rKTs


H807

(e-text produced by ACIP)

see text in transliteration
372b
རྒྱ་གར་སྐད་དུཿ ་བཛྲ་མནྟྲ་བྷི་རུ་སནྟི་མ་ར་ཏནྟྲ་ནཱ་མཿ ་བོད་སྐད་དུཿ ་དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བཿ ་བཅོམ་ལྡན་འདས་མཐུ་སྟོབས་ཀྱི་བདག་པོ་ལ་ཕྱག་འཚལ་ལོཿ ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཿ ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་བོ་ཉིདཿ ་རི་རབ་ཆེན་པོའི་ཡང་སྟེངཿ ་ལྕང་ལོ་ཅན་གྱི་གནས་མྖོགཿ ་རབ་ཏུ་བརྒྱན་པའི་ཕོ་བྲང་ཆེན་པོ་ན་ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ་སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དངཿ ་དྲེགས་པ་ཅན་དངཿ ་གཟི་བརྗིད་ཅན་དངཿ ་དྲག་ཤུལ་ཅན་ལ་སོགས་པ་དག་གིས་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་མཛད་པསཿ ་དེ་དག་གི་སྡེ་དཔོན་དང་བཅས་འཁོར་དང་གཡོག་ཏུ་བཅས་པ་རྣམས་རླུང་གི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་ལྷགས་པ་ནིཿ ་འདི་ལྟ་སྟེཿ ་གཤིན་རྗེ་ཚེ་བདག་ནག་པོ་
373a
༄#། །ཆེན་པོ་ཡུམ་དང་བཅས་པ་དངཿ ་བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དངཿ ་ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དངཿ ་སྲིན་པོའི་རྒྱལ་པོ་གསོད་བྱེད་ནག་པོ་ཡུམ་དང་བཅས་པ་དངཿ ་གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དངཿ ་ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་གཅིག་མ་དངཿ ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དངཿ ་རུ་ཏྲའི་བདག་པོ་ཐར་པ་ནག་པོ་དངཿ ་རྨུ་རྗེ་བཙན་པོ་རྒྱལ་པོ་ཆེན་པོ་དངཿ ་ཕྱི་རོལ་ལྷའི་བདག་པོ་ཀ་ལ་ནག་པོ་དངཿ ་ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ་བ་དངཿ ་ཀླུའི་བདག་པོ་གཞོན་ནུ་གཏུམ་པོ་དངཿ ་ལྷའི་རྒྱལ་པོ་ལི་བྱིན་ཆེན་པོ་དངཿ ་གནོད་སྦྱིན་ཆེན་པོ་ལ་ག་རྒྱུ་བ་དངཿ ་བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དངཿ ་ཀླུ་བདུད་ཆེན་པོ་ཡམ་ཤུད་དམར་པོ་དངཿ ་གཞན་ཡང་ལྷ་དངཿ ་ཀླུ་དངཿ ་ལྷ་མ་ཡིན་དངཿ ་ཟ་བྱེད་དངཿ ་ཡི་དྭགས་དངཿ ་འབྱུང་པོའི་ཚོགས་དངཿ ་ཕོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འདུས་སོཿ ་དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་དེཿ ་ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དགཿ ་གཟུགས་སུ་བརྙན་པ་རབ་ཏུ་འྗིགྶཿ ་སྒྲ་ནི་མི་སྙན་དག་ཅིང་གྟུམཿ ་དྲི་ནི་མི་ཞིམ་རུལ་མྱག་བྶུངཿ ་རོ་ནི་ཁ་སྐྱུར་
373b
ཚ་བར་བྲོཿ ་རེག་བྱ་ཚ་རྩུབ་མི་གདུག་སྤྱོདཿ ་ཞེ་སྡང་ཆེན་པོའི་མེ་འབར་ཞིངཿ ་ང་རྒྱལ་ཀེང་རུས་དྲག་ཏུ་གྟམྶཿ ་གཏི་མུག་མུན་ནག་རབ་ཏུ་འྠིབྶཿ ་འདོད་ཆགས་ཁྲག་གི་ཆུ་ཆེན་འྦྲུབཿ ་ཕྲག་དོག་རླུང་ནི་རབ་ཏུ་འྑྲུགྶཿ ་སྟིར་ཆེན་པོའི་ལོངས་སྤྱོད་ལཿ ་སྟག་གཟིག་གཅན་གཟན་ཅེ་སྤྱང་དངཿ ་ཀངྐ་དུར་བྱ་འདབ་ཆགས་ཚོགྶཿ ་ཤ་ཟ་ཁྲག་འཐུང་རུས་པ་འྗོམྶཿ ་བམ་དང་རུལ་དང་མྱགས་པ་དངཿ ་བྱེ་དང་བྲལ་དང་གཞིགས་པ་དངཿ ་ཟོས་དང་འཐོར་དང་རབ་ཏུ་འྠོརཿ ་བྲུལ་དང་ཟགས་དང་བརླག་པ་དངཿ ་རྩོད་དང་རྒོད་དང་གླལ་བ་དངཿ ་འཇིགས་ཤིང་གདུག་དང་རྔམ་པ་དངཿ ་རོལ་པའི་ལོངས་སྤྱོད་རབ་ཏུ་སྤྲུལཿ ་ཀུན་ཀྱང་གདུག་པའི་སེམས་འཆང་ཞིངཿ ་གསོད་གཅོད་ཤག་གཏུབ་ལུས་ཀྱི་ལསཿ ་ཚིག་རྩུབ་བརླང་བའི་ང་རོར་འྦྱིནཿ ་ཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིསཿ ་མ་ལུས་འདུལ་ཞིང་ཚར་གཅོད་པའིཿ ་མངོན་པར་གཅོད་ལ་རབ་ཏུ་བྐོདཿ ་འདི་ལྟར་མཐོང་ཞིང་སྣང་གྱུར་པཿ ་ཀུན་རྫོབ་ཙམ་དུ་སྣང་བ་ལསཿ ་སེམས་ཅན་གཅིག་གི་བ་སྤུ་ལཿ ་ཅུང་ཟད་གནོད་པ་ཡོང་མེད་དེཿ ་རང་གི་རྣམ་རྟོག་བདེ་བར་སྤྱོདཿ ་ངེས་པའི་དེ་ཉིད་ཁོ་ནའོཿ ་ཆོ་འཕྲུལ་ཆེན་པོ་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིསཿ ་རྡོ་རྗེ་འཆང་བའི་རྒྱལ་པོ་ཡིསཿ ་དུས་གསུམ་རྒྱལ་བ་སྲས་བཅས་
374a
༄#། །ཀྱིསཿ ་ཐོག་མ་མེད་པའི་དུས་ཉིད་ནསཿ ་མ་ལུས་བསྟན་པ་སྲུང་མཛད་པའིཿ ་གསང་བདག་ཆེན་པོར་དབང་བསྐུར་ཕྱིརཿ ་གནོད་སྦྱིན་ལག་ན་རྡོ་རྗེ་འྖངཿ ་ལྔ་བརྒྱའི་གྲོགས་དང་བཅས་པ་ཡིསཿ ་སོ་སོ་གཙོ་ཆེན་མདུན་ཉིད་ནསཿ ་རང་གི་སྟན་ལས་རབ་ཏུ་ལངྶཿ ་མངོན་དུ་སྤྱོད་པའི་སྤྲུལ་པ་མྫདཿ ་ཐུགས་ཀྱི་གནས་པའི་ས་བོན་ལསཿ ་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུནཿ ་ལྗང་ནག་རླུང་གིས་རབ་ཏུ་དྐྲོགྶཿ ་ཁྲག་གི་རྦ་ཀློང་འཁྲུག་ཅིང་གཡོཿ ་ཤ་རུས་གཏམས་པའི་ས་གཞི་ལསཿ ་བསྐལ་པའི་མེ་རི་རབ་ཏུ་འྦརཿ ་བྷནྡྷ་འབར་བའི་གཞལ་ཡས་ཁངཿ ་གདུག་ཅིང་འཇིགས་སུ་རུང་བ་ནིཿ ་སྟོབས་ཆེན་རྣམས་ཀྱང་ཉེར་མི་སྤྱོདཿ ་འཕྲིན་ལས་མ་ལུས་རྫོགས་མཛད་ལུསཿ ་ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབཿ ་བསྟན་ལ་རབ་སྡང་ཕ་རོལ་པོཿ ་ཕུང་པོ་ཞབས་ཀྱིས་གདན་དུ་བྟིངཿ ་འོད་གདན་གཙང་མ་གསུམ་དང་བྕསཿ ་ཆེ་བ་མཆོག་གི་སྐུར་མཛད་དེཿ ་རིག་ཅན་མཐར་གནས་དབུར་མནན་ཅིངཿ ་སྟོང་པ་བཅོ་བརྒྱད་དག་ཅིང་སྣངཿ ་ཕྱག་གིས་དྲེགས་པའི་ལྷ་བརྒྱད་བྶྒྲལཿ ་བནྡྷ་ཙིཏྟ་གཡས་གཡོན་བྶྣམྶཿ ་ཐུགས་ཀྱི་དབང་རྟགས་དང་པོས་གྯུངཿ ་ཐུགས་རྗེ་མི་འགྱུར་མཐིང་ནག་མྡོགཿ ་མི་འཇིགས་རིག་པས་མནན་པའི་ཞབྶཿ ་བདུད་བཞི་ཕྱོགས་དང་བཅས་
374b
པས་གྣོནཿ ་མ་ལུས་དབང་དུ་བསྡུད་པའི་ཕྱིརཿ ་རལ་པ་ཁམ་ནག་སྲིད་རྩེར་འྦརཿ ་འབར་བའི་སྤྱན་གྱིས་ཁམས་གསུམ་གྯིགྶཿ ་གདངས་པའི་ཤངས་ཀྱིས་སྲིད་གསུམ་རྡུབཿ ་སྙན་གྱི་རླུང་སྒྲས་སྟོང་གསུམ་ཁྱབཿ ་རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལཿ ་ལྗགས་འདྲིལ་རྐན་སྒྲ་དྲག་པོར་བྶྡེབྶཿ ་ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུདཿ ་དཔའ་བའི་ཆས་ཀྱིས་རབ་ཏུ་བྲྒྱནཿ ་སྲུང་བའི་ལྷ་རྣམས་སྐུ་ལ་རྫོགྶཿ ་སྟོབས་ལྡན་དེ་ཉིད་མ་ཉེས་མཛད་པའིཿ ་འབྱུང་བ་ཆེ་ལ་དབང་སྒྱུར་མཿ ་དབུ་གསུམ་ཕྱག་དྲུག་ཞབས་བཞི་མཿ ་གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡསཿ ་བནྡྷ་ཞིང་ཆེན་གཡང་གཞི་གཡོནཿ ་གཙོ་བདག་ཚུལ་འཛིན་རབ་ཏུ་སྒེགཿ ་དགྱེས་མཛད་རབ་ཏུ་རོལ་པ་ལསཿ ་འདུལ་བྱེད་སྤྲུལ་པ་རབ་ཏུ་འྥྲོཿ ་ཕྱོགས་བཅུ་འཇིག་རྟེན་ཁམས་ཀུན་གྱིཿ ་གཏུམ་པོ་གདུག་པའི་ཚུལ་འཆང་བའིཿ ་དྲག་སྔགས་བདག་པོ་མ་ལུས་ཀུནཿ ་རང་ཉིད་སོ་སོའི་འཁོར་བཅས་པའིཿ ་རྟེན་དང་གནས་ལ་རེ་རེར་སྣངཿ ་རང་དབང་མེད་པར་འདུད་ཅིང་གཡོཿ ་ཨོཾ་བཛྲ་སརྦ་དུཥྚན་ཨེ་ཀ་ཡ་མ་མ་བྷེ་ར་བྷ་གྲྀཧྞ་ཧཱུཾ་ཕཊཿ ་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་ལྷ་དང་ལོག་ལྟ་ཅནཿ ་རྨུ་རྗེ་ཆེ་དང་ཕྱི་རོལ་ཕྱོགྶཿ ་གདུག་བྱེད་མཁའ་ལ་རྒྱུ་བ་དངཿ ་བྱོལ་སོང་ལྟོས་འགྲོ་ལུས་འཛིན་དངཿ ་ང་རྒྱལ་འཆང་དང་སྤྲུལ་པ་ཅནཿ ་མཐའ་འཁོབ་གནས་མཐའ་མ་ལུས་རྒྱུཿ ་ལྷ་
375a
༄#། །བདུད་མི་མ་ཡིན་གྱི་གྣསཿ ་ཁ་བ་ཅན་དུ་ཕྱོགས་ཤིང་སྲེགཿ ་ལས་ཀྱི་ལུས་ཀྱི་ནུས་པ་འྦྱིནཿ ་མ་ལུས་པ་རྣམས་ཐམས་ཅད་ཀུནཿ ་ཤུགས་དྲག་རླུང་གིས་བསྐྱོད་པ་བྮིནཿ ་རབ་ཏུ་འདར་ཞིང་མདུན་དུ་གྣསཿ ་ཐུགས་རྗེ་བདག་པོས་དགོངས་མཛད་ཀྱངཿ ་གཏུམ་རྔམ་འཇིགས་བྱེད་ཆེན་པོའི་སྐུཿ ་གསང་ཚིག་དྲག་པོ་གསུང་གི་སྒྲསཿ ་མ་ལུས་ཚིམ་པར་བཀའ་སྩལ་པཿ ་ཨེ་མ་འཇིག་རྟེན་ཁམས་ཀུན་གྱིཿ ་དྲག་སྔགས་བདག་པོ་དྲེགས་པ་ཅནཿ ་སྔོན་གྱི་རྡོ་རྗེ་འཆང་ཆེན་དངཿ ་རང་གི་བཀའ་ལས་མ་འདའ་བརཿ ་ཁྱེད་རྣམས་རང་གི་འཁོར་དང་བྕསཿ ་སོ་སོའི་ལུས་དང་བཏགས་པའི་མིངཿ ་རིགས་དང་རྟེན་དང་བྱེད་པའི་ལསཿ ་སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམྶཿ ་འཇིགས་བྱེད་གནས་འདིར་མྱུར་དུ་སྟོནཿ ་ཁྱེད་རྣམས་འདི་ལས་འདའ་བྱེད་ནཿ ་ང་ཡི་སྲོག་གི་དམ་ཚིག་གིསཿ ་ཁྱེད་ཀྱི་ལུས་སེམས་སྲོག་དང་བྕསཿ ་མ་ལུས་གཏན་ནས་བརླག་པར་བྱཿ ་ཞེས་བཀའ་སྩལ་ནས་དྲག་སྔགས་ཀྱི་ཚོགས་འདི་དག་ཀྱང་བཀའ་སྩལ་ཏོཿ ་ཨོཾ་སརྦ་དུཥྚྣ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ་ཡ་མ་ར་ཙ་མྲྀ་ཏ་ག་སྱ་མ་མཿ ་ཀྵེ་ཏ་མ་ར་ཡ་ཧྲིང་ཧྲིང་ཛ་ཛཿ ་དུ་ཕྲག་ར་ཙ་དུག་དུན་མ་ཏིང་མ་ར་ཡ་ཧྲིང་ཧྲིང་ཛ་ཛ།་རཀྴ་རཀྨོ་མ་མ་ར་ཏི་ཀ་མཱ་ར་ཡ་ཧྲིང་ཧྲིང་ཛ་ཛཿ ་ཡཀྵ་ཨ་པསྨ་ར་རཀྵ་མི་རུ་ཤམ་པ་མཱ་ར་ཡ་
375b
ཧྲིང་ཧྲིང་ཛཿ ་ཛཿ ་མཧཱ་དེ་བ་ཤཝ་ར་རཱ་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་མ་ཏྲངྐ་རུ་ཏྲ་ཀཱ་ལ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་མུན་མུན་པ་ཙ་ཙཏྟི་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་ཏི་རྟི་ཀ་མ་ཏེ་མ་ཧཱ་དེ་བ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་བིཥྞུ་ཕི་ཏྲ་རོཀྟི་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་ན་ག་རཱ་ཛ་ཀུ་མ་ཙནྡྷ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་རཱ་ཛ་བྷུ་ལོང་ཨེ་ས་ཡ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་མ་ཧཱ་ཁུ་ལོ་ས་བྷོ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་བཛྲ་སཱ་དྷུ་སོ་ཨཾ་ཙ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་ཨ་བྷི་ཤུ་ཏྲཾ་ལི་མཱ་ར་ཡ་ཧྲིང་ཧྲིང་ཛཿ ་ཛཿ ་ནྲི་ཧུར་ཐུམ་ཛཿ ་ཤ་ཏྲུཾ་མཱ་ར་ཡ་རྦདཿ ་ཅེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་ནིཿ ་སཱ་ཡང་འཇིགས་སུ་རུང་བར་བསྟན་ཏོཿ ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དངཿ ་འོད་དང་གློག་འབར་བ་དངཿ ་རླུང་གི་ཤུགས་དྲག་པོས་གང་བར་གྱུར་ཏོཿ ་བདུད་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ཏེ་རབ་ཏུ་འདུས་ནས་རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ་བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནས་བཀའ་རབ་ཏུ་སྒྲུབ་པར་བརྩོན་པར་གྱུར་ཏོཿ ་དྲག་སྔགས་འདུ་པའི་རྩ་བའི་རྒྱུད་ལསཿ ་བྱིན་རླབས་ཆེན་པོས་དབང་དུ་བསྡུ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་
376a
༄#། །རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བཿ ་མདོག་ནག་པོཿ ་ཁ་ནས་མེ་འབར་བཿ ་ལག་ན་ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པཿ ་ཞིང་ལྤགས་ཀྱི་གོས་གོན་པཿ ་ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བཿ ་ལག་ན་ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་ཤིང་གོས་སུ་མི་ལྤགས་གོན་པཿ ་བདུད་རྟ་ནག་པོ་ལ་ཁྱོ་ཤུག་གཉིས་ཆར་ཞོན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུད་ཀྱི་རིགས་ཀྱི་ལྷའི་ཚོགས་དང་བཅས་ནས་རིངས་པར་ལྷགས་སོཿ ་དེ་བཞིན་དུཿ ་འཆི་བདག་གཤིན་རྗེ་ཞེས་བྱ་བཿ ་མདོག་ནག་ཐོད་པ་གྲི་གུག་འྫིནཿ ་ཆུང་མ་གཤིན་རྗེ་ཟ་བྱེད་མཿ ་གྲི་གུག་ཐོད་པ་ཕྱག་གིས་འྫིནཿ ་ཁྱོ་ཤུག་ཞིང་ལྤགས་རློན་པ་བྒོསཿ ་མ་ཧེ་ཆུ་གླང་ཞོན་ནས་ནིཿ ་གཤིན་རྗེ་ཕོ་མོའི་ཚོགས་དང་བྕསཿ ་འགལ་བྱེད་གཟོར་ཞིང་མྱུར་དུ་ལྷགྶཿ ་སྲིན་པོ་གསོད་བྱེད་ཡབ་ཡུམ་ཡངཿ ་མདོག་ནག་ཞིང་གི་པགས་པ་བྒོསཿ ་རལ་གྲི་གྲི་གུ་ག་གཡས་ཀྱིས་བྯུངཿ ་གཡོན་གྱིས་མི་མགོ་ཐོད་ཁྲག་ཐོགྶཿ ་སྟག་དང་སེངྒེ་ཞོན་པ་སྐྱོདཿ ་སྲིན་པོའི་ཚོགས་བཅས་མྱུར་དུ་འྑོདཿ ་གནོད་སྦྱིན་གང་བ་བཟང་པོ་དངཿ ་ཆུང་མ་ཤ་ཟ་རལ་གཅིག་དངཿ ་མཐིང་ནག་མགྱོགས་བྱེད་རྟ་ལ་ཞོནཿ ་ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིསཿ ་རལ་གྲི་དར་ནག་ཞིང་ལྤགས་བྯུངཿ ་གནོད་སྦྱིན་ཚོགས་
376b
དང་བཅས་ཏེ་འྑོདཿ ་དྲག་སྔགས་བདག་པོའི་སྡེ་དཔོན་ཏེཿ ་ཤར་ལྷོ་ནུབ་བྱང་ཕྱོགས་དག་གིཿ ་གནས་སུ་གཙོ་ལ་འདུད་ཅིང་འྑོདཿ ་དབང་ཕྱུག་ཆེན་པོ་ཞེས་བྱ་བཿ ་འཇིག་རྟེན་ལྷ་ཡི་སྔགས་དག་གིསཿ ་དཀར་པོ་བ་དན་ཤེལ་གྲི་ཐོགྶཿ ་དར་དཀར་གོས་ཅན་གནམ་རུ་ཞོནཿ ་དྲེགས་པ་ལྷ་ཡི་བདུད་འཁོར་བྕསཿ ་རིངས་པར་བཅས་ཏེ་ཤར་ཕྱོགས་འྑོདཿ ་ཐར་པ་ནག་པོ་ཞེས་བྱ་བཿ ་མདོག་ནག་མཆོད་གཏོར་དུག་ཐུན་འྫིནཿ ་དོམ་ནག་ཞོན་ཏེ་ཞིང་ལྤགས་བྒོསཿ ་སྡེ་དང་བཅས་ཏེ་ལྷོ་ཕྱོགས་འྑོདཿ ་རྨུ་རྗེ་ནག་པོ་ཞེས་བྱ་བཿ ་དར་ནག་དང་ནི་ཞགས་པ་ཐོགྶཿ ་བེར་ནག་གྱོན་ཏེ་རྨུ་རྟ་ཞོནཿ ་རང་གི་སྡེ་དང་ནུབ་ཕྱོགས་འྑོདཿ ་མུ་སྟེགས་ནག་པོ་ཆེན་པོ་ཡངཿ ་ཁཊྭཱཾ་དང་ནི་ཏྲི་ཤཱུལ་བྯུངཿ ་མི་ལྤགས་བགོས་ཤིང་མ་ཧེ་ཞོནཿ ་རང་གི་སྡེ་བཅས་བྱང་དུ་འྑོདཿ ་ཁྱབ་འཇུག་རོ་ཏི་ཞེས་བྱ་བཿ ་མཐིང་ནག་ཁྲམ་ཤིང་དགྲ་སྟ་འྫིནཿ ་སྦྲིན་ནག་བགོས་ཤིང་འབྲུག་སྔོན་ཞོནཿ ་གཟའ་བདུད་འཁོར་བཅས་སྟང་ཕྱོགས་འྑོདཿ ་ཀླུ་རྒྱལ་སོག་མ་མེད་ཅེས་པཿ ་གོས་ནག་སྦྲུལ་ལྤགས་ན་བཟའ་ཅནཿ ་བུམ་པ་དང་ནི་རུས་སྦལ་འྫིནཿ ་ཆུ་སྲིན་ཞོན་ཏེ་ཀླུ་ཚོགས་བྕསཿ ་འོག་གི་ཕྱོགས་སུ་འཁོད་ཅིང་འྡུགཿ ་གཞན་ཡང་ལི་བྱི་ལག་དགུ་དངཿ ་ཐེ་སོ་གཙོ་དང་ཡམ་ཤུད་ཀྱིསཿ ་སོ་སོའི་སྔགས་ཀྱི་བདག་པོ་དགཿ ་དཀར་སེར་དམར་པོའི་མདོག་ལྡན་ཞིངཿ ་ཤེལ་གྲི་
377a
༄#། །ཐོགས་ཤིང་ལག་དགུ་འྒྱེདཿ ་དར་དམར་མདུང་རིང་ལག་གིས་འྫིནཿ ་རྟ་དཀར་བྱ་རྒོད་ར་སྐྱེས་དངཿ ་རྟ་དམར་ཞོན་ཏེ་ཞིང་ལྤགས་བྒོསཿ ་སོ་སོའི་སྡེ་དང་གཡོག་བཅས་ཤིངཿ ་ཕྱོགས་ཀྱི་སྒོ་བཞིར་གནས་བཅས་འྑོདཿ ་གཞན་ཡང་ལྷ་ཀླུ་གནོད་སྦྱིན་དངཿ ་མ་མོ་གཤིན་རྗེ་སྲིན་པོ་བྡུདཿ ་རུ་ཏྲ་མུ་སྟེགས་འགོང་ཐེ་དངཿ ་གིང་རྨུ་གཟའ་དང་རྒྱན་བྲན་སྨནཿ ་སྣང་སྲིད་ལྷ་སྲིན་དྲེགས་པ་ཅནཿ ་དེད་དཔོན་ཆེན་པོ་རྣམས་ཀྱི་འྑོརཿ ་ཕྱི་དང་ནང་དང་གསང་བ་དངཿ ་ཡང་གསང་དང་ནི་དྲག་པོ་དངཿ ་བཏགས་ཤིང་ཆགས་པ་སྨྲས་པ་དངཿ ་ལས་བྱེད་ཤན་པ་ཐོར་ཤོད་དངཿ ་ཆེ་གྲགས་རྩལ་དང་མ་མོ་དངཿ ་མུན་ཐིབས་སྟོང་འཁྲུགས་སྲོག་གཅོད་དངཿ ་གླེན་ཞིང་དབང་ཆེ་ལ་སོགས་རྣམྶཿ ་བཅོམ་ལྡན་རྡོ་རྗེ་འཆང་བ་ཡིཿ ་བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པསཿ ་མ་ཐོགས་དུར་ཁྲོད་གནས་ཆེན་དུཿ ་འདར་ཞིང་མྱུར་བའི་ཤུགས་དང་བྕསཿ ་རང་གི་ནུས་པ་རབ་བསྟན་ཏེཿ ་བཀའ་ཉན་གསུང་བསྟོད་རྗེས་འབྲངས་གྣསཿ ་དེ་ལྟར་འཁོད་པའི་འཇིག་རྟེན་པའི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་དང་ལྡན་པ་དེ་དག་གིས་རང་རང་གི་འཁོར་དངཿ ་རིགས་ཀྱི་སྡེ་དངཿ ་མཐུ་དངཿ ་ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས་འདི་སྐད་ཅེས་
377b
ཀྱང་གསོལ་ཏོཿ ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོཿ ་བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པའི་མ་རུངས་པའི་ཚོགས་གདུག་པ་ཅན་སྡང་བ་གནོད་བ་དངཿ ་ཤུགས་པ་དངཿ ་འཚེ་བ་དངཿ ་རྩོད་པའི་བསམ་པ་དང་ལྡན་ཞིངཿ ་བྱམས་པ་དངཿ ་སྙིང་རྗེ་དངཿ ་ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཀྱིས་ཏེཿ ་རང་རང་གི་ཁམས་དངཿ ་བྱེད་པ་དངཿ ་རིགས་དངཿ ་ལས་ཀྱི་བྱ་བ་དངཿ ་རྟེན་དངཿ ་ནུས་པ་དངཿ ་དབང་གི་ཁྱད་པར་དག་དང་མཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་བཀའ་སྩལ་པར་གསོལ་ཞེས་གསོལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿ ་ཚོགས་ཀྱི་དཀྱིལ་འཁོར་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་སྐུ་ཡི་ཆེ་བ་རབ་སྟོན་ཅིངཿ ་གསུང་གི་སྙིང་པོས་གནད་བསྐུལ་ཏེཿ ་ཐུགས་ཀྱི་དགོངས་པ་གཙོར་མཛད་ནསཿ ་འཇིག་རྟེན་དྲེགས་པ་ཅན་དང་མཐུ་སྟོབས་ཅནཿ ་འདུས་པའི་འཁོར་ལ་བཀའ་སྩལ་པཿ ་ཧཱུཾ་འཇིག་རྟེན་དྲེགས་པའི་ཚོགས་ཆེན་རྣམྶཿ ་ང་ཡི་བཀའ་བཞིན་ཉན་པར་བྒྱིཿ ་ང་ནི་ཆོས་སྐུ་བདེ་ཆེན་ཏེཿ ་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབཿ ་སྣང་བའི་སྐུ་ལ་དངོས་པོ་མེདཿ ་ཡེ་ཤེས་སྐུ་སྟེ་སྐུ་ཡི་མྖོགཿ ་ང་ནི་སྔགས་གསུང་མཐུ་ཆེན་ཏེཿ ་ཡེ་ནས་ཐ་སྙད་སྒྲ་དང་བྲལཿ ་བརྗོད་པའི་གསུང་ལ་འཛིན་པ་མེདཿ ་མ་འགགས་
378a
༄#། །གསུང་སྟེ་གསུང་གི་དྤལཿ ་ང་ནི་བདེན་པའི་ཐུགས་མཆོག་སྟེཿ ་ཡེ་ནས་མཚན་མེད་ཡང་དག་བྲལཿ ་གཉིས་མེད་ཐུགས་ལས་རྩོལ་པ་མེདཿ ་སྐྱེ་མེད་ཐུགས་ཏེ་ཐུགས་ཀྱི་དྤལཿ ་ང་ནི་ཡོན་ཏན་ཚོགས་ཆེན་ཏེཿ ་ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབཿ ་སྨོན་མེད་དགོངས་པ་མ་ལུས་འྦྱུངཿ ་དངོས་གྲུབ་ཆེན་པོ་བསྐྱེད་པའི་གྮིཿ ་ང་ནི་འཕྲིན་ལས་མཛད་པ་སྟེཿ ་ཡོངས་རྫོགས་བརྩོན་པའི་བདག་ཉིད་ཅནཿ ་ཞི་རྒྱས་དབང་དང་མངོན་དུ་སྤྱོདཿ ་སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགྶཿ ་འཇིག་རྟེན་སྔགས་བདག་དྲེགས་པ་ཅནཿ ་གཙོ་ཆན་དབང་སྒྱུར་ཁྱེད་རྣམས་ཀྱངཿ ་ང་དང་དུས་གསུམ་སངས་རྒྱས་ཀྱིཿ ་ཐུགས་དང་ཡེ་ཤེས་གཉིས་སུ་མེདཿ ་གསུང་དང་དབྱེ་བ་ཡོད་མ་ཡིནཿ ་སྐུ་ལ་སོ་སོར་མི་བལྟ་སྟེཿ ་ཡོན་ཏན་མཉམ་པ་ཉིད་དུ་རྫོགྶཿ ་འཕྲིན་ལས་གཅིག་སྟེ་ཐུན་མོང་བྶྒྲུབཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིསཿ ་གནས་ངན་ལེན་གྱི་ཕུང་པོ་སྨིནཿ ་ང་རྒྱལ་དྲེགས་པའི་ལུས་ངག་སེམྶཿ ་སྟོབས་དང་ནུས་པ་དཔག་མེད་རྫོགྶཿ ་ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱངཿ ་ཡང་དག་ངེས་པའི་དོན་མ་རྟོགྶཿ ་དོན་དམ་བདེན་པ་ཁོང་མ་ཆུདཿ ་སྤྲོས་བྲལ་དགེ་ལ་བློ་མ་ཕྱོགྶཿ ་རང་རིག་རྒྱལ་བའི་སྟོབས་མ་རྙེདཿ ་སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤརཿ ་བདེ་ཆེན་གནས་ཀྱི་གདེང་
378b
མ་ཐོབཿ ་མཚོན་མེད་བཅུད་ཀྱི་རོ་མ་མྱོངཿ ་ཆོས་ཉིད་སྐུ་ཡི་གཟུགས་མ་མྠོངཿ ་ཡེ་ཤེས་ཀློང་གི་སྒོ་མ་ཕྱེདཿ ་དེ་བས་རིགས་ཀྱི་བུ་རྣམས་ཀྱིསཿ ་རང་གི་གནས་ལ་རབ་ཏུ་རྟོགྶཿ ་ལུས་ལ་བདག་ཏུ་ཡོངས་མ་འྫིནཿ ་ངག་ལ་བརྗོད་པར་མ་སྨྲ་ཞིགཿ ་སེམས་ལ་དངོས་པོར་གང་མ་རྟོགཿ ་གནས་ཡུལ་རིགས་ཁམས་སྡེ་དང་དྤུངཿ ་རྟེན་རྫས་ལོངས་སྤྱོད་དབང་སྐལ་རྣམྶཿ ་ང་དང་ང་ཡིར་གཟུང་བྱ་ཡིནཿ ་ཐུན་མོང་དང་ནི་ཐ་དད་གྕིགཿ ་དེ་དག་མ་ལུས་སྟོང་པ་སྟེཿ ་སྟོང་པ་ཉིད་ཀྱང་དེ་དག་གོཿ ་དེ་ལས་གུད་ན་གཞན་མེད་དེཿ ་གཞན་ལས་གུད་ནའང་དེ་མེད་ཅིངཿ ་མ་སྐྱེས་མ་འགགས་མཚན་ཉིད་མེདཿ ་མ་ཕྲི་མ་བསྣན་མ་བསླད་ཅིངཿ ་མ་བཅོས་མ་སྒྱུར་མ་བྱུང་ལཿ ་མ་སྐྱེད་མ་བསྒྲུབས་མ་བཤད་པའིཿ ་དོན་ཆེན་དེ་ནི་རང་ཉིད་ལསཿ ་ཕྱི་ནང་སྔ་ཕྱི་སྟེང་དང་འོགཿ ་ཕྱོགས་མཚམས་འཁོར་འདས་ལུས་དང་སེམྶཿ ་ཀུན་ནས་རྙེད་པ་མ་ཡིན་ཏེཿ ་འདི་ནའང་ཡོད་པ་མ་ཡིན་ནོཿ ་ཤ་ཁྲག་པགས་དང་རུས་པ་དངཿ ་སྙིང་དང་གློ་བ་སྣོད་རྣམས་དངཿ ་དབང་པོ་ཡན་ལག་བཅས་པ་ལཿ ་བདེ་ཆེན་དམ་པ་དེ་མི་གྣསཿ ་དེ་ལས་གཞན་ནའང་གནས་མིན་ཏེཿ ་གནས་མ་གྲུབ་ལ་གནས་ཞེས་བྲྗོདཿ ་གནས་ཡོད་མཉམ་ན་དེར་རྟོགས་ཤིངཿ ་ཇི་འདྲ་ཅི་ཞིག་ཇི་ལྟ་བུཿ ་གང་ནས་འོངས་ཤིང་གང་དུ་སོངཿ ་གང་ན་འདུག་ཅིང་ཅི་ཞིག་བྱེདཿ ་དབྱིབས་དང་ཁ་དོག་མིང་
379a
༄#། །དང་མྪནཿ ་རིགས་དང་ཁམས་ལ་རབ་ཏུ་རྟོགྶཿ ་དེ་ལ་དེ་ཡིས་དེར་བལྟས་པསཿ ་མཐོང་བ་མེད་པ་བལྟ་བ་ཡིཿ ་གང་ལ་གང་གིས་གར་བསྒོམས་པསཿ ་བསྒོམ་དང་བྲལ་ལ་སྒོམ་ཞེས་བྱཿ ་ཅི་ལ་སུ་ཞིག་སྤྱིར་སྤྱོད་པསཿ ་སྤྱོད་དགུ་མི་གནས་སྤྱོད་པ་ཆེཿ ་སུ་ལས་ལུས་ཐོབ་ཅི་བསྒྲུབས་པསཿ ་མ་གྲུབ་རང་གནས་འབྲས་བུ་སྟེཿ ་མ་ལུས་མེད་ཅིང་རྣམ་པ་ཡིཿ ་ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོཿ ་ཞི་དང་རྒྱས་དང་མངོན་དུ་སྤྱོདཿ ་དབང་དུ་བསྡུ་བ་འཕྲིན་ལས་ཡིནཿ ་རང་ལ་རྫོགས་ཤིང་རང་གིས་གྲུབཿ ་ཐག་ཆོད་པ་དང་བསྟན་པ་དངཿ ་ཚད་ལྡན་མཐར་ཕྱིན་ལ་བཟླ་དངཿ ་འདས་དང་མ་འདས་སྟོན་པ་དངཿ ་བཤད་དང་ཉན་དང་སྡུད་པ་དངཿ ་གནས་དུས་ཡོན་ཏན་སྐྱོན་རྣམས་ནིཿ ་རང་གི་དེ་ཉིད་རྟོགས་པས་འྒྲུབཿ ་ཅེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿ ་དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་དགོངས་པ་ཆེན་པོ་འདི་གསུངས་ཏེཿ ་ཡེ་ནས་མ་བྱུང་མ་སྐྱེས་པའིཿ ་ཆོས་ཉིད་དོན་གྱི་སྙིང་པོ་ནིཿ ་གཟུང་འཛིན་མཐའ་བྲལ་དོན་རྟོགས་ཏེཿ ་ང་བདག་འཛིན་པའི་རྣམ་རྟོག་གིསཿ ་དྲེགས་ཤིང་གཟིར་བའི་རུ་ཏྲ་དེཿ ་མ་བསྒྲལ་བ་ནི་ཉེས་པ་སྟེཿ ་ཐབས་དང་ཤེས་རབ་སྙིང་རྗེ་གྶུམཿ ་མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་
379b
བྶྒྲལཿ ་དམ་པའི་དོན་དེ་མ་རྟོགས་པརཿ ་དངོས་པོར་སྤྱད་པས་འཁོར་བར་ལྟུངཿ ་མཁས་རྟོགས་ལྡན་པས་སྤྱད་པ་ཡིསཿ ་འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལཿ ་ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབཿ ་རྣམ་རིག་མཐོང་བས་ལ་ཐག་གྕདཿ ་བརྟུལ་ཞུགས་དྲག་པོས་བསྒྲུབ་པ་བྲྩམཿ ་དབང་དུ་བསྡུ་དང་གདུལ་བའི་ཕྱིརཿ ་འཇིག་རྟེན་ལས་ཀྱིས་བསྡུས་པའི་རྒྱུདཿ ་ང་དང་སྟོན་པ་རྣམས་ཀྱིས་བྴདཿ ་ཆོས་དབྱིངས་རང་གནས་དུར་ཁྲོད་དུཿ ་རིག་པ་འཛིན་པ་རྣམས་ཀྱིས་ནིཿ ་སངས་རྒྱས་བསྟན་པའི་དོན་དུ་སྡུདཿ ་སྙིགས་མ་རབ་ཏུ་བདོ་བའི་དུསཿ ་སྡོད་ཅིང་བཙུགས་ལས་ལྟོས་པའི་ཆོསཿ ་སྐྱོན་དང་ཡོན་ཏན་ཚུལ་དུ་འྦྱུངཿ ་བསྟན་པ་འཇིག་བྱེད་ལས་ངན་ཅནཿ ་དྲག་སྔགས་སྟོབས་ཀྱིས་བསྒྲལ་བྱས་ནཿ ་རྫོགས་པའི་སངས་རྒྱས་ཐོབ་པར་འྒྱུརཿ ་དཀྱིལ་འཁོར་གནས་པའི་རྟེན་ཡིན་ནོཿ ་ལྷ་དང་སྔགས་དང་ཏིང་ངེ་འྫིནཿ ་རྫས་རྣམས་རྒྱུ་དང་རྐྱེན་དུ་འྒྱུརཿ ་ལིངྒ་ཉ་འོ་དམིགས་པའི་རྟེནཿ ་མིང་རུས་བྱང་བུས་རྣམ་ཤེས་དངཿ ་བླ་ཚེ་འཁོར་བའི་རྟེན་ཡིན་ཏེཿ ་འགུགས་འདྲེན་གྱིས་ནི་དེ་དག་འྒུགྶཿ ་ཕོ་ཉས་ལས་ཀུན་སྒྲུབ་པར་བྱེདཿ ་སྔགས་དང་རྫས་ཀྱིས་དཔལ་སྐྱེད་ཅིངཿ ་ཐུན་རྫས་རྣམས་ཀྱིས་མྱོས་པ་དངཿ ་རེངས་ལྐུགས་མཚོན་འབེབས་རྡུལ་དུ་རློགྶཿ ་གནད་དུ་འབེབས་ཤིང་སྙིང་ནས་འྡྲེནཿ ་ལྷ་དང་འབྱེད་ཅིང་
380a
༄#། །རྩ་བ་གྕོདཿ ་བྱང་ཆུབ་སེམས་ཀྱི་དངོས་པོ་ནིཿ ་དོན་པོ་ཁྲག་གི་ལན་བུའི་མྒོཿ ་ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གྣསཿ ་རྩ་བ་རླུང་གནས་འདྲ་བས་ཏེཿ ་ཕུར་པ་མེ་སྦལ་ལྟ་བུ་ཡིསཿ ་བསྡུས་ཤིང་བསྲེགས་ཏེ་བཅད་པ་ཡིསཿ ་དམིགས་པ་རྟེན་དང་བྲལ་བར་བྱསཿ ་བཀྲག་དང་གཟི་མདངས་རང་ལ་འྡུསཿ ་ཕྲིན་ལས་རྣམ་བཞིས་གཟིར་བ་ལཿ ་དགེ་སྡིག་ངོ་བོ་ཉིད་དུ་མྙམཿ ་ལྟ་སྤྱོད་ལྡན་པས་ཞིང་བཅུས་ཏེཿ ་ཕ་རོལ་བླ་མེད་གནས་སུ་བྶྒྲལཿ ་བར་མ་དོ་ཡི་རྣམ་ཤེས་ནིཿ ་ཧཱུཾ་དང་ཕཊ་ཀྱི་འཕྲོ་འདུ་ཡིསཿ ་སྦྱང་དང་སྦར་བའི་ལས་རྣམས་བྱཿ ་ཕྱོགས་བཅུ་རྒྱལ་བའི་སྲས་སུ་བྶྐྱེདཿ ་ཕུང་པོ་ལྷག་མ་ཙམ་ཉིད་ནིཿ ་རྟེན་གསུམ་གྱིས་ནི་རབ་ཏུ་སྦྱངཿ ་ཆོས་སྐུའི་གཟུགས་བརྙན་བརྟན་པར་བྱཿ ་འདིས་ནི་ཕ་རོལ་བླ་ན་མེདཿ ་སྤྲུལ་པ་དུས་གསུམ་སངས་རྒྱས་དངཿ ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིཿ ་སྤྱོད་པ་རླབས་ཆེན་སྤྱད་པ་འོཿ ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿ ་སྒྲོལ་བ་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་ལས་ཀྱི་བྱེ་བྲག་འདི་གསུངས་ཏེཿ ་ཐོག་མར་འདི་ལ་ཤིས་པའི་གྣསཿ ་དུར་ཁྲོད་ཆུ་གླིང་རི་ཡི་སུལཿ ་ཁྲོས་ཤིང་གདུག་པའི་གནས་དེ་རུཿ ་རབ་ཏུ་མནག་ཅིང་གདེང་
380b
ལྡན་པསཿ ་དམ་ཚིག་ལྡན་པའི་སྒྲུབ་པོ་སྟེཿ ་ཡོངས་སུ་རྫོགས་པའི་སློབ་མ་ཡིསཿ ་སྔོན་དུ་བླ་མ་མཉེས་བྱས་ཤིངཿ ་ལྷག་པའི་ལྷ་ཉིད་སྟོབས་དང་ལྡནཿ ་རྡོ་རྗེ་འཛིན་པ་ཧེ་རུ་ཀཿ ་ཉེ་དང་ལྡན་པ་གཉིས་སུ་མེདཿ ་ཚད་དང་ལྡན་པར་འགྱུར་བ་སྟེཿ ་ཡང་དག་ངེས་པའི་རྟགས་མཐོང་ནསཿ ་རབ་ཏུ་འབད་པར་བྱ་བ་ནིཿ ་སྨིན་འབྱོར་གདུག་ཅིང་ཤིས་པའི་སཿ ་ལས་ལ་མངགས་པ་དེ་དག་ལཿ ་དྲེགས་པ་གཙོ་འཁོར་དམིགས་པའི་རྟེནཿ ་འདོམ་གང་ལ་སོགས་ཚད་དང་ལྡནཿ ་ལྟེ་བ་ལས་ནི་འཁོར་ལོའི་རྩིབྶཿ ་བཞི་འམ་དྲུག་གམ་བརྒྱད་དུ་འྒོདཿ ་བར་ཁྱམས་ཕྱོགས་བཞིར་སྒོ་བཞིར་བྕསཿ ་རིམ་པ་གསུམ་གྱི་ཐོད་ཕྲེང་ལྡནཿ ་རང་གི་རིགས་ལ་སྔགས་པ་ཡིཿ ་དབྱིབས་དང་ཁ་དོག་རྒྱན་དང་རྟགྶཿ ་ཐམས་ཅད་ལྡན་པ་ཉིད་དུ་བྱཿ ་དྲེགས་པ་ཅན་རྣམས་སྐུ་ཡི་རྟེནཿ ་བྲིས་སམ་བརྐོས་སམ་བརྩིགས་པ་དངཿ ་རང་གི་གནས་སུ་མཛེས་པར་དྒོདཿ ་གསུང་གི་སྙིང་པོའང་དེ་བཞིན་ནོཿ ་ཐུགས་རྟེན་རང་རང་ཕྱག་ཆ་འམཿ ་སྔོན་ནས་བསགས་པའི་རྫས་ཡིན་ནོཿ ་རང་སྔགས་བསགས་པའི་འཁོར་ལོ་དངཿ ་མཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམྶཿ ་ནང་དུ་མཚོན་པའི་རྟེན་དུ་གྯུགྶཿ ་དེ་དག་ཙིཏྟ་སོ་སོ་རུཿ ་དམིགས་པའི་སྙིང་པོ་དྲིལ་ཏེ་གྮུགཿ ་
381a
༄#། །གསང་ཞིང་སྦས་པའི་རྟེན་དུ་འྒྱུརཿ ་དེ་ཡི་བྱང་ཤར་ཕྱོགས་མཚམས་སུཿ ་ང་ཡི་སྔར་བཤད་རྒྱུད་ཉིད་ལཿ ་ཨེ་དབྱིབས་བཞི་དང་བརྒྱད་བཅུ་གྙིསཿ ་ཁྲུ་གང་མཛུབ་གང་ཐུར་དུ་བྲྐོཿ ་གདུག་ཅིང་དྲག་པོའི་རྫས་ཀྱིས་བྱུགཿ ་བདུག་ཅིང་བསྲེག་པའང་དེ་ཡིས་སོཿ ་དེ་ཉིད་དགོད་པའི་རྫས་རྣམས་ནིཿ ་རྒྱུད་མེད་གཟུགས་ངན་ཀ་པཱ་ལཿ ་སེང་ལྡེང་གསེར་ཤིང་ཡན་ལག་སྐྱེསཿ ་དཔལ་ལྡན་དྲག་པོའི་ཕུར་པ་དངཿ ་ཤེལ་ནག་གནམ་རུ་ནག་པོ་དངཿ ་གི་ལིང་དཀར་དང་གདོང་དམར་དངཿ ་ཟླ་མི་གཅིག་དང་སྲིད་ཤིང་དངཿ ་ཙ་ར་ཀ་དང་མགྲིན་སྙན་དངཿ ་ས་སྤྱོད་ཆུ་སྤྱོད་རྣམས་ཀྱི་ལུསཿ ་ཕྱི་ནང་བར་དང་གསང་བས་བྲྒྱནཿ ་བསྲེག་ཆེན་སྤྱི་ཡི་མཉེས་པའི་རྫསཿ ་རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲསཿ ་བསུང་ཆེན་དྲི་དང་ཤ་ཁྲག་རོཿ ་ཚ་རྩུབ་རེག་དང་འབྲུ་བཅུད་བྴོསཿ ་ཤ་ཆེན་དམ་རྫས་བདུད་རྩིའི་ཚོགྶཿ ་རབ་ཏུ་བསྟར་ཞིང་འབད་པས་སྦྱརཿ ་དཔའ་ཞིང་རྟུལ་ཕོད་སྐྱེས་བུ་ཡིསཿ ་ང་ཡི་སྔོན་གྱི་འཕྲིན་ལས་བྮིནཿ ་ཁྲོ་ལ་ཁྲོས་པས་ཞི་མཛད་དེཿ ་ཐམས་གནས་པའི་འབྱུང་ཚན་ལྔཿ ་དྲག་པོ་སྔགས་ཀྱི་འབྱུང་བར་བྶྒོམཿ ་ཀེང་རུས་འབར་བའི་རི་རབ་བམཿ ་དུར་ཁྲོད་འཇིགས་པའི་གཞལ་མེད་ཁངཿ ་བནྡྷ་གནས་རིགས་གསུམ་གྱིས་བྲྩིགྶཿ ་སྟི་ར་གསར་རྙིང་ཚོགས་
381b
ཀྱིས་གྟམྶཿ ་རཀྟ་དམར་པོ་གྲུབ་ཅིང་འྦབཿ ་ཚིལ་ཆེན་དུད་པ་འཁྱིལ་ཞིང་འྦྱུངཿ ་དབང་པོ་དོན་སྙིང་འཕྱོ་ཞིང་འྦྲུལཿ ་བདུད་རྩི་བཤང་གཅི་དྲི་བསུང་ལྡནཿ ་ཡན་ལག་ཉིང་ལག་རྐང་ཞིང་སྙིལཿ ་ཤུན་དང་པགས་པ་བརྒྱངས་ཤིང་འྥྱརཿ ་ཕྱོགས་བཞི་མཚམས་དང་སྟེང་དང་འོགཿ ་གཅུས་དང་འཕྱང་དང་བསྐུམ་དང་བྲྒྱངྶཿ ་རྒྱལ་མཚན་དང་ནི་ཟ་ར་ཚགྶཿ ་བ་དན་བླ་བྲེས་ལྷབ་ལྷུབ་དངཿ ་ཕུར་པ་དང་ནི་སྟབ་མ་དངཿ ་ཡོལ་ཀོ་ཀ་མ་ལ་གཏམས་ནིཿ ་རབ་ཏུ་མཛེས་པའི་རྒྱན་གྱིས་བྲྒྱནཿ ་གཞལ་ཡས་འབར་བ་དེ་འདྲ་བཿ ་རབ་ཏུ་བསྔགས་པ་འདི་ལས་བྴདཿ ་དྲེགས་པའི་བདག་པོ་ཡུམ་དང་བྕསཿ ་སྦྱོར་ཞིང་དགོངས་པ་དེ་ཉིད་ཀྱིསཿ ་བདག་གི་རང་བཞིན་ཡོངས་སུ་བྶྐྱེདཿ ་འཕྲོ་དང་ཆས་ཀྱི་ཁྱད་པར་དངཿ ་བསྡུ་དང་རང་གི་གནས་སུ་བྲྟགཿ ་སྐུར་གྱུར་གང་གི་མཚན་ཉིད་ངོ་བོ་དངཿ ་བྱང་ཆུབ་སེམས་ཀྱི་བྱ་བ་ཡིསཿ ་ཡུམ་དང་བཅས་པ་ཡོངས་སུ་རྫོགྶཿ ་དེ་ཡི་ལས་ཀྱང་སྔར་བཞིན་དུཿ ་རྒྱལ་མཛད་རང་གི་ཕྱག་རྟེན་དུཿ ་དམིགས་པ་མྱུར་ལྷགས་དེ་ཡི་འྑོརཿ ་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་དྲག་པོའི་ལྷ་དང་ཀླུཿ ་རང་རང་ཆུང་མར་བཅས་པ་དགཿ ་ངས་བཤད་བཞིན་དུ་འཇིགས་པར་བྶམཿ ་སྒོ་བཞིར་གནས་པ་དེ་དག་སྟེཿ ་ལྷ་དང་མ་མོ་རྒྱལ་པོ་གིངཿ ་བཙན་འགོང་རྨུ་དང་མུ་སྟེགས་དངཿ ་རང་གི་སྡེ་དང་དཔུང་དུ་བྕསཿ ་
382a
༄#། །མ་ལུས་དྲེགས་པ་ཅན་གྱི་ཚོགྶཿ ་འདི་ལས་རབ་བརྗོད་གང་ཡིན་པཿ ་དེ་ཉིད་དུ་ནི་གས་པ་བར་བྱཿ ་ང་ཡི་སྐུ་དང་གསུང་དང་ཐུགྶཿ ་ཡེ་ཤེས་རིགས་ཀྱི་དབང་བསྐུར་ཞིངཿ ་བྱིན་གྱིས་བརླབས་ནས་རྒྱས་བཏབ་སྟེཿ ་དེ་ལ་རང་བཞིན་གནས་པ་བྶྟིམཿ ་ཡོངས་རྫོགས་སྐུ་ཡིས་བསྟན་པ་བྶྒྲུབཿ ་ཕྱག་འཚལ་མཆོད་པ་འབུལ་ཞིང་བྶྟོདཿ ་རབ་ཏུ་མཉེས་པ་རྒྱ་ཆེར་བྱཿ ་ཕྱི་དང་ནང་དང་གསང་བ་ཡིསཿ ་བསྡུ་དང་སྦྱོར་དབང་སྒྲོལ་བ་དངཿ ་གནས་དང་རིང་དང་རིམ་པ་དངཿ ་བསྐྱེད་དང་དབབ་པ་མཉེས་པ་ཡིཿ ་གནས་ལུགས་ལྷུན་གྲུབ་མ་བཅོས་པསཿ ་དྲག་སྔགས་རོལ་པ་མ་འགགས་སྤྱོདཿ ་རང་གི་ལས་ལ་སྦྱར་བ་ནིཿ ་བདུད་ཀྱི་ཁྲམ་དང་གཤིན་རྗེའི་ལྟོཿ ་སྲིན་པོའི་དམར་དང་གནོད་སྦྱིན་བྱདཿ ་ལྷ་ཡི་ཆང་དང་མ་མོའི་རིམྶཿ ་གཟའ་ཡི་ཀི་ཀང་ཀླུ་ཡི་དུགཿ ་ཚེ་ཆད་པ་དང་ཁྲི་མོན་བྕུགཿ ་གཅན་གཟན་འཛུམ་དང་ལྕགས་སྒྲོག་ཚུདཿ ་ནད་དང་མཚོན་ཉིད་ཁོང་ཞུགས་དངཿ ་དུག་འཐུངས་ཐོག་བབས་བཞིན་དུ་དྲགཿ ་ཐར་ཞེས་བྱ་བ་གདགས་སུ་མེདཿ ་བདུད་ནི་མ་བརྟགས་སྲོག་ལ་རྒོལཿ ་གཤིན་རྗེ་འཁོར་བའི་འཁོར་ལོ་གྕོདཿ ་སྲིན་པོ་རལ་གྲིའི་སོ་ཡིས་འྒེམྶཿ ་གནོད་སྦྱིན་གནམ་ལྕགས་ཐོག་གིས་འྗོམྶཿ ་ལྷ་ནི་འདོད་པའི་མདུང་གིས་སོརཿ ་མ་མོ་དཔག་མེད་མདའ་
382b
བཞིན་འྦིགྶཿ ་གཟའ་བདུད་སྟོབས་ཆེན་སྒྱོགས་ཀྱིས་བྲྡེགཿ ་ཀླུ་ནི་ས་འོག་རལ་གྲི་སོགྶཿ ་ཐམས་ཅད་འདུལ་ཞིང་གཅོད་པའི་སྔགས། །མུན་པ་གླིང་འཁྲུགས་བདུད་ཀྱི་སྐདཿ ་དུ་འབོད་ལྟ་བུ་གཤིན་རྗེ་སྟེཿ ་རོ་ལེན་དུར་པ་སྲིན་པོས་འྡྲེནཿ ་ལྕེ་མདུང་དྲག་པོ་གནོད་སྦྱིན་ནཿ ་བཀའ་ཆད་དྲག་རྩལ་ལྷ་ཡིས་སྨོདཿ ་ངུ་འབོད་གདུང་བ་མ་མོ་སྟེཿ ་འབྲུག་སྒྲ་གློག་འབྱིན་བཟའ་བདུད་དོཿ ་ཀླུ་ཡིས་སྦྲུལ་ནག་དུག་གིས་འྗོམྶཿ ་འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིསཿ ་ཕལ་པ་རྣམས་ལ་དམོད་པར་བྱེདཿ ་དེ་ནི་དྲག་སྔགས་དམོད་པའོཿ ་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས། དམོད་པ་ཉེ་བར་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་སོ་སོའི་དྲག་སྔགས་དམོད་པ་བྶྟནཿ ་ཕུང་བཤིག་བདུད་ཀྱི་དྲག་སྔགས་ནིཿ ་རབས་ཆད་ནག་པོའི་ཐོད་པ་རུཿ ་ཤེལ་ནག་སྙིང་དུ་ཉ་འོ་རྩལཿ ་དུར་ཁྲོད་རས་ནག་རྒྱ་ཡིས་གྡབཿ ་ཚོན་སྣ་ལྔའམ་ནག་པོས་བྕིངྶཿ ་གྲི་ལྕགས་སྦུག་མ་སྲོག་རྩར་གྮུགཿ ་ཡུངས་ཀར་ཡུངས་ནག་ཏིལ་ནག་དངཿ ་སྐེ་ཚེ་ཤིང་ཚེ་ཟི་ར་དངཿ ་ཟངས་ལྕགས་རྡོ་ཡི་ཕྱེ་མ་དངཿ ་དུག་ཁྲག་ངར་དང་བཅས་པ་རྣམྶཿ ་མུ་སུ་རི་ཡི་ཐོད་པར་བྶྡུཿ ་བདུད་ཀྱི་སྲོག་ཏིལ་སྔགས་ཀྱིས་མྔགཿ ་བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོཿ ་ཀ་ལ་མུ་ཏྲི་མཱ་ར་ཡཿ ་དགྲ་བོ་སྙིང་ལིང་
383a
༄#། །ཙིཏྟ་རྦུདཿ ་ནྲི་ཟླུམ་ཁྱིགྶཿ ་བྲམ་བྲམ་རོ་ལ་འྡུསཿ ་ཟེར་སྤུགས་རོ་སྤུགས་བདུད་རྗེས་ཆོདཿ ་བདུད་མོས་རོལཿ ་བདུད་བུས་གྟོརཿ ་བམ་ཁྱིགྶཿ ་པྲ་མ་ནིཿ ་ཤ་ཏྲུཾ་མ་ར་ཡ་རྦདཿ ་མུན་པ་གླིང་འཁྲུགས་ཞེས་བྱ་བཿ ་མ་འོངས་བདུད་ཀྱི་རང་སྐད་དེཿ ་རྟག་ཏུ་བརྗོད་ཅིང་སྦུག་མར་བྲབཿ ་གང་ལ་དམིགས་པ་དེ་མྱུར་དུཿ ་སྣང་སྲིད་བདུད་ཀྱིས་སྲོག་ནས་འྡྲེནཿ ་མི་ནག་གོ་ཚོན་བཅས་པ་དངཿ ་སྔགས་ནག་བུད་མེད་མོན་དང་རྡོཿ ་ཁྱི་ནག་རྟ་ནག་བྱ་ནག་དངཿ ་རྒོད་ནག་དྲེད་ནག་ཤེལ་ནག་དངཿ ་རི་ནག་མཚོ་ནག་ཤེལ་ནག་ཚོགྶཿ ་དམག་དང་འཁྲུགས་དང་འཐབ་པ་དངཿ ་ཁྲིད་དང་གསོད་དང་ཤ་བ་དགཿ ་ལས་བྱེད་གྲུབ་པའི་རྟགས་སུ་འྒྱུརཿ ་དེ་ནས་ཉ་རོ་བསྟབས་ཤིང་བྶྒྲལཿ ་གྲི་མཚོན་ཕུར་པ་རྣམས་ཀྱིས་གྟུབཿ ་ལྷག་མ་བདུད་རྩི་ཤ་ཁྲག་སྦྱརཿ ་ཀུ་ཀུ་ནག་པོའི་ཟས་སུ་སྦྱིནཿ ་རོལ་པར་མི་བྱེད་བསྐྱར་ལ་བྶྒྲུབཿ ་རུ་ཏྲས་མྱོས་ཤིང་འཐིབས་ནས་འྖིཿ ་འཆི་བདག་གཤིན་རྗེའི་དྲག་སྔགས་ནིཿ ་རྒྱུད་མེད་ཕོ་མོ་ཀ་པཱ་ལཿ ་ཟ་མ་ཏོག་ཏུ་ཁ་སྦྱར་ལཿ ་ནང་དུ་དེ་ཉིད་ཙིཏྟ་གྮུགཿ ་ཕོ་ཐོད་སྟང་ནས་སྤྱི་བོར་ཕུགཿ ་བཅིང་དང་དགབ་པ་དྲང་བ་དགཿ ་སྔར་བཤད་རྫས་ཀྱིས་བྲབ་ཅིང་བྲྡེགཿ ་ཡ་མ་མེ་ཏ་ཀྵེཿ ་ར་ཙ་ས་ཏོ་མེཿ ་རུ་ཙ་ན་ཡོ་ནིཿ ་རོ་མ་ཙ་ནིཿ ་ས་མ་ར་ཛཿ ་མུ་ཀ་སྙིང་ཁྲག་རྩ་ལ་རྦདཿ ་ཡ་མ་དབུགས་ལ་རྡུབྶཿ ་རོ་ཙ་ཡ་མ་རཱ་
383b
ཛཿ ་རཱ་ཛ་བཾ་རིལ་རྦདཿ ་ཡ་མ་རཱ་ཛ་ཧྲི་སྙིང་གོང་ཆོདཿ ་ཡ་མ་སྙིངཿ ་ཡ་མ་ཁྲགཿ ་ཡ་མ་དུ་བཾ་རིལ་རྦདཿ ་གཤིན་རྗེ་བསྡུས་ཤིང་དྲིལ་བའི་སྔགྶཿ ་རབ་ཏུ་མངགས་ཏེ་ཙིཏྟར་བྲབཿ ་ཤ་ཁྲག་ཆེན་པོས་མཉེས་པར་བྱཿ ་གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིསཿ ་དོན་སྙིང་རློན་པར་སྟེར་བ་དངཿ ་སྙིང་དང་ཐོད་པ་འཕར་བ་འྦྱུངཿ ་དེ་ནས་ལས་ལ་སྦྱར་བྱས་ནཿ ་གང་ལ་དམིགས་པ་མྱུར་དུ་སྒྲོལཿ ་གཏུམ་ཁྲོ་སྲིན་པོའི་དམོད་པ་ནིཿ ་མྱུར་ཤིའི་ཐོད་པར་དེ་སྙིང་ནངཿ ་དམིགས་པ་རྣམས་ཀྱི་གཟུགས་བརྙན་དེཿ ་མིང་སྔགས་ལྡན་པ་བཙལ་བྱས་ཏེཿ ་ལེ་བརྒན་ཁ་དོག་དར་གྱིས་དྲིལཿ ་སྔོན་དམར་སྐུད་པའི་དྲ་བར་གྮུགཿ ་སྟིར་གསར་པ་ཁ་ཕྱེ་ལཿ ་དབང་པོ་དོན་སྙིང་ནང་ཁྲོལ་གྱིསཿ ་སྲིན་པོ་བསྐང་ཞིང་དམོད་པ་བྯལསཿ ་རཀྴ་སྲིན་པོ་ས་མུན་ཛཿ ་རཀྴ་རུ་ཏྲ་ཧུ་ར་ཧུ་ར་བྷྱོཿ ་རུ་གཉེན་ནག་པོ་དགྲ་ལ་བྷྱོཿ ་དགྲ་བོ་མུ་ལེ་ཤིན་སོད་སོདཿ ་ཧབ་ལེ་ཧབ་ལེ་ཁ་ཐུན་བྷྱོཿ ་རཀྴ་ཛཿ ་ཏྲི་ཏ་ཛཿ ་དུ་ར་དུ་ར་ཤན་ཛཿ ་རཀྴ་རྦདཿ ་ནྲི་མཱ་ར་ཡ་སོདཿ ་དམོད་པ་རྫས་ལ་བཟླས་ཤིང་བྲྡེགཿ ་མི་ནག་ཤན་པའི་ཚོགས་རྣམས་ཀྱིསཿ ་ཁྲིད་དང་གསོད་དང་དོན་སྙིང་སྟེརཿ ་ལས་ལ་སྦྱར་བ་ཚུལ་བཞིན་གྱིསཿ ་དགྲ་བོའི་དོན་པོ་མྱུར་དུ་སྒྲོལཿ ་དྲག་སྔགས་གནོད་སྦྱིན་དྲག་སྔགས་ནིཿ ་རྟ་དཀར་སྙིང་དང་ཐོད་པ་ནིཿ ་ཉའོ་གཞུག་པའི་སྣོད་དུ་བྶྔགྶཿ ་རག་ཆེན་ལ་ཕུག་མུ་ས་ལཿ ་སྙིང་སྣ་ཁྲག་སྣ་སྦྱར་བས་
384a
༄#། །མྖོདཿ ་གནོད་སྦྱིན་སྲོག་ཏིག་དམོད་ལ་བྲྗོདཿ ་ཡཀྵ་བ་ཧུ་ད་རི་ཛཿ ་མ་ག་ལ་བག་ཤ་ཛཿ ་རུ་རུ་མ་རུ་ཏྲ་མ་ཏི་ཛཿ ་ཡཀྵ་སྙིང་ལ་ཤད་ཤད་དུ་ཛཿ ་ཡཀྵ་སྲོག་ལ་བྲེང་ཐུཾ་ཛཿ ་མིང་ཤར་ཚོགས་དང་འོད་དང་སྒྲཿ ་རླུང་དམར་དག་དང་བུ་ཡུག་འོངཿ ་གསང་བའི་རྫས་ཀྱིས་དྲག་ཏུ་བྲྡེགཿ ་ལྷག་མ་བསྲེག་ཅིང་རླུང་གིས་གྟོརཿ ་དེ་ཉིད་ཁྲག་ཏུ་སྐྱུགས་ཏེ་སྒྲོལཿ ་དྲག་རྩལ་ལྷ་ཡི་དྲག་སྔགས་ནིཿ ་ལྷ་གཡག་དཀར་པོའི་སྙིང་ནང་དུཿ ་བརྣག་པའི་གཟུགས་དང་མིང་རུས་བྲིསཿ ་སྔོན་དམར་སྐུད་པས་སྐེ་ནས་གྡགྶཿ ་རྗེ་རིགས་ཐོད་པའི་ནང་དུ་གྮུགཿ ་དར་དཀར་གྱིས་ནི་ཁ་བཅད་ལཿ ་ཚོན་སྐུད་སྣ་ལྔས་བཅིང་བར་བྱཿ ་བྱ་རྒོད་དར་མའི་སྒྲོ་རྩ་ནིཿ ་སྲོག་རྩར་བཅུག་ལ་དཀྱིལ་དུ་བྲྟོལཿ ་དཀྱིལ་འཁོར་མདའ་གང་གྲུ་བཞི་ལཿ ་དབུས་སུ་གྲུ་གསུམ་ཐུར་དུ་བྲུཿ ་ལྷ་རྡོ་གསུམ་གྱི་སྒྱེད་བུ་ལཿ ་གོང་གི་ཐོད་པ་གཞག་པར་བྱཿ ་མཐུན་རྫས་བཤོས་གཙང་རྔོན་ཆ་དངཿ ་རུ་དཀར་སྙིང་དང་ཤེལ་དཀར་སྙིངཿ ་བྱ་དཀར་སྙིང་དང་རུ་མཚོན་དངཿ ་བ་དན་དཀར་པོ་རྟེན་དུ་གྯུགྶཿ ་ཡུངས་ཀར་སྔགས་ཀྱི་མདའ་ཆོག་ནིཿ ་ཐུན་གྱི་རྫས་སུ་གཞག་པར་བྱཿ ་དྲག་སྔགས་སྙིང་གི་ནང་དུ་བྲབཿ ་སྟོབས་ལྡན་རྡོ་རྗེ་འཛིན་གསལ་བསཿ ་ལྷ་རྣམས་འདུས་པའི་སྔགས་རྣམས་བྶྦྲེངཿ ་མཧཱ་དེ་བ་ཏི་ཛ་ཏི་ཛཿ ་ས་མ་ཕྲ་མ་
384b
ན་རག་ཤ་ཀཾ་ཀ་ལ་ཡ་ཧཱུཾཿ ་དེ་བ་རཱ་ཛ་མཧཱ་ན་ཛཿ ་དགྲ་བོ་མཱ་ར་ཡ་ཐུན་རྦད་ཐུན་རྦདཿ ་ཤག་སེན་ཛ་ཛཿ ་ཤག་སེན་ཛ་ཛ་ཧཱུཾ་ཧཱུཾཿ ་ཙ་ཏུ་ར་མུ་ཁ་རག་ཤ་མ་ནཿ ་ཀངྐ་མ་ཡ་ཧཱུཾཿ ་མཧཱ་དེ་བ་ཨ་མུ་ཀ་མཱ་ར་ཡ་སོདཿ ་འཇིག་རྟེན་གྲགས་པ་མཐུ་རྩལ་ཅནཿ ་ལྷ་ཡི་བོད་རྦད་གསད་གསུམ་དྲིལཿ ་དྲག་ཏུ་བཟླས་ཤིང་སྙིང་ནས་བྲབཿ ་རྟགས་ནི་རྒྱལ་པོ་རྗེ་དཔོན་དངཿ ་སྐྱེས་པ་སྟག་ཆས་དར་མ་དངཿ ་ཞུབ་ཅན་ཕོ་ཚོགས་འོང་བ་ནིཿ ་གསོད་གཅོད་བྱེད་དང་སྙིང་འབྱིན་དངཿ ་དངོས་སུ་སྙིང་ཕྱུང་འཕང་བ་འོངཿ ་རྟགས་བྱུང་སྙིང་ནས་ལིངྒ་དྦྱུངཿ ་མཚོན་གྱིས་གཏུབས་ལ་མེ་ལ་བྶྲེགཿ ་ཐལ་བ་ཉའོ་བྱས་ནས་ནིཿ ་ཐོད་པར་བཅུག་ལ་ལྷ་རྟེན་ནམཿ ་འཇིག་རྟེན་ལྷ་ཆེན་གནས་སར་མྣནཿ ་ལྷ་ཡི་དལ་ཡམས་དགྲ་ལ་ཕོབྶཿ ་ནད་བདག་མ་མོའི་དྲག་སྔགས་ནིཿ ་ནརྀ་དྲིའི་མོ་ཡི་ཐོད་པ་རུཿ ་དེ་ཡི་སྙིང་ནང་ལིངྒ་གྮུགཿ ་མཐིང་ནག་དར་གྱིས་ཁ་བཅད་ལཿ ་ཐོད་པ་ཚོན་སྐུད་ལྔ་ཡིས་བྕིངཿ ་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དྦུསཿ ་ཐོད་པ་བཅུག་ལ་བསྒྲུབ་པར་བྱཿ ་སྨུག་ནག་གསུམ་གྱི་སྙིང་ཁྲག་གིསཿ ་མ་མོ་འཁོར་དང་བཅས་པ་མྖོདཿ ་ཡུངས་ཀར་ཡུངས་ནག་སྐེ་ཚེ་སོགྶཿ ་དྲག་པོའི་ཐུན་རྫས་ཚོགས་ཚད་ལཿ ་མ་མོ་རྣམས་ཀྱི་རྨོད་པའི་སྔགྶཿ ་མ་མོ་སྙིང་ཁ་རགཿ ་མ་མོ་སྙིང་ཁ་རགཿ ་མ་མ་རཀྴཿ ་མ་མ་རཀྴཿ ་ཏྲག་རཀྵ་སྙིང་ཁྲག་ལ་
385a
༄#། །ཏུབས་ཛཿ སྙིང་རྩལ་དུན་དུནཿ ་ཏྲག་རཀྴ་མ་མ་ཛ་ཛཿ ་དམ་དམ་དགྲ་སྙིང་རྦད་ནནཿ ་མ་མ་ནརྀ་སྙིང་ཙིཏྟ་ལ་ཐུན་ཐུནཿ ་ཏྲག་རཀྴ་ཏྲག་ཤ་མོ་ཐུན་ཐུནཿ ་མུགས་མུགས་མྱོགས་མྱོགྶཿ ་རྦད་རྦདཿ ་ཛ་ཛ་མ་མ་ཐུནཿ ་སྙིང་ཁྲག་ཐུནཿ ་ཏི་ཏ་མ་མ་རག་མོཿ ་ས་མ་ཡ་བྷྱོ་བྷྱོཿ ་མ་མོའི་སྲོག་ཏིག་བསྡུས་པ་ཡིསཿ ་གསད་པ་ལས་ཀྱི་ངན་སྔགས་འྡིཿ ་གྲི་ལྕགས་ལས་བྱས་སྦུ་གུའམཿ ་བྱ་རྒོད་སྒྲོ་རྩའི་ནང་ནས་སྔགྶཿ ་མ་སྲིང་མོན་མོ་བལ་མོ་དངཿ ་བྱི་མོ་ལ་སོགས་བུད་མེད་ཚོགྶཿ ་བྱ་ནག་རྒོད་ནག་ཚོགས་ཆེན་ལྷགྶཿ ་དངོས་སུ་ཤ་དང་མགོ་སུག་སྟེརཿ ་ཙིཏྟ་དངོས་སུ་འཕར་བ་དངཿ ་གསད་རྟགས་ཡོངས་སུ་རྫོགས་པ་དངཿ ་སྙིང་ལ་ཕུར་པས་གདབ་ཅིང་གྶདཿ ་དུག་ཤིང་མེ་ལ་སྦྱིན་སྲེག་བྱཿ ་ཐུན་ཁྲག་དམིགས་པའི་དགྲ་ལ་འྥངཿ ་ཐལ་བ་བསྡུས་ལ་ཉ་འོ་བྱཿ ་དུར་ཁྲོད་དབུས་སུ་གནས་པར་བྱཿ ་རིམས་ནད་དག་གིས་དམིགས་པ་སྒྲོལཿ ་དྲག་པོ་གཟའ་ཡི་དྲག་སྔགས་ནིཿ ་མོན་པ་ནག་པོའི་ར་རོག་པོའིཿ ་ཐོད་པར་སྙིང་ནང་ལིངྒ་གྮུགཿ ་སྲོག་རྩར་གྲི་ལྕགས་སྦུ་གུ་གྮུགཿ ་ཡུངས་ཀར་ཡུངས་ནག་ཟངས་ལྕགས་ཕྱེཿ ་ཐུན་དུ་སྔགས་ཏེ་ཐོད་པར་བྲབཿ ་མ་ར་བ་ཤ་མི་ཀི་དུ་རུ་དུ་རུཿ ་མ་ཏི་ཛྭ་ལ་ཏི་ཛཿ ་ཙ་བ་མ་ནིཿ ་རུ་རུ་ར་ཧུ་ལཿ ་ཨ་ཏྲ་ཏ་ཏྲ་པདྨ་ཤ་ར་ཤ་ར་ཤསྟཿ ་ཨུ་མུ་ཀ་མུ་ར་རུ་
385b
ཕཊཿ ་ཏྲི་ལིངྒ་ཤངྐ་དུ་དྲིཿ ་ཛ་ཛ་ཡག་ཤ་ཐུནཿ ་བུམ་དྲིལ་ཤི་ནིཾ་བ་བྷ་བ་ཧིཿ ་ཁ་ཡག་ཁ་དུན་ཏིཿ ་རུ་ཏི་ཤུ་ཏི་ཏྲིག་ཤུལ་པྲ་ཏིཿ ་མཱ་ར་ཡ་ཛཿ ་དབང་ཆེན་གཟའ་ཡི་དྲག་སྔགས་འྡིཿ ་དྲག་པོའི་རྫས་ལ་སྔགས་ཏེ་བྲྡེགཿ ་ཤ་རུལ་ཁྲག་རུལ་བཙོས་དང་རྗེནཿ ་དཀར་གསུམ་མངར་གསུམ་རྫས་ཀྱིས་མྖོདཿ ་ཉི་ཟླ་ཀླད་ལ་འཁོར་བ་དངཿ ་མོན་པ་ནག་པོ་འོང་བ་དངཿ ་སྦྲུལ་ཆེན་གཤོག་ཅན་འཁྲུག་པ་དངཿ ་བར་སྣང་འཇའ་ཡིས་ཁེངས་པ་དངཿ ་དགྲ་བོ་དངོས་སུ་ཁྲིད་ནས་འོངཿ ་རྒོད་དང་རི་དྭགས་གསོད་པ་དངཿ ་དོན་སྙིང་ནང་ཁྲོལ་སྟེར་ཞིང་རོལཿ ་དེ་ལྟའི་གསོད་རྟགས་རྫོགས་པ་དངཿ ་སྙིང་དང་ལིང་ག་ཧོཾ་མེར་བྶྲེགཿ ་ཐུན་རྫས་དགྲ་ཡི་ཡུལ་དུ་གྟོརཿ ་ཐོད་པ་ཀླུ་ཡི་རྟེན་སར་སྦཿ ་ཆུ་འཁྱགས་སེར་བ་དྲག་ཏུ་དྦབཿ ་ཧུར་ཐུམ་ནད་ཀྱིས་གློ་བུར་འྖིཿ ་ཁ་ཀླུགས་རྐང་ལག་རེངས་པར་འྒྱུརཿ ་གདུག་པ་ཀླུ་ཡི་དྲག་སྔགས་ནིཿ ་ལུང་གསུམ་འདུས་པའི་དབེན་གནས་སུཿ ་སྟེགས་བུ་མཐིང་ནག་གྲུ་གསུམ་བྲུསཿ ་དགྲ་ཡི་ཕ་མེས་མགོ་བོ་འམཿ ་ཡང་ན་མཛེ་ཅན་ཐོད་པ་རུཿ ་དགྲ་ཡི་མིང་རུས་བྲིས་ཏེ་གྮུགཿ ་གཙང་མའི་སྣོད་དུ་དཀར་གསུམ་དངཿ ་མངར་གསུམ་ཀླུ་སྨན་སྣ་ཚོགས་དངཿ ་རྟག་ཏུ་མཆོད་ཅིང་བསྔགས་པར་བྱཿ ་ཨོཾ་ནག་པོ་ཏི་པ་ཙ་ཡཿ ་ནཱ་ག་རཱ་ཛཿ ་དག་བོ་ཧེ་ཁུ་ལ་ཕེ་ཤནཿ ་ན་ག་ཕོས་ཕོསཿ ་
386a
༄#། །ཤིགས་ཤིགྶཿ ་ཧུ་ཡ་ཧུ་ཡཿ ་ཏི་ཡ་ཏི་ཡཿ ་ཏི་པ་ཙ་ཏི་པ་ཙཿ ་ཨ་ཤ་ནག་པོ་ཏི་པ་ཙ་ཡཿ ་ནཱ་ག་རཱ་ཛ་དགྲ་བོ་མ་ར་ཡ་རྦདཿ ་ཤཀྟི་རྦདཿ ་སྲོག་ཏི་རྦདཿ ་སྙིང་ཏི་རྦདཿ ་སྙིང་ལ་རིལ་ཤམ་ཤམ་རྦདཿ ་ཨོཾ་ཤན་ནག་པོ་ཕེ་རག་ཨུདཱ་ནཱ་ག་རཱ་ཛ་ནན། ཐི་ལི་ནནཿ ་ཕོ་ལི་ནནཿ ་དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིསཿ ་མེ་ཆེན་འབར་དང་ཆུ་ཆེན་བྲུབཿ ་བ་ལང་སྤལ་སྦྲུལ་སྡོམ་སྡིག་ཚོགྶཿ ་ཤིང་གཅོད་ས་སྙིལ་བྲག་རལ་སོགྶཿ ་ལུས་ལ་ཤུ་བ་སྐྲང་ལོ་བྱུངཿ ་སྟོབས་ལྡན་གཉེན་པོས་དྲག་ཏུ་བྕུནཿ ་དེ་ནས་བྱང་བལྟས་ཆུ་མིག་ཏུཿ ་བྷ་ལིང་གཏང་ཞིང་བདེན་པ་བྡརཿ ་ཐོད་པ་ལིངྒར་བཅས་པ་མྣནཿ ་ཀླུ་རྒྱལ་འཁོར་དང་བཅས་ལ་གྟདཿ ་ཕུང་པོ་ལྷག་མེད་གཏང་བར་བྶམཿ ་གནས་སུ་བྱིན་ལ་བསྲུང་བར་བྱཿ ་དགྲ་ནི་མཛེ་དང་རྨུགས་པས་འྖིཿ ་སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱིསཿ ་འཇིག་རྟེན་ལས་ཀྱིས་མནར་བ་ཡིཿ ་བསྟན་པའི་རུ་ཏྲ་གདུག་པ་ཅནཿ ་མ་ལུས་རྣམས་ཀྱི་གཤེད་དུ་འྒྱུརཿ ་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པའི་རྩ་བའི་རྒྱུད་ལས། དྲེགས་པའི་སྡེ་སོ་སོའི་ལས་ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱིཿ ་སོ་སོའི་རིགས་དང་གཏན་ཚིགས་
386b
དངཿ ་སྡེ་དང་ལས་ཀྱི་བྱེད་པ་བྶྟནཿ ་སྔོན་གྱི་འཇིག་རྟེན་ཁམས་འདི་ཉིདཿ ་ཕུང་པོ་ཉོན་མོངས་ལ་བརྟེན་ནསཿ ་ང་རྒྱལ་དྲེགས་པའི་དབང་གིས་མྱོསཿ ་རང་གཞན་ཀུན་ལ་འཚེ་ཞིང་རྩོདཿ ་གནས་ངན་ལེན་གྱིས་ཁ་ཁྲིད་བྱསཿ ་ལེགས་པའི་ལན་དུ་ཉེས་པར་སྤྱོདཿ ་མ་རིག་རྩ་བ་ཡན་ལག་གིསཿ ་གཏི་མུག་མུན་ཐིབས་བདུད་དང་ཀླུཿ ་ང་རྒྱལ་སྟོབས་ཀྱི་དྲེགས་པ་བྡགཿ ་ལྷ་དང་རྒྱལ་པོ་གོལ་སར་འྒྱུརཿ ་ཕྲག་དོག་གཟའ་དང་གཤིན་རྗེའི་རིགྶཿ ་འདོད་ཆགས་མ་མོ་གནོད་སྦྱིན་རིགྶཿ ་ཞེ་སྡང་བཙན་དང་སྲིན་པོར་གོལཿ ་སྲོག་ལུས་འབྲེལ་བས་བདུད་ཅེས་བྱཿ ་ཡི་དྭགས་གཤིན་རྗེ་རྡོག་རྣམས་རྗེཿ ་ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགྶཿ ་དེ་ཡི་དོན་གྱིས་སྲིན་པོར་བྱུངཿ ་གང་གིས་གནོད་པ་སྦྱིན་བྱེད་པཿ ་དེ་ཡི་རིགས་དང་མཚན་ཉིད་དོཿ ་གང་ལས་བསྐྱེད་པ་མ་མོ་སྟེཿ ་སྐྱོད་བྱེད་ནུས་པ་ལྷ་ཡིན་ནོཿ ་གདུག་ཅིང་གཏུམ་པས་མི་འཆོར་བཿ ་གཟའ་ཞེས་བྱ་བར་བརྗོད་པ་ཡིནཿ ་བླུན་ཞིང་མྱོས་པས་ཀླུ་ཞེས་བྱཿ ་འགྲོ་བ་རིགས་དྲུག་སོ་སོ་ལཿ ་བདུད་དང་ལྷ་དང་ལྷ་མིན་ཏེཿ ་གནོད་སྦྱིན་གཟའ་དང་རྒྱུ་སྐར་བྕསཿ ་རྒྱལ་ཆེན་རིགས་བཞིའི་ལྷ་ཡི་སྡེཿ ་མ་མོ་སྲིན་པོ་མི་ཡི་སྡེཿ ་གཤིན་རྗེ་ཡི་དྭགས་སྡེ་ཡིན་ཏེཿ ་ཀླུ་ནི་བྱོལ་སོང་སྡེ་ཡིན་ཏེཿ ་བདུད་རིགས་ཕོ་དང་མོ་ཡི་རིགྶཿ ་ཡེ་ནས་གནས་དང་གློ་
387a
༄#། །བུར་བྱུངཿ ་འཐབ་དང་མྱོས་དང་དྲེགས་པར་བྱེདཿ ་སྲེད་དང་ཆགས་པར་བྱེད་པ་སྟེཿ ་གཤིན་རྗེ་ལས་དང་ཞིབ་སྟེཿ ་གཟུགས་ཅན་གཟུགས་མེད་དབང་ཅན་དངཿ ་དབང་མེད་གྱི་དང་ནང་ཁྱད་པརཿ ་ལས་ཀྱིས་རབ་ཏུ་བསྒྲིམས་པ་ཡིཿ ་སྲིན་པོ་ཤ་ཟ་རྒན་མོ་ཅནཿ ་སྤྲུལ་པ་དང་ནི་གཟུ་ལུམ་ས་ཅནཿ ་རབ་ཏུ་རྒྱུ་དང་གཅིག་པུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱིས་བྲྟགྶཿ ་གྲོལ་བ་དང་ནི་རང་རྒྱུད་དེཿ ་ཐ་དད་རིགས་ནི་བཅོ་བརྒྱད་དེཿ ་གནོད་ཅིང་འཚེ་བའི་བདག་ཉིད་ཅནཿ ་ལྷ་ནི་འདོད་པའི་གཟུགས་ཅན་དངཿ ་གཟུགས་མེད་ལྷ་མ་ཡིན་དུ་གྟོགྶཿ ་རབ་ཏུ་གདུག་རྩུབ་ཚེ་བས་ནིཿ ་ལྷ་མིན་མི་མ་ཡིན་དུ་གྲགྶཿ ་གང་ལས་བྱུང་དང་གང་ལས་སྲིང་།། གང་གིས་བསྐྱེད་པའི་གཞིར་གྱུར་པཿ ་མ་མོ་ཞེས་སུ་གྲགས་པ་སྟེཿ ་ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེཿ ་ཕྲ་དང་རགས་པའི་ཁྱད་པར་གྱིསཿ ་ཆེ་ཆུང་གཙོ་དང་འཁོར་དུ་སྣངཿ ་མཁའ་ལ་རྒྱུ་བའི་དྲག་ཤུལ་ཅནཿ ་ལས་ཀྱི་ཕུང་པོ་ཁོ་ན་འོཿ ་རྒྱལ་པོ་བླ་རྗེ་བྲམ་ཟེ་དངཿ ་དམངས་དང་གདོལ་པ་ཅན་རྣམས་ཀྱིསཿ ་ཉི་ཤུ་རྩ་ལྔའི་ཡན་ལག་འྒྱུརཿ ་ཐ་དད་རིགས་ནི་སྡེ་ཡིན་ནོཿ ་འདི་དག་ཐོག་མའི་ལས་ཀྱི་དྔོསཿ ་དངོས་དང་རང་བཞིན་མཚན་ཉིད་ཀྱིསཿ ་མ་རིག་འཁྲུལ་པའི་གཟུང་འཛིན་བྱུངཿ ་
387b
བདག་ལྟ་བག་ལ་ཉལ་དུ་གྣསཿ ་གཡོ་འགུལ་ཕྲ་མོས་ཀུན་ནས་ལྡངཿ ་འཁྲུག་ཅིང་འཚེ་དང་རྩོད་པར་ཤརཿ ་བསོད་ནམས་ལས་དང་དེ་མ་ཡིནཿ ་ལས་ཀྱི་མཐའ་གཉིས་གཡང་སར་ལྟུངཿ ་ནག་ཅིང་མི་དགེ་ཟག་པར་བྕསཿ ་ཁ་ནས་མ་ཐོ་ལུང་མ་བྶྟནཿ ་ལོག་པ་ལུས་ངག་ཡིད་གསུམ་གྱིསཿ ་གནས་ངན་ལེན་པའི་རྒྱུན་ཆགས་མྠུངཿ ་དུས་གསུམ་ཕྱོགས་དང་བཅས་པ་ཡིཿ ་རྗེས་སུ་འགྲོ་དང་བཟློག་པ་ཡིསཿ ་འཁོར་བའི་རྟེན་གཞི་དམ་པོ་བྩུགྶཿ ་སོ་སོར་མ་རིག་སྲོག་ལ་གྕོདཿ ་ལོངས་སྤྱོད་འཕྲོག་ཅིང་རྣམ་པར་འྪེཿ ་གཟི་མདངས་འབྱོར་པ་སྡེ་དང་བྕསཿ ་གང་ཡིན་འཇོམས་ཤིང་རླག་ནུས་ལཿ ་རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་པཿ ་མ་རུངས་ཉེས་པ་འབྱིན་བྱེད་ལསཿ ་སྲོག་ལེན་ཚེ་འཕྲོག་གཅོང་དང་ཤཿ ་མྱོས་འཐིབས་བྱི་ནད་རིམས་དང་ཡམྶཿ ་གཅོག་འགྱེལ་གདུག་པའི་ནད་འབེབས་ཤིངཿ ་རྨེ་དང་འཁྲུག་པ་རྩོད་པ་དངཿ ་ཐོར་ཤོད་ལས་དང་དམོད་པ་ཡིསཿ ་རང་གི་སྡེ་ལས་རེ་རེ་ཡངཿ ་ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེཿ ་དྲུག་ཅུ་རྩ་དྲུག་ཡན་ལག་བྕསཿ ་ལས་ཀྱི་དབྱེ་བ་བསམ་མི་ཁྱབཿ ་དྲེགས་པའི་བདག་པོ་སོ་སོ་ཡིཿ ་རང་བཞིན་དགོངས་པའི་བྱེ་བྲག་གིསཿ ་དུས་གསུམ་སངས་རྒྱས་བསྟན་པ་དགཿ ་ཚུལ་བཞིན་སྲུང་བའི་དམ་ཚིག་ཅནཿ ་དྲག་སྔགས་ལས་ཀྱི་དམོད་པ་ལཿ ་བརྒྱ་
388a
༄#། །དང་བཅུ་གཉིས་བཅུ་དྲུག་གིསཿ ་ནུས་པ་རྫུ་འཕྲུལ་མཐུ་ལ་སོགྶཿ ་རང་གི་རིགས་ལ་གང་སྔགས་པཿ ་དེ་དང་དེ་ལ་རབ་སྦྱར་བསཿ ་ལས་ཀྱི་མཐའ་ལ་གང་དམིགས་པཿ ་རྡོ་རྗེ་ཅན་གྱིས་ཡོངས་གྲུབ་སྟེཿ ་ང་ཡི་སྟོབས་དང་ནུས་པ་དངཿ ་མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགྶཿ ་ལུས་ངག་ཡིད་ཀྱིས་རབ་འབད་པཿ ་གང་ཡིན་དེ་ལ་མངོན་པར་འྦྱུངཿ ་དེ་ཡིས་ཐུན་མོང་ཡོངས་འགྲུབ་ཅིངཿ ་མཐར་ཕྱིན་པ་ཡང་ལེན་པར་བྱེདཿ ་འདི་ལས་མ་འོངས་རྙོག་པ་ཅནཿ ་ཐེ་ཚོམ་བསྐྱེད་པར་མ་བྱེད་ཅིགཿ ་ང་དང་རྒྱལ་བ་ཐམས་ཅད་ཀྱིསཿ ་འདི་ནི་རབ་ཏུ་བསྔགས་པའོཿ ་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས། །དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་ལས་ལ་སྦྱར་བའི་རིམ་པ་གྶུངྶཿ ་དུར་ཁྲོད་ཆུ་གླིང་རི་རྩེ་དངཿ ་ཆུ་འདུས་ངམ་གྲོག་འཇིགས་སུ་རུངཿ ་ཕུང་ཤུལ་ནགས་ཁྲོད་མ་རུངས་པཿ ་དྲེགས་པ་ལས་ཀྱི་གནས་ཡིན་ནོཿ ་མི་རུང་མི་གསང་ཕུང་ཤུལ་སཿ ་རྡུར་ཟད་ཕེ་ཏ་རུལ་ཆད་སཿ ་ས་སྨིན་དྲི་ཆེན་མ་རུངས་ཁྲགཿ ་ལས་ཀྱི་རྟེན་འབྲེལ་དམིགས་པའི་རྫསཿ ་རྟ་ནག་དྲེ་ནག་མ་ཧེ་དངཿ ་ཆུ་གླང་དང་ནི་སྟག་སེང་དངཿ ་རྟ་དཀར་ནེ་ལེ་རྒོད་དཀར་དངཿ ་དོམ་ནག་རྨུ་རྟ་བན་
388b
གླང་དངཿ ་འབྲུག་ཆེན་རྨ་བྱ་རུས་སྦལ་དངཿ ་བྱ་ཁྱི་ཀུ་ཀུ་ཤེལ་དང་མིཿ ་རྒྱལ་མཚན་ཐོད་པ་སྙིང་དང་ཁྲགཿ ་བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམྶཿ ་རང་གཟུགས་སྙིང་པོ་འཁོར་ལོར་བྕསཿ ་རྒྱན་ལྡན་ཤོས་ཆ་མཐུན་པའི་རྫསཿ ་དམ་ཚིག་མཆོད་ཅིང་བརྟེན་པ་འོཿ ་སོ་སོར་བསྔགས་པའི་ལས་ཁུང་དུཿ ་ཐོད་ངན་འབྲུ་ནག་དུག་ཁྲག་གཡོསཿ ་རྒྱུ་གསུམ་ཕུ་ས་མཚོན་ཆ་རྣམྶཿ ་གསད་པ་ཐུན་གྱི་རྫས་ཡིན་ནོཿ ་རྨེ་ཁྲག་གསུམ་དང་དྲི་ངན་གྶུམཿ ་སྲོག་ཆགས་གསུམ་དང་རྨེ་རྫས་གྶུམཿ ་ཐབས་རྫས་གསུམ་དང་བསྲེག་རྫས་གྶུམཿ ་རྟེན་ས་གསུམ་དང་དྲིལ་ས་གྶུམཿ ་བཞུགས་ས་གསུམ་དང་དབབ་ས་གྶུམཿ ་ཀུན་རྫོགས་རྩོལ་བའི་སྦྱོར་བ་ཡིསཿ ་ཆུ་དྲག་དབབ་པ་ངེས་པར་འྒྲུབཿ ་རིགས་སུལ་སྣོད་དང་མཆོད་རྫས་དངཿ ་གནས་སྦྱོང་བྱང་ཆུབ་སྲིད་འདོར་བློསཿ ་ལེགས་བསླངས་ཡིད་ཀྱིས་མཐུན་སྤྱད་པསཿ ་གང་ལ་དམིགས་པ་དེར་གཏད་པསཿ ་ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལཿ ་སྟེང་འོག་གནས་གསུམ་བདག་པོ་གྶུམཿ ་རྒྱ་མཚོའི་གཏིང་དང་རི་རབ་ཟུརཿ ་བར་སྣང་ཁམས་དང་ནམ་མཁའི་དྦྱིངྶཿ ་སྲུང་དང་ཟློག་དང་གསོད་པའི་ལསཿ ་དམག་དཔུང་བསྡུ་དང་དཔལ་སྐྱེད་དངཿ ་རབ་ཏུ་ཁྲོས་དང་སྦྱོར་བ་ཞིགཿ ་ལས་ཀྱིས་ཕ་རོལ་དམོད་པས་བྯལོགཿ ་ངན་པའི་ཐོད་པ་སྣ་གསུམ་
389a
༄#། །དངཿ ་ཤིས་པ་མ་ཡིན་ས་བརྒྱད་དུཿ ་རྟེན་ཅིང་འབྲེལ་པ་འབྱུང་སྦྱོར་བསཿ ་དམིགས་པའི་ནུས་སྟོབས་གནོན་པར་བྱེདཿ ་ཁྱད་པར་ལས་ཀྱི་བྱེ་བྲག་གིསཿ ་རྒྱལ་པོ་ཡ་རབས་རྗེ་དཔོན་དངཿ ་ཆུང་མ་སློབ་དཔོན་མཁན་པོ་དངཿ ་རབ་བྱུང་ཁྱིམ་བསྔགས་སྤྱོད་དངཿ ་ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགྶཿ ་ཆེ་བཙན་དྲེགས་པས་སྙེམས་པ་དངཿ ་ང་རྒྱལ་ལྡན་ཞིང་སྐལ་བ་བྯངཿ ་ཀུན་གྱིས་བཀུར་ཞིང་བརྗོད་པ་དངཿ ་སེམས་རྒྱུད་བསྲེལ་དང་ཡུན་གྱིས་དྲིནཿ ་ཉེ་བར་བསྟན་ཅིང་བསླབ་སྦྱོང་གྣསཿ ་ལྷག་པའི་ལྷ་ཡིས་རབ་བསྐྱངས་ཏེཿ ་ཐུན་མོང་ནུས་པའི་སྟོབས་རྙེད་ཅིངཿ ་ཡོན་ཏན་གཅིག་གིས་རབ་བསྡུས་པསཿ ་ཚར་གཅད་དཀའ་བའི་ཡུལ་ཡིན་ཏེཿ ་མ་ལུས་གང་ལ་བསྔགས་པ་ཡིཿ ་ཏིང་ངེ་འཛིན་དང་དམིགས་པའི་གྲོགྶཿ ་རབ་སྔགས་བརྩོན་འགྲུས་ཅན་གྱིས་བྶྒྲལཿ ་གཞན་ཡང་ཞི་དང་རྒྱས་པ་དངཿ ་དབང་དང་མངོན་པར་སྤྱོད་རྣམས་དངཿ ་རྡོ་རྗེ་འཛིན་པ་ང་དང་གྮནཿ ་མཚུངས་ལྡན་རྣམས་ཀྱིས་བཤད་པ་བྮིནཿ ་ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱདཿ ་དེ་དག་གསང་བའི་དམོད་པ་ཡངཿ ་དྲེགས་པ་སྡེ་བརྒྱད་སོ་སོ་ཡིཿ ་གལ་གནད་སྙིང་པོ་འདི་དག་གོཿ ་ཡ་མ་དུ་ཧ་ན་ཧ་ན་ཏིཥྚ་ཏིཥྚ་རུ་ཏྲ་མ་མ་སོད་སོདཿ ་ཁ་ཏྲི་ཙམ་ཏྲི་ཛ་ཛ་ཤོག་ཏྲི་ཛ་
389b
ཡགྴ་ཛ་ད་ཏྲི་ཛ་ཤ་ཏྲི་པ་ཏྲི་ཛཿ ་ཙི་ཏ་པྲ་མ་ཡ་ཨ་མུ་ཀ་སྲོག་ལ་ཛ་ཛ་བྷྱོཿ ་ཏྲི་ཙ་པ་ལ་ཨ་ཤུགྨེཿ ་ཨ་བྷི་ཤཿ ་ཨ་བྷི་ཤུཿ ་ཙ་ག་ཏྲི་རགྴ་ས་མ་ཡ་དུན་ཐུམ་རིལ་ལི་ལིཿ ་མྱགས་མྱགས་མྱོགྶཿ ་སྲོག་ལ་ཐུན་རྦདཿ ་རག་ཤ་སྲོག་ལ་ཕྲིག་ཕྲིགཿ ་ཨ་པ་ཏི་ལི་ཀི་ནི་ཡ་མ་ཤྲི་ཧྲི་སྟི་བྷྲི་ཀྲི་ཏ་ན་ཀྲོ་མ་རི་པ་ཏྲ་སྲོག་ལ་དུན་བྷྱོཿ ་མཧཱ་ཡཀྴ་ཐུམ་རིལ་རྦདཿ ་མ་རུ་ཙེ་ངྒ་ཤ་གདི་པ་པྲ་མ་ལིངཿ ་གསོད་སྒྲ་གཅོད་བྱེད་འཕྲོག་བྱེད་ཀྱིསཿ ་མ་ལུས་ལས་ལ་བསྔགས་པར་འྒྱུརཿ ་ནརྀ་ཧུར་ཐུམ་ཛཿ ་ཤ་ཏྲུཾ་མ་ར་ཡ་རྦདཿ ་ཨ་མུ་ཀ་མ་ར་ཡ་ནུ་མ་ཀ་མ་རུ་སོད་སོདཿ ་གསད་པ་ཐུན་གྱི་དམོད་པའོཿ ་བྱི་ཤ་མི་ཀི་དུ་རུ་མི་ཏྲི་ཀ་ཏ་ཛྭ་ལ་ཨ་ཏ་ཛྭ་སཝཱཧཱཿ ་ཙ་པ་ཏི་ར་ཧུ་ལ་མཧཱ་ཀྲོ་དྷ་ཀ་པ་ཤར་ཤར་ཏ་ཤར་ཏི་ཧཱུཾ་ཕཊཿ ་བི་ཤུ་ལ་དུ་མ་གི་ཤ་ཛྭ་ལ་ཨ་ནཿ ་མ་ཧཱ་ཙནྡྷ་རཀྴ་ཧྲི་དྷ་ནརྀ་མ་ཡ་རུ་ཏྲ་ས་ཏྲི་བྱི་ནག་ར་ཙ་བེ་ག་ཨ་ནནྟ་རཀྵ་ཏི་སནྡྷ་རཀྵི་ན་ཙ་ཏ་བྷ་མི་ཀུ་རུཿ ་མུ་ཧྲི་ཙནྡྷ་དུམ་བུ་དུམ་བུཿ ་ཁ་ལ་རག་ཤུ་ཐུམ་རི་ལི་ལི། མ་མ་ས་མ་ཡ་ཏྲག་རཀྴ་ཏྲག་རག་ཤ་མ་ཏྲི་ག་ནཿ ་མ་ས་ཁ་ཡ་ཀུ་རུ་ཏི་ཙི་བྷ་ལི་མུ་ཏ་ད་ར་ད་རཿ ་ཏྲི་ཀ་ར་མི་ཏྲིཿ ་དུལ་དུལཿ ་སྙིང་ཁྲག་ལ་རིལ་རིལཿ ་རྩ་ལ་ཐུན་ཐུནཿ ་ཏྲག་རཀྨོ་ཧྲིལ་ཧྲིལཿ ་ཤག་ཤག་ཤར་ཤར་རྦདཿ ་མ་མ་ཙག་ཤ་ཏྲག་ཏུ་ཕྲོམཿ ་ཨ་སེ་ལ་མི་བྱི་རུ་ལུ་རུ་ལུ་མ་མ་ཏྲག་རཀྴ་ཧྲིལ་ཧྲིལ་ཤར་བྷྱོཿ ་མ་ར་ཡ་རཾ་ཧྲིལ་ཤར་བྷྱོཿ ་ཤེལ་ཏྲ་ཧཱུཾ་དྲག་དུ་རྩར་
390a
༄#། །ཤུ་ཏི་ཕྲོཾ་ཀར་ཕྲོཾཿ ་ཕྱིར་མ་ཏི་པ་ཤཿ ་མི་ཀི་རི་ར་ཧུལ་ཤག་ཧྲིལ་ཕོབཿ ་ཁྲག་ལ་ཙ་ར་མུ་ཤ་བྷྱོཿ ་ཏྲག་རཾ་ཐུན་ཤག་རིལ་རཾ་ཤར་བྷྱོཿ ་བདུད་ཕྲོཾ་ན་ག་ཧྲིལ་སེན་ཤགས་དུ་མ་ཧྲིལ་བྷྱོཿ ་བྲ་ཏ་པ་ཤ་ཡ་ཡ་མ་སྙིང་ཡ་མ་ཁྲགཿ ་ར་ཧུ་ལ་ཧྲིལ་ཧྲིལ་ཤག་ཤགཿ ་སེར་སེར། ཏུག་ཏུག་ཡ་ཡ་ཕོབ་ཕོབཿ ་མུ་ཀ་ཡེཿ ་ཀ་པ་ཡེཿ ་ཨ་པ་ཡེཿ ་ཧྲི་སྟི་བྱི་ཀྲིན་ཏེ། ཛ་པ་ཏི་ར་ཧཱུཾ་ལ་མ་ཧཱ་ཀྲོ་དྷ་ཀ་བབ་ཏ་ཤར་ཤལ་ཏ་ཏེ་ཧཱུཾ་ཕཊཿ ་ཐིག་ནིགཿ ་ཤུ་ཏི་ཕྲོཾཿ ་བདུད་ཕྲོཾཿ ་མཐོངས་ཕྱེཿ ་ལྕགས་སྒྲོག་ཁྲོལཿ ་མི་རིང་སོངཿ ་རྐྱང་རྗེ་རྐྱང་མོཿ ་ཙུ་རུ་ཙུ་རུཿ ་ཧོ་ཧོཿ ་ཕྲོཾ་ཕྲོཾཿ ་མུ་ར་མུ་ར་ཤཿ ་དུ་རུ་ཕྲོཾཿ ་ཐོག་ཧཱུཾ་ཧཱུཾ་སོད་སོདཿ ་རླུང་དང་སྤྲིན་དང་རབ་རྒྱུ་དངཿ ་ཕྱོགས་དང་རྟགས་ཀྱི་ཚད་ལྡན་པསཿ ་དབབ་པའི་སྦྱོར་བ་ཤེས་པར་བྱཿ ་སྟེང་འོག་བར་གསུམ་དྲག་པོའི་ལསཿ ་གཞུག་དང་གཏོར་དང་བསྲེག་པ་དངཿ ་བསྐོལ་དང་དགུག་དང་སྦྲེང་བ་དངཿ ་འབོད་དང་དམོད་དང་གདུང་བ་དངཿ ་གཟིར་དང་བསྐོར་དང་གཞིག་པ་དངཿ ་གཅད་དང་དྲིལ་བའི་ལས་རྣམས་ཀྱིསཿ ་སྨིན་པའི་ལོ་ཐོག་འཇོམས་པར་བྱེདཿ ་ནག་པོ་ཏི་པ་ཙ་ཡ་ན་རག་ཤར་ར་ཙ་དྷེ་གུ་ལ་ཕེ་ཤ་རག་ཤ་ནནཿ ་ཕོས་ཕོསཿ ་ཤིགས་ཤིགྶཿ ་ཧུ་ཡ་ཧུ་ཡཿ ་ཏིར་ཡ་ཏིར་ཡཿ ་ཀ་ལ་ནཱ་ག་བནྡྷཿ ་དགྲ་བོ་མཱ་ར་ཡ་ཛཿ ་ནག་པོ་ཏི་པ་
390b
ཙ་ཡ་ཕེ་ཤ་རག་ཤ་ཛཿ ་ནཱ་ག་ཀ་ཀ་ལ་ཕེ་ཤར་ག་ཤ་ཛ་ཛཿ ་ཨ་ཤ་ནན་ག་ཏི་པ་ཙ་ཡ་དགྲ་བོ་མཱ་ར་ཡ་ཛཿ ་ནཱ་ག་རཱ་ཛ་ཤག་ཏི་སྲོག་ཏི་ལ་རྦདཿ ་སྙིང་ལ་རོལཿ ་ཤམ་ཤམ་རྦདཿ ་ཨི་ཤ་ན་ནནཿ ་ཕེ་ཤ་རག་ཤ་ཨུ་ནནཿ ་ནཱ་ག་ནན་ཐི་ལི་ནནཿ ་ཕི་ལི་ནནཿ ་ཙི་རི་ནནཿ ་ཨ་པར་སོད་རྨགཿ ་དུལ་དུལ་ཀ་ལ་རྡུབས་མྱོགས་ཐིབྶཿ ་མ་ར་ཡ་འདུས་འྡུསཿ ་དྷ་ར་དྷ་རཿ ་དྷུ་རུ་དྷུ་རུཿ ་རུ་རུ་ར་རཿ ་ཏི་ཏིཿ ་ཏྲི་མོ་ཏི་ཏིཿ ་ག་རུ་ག་ར་ག་ཏོར་ཛ་མར་ཏེ་གངཿ ་མན་ཛ་ཕེ་ཤན་རག་ཤ་ཨུ་ཏ་ནནཿ ་བྷ་ཤ་ནིཿ ་ཤ་ར་ལེཿ ་ཤུ་རུ་མུ་ལེཿ ་དྷ་ཏ་མ་རེ་ནཿ ་ཧཱུ་ཡ་ཧཱུ་ཡཿ ་ར་ཏི་ར་ཏིཿ ་ཐི་རྀ་ཤག་ཙག་གིཿ ་ནརྀ་མཱ་ར་ཏྲི་ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བཾ་རིལཿ ་ནག་པོ་ཏི་པ་རག་ཤ་ནནཿ ་ཁུག་རོ་ལ་བཾཿ ་དགྲ་བོ་མཱ་ར་ཡ་ཛཿ ་ནག་པོ་ཏི་པ་ཙཿ ་སྙིང་ལ་ཛཿ ་ཤག་ཤན་ནནཿ ་ཁུག་ཐུམ་རིལ་རྦདཿ ་ཙན་དྲི་རག་ཤ་རོ་ལ་ཁུག་ཐུན་ཀ་ལ་སྙིང་ལ་ཐུམ་རིལ་རྦདཿ ་ཀ་ལ་ཤོ་རེ་སྙིང་ལ་ཏྲག་ཤ་ཧ་ར་ཀཿ ་ཨ་མུ་ཀ་མཱ་ར་ཡ་ཐུམ་རིལ་རྦད་ནནཿ ་ཁུགས་དང་འགྲོ་དང་ལས་བྱེད་པའིཿ ་རང་གི་རྟགས་དང་ལྡན་པ་ནཿ ་དམིགས་པའི་ལས་ལ་སྦྱར་བར་བྱཿ ་ཟློག་དང་མ་གྲུབ་འཁྱིལ་བ་དངཿ ་འབྱམས་དང་སྡུག་དང་ཟད་མཐར་གྟུགྶཿ ་གཉེན་པོ་འདབ་མ་སྣ་སེལ་དངཿ ་བསྡུ་དང་སྤོ་དང་མི་ཟད་གྟེརཿ ་ལོངས་སྤྱོད་ཐུག་པ་མེད་པ་ཡིསཿ ་དབྱིངས་ཀྱི་ངང་དུ་གཏད་པར་བྱཿ ་སྡེ་བརྒྱད་སོ་སོའི་
391a
༄#། །མིང་གི་སྔགྶཿ ་རང་སྐད་དམོད་པའི་ཡན་ལག་ལཿ ་དྷེ་བ་ཨ་བྱི་སརྦ་བྷྱོ་བྯལོགཿ ་བྲ་ལ་དུན་རྩེ་ཕོབཿ ་བཛྲ་འགྲིག་ཤོ་ས་མ་ཡ་ཧྲི་བྷྱོཿ ་སནྟི་མ་རུ་རུཿ ་ཡ་མ་ཏྲིག་བྷུ་ཏ་ཀྵི་པ་ལོ་ཧཱུཾཿ ་བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱིསཿ ་ལས་ཀྱི་མཐར་སྒྱུར་མ་ལུས་པརཿ ་ང་འམ་ང་དང་འདྲ་བ་ཡིཿ ་རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིསཿ ་ཕྱི་ནང་གསང་བའི་ལས་རྣམས་ཀྱིསཿ ་གང་ལ་བསྔགས་པ་དེ་དག་སྦྱརཿ ་གཞན་གྱིས་ཐེ་ཚོམ་མི་བྱ་སྟེཿ ་ང་དང་དུས་གསུམ་སངས་རྒྱས་ཀྱིསཿ ་དེ་ལ་རིག་པར་སྣང་བ་ཡིནཿ ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿ ་འཕྲིན་ལས་དམིགས་པའི་ཁྱད་པར་ལས་སྦྱར་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་ཡོན་ཏན་བསྟོད་པ་འདི་གསུངས་སོཿ ་ཧཱུཾ།་དུར་ཁྲོད་ཆེན་པོའི་རོལ་པའི་དཀྱིལ་འཁོར་ནསཿ ་གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནཿ ་གདུག་བྱེད་རུ་ཏྲ་སྟི་རའི་ཁྲི་སྟེང་ནཿ ་མདངས་ལྡན་ཉི་ཟླ་པདྨའི་གདན་སྟེང་ནཿ ་དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གྩོཿ ་བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནིཿ ་སྐུ་མདོག་མཐིང་ནག་རབ་ཏུ་འྦརཿ ་ས་དགུ་རྫོགས་པས་དབུ་དགུ་སྟོནཿ ་སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱགཿ ་ཞབས་ཀྱིས་བརྗིད་པའི་བདུད་བཞི་གྣོནཿ ་དབུས་
391b
མཐིང་གཡས་དཀར་གཡོན་དམར་བསཿ ་ཁྲོ་ཞིང་བཞད་དང་གཙིགས་པའི་ཞལཿ ་རལ་པ་ཁམ་ནག་སྲིད་རྩེར་འྦརཿ ་ཁམས་གསུམ་མ་ལུས་སྤྱན་གྱིས་གྯིསཿ ་ཤངས་ཀྱིས་སྲིད་གསུམ་མ་ལུས་རྡུབཿ ་སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འྒེངྶཿ ་ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལཿ ་ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབཿ ་ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུདཿ ་འཕྲིན་ལས་རིགས་ཀྱིས་དབུ་ལ་བྲྒྱནཿ ་བཅོ་བརྒྱད་ཕྱག་གི་དང་པོ་གྙིསཿ ་དབང་སྡུད་རྡོ་རྗེ་དྲིལ་བུ་འྫིནཿ ་གཡས་གཡོན་འོག་མའི་ཕྱག་བརྒྱད་ནཿ ་དྲེགས་པའི་ལྷ་བརྒྱད་བནྡྷ་གཡསཿ ་ཙིཏྟ་སྲོག་རྩ་གཡོན་ན་བྶྣམྶཿ ་འབར་བའི་ཆས་ཀྱིས་སྐུ་ལ་བྲྒྱནཿ ་སྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགྶཿ ་གཡས་གཡོན་ཞབས་ཀྱིས་དྲེགས་པ་གྯིརཿ ་མ་རུངས་གདུལ་དཀའ་རྣམས་ཀྱི་གྴེདཿ ་ལོག་ལྟ་རུ་ཏྲ་འདུལ་བའི་དྤལཿ ་འབྱུང་ལྔའི་བདག་མོ་གཉིས་མེད་ཡུམཿ ་དབུ་གསུམ་ཕྱག་དྲུག་ཞབས་བཞི་སྦྱོརཿ ་གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡསཿ ་བནྡྷ་ཞིང་ཆེན་གཡང་གཞི་གཡོནཿ ་མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབཿ ་ཆེད་འགའ་རིགས་ཀྱི་སྤྲུལ་པ་འྡིཿ ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་བྒྲདཿ ་སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམཿ ་ཕྱག་དྲུག་གཡས་གཡོན་དང་པོ་ཡིསཿ ་རྡོ་རྗེས་དུང་ཁྲག་དཀྲུག་ཅིང་གྶོལཿ ་གཡས་གཡོན་གཉིས་
392a
༄#། །ཀྱི་ཕྱག་བཞི་ཡིསཿ ་ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལཿ ་ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཿ ་སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོརཿ ་གཡས་ཀྱི་ནམ་མཁའ་སྟོང་ཁམས་འྡེགྶཿ ་གཡོན་གྱིས་འཇིག་རྟེན་ས་གཞི་གྣོནཿ ་ཞལ་ནས་འབྱུང་བ་ལྔ་འཆར་མཿ ་དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལསཿ ་སྤྲུལ་པའི་དྲེགས་པ་ཕོ་མོ་གྩོཿ ་བདུད་མོ་ནག་མོ་ཁ་རླངས་ཅནཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མྠིངཿ ་ཁྲམ་ཤིང་ཏྲི་ཤཱུལ་གཡས་ན་བྶྣམྶཿ ་གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འྥེནཿ ་ན་བཟའ་ཞིང་ལྤགས་རློན་པ་གྶོལཿ ་ཞབས་གཉིས་གདུག་པའི་སྙིང་གར་གྯིརཿ ་བདུད་མོ་ནག་མོ་ཁྲག་འཛག་མཿ ་ཁྲག་བམ་ཐོད་རློན་ཕྱག་ན་བྶྣམྶཿ ་སྐུ་ལ་ཞིང་ལྤགས་གསར་པ་བྒོསཿ ་བདུད་རྟ་ནག་པོ་ཆིབས་སུ་བྕིབྶཿ ་ཞབས་ཀྱིས་དགྲ་བགེས་བཤུགས་ཀྱིས་སྒྲོལཿ ་འཆི་བདག་གཤིན་རྗེ་ནག་པོ་ནིཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནགཿ ་ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོནཿ ་བཙུན་མོ་ཡུམ་ཆེན་ཟ་བྱེད་མཿ ་གྲི་གུག་ཐོད་པ་ཕྱག་ན་བྶྣམྶཿ ་ཡབ་ཡུམ་ཞིང་ལྤགས་རློན་པ་གྶོལཿ ་མ་ཧེ་ཁྲོས་དང་ཆུ་གླང་བྕིབྶཿ ་ཞབས་ཀྱིས་དགྲ་བགེགས་ཕོ་མོ་གྯིརཿ ་སྲིན་པོ་གསོད་བྱེད་སྐུ་མདོག་ནགཿ ་ཕྱག་ན་རལ་གྲི་ཐོད་ཁྲག་བྶྣམྶཿ ་ཡུམ་ཆེན་
392b
གསོད་པར་བྱེད་མ་ཡངཿ ་གྲི་གུག་མི་ཐོད་ཕྱག་ན་བྶྣམྶཿ ་ན་བཟའ་ཞིང་ལྤགས་རློན་པ་གྶོལཿ ་སྟག་སེང་རོལ་པ་ཆིབས་སུ་བྕིབྶཿ ་གནོད་སྦྱིན་གང་བ་བཟང་པོ་ཡངཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོཿ ་དར་ནག་འཕྱར་ཞིང་ཞིང་ལྤགས་བྲྡེགཿ ་ཡུམ་ཆེན་ཤ་ཟ་རལ་གཅིག་མཿ ་ཡུལ་གྱི་ཚུལ་འཛིན་སྤྲུལ་པ་མོཿ ་ཞིང་ལྤགས་གྱོན་ཏེ་གྱི་ལིང་བྕིབྶཿ ་དྲག་སྔགས་བདག་པོ་ཆེན་པོ་ནིཿ ་དབང་ཕྱུག་ཆེན་པོ་ལྷ་ཡི་གྩོཿ ་མདོག་དཀར་ཤེལ་གྲི་བ་དན་འྥྱརཿ ་ན་བཟའ་དར་དཀར་བེར་ཆེན་གྶོལཿ ་ཆིབས་སུ་གནམ་རུ་དཀར་པོ་བྕིབྶཿ ་ཐར་པ་ནག་པོ་རུ་ཏྲའི་གྩོཿ ་མཆོད་གཏོར་དུག་ཐུན་ཕྱག་ན་བྶྣམྶཿ ་ཞིང་ལྤགས་གྱོན་ཏེ་དོམ་ནག་བྕིབྶཿ ་རྨུ་བདུད་རྗེ་དཔོན་ནག་པོ་ནིཿ ་དར་ནག་འཕྱར་ཞིང་སྟི་ར་འྡྲདཿ ་བེར་ནག་གསལ་ཞིང་རྨུ་རྟ་བྕིབྶཿ ་མུ་སྟེགས་ཀ་ལ་ཡག་ཤ་ནིཿ ་མཐིང་ནག་ཁ་ཊྭཱཾ་ཏྲི་ཤཱུལ་འྫིནཿ ་ཞིང་ལྤགས་བགོས་ཏེ་མ་ཧེ་བྕིབྶཿ ་ཁྱབ་འཇུག་རོ་ག་ཏི་ནག་པོ་ཡངཿ ་ཁྲམ་ཤིང་དགྲ་སྟ་ཕྱག་གིས་འྫིནཿ ་སྤྲིན་ནག་བ་གོས་ཏེ་འབྲུག་སྔོན་བྕིབྶཿ ་ཀླུ་རྒྱལ་བ་རུ་ན་ཡི་རྗེཿ ་སེར་ནག་སྤྲུལ་གྱི་ན་བཟའ་གྶོལཿ ་བུམ་པ་རུས་སྦལ་ཕྱག་གིས་འྫིནཿ ་ཆིབས་སུ་ཆུ་སྲིན་མགོ་དགུ་བྕིབྶཿ ་རྒྱལ་པོ་ཧར་མཛེས་ཞེས་བྱ་བཿ ་མདོག་དཀར་
393a
༄#། །ཤེལ་གྲི་དར་དཀར་འྫིནཿ ་སྲས་མཆོག་འབར་བ་དམར་པོ་སྟེཿ ་མདུང་རིང་གཡོས་ལ་ཤན་གྲི་གཡོནཿ ་རྡོ་རྗེ་མཛེས་པ་མདོག་དམར་པོཿ ་རུ་མཚོན་དགྲ་སྟ་ཕྱག་གིས་འྫིནཿ ་ཁུ་ལེ་ལག་དགུ་འབར་བ་ཡངཿ ་མདོག་སེར་སྤྲུལ་པའི་ལག་དགུ་འྒྱེདཿ ་ཞིང་ལྤགས་བགོས་ཤིང་སྟི་ར་གྣོནཿ ་དྲག་སྔགས་བདག་པོ་གཙོ་འཁོར་ཡངཿ ་རང་གི་རིགས་ཀྱི་འཁོར་འདུལ་བཿ ་སོ་སོའི་སྤྲུལ་པ་བསམ་མི་ཁྱབཿ ་གཅོད་པར་བྱེད་པ་བདུད་ཀྱི་སྡེཿ ་འཆི་བར་བྱེད་པ་གཤིན་རྗེའི་སྡེཿ ་གསོད་བྱེད་ཤན་པ་སིན་པོའི་སྡེཿ ་གདུག་རྩུབ་འཆང་བ་གནོད་སྦྱིན་སྡེཿ ་དྲག་རྩལ་ལྡན་པ་ལྷ་ཡི་སྡེཿ ་ནད་གདོན་འབེབས་པ་མ་མོའི་སྡེཿ ་ནམ་མཁར་དབང་སྒྱུར་གཟའ་ཡི་སྡེཿ ་གླེན་ལྐུགས་གདུག་པ་ཀླུ་ཡི་སྡེཿ ་སྡེ་བརྒྱད་དམོད་པའི་དྲག་སྔགས་ཅནཿ ་མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབཿ ་འཁོར་དང་སྡེ་རིགས་བརྗོད་མི་ལངཿ ་འཕྲིན་ལས་ལོངས་སྤྱོད་མི་ཟད་གྟེརཿ ་ཡོན་ཏན་ནུས་པ་དཔག་ཏུ་མེདཿ ་ཞེ་སྡང་ཅན་ལ་ཁྲོས་པར་སྟོནཿ ་ང་རྒྱལ་ཅན་ལ་ལྷག་པར་སྟོནཿ ་འདོད་ཆགས་ཅན་ལ་མི་སྡུག་སྟོནཿ ་གཏི་མུག་ཅན་ལ་མྱོས་པར་སྟོནཿ ་སེར་སྣ་ཅན་ལ་འཕྲོག་པར་བྱེདཿ ་ཕྲག་དོག་ཅན་ལ་འཇིགས་པར་སྟོནཿ ་ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིཿ ་
393b
མཆོད་ཅིང་བསྐང་བའི་མཐུན་རྫས་བྮེསཿ ་བཅོལ་ཅིང་གཉེར་བའི་ལས་མཛོད་ཅིགཿ ་བསྟོད་ཅིང་སྒྲུབ་པས་ལས་མཛོད་དགྱེས་པར་མྫོདཿ ་དེ་ནས་རང་གི་སྙིང་པོ་དངཿ ་འཇིག་རྟེན་དྲེགས་པའི་བདག་པོ་རྣམྶཿ ་སོ་སོའི་སྔགས་ཀྱི་ལས་ལ་སྦྱརཿ ་རྡོ་རྗེ་འཛིན་པ་ཆེན་པོ་ཡིསཿ ་བྱང་ཆུབ་སེམས་ཀྱི་བསམ་པ་ཡིསཿ ་ལྟོས་དང་རེ་བ་ཀུན་སྤངས་ཏེཿ ་སངས་རྒྱས་བསྟན་པ་རབ་དམིགས་ནསཿ ་དྲག་སྔགས་བདག་པོ་ཉེར་བསྒྲུབས་ནཿ ་ང་དང་སངས་རྒྱས་ཐམས་ཅད་མྙེསཿ ་རིག་པ་འཛིན་པའི་ས་ཐོབ་ཅིངཿ ་སེམས་ཅན་རྣམས་ཀྱི་སྟོན་པར་འྒྱུརཿ ་ཐུན་མོང་པ་དང་ཉེ་བ་དངཿ ་མཆོག་འགྱུར་རིང་བའི་དངོས་གྲུབ་ཀུནཿ ་དཔའ་བོ་དེ་ལས་མངོན་དུ་འྦྱུངཿ ་ཡོན་ཏན་མཆོག་གི་སྟོབས་རྙེད་ཅིངཿ ་འཇིག་རྟེན་ཆོས་ལས་རབ་བསྔགས་པའིཿ ་བྱང་ཆུབ་སེམས་དཔའི་སྤྱོད་པ་དངཿ ་ས་ཆེན་པོ་ལ་རྟོགས་པ་ཡིཿ ་རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོདཿ ་མཐུ་སྟོབས་ནུས་པ་སྙེམས་པ་ཡིསཿ ་གཞན་གྱིས་བརྫི་བར་མི་ནུས་ཤིངཿ ་རང་གི་དབང་དུ་ཁུགས་པ་དངཿ ་བསྒོ་བ་རྩོད་པ་མེད་པར་འྒྱུརཿ ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས། བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་
394a
༄#། །ལུགས་སུ་སྐུ་སྤྲུལ་ཏེ་ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་གནས་ཐམས་ཅད་ལས་འོད་ཀྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནས་མ་རུངས་ཤིང་གདུག་པ་དང་གཏུམ་པའི་སེམས་དང་བསམ་པ་ཐམས་ཅད་ཀྱང་མ་ལུས་པར་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེཿ ་ཕན་པ་དངཿ ་བདེ་བ་དངཿ ་གནོད་པ་མེད་པ་དངཿ ་བརྩེ་བ་དངཿ ་ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོཿ ་ཀྱེ་མ་བཅོམ་ལྡན་རྡོ་རྗེ་འྖངཿ ་ཁྱོད་ཀྱི་བསྟན་པ་གསང་ཆེན་འྡིཿ ་མ་འོངས་པ་ཡི་དུས་དག་ཏུཿ ་རབ་ཏུ་རྒྱས་པར་འགྱུར་ཞིག་ནཿ ་བདག་ཅག་འཇིག་རྟེན་དྲེགས་པ་ཅནཿ ་ཞི་བ་སེམས་སུ་གནས་བྱས་པསཿ ་རྗེས་སུ་སྤྱོད་པ་གང་ཡིན་པཿ ་དེ་ལ་རྒྱས་པ་ཕན་པར་བྶྟནཿ ་འཕྲིན་ལས་དང་ནི་ལྟ་སྤྱོད་ཀྱིསཿ ་ཁྱབ་པ་དེ་ལས་ཡོངས་རྫོགས་ཤིངཿ ་གྲོགས་དང་བྲན་དང་དམངས་བཞིན་དུཿ ་གང་གིས་བསྒོ་བ་དེ་བཞིན་བྒྱིཿ ་དམ་ཚིག་བསྲུངས་པའི་ཡོན་ཏན་དངཿ ་རོལ་པའི་ཏིང་འཛིན་ལྡན་
394b
པ་ལཿ ་བཀའ་ལས་འདའ་བ་མི་སྤྱོད་ཅིངཿ ་གསུང་བཞིན་སྒྲུབ་པར་རབ་ཏུ་སྤྲོཿ ་བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིསཿ ་ཇི་ལྟར་མངགས་པའི་ལས་རྣམས་ནིཿ ་བདག་ཅག་ནུས་པས་མྱུར་དུ་བྶྒྲུབཿ ་བྱིན་གྱིས་བརླབས་པ་གཙོར་མཛོད་ཅིགཿ ་ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་ཕྱིན་པར་གྱུར་ཏོཿ ་བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུས་ཤིངཿ ་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོཿ ་དྲག་སྔགས་འདུས་པའི་རྩ་བའི་རྒྱུད་ལསཿ ་འཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དངཿ ་བོད་ཀྱི་ལོ་ཙཱ་བ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པཿ ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་ ་