སུ་མེད་པར་གསལ་བ་ནི། །རྣམ་པ་གཉིས་ཀྱི་བྱེ་བྲག་གིས། །འདུས་པ་གསལ་བས་སྐུར་གྱུར་པ། །འདོད་ཅིང་ཆགས་པ་མ་ཡིན་ཞིང ། །བློ་ལ་ཡིད་གཉིས་མེད་པ་དང ། །ཕྱག་རྒྱར་གསལ་བས་རྒྱལ་བའི་སྐུ། །རྒྱལ་མོ་དང་ནི་མཉམ་དུ་དགྱེས། །དབུ་གཉིས་པ་ཡི་ཡི་གེར་ལྡན། །སྦྱིན་པ་རྒྱ་ཆེན་ཁེངས་པ་ན། །རང་གི་འདོད་པའི་
5b
གནས་སུ་བསྡུ། །བོང་ཚོད་ལོ་གྲངས་ཁྱད་པར་མེད། །གཉིས་སུ་མེད་པར་འཁྲིལ་བར་གསལ། །དུས་ཀུན་དུ་ནི་མཉམ་ལྡན་པས། །གསང་བའི་མཆོད་པ་རབ་ཏུ་རྫོགས། །ཟླ་རྒྱས་ལྟ་བུའི་གཙོ་བོ་བསྒོམ། །ཆགས་པ་མེད་པར་འདོད་སྡུད་པའི། །ཡུམ་དང་ལྷན་ཅིག་བསྒོམ་པ་ནི། །ཱ་ལི་ཀཱ་ལི་བྱེད་པའི་དོན། །ཕྱག་རྒྱ་ལས་ཀྱི་བྱེ་བྲག་གིས། །བདེ་བ་ཆེན་པོའི་ཚུལ་གནས་པ།། རྒྱལ་བ་ཀུན་ཀྱང་དེ་བཞིན་མཐུན། །ཕྱག་ལག་སྣོལ་མར་གནས་པ་ཡི། །ཀུན་ཀྱང་སེམས་དཔའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཐལ་མོ་རྡོ་རྗེ་ནི། །ཀུན་ཀྱང་ཡུམ་གྱི་རྒྱབ་ཏུ་བསྣོལ། །ཞལ་གཉིས་མཛེས་པར་རབ་རྒྱས་ནས། །ཟླ་གམ་པ་ཡི་ལྗགས་གཉིས་མཛེས། །དུང་གི་ཕུར་བུས་མཁུར་ཚོས་ལ། །གདབ་ཅིང་བསྡེབས་པའི་ཚུལ་དུ་བཞུགས། །བསྙེན་པ་ཉེ་བསྙེན་དབང་རྫོགས་པ། །རྒྱལ་བ་ཀུན་གྱི་སྐུ་ཡི་མཆོག་།བཞད་དང་འཛུམ་པའི་གཙོ་གཟུངས་བསྒོམ། །རྣལ་འབྱོར་དཀའ་ཐུབ་ཆེན་པོའི་དོན། །གསང་བ་སྤྱོད་ལ་ཤིན་ཏུ་དགྱེས། །གསང་བ་ཉིད་དུ་སེམས་ཅན་འདྲེན། །ཐམས་ཅད་ཀུན་གྱི་རྨོངས་པ་སེལ། །ཡུམ་གྱི་ལས་ཀྱི་ཁྱད་པར་ནི། །ས་ཡི་རིམ་པ་ཀུན་སྦྱོང་ཞིང ། །ཟས་ལ་བགོ་ལ་དབང་མེད་པ། །ཉན་ཐོས་འགོག་པ་ལ་སོགས་པ། ། བྱང་ཆུབ་སེམས་ཀྱི་ཆར་ཆེན་གྱིས། །དམ་པོར་བཅིངས་པ་ཚར་གཅོད་མཛད། །དམ་ཚིག་ཆེན་པོ་སྡོམ་པ་སྟེ། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཡིན། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་
6a
༄#། །ནི། །དག་པ་དོན་གྱི་རིགས་མཆོག་ཡིན། །མྱུར་བར་རྟག་ཏུ་མ་ཡེངས་ན། །གདོན་མི་ཟ་བར་འགྲུབ་པ་ནི། །འདོད་ཁམས་ལྷ་ཡི་ཉིན་ཕྱེད་ཀྱིས། །གསང་བ་ཀུན་དང་མཉམ་པར་འགྱུར། །དེ་བཞིན་གཤེགས་པའི་གསང་བ་མཉམ་པ་ཞེས་བྱ་བའི་ཕྱག་རྒྱའོ། །ཀུན་ཏུ་བཟང་པོ་རྣལ་འབྱོར་མཆོག་།གསང་བ་ཉིད་ཀྱི་མཁའ་དབྱིངས་ནས། །ཡི་གེ་ཨ་ལྡན་ཚེག་དྲག་བཅས། །རྣལ་འབྱོར་བདེ་ཆེན་ཐུགས་ཀྱི་སྲས། །གཟུགས་ཁམས་ལ་སོགས་བྱིན་བརླབས་ནས། །ཕྱག་མཚན་འཁོར་ལོར་གསལ་བ་དང ། ། བདེ་བ་རྣལ་འབྱོར་དེ་བཞིན་གཤེགས། །བཙོ་མ་གསེར་གྱི་ཁ་དོག་ལ། །ཉི་མ་ཟེར་གྱི་འོད་བཞིན་དུ། །གསལ་བ་འཚེར་བ་བཅོམ་ལྡན་འདས། །དབུ་རུ་ཡི་གེ་གཉིས་པ་ལས། །རིན་ཆེན་མྱུ་གུ་ཁང་པ་འབར། །སངས་རྒྱས་ལྔ་ཡི་དབུ་རྒྱན་གྱིས། །ལེགས་པར་བརྒྱན་པ་མཚན་རྣམས་རྫོགས། །རྫོགས་པ་ཆེན་པོའི་བཞུགས་ཚུལ་དང ། །ཏིང་འཛིན་མཐུན་པས་འགྲོ་ལ་དམིགས། །པདྨ་གེ་སར་དབུས་གནས་པའི། །ཐིག་བཞི་གསང་བ་བཞི་དང་ལྡན། །མདུན་དུ་ལྷ་མོ་ཆགས་པ་མོ། །ལོ་གྲངས་ཉི་ཤུ་མཛེས་དང་ལྡན། །མཧཱ་སུ་ཁའི་གནས་ལ་དགྱེས། །མཛེས་པའི་ལག་པ་གར་དང་ཆས། །གཉིས་སུ་མེད་པའི་བཞུགས་ཚུལ་ནི། །གཙོ་ལ་བརྟེན་པའི་ཚུལ་དུ་བཞུགས། །རྒྱབ་ཏུ་ལྷ་མོ་དགྱེས་ཆེན་མོ། །སངས་རྒྱས་
6b
བརྟེན་པར་མཛད་ཚུལ་གྱིས། །ཐལ་མོས་འཛིན་པ་སྐུ་བརྟན་པ། །སྐུ་ཚེ་བཅུ་དྲུག་རྩ་དམར་སྐུ། །སངས་རྒྱས་གདུང་འཛིན་ཆགས་པས་སྤྱོད། །འདོད་ཆགས་ཅན་དང་མཐུན་པར་མཛད། །གཡས་སུ་ཞེ་སྡང་གདུལ་བ་མོ། །རྡོ་རྗེ་པདྨོ་སྦྱོར་ལ་དགྱེས། །མ་དད་པ་རྣམས་དབང་མེད་པར། །དྲག་པོར་སྦྱོར་མཛད་ཞེ་སྡང་སེལ། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །གཉིས་སུ་མེད་པར་སྦྱོར་བ་ཡིས། །གཏོང་པ་མེད་པར་བསྟན་པའི་ཚུལ། །སྔོ་བསངས་མདངས་ལྡན་ཁྱད་པར་ཆེ། །ཁྲུ་ཚད་བཅོ་ལྔ་ཆགས་པ་ཅན། །དུས་མཐའ་མེད་པར་སྦྱོར་ལ་དགྱེས། །སྟེག་དང་སྒེག་པའི་ཆ་ལུགས་ཀྱིས། །སེམས་ཅན་ཀུན་གྱི་སྡུག་བསྔལ་འཁྲུ། །རབ་ཏུ་སྐམ་པ་འགོག་པ་རྣམས། །བརླང་ནས་རྒྱལ་བའི་སྲས་སུ་འགྱུར། །ཏྟྭ་མ་ལིའི་འཕྲིན་ལས་ཀྱིས། །ཐམས་ཅད་བྱང་ཆུབ་ཆེན་པོར་མཛད། །མིག་གཉིས་འཛུམ་དང་སྦོམ་པོ་ཡིས། །དབང་མོར་ལྡན་པར་བྱས་པ་ན། །གཉིས་སུ་མེད་པར་སྦྱོར་འདོད་ཡིན། །སྣ་ཡི་རྩེ་མོར་མཐེའུ་ཆུང་འཛིན། །མ་བཏང་བཞུགས་ལ་བརྩོན་བྱོས་པའོ། །སོ་རྣམས་བསྡམས་ནས་ཁ་ཕྱེ་བ། །དུས་ལ་བབ་ཅེས་བྱ་བ་སྟེ། །ཏིང་འཛིན་གསལ་བར་རྒྱུ་བ་ན། །དུས་ལ་བབ་ཅེས་བྱ་བ་ཡིན། །འདི་ལྟར་བརྡ་ལྡན་ཏིང་འཛིན་ལ། །དམ་ཅན་བུད་མེད་མི་འདུད་པ། །དངོས་གྲུབ་མི་འགྱུར་དམ་ཚིག་ཉམས། །ཚེ་རབས་ཀུན་ཏུ་བརླག་པར་འགྱུར། །འདི་ལྟར་རྩེན་པར་བྱེད་པ་ན། །གཡན་པ་བསླང་
7a
༄#། །པ་རྣམ་བཞི་ཡིས། །སྐྱེས་བུ་ན་ཆུང་ཚུལ་བཞིན་དུ། །རྡོ་རྗེ་པདྨའི་མཚམས་ཉིད་དུ། །དབྱིངས་ཕྱུག་ལྔ་ཡི་སྦྱོར་ལྡན་པས། །དལ་བུས་དལ་བུས་གཞུག་པ་དང ། །དལ་བུས་དལ་བུས་རབ་ཏུ་བསྒུལ། །དྲག་པོའི་ཡི་གེ་སྤྲོས་པ་ན། །བྱང་ཆུབ་སེམས་ཀྱིས་པདྨ་དགང ། །སྦོམ་པོ་དབང་ངམ་ལྔ་རྣམས་ཀྱིས། །ཡུམ་གྱིས་བླངས་ཏེ་གཙོ་ལ་མཆོད། །ཉེ་བའི་བསྙེན་པ་ལ་སོགས་པས། །བསྙེན་པ་ཆེ་ཆུང་རྫོགས་པར་བསྒོམ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས། །མཆོད་པ་བརྒྱད་ཀྱིས་བསྟོད་པར་མཆོད། །དེ་ལྟར་ལོངས་སྤྱོད་རྫོགས་པ་དང ། །གཉིས་སུ་མེད་པར་ལུང་བཞིན་དུ། །མཉམ་པར་འཁྲིལ་བའི་ཚུལ་དུ་བསྟན། །དུས་གསུམ་ཀུན་དུ་གདུང་འཛིན་པ། །གཡོན་ཕྱོགས་བརྟེན་པའི་སྐལ་དང་ལྡན། །བོང་ཚོད་ལོ་ནི་བཅུ་དགུ་པའི། །སྡོང་པོ་དུལ་བ་དག་ལ་དགྱེས། །གཡས་པར་བཟུར་བའི་སྤྱན་གྱིས་གཟིགས། །དྲིལ་བུ་སྒྲ་སྙན་འཁྲོལ་ལ་བརྩོན། །རྡོ་རྗེ་རབ་ཏུ་སྒྲོགས་བྱེད་མ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །མངོན་དུ་སྦྱོར་ལ་རབ་བརྩོན་པ། །བརྡ་དང་བཅས་པའི་གར་གྱིས་ནི། །སངས་རྒྱས་ཀུན་ལ་སློང་མཛད་མ། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་གྱིས། །མཆོད་པ་ཆེན་པོས་རབ་མཆོད་མཉེས། །སྤྲུལ་པ་བསམ་ཡས་མཐའ་ཀླས་པ། །དུས་གསུམ་འཁོར་ལོ་བསྐོར་བར་བསྐུལ། །ངོ་སོར་ཆགས་པའི་མདངས་ཀྱིས་ནི། །
7b
མཉེས་དང་བཅས་པའི་གར་གྱིས་མཆོད། །གྲུ་ཚད་བཞི་ཡི་རིམ་པ་ལ། །ཐོས་བྱེད་གསལ་བྱེད་གསུང་བ་ཆེ། །དྲི་དང་ལྡན་པ་ལ་སོགས་པས། །བཙུན་མོ་དག་དང་ཐབས་ཅིག་ཏུ། །གཉིས་སུ་མེད་པའི་ཚུལ་དུ་བཞུགས། །བར་འཁྱམས་བཞི་ལ་གནས་པ་ནི། །ཐོས་བྱེད་དབང་དང་ཉན་བྱེད་དབང ། །དྲི་མཆོག་དབང་དུ་ལྟ་བྱེད་དབང ། །དུས་ནི་བཞི་རྣམས་ལྷ་མོ་བཞི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེ་སྡང་འཇོམས་བྱེད་ལ་སོགས་པས། །སྒོ་རྣམས་ཀུན་དུ་གནས་པ་ནི། །སྙིང་རྗེའི་ཡུམ་དང་བཅས་པར་གནས། །ཉི་མ་ཟླ་བ་པདྨ་མཆོག་།རིན་ཆེན་དུང་དང་བཅས་པ་སྟེ། །ཚངས་པ་བརྒྱ་བྱིན་གཉིས་གཉིས་ཀྱིས། །བཏེགས་པའི་ཁྲི་ལ་རབ་ཏུ་བཞུགས། །རྫོགས་པ་ཆེན་པོར་ཀུན་ཀྱང་གནས། །སེམས་དཔའ་ཆེན་པོའི་བཞུགས་ཚུལ་དུ། །ཀུན་ཀྱང་རབ་ཏུ་གནས་པར་བསྟན། །ཞལ་ནི་ཀུན་དུ་ས་ལེ་བ། །ཐུགས་ནི་ཀུན་ཏུ་ལྷན་ནེ་བ། །སྐུ་ནི་ཀུན་ལ་ཁྱབ་པར་གསལ། །ེ་མ་མི་སྐྱེ་མི་འགག་མཆོག་།ེ་མ་མི་སེལ་མི་ལེན་མཆོག། ཨེ་མ་ཚམ་ངམ་དྲག་ཤུལ་སྤྱོད། །ེ་མ་གཤེགས་པའི་སྟོབས་དང་བཅས། །ེ་མ་མཚན་མ་སེལ་བར་སྟོན། །ེ་མ་གསུང་རབ་རྒྱ་མཚོ་སྒྲོག་།ེ་མ་བྱོལ་སོང་སྤྲོ་བ་བསྐྱེད། །ེ་མ་སྤྲུལ་པ་བསམ་ཡས་མཆོག་།ེ་མ་མྱ་ངན་འདས་པར་མཛད། །ེ་མ་གསང་བ་ངེས་དོན་མཛད། །ེ་མ་གཟུངས་དང་མཉམ་པར་སྦྱོར། །ེ་མ་ཅི་ཡང་མི་མཛད་
8a
༄#། །མཆོག་།ངོ་མཚར་སྤྲིན་ལས་འདི་དག་གིས། །ས་ཡི་རིམ་པ་འབྱོངས་པར་འགྱུར། །ཞེས་སངས་རྒྱས་པ་ཉིད་མངོན་པར་སངས་རྒྱས་པ་ལ་གླེང་སྟེ་མཉེས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་ཀྱི་གསང་བ་རྣལ་འབྱོར་བདེ་བ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་མོ་རྣལ་འབྱོར་མ་ལ་འཇུག་པར་དགྱེས་ཏེ་རབ་ཏུ་འདྲིས་པ་ཆེན་པོ་དགོངས་པ་དང ། ཀུན་དུ་བཟང་མོ་རྣལ་འབྱོར་མ་ཞལ་འཛུམ་པ་དང་བཅས་པས། ཨེ་མ་སེམས་དཔའི་ཐིག་ལེ་ཆེ། །བག་ཆགས་ཀུན་གྱི་གཉེན་པོར་གསུངས། །འདི་ལས་འཇུག་པའི་ཆོས་འགའ་མེད། །ཅེས་བརྗོད་དོ། །དེ་ནས་གསང་བ་ཆེན་མོ་དང་གཉིས་སུ་མེད་པར་འཁྲིལ་བར་གྱུར་ཏེ། གཡོན་པ་བསྐྱེད་པ་རྣམ་པ་མང་པོས་མཉེས་པ་དང ། པདྨ་སྦས་པ་ལ་སོགས་པ་འབྱུང་བ་སྤེལ་བར་མཛད་ནས་རབ་ཏུ་དགྱེས་ཏེ་གླུ་འདི་བླངས་སོ། །ེ་མ་བདེ་བ་མཆོག་ལས་སྐྱེས་པ་ཕྱག་ན་རྡོ་རྗེ་ཅན། །ཆོས་ཀུན་དངོས་པོ་མེད་པར་གསལ་བ་ལ། །འབྱུང་གནས་ཆེན་པོས་ཡ་མཚན་འབྱུང་བར་མཁྱེན་པ་ཨེ་མ་ངོ་མཚར་ཆེ། །རྒྱུ་ཉིད་སྟོང་པས་འབྲས་བུ་བཙལ་མེད་པའི། །རྒྱུ་དང་འབྲས་བུ་ཉིད་ཀྱང་རྒྱལ་བས་ཡོང་མི་རྙེད། །སྟོང་པ་ཉིད་ལ་དགའ་བའི་ཆགས་པའི་ཆོ་འཕྲུལ་བ། །དེ་ཕྱིར་སྐྱེ་འགག་མེད་
8b
ཅེས་རྒྱལ་བ་རྣམས་ཀྱིས་འདི་ལ་བརྗོད། །ཆོས་ཀུན་དབྱེར་མེད་མ་རྙིང་པ་ཉིད་ལས། །ཀུན་གྱི་དགའ་བ་འབྱུང་བ་རྒྱལ་བ་ཀུན་བས་ཤིན་ཏུ་འཕགས། །ཞེས་བརྗོད་པས་གསང་བའི་མཁའ་ལ་ཀུན་ཏུ་བཟང་པོ་རྣལ་འབྱོར་འཇུག་པར་མཛད་དེ་ཤིན་དུ་རྔམ་པའི་གླུ་འདི་བླངས་སོ། །སྒྱུ་མ་ཀུན་ལས་འཕགས་པས་དབྱེར་མེད་རྣམ་པར་འཕྲུལ་བྱེད་པ། །ཀུན་ཏུ་བཟང་པེ་རྣལ་འབྱོར་དེ་ནི་བདེར་གཤེགས་ཡུམ་ཆེན་ཀུན་གྱི་གསོས། །སྡུག་བསྔལ་ཀུན་སྦྱོང་བདེར་གཤེགས་ཡུམ་ལ་འཇུག་པ་ཐུགས་དམ་ཡིན་ཞེས་རྒྱལ་བས་གསུངས། །ོཾ་ཧཱུཾ་མི་འགོག་ཅི་ཡང་མཛད་པ་ཉིད་ནི་མི་མཛད་མཉམ་པ་ཡིན་ཞེས་རྒྱལ་བས་གསུངས། །འདི་ནི་གླུ་རུ་བླངས་པ་ཡིས། །མྱ་ངན་འདས་ཀུན་འགྲོ་བའི་མགོན། །སྟོང་བ་ཆོས་ཀྱི་དཀྱིལ་འཁོར་ལ། །དཀའ་ཐུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་གཉིས་སུ་མེད་པར་གླེང་ངོ ། །དེ་ནས། སྙིང་པོ་མཆོག་གི་ཡི་གེ་ནི། །དང་པོའི་གནས་སུ་བསྒོམ་པར་བྱ། །དེ་སྙིང་ཡི་གེ་བཞི་པ་སྟེ། །རྡོ་རྗེ་ཆེན་པོ་གསལ་བ་མཆོག། ཡི་གེ་ཨ་ལྡན་ཐིག་ལེ་ཆེ། །ཆོས་ཀུན་འདུས་པར་རྣམ་པར་བསྒོམ། །དང་པོར་མེ་ལོང་ལྟ་བུ་སྟེ། །མཉེས་པའི་ཁ་དོག་ཤིན་ཏུ་འབར། །ཕྱག་ལག་འཁྱུད་པ་སྤྲོད་པ་ཡིས། །ཐམས་ཅད་དེ་དང་འདྲ་བར་གསལ། །ོཾ་ཧཱུཾ་སུ་ར་ཏ་སུ་ཀེ་ཛྙཱ་ན་ད་ཨོཾ་ཨཱཾ་ཧཱུཾ། བདེར་གཤེགས་རྒྱལ་མོ་མཁའ་དབྱིངས་སུ། །གསལ་དག་ལས་རྣམས་འགྲུབ་པར་བསྒོམ། །ཆུ་སྐྱེས་པདྨ་འདབ་
9a
༄#། །མ་སྟོང ། །བཤད་པའི་སྒྲས་ནི་རྣམ་པར་བརྒྱན། །དེ་སྟེང་ཆོས་ཀྱི་སྐུ་རུ་གསལ། །ཟླ་རྒྱས་ལྟ་བུའི་མཁའ་དབྱིངས་ནས། །ཐམས་ཅད་བསྡུ་བ་གསུམ་གྱིས་བསྡུས། །ོཾ་སུ་ར་ཏྭ་སུ་ཁེ་དྷརྨ་དྷ་ཏུ་སཝ་བྷཱ་ཝ་ཨོཾ་ཨཱཿ ་ཧཱུཾ། གཉིས་སུ་མེད་པའི་ཡི་གེ་མཆོག་།མི་སྐྱེ་བ་ནི་ཨ་དང་ལྡན། །བྱིན་རླབས་རྒྱལ་བ་ཀུན་གྱི་གནས། །མཆོད་པ་བརྒྱད་དང་གསལ་བར་ལྡན། །སོ་སོར་གསལ་བའི་མཁའ་དབྱིངས་ལ། །ཧཱུཾ་གི་ཟེར་གྱིས་རེག་པར་མཛད། །ོཾ་སུ་ར་ཏྭ་སུ་ཁེ་ན་པྲ་ཛྙཱ་བྷཀྵ་སཝབྷཱ་ཝཱ་ཨོཾ་ཨཱཿ ་ཧཱུཾ། བྱང་ཆུབ་སེམས་ཀྱི་ཆར་ཆེན་ནི། །ཡི་གེ་གཉིས་བ་རྩ་དམར་སྐུ། །གཉིས་སུ་མེད་པར་ལྡན་པ་ན། །བདུད་ཀུན་རྣམ་པར་བཏུལ་བ་དང ། །དབྱིངས་ཀྱི་བདེ་ལ་གསལ་བ་ནི། །སྒོ་དབྱེ་བ་ཡི་ཚུལ་གྱིས་ནི། །པདྨ་དབྱེ་བ་སྣ་ཚོགས་བྱ། །སྤྲོ་བ་དང་ནི་བསྡུ་བ་ཡིས། །བྱ་བ་ནན་ཏན་ཡེ་ཤེས་བསྐྱེད། །འདི་ལྟར་རྒྱལ་བ་ཀུན་མཛད་པ། །སྤྲུལ་པ་བསམ་གྱིས་མི་ཁྱབ་ལས། །མཆོད་པ་མང་པོ་ལྷ་མོར་ལྡན། ། ོཾ་སུ་ར་ཏྭ་སུ་ཁེ་ན་དུཥྚ་ཛྙཱ་ན་བཛྲ་སཝ་བྷཱ་ཝ་ཨོཾ་ཨཱཿ ་ཧཱུཾ། རྣལ་འབྱོར་སྐལ་ལྡན་ཆེན་པོ་ནི། །སྐལ་ངན་ཀུན་གྱི་གསོས་སུ་གསུངས། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །མཾ་ས་བཤང་གཅི་རྫས་རྣམས་ནི། །དོགས་པ་མེད་པའི་དངོས་གྲུབ་སྟེ། །རྒྱལ་བ་ཉིད་ལ་རྒྱལ་བས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ལས། །བག་ཆགས་
9b
གཏན་ལ་འབེབས་པ་གཉིས་སུ་མེད་པར་གླེང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་སྙིང་པོ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པའི་ཕྱག་རྒྱའི་མཆོག་ནི། འདི་ལྟ་སྟེ། སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱ་ལས། །མཛེས་པར་གསལ་བ་ཡབ་ཡུམ་བཅུ། །སོར་མོ་ཕན་ཚུན་སྤེལ་ལེགས་པ། །རྡོ་རྗེ་ཐལ་མོ་བྱང་ཆུབ་རྒྱ། །གསང་བ་རྣལ་འབྱོར་ཐུགས་ཀྱི་མཆོག། དམ་ཚིག་སྡོམ་པ་འདའ་བར་དཀའ། །རྣལ་འབྱོར་པ་ལ་ཨ་ལཱི་གསལ། །ཀུན་དུ་བཟང་ལ་ཀ་ར་བྱེད། ལྔ་ཆར་ཟུང་དུ་ལྡན་པ་ནི། །གཅིག་ཏུ་གྱུར་པས་གར་གྱི་གཞི། ། ོཾ་ཧཱུཾ་ཏྲཾ་ཨཱཿ ་ཧཱུཾ། མཱ་ཨཱ་ཀཱ་ཧཱུཾ་རཱ། ཐལ་མོ་བཏང་སྙོམས་ཚུལ་གྱིས་ནི། །མཛེས་པའི་མཐའ་ན་གར་གྱིས་བྱ། །སྙིང་གར་བཅིངས་པས་རྣལ་འབྱོར་དོན། །གར་གྱི་ཕྱག་རྒྱ་དང་ཉིད་པས། ། གར་དུ་བྱས་པས་ཐལ་མོ་བསྣོལ། །མཇུག་ཏུ་དབུལ་བའི་ཚུལ་གྱིས་བསྟོད། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །གཡོན་པ་རྩེ་གསུམ་གཡས་པས་གཟུང ། །དེ་ཉིད་གཞན་དུ་འབིགས་པར་བྱ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །དགའ་བའི་མདངས་དང་ལྡན་པ་ཡིས། །གཡས་སུ་འདུད་པའི་ཚུལ་གྱིས་ནི། །གཡས་པ་ཡི་ནི་ཐུགས་ཀར་བསྒྲེང ། །གཡོན་པ་གསུང་ཉན་འཁྲིལ་བའི་ཚུལ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །མཛེས་པའི་མཐའ་ནས་གར་བྱས་ཤིང ། །གཞན་ནས་བསྡུས་ནས་གཡས་གཡོན་འཇོག་།རྡོ་རྗེ་གར་ནི་དེ་དག་ལས། །ལག་པ་གཡས་
10a
༄#། །པ་འདེགས་པ་དང ། །དབུལ་བའི་ཚུལ་དུ་རྣམ་པར་བརྟག་།རྡོ་རྗེ་གར་ནི་དེ་དག་ལས། །སྤྱན་དང་དབུ་ནི་གཡོན་དུ་འདུད། །ཅང་ཏེའུ་ཐོགས་པའི་ཚུལ་གྱིས་ནི། ། མཆོད་པ་བྱེད་པར་རྣམ་པར་བསྔགས། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །ལུས་ནི་གཡས་གཡོན་བསྒྱུར་བ་དང ། །གར་ལས་ལག་པ་ཕྲལ་བསྐྱེད་པའོ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། ། གཡོན་པས་གཡས་པའི་གྲུ་མོ་གཟུང ། །གཡས་པ་ཉུག་པའི་ཚུལ་དུ་བྱའོ། །དེ་ཉིད་རྡོ་རྗེ་གར་དག་ལས། །དམ་ཚིག་ཕྱག་རྒྱ་འཐོར་བར་བསྟན། །རྡོ་རྗེ་གར་གྱི་ཕྱག་རྒྱ་ལས། །དམ་ཚིག་ཕྱག་རྒྱ་སྟེང་དུ་བསྒྱུར། །དེ་ཉིད་གཡོན་པའི་ནང་དག་ལས། །གཡས་པའི་དམ་ཚིག་ཕྱག་རྒྱས་གཏོར། །དེ་ཉིད་གཡས་པས་དྲངས་པར་ལྡན། །དེ་ཉིད་གཉིས་པས་གཟུང་བ་ཡིན། ། དེ་ཉིད་གཉིས་ཀ་ཐལ་མོ་བསྡམ། །དེ་ཉིད་དྲིལ་བུ་འཛིན་པར་བསྒོམ། །ོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀ་ཀ་ར་སུ་ཁེ་ན་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་རཱ་ག་སྟྭཾ་སུ་ཁེ་ན་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྭ་ལ་ཡཱ་ནཱ་ན་མ་མཧཱ་སུ་ཁེ་ན་ཏྲཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་བྷ་ཤྲ་སུ་ཁེ་ན་ཧཱ་ཧཱ་ཧཱ། དེ་ཉིད་གཙོ་བོའི་ཕྱག་རྒྱར་བཅས། །ོཾ་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ལོ་ཙ་ན་ཨཱཏྨ་ནཾ། སུ་རཏྭ་སུ་ཁེ་ན་མཎྜལ་པཱུ་ཛ་ཡ་པཱུ་ཛ་ཡ། ཨོཾ་ཨོཾ་ཨོཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དྷུ་ཛ་ཛ། ཨོཾ་སུ་ར་ཏྭ་སུ་ཁེ་ན་བྷནྡྷ་བྷནྡྷ། པཱུ་ཛ་ཡ་པཱུ་ཛ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཨཱ། ཨོཾ་སུ་ར་ཏྭ་སུ་ཁེ་ན། མ་ན་ཤ་མོ་ཧ།
10b
པཱུ་ཛ་ཡ་པཱུ་ཛ་ཡ། ཧྲི་ཧྲི་ཧྲི། ཨོཾ་སུ་ར་ཏྭ་སུ་ཁེ་ན་སརྦ་ཏ་ཐཱ་ག་ཏ་དྷརྨ་དནྟྲ། སཱ་དྷ་ཀ་ན་ད་ཧོ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ལ་སྱེ། བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཨ། སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ་ཏྲཾ་ཏྲཾ་ལྔ་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་གནྡྷེ་བཛྲ་གརྦྷེ་སུ་ཁེ་ན། དྷེ་པ་དྷེ་པ། པཱུ་ཛ་ཡ་པཱུ་ཛ་ཡ། ཧྲིཾ་ཧྲིཾ་ཧྲིཾ་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ནི་རྟེ་བཛྲ་གརྦྷེ་མཧཱ་ཏི་ལ་ཀ་སུ་ཀེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨ་ཨ་ཨ། ཨོཾ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་དྷུ་པེ་བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོཾ་ཏང་ཏང་ཏང་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་པུཥྤེ་བཛྲ་གརྦྷེ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཧཱཾ་ཧཱཾ་ཧཱཾ་ཨཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཨཱ་ལོ་ཀ་ཛྙཱ་ན་མཎྜལ་ཏི་ལ་ཀ་བུདྡྷ་སུ་ཁེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨོཾ་ཧྲི་ཧྲི་ཧྲི་ཨོཾ་ཨཱཿ ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་གནྡྷེ་བཛྲ་གརྦྷེ་མཧཱ་མཎྜལ་ཏི་ལ་ཀ་སུ་ཀེ་ན་པཱུ་ཛ་ཡ་པཱུ་ཛ་ཡ། ཨ་ཨ་ཨ། ཨོཾ་ཨཱཿ ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་མཆོག་ལས། གར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་མོ་དང་བཅས་པ་དམ་ཚིག་བླ་ན་མེད་པའི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཐམས་ཅད་སྡོམ་པ་ལ་གནས་པར་མཁྱེན་ནོ། །དམ་ཚིག་ཆེན་པོ་འདི་དག་གསུངས། །སོ་སོའི་ཐེག་པ་བསམ་ཡས་པ། །སོ་སོར་ཉེས་པ་མེད་ན་བདེ། །འཇིག་རྟེན་པ་ལ་ཆད་མདོ་
11a
༄#། །བཙན། །འདུལ་བ་འཛིན་ལ་བསྲུངས་ན་བདེ། །གཙང་སྦྲར་སྤྱོད་ལ་གཙང་སྦྲར་སྤྱད། །མི་དགེ་ལྡོག་ན་དགེ་བ་བཅུ། །སྤྱད་པས་ལྷག་པའི་འཇིག་རྟེན་འཛིན། །རང་གི་དོན་གྱི་ཏིང་འཛིན་གྱིས། །བྱང་ཆུབ་ས་ལ་གནས་པའི་རྣམས། །ཉམས་པ་མེད་དེ་མ་བཅོལ་ན། །ཉམས་པ་མེད་དེ་ལས་ཀྱང་འགྲུབ། །རྣལ་འབྱོར་སྤྱད་པ་སྤྱོད་པས་འགྲུབ། །ཚིག་ཅིས་གོམས་པས་ཐེག་པ་འཇོམས། །གཙོ་མཆོག་བཤེས་གཉེན་མི་སྤོང་ཞིང ། །བཀུར་སྟི་རིམ་གྲོ་མཆོག་ཀྱང་བསྐྱེད། །ཏིང་འཛིན་གོམས་པར་ཆ་ལུགས་བསྒོམ། །ཚིག་གི་བཟླས་པ་བར་མི་གཅད། །དམ་ཚིག་མཆེད་ལ་གདུང་བ་བསྐྱེད། །སྐུ་ཡི་དམ་ཚིག་བསམ་མི་ཁྱབ། །གསུང་གི་དམ་ཚིག་བསྔགས་པ་ཡིན། །ཐུགས་ཀྱི་དམ་ཚིག་ལྷག་པར་གསུངས། །རིགས་ལྔ་བསྲུང་བའི་དམ་ཚིག་རྣམས། །ཉམས་ན་ཤིན་དུ་སྐོང་བར་དཀའ། །སྤྱད་པའི་དམ་ཚིག་རྫས་རྣམས་ནི། །ཉམས་ན་མྱུར་བར་བསྐང་བ་ཡིན། །ཉམས་པ་མ་བསྐངས་ལེ་ལོ་ཡིས། །སངས་རྒྱས་ཀུན་དང་གཅུགས་ཆེན་ཏེ། །འཁྱམས་པ་རྣམ་པ་བཅུ་པོར་ནི། །མྱུར་བར་སྐྱེ་བར་ངེས་པ་སྟེ། །དེ་བས་རིགས་ཀྱི་བུ་མཆོག་ནི། །མཆོག་དང་ཐ་མ་འབྲིང་གི་རྣམས། རབ་ཀྱིས་བར་ཆད་མེད་པར་སྤྱད། །འབྲིང་གིས་ལོ་ཟླ་དུས་དྲུག་སྟེ། །ཐ་མས་ལོ་མཚམས་མི་བཟླ་ཞེས། །རྒྱལ་བ་རྣམས་ཀྱིས་ཤིན་ཏུ་གསུངས། །རྡོ་རྗེ་དྲི་དང་བྱང་ཆུབ་སེམས། །
11b
རཀྟ་དྲི་ཆེན་ཚེ་ཆེན་པོ། །དག་པའི་སྣོད་དང་རབ་ལྡན་པས། །བྱིན་གྱིས་བརླབས་ཏེ་འཐུང་བྱེད་པ། །དམ་ཚིག་སྡོམ་ལ་གནས་པ་སྟེ། །འདས་ན་བརླག་པ་ཆེན་པོར་འགྱུར། །མཉམ་པར་བཞག་པའི་ཆོས་ཐམས་ཅད། །མཉམ་པར་ཤེས་པས་སྤྱད་པ་དང ། །མཉམ་པ་ཉིད་དུ་གསལ་བ་ན། །རྣལ་འབྱོར་སེམས་དཔའ་ཡིན་ཞེས་གསུངས། །རྣལ་འབྱོར་སྣོད་དུ་བྱ་བ་གང ། །རྫས་ཀྱིས་བསྔགས་པ་ཡོད་པ་རྣམས། །རབ་ཏུ་བཀྲུ་ཞིང་བྱི་དོར་བྱ། །ཀ་ལ་པིངྐའི་མདོག་བཞིན་དུ། །གཞོང་བུ་ཕོར་བུ་སྣོད་ཀྱི་རྣམས། །དྲི་མ་བཀྲུ་ཞིང་མཛེས་པར་བྱ། །དུས་གསུམ་དུ་ནི་སྨན་སྦྱར་བ། །དང་པོར་དངུལ་གྱི་གཞོང་པར་སྦྱར། །དེ་ནས་ར་གན་གཞོང་པ་སྟེ། །ཟངས་ཀྱི་གཞོང་པར་སྦྱར་བ་ནི། །སྲང་རེ་སྦྱར་བའི་སྨན་རྣམས་ལས། །ཟངས་དང་དངུལ་དང་ར་གན་ནམ། །གསེར་དང་ལྕགས་སུ་རབ་བསྲེས་ལ། །རྣམ་རྟོག་ནད་ལ་སྨན་སྦྱར་བ། །མནྡཱ་ར་བའི་མདོག་བཞིན་སྦྱར། །མནྡཱ་ར་བར་མ་གྱུར་ཚེ། །ནམ་ཡང་སྦྱར་བར་མ་གསུངས་ཏེ། །ཉི་ཟླ་དུས་གཅིག་ཤར་བ་ན། །དེ་ནས་རྫས་ཀྱི་བསྔགས་པ་ལས། །སྨན་གྱི་སྦྱོར་བ་རབ་ཏུ་བརྩམ། །ཤིན་ཏུ་སྨན་རྣམས་འབྱོར་པ་ན། །འོད་ཀྱི་དཀྱིལ་འཁོར་བསམ་ཡས་སུ། ། ཀ་ལ་པིངྐའི་མདོག་ཏུ་བརྟག་།འདི་ལ་གང་ཞིག་མི་བརྩོན་པ། །དམ་ཚིག་མི་བཙུན་སྡོམ་པ་མེད། །རྡོ་རྗེ་སྤུན་ལས་དབེན་པར་གདོན། །ལྷ་དང་རྡོ་རྗེ་སློབ་དཔོན་ལ། །བག་མེད་པར་ནི་
12a
༄#། །བརྙས་པ་དང ། །རྨོངས་པས་མ་མཐོང་གཡེལ་བ་དང ། །དམ་ཆོས་སྲོག་ལ་མི་ལྟ་བ། །སངས་རྒྱས་རྒྱལ་བ་བདུན་ལ་བརྙས། །དཀྱིལ་འཁོར་བ་ཡི་ལས་བྱས་པ། །སེམས་ཅན་དམྱལ་བ་ཆེན་པོ་སྟེ། །ཚེ་ཐུང་ནད་ཀྱིས་བཏབ་པ་དང ། །འཇིག་རྟེན་འདི་རུ་གནོད་པ་མང ། །ཤི་ནས་དམྱལ་བ་ངན་སོང་སྐྱེ། །དེ་བས་སྡོམ་པ་འདི་དག་ལས། ། འདའ་བར་མཛད་པ་གང་ཡང་མེད། །འདི་ལས་འདས་པར་མི་བྱེད་པས། །ཚེ་འདི་ཉིད་ལ་རྒྱལ་བའི་སྐུ། །ལྷུན་གྱིས་གྲུབ་པའི་ས་ལ་གནས། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ཉིད་དམ་ཚིག་ཆེན་པོའི་སྡོམ་པ་འདིས་ཤིན་ཏུ་བསྙེངས་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདེ་བ་སྡོམ་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་རྣལ་འབྱོར་མ་དང་བཅས་པ་དགོངས་པ་གཅིག་ཏུ་གནས་པར་མཛད་དོ། ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྤྱོད་པ་མཆོག་དང་ལྡན་པའི་སྤྱོད་པ་མ་ལུས་པ་ཉིད་དང ། ཟབ་མོའི་དོན་ཡིན་པར་མཁྱེན་ཏོ། །མཁྱེན་ནས་སྒྱུ་འཕྲུལ་ཆེན་མོའི་ཐབས་འདི་གསུངས་སོ། །ེ་མ་ཆོས་དབྱིངས་རྣམ་དག་སྤྱོད་ཡུལ་ལས། །སངས་རྒྱས་སེམས་ཅན་གཉིས་སྟོན་ཡ་མཚན་འཕྲུལ་ཆེན་ཡིན། །དེ་ཡང་ཡེ་ཤེས་ཚོགས་ལས་སྣ་
12b
ཚོགས་སྣང་མོད་ཀྱི། །བུད་མེད་ཀུན་གྱི་སྒྱུ་མ་ལས་ནི་རབ་ཏུ་སྤྲུལ་ཏེ་འཆར། །བདེན་གཉིས་སོ་སོར་སྣང་བ་ཉིད་ཀྱང་ཡུམ་གྱི་མཁའ་ཞེས་རྒྱལ་བས་གསུངས། །མ་ནོར་ལམ་ཆེན་སྒོམ་ན་ཀུན་ཏུ་བཟང་མོ་བསྒོམས་པས་ལམ་དུ་ཞུགས་པ་ཡིན། །སངས་རྒྱས་ཀུན་གྱི་དགོངས་པ་ཀུན་ཤེས་རབ་བུད་མེད་ལས་ནི་མཆོད་ཅིང་བསྙེན་པས་ཡེ་ཤེས་ཆེན་པོར་འགྲུབ་བོ། །དཀྱིལ་འཁོར་གདོན་པའི་ལས་ཀྱི་དངོས་གྲུབ་མཆོག་གི་ལ་རྡོ་རྗེ་གླུའི་དོན་དེ་ཉིད་ཀྱིས་གཉིས་སུ་མེད་པའི་དགོངས་པ་ལ་གསལ་བར་གྱུར་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཀུན་ཏུ་བཟང་པོས་ཐབས་དང ། ཤེས་རབ་ཀྱི་ལོངས་སྤྱོད་འདི་གསུངས་སོ། །མངོན་སྤྱོད་ལས་ཀྱི་འཇུག་པ་ནི། །ཕན་ཚུན་དུ་ནི་དགའ་སྤྱོད་པ། །རྣལ་འབྱོར་སྡོམ་ལ་གནས་པ་ཡིན། །དེ་ལ་མཆོད་པ་དམ་པ་ནི། །སྦྱོར་བ་རབ་ཏུ་སྦྱོར་བ་སྟེ། །ཀུན་ཏུ་ཁྱབ་པ་ཀུན་ཏུ་སྦྱོར། །རྗེས་སུ་ཆགས་པ་དམ་ཚིག་མཆོག་།དེ་ཕྱིར་ཀར་ཤམ་མདོག་དང་ལྡན། ། བཅུ་དྲུག་བོང་ཚོད་རིང་བ་ལ། །ལུགས་སུ་བླུགས་པ་ལྟ་བུ་སྟེ། །ལུས་ལེགས་མཛེས་དང་ལྡན་པ་དང ། །དཔྲལ་བ་དབྱེས་ཆེ་ཀོས་ཀོ་ཕྲ། །ནུ་མ་ཆུང་ཞིང་སོར་མོ་རིང ། །ཡིད་ཙམ་བཟུར་ལ་མིག་དཀྱུས་རིང ། །དཀར་ཞིང་རྩ་དམར་མདངས་སུ་ཆགས། །སོ་དཀར་ཐགས་བཟང་འཚམས་ཐུང་ཞིང ། །སྐད་སྦོམ་གདངས་དང་ལྡན་པ་ནི། །རྡོ་རྗེ་སེམས་དཔའི་
13a
༄#། །གནས་མཆོག་སྟེ། །འདི་ལ་རྩེ་བར་བྱེད་པ་ནི། །རིགས་ཀྱི་རྡོ་རྗེ་གདོན་མི་ཟ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གནས་རབ་དབེན་པར་རབ་བརྟགས་ཏེ། །ཤ་དཀར་མདངས་ལྡན་མདོག་དང་ལྡན། །ལུས་འབྲིང་ཟླུམ་པ་ཆ་བྱད་ཅན། །སོ་དཀར་ཐགས་དམ་མིག་དཀྱུས་ཟླུམ། །སྐད་ཕྲ་མདོག་དཀར་སྤྲོ་རིང་བ། །དཔྲལ་དབྱེས་ལ་སོགས་བཟང་གནས་པ། །རྨ་དག་གནས་པ་ལ་སོགས་ནི། །རྟག་པར་ཆོས་ལ་འདུད་པ་ཡིན། །ཚངས་པ་དབྱངས་ཀྱི་རིགས་ཅན་ཏེ། །འདི་ལ་བརྩོན་བྱས་བསྒྲུབ་པ་ཡིས། ། དེ་བཞིན་རིགས་ཀྱི་ཏིང་འཛིན་ལ། །ཕན་ཚུན་དུ་ནི་དགའ་སྤྱད་ན། །ཚངས་པའི་སྔ་དྲོ་གཅིག་ཙམ་གྱིས། །གདོན་མི་ཟ་བར་འགྲུབ་པར་འགྱུར། །རྣལ་འབྱོར་སྦྱོར་བ་དགའ་བ་ནི། །སྦྱོར་བ་བརྩོན་པས་འགྲུབ་པར་གསུངས། །བུད་མེད་ཆ་ལུགས་ལེགས་པ་ནི། །བོང་ཚོད་མི་རིང་ལུས་ཕྲ་ཞིང ། །རྐང་ལག་ཆུང་ཞིང་སྐད་གསལ་བ། །མིག་ལེགས་ངོ་ཟླུམ་རྩ་དམར་ཆེ། །ལྷུན་དུ་ཆགས་ལ་མི་ཤེས་མེད། །ལུས་ལ་མཚོན་གྱི་རྨ་འདྲས་བརྒྱན། །ཚིག་གསལ་རྨི་ལམ་ཉུང་བ་དང ། །སོ་དཀར་མཆུ་ལེགས་དད་པར་ལྡན། །ཆོས་སེམས་པ་ཡི་ཏིང་འཛིན་གྱིས། །གསང་བའི་མཁའ་ལ་ཉི་ཟླའི་འོད། །རྡོ་རྗེ་པདྨར་ལྡན་བྱས་ཏེ། །ཕན་ཚུན་དུ་ནི་དགའ་སྤྱད་ན། །འདོད་ཁམས་ལྷ་ཡི་སྐད་ཅིག་གིས། །འགྲུབ་པར་འགྱུར་བ་
13b
གདོན་མི་ཟ། །ལུས་ཟླུམ་བརྟུན་དང་ང་རྒྱལ་བཅས། །ཁོང་ན་ཚིག་རྣོན་སེམས་ལ་འཛིན། །བྱ་བར་དྲན་ལ་མི་གཏོང་ལྡན། །བསླབ་བ་བློ་རྟུལ་ཤ་རུས་ཆེ། །མདངས་བཀྲག་བརྟགས་ན་ཕྱི་ཕྱིར་ཆེ། །སྦྱིན་ལ་དགའ་ཞིང་ཆོས་ལ་དད། །རིན་ཆེན་རིགས་ཀྱི་ཏིང་འཛིན་གྱིས། །བག་ཆགས་ཡི་གེས་རྩད་གཅོད་ཅིང ། །ཏིང་འཛིན་བློ་ལ་གསལ་བ་ན། །བསྒྲུབ་པ་དུས་ལ་བབ་པ་སྟེ། ། དེ་ཚེ་རབ་ཏུ་བརྩོན་པ་ཡིས། །ཡུམ་གྱི་པདྨ་ཁ་བྱེ་སྟེ། །བདེ་བ་ཐུགས་ཀྱི་འདུ་འཕྲོ་ཡིས། །ཕན་ཚུན་དུ་ནི་དགའ་སྤྱད་ན། །རིགས་ཀྱི་རིན་ཆེན་འགྲུབ་པ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། ། ཐུགས་རྗེ་མཛད་སྤྱོད་བྱེ་བྲག་གིས། །འཇིག་རྟེན་དག་ན་དམན་པའི་རིགས། །རབ་ཏུ་བཀུག་སྟེ་དགའ་སྤྱོད་ན། །སྙིང་རྗེ་མཆོག་དང་ཐབས་ལྡན་པ། །རྣལ་འབྱོར་སྤྱོད་པ་ཆེན་པོར་གསུངས།། ཤན་པ་རིགས་ངན་སྨད་འཚོང་བ། །ངན་པའི་རིགས་དང་ལོངས་སྤྱོད་རྣམས། །འཇོམས་པ་པོ་ཡིས་ཏིང་འཛིན་གྱིས། །མྱུར་དུ་སྤྱད་ན་འགྲུབ་པར་གསུངས། །ཡི་དྭགས་གནོད་སྦྱིན་བྱོལ་སོང་དང ། །ཁྱི་དང་རུས་སྦལ་སྤྲེའུ་ལ་སོགས། །མི་དང་ལྷ་ཡི་གནས་མཆོག་ཀུན། །སོ་སོར་འཚམ་པར་དགའ་སྤྱད་ན། །དྲེགས་པ་ཅན་ལ་ཞི་བ་ཆེ། །བརྩོན་ལ་དགའ་བ་བརྩོན་པར་མཛད། ། ཐབས་ཀྱི་མཛད་སྤྱོད་ཀུན་གྱི་མཆོག་།སེམས་ཅན་འདི་དག་དོན་གྱི་ཕྱིར། །ཕྱིན་ཅི་ལོག་ཏུ་གང་སྤྱོད་རྣམས། །འདུལ་བའི་མཛད་པ་སྣ་ཚོགས་ཀྱིས། །མི་མཛད་པ་ནི་ཅི་ཡང་མེད། །ཤིན་
14a
༄#། །ཏུ་གཏུམ་པའི་ཆ་ལུགས་ཀྱིས། །གཏུམ་པོ་ཐམས་ཅད་དབང་དུ་མཛད། །ཤིན་ཏུ་ཞི་བའི་ཆ་ལུགས་ཀྱིས། །དྲེགས་པ་ཅན་རྣམས་དབང་དུ་མཛད། །ཤིན་ཏུ་མདངས་ལྡན་ཆ་ལུགས་ཀྱིས། །ཆགས་པའི་ཡིད་རྣམས་དབང་དུ་མཛད། །ེ་མ་ཤིན་ཏུ་ངོ་མཚར་ཆེ། །ཅི་ཡང་ཡིན་པས་ཅིར་མི་དགོངས། །ཞེས་གསུངས་པས་ཐམས་ཅད་རབ་ཏུ་བརྩོན་པ་ཆེན་པོ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་དང་མཉམ་བ་རྡུལ་ཕྲ་མོའི་རྡུལ་སྙེད་རབ་ཏུ་འདུན་པའི་ཐུགས་ཀྱིས་མཉན་པ་བརྩོན་པར་མཛད་དོ། །རྡོ་རྗེ་ཆོས་ཀྱི་མཆོག་ལ་སོགས་པ་རིགས་བསམ་གྱིས་མི་ཁྱབ་པ་རབ་ཏུ་མཉན་པ་དང ། གུས་པ་མཆོག་དང་ལྡན་པས་ཡོངས་སུ་གཟུང་བའི་ལེའུ་མཛད། དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོས་རབ་ཏུ་བརྩོན་པ་མཛད། རབ་ཏུ་བརྩོན་པའི་ཡིད་ཀྱིས་སྤྲོད་པ་དང ། འཁྱུད་པ་དང ། གྱད་ཀྱི་དགྱེས་པ་དང་མགུ་བ་བླ་ན་མེད་པས་ཕན་ཚུན་དུ་དགའ་བ་སྤྱད་དོ། །དེ་ནས་དེ་བཞིན་ཉིད་ཀྱི་དབྱིངས་ནས་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་འདི་གསུངས་སོ། །ོཾ་ཧཱུཾ་ཡེ་ཤེས་རྣལ་འབྱོར་མཆོག་ལྡན་པས། ། སྐལ་བཟང་མཆོག་གི་དངོས་གྲུབ་སྩོལ། །རབ་ཏུ་རྨོངས་པ་གསལ་ཕྱིར་འགོག་པ་ཀུན་སློང་བ། །རྣལ་འབྱོར་བདེ་མཆོག་གཉིས་སུ་མེད་པ་འདི་དག་ཤིན་ཏུ་ངོ་མཚར་ཆེ། །རིན་ཆེན་
14b
ཡིད་བཞིན་གཟུངས་ནི་ཀུན་གྱི་དབང་ལྡན་པ། །ཚངས་མའི་མདངས་ལྡན་གཟུངས་མ་དྲངས་ཏེ་དེ་བརྩོན་པས། །གྲུབ་པར་འགྱུར་བ་འདི་ལ་དགའ་སྤྱོད་ཨ་ལ་ལ། །ཤིན་ཏུ་སྲིད་པ་འདི་དག་བཞིན་དུ་སྤྱད་པས་འགྲུབ་པར་གསུངས་པས་ས་ལ་གནས་པས་ཀུན་པས་འཕགས། །རྒྱལ་བ་ཀུན་གྱི་ནང་ན་ཀུན་ཏུ་བཟང་པོ་རྒྱལ་བ་ཀུན་པས་འཕགས། །དེ་ཡང་ཀུན་ཏུ་བཟང་མོ་ཡིན་ཞེས་སྔོན་གྱི་རྒྱལ་བ་ཀུན་གྱིས་གསུངས། །མཚན་མ་ཀུན་བྲལ་རབ་ཏུ་དགའ་སྦྱོར་མི་གཏོང་བས། །སེམས་དཔའ་རྡོ་རྗེ་ཉིད་ཀྱང་དེ་ཡིན་རྒྱལ་བ་ཀུན་གྱིས་གསུངས། ། ཚངས་པ་མཆོག་གི་གླུ་འདི་དག་།བརྩོན་པར་བྱེད་ཅིང་ལེན་པ་ནི། །དཀའ་ཐུབ་རྣལ་འབྱོར་ཏིང་འཛིན་ཏེ། །ཚངས་པ་མཆོག་གི་དྲོ་གཅིག་གིས། །གདོན་མི་ཟ་བར་འགྲུབ་པར་གསུངས། །ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་བརྩོན་པ་ཆེན་པོས་གཅིག་གི་རང་བཞིན་དུ་གྱུར་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དུས་གསུམ་གྱི་སྟོན་པ་ཐམས་ཅད་བདེ་བར་གཤེགས་པའི་རང་བཞིན་ཏེ། རབ་ཏུ་མཆོད་པ་ཆེན་པོས་མཉེས་ཤིང་མ་རིག་པ་བརྒྱད་ཁྲི་བཞི་སྟོང་འདུལ་བར་མཁྱེན་ཏོ། །མཁྱེན་ནས་མ་རིག་པ་གྲོལ་བར་མཛད་པ་དང ། ཞེ་སྡང་རྣམ་པར་གྲོལ་བར་དགྱེས་ཏེ། དེ་དག་མཉམ་པ་ཆེན་
15a
༄#། །པོའི་རང་བཞིན་གྱིས་འདུལ་བའི་ཐབས་སུ་སྒྲོལ་བ་དང ། དབང་གི་རིགས་ཀྱི་སྦྱོར་བས་རབ་ཏུ་བསྲུངས་ཤིང་སྲུང་བ་མཛད་དོ། །བདག་གི་རྣལ་འབྱོར་ཀུན་ཏུ་བཟང ། །མཚན་ཉིད་ཀུན་བརྟགས་གཉིས་སུ་མེད། །རྒྱལ་བ་ཀུན་དང་མཉམ་སྦྱར་ན། །མཉམ་པའི་ས་ལ་གནས་པ་ཡིན། །རང་སེམས་ཟླ་རྒྱས་དབུས་གནས་པ། །རྡོ་རྗེ། ། སེམས་དཔའི་ཏིང་འཛིན་ཏེ། །དོན་རྟོགས་གསལ་བར་གྱུར་པ་ཡིས། །རབ་ཏུ་བསྒྲལ་བ་ཆེན་པོ་སྟེ། །མཆོག་གི་ས་ལ་གནས་རྒྱུད་ཡིན། །སྐུ་ཡི་ཆོ་འཕྲུལ་རིགས་ཀུན་རྫོགས་གསུང་གི་སྟོན་པ་བླ་ན་མེད། །ཐུགས་ཀྱི་མཛད་པ་རྟགས་དང་ལྡན། །ཏིང་འཛིན་འདི་ལྟར་གསལ་བ་ཡིས། །བློ་རྨོངས་སྡུག་བསྔལ་སྤྱད་པའི་ཕྱིར། །གཉིས་སུ་མེད་པར་གསལ་བ་ཡིས། །ཛཿ ་ཧཱུཾ།་བཾ་ཧོས་བསྡུ་བ་མཛད། །མངོན་སྤྱོད་ལས་ཀྱི་སྒྲོལ་བ་མཛད། །གཉིས་སུ་མེད་པར་འགྲུབ་པར་འགྱུར། །རྟགས་དང་ཤེས་པ་ཕུན་སུམ་ཚོགས། ། བྱམས་པ་མཛད་པ་རྣལ་འབྱོར་ཐུགས། །གཟུངས་ཀྱི་མཆོད་པ་མཉམ་ལྡན་པས། །རྒྱལ་བ་མཉེས་པར་སྦྱོར་ཤེས་ན། །མཉེས་པ་ཆེན་པོས་བདག་ཉིད་མཆོད། །བདེན་པའི་ཚུལ་དུ་དབྱེར་མེད་པའི། །སེམས་ཉིད་རྟོགས་པ་རྣམ་སྤྱད་ཕྱིར། །ཏིང་འཛིན་ཤུགས་ཀྱིས་ཀུན་བསྒྲལ་ཏེ། །མངོན་སྤྱོད་ལས་ཀྱིས་སྒྲོལ་བར་མཛད། །གསང་བའི་མཁའ་ལ་
15b
ཀུན་དུ་སྦྱོར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་ལས། མཆོད་པ་དེ་ཁོ་ན་ཉིད་དེ་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འཁོར་རབ་ཏུ་སྐྱོང་བ་ལ་དགྱེས་ཏེ་སློབ་མ་མཆོག་དང ། འབྲིང་དང ། ཐ་མས་ཡོན་གྱི་དབུལ་བ་མང་པོ་བྱས་ཏེ་དཀྱིལ་འཁོར་དུ་གཟུད་པ་མཛད་དོ། །བགེགས་ཚར་གཅད་པའི་ཕྱིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་གདོང་བར་བསྟན། རིན་པོ་ཆེས་ལག་སོར་བཀང་སྟེ་སྙིང་པོ་འདི་ཟློས་སུ་གཞུག་གོ་།ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛི་དྷི་དྷ་ཏིཥྛ་ཧཱུཾ། ཨོཾ་མཧཱ་མཎྜ་ལ་དེ་བ་ཀ་ར་པཱུ་ཛ་ཡ་པཱུ་ཛ་ཡ་ཧཱུཾ་ཨ། ཞེས་བརྗོད་དེ་མེ་ཏོག་འཐོར་དུ་གཞུག་གོ་།གང་ལ་བབ་པའི་བཤེས་གཉེན་བསྟན། །སྔགས་དང་ཕྱག་རྒྱ་དམ་ཚིག་བསྟན། ། དེ་ནས་དམ་ཚིག་ཆུ་བླུད་ཅིང ། །ཚིག་འདི་རབ་ཏུ་གོ་བར་བསྒོ། །སེམས་ཅན་གྱི་ནི་གཟུགས་ཆེན་པོ། །ལས་ལ་སོགས་ཏེ་དབང་བསྐུར་བའི། །རྒྱལ་བའི་སྲས་སུ་དབང་བསྐུར་ཡིན།། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་ཚིག་གཉན་པོ་འདི་དག་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ཞིང ། །སློབ་དཔོན་མ་གཏོང་གྲོགས་ལ་མཆོད། །བཀའ་ལ་གུས་པར་མཉན་པར་བྱོས། ། གལ་ཏེ་བཀའ་ལས་འདས་གྱུར་ན། །གཞོམ་དང་གཞིག་དང་དམ་རྩལ་དང ། །སྤྲོ་དང་སྦར་དང་དམྱལ་བར་སྐྱེ། །སེམས་ལ་ཆུ་འདི་གནས་པ་ནི། །འཕྲིན་ལས་རྣམ་བཞི་འཚམ་པར་བྱ།།
16a
༄#། །ཞེས་བརྗོད་ནས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དང ། །ཀུན་དུ་བཟང་དང་མཆོད་ལ་སོགས། །ཞབས་ལ་གཏུགས་དང་གུས་པར་བྱ། །རྒྱུད་ཀྱི་མཉན་པ་ཐམས་ཅད་བྱ། །སྒྲུབ་པའི་གཟུགས་ལ་བརྟེན་པས་འགྲུབ། །དེ་ནས་རིགས་ཀྱི་བུ་མཆོག་ལ། །གསང་བའི་མིང་གི་དབང་ཡང་བསྐུར། །གུས་པར་ལྡན་པའི་བུ་མཆོག་ངེས། །རྒྱལ་པོ་དབང་ཡོད་རྒྱལ་པོ་སྲིད། །རང་ལུས་གནས་དང་འཁོར་ཡུལ་དང ། །བུ་དང་ཆུང་མ་ཚ་རྒྱུད་དང ། །རིན་པོ་ཆེ་དང་ཤེལ་དང་དངུལ། །སྣ་བདུན་རིན་ཆེན་ནོར་གྱི་དབྱིག་།རྟ་དང་གླང་པོ་ཤིང་རྟ་དང ། །མ་ཧེ་ནེའུ་ལེ་ཅི་ཡོད་རྣམས། །གཏེར་དང་དབྱིག་དང་ཡིད་འཐད་པ། །སེམས་ལ་ཐེ་ཚོམ་མེད་པ་ཡིས། །བཀུར་སྟི་རིམ་གྲོ་མཆོག་བསྐྱེད་ལ། །ཕུལ་ན་རྒྱལ་བ་མཉེས་པར་འགྱུར། ། དེ་ནས་དབང་སྣོད་ཐེག་པའི་ཚད། །རིམ་པ་བཞིན་དུ་མནོད་པར་བྱ། །མཉན་པ་གྲུབ་པ་ལ་སོགས་དང ། །ལས་དང་གིང་དང་རྒྱལ་འཐེབ་དང ། །སྤྱན་དང་རྡོ་རྗེ་ཚད་འཛིན་པ། །བྱེ་བྲག་མངག་པ་ལ་སོགས་རྣམས། །གསང་བའི་དབང་རྣམས་གང་ནོད་པ། །ཉི་ཤུའམ་བཅུ་གཉིས་ལོན་པ་ལ། །གོས་དང་དབུ་རྒྱན་བཟའ་བཏུང་དང ། །ཕྱག་རྒྱ་དྲིལ་བུ་ལ་སོགས་པ། །དཀྱིལ་འཁོར་འདི་ལྟར་གསལ་བསྒོམས་ཏེ། །རྒྱལ་བ་ཀུན་གྱིས་བྱིན་གྱིས་བརླབས། །མངོན་དུ་སྟན་བཏིང་དགའ་སྤྱོད་ཅིང ། །སྟེང་ནས་རྒྱལ་པོས་དབང་བསྐུར་ན། །གདོན་མི་ཟ་བར་
16b
དངོས་གྲུབ་ཐོབ། །ཚིག་གི་ལེགས་པར་བསྟོད་པར་བྱ། །དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞབས་ལ་གཏུགས་དེ་གཏང་རག་གཏོང ། །རྡོ་རྗེ་སྤུན་དང་གཟུངས་མ་ཡིས། །རྒྱལ་བའི་རྒྱལ་བ་ཡིན་ཞེས་བརྗོད། །དུས་གསུམ་ཀུན་གྱི་སྲས་ཆེན་པོ། །དུས་གསུམ་ཀུན་གྱི་སྤྱད་པ་སྤྱོད། །ཁམས་གསུམ་ཀུན་གྱི་སྒྲོལ་བ་པོ། །སྒྲོལ་བ་མཆོག་གི་སྤྱད་པ་སྤྱོད། ། ཤིན་ཏུ་རྣལ་འབྱོར་སྐལ་ལྡན་པ། །དམ་ཚིག་སྡོམ་ལ་གནས་པ་དང ། །མཚན་མ་མེད་པའི་ཆུ་འཐུང་ཞིང ། །ཇི་ལྟར་བསྒོ་བའི་ལས་བྱེད་པ། །ཀུན་ལ་ཕྱད་པར་རབ་གྲགས་ཡིན། ། ཕྱི་རབས་འདྲེན་པའི་གདུང་འཛིན་པ། །སྒྱུ་འཕྲུལ་དྲ་བའི་ས་ལ་གནས། །དེ་བཞིན་གཤེགས་པའི་སྐུ་དང ། གསུང་དང ། ཐུགས་ཀྱི་གསང་བ་དེ་ཁོ་ན་ཉིད་ལས། མཆོད་ཡོན་དམ་པ་དང་སྙིང་རྗེའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བ་རྡོ་རྗེ་བཀོད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གནས་པར་མཛད་དོ། ། མཛད་ནས་སྣརེལ་ཞི་དང་བྱ་བྱེད་ཡན་མན་མང་པོ་མི་འགོག་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ལས་ལ་ལྟོས་པ་རང་ཐད་ཀྱི་སྡུག་བསྔལ་རྣམས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་འཇོག་པར་མཛད་དོ། །དེ་ནས་ཡང་མུ་སྟེགས་རྟག་པར་ལྟ་བ་ཐེར་ཟུག་པ་ལ་རྟག་པ་ཐེར་ཟུག་གི་ཆ་ལུགས་ཀྱིས་འདུལ་བར་མཛད་དོ། །ཆད་པ་ཕྱིས་མི་འདོད་ཅེས་བྱ་བ་ལ་ཆ་ལུགས་
17a
༄#། །དེས་མཉམ་པ་ལ་འཛུད་པར་མཛད་དོ། །མཛད་ནས་རབ་ཏུ་འགོག་པའི་དཀའ་ཐུབ་ཀྱིས་མྱུར་བ་བདེ་བ་ལ་གནས་པར་མི་སྟེར་བ་རྣམས་ལ་དཀའ་ཐུབ་འགྱུར་བ་ཆེན་པོའི་ཚུལ་གྱིས་འདུལ་དབང་ཆེན་པོ་མཛད་དོ། །དྲག་ཤུལ་གྱི་བཙན་ཐབས་ལ་དགའ་བ་དེ་ཐགས་བཟང་རིས་ཀྱི་ཆ་ལུགས་ཀྱིས་འདུལ་བར་མཛད་དོ། །གཞན་ལ་སྙིང་རྗེར་མ་གྱུར་པའི་ཕྱོགས་གཅིག་པའི་ས་རྒྱལ་རྣམས་ལ་ཡིད་བཞིན་གྱི་ཏིང་ངེ་འཛིན་གྱིས་འདུལ་བར་མཛད་དོ། །གླིང་བཞིའི་དགེ་སྡིག་ཆ་མི་ཤེས་པ་ལ་འཁོར་ལོས་བསྒྱུར་བ་ཆེན་པོར་མཛད་ནས་འདུལ་བར་མཛད་དོ། །སྦྲེབས་པ་ཆེན་པོ་དང ། གཏུབས་པ་ཆེན་པོ་དང ། བཙོ་བ་དང ། རབ་ཏུ་སོ་ཐམ་ཐམ་ཆེ་ཆུང་རྣམས་གཉེན་པོ་དང ། ཟངས་ཁ་དང ། གཤེད་པོ་ཆེན་པོའི་ཚུལ་གྱིས་འདུལ་བར་མཛད་དོ། །དེ་དག་ཀྱང་ཆོས་མཉམ་པ་ཆེན་པོ་བྱང་ཆུབ་ཀྱི་ཚུལ་རྡོ་རྗེ་ཐེག་པ་ཀུན་གྱི་མཆོག་རང་བཞིན་གྱི་ཚུལ་གྱི་གནས་པ་ཐབས་དང་ཤེས་རབ་དབྱེར་མེད་དེ་རོལ་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པར་མཛད་དོ། །ཐབས་ཀྱི་མཛད་པ་ཁྲོ་བོ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་བདུད་འདུལ་བ་ཞེས་བྱ་བའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་དོ། །དེ་ནས་བདུད་ཞེ་སྡང་ཆེན་པོ་ཞེས་བྱ་བ་དེ་བསྐལ་
17b
པ་སྟོང་གི་དུས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བླངས་པས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ། རབ་ཏུ་གདུག་པ། སྐྱི་བུང་བ། བོང་ཆེ་ཞིང་ཚོར་སང་ཆེ་བ། མཚོན་ཆ་དང་ཁྲག་གི་གདུག་པས་སེམས་ཅན་ལ་གནོད་པ། མཚོན་གྱི་མཆེ་བ་དང་བཅས་པ། དཔག་ཚད་ནས་དྲི་ཚོར་ཏེ་རབ་ཏུ་གསོད་གཅོད་ཟ་འཐུང་བྱེད་ཅིང་མེ་དཔུང་གི་དཀྱིལ་ན་གདུག་པའི་འདའ་འཕེན་ཅིང་གཡོ་བ་ཆེན་པོས་བསྔོ་བ་དྲག་པོ་དང ། ཚམ་ངམ་དུ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་ཀུན་ཏུ་བཟང་མོ་ལ་འཛུམ་པ་མཛད་དོ། ། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཨོཾ་དྷུ་དྷུ་དྷུ་དྷུ་ར་དྷུ་ར་དྷུ་ར་ཧོ་ཧོ། ཧཱུཾ་ཧཱུཾ་ཧཱུཾ། ཧྲིཾ་ཧྲིཾ་ཧྲིཾ། ཧོ་ཧོ་ཞེས་བརྗོད་པས་ཚངས་པའི་ཆུང་མ་དང ། དབང་པོའི་ཆུང་མ་དང ། ཁྱབ་འཇུག་གི་ཆུང་མ་དང ། པི་ཥྣུའི་ཆུང་མ་དང ། ཙཀྲའི་ཆུང་མ་དང ། དེ་བའི་ཆུང་མ་དང ། རུ་ཏྲའི་ཆུང་མ་དང ། ག་རུ་ཌའི་ཆུང་མ་དང ། ཡུལ་འཁོར་སྲུང་བའི་ཆུང་མ་དང ། རྣམ་ཐོས་ཀྱི་ཆུང་མ་དང ། འཕགས་སྐྱེས་ཀྱི་ཆུང་མ་དང ། མིག་མི་བཟང་གི་ཆུང་མ་རྣམས་རབ་ཏུ་ཆགས་པའི་འདུ་ཤེས་རང་དབང་མེད་པར་སྐྱེས་ཏེ་འདུ་བར་མཛད་དོ། །དེ་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། །སཏྭ་བཛྲ་ཧེ་རུ་ཀ་།མཧཱ་ས་མ་ཡ་སརྦ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ་ཞེས་བརྗོད་པས་དེ་བཞིན་གཤེགས་པའི་གཟུགས་མང་པོས་མཛེས་པ་དང་ལྡན་པར་གྱུར་ཏེ་བཞུགས་པ་ལ་
18a
༄#། །ཚངས་པའི་ཆུང་མ་ལ་སོགས་པ་འདུས་པ་ཐམས་ཅད་ཀྱིས་སོ་སོ་རེ་རེ་ཤིན་ཏུ་ཆགས་པ་ཆེན་པོའི་ཡིད་སྐྱེས་ཏེ་འཁྲིལ་བར་གྱུར་ཏོ། །འཁྲིལ་ནས་ཀྱང་རོལ་པའི་བྱང་ཆུབ་ཀྱི་སེམས་ལས་ཆུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་འཁྲུ་ཞིང་འཇིག་པར་མཛད་དོ། །མེའི་དཀྱིལ་འཁོར་མང་པོས་འཇིག་རྟེན་རབ་ཏུ་བསྲེག་པར་མཛད་དོ། །རླུང་གི་དཀྱིལ་འཁོར་མང་པོས་འཇིག་རྟེན་སེམས་ཅན་གཏོར་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་གྱིས་རིགས་ངེས་པར་དབང་བསྐུར་བར་མཛད་དོ། །དེ་ནས་གཉིས་སུ་མེད་པ་ལས་བཞེངས་ཏེ། ཨོཾ་ཨོཾ་སརྦ་བི་སི་དུ་ཤ་ཤྛ་ཛ་ཛ་ཛ་ཞེས་བརྗོད་པས་ཚངས་པ་དང་ཁྱབ་འཇུག་གི་ཆུང་མ་ལ་སོགས་པ་གཟུངས་ལས་བྲན་མོར་དམ་མནོས་ཏེ་སླར་གནས་སུ་ཕྱིན་པར་གྱུར་ཏོ། །དེ་ནས་སྐུའི་ཆ་ལུགས་དེ་ལས་མཉམ་པ་ཆེན་པོ་ལ་གནས་པར་མཛད་དེ། ཨོཾ་བྷ་ར་མུ་ཏྲཱ་མ་ཧཱ་ཙཎྜ་ཙ་དུར་ཡོ་གི་ནི་མཎྜལ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པས་སོ་སོའི་ཆུང་མ་དང ། བུ་སྲིང་རྡོ་རྗེ་གསོད་བྱེད་མ་ཆེན་མོར་གྱུར་ཏེ། བདུད་གདུག་པ་ཆེན་པོ་ཞེ་སྡང་ཅན་ལ་སོགས་པ་ལ་ཇོ་བོ་དམ་མནོས་བཞེངས་ཞེས་སྨྲས་ཏེ། བདུད་གདུག་པའི་ལུས་ལ་ཁྲག་གཞིབས་ནས་གནས་སོ། །འོན་ཀྱང་དམ་ཉན་པར་མ་བཏུབ་སྟེ་གཡོ་བག་མེད་པར་ཤིན་ཏུ་བསྔོ་
18b
པར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྤྲུལ་པ་ཐམས་ཅད་གཅིག་ཏུ་བསྡུ་བ་མཛད་དེ་དབུག་སུམ་ཕྱག་དྲུག་ཞབས་བཞི་ཐོ་བ་དང ། རྡོ་རྗེ་དང ། རྡེའུ་ཆུང་དང ། མདའ་གཞུ་དང ། ཞགས་པ་དང ། བསྡིགས་པའི་མཛུབ་མོ་དང ། བྷནྡྷ་འཁྲུག་པའི་རོལ་པས་ཀུན་ཏུ་བཟང་མོ་དང་འཁྲིལ་ནས་དབུ་གསུམ་གསིགས་ཏེ། སརྦ་བྷ་ཐ་སརྦ་བྷ་ཐ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པས་ཞབས་ཀྱི་འོག་ཏུ་བདུད་བཞི་དང ། ཚངས་པ་དང ། བརྒྱ་བྱིན་ལ་སོགས་པ་རྒྱལ་ཆེན་ཕྱོགས་སྐྱོང་བསྡུས་ཏེ། ཁཱ་ཧ་ཁཱི་ཧི་ཕཊ་ཕཊ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་ཧཱུཾ་ཞེས་པས་བསྒྲལ་ཏེ་བྷནྡྷར་བཀང་ནས་གསོལ་ཏེ་མི་གནས་པར་མཛད་དོ། །ཡང་ཞབས་གཡས་པ་འཕེན་ཅིང་འགྲེང་སྦྱོར་གྱི་ཚུལ་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཛྙཱ་ན་གརྦྷ་ཧོ་དྷུ་ཧོ་དྷུ་ཧོ་དྷུ། ཙཎྜ་ལ་བྷ་ལ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། ཏྲཱུཾ་ཏྲཱུཾ་ཏྲཱུཾ། ཧྲིཾ་ཧྲིཾ་ཧྲིཾ། ཕཊ་ཕཊ་ཕཊ་ཅེས་བརྗོད་པས་སོ་སོའི་ཆུང་མ་བུ་མོས་རང་དབང་མེད་པར་བཏེག་སྟེ་ཕྱིན་ཏོ། །དེ་ནས་བདུང་ཞེ་སྡང་ཆེན་པོ་དེ་ཡང་དྲེགས་པའི་ཆུང་མས་བཏེག་སྟེ་ཕྱིན་ཏོ། །ཕྱིན་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆེན་པོས། ཨོཾ་སརྦ་ཏ་ཐའ་ག་ཏ་མཧཱ་ས་མ་ཡ་ཤྲཱི་ཧེ་རུ་ཀ་དུཥྚི་དྷ་ཀ་ཧ་ན། ད་ཧ་ད་ཧ་ད་ཧ།་པ་ཙ་པ་ཙ་པ་ཙ། ཧཱ་ཧཱ་ཧཱ་ཧཱ་ཧཱ། ཞེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྣལ་འབྱོར་མ་སྐུལ་བྱེད་མ་དང ། རྣལ་འབྱོར་མ་གསོད་བྱེད་མ་དང ། ཟ་བྱེད་མ་དང ། རྣལ་
19a
༄#། །འབྱོར་མ་གཏུམ་མོ་དང ། ལས་ལ་གྲུབ་པ་ཆེན་མོ་དང ། རྡོ་རྗེ་སྲེག་བྱེད་མ་དང ། དབང་སྡུད་ཆེན་མོ་རྣམས་ཡུམ་གྱི་གསང་བའི་མཁའ་ལས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས་ཐོན་ནས་གདུག་པའི་ཚོགས་བདུད་མགོ་ནས་བཟུང་སྟེ་མཚོན་ཆ་དང་ཕྲལ་ནས་བསྒྲལ་ཏེ་ལྷུ་སུག་ཕྲལ་ནས་བསྣམས་ཤིང་བསྟབས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོས་འགྲོ་བ་གནོད་སྦྱིན་བདུད་ཀྱི་རིགས་ཀྱི་འཁོར་དང ། ཡི་དྭགས་ཀྱི་ལུས་རྟའི་ལུས་ཅན་གྱི་སྲིན་མོ་ཆེན་མོ་དང ། འུག་པ་མོ་ཆེན་མོ་དང ། དུར་བྱ་ཆེན་མོ་དང ། སྟག་དང ། སེངྒེ་དང ། བ་ལང་དང ། ཝ་དང ། ཁྱི་དང ། ཕ་ཝང་དང ། སྤྲེའུ་དང ། བྱ་རོག་དང ། བྱ་རྒོད་དང ། རྔ་མོ་དང ། ཕག་ལ་སོགས་པ་མ་ཏྲང་རུ་ཏྲ་དང་ཆས་ཏེ་གནས་པ་ལ་མཚན་མར་མ་ཆགས་པའི་སྦྱོར་བ་མཛད་ནས། ཧེ་ཧེ་ཧེ་ཧེ་ཧེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས་སེངྒེ་སྟབས་ཆེན་པོ་དང ། སྟག་གི་ཆ་ལུགས་ཆེན་མོ་དང ། མྱོས་བྱེད་རྟ་མགོ་ཆེན་མོ་དང ། འུག་པའི་མགོ་ཅན་དང ། བྱ་རོག་དང ། བྱ་རྒོད་དང ། མཆུ་རིང་ལ་སོགས་པ་སྲིན་མོའི་ཆ་ལུགས་དང་མ་བྲལ་བའི་མདོག་གིས་ཐོན་ནས། ཕཊ་ཕཊ་ཕཊ། ཙཎྜ་མ་ཧཱ་མཎྜ་ལ་ཧཱུཾ་ཕཊ་ཞེས་བརྗོད་པས་གདུག་པའི་ཚོགས་བསྒྲལ་བར་མཛད་དེ་བྱ་དང །
19b
མཆེ་བ་ཅན་དང ། སྡེར་ཆགས་ཀྱི་ཟ་སྟངས་ཀྱིས་འཕྲོག་ཅིང་གསོལ་བ་མཛད་དོ། །དེ་བཞིན་གཤེགས་པ་དཔལ་སྒྱུ་འཕྲུལ་ཆེན་མོས་ཡང་ཕྱིས་བསྟན་པ་ལ་མི་སྒྲིབ་པར་བྱ་བའི་ཆེད་དུ་ལས་ཀྱི་བཟླས་པ་འདི་བཀའ་སྩལ་ཏོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་རུ། །ཁོར་ཡུག་དུར་ཁྲོད་ཆེན་པོ་སྟེ། །འབར་བའི་དཀྱིལ་འཁོར་གསལ་གྱུར་ནས། །དྲག་པོ་འདུལ་བའི་དོན་ཆེད་དུ། །དཀྱིལ་འཁོར་འབར་བ་དེ་དབུས་སུ། །ཁྲག་འཐུང་ཡེ་ཤེས་ཆེན་པོ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སེར་ནག་འཇིགས་པ་ཆེན་པོའི་སྐུ། །སངས་རྒྱས་ཁྲོས་པའི་རྒྱལ་མོ་དང ། །མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། །རྣམ་པར་ཐར་པའི་ཞལ་གསུམ་གྱིས། །ཁམས་གསུམ་མ་ལུས་རྡུབ་ཅིང་གསོལ། །ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །སྐུ་ཡི་དཀྱིལ་འཁོར་ཆེན་པོར་བསྡུས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། །འཇིགས་པའི་རལ་པ་གྱེན་དུ་འཁྱིལ། །བསྐལ་པའི་མེ་དཔུང་ཆེན་པོའི་དབུས། །གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། །རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། །སྤྱུགས་པས་བསོད་ནམས་ལུས་འཇིགས་ཤིང ། །ཡུམ་ཆེན་མོ་དང་མཉམ་པར་སྦྱོར། །བསྡིགས་པ་རྡེའུ་ཆུང་ཏྲི་ཤཱུལ་ཞིང ། །ཕྱག་ན་བསྣམས་ཤིང་རིལ་མིད་མཛད། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། །
20a
༄#། །ཧ་ཧ་ཧས་ནི་དགྱེས་པར་མཛད། །ཧེ་ཧེ་ཧེས་ནི་ཡུམ་དང་རོལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་ཆར་ཆེན་འབེབས། །ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། །ཞབས་བཞི་བདུད་བཞི་སྒྲོལ་ཞིང་གནོན། །གཞལ་ཡས་མཐིང་ནག་ཆེན་པོས་ནི། །འཇིག་རྟེན་ཁམས་གསུམ་གྱུར་པ་སྟེ། །ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། །ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། །སྲོག་ཆགས་ཆེན་པོའི་པགས་ཆེན་ཡང ། །ཚམ་ངམ་ཆེན་པོའི་ན་བཟར་གསོལ། །ཅི་ཡང་སྒྱུར་ཡང་གཟུགས་ཅན་ཏེ། །འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། །དྲག་ཤུལ་གསུང་གི་ང་རོ་ཡིས། །གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། །སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང ། །གསོད་ཅིང་སྦྱོར་བའི་མཆོད་པ་ལ། །ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་ཧཱུཾ། རྡོ་རྗེ་རིགས་ཆེན་མི་བསྐྱོད་ཐུགས། །རྡོ་རྗེ་ཁྲག་འཐུང་ཆེན་པོ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །ཞབས་བཞི་བདུད་བཞི་རབ་ཏུ་གནོན། །སྨུག་ནག་འཇིགས་པ་ཆེན་པོའི་སྐུ། །རྡོ་རྗེ་ཁྲོས་པའི་རྒྱལ་མོ་དང ། ། མཧཱ་སུ་ཁའི་ཚུལ་དུ་འཁྲིལ། །རྣམ་པར་ཐར་པའི་ཞལ་གསུམ་གྱིས། །ཁམས་གསུམ་མ་ལུས་རྡུབ་ཅིང་གསོལ། །ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །ཐུགས་ཀྱི་དཀྱིལ་འཁོར་ཆེན་
20b
པོར་བསྡུས། །སྙིང་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། །འཇིགས་པའི་རལ་པ་གྱེན་དུ་འཁྲིལ། །བསྐལ་པའི་མེ་དཔུང་ཆེན་པོའི་དབུས། །གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། །རྐན་སྒྲས་རིགས་ཀུན་བརྒྱལ་ཞིང་འབུབ། །སྤྱུགས་པས་བསོད་ནམས་ལུས་འཇིགས་ཤིང་།ཡུམ་ཆེན་མེ་དང་མཉམ་པར་སྦྱོར། །བསྡིགས་པའི་རི་རབ་ཏྲི་ཤཱུལ་ཞིང ། །ཕྱག་ན་བསྣམས་ཤིང་ཁྲག་འཐུང་བ། །སངས་རྒྱས་ཀུན་ཏུ་བཟང་མོ་དང ། །རོལ་པའི་ཚུལ་གྱིས་མཉམ་སྦྱོར་ཞིང ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཞིང་ཆེན་གསོད་ཅིང་ཕུང་མཛད་པ། །ཧ་ཧ་ཧས་ནི་དགྱེས་པར་མཛད། །ཧེ་ཧེ་ཧེས་ནི་ཡུམ་དང་རོལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་ཆར་ཆེན་འབེབས། །ཕཊ་ཕཊ་ཕཊ་ཀྱིས་ཟ་བྱེད་ཆེ། །གཞལ་ཡས་སྨུག་ནག་ཆེན་པོ་སྟེ། །འཇིག་རྟེན་སྟོང་གསུམ་གྱུར་པ་སྟེ། །ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། །ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། །སྲོག་ཆགས་ཆེན་པོའི་པགས་ཆེན་ཡང ། །ཚམ་ངམ་ཆེན་པོ་ན་བཟར་གསོལ། །ཅི་ཡང་སྒྱུར་བའི་གཟུགས་ཆེན་པོ། །ཆེ་འོ་ཆེ་འོ་དཔལ་ཆེན་པོ། །སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །འཇིག་བྱེད་སྐུ་སྟེ་ཆོ་འཕྲུལ་བ། ། དག་ཤུལ་གསུང་གི་ང་རོ་ཡིས། །གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། །སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང ། །གསོད་ཅིང་སྦྱོར་བ་མཆོད་པ་ལ། །ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། །
21a
༄#། །ཁྲག་འཐུང་འབར་མ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་རྒྱུ་ལ་ཤིན་ཏུ་དགྱེས། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རུཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ། རིན་ཆེན་རིགས་ཆེན་ཡོན་ཏན་སྐུ། །རིན་ཆེན་ཁྲག་འཐུང་ཆེན་པོ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲང ། །སྟི་ར་ཆེ་ཆུང་གདན་ལ་བཞུགས། །བདུད་བཞི་སྟེང་དུ་བརྐྱང་བསྐུམ་པ། །ཉོན་མོངས་ལྔ་དག་ཚར་གཅོད་ཅིང ། །མཐེའུ་ཆུང་སྲིན་ལག་རྩེ་གཉིས་ཀྱིས། །་མྲྀ་ཏ་ལ་སོགས་པ་ཡི། །བདུད་རྩི་ཟིལ་མངར་ཆེན་པོ་དག་།དྭངས་པའི་སྐུ་ལ་རབ་བརྒྱན་ཅིང ། །སྔོ་ནག་འཇིགས་པ་ཆེན་པོའི་སྐུ། །རིན་ཆེན་ཁྲོས་པའི་རྒྱལ་མོ་དང ། །མཧཱ་སུ་ཁའི་ཚུལ་དུ་འཁྲིལ། །རྣམ་པར་ཐར་པའི་ཞལ་གསུམ་གྱིས། །ཁམས་གསུམ་མ་ལུས་རྡུབ་ཅིང་གསོལ། །ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །ཡོན་ཏན་དཀྱིལ་འཁོར་ཆེན་པོར་བསྡུས།། རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། །འཇིགས་པའི་རལ་བ་གྱེན་དུ་འཁྱིལ། །བསྐལ་བའི་མེད་པུང་ཆེན་པོའི་དབུས། །གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། །རྐན་སྒྲས་ཡོན་ཏན་རིགས་ཀུན་བརླག་།སྦྱུགས་པས་བསོད་ནམས་ལུས་འཇིག་ཅིང ། །ཡུམ་ཆེན་མོ་དང་མཉམ་པར་སྦྱོར། །སྟི་རའི་གློ་སྙིང་འབྱིན་ཅིང་གསོལ། །དགྲ་སྟ་ཏྲི་
21b
ཤཱུལ་རྒྱུ་འདྲེན་ཞགས། །ཕྱག་ན་བསྣམས་ཤིང་ཁྲག་འཐུང་བ། །རིན་ཆེན་ཀུན་ཏུ་བཟང་མོ་དང ། །རོལ་བའི་ཚུལ་དུ་མཉམ་སྦྱོར་ཞིང ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཐམས་ཅད་ཐམས་ཅད་གཅོད་པར་མཛད། །རོལ་པ་ཆེན་པོའི་ཚུལ་བཞིན་དུ། །ཁྲག་ཆེན་པོ་ཡང་ཞལ་གྱིས་འཇིབས། །ཧ་ཧ་ཧས་ནི་དགྱེས་པར་མཛད། །ཧེ་ཧེ་ཧེས་ནི་ཡུམ་དང་རོལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་ཆར་ཆེན་འབེབས། །ཕཌ་ཕཌ་ཕཌ་ཀྱིས་ཟ་བྱེད་ཆེ། །གཞལ་ཡས་སྔོ་ནག་ཆེན་པོར་ནི། །འཇིག་རྟེན་སྟོང་གསུམ་གྱུར་པ་སྟེ། །ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། །ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། །སྲོག་ཆགས་ཆེན་པོའི་པགས་པ་ཡང ། །ཚམ་ངམ་ཆེན་པོའི་ན་བཟར་གསོལ། །ཅི་ཡང་སྒྱུར་བའི་གཟུགས་ཅན་ཏེ། །ཆེ་འོ་ཆེ་འོ་དཔལ་ཆེན་པོ། །སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ། །གཟུགས་ཁམས་ལྷ་ཚོགས་མང་པོ་ཡང ། །མགོ་ཡི་ཕྲེང་བས་རྒྱན་དུ་བྱས། །འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། །དྲག་ཤུལ་གསུང་གི་ང་རོ་ཡིས། །གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། །སྙིང་རྗེ་མངན་སེམས་ཁྲག་ཆེན་འཐུང ། །གསོད་ཅིང་སྦྱོར་བའི་མཆོད་པ་ལ། །ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། །ཁྲག་འཐུང་འབར་བ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་
22a
༄#། །རུ་ལུ་རུ་ལུ་རུ་ལུ་ཧཱུཾ། དྲག་པོ་གདུལ་བའི་དོན་ཆེད་དུ། །དཀྱིལ་འཁོར་འབར་བའི་ཕྱོགས་དག་ཏུ། །ཁྲག་འཐུང་པདྨ་ཆེན་པོ་སྟེ། །མཚུངས་པ་མེད་པའི་ཁྱད་པར་མངའ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དམར་ནག་འཇིགས་པ་ཆེན་པོའི་སྐུ། །པདྨ་ཁྲོས་པའི་རྒྱལ་མོ་དང ། །མཧཱ་སུ་ཁའི་ཚུལ་དུ་འཁྲིལ། །རྣམ་པར་ཐར་པའི་ཞལ་གསུམ་གྱིས། །ཁམས་གསུམ་མ་ལུས་རྡུབ་ཅིང་གསོལ། །ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །གསུང་གི་དཀྱིལ་འཁོར་ཆེན་པོར་བསྡུས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། །འཇིགས་པའི་རལ་པ་གྱེན་དུ་འཁྱིལ། །བསྐལ་བའི་མེ་དཔུང་ཆེན་པོའི་དབུས། །གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། །རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། །སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང ། །ཡུམ་ཆེམ་མོ་དང་མཉམ་པར་སྦྱོར། །ཏྲི་ཤཱུལ་རྡེའུ་རྡུང་རྒྱུ་འདྲེན་ཞགས། །ཕྱག་ན་བསྣམས་ཏེ་ཤ་ཁྲག་གསོལ། །གཟུགས་ཁམས་ལྷ་ཚོགས་མང་པོ་དག་།དགྲ་བཅོམ་བྱང་ཆུབ་སེམས་དཔའི་ས། །མགོ་ཡི་ཕྲེང་བས་རྒྱན་དུ་བྱས། །དགོངས་ངེས་བཙན་ཐབས་ཆེན་པོས་མྱོས། །འདོད་ཆགས་བསྙེངས་པའི་དགོངས་པ་ཡིས། །གཟུགས་ཅན་བུད་མེད་ལུས་ཀུན་སྡུད། །ང་རྒྱལ་བསྙེངས་པའི་མཐུ་ཡིས་ནི། །བསོད་ནམས་ཅན་རྣམས་ཐམས་ཅད་གནོན། །ཕྲག་དོག་བསྙེངས་པའི་དགོངས་པ་ཡིས། །གཟུགས་
22b
ཀུན་ཀུན་སྡུད་འཕྲོག་ཅིང་སྦྱོར། །གཏི་མུག་བསྙེངས་པའི་དགོངས་པ་ཡིས། །དབྱེ་གསལ་མི་མཛད་ངེས་པའི་ཐུགས། །མཆོད་དོ་མཆོད་དོ་སྟོབས་ཆེན་པོ། །བདག་ལ་བདག་མཆོད་མཉེས་པ་ཆེ། །ཁྲོ་མོ་པདྨའི་དཀྱིལ་འཁོར་དུ། །འཇིགས་པའི་སྟབས་དང་གར་མཛད་པས། །མི་བཟད་མཁའ་འགྲོའི་ཀློང་ཆེན་འབྱུང ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། །དངོས་ལ་ལོངས་སྤྱོད་ཆེན་པོར་མཛད། །ཧ་ཧ་ཧས་ནི་དགྱེས་པར་མཛད། །ཧེ་ཧེ་ཧེས་ནི་ཡུམ་དང་རོལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་ཆར་ཆེན་འབེབས། །ཕཌ་ཕཌ་ཕཌ་ཀྱིས་ཟ་བྱེད་ཆེ། །ཞབས་བཞི་བདུད་བཞི་སྒྲོལ་ཞིང་གནོན། །གཞལ་ཡས་དམར་ནག་ཆེན་པོར་ནི། །འཇིག་རྟེན་ཁམས་གསུམ་གྱུར་པ་སྟེ། །ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། །ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། །སྲོག་ཆགས་ཆེན་པོའི་པགས་ཆེན་ཡང ། །ཚམ་ངམ་ཆེན་པོའི་ན་བཟར་གསོལ། །ཅིར་ཡང་སྒྱུར་བའི་གཟུགས་ཆེན་ཏེ། །འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། །དྲག་ཤུལ་གསུང་གི་ང་རོ་ཡིས། །གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། །སྙིང་རྗེ་མངན་སེམས་ཕྲག་ཆེན་འཐུང ། །གསོད་ཅིང་སྦྱོར་བའི་མཆོད་པ་ལ། །ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀ་ར་མ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དྲག་པོའི་དངོས་གྲུབ་སྦྱིན་མཛད་པ། །དཀྱིལ་འཁོར་འབར་བའི་ཕྱོགས་དག་ཏུ། །ཁྲག་
23a
༄#། །འཐུང་ལས་ཀྱི་སྐུ་གསུང་ཐུགས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ལྗང་ནག་འཇིགས་པ་ཆེན་པོའི་སྐུ། །ལས་ཀྱི་རྒྱལ་ཅིང་ཁྲོས་མ་དང ། །མ་ཧཱ་སུ་ཁའི་ཚུལ་དུ་འཁྲིལ། །རྣམ་པར་ཐར་པའི་ཞལ་གསུམ་གྱིས། །ཁམས་གསུམ་མ་ལུས་རྡུབ་ཅིང་གསོལ། །ཐུགས་དམ་སྙིང་རྗེ་ཆེན་པོ་ཡིས། །སྟོང་ཁམས་རྣམ་པ་མང་པོ་རྣམས།། སྐུ་ཡི་དཀྱིལ་འཁོར་ཆེན་པོར་བསྡུས། །རྡོ་རྗེ་བྷནྡྷ་ར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། །འཇིགས་པའི་རལ་པ་གྱེན་དུ་འཁྱིལ། །བསྐལ་བའི་མེ་དཔུང་ཆེན་པོའི་དབུས། །གཤོག་སྒྲ་དྲག་པོས་སྟོང་གསུམ་གཡོ། །རྐན་སྒྲ་དྲག་པོས་སྲོག་ཆགས་བརྒྱལ། །སྤྱུགས་པས་བསོད་ནམས་ལུས་འཇིག་ཅིང ། །ཡུམ་ཆེན་མོ་དང་མཉམ་པར་སྦྱོར། ། རྒྱ་གྲམ་དབྱུག་པ་རྡེའུ་ཆུང་དང ། །ཏྲི་ཤཱུལ་ཞིང་ཆེན་རྒྱུ་ཞགས་འདྲེན། །ཚེམས་རྣོན་སྟི་ར་ཟ་བྱེད་ཆེ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཞིང་བཅུ་གསོད་ཅིང་ཚུལ་བཞིན་དུ། ། འཕྲིན་ལས་དཀྱིལ་འཁོར་ཉིད་ལ་མཆོད། །ཧ་ཧ་ཧས་ནི་དགྱེས་པར་མཛད། །ཧེ་ཧེ་ཧེ་ས་ནི་ཡུམ་དང་རོལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་ཆར་ཆེན་འབེབས། །ཕཌ་ཕཌ་ཕཌ་ཀྱིས་ཟ་བྱེད་ཆེ། །ཞབས་བཞི་བདུད་བཞི་སྒྲོལ་ཞིང་གནོན། །གཞལ་ཡས་ལྗང་ནག་ཆེན་པོར་ནི། །འཇིག་རྟེན་ཁམས་གསུམ་གྱུར་པ་སྟེ། །ཀླུ་ཆེན་རྒྱལ་པོ་མང་པོ་རྣམས། །ཁྱད་པར་ཆེན་པོའི་སྐུ་ལ་བརྒྱན། །
23b
སྲོག་ཆགས་ཆེན་པོའི་པགས་ཆེན་ཡང ། །ཚམ་ངམ་ཆེན་པོའི་ན་བཟང་གསོལ། །ཅིར་ཡང་སྒྱུར་བའི་གཟུགས་ཆེན་པོ། །ཆེའོ་ཆེའོ་དཔལ་ཆེན་པོ། །སངས་རྒྱས་སྐུ་ཡང་ཆེམ་ཆེམ་གསོལ།། སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །འཇིགས་བྱེད་སྐུ་སྟེ་ཆོ་འཕྲུལ་བ། །དྲག་ཤུལ་གསུང་གི་ང་རོ་ཡིས། །གསོད་ཅིང་འཐུང་བའི་ཚོགས་ཆེན་པོ། །སྙིང་རྗེ་མངན་སེམས་ཁྲག་ཆེན་དང ། །གསོད་ཅིང་སྦྱོར་བའི་མཆོད་པ་ལ། །ཤིན་ཏུ་དགྱེས་པ་ཆེན་པོར་སྟོན། །ཁྲག་འཐུང་འབར་བ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ས། རུ་རུ་རཀྟ། ཀ་ཀ་ཀརྨ། ཡོ་གི་ནི། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སངས་རྒྱས་ཁྲོས་པའི་རྒྱལ་མོ་སྟེ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །ཀྲོ་དྷི་སཝ་རི་དེ་བཞིན་རིགས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཁྲོ་གཉེར་སྤྱན་གསུམ་མཆེ་གཙིགས་ཤིང ། ། དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཏེ། །ཐོད་རློན་མང་པོས་རྒྱན་དུ་བྱས། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །སེར་ནག་གྱད་ཀྱི་འདོར་ཚུལ་དུ། །བྷནྡྷ་རཀྟར་ལྡན་པ་ཡིས། །འཁྲིལ་བའི་ཚུལ་གྱིས་གཙོ་ལ་སྟོབ། །དུར་ཁྲོད་འབར་བའི་མེ་ཆེན་དབུས། །ཞབས་བཞི་བརྐྱང་བསྐུམ་གནོན་ཚུལ་དུ། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །རྡོ་རྗེ་གཤིབས་པའི་གཤོག་རྐྱོང་ཞིང ། །
24a
༄#། །སྲིན་ལག་མཐེ་བོང་རྩེ་གཉིས་ཀྱིས། ། མྲྀ་ཏ་ལ་སོགས་པ་ལྔ། །བླངས་ཏེ་ཐུགས་དམ་སྐུལ་བར་མཛད། །དགྱེས་པས་རྡོ་རྗེ་པདྨར་འཇོག་།རོལ་ཕྱིར་སྟན་མཆོག་ཀྱང་མཛད། །ཀ་ལ་གྱི་ལ་དགྱེས་པས་རོལ། །རྡོ་དབྱུག་ཏྲི་ཤཱུལ་སྟི་ར་ཟ། ། ཨ་ཧི་ཧི་གད་མོས་འགེངས། །ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། །འཇིག་རྟེན་ཇི་སྲིད་ཐམས་ཅད་སྡུད། །ཁམས་གསུམ་ཀུན་གྱི་དབང་བསྒྱུར་མཛད། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །པགས་ཆེན་བརྗིད་པའི་གཡང་གཞི་གསོལ། །དཔལ་ཆེན་འབར་བ་མ་གཏོགས་པར། །ཀུན་ཀྱང་ཐལ་བ་བཞིན་དུ་རློག ། ཁྲོས་པའི་སྙིང་རྗེ་གཡོས་པ་ན། །ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། །ཞེ་སྡང་ཆེན་པོའི་དགྱེས་ཆེན་ཡང ། །རོལ་པས་དབང་དུ་བསྡུས་ནས་ནི། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབས་ཟས་སུ་སྲོག་ཆགས་ཀུན་གསོལ་པ། །མ་ཧཱ་མཾ་སས་སྐུ་བརྒྱན་ཅིང ། །ཟླ་གམ་མཆོད་པ་ཆེན་པོ་ཡིས། །ཁྲག་འཐུང་ཆེན་པོ་འཛུམ་པར་མཛད། །ཡིད་དུ་འོང་བའི་གཟུགས་སྟོང་ཅིང ། །ཉམས་ན་རབ་ཏུ་བརླག་པར་མཛད། །རྣལ་འབྱོར་དབང་ཕྱུག་ཆེན་མོ་སྟེ། །དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། །ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། །ཧུབ་ཧུབ་ཧུབ་ཀྱིས་ཞལ་དུ་གསོལ། །རྔུལ་གྱི་གོང་བུ་མང་པོ་རྣམས། །ཆེམ་ཆེམ་ཆེམ་གྱིས་ཞལ་དུ་གསོལ། །སོད་ཅིག་སོད་ཅིག་དཔལ་གྱི་ཡུམ། །ཆོམས་ཤིག་ཆོམས་ཤིག་དཔལ་གྱི་ཡུམ། །གཏོགས་ཤིག་གཏོགས་ཤིག་
24b
དཔལ་གྱི་ཡུམ། །སྲེགས་ཤིག་སྲེགས་ཤིག་དཔལ་གྱི་ཡུམ། །ཆིངས་ཤིག་ཆིངས་ཤིག་དཔལ་གྱི་ཡུམ། །གནོད་པར་བྱེད་པའི་བདུད་རྣམས་ཀུན། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། ། ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་འབར་བ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཨཱ་ཧོ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་པ་ར་མི་ཏཱ། སིདྡྷ་རུ་པེ་ཛ། ལོ་ཧི་ནི་ལ་ཤ་ཏ་ཙ་ར་ན་ཨ་ཁི་ཡ་མེ་ཧུ་བྷོ་ག་ཡོ་ཀ་ས་མ་ཡོ་བྷ་བེ། ཏ་རུ་ལ་སརྦ་ཡོ་གི་མཧཱ་ན་ར་ནྲི། རཀྟ་ཛཱ་ཡ། སོ་ཁྱམ་ནུ་བི་ལ་སི། །ཀ་པ་ས་མ་ལེ་མ་ཀུ་དྷ། ཏྲི་ཤཱུ་ལ་རཀྵ་བྷྱོ་ག་ཡོ་ག་ནི། མཧཱ་ས་ཧུ་མཎྜལ་ཏི་ལ་ཀ། བྷནྡྷ་ན། ཨ་ལ་ལ་ཧོ། རྡོ་རྗེ་ཡུམ་ཆེན་རྒྱལ་གཅིག་མ། །ཀྲོ་དྷི་ཤཝ་རི་དཔལ་གྱི་ཡུམ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །ཉི་མ་འབུམ་གྱི་གཟི་ལྡན་མ། །ཀེང་རུས་འབུམ་གྱི་གདན་ལ་བཞུགས། །སྨུག་ནག་གྱད་ཀྱི་འདོར་ཚུལ་དུ།། བྷནྡྷ་རཀྟ་གཙོ་ལ་སྟོབ། །གདུག་པའི་ཚོགས་ཆེན་མང་པོ་རྣམས། །མཉེས་བྱེད་ཕྱིར་ན་སྐུ་ལ་འཁྲིལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཏེ། །ཐོད་རློན་མང་པོས་རྒྱན་དུ་བྱས། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །ཙིཏྟ་གློ་སྙིང་མང་པོ་རྣམས། །ཞལ་དུ་གསོལ་ནས་འཁྲིལ་
25a
༄#། །ཞིང་བཞུགས། །ཆགས་པའི་གར་ཐབས་ཆེན་པོ་ཡིས། །གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང ། །ལས་སུ་གསོད་ལ་ཤིན་ཏུ་དགྱེས། །དུར་ཁྲོད་འབར་བའི་མི་ཆེན་དབུས། །ཞབས་ནི་བརྐྱང་བསྐུམ་ཆེན་པོར་བཞུགས། །རྡོ་རྗེ་གཤིབས་པའི་གཤོག་རྐྱོང་ཞིང ། །སྲིན་ལག་མཐེ་བོང་རྩེ་གཉིས་ཀྱིས། ། མྲྀ་ཏ་ལ་སོགས་པ་ལྔ། །དང་པའི་སྐུ་ལ་རབ་བརྒྱན་ཅིང ། །དགྱེས་པས་རྡོ་རྗེ་པདྨར་འཇོག། །རོལ་ཕྱིར་སྟན་མཆོག་ཀྱང་མཛད། །ཀ་ལ་ཀི་ལས་རོལ་པས་དགྱེས། །རྡོ་རྗེ་རྡེའུ་ཆུང་རྡུང་བ་དང ། །ཏྲི་ཤཱུལ་འཕེན་ཅིང་སྟི་ར་ཟ། ། ཨ་ཧི་ཧི་གད་མོས་འགེངས། །ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། །འཇིག་རྟེན་ཇི་སྲིད་ཐམས་ཅད་སྡུད། །ཁམས་གསུམ་ཀུན་གྱི་དབང་སྒྱུར་མཛད། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །པགས་ཆེན་བརྗིད་པའི་གཡང་གཞི་གསོལ། །དཔལ་ཆེན་འབར་བ་མ་གཏོགས་པར། །ཀུན་ཀྱང་ཐལ་བ་བཞིན་དུ་རློག་།ཁྲོས་པའི་སྙིང་རྗེ་གཡོས་པས་ན། །ཐབས་ཆེན་པོ་ཡང་ཆེམ་གསོལ། །ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང ། །རོལ་པས་དབང་དུ་བསྡུས་ནས་ནི། །ཁྲག་འཐུང་ཆེན་པོས་ཞལ་དུ་སྟོབ། ། སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས། །རོ་ལ་རྔམ་པའི་ཆ་ལུགས་ཀྱིས། །བཀའ་ལས་འདས་པ་འཕྲོག་ཅིང་གསོལ། །ཟས་སུ་སྲོག་ཆགས་ཀུན་གསོལ་བ། །
25b
མ་ཧཱ་མཾ་སས་སྐུ་བརྒྱན་ཅིང ། །ཟླ་གམ་མཆོད་པ་ཆེན་པོས་ནི། །ཁྲག་འཐུང་པ་ཡི་མདོག་སྐྱེད་ཅིང ། །ཡིད་དུའོང་བའི་གཟུགས་སྟོན་ཅིང ། །ཉམས་ན་རབ་ཏུ་བརླག་པར་མཛད། །རྣལ་འབྱོར་དབང་ཕྱུག་ཆེན་མོ་སྟེ། །དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། །ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། །ཧུབ་ཧུབ་ཧུབ་ཀྱིས་ཞལ་དུ་གསོལ། །ཀེང་རུས་རྡུལ་གྱི་གོང་བུ་རྣམས། །ཆེམ་ཆེམ་གྱིས་ནི་ཞལ་དུ་གསོལ། །སོད་ཅིག་སོད་ཅིག་རྡོ་རྗེ་ཡུམ། །ཆོམས་ཤིག་ཆོམས་ཤིག་རྡོ་རྗེ་ཡུམ། །གཏོགས་ཤིག་གཏོགས་ཤིག་རྡོ་རྗེ་ཡུམ། །སྲེགས་ཤིག་སྲེགས་ཤིག་རྡོ་རྗེ་ཡུམ།། ཆིངས་ཤིག་ཆིངས་ཤིག་རྡོ་རྗེ་ཡུམ། །གནོད་པར་བྱེད་པའི་བདུད་རྣམས་ཀྱང ། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་འབར་བ་མ་གཏོགས་པ། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །ོཾ་ཧཱུཾ་སཏྭ་ཀ་ར་རཱུ་པ། རཀྟ་ཛཱ་ལ་སི་པཉྩ་ཏ་ཐཱ་ག་ཏ་སིདྡྷ་ཀ་ཡ་རཱུ་པ།་པཉྩ་ཙིཏྟ་ཏ་ཐཱ་ག་ཏ་རཱུ་པོ། །ཏ་ཐ་ག་ཏ་བྷ་ག་སིདྡྷི། ཡོ་ག་ཡོ་གི་ཛ་ལངྒ། ཧ་ན་བྷནྡྷ་ན་ཨཱ་ལ་ལ་ལ་ཧོ། །རིན་ཆེན་ཁྲོས་པའི་རྒྱལ་གཅིག་མ། །ཚད་མེད་བཞི་ཡི་ཡོན་ཏན་ཅན། །བཀྲེས་སྐོམ་ཕོངས་ལ་སྟེར་སྦྱིན་མཛད། །རང་བཞིན་རྣལ་འབྱོར་ཡིད་བཞིན་གཏེར། །མི་ཟད་མཛོད་དུ་གྱུར་བས་ན། །རྣལ་འབྱོར་མ་ཞེས་མཚན་དུ་གསོལ། །ཡེ་ཤེས་ཁྲོ་མོ་ཁྲོ་རྒྱལ་གཙོ། །དག་པ་
26a
༄#། །མཚན་རྫོགས་རྒྱལ་བའི་ཡུམ། །མཐིང་ནག་གྱད་ཀྱི་འདོར་ཚུལ་གྱིས། །བྷནྡྷ་རཀྟ་གཙོ་ལ་སྟོབ། །ཉི་མ་འབུམ་གྱི་གཟི་ལྡན་མ། །གདུག་པའི་ཚོགས་ཆེན་མང་པོ་རྣམས། །མཉེས་པའི་ཕྱིར་ནི་སྐུ་ལ་འཁྲིལ། །ནུ་འབུར་སྟོད་སྨད་དབྱེ་ཞིང་འགྱིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲང ། །གཡོན་དུ་འགྱིང་སྟབས་སྦྱོར་བ་ཡིས། །ཐལ་སྒྲ་དྲག་པོས་གདུག་པ་གསོད། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཤིང ། །ཐོད་རློན་མང་པོས་རྒྱན་དུ་བྱས། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །ཡན་ལག་བཅད་གཏུབས་ཕྲལ་ནས་ཀྱང ། །ཞལ་དུ་གསོལ་ནས་ཆགས་པས་འཁྲིལ། །ཆགས་པའི་གར་ཐབས་ཆེན་པོས་ནི། །གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང་།། ལས་སུ་གསོད་ལ་ཤིན་ཏུ་དགྱེས། །དུར་ཁྲོད་འབར་བའི་མེ་ཆེན་དབུས། །ཞབས་ནི་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །རིན་ཆེན་གཤིབས་པའི་གཤོག་རྐྱོང་ཞིང ། །སྲིན་ལག་སྤར་གྱིས་ཁྲག་ཆེན་འཐུང ། །དགྱེས་པས་རྡོ་རྗེ་པདྨར་འཇོག་།རོལ་ཕྱིར་སྟན་མཆོག་ཀྱང་མཛད། །ཀ་ལ་ཀི་ལས་དགྱེས་པས་རོལ། །དབྱུག་པ་རྡེའུ་ཆུང་ཁ་ཊྭཱཾ་འཛིན། །གློ་སྙིང་ཡན་ལག་ཀུན་གསོལ་ཞིང ། ། ཨ་ཧི་ཧི་བཞད་མོས་འགེངས། །རོལ་བའི་རྐན་སྒྲས་ཐོག་ཐོག་གཡོ། །རྡོ་རྗེ་སྤྱུགས་པས་དགྱེས་མཛད་པའི། །ཐུགས་
26b
དམ་སྐུ་ཡི་དཀྱིལ་འཁོར་དུ། །གསད་པའི་དུར་ཁྲོད་ཀུན་གསོལ་མཛད། །ཁམས་གསུམ་ཀུན་གྱི་དབང་མཛད་མ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །བགས་ཆེན་བརྗིད་པའི་གཡང་གཞི་གསོལ། །དཔལ་ཆེན་འབར་བ་མ་གཏོགས་བར། །ཀུན་ཀྱང་ཐལ་བ་བཞིན་དུ་རློག་།ཁྲོས་པའི་སྙིང་རྗེ་གཡོས་པ་ན། །ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། །ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང ། །རོལ་པས་དབང་དུ་བསྡུས་ནས་ནི། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོ་ལ་བརྐམ་པའི་ཡུམ་ཆེན་མོ། །བཀའ་ལས་འདས་པ་འཕྲོག་ཅིང་གསོལ། །ཟས་སུ་སྲོག་ཆགས་ཀུན་གསོལ་བ། །མཧཱ་མཾ་སས་སྐུ་བརྒྱན་ཅིང ། །ཟླ་གམ་མཆོད་པ་ཆེན་པོས་ནི། ཁྲག་འཐུང་བ་ཡང་འཛུམ་པར་མཛད། །ཡིད་དུ་འོང་བའི་གཟུགས་སྟོན་པས། །ཉམས་ན་རབ་ཏུ་བརླག་པར་མཛད། །རྣལ་འབྱོར་ཡུམ་ཆེན་མོ་སྟེ། །དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། །ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། །ཧུབ་ཧུབ་ཀྱིས་ནི་ཞལ་དུ་གསོལ། །སྟིར་ཆེ་ཆུང་མང་པོ་རྣམས། ། ཆེམ་ཆེམ་གྱིས་ནི་ཞལ་དུ་གསོལ། །སོད་ཅིག་སོད་ཅིག་རིན་ཆེན་ཡུམ། །ཆོམས་ཤིག་ཆོམས་ཤིག་རིན་ཆེན་ཡུམ། །གཏོགས་ཤིག་གཏོགས་ཤིག་རིན་ཆེན་ཡུམ། །སྲེགས་ཤིག་སྲེགས་ཤིག་རིན་ཆེན་ཡུམ། །ཆིངས་ཤིག་ཆིངས་ཤིག་རིན་ཆེན་ཡུམ། །གནོད་པར་བྱེད་པའི་བདུད་རྣམས་ཀྱང ། །རབ་ཏུ་རོལ་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །
27a
༄#། །ཁྲག་འཐུང་འབར་བ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསང་བའི་ལས་ལ་ཤིན་ཏུ་དགྱེས། ། ོཾ་ཧཱུཾ་སངས་རྒྱས་ཀུན་གྱི་མི་ཟད་རྒྱན་དང་ལྡན་པ་རང་བཞིན་ཧེ་རུ་དཔལ། །དུར་ཁྲོད་བདག་པོ་ཟ་བྱེད་ཡུམ་ཆེན་མོ། །རྒྱལ་བ་ཀུན་གྱི་ཡོན་ཏན་གཏེར་ལྡན་མ། །བྱང་ཆུབ་སྙིང་པོའི་དགོངས་པ་ངེས་ལྡན་བསྣམས་ཤིང་གསོལ། །རྨོངས་པ་ལོག་པ་ལྔ་དང་ལྡན་རྣམས་དྲོངས་ལ་ཚུལ་བཞིན་སྟོབས། །ཀུན་གྱི་དབང་མོ་དབང་དང་ལྡན་པའི་ཡུམ་ཆེན་ཀུན་རོལ་ཅིག ། སེམས་དཔའ་ཁྲག་འཐུང་ཉིད་ཀྱང་སྐུ་ལ་ཐིམ་པར་རོལ། །ཁྲག་ཆེན་གསོལ་ཞིང་གློ་སྙིང་ཟ་ལ་བརྐམ་པས་རྣལ་འབྱོར་ཀུན་གྱི་ལས་མཛོད་ཅིག་།བདག་དང་ལྡན་པས་དཀྱིལ་འཁོར་མ་ལུས་ཐམས་ཅད་རྫོགས་པ་ཡིན། ། ལ་ལ་ཧོ། །སྐུ་གསུང་ཐུགས་ལྡན་རྣལ་འབྱོར་མ། །པདྨའི་གསུང་གི་སངས་རྒྱས་ཡུམ། །ཆགས་པའི་པདྨ་རྒྱ་ཙིག་མ། །ཡུམ་ཆེན་ཀྲོ་དྷི་ཤཝ་རི་སྟེ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །དམར་ནག་སྐུ་ཡི་ཆ་ལུགས་མ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། །ཆགས་པའི་ཐལ་མོ་བརྐྱང་ནས་ཀྱང ། །ཁྲག་འཐུང་པདྨའི་སྐུ་ལ་འཁྲིལ། །གློག་སྟོང་འགྱུར་བའི་འོད་མངའ་བས། །མུན་པ་ནག་པོ་ཐིབས་པོ་སེལ། །སྡང་
27b
མིག་མཆེ་གཙིགས་ཚེམས་རྣོན་གསོད། །རྡེའུ་ཆུང་རྡུང་ཞིང་སྟིར་ཆེན་ཟ། །ཤ་ཁྲག་འཛག་ཅིང་རོ་ལ་བརྐམ། །བྱ་བྱེད་མང་པོའི་ནུས་མཐུ་ཡིས། །ལྷ་ཆེན་པོ་ཡི་མགོ་ཡང་འགེམས། ། ཚངས་པ་ཆེན་པོའི་པགས་ཆེན་ཡང ། །ཡུམ་ཆེན་མོ་ཡིན་བཟར་གསོལ། །མུཉྫཱ་ཅོད་པན་རལ་པ་ཅན། །གདུག་པ་ཚོགས་ཆེན་མང་པོས་བསྐོར། །ཐོད་རློན་རྒྱན་གྱི་ཕྲེང་བས་བརྒྱན། །བརྐྱང་བསྐུམ་སྟི་རའི་གདན་སྟེང་ན། །གྱད་ཀྱི་དགྱེས་པའི་འདོར་ཚུལ་གྱིས། །སྟ་ན་བྱེད་ཅིང་རོལ་བརྐམ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །བགེགས་ཆེན་ཀུན་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །བསྐལ་པའི་མེ་དཔུང་ཆེན་པོའི་དབུས། །ཚོགས་ལ་རོལ་ལ་ཚུལ་བཞིན་དུ། །དང་བའི་སྐུ་ལ་རྒྱན་དུ་བྱས། །ཚམ་ངམ་དྲག་ཤུལ་སྡེར་ཚོགས་དང ། ། དུར་ཁྲོད་ལས་ལ་ཤིན་ཏུ་དགྱེས། །འདི་དག་དགོངས་པའི་དམ་ཚིག་སྟེ། །དེ་བཞིན་མ་བྱས་ཉིད་སྒྲོལ་ཞེས། །དབང་ཕྱུག་རྒྱལ་པོས་རབ་ཏུ་གསུངས་སོ། །ོཾ་པཉྩ་རཱུ་པེ་བྷི་ཏ་རཱུ་བེ་བྷི་ཏ་རཱུ་ལ་པདྨ་མ་མ་ཀྲོ་དྷི་ཤཝ་རི་ས་མ་ཡ་ཡོད་བྷ་བད། །སརྦ་བྷི་ཤ་རཱུ་པེ་ས་མ་ཡོ་གི་ནི་ཧཱུཾ་བྷི་ཡུ་ལི་ག་ཐ་པདྨ་ཀྲོ་དྷི་ཤཝ་རི་ས་མ་ཡོ་གི་ནི། ཨ་ཧ་ཧ་མ་ན་ས་མ་ཡ་ཡོ་གི་ནི། པཉྩ་རཱུ་པེ་སིདྡྷི་ཧཱུཾ། ཏ་ཐཱ་ག་ཏ་ཛྙཱ་ན་ཁཱ་ཧི་ཧི། ལས་ཀྱི་རིགས་ཀྱི་ཡུམ་ཆེན་མོ། །སྐུ་མདོག་ལྗང་ནག་འཇིགས་པའི་སྐུ། །ཕྱག་གཉིས་གྱད་ཀྱི་འདོར་ཐབས་ཀྱིས། །བྷནྡྷར་རཀྟས་གཙོ་ལ་སྟོབ། །སྣུམ་ཆེན་ལྡན་ཞིང་རོ་
28a
༄#། །ལ་བརྐམ། །ཀྲོ་དྷི་ཤཝ་རི་ཡུམ་ཆེན་མོ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཁྲོ་གཉེར་སྡང་མིག་མཆེ་གཙིགས་ཤིང ། །ཉི་མ་འབུམ་གྱི་གཟི་ལྡན་ཞིང་།། གདུག་པའི་ཚོགས་ཆེན་མང་པོ་རྣམས། །མཉེས་བྱེད་ཕྱིར་ནི་སྐུ་ལ་འཁྲིལ། །ནུ་འབུར་སྟོད་སྨད་དབྱེ་ཞིང་འགྱིང ། །གཡོན་དུ་འགྱིང་སྟབས་སྦྱོར་བ་ཡིས། །ཐལ་སྒྲ་དྲག་པོས་གདུག་པ་གསོད། །དབུ་སྐྲ་མུཉྫཱ་རྒྱ་བཅིངས་ཤིང ། །ཐོད་རློན་མང་པོས་རྒྱན་དུ་བྱས། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །ཡན་ལག་ནང་གྲོལ་དྲངས་ནས་ཀྱང ། །ཞལ་དུ་གསོལ་ནས་ཆགས་པས་འཁྲིལ། །ཆགས་པའི་གར་ཐབས་ཆེན་པོ་ཡིས། །གདུག་པ་ཆེན་པོའི་སྤྲིན་འཕྲོ་ཞིང ། །ལས་སུ་གསོད་ལ་ཤིན་ཏུ་དགྱེས། །དུར་ཁྲོད་འབར་བའི་མེ་ཆེན་དབུས། །ཞབས་བཞི་བརྐྱང་བསྐུམ་སྣོལ་མར་ཡང ། །ཀེང་རུས་ཚོགས་ཆེན་གདན་ལ་བཞུགས། །པདྨ་གཤིབས་པའི་གཤོག་རྐྱོང་ཞིང ། །སྙིམ་པ་སྦར་གྱིས་ཁྲག་ཆེན་འཐུང ། །དགྱེས་པས་རྡོ་རྗེ་པདྨར་འཇོག་།རོལ་ཕྱིར་སྟན་མཆོག་ཀྱང་མཛད། །ཀ་ལ་ཀི་ལས་དགྱེས་པས་རོལ། །རལ་གྲི་དགྲ་སྟ་རྡེའུ་ཆུང་ཞིང ། །འཇིགས་པའི་གཟུགས་ཀྱིས་ཕྱག་ན་བསྣམས། །སྟི་རིའི་ཞགས་པ་འདྲེན་ཅིང་གསོལ། ། ཨ་ཧི་ཧི་བཞད་མོས་དགྱེས། །རོལ་བའི་རྐན་སྒྲས་སྟོང་གསུམ་གཡོ། །རྡོ་རྗེ་སྤྱུགས་པས་དགྱེས་མཛད་པའི། །ཐུགས་དམ་སྐུ་ཡི་དཀྱིལ་འཁོར་དུ། །
28b
ཁམས་གསུམ་མ་ལུས་ཀུན་འདུས་པ། །ཁམས་གསུམ་ཀུན་གྱི་དབང་མཛད་མ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །པགས་ཆེན་བརྗིད་པའི་གཡང་གཞི་གསོལ། །དཔལ་ཆེན་འབར་བ་མ་གཏོགས་པ། །ཀུན་ཀྱང་ཐལ་བ་བཞིན་དུ་རློག་།ཁྲོས་པའི་སྙིང་རྗེ་གཡོས་པ་ན། །ཐབས་ཆེན་པོ་ཡང་ཆེམ་ཆེམ་གསོལ། །ཞེ་སྡང་ཆེན་པོའི་བགེགས་ཆེན་ཡང ། །རོལ་བས་དབང་དུ་བསྡུས་ནས་ནི། །ཁྲག་འཐུང་ལས་ཀྱི་ཞལ་དུ་སྟོབ། །རོ་ལ་བརྐམ་པའི་ཡུམ་ཆེན་མོ། །བཀའ་ལས་འདས་པ་འཕྲོག་ཅིང་གསོལ། །ཟས་སུ་སྲོག་ཆགས་ཀུན་གསོལ་བ། །མཧཱ་མཾ་སས་སྐུ་བརྒྱན་ཅིང ། །ཟླ་གམ་མཆོད་པ་ཆེན་པོ་སྟོབ། །ཡིད་དུ་འོང་བའི་གཟུགས་སྟོན་པས། །ཉམས་ན་རབ་ཏུ་བརླག་པར་མཛད། །རྣལ་འབྱོར་ཡུམ་ཅིག་ཆེན་མོ་དང ། །དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན། །ཁམས་གསུམ་ཁྲག་ཏུ་བསྒྱུར་ནས་ནི། །ཧུབ་ཧུབ་ཀྱིས་ནི་ཞལ་དུ་གསོལ། །སྟི་ར་ཆེ་ཆུང་མང་པོ་རྣམས། །ཆེམ་ཆེམ་གྱིས་ནི་ཞལ་དུ་གསོལ། །སོད་ཅིག་སོད་ཅིག་ལས་ཀྱི་ཡུམ། །ཆོམས་ཤིག་ཆོམས་ཤིག་ལས་ཀྱི་ཡུམ། །གཏོགས་ཤིག་གཏོགས་ཤིག་ལས་ཀྱི་ཡུམ། །ཆོམས་ཤིག་སྡོམས་ཤིག་ལས་ཀྱི་ཡུམ། །སྲེགས་ཤིག་སྣོམས་ཤིག་ལས་ཀྱི་ཡུམ། །གནོད་པར་བྱེད་པའི་བདུད་རྣམས་ཀྱང ། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་འབར་བ་མ་གཏོགས་པ། །གཅིག་
29a
༄#། །ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །ཧ་ཧ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུཾ་ལས་སུ་གསོད་ལ་དགའ་བའི་རྣལ་འབྱོར་མ། །བདེ་གཤེགས་ལས་ཀྱི་རིགས་ཀུན་སྐུ་ལ་རྫོགས་པར་རབ་སྣང་ཡུམ་ཆེན་མོ། །ཚམ་ངམ་བརླང་བའི་ཟ་སྟངས་གར་དང་བཅས་ཏེ་གཙོ་ལ་སྟོབ། ། ཀུན་གྱི་དབང་དང་ལྡན་པ་བསོད་ནམས་ལུས་ལ་དབང་སྒྱུར་མ། །སྡེར་ཆགས་མང་པོའི་ཚོགས་དང་བཅས་ཏེ་རོལ་ཅིང་དགྱེས་པར་མཛོད། །ཤ་ཁྲག་དམར་ཆེན་མཆོག་ལ་དགའ་བས་དང་དུ་ཀུན་ལོངས་ལ། །རྣལ་འབྱོར་དམ་ཚིག་ཅན་ལ་བྱིན་གྱིས་རློབས། ། ལ་ལ་ཧོ། །དཔལ་ཆེན་འབར་བའི་ཐུགས་ཀ་ནས། །རྣམ་པར་སྒྱུར་བའི་གཟུགས་བྱུང་བ། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །རྣལ་འབྱོར་སྔོ་ནག་ཀེའུ་རི་མ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །རལ་པ་འཁྱིལ་བའི་མུཉྫཱ་ལ། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མི་པགས་རློན་པའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །འཇིག་རྟེན་སྲེག་པའི་མེ་དཀྱིལ་ནས། །ཚམ་ངམ་གཟུགས་སྐུ་ཆེན་པོ་ཡིས། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །
29b
ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། །སྡེར་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དབྱུག་པ་རྡེའུ་ཆུང་ཕྱག་ན་བསྣམས། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ནས་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། །དབང་དུ་བསྡུ་བ་མཛད་ནས་ནི། ། རོ་ལ་བརྐམ་པའི་སྟངས་ཀྱིས་སུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །སྟོར་ཅིག་སྦྱོངས་ཤིག་རྣལ་འབྱོར་མ། །ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ། ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ། སྡོམས་ཤིག་སྡོམས་ཤིག་ཧ་ཧ། རོལ་ཅིག་རོལ་ཅིག་ཕཌ་ཕཌ། དེ་བཞིན་མ་བྱས་དེ་ཉིད་བརླག་།སྐུ་ཡི་དཀྱིལ་འཁོར་མཛོད་གཏོང་བ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྣལ་འབྱོར་སེར་ནག་ཙཽ་རི་མ། །འཇིགས་སུ་རུང་བའི་གཟུགས་འཆང་བ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །རལ་པ་འཁྱིལ་བའི་མུཉྫ་ལ། །ཐོད་རློན་ཚོགས་
30a
༄#། །ཀྱིས་རྣམ་པར་བརྒྱན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མི་ལྤགས་རློན་པའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །འཇིག་རྟེན་སྲེག་པའི་མེ་དཀྱིལ་ནས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། ། རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་འཁྲུག་ཅིང་གསོལ། །སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དྲག་ཤུལ་མདའ་འཕེན་འགེངས་པ་ཡིས། །དཔལ་ཆེན་འབར་བའི་ཐུགས་ཀར་གཟོ། །རྡེའུ་ཆུང་ཏྲི་ཤཱུལ་ཕྱག་ན་བསྣམས། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །དཔལ་ཆེན་འབར་བའི་ཐུགས་ཀར་གཟོ། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་འབར་བའི་སྐུ་ལ་སྟོབ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་འབར་བའི་སྐུ་ལ་སྟོབ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། །དབང་དུ་བསྡུ་བ་མཛད་ནས་ནི།།
30b
རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་འབར་མའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། །ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ། ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ། སྡོམས་ཤིག་སྡོམས་ཤིག་ཧ་ཧ། སྒྲོལ་ཅིག་སྒྲོལ་ཅིག་ཕཌ་ཕཌ། དེ་བཞིན་མ་བྱས་དེ་ཉིད་བརླག་།ཁྲོ་མོ་རྣལ་འབྱོར་དམར་ནག་སྐུ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །རལ་པ་མུཉྫཱ་རྒྱ་བཅིངས་ཤིང ། །ཐོད་རློན་མང་པོའི་ཅོད་པན་ཅན། །སྟི་རའི་ཕྲེང་བས་རྒྱན་དུ་བྱས། །ཀོ་རློན་མང་པོའི་ན་བཟར་གསོལ། །མི་ལྤགས་གཡང་གཞི་ཤམ་ཐབས་ཅན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གསུང་གི་དཀྱིལ་འཁོར་མཛོད་གཏོང་བ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྣལ་འབྱོར་ཆེན་མོ་པྲ་མོ་ཧ། །དུར་ཁྲོད་མང་པོའི་ཚོགས་དང་ནི། །བསུར་ཆེན་སྲེག་པའི་མེ་ཆེན་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་དག་འཁྲུག་ཅིང་གསོལ། །སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཆུ་སྲིན་རྒྱལ་མཚན་རྡེའུ་ཆུང་
31a
༄#། །བརྡུང ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ།། ཁྲག་འཐུང་འབར་བའི་ཞལ་དུ་སྟོབ། །ཁམས་གསུམ་ཟ་བྱེད་ཞལ་དུ་སྟོབ། །པདྨ་གསུང་གི་ཡུམ་ཆེན་མོ། །གཞལ་ཡས་དམར་ནག་ཆེན་པོ་ནས། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་ཀུན། །ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། །དབང་དུ་བསྡུ་བ་མཛད་ནས་ནི། །གར་མཁན་ཆེན་མོའི་སྟོབ་ཚུལ་གྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲོ་མོ་རྣལ་འབྱོར་ཁྱོད་ཀྱིས་རོལ། །ཁྲོ་མོ་རྣལ་འབྱོར་ཁྱོད་ཀྱིས་སོད། །ཁྲོ་མོ་རྣལ་འབྱོར་ཁྱོད་ཀྱིས་ནི། །ལོངས་ཤིག་ཆིངས་ལ་ཚུལ་བཞིན་དུ། །གཏོགས་ཤིག་སྦྱོངས་ལ་བསྣམས་སུ་གསོལ། །དེ་བཞིན་ཐུགས་དམ་ཉིད་པས་ན། །དེ་བཞིན་མ་བྱས་དེ་ཉིད་བརླག་།ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། རྣལ་འབྱོར་ཁྲོ་མོ་མཐིང་ནག་སྐུ། །སྟིར་ཆེན་ཟ་བའི་བེ་ཏ་ལི། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །རལ་པ་འཁྱིལ་བའི་མུ་ཛ་ལ། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མི་ལྤགས་རློན་པའི་གཡང་བཞི་གསོལ། །སྟི་ར་ཆུང་དུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །འཇིག་
31b
རྟེན་སྲེག་པའི་མེ་དཀྱིལ་ན། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་གདུག་པའི་ཀླད་ཆེན་འགེམས། །འཁྲིལ་བས་གྱད་ཀྱི་འདོར་ཚུལ་དུ། །བྷནྡྷ་རཀྟས་ཞལ་དུ་སྟོབ། །སྟིར་ཆེན་ཟ་ཞིང་རྡེའུ་ཆུང་རྡུང ། །སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །ཚམ་ངམ་སྐུས་ནི་ཚུལ་བཞིན་དུ། །དབང་དུ་བསྡུ་བ་མཛད་ནས་ནི། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །གཏོར་ཅིག་སྤྱོངས་ཤིག་རྣལ་འབྱོར་མ། །ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། །སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། །སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། །དེ་བཞིན་མ་བྱས་དེ་ཉིད་བརླག་།རྣལ་འབྱོར་ཁྲོ་མོ་ལྗང་ནག་སྐུ། །སྟིར་ཆེན་ཟ་
32a
༄#། །བའི་གྷསྨ་རཱི། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །རལ་པ་འཁྱིལ་བའི་མུཉྫཱ་ལ། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མི་ལྤགས་རློན་པའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། ། དུར་ཁྲོད་ཆེན་པོའི་མེ་ཆེན་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་བྷནྡྷ་ར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། །སྟིར་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཏྲི་ཤཱུལ་འཕེན་ཚུལ་རྡེའུ་ཆུང་ཞགས། །འཇིགས་སུ་རུང་པའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་དང ། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། ། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། །ཆོམས་
32b
ཤིག་ཆོམས་ཤིག་རྣལ་འབྱོར་མ། །དེ་བཞིན་པགས་\?\་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། །སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། །དེ་བཞིན་མ་བྱས་དེ་ཉིད་བརླག་།ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། །རྣལ་འབྱོར་ཁྲོ་མོ་སེར་ནག་སྐུ། །སྟེར་ཆེན་ཟ་བའི་ཙཎྜ་ལི། །གཏུམ་མོ་ཆེན་མོ་ཞེ་སྡང་འཇོམས། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སྟིར་ཆེན་ནང་གྲོལ་འབྱིན་ཅིང་གསོལ། །རལ་པ་འཁྱིལ་བའི་མུཉྫཱ་ལ། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཞིང་ལྤགས་གསར་པའི་གཡང་གཞི་གསོལ། །སྟི་ར་ཆུང་དུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་ཆེན་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །རིན་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་དག་དཀྲུག་ཅིང་གསོལ། །ཏྲི་ཤུལ་རྡེའུ་ཆུང་ཕྱག་ན་བསྣམས། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །
33a
༄#། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། །སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། །སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། །དེ་བཞིན་མ་བྱས་དེ་ཉིད་བརླག་།རྣལ་འབྱོར་ཁྲོ་མོ་མཐིང་ནག་སྐུ། །སྟིར་ཆེན་ཟ་བའི་ཡུམ་ཆེན་མོ། །ཆགས་པ་ཆེན་པོ་སྨ་ཤཱ་ནཱ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །རོལ་པས་སྟིར་ཆེན་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རལ་པ་འཁྱིལ་བའི་མུཉྫཱ་ལ། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཞིང་ལྤགས་གསར་པའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོ་ཡིས། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས།།
33b
ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། །སྤུ་གྲི་འདེབས་ཤིང་རྡེའུ་ཆུང་རྡུང ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །གཞལ་ཡས་མཐིང་ནག་ཆེན་མོ་ནས། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུང་རྣམས་ཀུན། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། །ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། །སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། །སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། །དེ་བཞིན་མ་བྱས་དེ་ཉིད་བརླག་།རྣལ་འབྱོར་ཁྲོ་མོ་དམར་སེར་སྐུ། །གསོད་བྱེད་སྟིར་ཆེན་ཟ་བ་མོ། །རོལ་པོའི་རྣལ་འབྱོར་པུཀྐ་སི། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །རོལ་པས་སྟིར་ཆེན་འདྲེན་ཚུལ་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རལ་པ་འཁྱིལ་པའི་མུཉྫཱ་ལ། ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །མཧཱ་རཀྟས་
34a
༄#། །སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཡེ་ཤེས་སྐུ་ཡི་ཆུ་ལུགས་ཀྱིས། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟིར་ཆུང་དུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །སྲིན་ལག་མཐེ་བོང་རྩེ་སྤྲད་དེ། ། མྲྀ་ཏ་ལ་སོགས་པ་ལྔ། །ལྗགས་ལམ་དབང་པོར་སྐུ་བརྒྱན་ཅིང ། ། ཧོཿ ་སྲ་ཀས་དགྱེས་ཤིང་འཁྲིལ། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །བདུད་བཞི་གནོན་པའི་ཚུལ་དུ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །འདས་ན་ལྷ་ཡང་བརླག་པའི་ཕྱིར། །ལྷ་ཆེན་མང་པོའི་ཀླད་འགེམས་ཤིང ། །བསོད་ནམས་སྐུ་ཡང་ཆེམ་ཆེམ་གསོལ། །རྡོ་རྗེ་བྷནྡྷར་ལྡན་པ་ཡིས། །ཁྲག་ཆེན་པོ་ཡང་དཀྲུག་ཅིང་གསོལ། །ཟངས་གྲི་རྣོན་པོས་ཡན་ལག་གཅོད། །རྡེའུ་ཆུང་རྡུང་ཞིང་ཁ་ཊྭཱཾ་འཕེན། །ཤ་ཁྲག་ཟ་བའི་རྣལ་འབྱོར་མ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །ཞིང་བཅུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །གཞལ་ཡས་དམར་ནག་ཆེན་པོ་ནས། །སངས་རྒྱས་སྐུ་ཡི་ཡུམ་ཆེན་མོ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ལོག་པར་ལྟ་བའི་བདུད་རྣམས་ཀུན། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་
34b
ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །རོལ་ཅིག་སྤྲུལ་ཅིག་རྣལ་འབྱོར་མ། །སོད་ཅིག་ལོངས་ཤིག་རྣལ་འབྱོར་མ། །གཏོགས་ཤིག་སྦྱོངས་ཤིག་རྣལ་འབྱོར་མ། །ཆོམས་ཤིག་ཆོམས་ཤིག་རྣལ་འབྱོར་མ། །ཁྲག་འཐུང་འབར་བ་མ་གཏོགས་པར། །གཅིག་ཀྱང་གསོན་པར་མི་མཛད་དེ། །དེ་བཞིན་ཐུགས་དམ་ཉིད་པས་ན། །གསོད་པའི་ལས་ལ་ཤིན་ཏུ་དགྱེས། །དྲོངས་ཤིག་དྲོངས་ཤིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། སྡོམས་ཤིག་སྡོམས་ཤིག་ཧ་ཧ་ཧ། །སྒྲོལ་ཅིག་སྒྲོལ་ཅིག་ཕཊ་ཕཊ་ཕཊ། །དེ་བཞིན་མ་བྱས་དེ་ཉིད་བརླག་།ོཾ་ཧཱུཾ་ཏ་ཐཱ་ག་ཏ་སུ་པ་ཨུ་གོ་བ། ཀྲོ་དྷ་ཀི་ལི། ས་མ་ཡ་ཡོ་གི་ནི། མཧཱ་མཎྜ་ལ། ཨརྐཾ་པྲ་ཏི་ཙྪ། ཀཱ་ལ་ཀྲིཥྞ་པི་ཏ་ལོ་ཧི་ཏི་ཛཱ་ལ་སུ་ཁ་ན་ཡ་མི། ཡོ་ག་ཀཱ་ཡ། སརྦ་བུདྡྷ་ལ། མཧཱ་ཧེ་རུ་ཀ་།ས་མ་ཡ་ཡོ་ག་རུ་ལུ་ཡོཏྟ་མ་ཛྭ་ལ་ན། ཧ་ན་ད་ཧ་རཱུ་པེ་པ་ཛཿ ། སརྦ་སིདྡྷི་ཀཱ་རུ་ཎཱི་ཀ་།མཧཱ་སུ་ཁེ་ན། བ་ཐ་ར་སུ་ཁེ་ན་ས་མ་ཡ་ཡོ་ག་ཛཱ་ལ་ཨ་སུ་ཨཱ། བོ་ག་ཡོ་གི་སིདྡྷི་ཨ་ལ་ལ་ཧོ། །མུ་ཁ་གསོད་བྱེད་སེངྒེའི་མགོ། སེར་ནག་གྱད་ཀྱི་འགྱིང་སྟབས་ཀྱིས། །ཕྱག་གི་ཐལ་མོ་བསྣོལ་ནས་ནི། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །མཆེ་ཚོགས་མང་པོའི་འཁོར་དུ་བྱས། །ཞེ་སྡང་འཇོམས་མའི་ཟ་བྱེད་མ། །མཧཱ་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་
35a
༄#། །ཕྱག་དྲུག་ཞབས་བཞིར་བགྲད། །མཐིང་ནག་སེངྒེའི་རལ་པ་ཕྱར། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་ནས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང ། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །བྷནྡྷ་རཀྟས་ཞལ་དུ་སྟོབ། །རྡོ་རྗེས་ཀླད་འགེམས་རྡེའུ་ཆུང་རྡུང ། །ཞིང་ཆེན་ཟ་བའི་མུ་ཀ་སྟེ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག། མུ་ཀ་གསོད་བྱེད་སྟག་གི་མགོ། དམར་ནག་གྱད་ཀྱི་འགྱིང་སྟབས་ཅན། །ཕྱག་གཉིས་བདུད་རྩི་ཐལ་སྦྱར་ཞིང ། །ཤིན་ཏུ་
35b
དགའ་བའི་མདངས་ཀྱིས་འཁྲིལ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །མཆེ་ཚོགས་མང་པོའི་འཁོར་དུ་བྱས། །ང་རྒྱལ་འཇོམས་པའི་ཟ་བྱེད་མ། །མ་ཧཱ་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཐོད་རློན་ཕྲེང་བས་ལུས་བརྒྱན་ཅིང ། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང ། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །བྷནྡྷ་རཀྟ་ཞལ་དུ་སྟོབ། །དགྲ་སྟས་ཀླད་འགེམས་ལྕགས་ཀྱུས་འདྲེན། །རྡེའུ་ཆུང་རྡུང་ཞིང་སྟིར་ཆེན་ཟ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྦྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ།།ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་དུ་གཅོད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་
36a
༄#། །སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག། མུ་ཀ་གསོད་བྱེད་དུར་རྐུན་མགོ་།སྔོ་ནག་གྱད་ཀྱི་འགྱིང་སྟབས་ཀྱིས། །སྟིར་ཆུང་ཟ་ཞིང་གཙོ་ལ་སྟོབ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །མཆེ་ཚོགས་མང་པོ་འཁོར་དུ་བྱས། །འདོད་ཆགས་འཇོམས་མའི་ཟ་བྱེད་མ། །ཐལ་ཆེན་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཐོད་རློན་མང་པོའི་ཕྲེང་བས་བརྒྱན། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤེབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་ཆེན་པོའི་སྙིང་འདྲེན་ཅིང ། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །སྤུ་གྲིས་མགོ་གཅོད་རྡེའུ་རྡུང་ཞིང ། །ཁ་ཊྭཱཾ་འཕེན་ཅིང་བྷནྡྷ་འཐུང ། །གསོད་ལ་དགའ་བའི་མུ་ཀ་སྟེ། །ཞགས་པས་འཆིང་བའི་མཁའ་འགྲོ་མ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་མོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །སྟབས་ཀླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་བའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་
36b
ཀྱིས། །རབ་ཏུ་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག་།མུ་ཀ་གསོད་བྱེད་ཤཝ་ནའི་མགོ། །མཐིང་ནག་གྱད་ཀྱི་འགྱིང་སྟབས་ཅན། །གློ་སྙིང་འདྲེན་ཅིང་གཙོ་ལ་སྟོབ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཟིངས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །མཆེ་ཚོགས་མང་པོའི་འཁོར་དུ་བྱས། །ཕྲག་དོག་འཇོམས་པའི་ཟ་བྱེད་མ། །ཐལ་ཆེན་ཁྲག་གིས་སྐུ་བརྒྱན་ཅན། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟི་ར་ཆུང་དུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང ། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །བྷནྡྷ་རཀྟས་ཞལ་དུ་སྟོབ། །ཁ་ཊྭཱཾ་འཕེན་ཅིང་རྡེའུ་ཆུང་རྡུང ། །ཞིང་ཆེན་ཟ་བའི་མུ་ཀ་སྟེ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྦྱུགས་བ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་
37a
༄#། །གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག་།མུ་ཀ་གསོད་བྱེད་བྱ་རྒོད་མགོ་།དམར་ནག་གྱད་ཀྱི་འགྱིང་སྟབས་ཅན། །ཞིང་ཆེན་རྒྱུ་འདྲེན་ཞལ་དུ་སྟོབ། །ཁྲོ་གཉེར་སྤྱན་བགྲད་ཞལ་གདངས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །གཤོག་ཚོགས་མང་པོའི་རྒྱན་དུ་བྱས། །གཏི་མུག་འཇོམས་པའི་ཟ་བྱེད་མ། །ཐལ་ཆེན་ཁྲག་གིས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟིར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང ། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །བྷནྡྷན་འཐུང་ཞིང་རྡེའུ་ཆུང་རྡུང ། །ཞིང་ཆུང་རིལ་མིད་ཟངས་གྲིས་འདེབས། །ཞིང་ཆེན་ཟ་བའི་མུ་ཀ་སྟེ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས།།
37b
སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་མོ་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག་།མུ་ཀ་གསོད་བྱེད་སྣར་མགོ་རིང ། །སེར་ནག་གྱད་ཀྱི་འགྱིང་སྟབས་ཅན། །ཞིང་ཆེན་ལག་གིས་གཙོ་ལ་སྟོབ། །ཁྲོ་གཉེར་སྤྱན་བགྲད་ཞལ་གདངས་ཤིང ། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །གཤོག་ཚོགས་མང་པོས་རྒྱན་དུ་བྱས། །བཀའ་ལས་འདས་པ་ཟ་བྱེད་མ། །མཧཱ་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟ་རི་ཆུང་ངུ་མང་པོའི་ཚོགས། ། བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་ནས་འདྲེན། །བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །བྷནྡྷ་རཀྟས་ཞལ་དུ་སྟོབ། །དབྱུག་པས་ཀླད་འགེམས་རྡེའུ་ཆུང་རྡུང ། །
38a
༄#། །ཞིང་ཆེན་ཟ་བའི་མུ་ཀ་སྟེ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག་།མུ་ཀ་གསོད་བྱེད་བྱ་རོག་མགོ་།མཐིང་ནག་གྱད་ཀྱི་འགྱིང་སྟབས་ཅན། །རྡོ་རྗེ་ཀླད་འགེམས་སྤུ་གྲིས་གཅོད། །བྷནྡྷར་ཁྲག་ཆེན་གཙོ་ལ་སྟོབ། །ཁྲོ་གཉེར་སྤྱན་བགྲང་ཞལ་གདངས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །གཤོག་ཚོགས་མང་པོའི་རྒྱན་དུ་བྱས། །ཞིང་བཅུ་གསོད་ཅིང་ཟ་བྱེད་མ། །མཧཱ་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རྣམ་པར་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟི་ར་ཆུང་དུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་དཀྱིལ་དབུས། །ཚམ་ངམ་བརྐྱང་བསྐུམ་ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །
38b
བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་མང་པོའི་སྙིང་འདྲེན་ཅིང ། །བསོད་ནམས་སྐུ་ཡང་ཆེམ་ཆེམ་གསོལ། །ཁ་ཊྭཱཾ་འཕེན་ཅིང་རྡེའུ་ཆུང་རྡུང ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་པོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །དེ་བཞིན་མ་བྱས་དེ་ཉིད་བརླག་།མུ་ཀ་གསོད་བྱེད་འུག་པའི་མགོ་།སེར་ནག་གྱད་ཀྱི་འགྱིང་སྟབས་ཀྱིས། །ལག་གཉིས་བྷནྡྷས་ཁྲག་ཆེན་སྟོབ། །སྙིང་ཆེན་གློ་སྙིང་འདྲེན་ཚུལ་དུ། །ཁྲོ་གཉེར་སྤྱན་བགྲད་མཆེ་གཙིགས་ཤིང ། །འཇིགས་སུ་རུང་བའི་སྡང་མིག་ཅན། །གཤོག་ཚོགས་མང་པོའི་རྒྱན་དུ་བྱས། ། ཤ་ཁྲག་ཟ་བའི་མཁའ་འགྲོ་མ། །མཧཱ་རཀྟས་སྐུ་བརྒྱན་ཅིང ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཐོད་རློན་ཚོགས་ཀྱིས་རབ་ཏུ་བརྒྱན། །ཡེ་ཤེས་སྐུ་ཡི་ཆ་ལུགས་ནི། །མི་འཇིགས་སྦྱོར་བའི་གཡང་གཞི་གསོལ། །སྟི་ར་ཆུང་ངུ་མང་པོའི་ཚོགས། །བརྒྱུས་ནས་སྐུ་ཡི་རྒྱན་དུ་བྱས། །དུར་ཁྲོད་ཆེན་པོའི་མེ་ཆེན་དབུས། །ཚམ་ངམ་བརྐྱང་བསྐུམ་
39a
༄#། །ཆེན་པོས་ནི། །ཞིང་ཆེན་གཤིབས་པའི་གདན་ལ་བཞུགས། །བཀའ་ལས་མི་འདའ་ཐུགས་དམ་སྐོང ། །སྲོག་ཆགས་ཆེན་པོའི་སྙིང་འདྲེན་ཅིང ། ། བསོད་ནམས་ལུས་ཀྱང་ཆེམ་ཆེམ་གསོལ། །ལྕགས་ཀྱུས་འདྲེན་ཅིང་རྡེའུ་རྡུང་རོལ། །འཇིགས་སུ་རུང་བའི་རྐན་སྒྲ་དང ། །དགྱེས་པ་ཆེན་མོའི་སྤྱུགས་པ་ཡིས། །སེ་གོལ་སྣོལ་མར་གཏོགས་ནས་ནི། །བགེགས་ཆེན་དྲངས་ཏེ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། །ཁྲག་འཐུང་ཆེན་པོའི་མཁའ་འགྲོ་མ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །བར་ཆད་བྱེད་པའི་བགེགས་ཆེན་རྣམས། །རོ་ལ་བརྐམ་པའི་ཟ་སྟངས་ཀྱིས། །རབ་ཏུ་དྲོངས་ལ་ཚུལ་བཞིན་དུ། །ཁྲག་འཐུང་ཆེན་པོའི་ཞལ་དུ་སྟོབ། ། དེ་བཞིན་མ་བྱས་དེ་ཉིད་བརླག་།ཁཱ་ཧི་ཁཱ་ཧི། རྡོ་རྗེ་བཀའ་ཡི་ཕོ་ཉ་རྣམས། །རྡོ་རྗེ་བྲན་མོ་གཏུམ་བག་ཅན། །འཇིགས་པའི་གཟུགས་ཅན་མང་པོ་སྟེ། །སྣ་ཚོགས་ལས་རྣམས་གྲུབ་པར་བྱེད། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་སེར་མི་སྲིན་ཆགས་པས་འགྱིང ། །དབུ་གཅིག་པ་ལ་ཕྱག་དྲུག་གཟུགས། བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །གཡག་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཞིང་ཟ་ལྕགས་ཀྱུས་ཏྲི་ཤཱུལ་འཕེན། །སྤུ་གྲིས་
39b
གསོད་ཅིང་རྒྱུ་འདྲེན་ཞགས། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་སྐྱ་ཚངས་མ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །སྦྲུལ་གདུག་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །རྩེ་ལྔ་རྡོ་རྗེ་ཞིང་ཆེན་ཟ། ། ཁ་ཊྭཱཾ་འཕེན་ཅིང་ལྕགས་ཀྱུ་ཞགས། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་ཚུལ་གྱིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་བྱེད། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་མཛོད། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སེར་ནག་ཁྲོ་མོ་ཆགས་པས་འགྱིང ། ། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །དྲིལ་ཁྲོལ་དབྱུག་ཏོ་སྟིར་ཆེན་ཟ། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །གཟིག་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ལྕགས་ཀྱུས་འདྲེན་ཚུལ་སྤུ་གྲིས་འདེབས། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་
40a
༄#། །བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་མཛོད། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དཀར་དམར་ཁྱབ་འཇུག་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །བྱ་བང་མགོ་ཡི་ཞལ་གདངས་ནས། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །སྟི་ར་ཁྲག་ཆེན་ཁ་ཊྭཱཾ་རྡེའུ། །ཐོད་རློན་གཡང་གཞི་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་མཛོད། །དབང་ཕྱུག་ཚོགས་ཀྱི་བཀའ་བཞིན་བྱེད། །འཇིགས་སུ་རུང་བའི་སྡང་མིག་ཅན། །སེར་ནག་གཞོན་ནུ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་རྒྱུ་འདྲེན་གཙོ་ལ་སྟོབ། །ཕ་བང་མགོ་ཅན་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །བྷན་དམར་ཁ་ཊྭཱཾ་འཁོར་ལོ་འདྲིལ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཆིག་གིས། །ཅི་འདོད་ལས་དེ་གྲུབ་པར་མཛོད། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་
40b
ཅན། །དམར་སེར་དབང་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་ཁོག་འདྲེན་གཙོ་ལ་སྟོབ། །དྲེད་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །བྷན་དམར་དབྱུག་ཆེན་ལྕགས་ཀྱུས་འདྲིལ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་མོ་འཕྲོག་ཆེན་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་རྒྱུ་འདྲེན་ཞགས་པས་སྟོབ། །དོམ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དྲིལ་འཁྲོལ་ལྕགས་ཀྱུ་དུང་དམར་དབྱུག་།ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སྔོ་ནག་བདུད་རྩི་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །ཆུ་སྲིན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་
41a
༄#། །བཀའ་བཞིན་བྱེད། །ཁ་ཊྭཱཾ་མདའ་འཕེན་རིན་ཆེན་ཡུམ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སྔོ་སྐྱ་ཞི་བ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །གློ་སྙིང་འདྲེན་ཅིང་གཙོ་ལ་སྟོབ། །སྡིག་ཆེན་མགོ་ཡི་ཞལ་གདངས་ཤིང་།། སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དྲིལ་འཁྲོལ་རྩེ་ལྔ་དུང་དམར་དང ། །རིན་ཆེན་བུམ་པ་ཁྲོས་པས་འཛིན། །ཐོད་རློན་གཡང་གཞི་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ནག་མོ་བེ་ཅོན་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །སྟིར་ཆེན་གློ་སྙིང་འདྲེན་ཅིང་སྟོབ། །ཁྲ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཁྲག་ཆེན་དུང་འཐུང་ཁ་ཊྭཱཾ་འཕེན། །གྲིས་འདེབས་རྒྱུ་ཞགས་དབང་ཕྱུག་མ། །ཐོད་རློན་གཡང་གཞི་རྒྱན་དུ་བྱས། །བརྐྱང་བསྐུམ་
41b
རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་པའི་སྡང་མིག་ཅན། །སེར་ནག་ཁྲོ་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །ཝ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཞིང་ཆེན་རྒྱུ་འདྲེན་སྟི་རའི་རྡེའུ། །རབ་ཏུ་གཏུམ་པས་ཁ་ཊྭཱཾ་འཕེན། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་གདངས་མིག་ཅན། །མཐིང་ནག་ཟ་བྱེད་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །སྟིར་ཆེན་སྙིང་འདྲེན་གཙོ་ལ་སྟོབ། །སྟག་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དུང་དམར་དྲིལ་ཁྲོལ་ཁ་ཊྭཱཾ་གྲི། ཐོད་རློན་གཡང་གཞི་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་
42a
༄#། །མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་མོ་ཁྲག་འཐུང་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བགེགས་འདུལ་ལྕགས་ཀྱུས་ཞལ་དུ་སྟོབ། །རྒོད་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དུང་དམར་ཞིང་དབྱུག་ཁ་ཊྭཱཾ་འཕེན། །ཐོད་རློན་གཡང་གཞི་རྒྱན་དུ་བྱས། ། བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་དཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་མོ་ཁྲག་འཐུང་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །རྟ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །རྩེ་ལྔ་དྲིལ་དབྱུག་ཁ་ཊྭཱཾ་འཕེན། །ཞིང་ཆེན་ཟ་བའི་དབང་ཕྱུག་མ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱེས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དཀར་དམར་གཅིག་པུ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །
42b
བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །བྱི་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱད། །རྡོ་རྗེ་ཏྲི་ཤཱུལ་དྲིལ་དབྱུག་ཞིང ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། ། འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་ནག་ཡིད་འཕྲོག་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །སྟིར་ཆུང་ཟ་ཞིང་གཙོ་ལ་སྟོབ། །སྤྱང་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཁ་ཊྭཱཾ་དུང་དམར་ལྕགས་ཀྱུ་གྲི། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། ། དཀར་དམར་གྲུབ་པ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །སྟིར་ཆེན་གློ་སྙིང་གཙོ་ལ་སྟོབ། །པུ་ཤུད་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །པདྨ་ཁ་ཊྭཱཾ་དུང་དམར་ཞགས། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་
43a
༄#། །གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་སྡོད་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ལྗང་སེར་ཀླུ་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷ་ས་ཁྲག་ཆེན་གཙོ་ལ་སྟོབ། །ཤ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །རྔེའུ་རྡུང་ཁ་ཊྭཱཾ་གྲི་འདེབས་ཤིང ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་ནག་གསོད་ཆེན་ཆགས་པས་འགྱིང་།། དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །སྟིར་ཆེན་གློ་སྙིང་གཙོ་ལ་སྟོབ། །སྤང་ཏི་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །རྡོ་རྗེ་རལ་གྲི་རྡེའུ་ཆུང་རྡུང ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ལྗང་དམར་མེ་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས།
43b
ཞིང་ཆེན་རྒྱུ་འདྲེན་ཞལ་དུ་སྟོབ། །སྐྱིན་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དུང་དམར་ཁ་ཊྭཱཾ་ལྕགས་ཀྱུ་གྲི། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ལྗངས་སེར་ཕག་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབ། །ཕག་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །རྩེ་ལྔ་ཞིང་ཟ་ཁ་ཊྭཱཾ་གྲི། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཆོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ལྗང་ནག་སྣ་ཆད་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བདུད་རྩི་དུང་དམར་ཞལ་དུ་སྟོབ། །རྔ་ཆེན་མགོ་ཡི་ཞལ་གདངས་ཤིང ། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཁ་ཊྭཱཾ་ཟངས་གྲི་ཞགས་པ་འཛིན། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་
44a
༄#། །བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སྔོ་སྐྱ་ཆུ་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་གློ་སྙིང་འདྲེན་ཅིང་འདྲེན་ཅིང་སྟོབ། །བྱ་རོག་མགོ་ཡི་ཞལ་གདངས་ཤིང ། ། སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དུང་དམར་དྲིལ་འཁྲོལ་ཁ་ཊྭཱཾ་གྲི། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་སྐྱ་རྒན་མོ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བདུད་རྩི་དུང་དམར་ཞལ་དུ་སྟོབ། །སྐེག་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་དུ། །དབྱུག་དྲིལ་ཁ་ཊྭཱཾ་རྒྱུ་འདྲེན་ཅིང ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ།། སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །གནག་ཅིང་ནག་མོ་
44b
ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆུང་ཟ་ཞིང་གཙོ་ལ་སྟོབ། །ཁུ་བྱུག་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། ། ལྕགས་ཀྱུ་དུང་དམར་ཁ་ཊྭཱཾ་གྲི། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །སྔོན་མོ་ར་ན་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་རྒྱུ་ཞགས་འདེབས་ཤིང་སྟོབ། །ར་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དུང་དམར་ཁ་ཊྭཱཾ་དྲིལ་ཆེན་ཞགས། ། ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །དམར་མོ་བུམ་རྣ་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །བྷནྡྷས་ཁྲག་ཆེན་གཙོ་ལ་སྟོབས། །སྤྲེའུ་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཞིང་ཆེན་ཁ་ཊྭཱཾ་འཕེན་ཚུལ་དུ། །ལྕགས་སྒྲོག་ཀུན་འཛིན་ཟངས་གྲིས་འདེབས། །
45a
༄#། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས།། ཅི་འདོད་ལས་དེ་གྲུབ་པར་བྱོས། །དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ལྗང་ནག་གསུས་འཛིན་ཆགས་པས་འགྱིང ། །དབུ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །ཞིང་ཆེན་གློ་སྙིང་གཙོ་ལ་སྟོབ། །སྦྱང་ཆེན་མགོ་ཡི་ཞལ་གདངས་ཤིང ། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །དྲིལ་ཆེན་སྒྲ་སྒྲོག་དུང་དམར་འཐུང ། །ཁ་ཊྭཱཾ་འཕེན་ཅིང་དེའུ་ཆུང་ཟ། །ཐོད་རློན་གཡང་གཞིས་རྒྱན་དུ་བྱས། །བརྐྱང་བསྐུམ་རྐང་གིས་ཞིང་ཆེན་གནོན། །རྣལ་འབྱོར་ཡོངས་ཀྱི་བཀའ་བཞིན་དུ། །སྟབས་གླུ་ཕྱག་རྒྱ་སྔགས་ཚིག་གིས། །ཅི་འདོད་ལས་དེ་གྲུབ་པར་བྱོས། །ཕོ་ཉ་རྡོ་རྗེ་དབང་ཕྱུག་མ། །ཅི་ཡང་འགྱུར་བའི་གཟུགས་ཅན་རྣམས། །འཇིགས་པའི་གཟུགས་ཅན་མང་པོ་ཡིས། །དམ་བཅས་བཞིན་དུ་ལས་ཀུན་བྱོས། །དེ་བཞིན་གཤེགས་པ་ཁྲོ་བོའི་སྤྲིན་རྣམ་པར་སྤྲོས་པ་བདུད་བཏུལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་ཀ་ཁྲག་འཐུང་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཨོཾ་མཧཱ་ཙིཏྟཱ་མཎྜ་ལ། ཀྲོ་དྷ་ཧ་ཧ་ཧ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཙ་ཏུར་ཡོ་གཱི་ནི་ཧྲིང་ཧྲིང་ཧྲིང ། ཏྲིང་ཏྲིང་ཏྲིང ། མྲིང་མྲིང་མྲིང ། ཀྲིང་ཀྲིང་ཀྲིང ། ཧ་ཧ་ཧ་ཞེས་བརྗོད་
45b
པས་རྡོ་རྗེ་ཧེ་རུ་ཀ་སྐུ་བསམ་གྱིས་མི་ཁྱབ་པ་ཁྲོས་པས་རྔམ་པར་གནས་སོ། །རཏྣ་ཧེ་རུ་ཀ་སྦྱིན་པའི་ཁྲོ་བ་མཛད་དོ། །ཆགས་པའི་ཧེ་རུ་ཀ་དང་སྐུ་དང་གི་ཚུལ་གྱིས་ཤིན་ཏུ་ཁྲོ་བ་མཛད་དོ།། ལས་ཀྱི་ཧེ་རུ་ཀ་ཀུན་ཏུ་མི་མཛད་པ་མེད་པའི་ཚུལ་གྱིས་གདུག་པའི་ཁྲོ་བོ་ཆེན་པོའོ། །དེ་དག་ཀྱང་རྡོ་རྗེ་འཛིན་མ་ཁྲོ་མོ་དང ། རིན་ཆེན་དབྱུག་ཏོ་མ་ཞེས་བྱ་བའི་ཁྲོ་མོ་དང ། པདྨ་བྷནྡྷ་འཛིན་མ་ཞེས་བྱ་བའི་ཁྲོ་མོ་དང ། ལས་ཀྱི་དབྱུག་ཏོ་མ་ཞེས་བྱ་བའི་ཁྲོ་མོ་དང་བཅས་པ་རྣམས་བརྐྱང་བསྐུམ་གྱི་སྟབས་ཀྱི་དཔལ་ཧེ་རུ་ཀ་ལ་འཁྲིལ་ནས་གཉིས་སུ་མེད་པའི་ཚུལ་གྱིས་མཉམ་པ་ཆེན་པོར་གནས་སོ། །དེའི་ཕྱི་རིམ་ན་རྣལ་འབྱོར་ཆེན་མོ་དཀར་མོ་དང ། རྣལ་འབྱོར་ཆེན་མོ་སྐུལ་བྱེད་མ་དང ། གསོད་བྱེད་མ་དང ། ཟ་བྱེད་མ་དང ། རྣལ་འབྱོར་མ་དང ། གཏུམ་མོ་དང ། རྣལ་འབྱོར་མ་ལས་གྲུབ་པར་བྱེད་མ་ལས། རྡོ་རྗེ་རིགས་བྱེད་མ་དང ། དབང་སྡུད་ཆེན་མོ་དང ། དྲག་པོའི་ཆ་བྱད་ཀྱིས་ཁྲག་དང་ཀེང་རུས་ཀྱི་དཀྱིལ་ན་ཞབས་གཉིས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གནས་སོ། །དེའི་ཕྱི་རིམ་ན་རྡོ་རྗེ་ཕྲ་མེན་མ་ཆེན་མོ་དང ། སེངྒེ་མགོ་ཆེན་མོ་སྟབས་དང་ལྡན་མ་དང ། སྟག་མགོ་ཆེན་མོ་སྟབས་དང་ལྡན་མ་དང ། མྱོས་བྱེད་རྟ་མགོ་ཆེན་མོ་དང ། འུག་པའི་མགོ་ཅན་དང ། བྱ་རྒོད་མགོ་གསོད་བྱེད་སྟབས་ཆེན་མོ་དང ། མཆུ་རིང་མགོ་ཅན་གཅོད་བྱེད་ཆེན་མོ་དང ། ཝའི་མགོ་ཅན་
46a
༄#། །སྐུལ་བྱེད་མའི་སྟབས་ཆེན་མོ་དང ། རབ་ཏུ་སྒྲ་འབྱིན་གྱི་མགོ་ཅན་དང ། རྣམ་པར་རབ་ཏུ་སྒྱུས་གསོས་མཛད་པ་ཝང་མགོ་ཅན་ཆེན་མོ་དང ། མི་གཏོང་བར་ཟ་བར་བྱེད་མ་ཕག་གི་མགོ་ཅན་ཞེས་སྡང་ཆེན་མོ་རྣམས་རང་རང་གི་ལག་ཆ་དང ། གདུག་པའི་མཚོན་དང་ཆས་ནས་གནས་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལས། རྣམ་པར་བསྒྱུར་བའི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཏུམ་པ་ཆེན་མོ་དང ། རྣམ་པར་སྒྱུར་བའི་ཚོགས་རྨོངས་པ་སེལ་བའི་ཏིང་ངེ་འཛིན་གྱིས་དགྱེས་པར་མཛད་དེ་འདི་དག་ཕྱུང་བས་ཀུན་ཏུ་གཡོ་བ་ཆེན་པོ་མཛད་དོ། །ོཾ་སརྦ་མཧཱ་ཀཱ་རུ་ཎི་ཀཱ་ཡ་མཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཁ་ཐཾ། དྷུ་པ་ཙ་མ་ཧཱ་ཙཎྜ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་མཧཱ་ཀཱ་རུ་ཎི་ཀཱ་ཡ། མཧཱ་རཏྣ་ཧེ་རུ་ཀ་སརྦ་ཁ་ཏཾ་དྷུ། པ་ཙ་མ་ཧཱ་ཙཎྜ་ཏྲཾ་ཏྲཾ་ཏྲཾ། ཕཊ་ཕཊ་ཕཊ། ཨོཾ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མཧཱ་ཤྲཱི་པདྨ་ཧེ་རུ་ཀ་སརྦ་ཁ་ཏཾ་དྷུ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཕཊ་ཕཊ་ཕཊ། ཨོཾ་སརྦ་མཧཱ་ཀཱ་རུ་ཎི་ཀཱ་ཡ། མཧཱ་ཤྲཱི་ཀརྨ་ཧེ་རུ་ཀ་སརྦ་ཁ་ཏྲཾ་དྷུ། པ་ཙ་མ་ཧཱ་ཙཎྜ་ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཨོཾ་སརྦ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བུདྡྷ་ལོ་ཙ་ན་ཌཱ་ཀི་ནི། ཧ་ན་ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཀཱ་རུ་ཎི་ཀཱ་ཡ། བཛྲ་ལོ་ཙ་ན་མཧཱ་ཌཱ་ཀི་ནི་དྷ་ཀ་དྷ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་མཧཱ་ཀཱ་རུ་ཎི་ཀཱ་ཡ། རཏྣ་ལོ་ཙ་ན་ཌཱ་
46b
ཀི་ནི།་པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་མཧཱ་ཀཱ་རུ་ཎི་ཀཱ་ཡ། མཧཱ་པདྨ་ལོ་ཙ་ཎ་ཌཱ་ཀི་ནི་དྷ་ཧ་དྷ་ཧ་དྷ་ཧ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་མཧཱ་ཀཱ་རུ་ནི་ཀཱ་ཡ། ཀརྨ་ལོ་ཙ་ན་མཧཱ་ཌཱ་ཀི་ནི་ཚིནྡྷ་ཚིནྡྷ། ཧཱུཾ་ཧཱུཾ་ཧཱུཾ།་ཏྲཱུཾ་ཧཱུཾ་ཧཾ། ཧྲོཾ་ཧྲོཾ་ཧྲོཾ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཨོཾ་རུ་ལུ་གཽ་རཱི། ཨོཾ་རུ་ལུ་ཙཽ་རཱི། ཨོཾ་རུ་ལུ་པྲ་མོ་ཧཱ། ཨོཾ་རུ་ལུ་པེ་ཏ་ལཱི། ཨོཾ་རུ་ལུ་ཙཎྜ་ལཱི། ཨོཾ་རུ་ལུ་གྷསྨ་རཱི། ཨོཾ་རུ་ལུ་སྨ་ཤཱ་ནཱི། བྷིནྡྷ་བིནྡྷ། གྷུ་མ་གྷུ་མ་གྷུ་མ། ཧ་ན་ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཨོཾ་ཙོ་ར་ཀཱ་ར་སིདྷ་ཧེ་ཧེ། ཨོཾ་གཽ་ར་ཀ་ར་བྱཱ་གྷྲི་ཧེ་ཧེ། ཨོཾ་ཙ་ར་ཀ་ཀ་ར་སྲི་གཱ་ཧེ་ཧེ། ཨོཾ་ཤཝ་ན་ཀ་ར་གྲྀ་ ་ཧེ་ཧེ། ཨོཾ་ཀཱངྐ་ཀ་ར་ཀཱ་ཀ་ཕཊ་ཕཊ། ཨོཾ་ག་ཏ་ཀ་ར་པ་ཉྩ་མ་ཧེ་ཧེ་ཕཊ། ཧསྟ་ཀ་ར་ཨཱུ་ལུ་ཀ་ཧེ་ཧེ་ཧེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཕཊ་ཕཊ། མཧཱ་ཙ་དུར་ཡོ་གི་ནི་ཧ་ཧ་ཧ། ཧེ་ཧེ་ཧེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཕཊ་ཕཊ་ཕཊ། ས་མ་ཡ་ས་མ་ཡ། ཡོ་ག་ཡོ་གི་ནི་ཕཊ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་ཐམས་ཅད་རབ་ཏུ་བརྒྱལ། རབ་ཏུ་སྡངས། རབ་ཏུ་མྱོས། རབ་ཏུ་བསྒྲལ་བར་གྱུར་ཏེ། བསྣམས་ཤིང་གསོལ་ནས་མི་གནས་པར་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཉེས་པ་ལས། སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡམ་པའི་སྟབས་ཀྱིས་ཛཿ ་
47a
༄#། །ཛཿ ་ཛཿ ་ཧཱུཾ་ཧཱུཾ་ཧོཿ ་ཧོཿ ་ཞེས་པར་མཛད་དོ། །མངོན་སྤྱོད་ཀྱི་ལས་ཀྱི་སྦྱོར་བ་སྦྱོར་བ་ཆེན་པོ་མཛད་དོ། །གསང་བའི་རྡོ་རྗེའི་མཛོད་ནས་གསང་བའི་ཡུམ་གྱི་པདྨ་ཡོངས་སུ་ཡངས་པའི་ནང་དུ་སེམས་ཅན་གྱི་ཚོགས་བྱང་ཆུབ་སེམས་སུ་མཛད་ནས་མཁའ་ཕབ་སྟེ་སྲས་སུ་བསྐྱེད་པར་མཛད་དེ་མཛད་ནས་དྲན་པ་རྙེད་དོ། །སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ། མེ་དཔུང་བསམ་གྱིས་མི་ཁྱབ་པ། མཚོན་ཆ་དང་དབུ་དང་ཞལ་མང་ཞིང་སྐྱི་བུང་ཞེས་བྱེད་པ་སྡངས་ཤིང་གསོད་པར་མཐོང་སྟེ་སྨྲས་པ། རབ་ཏུ་འཇིགས་པའི་ཁྲོ་བོ་རྣམས། །ཤིན་ཏུ་བདེ་བའི་གནས་ཤིག་ནས། །བཏོན་པ་སྐལ་པ་རབ་ཏུ་ཆུང ། །ད་ནི་ཅི་མཛད་ལ་གོར་མཛོད། །ལྷ་ཅིག་རྗེ་ཅིག་འོན་ཞེས་སྨྲས་པའི་ཚིག་གིས་སེམས་ཅན་གྱི་མཚན་མ་འབྱོངས་པར་གྱུར་པར་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་རབ་ཏུ་སྨྲོས་ལ་གནོང་ལོངས་ཤིག་།རྗེ་ལ་གུས་པར་དམ་ནོས་ལ། །འདི་ལ་གནས་པར་སྐལ་མེད་པས། །ཕྱི་ཡི་དཀྱིལ་འཁོར་ས་ལ་འདུག་།ཅེས་བཀའ་སྩལ་པས་དངངས་པ་བརྟས་པར་གྱུར་ཏེ་རྡོ་རྗེ་བྲན་མོའི་མནའ་བོར་ནས་སྨྲས་པ། སྐྱེས་མཆོག་ལྷ་རྗེས་སུ་ཞིག་ལགས། །འབངས་དང་བཀའ་སྩལ་བདག་ཅག་ཉན། །ཕྱི་ཡི་གནས་སུ་གནས་སུ་བགྱི། །མ་སྲིང་བྲན་གཡོག་འཁོར་ཡུག་རྣམས། །འཇིགས་པའི་སྐུས་ནི་བཞེས་སུ་གསོལ། །ཅི་མཛད་ཁྱོད་མཁྱེན་
47b
བཞེས་སུ་གསོལ། །ཡུན་དུ་སྐལ་ལྡན་བཞེས་སུ་གསོལ། །བདག་ཅག་འཇིག་རྟེན་སྐྱོང་བ་རྣམས། །དེ་རིང་དམ་མནོས་བླན་ཆད་ཏུ། །འཁོར་རྣམས་སྐྱོང་བར་མི་བགྱིད་དམ། །བཀའ་བཞིན་ལས་ཀུན་མི་སྒྲུབ་བམ། །ཐེག་པ་འཛིན་ལ་མི་སྟོང་ངམ། །བཞུགས་པའི་དཀྱིལ་འཁོར་མི་ཟིན་ན། །ད་ལྟ་བཞིན་དུ་འཇིགས་པ་དང ། །ཤི་ནས་དམྱལ་བར་ཤོག་ཅེས་སྨྲས་ཏེ་མནའ་བོར་རོ། །དེ་ནས་ཁྲག་འཐུང་ཆེན་པོ་ཅང་མི་གསུང་བར་བཞུགས་པ་ལས་རབ་ཏུ་གསོད་བྱེད་མ་དང ། ཚངས་པ་མོ་དང ། གཞོན་ནུ་མོ་དང ། དབང་མོ་དང ། གྲུབ་མོ་དང ། བསྐྱོད་ཆེན་མོ་དང ། རྡོ་རྗེར་གདོང་ཆེན་མོ་དང ། མི་མོ་རླག་པར་བྱེད་པ་ཆེན་མོ་དང ། ཕག་མོ་གསོད་བྱེད་མ་དང ། གཏུམ་པར་མཛད་མ་དང ། བརླན་པར་མཛད་མ་དང ། ཕག་ཆེན་མོ་དང ། ནག་མོ་རལ་པ་ཆེན་མོ་དང ། རྡོ་རྗེ་འཛིན་མ་ཆེན་མོ་དང ། རྡོ་རྗེ་ནག་མོ་ཆེན་མོ་དང ། རྡོ་རྗེ་རྒན་བྱད་ཆེན་མོ་དང ། རྡོ་རྗེ་ཡིད་འཕྲོག་པར་བྱེད་མ་དང ། རབ་ཏུ་གཅིག་ཏུ་ཟབ་མོ་དང ། རྡོ་རྗེ་སྲིན་མོའི་ཆ་བྱད་ཆེན་མོ་དང ། སྔོ་ནག་ཆེན་མོ་དང ། ལྗང་ནག་ཆེན་མོ་དང ། བེ་ཅོན་ཆེན་མོ་དང ། ཞིབ་བུམ་སྣ་ཆེན་མོ་དང ། ལས་ལ་གྲུབ་པ་ཆེན་མོ་དང ། བཀའ་ཉན་པར་བྱེད་མ་དང ། ཚམ་ངམ་གྱི་གཟུགས་དང ། དྲག་ཤུལ་མ་དང ། ཉུལ་བ་མོར་ཚུལ་སྟོན་མ་དེ་དག་ལ་སོགས་པ་མ་དང ། སྲིང་མོ་བུ་མོ་རྣམས་རབ་ཏུ་གུས་པར་བཀའ་ཉན་ཏེ་རྡོ་རྗེ་བྲན་མོར་བཀའ་ཉན་ཏེ། རྡོ་རྗེ་བྲན་
48a
༄#། །མོར་དམ་བླངས་ནས་ཅི་འདོད་ལས་རྣམས་བདག་ཅག་བགྱིད་ཅེས་མནའ་བོར་ཏེ་འཇིགས་པའི་གཟུགས་དང ། མཚོན་ཆ་དང་གནས་པའི་གཞིར་བཅས་ཏེ་ཕྱིའི་སྣམ་བུ་ལ་གནས་པའི་ལས་བྱེད་པར་གནས་སོ། །དེ་དག་གི་དཀྱིལ་འཁོར་སྒྲུབ་པ་བཤད་དེ། །དཀྱིལ་འཁོར་ཕྱི་རོལ་གྲུ་བཞིར་བཅས། །དབུས་སུ་ཟླ་གམ་རཀྟར་བཅས། །བ་སུ་ཏ་ཡི་མཎྜ་ལ། །དྲི་ཆུ་རཀྟའི་ཚོམ་བུར་བྲི། །ཧྲཱིཿ ་ལས་དབུས་སུ་བཅོ་བརྒྱད་གཟུགས། །ཡང་ན་དབུ་གསུམ་ཕྱག་དྲུག་པ། །ཐོད་པ་བྷནྡྷ་དམར་ཆེན་བཀང ། །བརྒྱད་དམ་ཉི་ཤུ་དགུ་རུ་ལྡན། །ཡང་ན་ལྔ་དང་ལྡན་པ་ལ། །ལྔ་པའི་ཡི་གེས་བྱིན་གྱིས་བརླབ། །ཟད་འཕྲོ་ཕུད་དང་ལྡན་པ་ལ། །ུཙྪུཥྟ་ཡི་སྔགས་ཀྱིས་བཟླས། །ཐོད་པ་དམར་བླུགས་བཏུང་བྱ་ཞིང ། །མིང་དམ་བྷྱོ་འམ་རུ་ལུ་ཡིས། །མངོན་སུམ་ཕྱིན་པར་བོས་ནས་ནི། །ཁ་ནས་རཀྟས་རབ་གཏོར་ཏེ། །ཧེ་རུ་ཀ་ཡི་ལས་རྣམས་ཀུན། །གོང་ནས་འབྱུང་བའི་ལས་བཞིན་བྱ། །སྒེག་མོ་ན་ཆུང་དེ་དག་ལ། །དབང་གི་ཆགས་པས་འདོད་སྤྱད་དེ། །ཏ་མ་ལ་ཡི་ཕུར་བུས་གདབ། །ཅི་འདོད་ལས་རྣམས་གྲུབ་པར་སྦྱིན། །ཆགས་དང་གསོད་དང་རྒྱགས་པ་ཆེ། །མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས། །ཙཽ་ར་ཀ་རའི་འཁོར་རྣམས་ཀྱང ། །བཞི་ཡི་ལས་ལ་འཇུག་པར་ནི། །མིང་ཙམ་འཛིན་པའི་རྣལ་འབྱོར་པས། །བསྐུལ་ན་རྩེ་གཅིག་ལས་རྣམས་
48b
འགྲུབ། །དེ་ནས་ཀུན་ཏུ་བཟང་མོ་ཆེན་མོས་མིང་ཙམ་དུ་ཆོས་ཐམས་ཅད་གནས་པར་མཁྱེན་ཏོ། །གསང་བ་སྒྱུ་འཕྲུལ་ཆེན་པོ་འདི་བསྡུ་བ་ཆེན་པོ་མཛད་དོ། །དེ་ནས་སེམས་དཔའ་རྣལ་འབྱོར་མཆོག་།ཀུན་ཀྱང་སེམས་དཔའ་རྣལ་འབྱོར་མཆོག་།ཆོས་ཀུན་མིང་ཙམ་རྣལ་འབྱོར་ཡིན། །མིང་ཙམ་རྣལ་འབྱོར་མ་ཡིན་པར། །སེམས་དཔའ་རྣལ་འབྱོར་འགའ་ཡང་མེད།། དེ་ཉིད་དུས་གསུམ་རང་བཞིན་ཏེ། །དེ་ཉིད་ཀུན་ཏུ་བཟང་མོ་མཆོག་།སྒྱུ་འཕྲུལ་དྲ་བའི་རྒྱུད་དག་ལས། །སེམས་མ་རྡོ་རྗེ་དེ་དག་ལས། །གསང་བའི་ངེས་དོན་གང་ཡང་མེད། །ཅེས་ཆོས་ཐམས་ཅད་འདུས་པ་ཆེན་མོར་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཧེ་རུ་ཀ་འདུས་པ་ཆེན་མོའི་དཀྱིལ་འཁོར་ཏེ་ལེའུ་བཅུ་གཉིས་པའོ།། །། ཧོཿ ། རྒྱུ་ཉིད་སྟོང་པས་འབྲས་བུ་མངོན་སུམ་པ། བྱིན་གྱིས་བརླབ་ཏུ་མེད་བས་བྱིན་གྱིས་བརླབ་པས་འགྲུབ། །སངས་རྒྱས་མཛད་པ་ཉིད་ཀྱང་སེམས་ཅན་ཡིན་ཞེས་རྒྱལ་བས་གསུངས། །དེ་ཉིད་མི་མཛད་མེད་པར་ཤེས་པ་ཀུན་གྱི་ནང་ན་རབ་ཏུ་བསྔགས། །ཆགས་པ་མི་གཏོང་ཆགས་མེད་མངོན་སུམ་དགོངས་པ་ཡིན་པས་དཀྱིལ་འཁོར་གོང་མ་ཀུན་གྱི་ངང ། །སྒྲུབ་ལ་དགའ་བས་བསྒྲུབ་ཏུ་མེད་ཕྱིར་བསྒྲུབས་པས་འགྲུབ་ཅེས་རྒྱལ་བས་རབ་ཏུ་གསུངས། །ཕོ་མོ་མེད་ཕྱིར་ཕོ་མོ་སྣང་ལ་དགའ་བ་སྤྱོད་བརྩོན་རྒྱལ་བས་འགྲུབ་ཅེས་སྒྲུབ་པ་ཀུན་གྱིས་གསུངས། །སྟོང་པར་རྟོགས་ལ་སྤྱོད་ལ་གཡེལ་བ་
49a
༄#། །རྣལ་འབྱོར་མིན་ཞེས་རྒྱལ་བས་གསུངས། །མེད་ལ་གཏོད་ཅིང་དགེ་སྡིག་འཆོལ་བ་སྡིག་ཅན་ཡིན་པར་རབ་ཏུ་གསུངས། །མེད་ལ་གཏོད་ཅིང་དགེ་སྡིག་ཡོད་ཕྱིར་བརྩོན་པར་འགྲུབ་ཅེས་ཐེག་པ་ཀུན་ལས་འབྱུང ། །བག་དང་མི་ལྡན་རང་བཞིན་མེད་པར་གནས་པ་ལ། །གཙོ་མཆོག་མི་བཀུར་ཁུངས་ཕྱིན་ཆོས་ལ་མི་བརྩོན་སེམས་ཅན་ཡིན་པར་མངོན་སུམ་གསལ་བར་སྣང ། །དེ་བས་སྒྱུ་འཕྲུལ་གསང་བ་མཆོག་འདི་བུ་རྣམས་གང་ཞིག་ཉན་བརྩོན་པས། །འགྲུས་པར་བསླབས་པ་བགྲ་དང་ལྡན་པ་ལོབས་པ་དང་པོར་ངོ་ཤེས་བྱ། །སྐད་ཅིག་གཟུགས་ལ་ཕངས་པ་མེད་པར་གུས་ལྡན་གསང་བའི་སྡུད་པ་ཡིན། །རྡོ་རྗེ་སློབ་དཔོན་མཆོག་ལ་དད་པས་སངས་རྒྱས་མ་ལུས་ཀུན་ལ་མཆོད་པ་ཆེན་པོ་ཡིན། །ལམ་ལ་མཁས་པས་རྡོ་རྗེ་སློབ་དཔོན་བཀུར་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་རབ་ཏུ་འདུན་པ་ཆེན་པོ་སྐྱེས་ཏེ། མཆོད་པ་ཆེན་པོ་བཀུར་སྟིས་མཆོད། །དཀྱིལ་འཁོར་དང་པོ་ཕུན་སུམ་ཚོགས། །གཉིས་པ་གསང་བའི་མཆོད་པ་ལ། །གསང་བ་རོལ་པ་གླེང་སློང་བ། །ཁྲོས་པའི་སྤྲིན་ལས་བདུད་རྣམས་བཏུལ། །དོན་གཅིག་སྒྱུ་འཕྲུལ་བཀའ་སྩལ་པ། །ཚོགས་ཀྱི་མཆོད་བ་དགྱེས་པ་ཆེ། །དུས་གསུམ་རྟག་ཏུ་མ་བྱུང་བ། །ལམ་ལ་མཁས་པ་ཡིན་པར་བསྔགས། །བརྩོན་དང་ལྡན་པས་རབ་མཉན་དང །
49b
གསང་བའི་སྒྲུབ་པ་འདི་སྒྲུབ་པ། །ཀུན་ཀྱང་ཀུན་ཏུ་བཟང་པོ་ཡིན། །བཅོམ་ལྡན་འདས་རྨོངས་པ་སེལ་བ་ཞེས་བྱ་བ་སྒྱུ་འཕྲུལ་ཆེན་པོ་རྫོགས་སོ།། །།