rKTs


J419

(e-text produced by ADARSHA)

see text in transliteration
88.48a
༄##། །རྒྱ་གར་སྐད་དུ། ་བཛྲ་ཀཱི་ལ་ཡ་མུ་ལ་ཏནྟྲ་ཁཎྜཿ ། ་བོད་སྐད་དུ། ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་དང ། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོའི་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱ་ན་བཾ་ཧཱུཾ་ཕཊ། དིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་བསྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པས། །སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག་།ཐབས་ཀྱིས་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག་།ོཾ་བཛྲ་ཀྲོ་དྷ
88.48b
[]་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་དཱིཔ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཨུ་ཡ་ཀ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུཥི་ཀ་མུ་ཁི་ཧཱུཾ། ་འདི་ནི་ཁྲོ་བོ་ཆེན་པོ་ཧཱུཾ། མཛད་དང ། རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ། ཕག་གི་མགོ་ཅན་དང ། རྩངས་པའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ལཱི་སྱ་ཀི་ཧཱུཾ། ཨོཾ་བཛྲ་བྱཱི་གྷྲི་མུ་ཁ་ཧཱུཾ། ཨོཾ་བཛྲ་དྲིཊྷྲ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང ། བ་དང ། རྡོ་རྗེ་ལྷ་མོ་སྒེག་མོ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་བོ་ཅན་དང ། བྱ་རྒོད་ཀྱི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ། དཎ་ཌ་ཧཱུཾ`་ད་ཧ་ད་ཧ་ཧཱུཾ`་ཕཊ། ཨོཾ་བཛྲ་མ་ར་མུ་ཁི་ཧཱུཾ། ཨོཾ་བཛྲ་ཏཱ་ན་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང ། ལྷ་མོ་རྡོ་རྗེ་སྡེར་མོ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ། གཡག་མགོ་ཅན་དང ། བྱ་རོག་གི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་ཡ་མནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཤྨ་ཤཱན་པ་ཏ་ཧཱུཾ། ཨོཾ་བཛྲ་ཧ་ར་ཎི་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུ་ལུ་ཀ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང ། རྡོ་རྗེ་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་རི་དགས་ཀྱི་མགོ་ཅན་དང ། འུག་པའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུཾ། ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུཾ། ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང ། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཟིག་གི་མགོ་ཅན་དང་ཁཝའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུཾ། ཨོཾ་བཛྲ་བི་རཱ་ལ་མུ་ཁི་ཧཱུཾ། ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་རྟ་མགྲིན་དང ། རྡོ་རྗེ་ལྷ་མོ་གཏུམ་མོ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་བྱི་ལའི་མགོ་ཅན་དང ། པུ་ཤུད་ཀྱི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨ་བ་རཱ་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧཱུཾ། ཨོཾ་བཛྲ་སྲཾ་ག་ལ་མུ་ཁ་ཧཱུཾ། ཨོཾ
88.49a
བཛྲ་པཉྩ་ར་མུ་ཁི་ཧཱུཾ། ་འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང ། རྡོ་རྗེ་ལྷ་མོ་མདའ་སྙེམས་མ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྤྱང་ཁུའི་མགོ་ཅན་དང ། ཁྲའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཧཱུཾ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་མི་ཏི་ཧཱུཾ། ་ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུཾ། ་ཨོཾ་བཛྲ་ཏི་ཏིལ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་པ་དང ། རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སེང་གེའི་མགོ་ཅན་དང ། ཕ་ཝང་གི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ་བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མཱ་ར་ཡ་ཧཱུཾ། ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུཾ། ཨོཾ་བཛྲ་ན་ཀུ་ལ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང ། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དྲེས་ཀྱི་མགོ་ཅན་དང ། སྲེ་མོའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥ་ཊ་སྥ་ཊ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུཎྜེ་མཾ་ཧཱུཾ། ཨོཾ་བཛྲ་རཀྵ་ས་མུ་ཁི་ཧཱུཾ། ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང ། རྡོ་རྗེ་ལྷ་མོ་རིག་བྱེད་མ་དང ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང ། བྱི་བའི་མགོ་ཅན་ནོ། །ོཾ་བཛྲ་ཡཀྵ་ས་ད་ཧཱུཾ་ཛཿ ་ཨོཾ་བཛྲ་བྷེ་ར་བེ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་བཾ། ཨོཾ་བཛྲ་མ་ར་ཎ་ཧཱུཾ་ཧོཿ ་འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན་དང ། ལྷོར་བྱ་རོག་གི་མགོ་ཅན་དང ། ནུབ་ཏུ་སྲིན་བྱའི་མགོ་ཅན་དང ། བྱང་དུ་ཁྲའི་མགོ་ཅན་ནོ། །འཁོར་བ་ཕུར་བུ་བསྒྲུབ་དོན་དུ། །དབང་དང་བྱིན་བརླབས་ཞུས་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང ། །རྟགས་དང་མཚན་མ་བསྟན་པ་དང ། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དུས་གསུམ
88.49b
སངས་རྒྱས་སྲས་བཞིན་དུ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང ། །ལུས་ངག་ཕྱེ་མར་མཛད་ནས་ཀྱང ། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ོཾ་ལཾ་ཧཱུཾ་ལཾ། སྟཾ་བྷ་མཾ་མོ་ཧག་ཧ་ཡ། བྷ་ག་ཝཱན། ཧྲཱིཿ ཥྚཱིཿ བི་ཀྲི་ཏ་བཛྲ་ཧཱུཾ་ཀ་ར་ཧཱུཾ། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་ཛཿ ཧཱུཾ་བཾ་ཧོ། སརྦ་བིགྣ་ནན། བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང ། །སྡུག་བསྔལ་སེམས་ལ་མཉམ་སྦྱོར་བ། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུང་ཅིག་རྡུངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་དབྱེ་བར་གྱིས། །རིང་ནས་ཁུག་ལ་སྨྲ་རུ་ཆུབ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བདག་གི་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་ནུས་པར་གྱིས། །ཧཱུཾ་པ་ར་བིདྱ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲིཧྞ་གྲྀཧྞ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་སཾ་ཡ་རི་ཧྲིཿ དཎྜ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལཱ་པ་ཡ། ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤེ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། ཕོ་ཉ་བྲན་དང་མངག་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང ། །མངོན་སྤྱོད་བྱིན་བརླབས་དེ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་ཡེཛྲ། ཛ་ཡ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། མཱ་ར་སེ་ནྱ་པྲ་མ་ར་ད་ནི་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་བ་ཤཱཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཤིག
88.50a
ལྷ་མིན་ལྷ་ཡང་རུང ། །ང་ལ་བར་ཆོད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ཀཱི་ལ་ཡ་བཅཝ་བརྒྱད་བཟླས་ནས་སྙིང་དཀར་ནག་གི་མཚམས་སུའོ། །ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱ་པཎ་ཌི་ཏས། གཡས་རུའི་ས་ཆ། ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། །།།།[ ]།།[ ]།།[ ]།།[ ]།།[ ]སྟག་ལུང་རྒྱུད་འབུམ་ལས་བཏུགས་པའི་མ་ལས་ཞུས།།[ ]།།[ ]།།ཞུས་གཉིས་ཞུས་དག[ ]།།[ ]།།[ ]།།[ ]།།།།[ ]།།[ ]།།[ ]།།[ ]།།[ ]།།[་]།།[ ]།།[ ]།།[ ]།།[ ]།།