rKTs


J515

(e-text produced by ADARSHA)

see text in transliteration
97.68a
༄##། །རྒྱ་གར་སྐད་དུ། ་མ་ཧཱ་སཱ་ཧ་སྲ་པྲ་མརྡ་ནཱ་མ་སཱུ་ཏྲ། ་བོད་སྐད་དུ། ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་ཀྱི་ངོས་སངས་རྒྱས་ཀྱི་སྤྱོད་ཡུལ་ཤིང་ལྗོན་པ་རབ་ཏུ་སྣང་བའི་ནག་ཚོགས་ན་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་རྒྱ་ལྔ་བཅུ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽད་གོལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་འོད་བསྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ག་ཡ་འོད་སྲུངས་དང ། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང ། ཚེ་དང་ལྡན་པ་ཅང་ཤེས་ཀཽ་དེ་ནྱ་དང ། ཚེ་དང་ལྡན་པ་དགའ་བྱེད་དང ། ཚེ་དང་ལྡན་པ་བཀཱའ་ཏྱའི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་བཀྐུ་ལ་དང ། ཚེ་དང་ལྡན་པ་བརླངས་པ་དང ། ཚེ་དང་ལྡན་པ་བསྲུས་པོ་ཆེ་དང ། ཚེ་དང་ལྡན་པ་ངག་དབང་དང ། ཚེ་དང་ལྡན་པ་རྟ་ཐུལ་དང ། ཚེ་དང་ལྡན་པ་རབ་འབྱོར་དང ། ཚེ་དང་ལྡན་པ་ལག་བཟང་དང ། ཚེ་དང་ལྡན་པ་མ་འགག་པ་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང ། ཚེ་དང་ལྡན་པ་ནམ་གྲུ་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་བར་དུ་དེ་ལ་སོག་པའི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ཡི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷའི་རྒྱལ་པོ་མ་སྐྱེས་སྒྲས་ན་བཟའ་དང ། བཤོས་དང་གཟིམ་ཆ་དང ། སྙུན་གྱི་གསོལ་སྨན་དང ། ཡོ་བྱད་རྣམ་ཀྱིས་བཀུར་བསྟི་བྱས། བླ་མར་བྱས་བསྟིང་བསྟང་དུ་བྱས། མཆོད་པར་བྱས་སོ། །ཡང་དེའི་ཚེ་ས་ཡང་ཆེར་གཡོས་པར་གྱུར། སྤྲིན་འདུས་པ་ཆེན་པོ་ཡང་བྱུང ། དུས་མ་ཡིན་པའི་རླུང་དང ། སེར་བ་ཆེན་པོ་དང ། སྤྲིན་ཆེན་པོ་ལས་ཆར་པ་ཆེན་པོ་ཡང་འབབ་པར་འགྱུར།
97.68b
འབྲུག་ཀྱང་དི་རི་རི་ཟེར། གློག་ཀྱང་བྱུང ། ཕྱོགས་བཅུ་ཡང་འཁྲུགས་པར་གྱུར་ཏོ་མུན་པ་མུན་ནག་ཆེན་པོ་ཡང་བྱུང་སྟེ། སྐར་མ་རྣམ་ཀྱང་མི་སྣང་ཉི་མ་དང་ཟླ་བ་རྣམ་ཀྱང་འོད་དང་མི་ལྡན་པར་གྱུར་ཏེ། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་ཞིང་འོད་མི་གསལ་བར་གྱུར་ཏོ། །དེ་ནས་ཡང་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིག་པ་དེ་དག་བྱུང་བ་དང ། ཡངས་པ་ཅན་གྱི་ལིད་ཙ་བྱི་ཁ་ཅིག་གིས་གྲོང་གཞན་དང་གྲོང་ཁྱེར་པ་གང་ཡིན་པ་དེ་གདོན་འབྱུང་པོས་བཏབ་པར་འགྱུར། གྲོང་གིས་གཞོན་ནུ་རྣམས་དང་ཙིས་མཁན་རྣམ་དང་བློན་པོ་དང ། བློན་པོ་ཆེན་པོ་དང ། འཁོར་ན་གནས་པ་དང ། བྲན་ཕོ་དང་བྲན་མོ་དང ། ལས་བྱེད་པ་དང་མངག་པ་དང་གཡོག་ཁ་ཅིག་ཀྱང་གདོན་འབྱུང་པོས་བཏབ་པར་གྱུར་ཡུལ་ཡངས་པ་ཅན་གྱི་ལྗོང་ཀུན་གྱི་དགེ་སློང་དང ། དགེ་སློང་མ་དང་དགེ་སྙེན་དང ། དགེ་བསྙེན་མ་རྣམ་ཀྱང་འཇིགས་སྐྲགས་དངང་ཏེ་སྐྱི་བུང་ཞེས་བྱེད་ནས་ཁ་གནམ་དུ་བལྟས་ཏེ་ངུ་འབོད་ཅིང ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་བྲམ་ཟེ་དང་ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང ། ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚང་པ་ལ་ཕྱག་འཚལ་ཁ་ཅིག་ནི་བརྒྱ་བྱིན་ལ་ཁ་ཅིག་ནི་འཇིག་རྟེན་སྐྱོངས་བ་རྣམ་ལ་ཕྱག་འཚལ་ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང ། ནོར་བུ་བཟང་པོ་དང ། གང་བ་བཟང་པོ་དང ། འཕྲོག་མ་དང་ཉི་མ་དང་ཟླ་བ་དང་གཟའ་དང ། སྐར་མ་དང་རི་དང་ནགས་འཚོགས་དང་སྨན་དང ། ཤིང་ལྗོན་པ་དང་ཀླུང་དང ། ལྟེང་ཀ་དང་མཚེའུ་དང་རྫིང་བུ་དང་རྫིང་དང ། མཆོད་བརྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་བདག་ཅག་འདི་འདྲ་བའི་གནོད་པ་འཇིགས་པའི་གནས་ནས་ཇི་ལྟར་ཐར་བར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག་བཅོམ་ལྡན་འདས་ཀྱི་མི་ལས་འཕགས་པའི་སྤྱན་རྣམ་པར་དག་པས་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་མངོན་པར་འདུས
97.69a
མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱི་གོ་བར་གྱུར་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ཏེ་འདུས་པར་གྱུར་པ་རྣམ་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུས་མཛད་པ་མངོན་པར་འདུ་མཛད་དོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང ། ཚངས་རིས་ཀྱི་ལྷ་རྣམ་དང་ལྷ་རྣམ་ཀྱི་དབང་པོ་བརྒྱ་བྱིན་དང ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་རྒྱལ་པོ་ཆེན་པོ་བཞི་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་གནོད་སྦྱིན་ཆེན་པོ་སྟོབས་པོ་ཆེ་སུམ་བཅུ་རྩ་གཉིས་དང་འཕྲོགས་མ་བུ་དང་བཅས་འཁོར་དང་བཅས་པ་ཁ་དོག་འཕགས་པ་དག་ནུབ་མོ་འདས་པ་དང ། དག་པ་ལྟ་བུའི་བྱ་རྒོད་ཕུང་པོའི་རི་ལ་བདག་གི་ཁ་དོག་དང་མཐུས་སྣང་བ་ཆེན་པོས་སྣང་བར་བྱས་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་ཅིག་ཏུ་འཁོད་ནས་ཚིགས་ཅིག་དབྱངས་གཅིགས་ངག་གཅིག་ཏུ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། ཤིན་ཏུ་འབར་བའི་གསེར་དང་འདྲ། །ཟླ་བ་ཉི་མའི་འོད་དང་མཚུངས། །དཔལ་ལྡན་རྣམས་ཐོས་བུ་བཞིན་བརྟན། །རིན་ཆེན་རྣམས་ཀྱི་འབྱུངས་གནས་ལགས། །སེང་གེ་གླང་ཆེན་འདྲ་བའི་འགྲོས། །གླང་ཆེན་མྱོས་པ་བཞིན་དུ་གནོན། །གསེར་གྱི་རི་བོ་དང་ཡང་མཚུངས། །འཛམ་བུའི་གླིང་གི་གསེར་བརྒྱན་འདྲ། །སྐར་མ་རྣམ་ཀྱི་ཡོང་བསྐོར་བའི། །ནམཁའི་ཟླ་བ་དྲི་མེད་བཞིན། །ཉན་ཐོས་དགེ་འདུན་རྣམས་ཀྱི་དབུས། །མཚན་རྣམ་ཀྱིས་ནི་རྒྱན་པར་འགྱུར། །ལྷ་དང་བཅས་པའི་འཇིག་རྟེན་འདི། །ཐུབ་པ་ལ་ནི་བསྐྱབས་སུ་མཆི། །མི་རྣམས་ལ་ནི་ཕན་པའི་ཕྱིར། །བསྲུངས་བ་དུས་སུ་ཉེ་བར་གནས། །སངས་རྒྱས་སྔ་མས་བཤད་པའི། །སྟོང་ཆེན་རབ་འཇོམས་མདོ་སྡེ་འདི། །ཁོར་ར་འཁོར་ཡུག་རི་མཐའི་བར། །མཚམས་གཅོད་པའི་དམ་པ་ལགས། །
97.69b
ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཆོས་ཀྱིས་རྒྱལ་པོ་ཐུབ་ཆེན་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུད་རྩམ་ཅིག་ཅང་མི་གསུང་བར་དགོངས་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་ཁྱོད་ཀྱིས་འཁོར་ངའི་འཁོར་ལ་འཚེ་བར་སེམས་པ་དེ་ནི་ཚུལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིའི་འཇིག་རྟེན་འདིར་སངས་རྒྱས་བྱུང་བ་དང ། ཆོས་ལེགས་པར་གསུངས་པ་དང ། དགེ་འདུན་ལེགས་པར་བསྒྲུབས་པ་དེ་ལ་ས་བོན་འདི་བཏབས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། རང་སངས་རྒྱས་རྣམས་དང ། དགྲ་བཅོམ་པ་རྣམས་དང ། ཉན་ཐོས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་ལ་འཇིག་རྟེན་དེ་དག་གིས་དགེ་བའི་རྩ་བ་བསྐྱེད་ནས་ལྷའི་རིས་སུམ་བཅུ་རྩ་གཉིས་ལས་ལྷའི་རིས་གང་ཡང་རུངས་བ་དག་དུ་སྐྱེ་བར་འགྱུར། རྒྱལ་པོ་དག་ཀྱང་དམག་རྣམ་བཞི་དང་ལྡན་པ་ནས་གླིང་བཞི་ལ་དབང་བའི་འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱ་འཚོ་ལ་ཐུག་པའི་སའི་དཀྱིལ་འཁོར་ཆེན་པོར་ཆོས་ཀྱིས་རྒྱལ་སྲིད་བྱེད་པར་འགྱུར་ཏེ། དེ་དག་ལ་ཡང་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཚན་པོ་ཆེའི་སྟོབས་ཀྱི་ཤུག་བདོག་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམ་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོང་འབྱུང་བར་འགྱུར་རོ། །དེ་བས་ན་འཇིག་རྟེན་འདིར་རྣམས་པ་འདི་ལྟ་བུ་འབྱུང་བར་འགྱུར་བར་ཁྱེད་སྙིང་ལས་ཆུང་ངུས་གནས་པས་གནས་པར་གྱིས་ཤིག་།དེ་ནས་རྒྱལ་པོ་རྣམ་ཐོས་ཀྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲགས་པ་གཅིག་ཏུ་གཟེར་ནས་པུ་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་གྲོང་དང་བསྐྱེད་མོ་ཚལ་དང་གཞལ་མེད་ཁང་དང་ཁང་པ་བརྩེག་པ་དང་བསིལ་ཁང་དང །
97.70a
སྒོ་ཁང་དང་རྟ་བབས་དང་སྐར་ཁུང་དང ། དར་གྱི་ལྡ་ལྡི་བཟངས་ཞིང་མཛེས་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དང་དྲིལ་བུ་དང་མུ་ཏིག་གི་དྲ་བས་ཡོངས་སུ་བསྐོར་བ་དང ། པོག་ཕོར་ནས་བདུག་པས་བདུག་པ་དག་དང་མེ་ཏོག་གིས་གཏོར་བས་ཁྱིམ་དང་གནས་དང་ཁང་པ་ཆེན་པོ་དག་མཆིས་ཏེ་དེར་བདག་ཅག་བུ་མེད་རྒྱ་ཕྲག་སྟོང་དག་གིས་ཡོངས་སུ་བསྐོར་ཅིང་འདོད་པའི་ཡོན་ཏན་ལྔ་ཚང་པར་སྤྱོད་པ་དང་ལྡན་པར་གྱུར་ནས་གནས་ཏེ་བཙུན་པ་བཅོམ་ལྡན་འདས་བདག་ཅག་རབ་ཏུ་མྱོས་པས་བག་མ་མཆིས་པར་གནས་པས་གནས་པ་ན། འཁོར་ཟས་དང་སྐོམ་ཚོལ་དུ་ཕྱོགས་བཅུ་ཀུན་ཏུ་བྱེར་ཞིང་སྐྱེས་པ་དང་བུ་མེད་དང་ཁྱེའུ་དང་བུ་མོ་དང་བཙས་མ་ཐག་པ་དང ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་མདངས་འཕྲོགས་འཚེ་བར་བགྱིད། བགེགས་བགྱིད་གསོད་པར་བགྱིད་སྲོག་དང་བྲལ་བར་བགྱིད་དེ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཅག་གིས་འཁོར་བཞིའི་མདུན་དུ་བདག་ཅག་གི་འཁོར་གྱི་ཚུལ་གྱི་མཚན་མ་བསྟན་པར་བགྱིའོ། །གང་གིས་འཁོར་གྱི་གདོན་བྱུང་བ་དེར་རྒྱལ་པོ་ཆེན་པོ་དེའི་གཟུགས་མཆོད་བརྟེན་དང་བཅས་པ་ཆེན་པོ་བགྱིད་ཏེ། ནད་པས་རྒྱལ་པོ་ཆེན་པོ་དེའི་མིང་ནས་འབྱུང་ཞིང་དྲི་སྣ་ཚོགས་ཀྱི་རང་གི་ལག་ནས་བདུག་པར་བགྱིའོ། །དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། ཞུགས་མར་བུས་ལ་མཆོད་རྟེན་དེ་ལ་མཆོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་འཁོར་གནོད་སྦྱིན་གྱི་གདོན་གྱིས་བཏབས་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། ཕྱི་ཕྱིར་རྒོད་ཅིང་འཇིགས་པར་འགྱུར། །སྨྲར་བར་བགྱིད་ཅིང་ཁྲོ་བར་འགྱུར། །དེ་ནི་གཉིད་ཀྱང་ལོག་པར་འགྱུར། །ཡང་ན་ཤིན་དུ་ན་བར་འགྱུར། །རྟག་ཏུ་གྱེན་དུ་ལྟ་བར་འགྱུར། །སྐར་མ་དག་ལ་སྙེག་པར་བགྱིད། །ནུབ་མོ་ཤིན་དུ་དགའ་བར་འགྱུར། །རྟག་དུ་འདར་ཞིང་སྒྲ་འབྱིན་ཏེ། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱི། །འཇིག་རྟེན་མགོན་པོ་བདག་ལ་གསོན། །
97.70b
སྱད་ཡ་ཐེ་དན། སིད་དྷེ་སུ་སིད་དྷེ། ས་ཏྭེ་ཨ་རེ། ཨ་ར་ཎེ་བ་ལེ་མ་ཧཱ་བ་ལེ་ཛམ་བྷེ་ཛ་ཊི་ལེ། ཨ་ཁ་ནེ་མ་ཁ་ནེ་ཁ་ཁ་ནེ། ཁ་རེ་ཊྚེ་ཁར་རྒེ་ཧ་རི་པིངྒ་ལེ་ཏེ་མིངྒི་ལེ་ཏི་མིངྒི་ལེ་ཏེ་མིངྒི་ལེ་ཏི་མིངྒི་ལི་ནི་མཾ་ག་ལྱེ་སཝ་ཧཱ། བདག་གི་སྔགས་ཀྱི་ཚིག་རྣམ་གྲུབ་པར་གྱུར་ཅིག་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་སྟོབ་དང་དབང་ཕྱུག་དང་བྱིན་གྱིས་བདག་དགེ་བར་གྱུར་ཅིག་སཝ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟེར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་དྲི་ཟའི་གདོན་གྱི་བཏབ་པའི་ཚུལ་གྱིས་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། གླུ་ལེན་ཅིང་ནི་བྲོ་བརྡུང་སྟེ། །རྒྱན་རྣམས་ལ་ཡང་དགའ་བར་བགྱིད། །བརྐམ་པ་མ་མཆིས་མེད་པར་སྨྲ། །རྒོད་པར་བགྱིད་ཅིང་ཁྲོ་བར་འགྱུར། །སྐོམ་པར་འགྱུར་ལ་མིག་དམར་ཏེ། །རྟག་ཏུ་རིམ་གྱི་འདེབ་པར་བགྱིད། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད། །དེ་ལ་སྔགས་ཀྱིས་ཚིགས་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཨ་ཁེ། ན་ཁེ། བི་ན་ཁེ། བྷན་དྷེ། བ་རཱངྒེ། ཙ་པ་ལེ་བ་ཁེ་བ་ཁ་ནེ། བ་གི་ནི། ཨ་ཁེ་ནི་ན་ཁེ་ནི། བ་ཧུ་ལེ། བྷ་ཁེ། བྷ་གན་ད་ལེ། བ་ཤེ་བ་ཤ་བརྟཱིན་སཝ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསུང་གི་མིང་དང ། སྟོབས་དང ། དབང་ཕྱུགས་དང ། བྱིན་གྱིས་བདག་གདོན་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སཝ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྟན་ལས་ལངས་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས
97.71a
གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་ཡི་དག་གྲུལ་བུམ་གྱིས་ཟིན་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། ཤིན་ཏུ་སྐོམ་པས་འདེབས་པར་འགྱུར། །གཡེང་བས་བཏབ་ཅིང་ལྟ་བར་འགྱུར། །བཞིན་ཡང་དམར་པོར་གདའ་བར་འགྱུར། །བསྐུམ་ནས་ས་ལ་ཉལ་བར་འགྱུར། །ཁ་དོག་ངན་ཅིང་ལུས་ཀྱང་སྐེམ། །སྐྲ་དང་སེན་མོ་རིང་བ་སྟེ། །དྲི་མ་ཅན་ལ་དྲི་མི་བདའ། །བརྫུན་དང་ཀྱལ་པ་སྨྲ་བར་བགྱིད། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཁ་ཁ་ཁ་མི། ཁ་ལ་ནེ། ཁ་ལ་མི། ཁ་རཱ་ལི། ཁ་ར་ལི། ཀ་ར་ཁེ། ཀ་ཤ་ནི། ཀ་ར་ཊེ། ཀཱ་ལི། ཀཱ་མི་ནི་བི་བ་ལེ། བི་དྷེ་ཡ་ཤ་ཡ་ནི་ས་མ་བ་ཏེ། ཤ་མ། ཤ་མ་ནི་སཝཱ་ཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་མིང་དང ། སྟོབས་དང་དབང་ཕྱུག་དང ། བྱིན་གྱིས་བདག་གི་གདོན་དང ། གནོད་པ་ཐམས་ཅད་ཐམས་ཅད་ཞི་བར་གྱུར་ཅིག་སཝཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་ཀླུ་འདབ་བཟངས་ཀྱི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི། འདི་ལྟ་བུ་ལགས་ཏེ། སྐྱེགས་བུས་འདེབས་ཤིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །རྔུལ་ཞིང་དབུ་བ་ཁ་ཆུ་འབྱུང ། །ཕྱི་ཕྱིར་གཉིད་ཀྱང་ལོགས་པར་འགྱུར། །ཁ་དོག་ལྡན་ཞིང་དཔའ་བ་སྟེ། །དེ་བཞིན་འདར་ཞིང་རྒྱུག་པར་འགྱུར། །སེན་མོ་དག་ཀྱང་སྟོན་པར་བགྱིད། །དོག་སར་མཆིས་ཤིང་ངུ་བར་བགྱིད། །དེ་ལ་བསྔགས་ཀྱི་ཚིག་མཆིས་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །སྱཱད་ཡ་ཐེ་དན། ཀྲ་ཀ་མི། ཀྲ་ག་མ་ནི། ཀྲ་ག་སེ། ཀྲུ་གྲ་ཤེ། ཀྲ་ཀྲ། ཤ་མི། ཀྲུ་ཤྲུ་མི་ཀྲུ་ཤྲུ་མེ། ཀྲུཀྐ། ཀུ་ཀླུ་མ། ཀྲུ་གེ། ཨ་ག་ལེ། ན་ག་ལེ། ས་མ་ག་ལེ།
97.71b
ཀུ་ཧུ་མེ་གུ་མེ། ཨ་ལ་ཀེ་།ཀ་ལུ་ཀེ་།ཀ་ལ་མ་ལེ། ག་ལ་ལེ། ཀ་ལ་ཊ་ཀེ་།ི་རི་མི་རེ། དྷི་རེ། ཨ་རུ་ག་བ་ཏི་སཝཱ་ཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང ། སྟོབས་དང ། དབང་ཕྱུག་དང ། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སཝཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཁོར་ཐམས་ཅད་ཀྱི་མདུན་དུ་སེང་གེའི་སྒྲ་བསྒྲགས་པ། ང་ནི་སྟོབ་བཅུ་དང་ལྡན་ཞིང་མི་འཇིགས་པ་བཞིས་འཇིགས་པ་མེད་པ་སྟེ། འཁོར་གྱི་ནང་དུ་སེང་གིའི་སྒྲ་ཁྱུ་མཆོག་ལྟ་བུ་རྒྱ་ཆེན་པོ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་བསྐོར་རོ། །སྡེ་དང་མཐུ་དང་བཞོན་བཅས་པའི། །བདུད་ཀྱང་གཅིག་གིས་རབ་ཏུ་བཏུལ། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར། །རིགས་སྔགས་ཐམས་ཅད་ང་ལ་ཉོན། །སྱཱད་ཡ་ཐེ་དན། ཨ་སང་གེ། ཁཊྒ་བ་ཏེ། བ་ལ་བ་ཏེ། བ་ལ་ནི་རྒྷོ་ཤེ། ཤཱུ་རེ། ཤཱུ་ར་བ་ཏེ་བཛྲས་མི། བཛྲ་ག་མེ་བཛྲ་དྷ་རེ། སྟམ་བྷེ། ཛཾ་བྷེ་དྲི་ཌྷ་སཱ་རེ། བི་ར་ཛེ་བི་གྷ་ཥེ། བ་རཱ་གྲ་པྲཱཔྟེ། ཨ་ར་ཎེ་ཨ་ར་ཎྱེ་དྷརྨྨ་ཡུག་ཏེ། དི་ཤི་བི་གྷུཥྚེ་སཝཱ་ཧཱ། དེ་བཞིན་གཤེགས་པའི་མཚན་དང ། སྟོབས་དང ། དབང་ཕྱུག་དང ། བྱིན་གྱིས་བདག་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱོགས་བཞིའི་འཇིག་རྟེན་སྐྱོངས་བ་དག་།སངས་རྒྱས་ཀྱིས་ནི་གསུང་ཐོས་ནས། །འཇིག་དང་སྐྲགས་དང་དངངས་གྱུར་ཏེ། །ཐལ་མོ་སྦྱར་ནས་འཁོད་པར་གྱུར། །འབྱུང་པོའི་ཚོགས་ནི་ལྷག་མ་རྣམས། །དངངས་འཁྲུགས་རོད་རོད་པོར་གྱུར་ནས། །ཕྱོགས་བཅུར་རབ་ཏུ་འབྱེར་བྱེད་ཅིང ། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །རྒྱལ་པོ་ཆེན་པོས་དེ་ཤེས་ནས། །གསང་བ་གསུམ་ནི་ཡང་དག་སྨྲ། །ཀྱེ་མ་རིག་སྔགས་རིག་སྔགས་ཆེ། །སྟོང་ཆེན་རབ་ཏུ་འཇོམ་བྱེད་པ། །སངས་རྒྱས་ཀྱིས་ནི་གསུངས་པ་དེ། །ཐོས་ནས་འབྱུང་པོ་སྐྲག་གྱུར་ཏེ། །དཔེར་ན་རབ་ཏུ་འབར་མེ་དང ། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །གཽ་ཏ་མས་ནི་རབ་བཤད་པའི། །རིག་སྔགས་སྤུ་གྲིའི་སོ་དང་འདྲ། །དྲང་སྲོང་ཚིག་ནི་ལེགས་བཤད་པ། །དེ་ལ་གང་ཞིག་མ་དད་ན། །
97.72a
དེ་ཡི་བུའི་ཐུ་བོ་ནི། །ཚངས་པའི་ཞག་པས་མེད་པར་འགྱུར། །མེ་ནི་རབ་ཏུ་འབར་བྱས་ནས། །བླ་དང་འོག་དང་ཕྱོགས་བཞིར་ཡང ། །སྦྱིན་སྲེག་གི་ནི་ཆུས་གཏོར་ཏེ། །ནས་དང་ཡུངས་ཀར་བླངས་ནས་སུ། །མར་གྱི་སྙིང་པོ་དང་སྦྱར་ནས། །མེའི་ནང་དུ་བླུགས་པར་བྱ། །ལེགས་པར་གསུངས་པ་འདི་ཐོས་ནས། །གལ་ཏེ་མྱུར་དུ་མི་གཏོང་ན། །ཐམས་ཅད་འབར་བར་འགྱུར་བ་ནི། །མར་དང་ཡུངས་ཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་བསྡིགས་ནས་སུ། །དེ་དག་བདེ་བ་མི་རྙེད་དེ། །དེའི་རྩིབ་ལོགས་གཡས་པར་ནི། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱི་བཏབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གཞར་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲགས་དང་ལྡན་པ་ཡི། །ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །འབྱུང་པོ་མང་པོ་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་ནི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་འབྲལ་བར་འགྱུར། །སྟོང་ཆེན་རབ་འཇོམ་མདོ་སྡེ་ལ། །གནོད་སྦྱིན་གང་དག་མི་ཕྱོགས་པ། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནི་འགེམས་པར་འགྱུར། །སྤུ་གྲི་སོ་ནི་རྩུབ་པོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །མཚོན་ཆ་ཤིན་དུ་རྣོན་པོ་ཡིས། །དེའི་སྣ་དང་རྣ་བ་བཅོད། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །གླད་པ་རབ་ཏུ་གཤགས་པར་བྱེད། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེའི་སྙིང་ལ་འཇོམ་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག་།དེ་ཡི་ཁ་ནས་འཛག་པར་འགྱུར། །རིག་སྔགས་ཞག་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ན། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །ཕྱོགས་བཞི་དག་ཏུ་སོང་གྱུར་ནས། །ཆོས་ཀྱི་གོ་ཆ་བགོས་གྱུར་ཏེ། །བཟང་པོའི་ཁྲི་ལ་འདུག་པ་ནི། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང ། །ལྷོ་ཕྱོགས་ན་ནི
97.72b
འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །དཔལ་དང་གཟི་བརྗིད་འབར་བ་ཡི། །རྒྱལ་པོ་དག་ནི་ཕྱིན་པ་དང ། །དེ་ཚེ་སྟོན་པ་ཐམས་ཅད་མཁྱེན། །བར་སྣང་གནས་ལ་རབ་ཏུ་འཕགས། །ཚངས་པས་སྤྲུལ་པའི་གཞལ་མེད་ཁང ། །དེར་ནི་རྡོ་རྗེའི་གདན་ལ་བཞུགས། །དེ་ནས་ཚངས་དང་ཚངས་ཆེན་རྣམས། །ཐལ་མོ་སྦྱར་འཁོད་ཕྱག་འཚལ་ལོ། །དཔལ་ལྡན་གསེར་གྱི་རི་བོ་འདྲ། །གསེར་གྱི་མཆོད་སྡོང་དང་ཡང་མཚུངས། །མེ་ཏོག་པད་མ་བཞིན་དུ་རྒྱས། །ས་ལའི་རྒྱལ་པོ་བཞིན་དུ་རྒྱས། །ཉི་མ་དང་འདྲ་ཟླ་ཉ་ལ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་བཞིན། །ཐུབ་སྐུ་གསེར་གྱི་ཁ་དོག་ལ། །མཚན་རྣམས་ཀྱི་ནི་ཡོངས་སུ་བསྐོར། །འཇིག་རྟེན་མེས་པོ་ཚངས་པ་ཡིས། །འཇིག་རྟེན་སྒྲོན་མ་བསྟོད་བྱས་ཏེ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། །འཇིག་རྟེན་སྐྱོང་གི་འཁོར་རྣམས་ཀྱིས། །རྗེས་སུ་བསྟན་པ་མ་ཐོབ་སྟེ། །གང་ཕྱིར་འདི་ལས་སངས་རྒྱས་དང ། །རང་སངས་རྒྱས་དག་འབྱུང་འགྱུར་ཞིང ། །འདི་ལས་ཉན་ཐོས་རྣམས་ཀྱང་སྐྱེ། །ལྷ་རྣཾས་དག་ཀྱང་སྐྱེ་བར་འགྱུར། །རིག་བྱེད་ཡན་ལག་དྲུག་མཐར་ཕྱིན། །བྲམ་ཟེ་རྣམས་ཀྱང་སྐྱེ་བར་འགྱུར། །དྲང་སྲོང་སྐལ་བ་ཆེན་པོ་དང ། །དགེ་སྦྱོང་བྲམ་ཟེ་འདི་ལས་སྐྱེ། །ཁྱེད་ཅག་སྙིང་ལས་ཆུང་བྱེད་པ། །མིའི་སྐྱེ་དགུ་གནོད་པར་འགྱུར། །ཚངས་པ་ཡི་ནི་ཚིག་ཐོས་ནས། །འཇིག་རྟེན་སྐྱོང་གི་ཚིག་སྨྲས་པ། །ཚངས་པ་ཆེན་པོ་དེ་བཞིན་ནོ། །ཐུབ་པ་ཆེན་པོ་དེ་བཞིན་ནོ། །བདག་གི་རི་རབ་བསྒུལ་བྱས་ཤིང ། །ས་ཡང་རབ་ཏུ་བཟློག་བྱས་པ། །རྒྱ་མཚོ་ལ་ནི་ཐུག་པ་རྣམས། །རྣམ་པར་སྦྱང་བ་ཉིད་དུ་བྱ། །ཞག་པ་དམ་པོ་མ་ཉམ་པས། །ཉི་མ་ཟླ་བ་རླུང་རྣམས་དང ། །སྐར་མ
97.73a
དག་ནི་ཐམས་ཅད་ཀྱང ། །བདག་གིས་སུ་ནི་བཅིང་བར་བྱ། །གང་དག་རབ་ཏུ་སྡང་བྱེད་ཅིང ། །འཇིག་རྟེན་ལ་ནི་ཕན་མི་བྱེད། །དེ་དག་ལ་ནི་ཐམས་ཅད་དུ། །ཕྱོགས་ཀྱང་སྣང་བར་མི་བྱའོ། །འཇིག་རྟེན་ལྷ་དང་བཅས་པ་དེ། །འབྱུང་པོ་རྣམས་ཀྱི་ཕྱིར་སྨོད་དོ། །འབྱུང་པོ་མིའི་སྐྱེ་དགུ་ལ། །གནོད་པར་བྱེད་ཅིང་འཚེ་བར་བྱེད། །གང་དག་སྔགས་དང་སྨན་རྣམས་དང ། །རིག་སྔགས་ལས་ནི་འདའ་བྱེད་པ། །འདི་ལ་སྔགས་ཀྱི་དམ་པ་ནི། །ཕ་རོལ་གནོན་པ་སྟོན་པར་བྱེད། །རིག་སྔགས་ལས་ནི་འདའ་བའི་འཁོར། །ཀུན་དུ་ཆད་པས་བསྡིགས་བྱས་ཏེ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །ཡང་དག་པར་ཡང་བརྗོད་པར་བགྱི། །གང་གི་འབྱུང་པོའི་དཀྱིལ་འཁོར་དུ། །འདི་བཤད་པ་ན་མི་ཉན་པ། །དེ་དག་ཆད་པ་བཤད་པར་བྱ། །ཚངས་པས་སྤྲུལ་པའི་མདོ་སྡེའོ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ཏེ། །ཕན་ཚུན་དུ་ནི་བལྟ་བྱས་ནས། །བཻ་ཌཱུརྱ་དང་གསེར་དང་དངུལ། །མུ་ཏིག་རྣམས་དང་ཤེལ་དག་དང ། །སྤུག་དང་རྡོ་ཡི་སྙིང་པོ་དང ། །རིན་ཆེན་བདུན་གྱིས་བརྒྱན་པའི། །རྩིབས་སྟོང་ཁ་དོག་གསེར་འདྲ་བའི། །ཤིང་རྟ་རྣམ་པ་བཞི་བྱས་པ། །བཟོ་རྣམས་ཀུན་དང་ལྡན་པ་སྟེ། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །རྒྱལ་པོ་དག་ནི་དེར་བཞུགས་ནས། །འབྱུང་པོའི་དཀྱིལ་འཁོར་ཉིད་དུ་དོང ། །ས་ནི་གསེར་གྱིས་ཕྱེ་མ་དང ། །མེ་ཏོག་དག་གིས་བཀང་བྱས་ནས། །མགུལ་པར་ལྟུང་དང་སྐུད་པ་དང ། །ཞགས་པ་དག་ཀྱང་གདགས་བྱོས་ལ། །ཕྱོགས་ཀྱི་ས་ནི་ཅི་སྙེད་པའི། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན། །ཕྱོགས་བཞི་དག་ཏུ་དགྱེ་བ་བྱས། །སྟོང་ཆེན་རབ་ཏུ་འཇོམས་པ་ཡི། །མདོ་སྡེ་ཡི་ནི་དམ་པ་འདི། །ཚངས་པའི་འཇིག་རྟེན་བར་དུ་བྱུང ། །ལྷ་རྣམས་ཀུན་གྱིས་རྣམས་པར་བསམས། །སྟོང་ཆེན་པོའི་ལུས་ཀྱི་སུ། །གནོད་སྦྱིན་དང་ནི་སྲིན་པོ་བཏུལ། །ལུས་ངན་པོའི་ཚིག་ཐོས་ནས། །གནོད་སྦྱིན་གྱི་ནི་སྡེ་དཔོན་དག་།ཕྱོག་བཞི་དག་ཏུ་སོང་ནས་སུ། །གསང་བ་པོ་ལ་དྲག་ཏུ་བསྒོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །དྲི་ཟ་ལས་བྱུང་གདོན་གྱི་རྣམས། །
97.73b
ཤར་ཕྱོགས་ཆ་ན་འཁོད་པ་དག་།མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གྲུལ་བུམ་ལས་བྱུང་གདོན་གྱི་རིགས། །ལྷོ་ཕྱོགས་ཆ་འདིར་འཁོད་པ་དག་།མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔའི་བསྡམས་པའི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །ཀླུ་ལས་གདོན་དུ་གྱུར་པ་རྣམས། །ནུབ་ཕྱོགས་ཆ་འདིར་འཁོད་པ་དག་།མདོ་སྡེའི་ཞག་པས་དེ་དག་ཀུན། །བཅིང་བ་ལྔའི་བསྡམས་པའི། །འབྱུང་པོ་མང་པོ་ང་ལ་ཉོན། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གནོད་སྦྱིན་ལས་ནི་གདོན་གྱུར་པ། །བྱང་ཕྱོགས་ཆ་འདིར་འཁོད་པ་དག་།མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་པ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ལུས་ངན་པོའི་བུ་ཐུ་བོ། །ཀུན་དུ་དུ་རྒྱལ་བ་མི་ལ་ཞོན། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་བཅུ་དག་།བཅིང་པ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞག་པ་ཀུན་དུ་དྲངས། །དེ་ཉིད་ཀྱི་ནི་བུ་གཉིས་པ། །སྐྱེད་པ་པོ་ཞེས་རྣམ་གྲགས་པ། །དེ་ཡི་དྲུང་ན་འཁོད་པའི། །གནོད་སྦྱིན་བྱེ་བ་དྲུག་བཅུ་དག་།བཅིང་པ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞག་པས་ཀུན་དུ་དྲང ། །དེ་ཉིད་ཀྱི་ནི་བུ་གསུམ་པ། །དེ་ཡི་མིང་ནི་གདོན་པོ་ཆེ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་བཅུ་རྣམས། །བཅིང་པ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞག་པ་ཀུན་དུ་དྲངས། །དེ་ཉིད་ཀྱི་ནི་བུ་བཞི་པ། །དེ་ཡི་མིང་ནི་བུམ་པའི་ལྟོ། །དེའི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་བཅུ་རྣམས། །བཅིང་པ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །དབང་ཕྱུག་ཆེན་པོ་ལྷ་ཆེན་པོ། །ལག་བཞི་པ་ལ་སྟོབས་པོ་ཆེ། ། དེ་ཡི་དྲུང་ན་འཁོད་པའི། །གནོད་སྦྱིན་བྱེ་བ་དྲུག་བཅུ་རྣམས། །བཅིང་པ་རྣམས་པ
97.74a
ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །འབྱུང་པོ་འཇོམས་པའི་རི་ལ་ནི། །འབྱུང་པོ་ཐམས་བཅད་ལྷགས་ནས་སུ། །རིགས་སྔགས་ཐམས་ཅད་འབྱུང་བའི་གནས། །རིག་སྔགས་འདི་ནི་ཀུན་དུ་བསམ། །ཆད་པ་མི་ཟད་དྲག་པོ་སྟེ། །གང་ཕྱིར་སངས་རྒྱས་ཀུན་གྱིས་གསུངས། །གཽ་ཏ་མ་ལ་གུས་པར་ནི། །ཐམས་ཅད་དེ་ལ་སྐྱབས་སུ་སོང ། །གཡོ་མེད་པར་ནི་རྗེས་ཞུགས་ཤིག་ ། ཐམས་ཅད་མེད་པར་གྱུར་ཏ་རེ། །དེ་ནས་ཐང་ཅིག་ཡུད་ཙམ་གྱིས། །འབྱུང་པོ་མང་པོ་ཐམས་ཅད་ལྷགས། །རི་རྣམས་དང་ནི་གཡང་ས་དང ། །རྒྱ་མཚོ་དང་ནི་མཚོ་རྣམས་དང ། །ཀླུང་དང་འབབ་ཆུ་ལུ་མ་དང ། །དབའ་རློང་དག་ན་གང་འཁོད་དང ། །བསྐྱེད་མོས་ཚལ་དང་གཞལ་མེད་ཁང ། །ཀུན་དགའ་དང་ནི་ནགས་རྣམས་དང ། །མཆོད་རྟེན་གནས་དང་གྲོང་གི་གནས། །ལྗོན་ཤིང་དྲུང་ན་གང་གནས་དང ། །གྲོང་ཁྱེར་སྒོ་དང་གྲོང་དང་ནི། །གྲོང་རྡལ་དང་ནི་ལྗོངས་རྣམས་དང ། །རྒྱལ་པོའི་ཕོ་བྲང་སྒོ་རྣམས་དང ། །གཞལ་མེད་ཁང་ན་གང་གནས་དང ། །དཀྱིལ་འཁོར་དག་དང་དུར་ཁྲོད་དང ། །དེ་བཞིན་ལྷ་ཁང་རྣམས་དང་ནི། །མཚམས་དང་ཤོ་གམ་གནས་རྣམས་དང ། །ཁང་སྟོང་དང་ནི་གྲམ་ས་དང ། །གནོད་སྦྱིན་གང་རྣམས་བླ་འོག་དང ། །ཕྱོགས་བཞི་དང་ནི་མཚམ་རྣམས་ནས། །གནོད་སྦྱིན་བྱེ་བ་སྟོང་རྣམས་ནི། །རིག་སྔགས་ཞགས་པས་བཀུག་པ་རྣམས། །རྫ་རྔ་དག་ནི་བརྡུངས་ནས་སུ། །ལ་ལས་རྔ་ཟླུམ་དག་ནི་བརྡུངས། །པི་ཝང་གླིང་བུ་འཁར་བའི་རྔ། །སྟོབས་ཆེན་རྣམས་ནི་སྒྲ་འབྱིན་ཏེ། །རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང ། །གླུ་དང་གར་རྣམས་བྱས་ནས་སུ། །དབང་པོ་ཟླ་བ་ཆུ་ལྷ་དང ། །བྷ་ར་དྭ་ཛ་སྐྱེ་དགུའི་བདག་།མི་ལྡན་པ་དང་ཀུན་དུ་ལྟ། །མངོན་ཤེས་གང་ཅན་རྫོགས་པ་དང ། །ཙན་དན་དང་ནི་འདོད་ཆོག་དང ། །མགུལ་བ་མཛེས་དང་མགུལ་ངེས་དང ། །སྐྱེ་དགུའི་བླ་མར་གྱུར་པ་དང ། །ལྷ་ལས་བྱུང་བའི་མ་ལྡན་དང ། །
97.74b
དྲི་ཟ་སྣ་ཚོགས་སྡེ་དང་ནི། །མི་རྒྱལ་རྒྱལ་བའི་ཁྱུ་མཆོག་དང ། །དེ་བཞིན་ཕུང་པོ་ལྔ་ཞེས་བྱ། །གཡེར་མ་དང་ནི་ཉི་ཟེར་དང ། །ཉ་ལྗིབས་དང་ནི་རལ་གྲི་པུ། །ཀུན་གྱི་བཤེས་དང་གྲག་འཛིན་དང ། །འབྲོག་གནས་དང་ནི་ཡིད་བཟངས་དང ། །ཁབ་སྣ་དང་ནི་རི་སུལ་ཁ། །ལྔ་འཛིན་དང་ནི་ཁབ་བཟངས་དག་།སྡེ་དང་དཔུང་དང་བཞོན་པར་བཅས། །ལྷ་དང་ཀླུ་དང་དྲི་ཟ་དང ། །གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །ཉིན་གསུམ་པའི་སྨྱོ་བྱེད་དང ། །དེ་བཞིན་བཞི་པའི་རིམས་དག་དང ། །འཇིག་རྟེན་འཚེ་བ་གང་ཡིན་པ། །གནོད་སྦྱིན་སྲིན་པོ་མ་རུངས་རྣམས། །ཕྱོགས་བཞི་ནས་ནི་བཀུག་ནས་སུ། །བཅིང་བ་ལྔའི་བསྡམས་པ་རྣམས། །འཇིག་རྟེན་མགོན་པོའི་སྤྱན་སྔར་རུ། །ཐལ་སྦྱར་འཁོད་ནས་འདི་སྐད་སྨྲས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་དག་གི་ནི་མདུན་རྒྱུག་པ། །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ལག་པ་བཞི་པ་མ་རུངས་པ། །རྐང་མངས་དང་ནི་རྐང་གཅིག་པ། །རྐང་བཞི་པ་དང་རྐང་གཉིས་པ། །རྐང་པ་བསྒྲེང་ལ་སྤྱིའུ་ཚུགས་དང ། །ལུས་མང་མགོ་བོ་གཅིག་པ་དང ། །ལུས་གཅིག་པ་ལ་མགོ་བཞི་པ། །མིག་མངས་པོ་ལ་ལུས་ཕྱེད་དང ། །མིག་གཅིག་ལྟོ་ནི་བཅུ་གཉིས་དང ། །བོང་བུ་རྔ་མོ་གླང་ཆེན་མགོ་།ལག་པ་སྒྲེང་ལ་མགོ་བཏུད་དང ། །མཚོན་ཆའི་སོ་དང་མཚོན་ཆའི་ལག་།མཚོན་ཆའི་རྐང་པ་སྲིན་པོའི་རྣམས། །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག་།ཟངས་ཀྱི་མཐོ་བའི་རྐང་པ་དང ། །ཟངས་ཀྱི་སྣ་དང་ཟངས་ཀྱི་ཁ། །རྐང་ལག་ཀུན་དུ་འབར་བ་དང ། །མིའི་ལུས་སུ་གནས་པ་རྣམས། །སྒུར་ཞར་ལྦ་བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་དང་ཁ་རལ་པོ། །མཆུ་འཕྱངས་པོ་དང་སོ་ཡོན་པོ། །རབ་ཏུ་གཏུམ་པོ་ཁྲོ་གཉེར་ཅན། །གསུས་པོ་ཆེ་དང
97.75a
བུམ་རྣ་པོ། །རྣ་ཕྱངས་པ་དང་རྣ་བ་མེད། །ལགས་རིངས་དང་ནི་རྣ་བ་རིང ། །སྣའི་རྩེ་དང་ལག་རྩེ་རིང ། །ལུས་སྐམ་ལུས་ནི་རིང་བ་དང ། །སྐྲ་རིངས་རབ་ཏུ་བརྒྱན་པ་དང ། །རྐང་པ་མིད་པ་ཕྲ་བ་དང ། །དྲི་ང་བ་དང་བུམ་ལྟོ་བོ། །ཡན་ལག་ཆུ་སྲིན་འདྲ་བ་དང ། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །མགོ་བོ་ཆེ་ལ་གཞུ་མགྲིན་བོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བོ། །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ལྗོན་ཤིང་རི་དང་རྡོ་བ་དང ། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །དུང་དང་རྔ་ཆེན་རྫ་རྔ་དང ། །གྲུལ་བུམ་རྔ་བྲན་རྣམས་ཀྱི་སྒྲ། །འཇིག་པའི་སྒྲ་ནི་རབ་ཏུ་འབྱིན། །མིད་པོ་ཆེ་ལ་བུང་བུའི་སྒྲ། །ནག་པོ་སེར་པོ་སྔོན་པོ་དང ། །དམར་སེར་མེ་ལྟར་དམར་སེར་དང ། །ཁབ་འདྲའི་སྤུ་དང་རལ་གྲིའི་སྐྲ། །དམར་པོ་ཁྲག་གིས་བསྐུས་པ་རྣམས། །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག་།སོ་རྣོན་ལག་པ་དམར་པོ་དང ། །མཆུ་ནི་ཁྲག་གིས་བསྐུས་པ་དང ། །ལུས་ཕྱེད་དག་ནི་ཟོས་པ་དང ། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙིམ་པ་ཤིན་དུ་བཀང་བ་དང ། །བྱིན་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག་།ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁྲག་གིས་རབ་ཏུ་བཀང་བ་ཡི། །མི་ཡི་ལྤགས་པ་ཐོགས་ནས་སུ། །མི་བཟང་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམས་པར་རྒྱུག་།གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང ། །ཁྱིམ་ནས་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་བད་ཀན་མཁྲིས་པ་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །དེ་ལྟར་དེ་ན་རྒྱལ་པོ་ཡི། །གདོན་དང་འཇིགས་པ་ཆེན་པོ་རྣམས། །ལྷགས་པ་དེ་དག་ཐམས་ཅད་ཀྱང ། །རིག་སྔགས་ཞགས་པས་རབ་ཏུ་བསྡམས། །ཕྱག་འཚལ་སྐྱེས་བུ་དཔའ
97.75b
ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་གྲོང་དང་ཡུལ་འཁོར་དང ། །ཕོ་བྲང་འཁོར་ན་རྒྱུ་བ་ནི། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །ལུས་ཆེན་འཇིགས་པ་ཆེན་པོ་སྟེ། །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་བོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་ཞགས་པ་ཐོགས་པ་དང ། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེ་མདུང་རྩེ་ལག་ཐོགས་པ། །རབ་ཏུ་དྲག་པའི་དམག་བརྒལ་ནས། །ཕྱོགས་ཀུན་དུ་ནི་སྐྲག་པར་བྱེད། །སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དད་ཀུན་ཀྱང ། །མིའི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་གཞན་ཡང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་ལང་བོང་བུ་རྔ། །གླང་པོ་ཆེ་ཡི་གཟུགས་འདྲ་དང ། །དོམ་དང་གཟིག་དང་སྤྱང་ཀི་དང ། །ཁྱི་དང་བ་དང་ར་དག་དང ། །བྱི་ལ་བྱི་བ་སྤྲེའུ་ཡི་གཟུགས། །བསེ་དང་ཕག་དང་སྲེ་མོང་དང ། །ཉ་དང་རུས་སྦལ་དག་གི་གཟུགས། །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ཁཝ་དང་འུག་པ་ཁུ་བྱུག་དང ། །བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བྱ་དང ། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང ། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གནོད་སྦྱིན་རྣམས་ནི་མིའི་མཐོང ། །འདབ་བཟང་བྱའི་ཚུལ་གྱིས་ཀྱང ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁ་ཅིག་མིའི་མགོ་ཅན་ལ། །ལུས་ནི་བྱ་གག་བོང་བུ་འདྲ། །ཁ་ཅིག་ཚོན་གྱི་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང ། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་དུ་དཀྲིས། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང ། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟང
97.76a
གདུག་པའི་དབུགས་འབྱིན་ཅིང ། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །སྲོགས་ཆགས་རྒྱུད་ནི་ཅི་སྙེད་པར། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང ། །ཁ་ཅིག་དག་ནི་རི་ཡང་ཐོག་།ལ་ལ་རལ་གྲི་འཁོར་ལོ་ཐོགས། །གྲངས་ནི་བརྒྱ་ཁྲག་སྟོང་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །མིག་ཕྱུང་པ་ལ་བཞིན་མི་སྡུག་།སྲིན་པོ་སོ་ནི་རྣོ་པོ་དང ། །སྣ་དང་རྣ་བ་བཅད་པ་དང ། །ལྕེ་ཆད་གདོང་ནི་གཉེར་མ་ཅན། །རྐང་ལག་དང་ནི་གཏུབ་པ་དང ། །མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་ཚོལ་བར་བྱེད། །སྡིག་པ་ཅན་རྣམས་མདངས་ཀྱང་འཕྲོག་།མི་དག་གིས་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང ། །སྤུའི་བར་དང་གནད་རྣམས་དང ། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ལྷགས་པ་དེ་དག་ཐམས་ཅད་ཀྱང ། །རིག་སྔགས་ཞགས་རབ་ཏུ་དྲངས། །ཕྱག་འཚལ་སྐྱེས་བུ་དཔལ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རི་རྒྱལ་པོ་རི་རབ་དང ། །དེ་བཞིན་ཁོ་ར་ཁོར་ཡུག་དང ། །བྱ་རྒོད་ཕུང་པོའི་གཤོལ་མདའ་འཛིན། །སྤོས་ངད་ལྡང་དང་གང་ཀྱི་རི། །སྣ་ཚོགས་བརྩེག་དང་པཎ་ཌ་པཱ། །ན་ལ་དཱ་ཡི་རི་གཉིས་དང ། །དཔལ་གྱི་རི་ཡི་རྩེ་མོ་ནི། །གང་དག་ཤིན་དུ་མཐོར་འཕགས་དང ། །རི་བོ་དེ་དག་ཀུན་ལ་ཡང ། །ལྷ་དང་དྲང་སྲོང་གང་གནས་པ། །དེ་དག་ཐམས་ཅད་མི་དགའ་ཞིང ། །འཇིགས་པའི་ཡིད་ཀྱི་མྱ་ངན་བྱེད། །བྱེ་བ་སྟོང་གི་ལྷ་དག་དང ། །བྱེ་བ་ཕྲག་བརྒྱའི་ལྷ་རྣམས་དང ། །ལྷའི་བུ་མོ་སྐལ་ཆེན་དག་།ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཐགས་བཟངས་རིས་དང་སྒྲ་ཅན་དང ། །སེམས་པར་བྱེད་པའང་དེར་ཕྱིན་ཏོ། །ལྷ་མིན་བྱེ་བ་ཕྲག་སྟོང་དང ། །ལྷ་མིན་བྱེ་བ་ཕྲག་བརྒྱ་དང ། །དེ་དག་བུ་མོ་འཕྲུལ་ལྡན་པ། །མང་པོ་ཀུན་ཀྱང་ཐལ་མོ་སྦྱོར། །རབ་ཏུ་གནས་དང་རྒྱ་མཚོ་དང ། །ཀླུ་ཡི་རྒྱལ་པོ་གཟི་ཅན་དང ། །
97.76b
ཀླུའི་རྒྱལ་པོ་མདྲོས་དང ། །དགའ་བོ་ཉེ་དགའ་གཉིས་པོ་དང ། །རྡོ་རྗེ་བློ་གྲོས་པཀྴུ་དང ། །གཾ་གཱ་དགའ་བོ་སིན་དུ་མཚོ། །བྱའི་རྒྱལ་པོ་འདབ་བཟངས་དང ། །རྒྱ་མཚོ་ཆེན་པོ་འཁྲུག་བྱེད་དང ། །སྟོང་ཕྲག་བྱེ་བའི་ཀླུ་ཡི་རྣམས། །བྱེ་བ་རྒྱའི་ཀླུ་དག་དང ། །དེ་དག་བུ་མོ་སྐལ་ཆེན་རྣམས། །ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཉི་མ་ཟླ་བ་གཉིས་ཀ་ཡང ། །སྐར་མའི་འཁོར་གྱིས་ཡོངས་སུ་བསྐོར། །གསེར་གྱི་མེ་ཏོག་ཡན་ལག་ན། །མ་ག་དྷ་ན་འཇིག་བྱེད་པ། །གསོ་བའི་མཐའ་ན་མི་ཐོད་ཅན། །ཀོ་ས་ལ་ན་རབ་ཏུ་དཀར། །བཟངས་པོའི་ཡུལ་ན་ཁ་སྤུ་ཅན། །གྱད་ཀྱི་ཡུལ་ན་གྲག་པ་འཛིན། །ལྔ་འཛིན་པ་ན་སྐྲག་བྱེད་པ། །རྟ་སྐྱེ་བ་ན་མིག་དམར་གནས། །སྲུང་བྱེད་པ་ན་སེར་སྐྱ་སྟེ། །སེམས་པ་ན་ནི་མིག་སེར་པོ། །བེའུ་ལ་བན་བུམ་པའི་ལྟོ། །དགའ་བའི་ཡུལ་ན་རིང་པོར་སྐྱེས། །བ་ལང་འཛིན་ན་རབ་ཏུ་འཇོམ། །དུང་ཡུལ་ན་ནི་ཉི་མའི་གྲོགས། །ལྗོང་ཆེན་རྣམས་ཀྱི་གནོད་སྦྱིན་ནི། །བརྗོད་པ་བཅུ་དྲུག་དེ་དག་དང ། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །ཆོས་སྐྱོང་རབ་ཏུ་དཀར་བ་དང ། །སེར་སྐྱ་རབ་མཛེས་ཁྱབ་འཇུག་པ། །བུམ་ལྟོ་གསུས་པ་ཟླུམ་པོ་དང ། །ཆུ་སྲིན་བདེན་པ་འཆང་བ་དང ། །ལྔ་ལྡན་རྒྱལ་བ་ཁྱུ་མཆོག་དང ། །གནོད་སྦྱིན་ཆེན་པོ་དབང་ཕྱུག་ཆེ། །ལག་པ་བཞི་ཅན་སྟོབས་པོ་ཆེ། །སྡེ་པ་རབ་ཏུ་འདུལ་བ་ནི། །མཐུ་བོ་ཆེ་ལ་སྟོབས་པོ་ཆེ། །གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང ། །བདུད་རྣམས་སྡེ་དང་བཅས་པ་དང ། །གནོད་སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན། །ཤ་རི་ཏ་ནི་སྡེར་བཅས་དང ། །རིའི་བུ་མོ་སྡེར་བཅས་དང ། །རིའི་བུ་མོ་གནོད་སྦྱིན་མ། །གཟི་རྗིད་ཆེན་པོ་འཇིགས་པའི་གཟུགས། །འཕྲོག་མ་ཞེས་ཀྱང་དྲགས་པ་དང ། །གདོལ་པ་མོ་ནི་གཏུམ་མོ་དང ། །བུ་རྣམས་ལྟ་བརྒྱལ་བསྐོར་བ་དང ། །མི་རྡུང་ནག་མོ་ཀར་ཏ་ཏེ། །པད་མ་དང་ནི་པད་མ་ཅན། །མེ་ཏོག་སོ་དང་ས་ག་དང ། །སྲིན་མོ་བོང་བུའི་རྣ
97.77a
ཅན་དང ། །ཙན་དན་དང་ནི་ཁྱབ་འཇུག་ལེན། །སེང་གེ་སེར་སྐྱ་དམར་སེར་པོ། །གླང་པོ་ཀླུའི་སོ་ཅན་དང ། །རི་བཤེས་དྲག་པོའི་མཆེ་བ་ཅན། །སྲིན་མོ་སོ་བཟང་ཡོད་པ་དང ། །ཚངས་པ་ལེན་དང་ཁྱབ་འཇུག་ལེན། །གནོད་སྦྱིན་ཧ་ལ་ཧ་ལ་དང ། །གནོད་སྦྱིན་རྣམ་པའི་མཆུ་ཅན་དག་།མདུང་དང་མདའ་གཞུ་ཀུན་ཐོགས་ཤིང ། །མི་རྟ་བ་ལང་རི་དགས་རྣམས། །ཟ་ཞིང་འཚེ་བ་དེ་དག་ནི། །ཕྱོགས་རྣམས་ཀུན་ཏུ་རྒྱུག་ཅིང་འདོང ། །ས་འདི་རབ་ཏུ་གཡོ་བར་བྱེད། །ནགས་ཚལ་རྣམས་ཀྱང་རབ་ཏུ་སྐེམས། །རི་རྣམས་ཀུན་ནས་གཡོ་བར་བྱེད། །སྐྱེ་དགུ་འདི་དག་འཚེ་བྱེད་ཅིང ། །ཕན་ཚུན་ནས་ནི་འདུ་བ་དག་།རིག་སྔགས་ཀྱིས་ནི་དྲངས་ནས་ལྷགས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་རུ། །དེ་དག་ལྷགས་པར་གྱུར་པ་དང ། །དེ་ནས་རྒྱལ་པོ་རྣམ་ཐོས་བུས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །བདག་གིས་ཕྱོགས་ཆ་བྱང་ཕྱོགས་སུ། །རྒྱལ་པོའི་གནསུ་སྤྲུལ་པ་ནི། །ལྕང་ལོར་ལྡན་པ་ཡིད་དུ་མཆི། །དེ་བས་བདག་ནི་ལྕང་ལོའི་བདག་།རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན། །ལྷ་རྣམས་ཀུན་གྱིས་བསམ་པར་གྱུར། །ཕྱིར་ཤིན་དུ་མཐོན་པོ་ཅན། །རིན་ཆེན་ཀུན་གྱིས་བརྒྱན་པ་ལགས། །འཕང་དུ་དཔག་ཚད་བཅུ་དྲུག་སྟེ། །གསེར་གྱི་རྒྱུ་ལས་བགྱིས་པ་ལགས། །ཕྱོགས་བཞི་ལྕོག་ནི་རེ་རེ་ལའང ། །གནོད་སྦྱིན་རྡོ་རྗེ་འཆང་བ་དག་།ཀུན་ནས་རབ་ཏུ་གནས་པར་འགྱུར། །ལག་ན་མཚོན་ཆ་ལེགས་པར་སྤྲུལ། །རྒྱལ་པོའི་ཕོ་བྲང་དེ་ཡི་སྒོ། །གཞི་པོ་གཏོད་པར་བགྱིས་པ་ནི། །གཅིག་ནི་གསེར་ལས་བགྱིས་པའི་སྒོ། །གཉིས་པ་དངུལ་ལས་བགྱིས་པ་སྟེ། །གསུམ་པ་ཤེལ་གྱི་སྒོ་མོ་ལགས། །གཞི་པ་གསེར་གྱི་རྣམ་པར་སྤྲས། །གྲོང་ཁྱིར་དེ་ཡི་ནང་དག་ན། །བསྐྱེད་མོས་ཚལ་གྱི་མེ་ཏོག
97.77b
རྒྱས། །དེ་ཡི་ནང་ན་གཞལ་མེད་ཁང ། །རིན་ཆེན་བདུན་རྒྱུ་སྣ་ཚོགས་མཆིས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་ཅན། །བྱ་བྲན་སྣ་ཚོགས་སྐད་ཀྱང་འབྱིན། །མེ་ཏོག་སྣ་ཚོགས་ལེགས་པར་བཀྲམ། །སྣ་ཚོགས་སྤོས་ཀྱིས་བྱུགས་པ་ལགས། །གནོད་སྦྱིན་མོ་ནི་འཇོམ་མ་དང ། །གླུ་དང་རོལ་མོས་རབ་ཏུ་རྒྱན། །དཔལ་གྱི་དམ་པ་ཉམསུ་མྱོང ། །དེར་ནི་འབྱུང་པོའི་དཀྱིལ་འཁོར་དེར། །གང་དག་འཁོར་ཞིང་མཆིས་པ་དག་།རྣམ་པའི་མཆོག་ཀུན་ལྡན་པ་སྟེ། །ཆོས་འཚལ་བ་དང་ཆོས་སྤྱོད་པ། །སྲོག་ཆགས་རྣམས་ལ་འཚེ་མི་བགྱིད། །ཟས་དང་སྐོམ་གྱིས་མི་བྲེལ་ཏེ། །སྐྱེ་དགུ་མི་བཟད་གཞན་དག་ནི། །ལོང་སྤྱོད་ཆེན་པོ་ཚོལ་བགྱིད་ཅིང ། །ཕྱོགས་བཞི་ཀུན་ཏུ་རྣམ་པར་ལྟ། །གྲོང་ཁྱེར་སྒོ་ཡི་གམ་ཡོ་དང ། །བཟའ་ཤིང་ར་བ་ནག་འཚལ་ན། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །བྱེ་བ་སྟོང་ཕྲག་བརྒྱ་མཆིས་པ། །དེ་དག་ཐམས་ཅད་མདོ་སྡེ་ཡི། །ཞགས་པས་དྲངས་ཏེ་བརླག་པར་བགྱི། །རྒྱལ་པོའི་ཕོ་བྲང་དབུས་ན་ནི། །ཆོས་ཀྱི་རྒྱལ་པོའི་གནས་གྱུར་པ། །བསིལ་བའི་རྫིང་བུས་བསྐོར་བ་སྟེ། །ཙན་དན་ནག་ཀྱིས་འཁོར་བ་ལགས། །ཀུན་ནས་དཔག་ཚད་དྲུག་བཅུ་སྟེ། །ཁང་པ་རྩེགས་མ་སྤྲུལ་པ་དག་།གཅིག་ནི་གསེར་ལས་བགྱིས་པ་སྟེ། །གཉིས་པ་དངུལ་ལས་བགྱིས་པ་ལགས། །གསུམ་པ་བཻ་ཌཱུརྱ་ལས་བགྱིས། །བཞི་པ་གཙང་དང་ཤེལ་གྱི་རྒྱུ། །ལྔ་པ་མུ་ཏིག་དམར་པོ་སྟེ། །དྲུག་པ་རྡོ་ཡི་སྙིང་པོ་ལགས། །བདུན་པ་སྤུག་ལས་བགྱིས་པ་སྟེ། །བརྒྱད་པ་རིན་ཆེན་བདུན་ལས་བགྱིས། །བུད་མེད་སྟོང་ཕྲག་རྒྱ་དག་ཀྱང ། །དེ་དག་རེ་རེ་ཀུན་ན་གནས། །ལྷབ་ལྷུབ་སྣ་ཚོགས་མཆོག་དག་དང ། །ཆ་བྱད་སྣ་ཚོགས་མང་པོའི་བརྒྱན། །གླུ་དང་རོལ་མོ་སྣ་ཚོགས་དང ། །བཟོའི་གནས་ལ་མཁས་པ་མཆིས། །དེ་ལྟའི་རབ་ཏུ་དགའ་བ་ཡིས། །བདེ་ཞིང་ཚིམ་པའི་ཡིད་གྱུར་ཅིང ། །དེ་ན་བདག་ནི་དགུན་སྐྱེམས་དང ། །འདོད་པ་དག་གིས་རབ་མྱོས་པས། །བདག་གི་འཁོར་རྣམས
97.78a
འཕྱན་བགྱིད་ཅིང ། །ཕྱོགས་བཅུ་དག་ཏུ་འཇིགས་པ་བསྐྱེད། །བུད་མེད་དག་དང་སྐྱེས་པ་དང ། །དེ་བཞིན་ཁྱེའུ་དང་བུ་མོ་དང ། །མངལ་ན་གནས་པའང་འཇིག་པར་བགྱིད། །དུད་འགྲོའི་བསྐྱེ་གནས་གཏོགས་པའང་འཚེ། །སྐར་མ་དག་དང་ཉི་ཟླ་དང ། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །ལོ་ཏོག་ས་བོན་འབྲས་བུ་དང ། །མེ་ཏོག་སྨན་དང་ཟས་སྐོམ་དང ། །མི་རྣམ་ཀྱི་ནི་དཔལ་འཕྲོག་ཅིང ། །མཐོན་པོ་རྣམ་ཀྱང་དམའ་བར་བགྱིད། །འཇིག་རྟེན་དག་ན་ནོངས་པ་རྣམས། །དམག་དང་ཐབས་མོ་ཤར་གཉེར་དང ། །ཚིག་གམ་ཞིག་གམ་གསད་ཕྱེ་བ། །དེ་ཀུན་འབྱུང་པོའི་རྣམ་པས་གྱུར། །སྦེད་ཅིང་སྟོན་པར་བགྱིད་པ་དང ། །བཟློག་པར་བགྱིད་ཅིང་རྒོད་པར་བགྱིད། །འཇིགས་པར་བགྱིད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ཕྱུང་ཞིང ། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །གདའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །བུ་མོ་གདུག་གུའི་གཟུགས་དག་ཏུ། །འདོད་ལ་སྤྱོད་པ་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། །རླུང་དང་སྐར་མདའི་ལྕེ་གཟུགས་སུ། །ཚེ་ལ་གནོད་པར་དེ་དག་གདའ། །སྐར་མའི་ཚོགས་དང་འདྲ་བ་དག་།འཇིགས་པར་བགྱིད་པ་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང ། །མཆོད་རྟེན་དག་གི་གནས་ན་གདའ། །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པ། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གནོད་སྦྱིན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླངས་བགྱིས་ཤིང ། །ལམ་ངན་ཀུན་ཏུ་སྐོར་བར་བགྱིད། །རྣམ་པ་སྣ་ཚོགས་གཟུགས་དག་དང ། །རྣམ་པ་སྣ་ཚོགས་སྒྲ་རྣམས་དང ། །རྣམ་པ་སྣ་ཚོགས་ནད
97.78b
ཀྱིས་རྣམས། །ལུས་ལ་ན་བ་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང ། །ཕྱིན་ཅི་ལོགས་ཏུ་སྟོན་པར་བགྱིད། །ཇི་སྙེད་འཇིག་རྟེན་རང་བཞིན་དག་།ཐམས་ཅད་ལོགས་པར་དེ་དག་སྟོན། །རིག་སྔགས་ཞག་པས་དྲང་པས་ན། །དེ་དག་ཀུན་ཀྱང་འདིར་མཆིས་སོ། །དེ་ནས་རྒྱལ་པོ་རྣམ་ཐོས་བུ། །ལངས་ཏེ་ཐལ་མོ་རབ་སྦྱར་ནས། །ཞབས་ལ་འཁོར་ལོའི་མཚན་མངའ་བ། །གསེར་གྱི་མཆོད་སྡོང་འབར་བ་བཞིན། །འཇིག་རྟེན་སྣང་བར་མཛད་པ་པོ། །ཐུབ་པ་ཆེན་པོ་མེ་དང་འདྲ། །གནོད་སྦྱིན་གསང་བསྔགས་མི་ཟད་ཅན། །སྟོང་ཕྲག་དྲུག་བཅུ་རྩ་བཞི་དག་།བྱང་གིས་ཕྱོགས་ཆའི་ཕྱོགས་ན་གནས། །བྱང་ཕྱོགས་དག་ཏུ་གནོད་པར་བགྱི། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གི་བཤད། །སྱཱད་ཡ་ཐེ་དན། ཁཌྒེ། ཁཌྒེ། ཁཌྒ། གརྦྷེ། བི་རྩ་ཀྵུ་ཎེ་ཙ་ཀྲ། རཱ་ཛ་ནེ། ཙནྡྲེ། ་ཙ་བ་ལེ་བཱ་ཏཱ་ལེ། བྷཱི་མ་བར་བ་ཏེ། ཁ་རཱི་གྲེ་བྷ་ཀུ་ཊི་མུ་ཁེ་ལ་ཀ་རཱ་གྲེ། ཨེ་ཀཱ་ཀྵི། བད་ག་བ་ཏི། སཱ་རཾ་ག་བ་ཏི། མཱརྒ་བ་ཏེ། གརྒ་བ་ཏེ། ཙི་ཏྲ་བ་ཏི། ཙི་ཏྲ་ཀཱནྟི། བདག་བྱང་ཕྱོགས་སུ་དགེ་བར་གྱུར་ཅིག་སཝཱ་ཧཱ། །ཚངས་པ་དང་ནི་རྒྱ་བྱིན་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུགས་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །འཕྲོགས་མ་བུ་དང་བཅས་པ་ཡང ། །བདག་གིས་མེ་ཏོག་སྤོས་དག་དང ། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་རྩོན་འགྲུས་དང ། །གཟི་རྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང ། །ནད་རྣམ་ཐམས་ཅད་བཅོམ་པར་གྱུར། །བདག་འཇིག་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་ཡུལ་འཁོར་བསྲུང་བ་ཡང ། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །མེ་ཏོག་ཚོགས་ལྟར་རྒྱས་གྱུར་ཅིང ། །ཀ་ལ་བིང་ཀའི་སྒྲ
97.79a
དབྱངས་ཅན། །ཁུ་བྱུག་དང་ནི་རྨ་བྱའི་སྒྲ། །རྔ་དང་འབྲུག་གི་སྒྲ་སྒྲོགས་པ། །ཐུབ་ཆེན་གནོད་སྦྱིན་སྲིན་པོ་དང ། །དྲི་ཟ་སྟོང་ཕྲག་དྲུག་བཅུ་བཞི། །ཤར་ཕྱོགས་ཆའི་ཕྱོགས་ན་གནས། །ཤར་ཕྱོགས་པ་ལ་གནོད་པར་བྱེད། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་དན། དྷ་ར་ཎི། དྷཱ་ར་ཎི། པྲ་དྷྭན་ས་ནི། བྷཉྫ་ནི། པྲ་བྷཉྫ་ནི། བེ་དྷ་མ་ནི། །ཀིམ་པུ་རུ་ཥི། ཤ་ཀ་ལེ། སཱ་རེ་ཐེ། སཱ་རེ་བ་ཏི། ཤུ་ལ་དྷ་རེ། །ཤའུ་ལ་དྷཱ་རི་ཎི། ཤུད་དྷ་ཙ་ར་ཎི། གྷོ་ཤ་བ་ཏེ། ཤ་རཱ་གྲེ། ཤཱན་ཏེ། བདག་ཤར་ཕྱོགས་སུ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །འཕྲོག་མ་བུ་དང་བཅས་པ་ཡང ། །བདག་གི་མེ་ཏོག་སྤོས་དག་དང ། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང ། །གཟི་རྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང ། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ཐལ་མོ་སྦྱར་ཏེ་དེ་ནས་ལངས། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །སྨྲ་བ་ཐམས་ཅད་རབ་འཇོམ་པ། །ཐེ་ཚོམ་ཐམས་ཅད་བཅོད་མཛད་པ། །འཇིག་རྟེན་ཐམས་ཅད་རྣམ་འདྲེན་པ། །གྲུལ་བུམ་ཡི་དགས་སྲུལ་པོ་དག་།སྟོང་ཕྲག་དྲུག་བཅུ་རྩ་བཞི་རྣམས། །ལྷོའི་ཕྱོགས་ཆའི་ཕྱོགས་ན་གནས། །དེ་ནས་བྱུང་ལ་གནོད་པར་བགྱིད། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་དན། ཤཱན་ཏེ། ཤཱ་ར་བ་ཏེ། ཀཱན་ཏེ། ཀཱ་ར་བ་ཏི། ཀི་ཀ་སི། ཀཱིང་ཀ་ར་ཏེ། ཀིཾ་ཀ་སི་ཀི་རིཎྚི། ཀིཾ་ར་ཏེ། ཀིཾ་བ་ཏེ། དྷ་ར་ཎི། དྷ་བ་ནི་བྷུ་མི་དྷཱ་རྀ་ཎི། ཧི་མ་བ་ཏེ། ཛྱོ་ཏིཥྩ་ར་ཎེ། གཱ་ལཱ་གྲི། བདག་ལྷོ་ཕྱོགས་སུ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཚངས་པ་དང་ནི་རྒྱ་བྱིན་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །འཕྲོགས་མ་བུ
97.79b
དང་བཅས་པ་ཡང ། ། བདག་གི་མེ་ཏོག་སྤོས་དག་དང ། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གི་ནི་བརྩོན་འགྲུས་དང ། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང ། །ནད་རྣམ་ཐམས་ཅད་བཅོམ་པར་གྱུར། །བདག་འཇིག་པ་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་པོ་མིག་མི་བཟང་བ་ཡང ། །ཐལ་མོ་སྦྱར་བ་བྱས་ནས་ལངས། །སྤྲིན་ཆེན་སེང་གེ་ཆེན་པོ་པ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །གསུངས་བ་ཆེན་པོ་དཔའ་ཆེན་པོ། །གཡུལ་ཆེན་རབ་ཏུ་འཇོམ་མཛད་པ། །ཀླུ་དང་འདབ་བཟངས་གསང་བ་པོ། །སྟོང་ཕྲག་དྲུག་བཅུ་རྩ་བཞི་དག་།ནུབ་ཀྱི་ཕྱོགས་ཆའི་ཕྱོགས་ན་གནས། །དེ་ནས་འབྱུང་ལ་གནོད་པར་བགྱིད། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཡ་ཐེ་དན། དྷརྨྨ་བི་རཱ་གྲེ། བ་ལ་བ་ཏེ། བ་ལི་ནི། བི་ཤཱཾ་གེ། བི་ཙ་ཤི། སཱ་ག་རེ། ཁ་རི། ཀ་པ་ལི། ཙཎ་ཌ་ལེ། ཀི་རི་ཎྀ། ནཱིར་ཛ་ནེ། བིདྷ་ར་ཎི། བལླ་ཏེ། ཨ་བརྞཾ་བ་ཏེ། ཨ་རྩ་ལེ། བདག་ནུབ་ཕྱོགས་སུ། དགེ་བར་གྱུར་ཅིག་སཝཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུགས་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །ཕྲོག་མ་བུ་དང་བཅས་པ་ཡང ། །བདག་གི་མེ་ཏོག་སྤོས་དག་དང ། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང ། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང ། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་དང་གནོད་པ་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པ་ཚངས་ཆེན་ཡང ། །ཐལ་མོ་སྦྱར་བ་བྱས་ནས་ལངས། །ཚངས་པས་བཀྲུས་པ་དག་པ་པོ། །རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །སྐྱེ་བོ་དགའ་མཛད་སྨན་པའི
97.80a
རྗེ། །འཇིག་རྟེན་ཐམས་ཅད་གསོ་མཛད་པ། །གནོད་སྦྱིན་སྲིན་པོ་གང་གི་རྣམས། །ཕྱོགས་དང་ཕྱོགས་འཚམས་གནས་པ་དང ། །སའི་འོག་དང་བར་དང་སྟེང ། །ནམ་མཁའ་དག་ལ་གནས་པའི་གདོན། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །སྱཱད་ཐེ་དན། བྲཧྨེ། བྲཧྨ། གྷོ་ཥེ། བྲཧྨ་སཝ་རེ། བཛྲེ་བཛྲ་གྷོཥེ། བཛྲ་དྷ་རེ། སྠི་ཏེ་སཱ་རེ། ཨ་ཙ་ལེ། ཨ་ར་ཎེ། ཨ་ཤ་ནི། ཨ་རཱ་ནི་ཏེ། ཤུ་རེ། བ་རཱ་གྲ། པྲཱབྟེ། སཱ་ག་ར་བ་ཏེ། བདག་ཕྱོགས་ཐམས་ཅད་ཏུ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཚངས་པ་དང་ནི་རྒྱ་བྱིན་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །འཕྲོགས་མ་བུ་དང་བཅས་པ་ཡང ། །བདག་གི་མེ་ཏོག་སྤོས་དག་དང ། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །དེ་དག་གིས་ནི་བརྩོན་འགྲུས་དང ། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང ། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིག་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིག་པ་དང་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སཝཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱལ་སྲིད་གཅིག་གི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གྲོང་ཁྱེར་དང ། གྲོང་རྡལ་དང ། ལྡོངས་དང ། གྲོང་དང ། ཁྱིམ་ནས་སེམས་ཅན་གཅིག་གི་བར་གྱི་དོན་གྱི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན་གྱི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་སྐྱེ་དགུ་དང །
97.80b
ལྷ་དང ། མི་དང ། ལྷ་མ་ཡིན་དུས་བཅས་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་སྟེ། དེ་ནས་དཔེར་ན་སྨན་པ་མཁས་པའི་མཆོག་ཏུ་ཕྱིན་པ། གསོ་བ་ལ་བརྩོན་པ། སྨན་པས་ཤེས་པར་བྱ་བ་ཤིན་ཏུ་བསླབས་པ་རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན། ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་པ་ནས་སེམས་ཅན་ཅིག་གི་དོན་གྱི་བར་དུ་བྱུང་བ་མ་ཡིན་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེ་དག་ཏུ་མི་རྣམས་དང ། མི་མ་ཡིན་པ་དེ་དག་ཀྱང་རྣམས་པར་འཚེ་བར་མི་བྱ་བར་སེམས་ཀྱིས། ང་ཡང་ཡངས་པ་ཅན་གྱི་གྲོང་ཁྱིར་ཆེན་པོར་ག་ལ་བ་དེར་སོང་བ་དང ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་ཀྱང་བྱས་པར་འགྱུར། སངས་རྒྱས་ཀྱི་མཛད་པ་ཡང་བྱས་པར་འགྱུར་རོ་སྙམ་དུ་དགོངས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང ། ཤམ་ཐབས་བགོས་ནས་ལྷུང་བཟེད་བསྣམས་ཏེ། དགྶལེོཾ་སྟོང་ཉིས་བརྒྱ་ལྔ་བཅུ་དང ། ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་ཏུ་གཤེགས་པ་དང ། མི་འཇེད་གྱི་བདག་པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡས་རོལ་ནས་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །ལྷ་རྣམ་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས་ལྔ་བརྒྱ་ཙམ་བླངས་ཏེ། བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུག་ལྔ་རྒྱ་ཙམ་བླངས་ཏེ། བཅྡོཾས་ལ་སྣམ་ལོགས་ནས་ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ
97.81a
ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །ལྷའི་བུ་དབང་ཕྱུག་ཆེན་པོ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། གནོད་སྦྱིན་མཐུ་བོ་ཆེ་སུམ་བཅུ་རྩ་གཉིས་དང ། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས་པས་ཀྱང་སོ་སོ་ནས་ལྷའི་གདུགས་དག་བླངས་སྟེ། ཉན་ཐོས་རྣམས་ལ་ཕུལ་ནས་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ལྟ་བུའི་གྲགས་པ་དང་བཀུར་སྟི་དང ། བསྙེས་པར་བྱ་བ་བསྙེས་ནས། བཅོམ་ལྡན་འདས་དགེ་སློང་གིས་དགེ་འདུན་དང་ཐབས་གཅིགས་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་ཏུ་བབས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང ། ཡངས་པ་ཅན་གྱི་ལི་ཙ་བི་རྣམས་ཀྱིས་བཅོམ་ལྡན་འདས་ཤིན་དུ་མཛེས་པ་དད་པར་འོས་པ་དབང་པོ་ཞི་བ། ཐུགས་ཞི་བ་དབང་པོ་དུལ་བ་ཐུགས་དུལ་བ་དུལ་བ་དང ། ཞི་གནས་ཀྱིས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བསྙེས་པ། དབང་པོ་དབེན་ཞིང་ཁུགས་པ་གླང་པོ་ཆེན་པོ་ལྟ་བུ་ཤིན་དུ་དུལ་བ་མཚོའ་ལྟར་དང་ཞིང་རྙོག་པ་མེད་ལ་རྣམ་པར་གསལ་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེའ་བྱད་བཟང་པོ་བརྒྱད་བཅུ་ཤིན་དུ་རྒྱས་པ་ཤིང་སཱ་ལའི་རྒྱལ་པོ་ལྟར་དེ་བཞིན་གཤེགས་པའི་སྐུ་རྣམ་པར་སྤྲས་པ་ཉི་མ་ལྟར་འོད་ཟེར་གྱིས་དྲ་བ་ཀུན་དུ་འགྱེད་པ་མཚན་མོ་མུན་པའི་ནང་ན་རི་བོའི་སྤོ་ལ་མེའི་ཕུང་པོ་རབ་ཏུ་འབར་བ་དང་འདྲ་ཞིང་བཅོམ་ལྡན་འདས་གསེར་གྱི་རི་བོ་ཆེན་པོ་དམ་པ་ལྟར་ལྷམ་མེ་ལྷན་ནེ། ལྷང་ངེ་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་མཐོང་མ་ཐག་ཏུ་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ནས་སེམས་དད་པར་གྱུར་པ་དེ་དག་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་ལམ་གང་ནས་གཤེགས་པའི་ལམ་དེ་ཕྱག་ཤིང་ཆག་ཆག་འདེབ་བྱི་དོར་བྱེད་མེ་ཏོག་ཐོར་དར་གྱི་ལྡ་ལྡི་དང་དྲིལ་བུ་དང་གདུགས་དང་རྒྱལ་ཚན་དང་བ་དན་སྣ་ཚོག་ཀྱི་རྒྱན་ཏེ་གདུག
97.81b
སྤོས་སྣ་ཚོགས་ཀྱི་གདུག་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་མཐིལ་འཁོར་ལོ་རྩེབས་སྟོང་དང་ལྡན་པའི་རི་མོ་ཅན་མེ་ཏོག་པད་མའི་སྙིང་པོ་ལྟར་འཇམ་པ་སྔོན་ལེགས་པར་སྤྱད་པའི་མཚན་གྱི་བརྒྱན་པ། གཞོན་ཤ་ཆགས་ཤིང་འཇམ་པ་ཉི་མའི་འོད་ཟེར་བས་ལྷག་པའི་འོད་དང་ལྡན་པ་འོད་ཟེར་བརྒྱ་ཕྲག་མང་པོ་ཀུན་དུ་ཕྲོ་བ་དྲི་མ་མེད་པའི་ཕྱག་གིས་ལི་ཙ་བི་དག་གིས་མགོ་ལ་བྱུགས་ཏེ་རྗེས་སུ་བསྟན་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་ནང་དུ་གཤེགས་ནས་ནམ་གྱི་གུང་ཐུན་ལ་སྒོ་སྐྱེས་ཀྱི་གཞི་ཞབས་ཀྱི་མནན་ནས་ཕྱོགས་བཞིར་གཟིགས་ཏེ་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ན་བཟའ་བླ་གོས་གསོལ་ཏེ་བཀའ་སྩལ་པ། ཕྱི་མའི་དུས་ན་དགེ་སློང་ངམ་དགེ་སྙེན་ནམ། དགེ་སྙེན་མ་འམ་གང་སུ་ཡང་རུང་བ་དག་དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་ཡུངས་འབྲུ་རྩམ་ལ་མཆོད་པ་བྱེད་པ་དང ། སྟོང་ཆེན་པོ་རབ་ཏུ་འཇོམས་པའི་རིགས་སྔགས་ཀྱི་བརྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་ཆོས་ཀྱིས་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་འདི་འཛིན་ཅིང་འཆང་བ་དང ། ཀློག་ཅིང་བསྟོན་པ་དང ། ཀུན་ཆུབ་པར་བྱེད་པ་དེ་དག་ལ་ཡམས་ཀྱི་ནད་དང ། འཇིགས་པ་དང་འཚེ་བ་དང ། ནད་འགོ་བ་དང་འཁྲུགས་པ་དང ། འཐབ་པ་དང ། རྩོད་པ་དང་འཆིང་བ་དང ། ཁ་མཆིས་དང་ཤགས་དང ། ཐ་ན་ཕྲ་མ་དང་སྡིག་པ་མི་དགེ་བའི་སྡུག་བསྔལ་བའི་ལས་ཀྱིས་མི་ཚུགས་ཤིང ། འཚེ་བར་བྱེད་པ་ཐམས་ཅད་ཀྱི་མི་ཐུབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྟོང་ཆེན་པོ་རབ་ཏུ་འཇོམ་པ་ཞེས་བྱ་བའི
97.82a
གསང་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བགྱིད་པའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཙུན་པ་དེ་བཞིན་ནོ་ཞེས་གསོལ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་སྟོ། །སྱཱད་ཐེ་དན། ཨ་ཙ་ལེ། མ་ཙ་ལེ། སཱ་ར་མ་ཙ་ལེ། པྲ་ཀྲི་ཏི་བིརྞ་པྲ་ཀྲྀ་ཏི་ནོད་གྷོ་ཥེ། ས་མན་ཏ་མུ་ཁེ། སྠི་རེ་སྠཱ་པ་རེ་བི་གྷུཥྚེ། བི་གྷུཥྚ་ཤ་བ་དེ་པྲ་ག་ལ་ནི། སཱ་རང་ག་མི་བ་སཱི་ས་ར་སུ་ཏྲེ་རང་ག་བ་ཏེ། བ་ལེ་མ་ཧ་བ་ལེ་མ་ཧཱ་ནིར་བྷཱ་སེ་སཝ་ཧཱ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་སུ་གཏོགས་པ་དྲན་པ་དང ། ཞི་གནས་དང་ལྷག་མཐོང་དང་ཏིང་ངེ་འཛིན་གསུམ་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། དྲན་པ་ཉེ་བར་བཞག་པ་བཞི་དང་བསམ་གཏན་བཞི་དང ། འཕགས་པའི་བདེན་པ་བཞི་དང ། དབང་པོ་ལྔ་དང་བསྟོབས་ལྔ་དང ། རྗེས་སུ་དྲན་པ་དྲུག་དང་བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང ། དེ་བཞིན་གཤེགས་པའི་བསྟོབས་བཅུ་དང ། རྣམ་པར་གྲོལ་བའི་སྐྱེ་མཆེད་བཅུ་གཅིག་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དང ། རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་དང ། དབུག་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་རྣམ་པ་བཅུ་དྲུག་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་དང་ཡི་གེ་བཞི་བཅུ་རྩ་གཉིས་ཏེ་ཚངས་པ་དེ་ནི་སྟོང་ཆེན་པོ་རབ་ཏུ
97.82b
འཇོམས་པ་ཞེས་བྱ་བའི་རིགས་སྔག་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་མདོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱིས་སངས་རྒྱས་ཀྱི་ཕྱག་རྒྱ་སྟེ། སངས་རྒྱས་བསྒྲུབས་པའོ་ཆོས་བསྒྲུབས་པའོ་དགེ་འདུན་བསྒྲུབས་པའོ། །ཚངས་པ་བསྒྲུབས་པའོ་དབང་པོ་བསྒྲུབས་པའོ། །འཇིག་རྟེན་སྐྱོང་བ་བསྒྲུབས་པའོ། །དབང་ཕྱུག་བསྒྲུབ་པའོ། །བདེན་པ་བསྒྲུབ་པའོ་ལམ་བསྒྲུབས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བསྒྲུབ་པའོ་ཟླ་བ་བསྒྲུབ་པའོ། །ཉི་མ་བསྒྲུབས་པའོ་བཟའ་བསྒྲུབ་པའོ། །རྒྱུ་སྐར་བསྒྲུབས་པའོ། །སྱཱད་ཐཱེ་དན། སཱ་ལེ་ཀ་སི་ནི། བེ་དྷ་ར་ནི་བ་རཱ་གྲ་སཱ་རེ་ཨཱ་མཪྵ་ཎི་ཨ་མོ་གྷ་བ་ཏི། ས་ཙ་ནེ་ཀཱ་ལི་ན་ཀཱ་ལི་ཀཱ་ཤི་ཀ་པ་ཏི། བྷ་ར་ཎི་བྷ་ར་ཀ་ཤ་ཁེ་ས་མན་ཏ་པྲཱ་པཱི། སཱ་ར་པྲཱ་པྟེ། སྟམྦྷ་ནི། སྷམྦྷ་པྲཱ་པྟེ་བཛྲ་དྷ་རེ་སཝ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་འདི་འམ་ཡང་དག་འདས་པ་དང ། །མཐོའ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷའི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདི་ནི་རིན་ཆེན་མཆོགས་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསྲུངས། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།མཆོག་ཏུ་གང་འདོད་འཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉི་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུང ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།གང་ཟག་ཆེན་པོ་བརྒྱད་པོ་རབ་སྔགས་ཤིང ། །གང་ཟག་ཟུང་བཞིར་བརྗོད་པ་དེ
97.83a
དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུང ། །དེ་ལ་བྱིན་ན་འབྲས་བུ་འཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།གང་དག་བརྟན་པའི་ཡིད་ཀྱི་རབ་བརྩོན་ཞིང ། །གཽ་ཏ་མའི་སྟན་ལ་འཇུགས་བྱེད་ན། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་ཏེ། །མུན་པ་གསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང ། །ཐེ་རྩོམ་དང་ནི་ཉོན་མོངས་གསུམ་པོ་དག་།གཅིག་ཆར་སྤང་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང ། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང ། །བློ་བུར་བྱས་ན་འང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུང ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།ཇི་ལྟར་དབང་པོའི་སྡོང་པོ་སར་བཙུག་པ། །ཕྱོགས་བཞི་རླུང་རྣམ་ཀྱི་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བའི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།ཤེས་རབ་ཟབ་མོ་ཤིན་ཏུ་བསྟན་པའི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང ། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིག་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུང ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་དུ་བླངས་ཏེ་བགྲངས་དུ་མེད་པ་ཉིད། །དེ་ལྟར་ཀུན་དུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས
97.83b
རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་།སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་།ཞི་བ་ཆག་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག་།ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་དགེ་བར་ཤོག་།འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག་།སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག་།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག་།འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་དུ་བདེན་པ་བསུངས་ཞིང་བརྫུན་མེད་པ། །བདེན་པ་དེའི་འདིར་ནི་དགེ་བར་ཤོག་།དེ་ཀུན་འཇིག་པ་ཆེ་ལས་ཐར་གྱུར་ཅིག་སཝ་ཧཱ། སྱཱད་ཡ་ཐེ་དན། དྷི་རི་དྷི་དྷི་རེ་བ་ལི་ནིར་གྷོ་ཥེ། བ་ལི་སཝ་རེ་སཱ་ར་བ་ཏེ་སྟུ་ཏི་པྲ་སྟུ་ཏི་པྲ་པྟ། ཨ་ར་བེ་ཨ་ར་ནིར་གྷོ་ཥེ་ཨཱ་ར་བ་ཏེ་ཨ་ཙྱུ་ཏེ་བ་ལ་བ་ཏེ་ཤུ་ར་པྲཱ་པྟེ་སཱ་རཾ་ག་མི་སུ་རྱ་བ་ལེ་སཱུ་རྱ་ནིར་གྷོ་ཥེ་སཝ་ཧཱ། ཚངས་པ་སྟོང་ཆེན་པོ་རབ་ཏུ་འཇོམ་པ་ཞེས་བྱ་བའི་རིགས་སྔག་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་རབ་དུ་ཐར་བར་བྱེད་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱའོ། །སངས་རྒྱས་ཀྱི་གནས་སོ་སོ་དགེ་འདུན་གྱི་གནས་སོ་ཚངས་པའི་གནས་སོ། །དབང་པོའི་གནས་སོ་འཇིག་རྟེན་སྐྱོང་བའི་གནས་སོ། །དབང་ཕྱུག་གི་གནས་སོ་དྲང་སྲོང་ཆེན་པོའི་གནས་སོ་འབྱུང་པོའི་གནས་སོ་མི་གིས་གནས་སོ། །རྒྱུའི་གནསོ། །ཕྱོག་ཀྱི་གནསོ། །
97.84a
བསྟན་པའི་གནས་སོ། །སངས་རྒྱས་རྣམ་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པའོ་ཉན་ཐོས་རྣམ་ཀྱི་རིགས་པའོ། །ཚུངས་པའི་པའི་བྱིན་ཀྱི་བརླབས་པའོ་དབང་པོ་རབ་ཏུ་བསྔག་པའོ་འཇིག་རྟེན་སྐྱོང་བ་རྣམ་ཀྱི་མཆོད་པའོ། །དབང་ཕྱུག་གིས་ཕྱག་བྱས་པའོ། །ལྷ་ཐམས་ཅད་ཀྱི་ཀུན་མཆོད་པའོ། །རྣལ་འབྱོར་སྤྱོད་པ་རྣམ་ཀྱི་བསྔག་པའོ། །མཁས་པ་རྣམ་མངོན་པར་དགའ་བར་གྱུར་པའོ། །དྲང་སྲོང་རྣམ་ཀྱི་རབ་ཏུ་སྔགས་པའོ། །ཚངས་པ་རྣམས་ཀྱི་རབ་ཏུ་བརྒྱན་པའོ། །ལྷ་རྣམ་ཀྱི་མངོན་པར་སྟོད་པའོ། །ཁྲུ་བྱེད་པ་རྣམ་ཀྱིས་བསང་བའོ། །རིགས་བཞིའི་འཇིག་རྟེན་གྱི་དགའ་བར་བྱས་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལོ། །རང་སངས་རྒྱས་རྣམ་ཀྱི་བསྐྱེད་མོས་འཚལ་ལོ། །དྲང་སྲོང་རྣམ་ཀྱི་གནས་སོ། །ཉན་ཐོས་རྣམ་ཀྱི་མྱ་ངན་ལས་འདས་པའོ། །རྣལ་འབྱོར་སྤྱོད་པ་རྣམ་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་ཀྱིས་འབྱུང་གནས་སོ། །ཉོན་མོངས་པ་རྣམ་འཇོམ་པའོ། །བག་ལ་ཉལ་གྱིས་ཟུག་རྔུ་རྣམ་འབྱིན་པའོ། །འཕགས་པའི་ལམ་ཀུན་དུ་སྟོན་པའོ། །ཐར་པའི་སྒོ་རྣམ་འབྱེད་པའོ་འཇིག་ཚོགས་ལ་བལྟ་བ་རྣམ་འཇིག་པར་བྱེད་པའོ། །ང་རྒྱལ་གྱི་རི་རབ་ཏུ་བརྙིལ་བར་བྱེད་པའོ། །འཁོར་བའི་རྒྱ་མཚོའ་སྐེམ་པའོ། །འཁོར་བའི་རྒྱ་མཚོའ་ལྷུང་བའི་སེམས་ཅན་ཐམས་ཅད་སྒྲོལ་བའོ། །བདུད་ཀྱི་ཞགས་པ་གཅོད་པའོ་བདུད་ཀྱི་འཁོར་སྐྲག་པར་བྱེད་པའོ། །བདུད་ཀྱི་མཆིལ་པ་འདོར་བའོ། །ཉོན་མོངས་པའི་གཡུལ་ལས་སྒྲོལ་བའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའོ། །འཁོར་བའི་ཁྱིམ་ནས་འབྱུང་བར་བྱེད་པའོ། །སྱཱད་ཡ་ཐེ་དན། ཁཌྒེ་ཁཌྒེ་ཁཌྒེ་གོ། ཨུ་ཤོ་དྷ་ནེ་སཱ་ར་ཐི་པྲ་བྷེ་དེ་བི་པུ་ལ་པྲ་བྷེ་སཾ་ཀརྠ་ཎི་བི་ཀརྠ་ཎི་བི་ཤ་གྲ་བ་ཏེ་ཤུད་དྷ་སཱ་དྷ་ནི། བ་རུ་ཎ་བ་ཏེ་བཱ་ས་བེ་བྷུ་ཥེ་ནེ་བེ་སཾ་ག་མེ་པ་ཤུ་པ་ཏི་པུསྤ་གརྦྷེ། ། བདག་དང་སེམས་ཅན་ཐམས་ཅད་འཇིག་པ་དང་ཉེ་བར་འཚེ་བ་དང་ངལ་བ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སཝ་ཧཱ།
97.84b
སྟོང་ཆེན་པོ་རབ་ཏུ་འཇོམ་པ་ཞེས་བྱ་བའི་རིགས་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་སྟེ། འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཕྱག་རྒྱས་བཏབ་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་བླ་ན་མེད་པར་ཞུགསོ། །དེའི་དོན་གྱི་ཕྱིར་སྔོན་མངོན་པར་རྫོགས་པར་སངས་རྒྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་དང་ཕ་མ་དང་སྦྱིན་གནས་དང་བླ་མ་ལྟ་བུ་རྣམས་ལ་བསྙེན་བཀུར་ཏོ། །ཚངས་པར་སྤྱོད་པ་སྤྱད་དོ་ཚུལ་ཁྲིམས་བསྲུངསོ་སྦྱིན་པ་བྱིན་ནོ། །སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐངསོ་བྱང་ཆུབ་ཐོབ་པར་བསྒྲུབསོ་བདུད་ཕམ་པར་བྱས་སོ་དེ་ནས་མི་མཇེད་གྱི་བདག་པོ་ཚངས་པ་དང་ལྷ་རྣམ་ཀྱི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དག་གིས་སྐད་ཅིག་དང་བློ་གྲོས་གཅིག་དང་དབྱངས་གཅིག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་གསོལ་པ་ཀྱེ་མ་རིགས་སྔགས་རིགས་སྔགས་ཆེ། །སྟོང་ཆེན་རབ་ཏུ་འཇོམ་བྱེད་པ། །སངས་རྒྱས་ཕྱག་རྒྱ་དེའི་ནི། །ཕྱོག་བཞིའི་སེམས་ཅན་ཐམས་ཅད་བསྲུངས། །ཕྱག་རྒྱ་གང་གིས་བཏབ་གྱུར་ན། །འབྱུང་པོ་ཐམས་ཅད་སྐྲག་བགྱིད་པ། །སྟོང་ཆེན་རབ་ཏུ་འཇོམས་པའི་མདོ། །ཕྱག་རྒྱ་བདག་ཅག་སྩལ་བར་བགྱི། །མི་གང་རབ་ཏུ་སྡང་བ་དང ། །བསྟན་པ་འདི་ལ་མ་དད་པ། །དེ་དག་ཚངས་པས་སྤྲུལ་པ་ཡི། །རིགས་སྔགས་ཆད་པས་གཅད་པར་བགྱི། །རྒྱ་བྱིན་གྱི་ནི་སྤྱི་བོ་བླངས། །འཇིག་རྟེན་སྐྱོང་བས་རྒྱས་བཏབས་པོ། །སྱཱད་ཡ་ཐེ་དན། ཀ་ལི་གི་བྷ་ར་དེ་ཛཽ་ཏ་གྲེ་ཛཱ་མ་ནི་སི་ཧཱ་པ་སི་དེ་སཱ་རཱ་གྲ་པྲཱ་པྟེ་ཧཾ་ས་གཱ་མི་ནི་མ་ལེ་ནི། ཧུ་ལེ་སི་ཧུ་ལེ་སི་ཧུ་ལི་སི་ཧུ་ལེ་མེ་ཧ་ཧམ་ཧ་ཧམ་སུ་ད་མ་ནི་བ་རཱ་གྲ་བ་ཏེ། ཧསྟེ་ནི་ནེ་བ་ར་མི་ཏ་ཙཎྚ་ལེ་ཙ་ར་མི་ཙ་རཱ་མེ་ཙ་རཱ་ཙ་རཱ་རེ་སཝ་ཧཱ། སྟོང་ཆེན་པོ་རབ་ཏུ་འཇོམ་པ་ཞེས་བྱ་བ་རིགས་སྔག་ཀྱི་རྒྱལ་མོ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་དུ་གཡོས་རབ་ཏུ
97.85a
གཡོས་ཀུན་དུ་གཡོས་ཀུན་དུ་རབ་ཏུ་གཡོས། ཕྱོག་བཞིའི་གནོད་སྦྱིན་དང་སྲིན་པོ་ཤ་ཟ་བ་རྣམ་ཀྱི་སྒྲ་སྐད་དྲག་པོ་ཕྱུང་བ། ཀྱེ་མའོ་སྡུག་བསྔལ་ཀྱེ་མའོ་བརླག་བདག་ཅག་འབྱུང་པོའི་ཚོགས་ཕུང་པོ། །འབྱུང་པོའི་ཚོགས་ནི་རབ་ཏུ་ཕུང ། །བདག་ཅག་རྟག་ཏུ་དབང་གིས་ཁྲིད། །སྲོག་ཆགས་འབྱུང་པོ་ཐམས་ཅད་ནི། །དེ་རིང་དགྲར་ཅེས་དབང་མེད་དོ། །དེ་དག་ས་ལ་འཁོད་ནས་ནི། །ཞུམ་ཞིང་རྣམ་པར་ཞུམ་གྱུར་ནས། །འགྲེ་ཞིང་ལྡོག་པར་རབ་ཏུ་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་རྡོ་རྗེར་མངོན་པར་སྤྲུལ་པ་དང ། དེ་དག་ཀྱང་ཕྱོག་བཞིར་བྱེར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ཕྱོག་བཞིར་མི་ལྕེའི་ཕུང་པོ་ཆེན་པོ་མངོན་པར་སྤྲུལ་པ་དང་དེ་དག་ནམཁའ་ལ་ཀུན་ཏུ་རྒྱུག་གོ་།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ནམཁའ་ལྕགསུ་མངོན་པར་སྤྲུལ་པ་དང ། དེ་དག་ཤིང་ཏ་ལ་བདུན་རྩམ་ནས་ནམཁའ་ལ་ཀུན་ཏུ་རྒྱུག་གོ་།དེ་ནས་ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་གྱིས་རལ་གྲི་དང ། མདའ་དང་མདུང་ཐུང་དང ། མདུང་དང་མདའ་བོ་ཆེ་དང ། ཤིང་ལྗོན་པ་དང་རིའི་ཆར་མངོན་པར་ཕབ་བོ། །དེའི་ཚེ་གནོད་སྦྱིན་ལྔ་སྟོང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམསུ་ཀུན་ནས་འདུས་པ་རྣམས་རིགས་སྔག་ཀྱི་དམོད་པས་བཅོམ་སྟེ། རིམས་ནད་ཀྱིས་བཏབ་ནས་མྱོས་ཏེ་རྨྱེ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུགས་ཏེ་གསོལ་པ། དགེ་སྦྱོང་གཽ་ཏ་མ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། ཐུགས་བརྩེ་བ་ཅན་ལགས་ཀྱིས་དགེ་སྦྱོངས་གཽ་ཏ་མས་བདག་ཅག་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་དེ་དག་ལ་བྱམས་པས་ཁྱབ་པར་མཛད་ནས་བསླབ་པའི་བཞི་འཛིན་དུ་བཙུད་དོ། །བདག་ཅག་ཕྱག་རྒྱ་སྤོང་གྱུར་ན། །མ་བསད་པ་ཡི་འགྲོ་གང་དང ། །ཕ་བསད་པ་ཡི་འགྲོ་གང་དང ། །དགྲ་བཅོམ་པ་ཡང་གསོད་གང་དང ། །དགེ་འདུན་དབྱེན་བགྱིད་འགྲོ་གང་དང ། །རྫོགས་སངས་རྒྱས་ལ་སྡང་སེམས་ཀྱིས། །སྐུ་འཚལ་ཕྱུང་བ་བགྱིད་པའི། །འགྲོ་བ་གང་ལགས་དེར་མཆིའོ། །རྫ་ཀའི་དོག་པ་ལྟར། །མགོ་ནི་འཚལ་པ་བདུན་འགས་ཤིང ། །གནོད་སྦྱིན་ནད་ཀྱི་བཏབ་པ་དང ། །བདག་ལུས་ཤ་བཀྲ་འབྱུང་བར་ཤོག་།གང་འདི་རྒྱལ་བས་གསུངས་པའི་མདོ། །སྟོང་ཆེན་རབ་ཏུ་འཇོམ་པའི། །རིགས་སྔགས་རྒྱལ་ལས་འགལ་བགྱིས་ན། །
97.85b
བདག་ཅག་འདོད་བཞིན་མི་འགྱུར་རོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ན་ཡམས་ཀྱི་ནད་དང་འཇིག་པ་དང་གནོད་པ་དང ། ནད་འགོ་བ་དང་འཁྲུགས་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ། །གནོད་སྦྱིན་དང་སྲིན་པོ་དང་མི་དང་མི་མ་ཡིན་པ་རྣམ་ཀྱང་རང་རང་གི་སྤྱོད་ཡུལ་ལས་འདས་སོ། །ངང་པ་དང་ནེ་རྩོ་དང ། རི་སྐེགས་དང ། ཁུ་བྱུག་དང་རྨ་བྱ་དང་ངུར་པ་དང ། ཤང་ཤང་ཏེའུ་དང ། བྱའི་ཚོགས་རྣམ་ཀྱང་སྒྲ་སྙན་པ་འབྱིན་ཏོ། །མི་འམ་ཅི་རྣམས་ནི་ལྷའི་བུ་མོ་བཞིན་དུ་ལུས་ལ་གནོད་པ་མེད་དོ། །རིན་པོ་ཆེའི་ཆ་བྱད་རྣམ་ཀྱང་མ་བཀྲོལ་བར་འཁྲོལ་ལོ། །རྔ་བོ་ཆེ་དང་དུང་དང ། རྫ་རྔ་དང་རྔ་བྲན་དང་པི་བང་དང ། གླིང་བུ་རྣམས་ཀྱང་ཇི་ལྟར་གནས་སུ་བཀོད་པ་བཞིན་དུ་སྒྲ་བྱུང་ངོ ། །བལ་པོ་སེའུ་དང་བེལ་བ་དང ། སྐྱུ་རུ་ར་དང་ནྱ་གྲོ་དྷ་དང་བྱང་ཆུབ་ཀྱི་ཤིང་དང ། སྤྲེའུ་གནས་དང་བླཀྵ་ཤ་དང་ཨུ་དུམ་བ་ར་དང་སཱ་ལ་དང ། ཏ་མ་ལའི་ཤིང་ལྗོན་པ་རྣམ་ཀྱང་དྲི་རབ་ཏུ་འབྱིན་ཏོ། །ལྷ་བརྒྱ་སྟོང་དག་གིས་ཀྱང་ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་སྟེ། བར་སྣང་ལས་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །མི་མ་ཡིན་པའི་དྲི་དག་ཀྱང་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་བསླབ་པའི་བཞི་ཡོངས་སུ་གཟུང་སྟེ། གོས་ངུར་སྨྲིགས་བགོས་ནས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེའི་རྒྱལ་པོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པ། སངས་རྒྱས་ཀྱི་ཕྱག་རྒྱའི་ཆོས་ཀྱི་རྣམས་གྲངས་འདི་བླངས་ཤིང་གཟུང་སྟེ། བཀླགས་ཤིང་བཤད་ལ་ཀུན་ཆུབ་པར་བགྱིས་ཤིང་ཡི་གེར་བྲིས་ནས་མདུད་པ་བོར་ཏེ་འཆང་ན། དེ་ལ་ཡམས་ཀྱིས་ནད་དང ། འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང ། འཁྲུགས་པ་དང ། ཁྲག་ཁྲུག་དང ། འཐབ་མོ་དང ། བཅིང་བ་དང ། རྩོད་པ་དང ། འགྱེད་པ་ནས་ཕྲ་མའི་བར་གྱི་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་མི་ཚུགས་པར་འགྱུར་ལགསོ། །རྣམ་པར་འཚེ་བ་ཐམས་ཅད་ལས་རྒྱལ་བར་འགྱུར་ལགསོ། །ཡུལ་འཁོར་འཚམས་གཅད་པར
97.86a
འཚལ་བ། ཁྲུས་བགྱིས་པ། ཟས་དཀར་གསུམ་འཚལ་བ། ཟས་ངན་པ་རྣམ་ལྔ་སྤངས་པ། མིའི་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། ཤིན་དུ་བརྒྱན་པ། གོས་དང ། རྒྱན་དང་ལྡན་པ་དེས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། སུམ་མདོ་དང ། ཁྱིམ་རྣམས་ཉལ་ཉིལ་གྱི་ཕུང་པོ་མ་མཆིས་པར་བགྱིས་ཏེ། རྒྱལ་པོའི་ཕོ་བྲང་འཁོར་གྱི་དབུས་གྱི་དོག་ས་རྣམས་སུ་མེ་ཏོག་སིལ་མ་བཀྲམ་ལ། སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུག་པར་བགྱིའོ། །ཕྱོགས་བཞིར་བུ་མོ་ཤིན་དུ་ཁྲུས་བགྱིས་པ་བརྒྱན་པ། ལག་ན་མཚོན་ཐོགས་པ་བཞི་དང ། དྲིལ་བུ་བཞི་དང ། རིན་པོ་ཆེའི་སྣོད་བཞི་བཞག་གོ་།སྔ་དྲོའི་དུས་ཀྱི་ཚེ་གདུགས་ཤར་བ་དང ། རིག་སྔགས་བཀླག་པར་བགྱི་སྟེ། མདོ་སྡེ་བཟླས་ཤིང་བཀླག་པར་བགྱིའོ། །ཡི་གེར་བྲིས་ཏེ་མཆོད་རྟེན་ཆེན་པོ་དང ། ཤིང་ལྗོན་པ་ཆེན་པོ་དང ། རྒྱལ་མཚན་ཆེན་པོའི་རྩེ་མོ་ལ་བསྟོད་དེ་བཏགས་ལ། མེ་ཏོག་སྣ་ཚོགས་དང ། སྤོས་སྣ་ཚོགས་དག་གིས་དགུང་ཟླ་ཕྱེད་ཀྱི་བར་དུ་མཆོད་པར་བགྱིའོ། །གདུགས་རེ་རེ་ཞིང་རིགས་སྔགས་ལན་རེ་བཀླག་པར་བགྱིའོ། །དེ་ལྟར་ན་ཡུལ་འཁོར་ཡོངས་སུ་ཐར་བར་བགྱུར་རོ། །དེ་ལྟར་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་དང ། གནས་དང ། གཙུག་ལག་ཁང་དང ། ཁྱིམ་དང ། ཞིང་དང ། ལས་ཁང་དང ། ཤིང་ལྗོན་པ་དང ། འབྲས་བུ་དང ། ནེའུ་སིང་དང ། ཀུན་དགའ་ར་བ་དང ། གནག་ལྷས་དང ། ཕྱུག་ལྷས་རྣམས་ཉལ་ཉིལ་མ་མཆིས་པར་བགྱིས་ཏེ། སེང་ལྡེང་དང ། རྒྱ་ཤུག་གི་ཞུགས་གཏམས་ལ། དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། སྒོ་གང་གཡས་གཡོན་ནས་དྲི་སྣ་ཚོགས་ཀྱིས་གདུགས་ལ། ས་བོན་ཐམས་ཅད་མར་གྱིས་བསྐུས་ཏེ་ཕྱོགས་བཞིར་གཏོར་བར་བགྱི། ཆབ་སྒོར་ཚོན་སྐུད་སྣ་ཚོགས་བྲེ་བར་བགྱིའོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དག་ནི་བཏོན་ལ་སླར་ཡང
97.86b
གཟུད་པར་བགྱིའོ། །རིག་སྔགས་ཀྱང་བཀླག་པར་བགྱིའོ། །ཡི་གེར་བྲིས་སམ། མདུད་པ་མདུད་དེ་མཐོན་པོའི་ཁར་བཏགས་ལ་མཆོད་པར་བགྱིའོ། །ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ། སངས་རྒྱས་ཀྱི་རིང་བསྲེལ་ལམ་ཚངས་པའི་གཟུགས་སམ། བརྒྱ་བྱིན་གྱི་གཟུགས་སམ། རྒྱལ་པོ་ཆེན་པོ་བཞིའི་གཟུགས་ཁྲིའུ་འམ། ཟ་མ་ཏོག་གི་སྟེང་དུ་བཞག་སྟེ། ཕྱག་རྒྱ་བཞི་བགྱིས་ལ་བཞག་པར་བགྱིའོ། །མེ་ཏོག་སྣ་ཚོགས་དང ། སྤོས་སྣ་ཚོགས་དང ། ཚངས་པ་དང ། བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དང ། དབང་ཕྱུག་ཆེན་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་དང ། གནོད་སྦྱིན་སྟོབས་པོ་ཆེ་དང ། འཕྲོག་མ་ལ་སོགས་པའི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ། །དེ་རྣམས་ཀྱི་སྟོབས་དང ། དབང་ཕྱུག་དང ། བྱིན་གྱིས་བདག་དགེ་བར་གྱུར་ཅིག་།བདག་ལ་སྲུང་བ་གྱིས་ཤིག་།ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག་།ནད་པའི་ཟས་དང ། སྐོམ་དང ། སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང ། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག་།དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་འདི་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཅིང ། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག་།སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང ། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང ། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང ། །ལོག་དད་སེལ་གྱི་ཏིང་འཛིན་དང ། །གསེར་ཞེས་བྱ་བའི་ཡེ་ཤེས་དང ། །འོད་སྲུང་གི་ནི་རྫུ་འཕྲུལ་དང ། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག་།
97.87a
ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་སྟེ་ཀླག་པར་བགྱི། །སྱཱད་ཡ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊེ། ཁ་ཊ་བི་ཁ་ཊི། བི་མ་ལེ། བི་ལམ་བེ་བ་ལེ། བ་ལ་བ་ཏི། ཙན་དྲེ། ཙ་ར་ཎེ། ཨ་མྲི་ཏ་ནིར་གྷོ་ཥེ་སཝཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །བདག་ལ་རྟག་ཏུ་དགེ་བར་ཤོག་།བྱད་སྟེམས་དང་རོ་ལངས་དང་ལྡན་པའི་ལས་རྣམས་ལ་སྐྱེས་པའམ། བུད་མེད་གདུགས་ཞག་གཅིག་སྨྱུང་བ་བགྱིས་པ། རབ་ཏུ་བཀྲུས་པ། ཤིན་དུ་བརྒྱན་པ་དེས་དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། སྤོས་སྣ་ཚོགས་ཀྱིས་བདུགས་ལ་སེང་ལྡེང་དང ། རྒྱ་ཤུག་རིགས་གཉིས་ཀྱི་ཞུགས་བུས་ཏེ། ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱིའོ། །ཞུགས་ཀྱི་ནང་དུའང་གཏོར་བར་བགྱིའོ། །རྩ་བ་ཐམས་ཅད་དང ། མེ་ཏོག་ཐམས་ཅད་ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ་རལ་གྲི་འམ། མདུང་རྩེ་གསུམ་པ་འམ། མདུང་ངམ། མདའ་ལ་གདགས་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་སྦྱར་ཏེ། བུམ་པ་ཆེན་པོའི་ནང་དུ་བླུག་ལ། གང་བྱད་སྟེམས་ཀྱིས་ཕོག་པ་དེ་སྐུད་པ་དེས་བཅིངས་ཏེ། བུམ་པའི་ཆབ་ཀྱིས་བཀྲུ་བར་བགྱིའོ། །སྐུད་པ་ཡང་རལ་གྲིས་བཅད་དེ་ཞུགས་ཀྱི་ནང་དུ་དོར་རོ། །སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ཡང་བརྗོད་པར་བགྱིའོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང ། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང ། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང ། །འཕྲོག་མ་བུ་དང་བཅས་པ་དང ། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །རོ་ལངས་ལས་རྣམས་ཆད་གྱུར་ཅིག་།རྡོ་རྗེས་རིན་ཆེན་ཕུག་པ་དང ། །མེ་ཡིས་བུས་ཤིང་སྲེག་པ་དང ། །རླུང་གིས་སྤྲིན་ནི་འཐོར་བ་དང ། །ཉི་མས་ནགས་ཚལ་སྐེམས་བྱད་པ། །བདེན་པའི་ཚིག་ནི་དེ་དག་གིས། །བྱད་སྟེམས་ལས་རྣམས་ཚིགས་པར་ཤོག་།སྤོས་དང་མེ་ཏོག
97.87b
སྣ་ཚོགས་ཀྱིས། །སྡིག་པ་ཐམས་ཅད་ངེས་པར་བསལ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཀ་ཁ་ལི། ཀ་ཁ་ལི། ཛུ་ཧཝི་ནི། ཛ་བ་ལེ། ཧ་ར་གྲེ། ཧ་རི་ཎི་ཤཱ་བ་རི། ཤཱན་ཏི། པྲ་ཤཱན་ཏི་སཝཱ་ཧཱ། དྷཱ་བ་ནི་སཝཱ་ཧཱ། པྲ་དྷཱ་བ་ནི་སཝཱ་ཧཱ། གྷན་དྷར་བེ་སཝ་ཧཱ། པྲ་ལཾ་གི་ནི་སཝཱ་ཧཱ། སརྦ་ཀཱ་ཁོརྡ་ཀྲྀ་ཏ་མེ་ཏཱ་ཌ་ཙྪ་ར་ར་ནི་སཝཱ་ཧཱ། ལྷ་ཐམས་ཅད་ཀྱི་གསང་སྔགས་འདི་དག་གིས་བདག་གི་བྱད་སྟེམས་དང ། རོ་ལངས་དང ། སྨན་དང ། སྔགས་དང ། དུག་དང ། དུག་སྦྱར་མ་རྣམས་བཅད་དོ། །བཤིག་གོ་།ཕམ་པར་བྱས་སོ། །ཕ་རོལ་ཕམ་པར་བྱས་སོ་སཝཱ་ཧཱ། ལྦ་བ་དང ། ཤུ་བ་དང ། སྨྱོ་བ་དང ། འབྲས་དང ། འབྲུམ་བུ་དང ། རྐོམ་པོ་དང ། དུག་འཐུངས་པ་ལས་ཐར་བར་འཚལ་བ་ཤིན་དུ་ཁྲུས་བགྱིས་པ། ཤིན་ཏུ་བརྒྱན་པ། སྟན་བཟང་པོའི་སྟེང་དུ་མཆིས་ཏེ། རིག་སྔགས་འདི་བརྗོད་པར་བགྱིའོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང ། །རང་རྒྱལ་དག་གི་གཟི་བརྗིད་དང ། །དགྲ་བཅོམ་དག་གི་མཐུ་དག་དང ། །གསང་སྔགས་འཛིན་པ་ཐམས་ཅད་དང ། །ཤཱ་རྀའི་བུ་ཡི་ཤེས་རབ་དང ། །མཽང་གལ་བུ་ཡི་རྫུ་འཕྲུལ་དང ། །མ་འགགས་པའི་མིང་དང་ནི། །འོད་སྲུང་སྦྱང་པའི་ཡོན་ཏན་དང ། །ཀཽ་དི་ནྱའི་སྔར་ཐོབ་དང ། །ཀུན་དགའ་བོ་ཡི་ཐོས་པ་དང ། །ཚངས་པ་ཡི་ནི་བྱམས་པ་དང ། །བརྒྱ་བྱིན་གྱི་ནི་དབང་རྣམས་དང ། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང ། །དབང་ཕྱུག་ཆེན་པོའི་སྟོབས་དག་དང ། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང ། །འཕྲོག་མ་གཟི་བརྗིད་རྫུ་འཕྲུལ་དང ། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག་།དུག་མེད་དུག་རྣམས་འཇིལ་བྱེད་པ། །གསང་སྔགས་ཚིག་རྣམས་དེ་ལགས་སོ། །
97.88a
སྱཱད་ཡ་ཐེ་དན། ཧ་རི་གི་ཤི་ན་ཀི་ལི། ཨེ་ཧེ་རེ། ཨ་མ་རེ། ཨཎྜ་རེ། པཎ་ཌྷ་རེ། ཀ་ཊ་ཀེ་།ཀེ་ཡའུ་རེ། ཧ་སེ་ཧ་སེ་ཧ་སེ་ཁ་སེ་ཁ་སེ་ཁ་སེ་ཁ་རཾ་གེ། མ་རུ་ག་ཧ་ཎེ་སཝཱ་ཧཱ། མུ་མུ་ཀྴ་སཝཱ་ཧཱ། ཧི་ལེ་སཝཱ་ཧཱ། མི་ལེ་སཝཱ་ཧཱ། འབྲས་དང་རྨ་དང་ཤུ་བ་དང ། །གཡན་པ་དང་ནི་འབྲུམ་བུ་དང ། །ལྷོག་པ་དང་ནི་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆག་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ཆོས་དུག་མི་མངའ། །ཆོས་ཀྱི་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་དེ་དག་གིས། །བདག་གི་དུག་ནི་དུག་མེད་ཤོག་།དུག་ནི་ས་ཡིས་ནང་དུ་སོང ། །གང་བའི་སྣོད་དུ་དུག་སོང་ཤིག་སཝཱ་ཧཱ། དེ་ནས་ཁྲག་ཁྲུག་དང ། འཐབ་པ་དང ། བརྩོད་པ་དང ། འགྱེད་པ་དང ། ཕ་རོལ་གྱི་དམག་ཚོག་དང ། དགྲ་རྣམ་ལས་རྒྱལ་བར་འཚལ་བས་ཐོག་མར་མཆོད་རྟེན་ཆེན་པོ་ལ་མཆོད་པར་བགྱིའོ། །སྟོང་ཆེན་པོ་རབ་ཏུ་འཇོམ་པའི་རིག་སྔག་ཀྱི་རྒྱལ་མོ་འདི་ཡང་བརྗོད་པར་བགྱིའོ། །སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོ་ལྷ་མིན་ཕམ་པར་གྱུར། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམཁ་ལྡིང་གིས་རྒྱ་མཚོའོ། །མེ་ཡིས་ཤིང་རྣམ་ཕམ་པར་གྱུར། །ཆུས་ནི་མེ་ཡང་ཕམ་པར་འགྱུར། །རླུང་གིས་སྤྲིན་རྣམ་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག་།ལྷ་རྣམས་བདེན་པར་རབ་ཏུ་གསུངས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང
97.88b
ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་བརྫུན་མ་ལགས། །སྱཱད་ཡ་ཐེ་དན། ཨ་མྲྀ་ཏེ། ཨ་གྲ་པུསྤེ། བ་ཧུ་ཕ་ལེ། ནི་བཱ་ར་ནི། ་སརྦ་ཨརྠ་སཱ་དྷ་ནི། ཨ་པ་རཱ་ཛི་ཏེ། བ་ར་ཊེ་དྷ་ར་ནི། གུ་ཧྱ་བར་ཏེ། གཽ་ཏ་མེ། གུ་གུ་མ་ཏི། ཛམྦྷ་ནི་སཝཱཧཱ། པྲ་ཛམྦྷ་མི་སཝཱཧཱ། བ་ལ་པྲ་བྷཉྫ་ནི་སཝཱ་ཧཱ། ཛ་ཡེ་སཝཱཧཱ། བི་ཛ་ཡེ་སཝཱཧཱ། ཛ་ཡ་བི་ཛ་ཡེ་སཝཱ་ཧཱ། ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སཝཱཧཱ། དེ་ནས་སྟོན་པ་ཀུན་མཁྱེན་གྱི། །ཚིགས་སུ་བཅད་པ་འདི་དག་གསྲུངས། །མི་འཁྲུགས་པ་དང་སྣང་མཛད་སྤྱན་རས་གཟིག་ཀྱི་དབང ། །རིན་ཆེན་འོད་འཕྲོ་རི་རབ་མུ་ཁྱུད་འོད་དཔག་མེད། །རྡོ་རྗེ་རྣམས་ཀྱི་མཚན་རྣམས་རྟག་ཏུ་བཟུང་ན་ནི། །འཇིགས་པར་འགྱུར་བ་མ་ཡིན་ནོན་པར་མི་འགྱུར་རོ། །གང་གིས་མཐུ་སྟོབས་ཆེན་པོ་བརྒྱད་པོ་འདི་དག་གིས། །མཚན་རྣམས་རྗེསུ་བཟུང་བའི་ཕྱིར་ནི་རབ་བརྗོད་ཅིང ། །ཀུན་དུ་བསྐྱབ་པ་བྱས་ན་དེ་ཡི་ལུས་ལ་ནི། །མི་དང་དུག་དང་མཚོན་གྱིས་ཚུགས་པར་མི་འགྱུར་རོ། །གལ་ཏེ་དེ་ལ་གནོད་པ་བྱེད་པ་ཉེ་བར་གནས། །གཤེད་མས་མཚོན་རྣམས་ཀྱི་ནི་གདབ་པར་གཟས་པ་ལས། །སྤྱན་རས་གཟིགས་ཀྱི་དབང་པོ་རྗེས་སུ་དྲན་ན་ནི། །མཚོན་ཆ་དེ་དག་དུམ་བུ་དུམ་བུར་ཆག་ཅིང་འབྲུལ། །གལ་ཏེ་མཚོན་ཆ་རྣམས་ནི་ཐོགས་པར་གྱུར་ན་ཡང ། །ལག་པ་ཆག་ནས་ས་ལ་རབ་ཏུ་ལྟུང་བར་འགྱུར། །དེ་ཡི་ལུས་ལ་ཅུང་ཟད་འབབ་པར་མི་འགྱུར་ཏེ། །སྔན་ཆད་བྱས་པ་གང་ཡིན་པ་ནི་མ་གཏོགས་སོ། །ལྷ་རྣམས་ཀྱིས་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །བདེན་པ་རབ་སྟོན་ཐུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །དེང་ནི་བདེན་པ་རྣམས་ལ་གནས་ནས་མཆིས་བར་བགྱི། །བདག་གིས་ལས་རྣམས་ཐམས་ཅད་འབྲས་བུར་བཅས་གྱུར་ཅིག་།དེ་ནས་ཚངས་པ་ཚངས་ཆེན
97.89a
གྱིས། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །སྟོང་ཆེན་རབ་ཏུ་འཇོམ་བྱེད་པ། །ལེགས་པར་གསུངས་པའི་རིགས་སྔགས་འདི། །བྱིས་པ་རྣམས་ལ་ཕན་བགྱིད་པ། །རིགས་སྔགས་བདག་གིས་བརྗོད་པར་བགྱི། །གང་གིས་དང་པོར་འཛམ་གླིང་དུ། །རིག་སྔགས་རབ་ཏུ་སྟོན་མཛད་པ། །ཆོས་ཀྱི་རྒྱལ་པོ་སྣང་མཛད་པ། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ཁྱད་པར་འཕག་པའི་ཆོས་རྣམས་དང ། །ཚོགས་ཀྱི་དམ་པ་དགེ་འདུན་དང ། །སངས་རྒྱས་ཞབས་ལ་ཕྱག་འཚལ་ནས། །ཚངས་པས་འདི་སྐད་ཚིག་གསོལ་ཏོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་ཀྱི་ནི་ཉན་ཐོས་དང ། །དྲང་སྲོང་དང་ནི་འཇིག་རྟེན་སྐྱོང ། །ལྷ་རྣམས་ཇི་སྙིད་མཆིས་པ་དང ། །དེ་ཀུན་མི་ཡི་འཇིག་རྟེན་ན། །འདི་ལས་སྐྱེས་པ་ཤ་སྟག་གོ་།ཐུབ་ཆེན་མངལ་ལ་འཚལ་བ་ཡི། །གནོད་སྦྱིན་སྲིན་པོ་འདི་ན་མཆིས། །རྒྱལ་པོ་རྣམ་ཀྱིས་མཐོང་མི་ནུས། །བསྟན་པར་ཡང་ན་མི་ནུས་སོ། །གང་ལ་བུ་ནི་མི་འཆགས་དང ། །གང་གི་མངལ་ནི་མི་གནས་དང ། །སྐྱེས་པ་བུད་མེད་འདུ་བ་ན། །དབང་པོ་རྣམས་ནི་མྱོས་པར་བགྱིད། །མེར་མེར་པོ་དང་ནུར་ནུར་པོ། །བུ་ཡི་ས་བོན་མ་རུང་བགྱིད། །གང་ཡང་མངལ་ནི་ཐུར་དུ་གྱུར། །ཤ་མ་མི་འབྱུང་གནོད་བགྱིད་པ། །དེ་རྣམས་ཀྱི་ནི་མིང་བརྗོད་ཀྱིས། །འཇིག་རྟེན་མགོན་པོ་བདག་ལ་གསོན། །འཇམ་པ་པོ་དང་རི་དགས་རྒྱལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མ་མོ་དང་ནི་ཛ་མི་ཀ་།འདོད་པ་ཅན་དང་ནམ་གྲུ་དང ། །སྲུལ་པོ་དང་ནི་མ་དགའ་བྱེད། །བྱ་དང་གཉའ་བའི་ལག་ཅན་དང ། །བཞིན་བརྒྱན་དང་ནི་མིག་འཕྱང་བ། །དེ་དག་ཐམས་ཅད་ས་ལ་རྒྱུ། །གདོན་རྣམས་བཅཝ་ལྔ་དེ་དག་ནི། །བྱིས་པ་རྣམས་ལ་འཇིགས་པར་བགྱིད། །ཇི་ལྟར་བྱིས་པ་འཛིན་པའི། །མཚན་དང་གཟུག་ཀྱང་བརྗོད་པར་བགྱི། །འཇམ་བ་པོས་ནི་ཟིན་གྱུར་ན། །མིག་ནི་རབ་ཏུ་འགྱུར་བར་བགྱིད། །རི་དྭགས་རྒྱལ་གྱིས
97.89b
ཟིན་གྱུར་ན། །སྐྱུགས་པ་མི་བཟད་སྐྱུག་པར་འགྱུར། །སྐེམ་བྱེད་ཀྱིས་ནི་ཟིན་གྱུར་ན། །སྐེམ་བྱེད་པས་ནི་བྱིས་པ་འགུལ། །བརྗེད་བྱེད་ཀྱིས་ནི་ཟིན་གྱུར་ན། །འགྲེ་ཞིང་དེ་ལྟར་སྒྲ་ཡང་འབྱིན། །དབུ་བ་དང་ནི་ཁ་ཆུ་འཛག་།ཁུ་ཚུར་ཅན་གྱིས་རབ་ཟིན་ན། །ཁུ་ཚུར་འཆང་ཞིང་འབྱེད་པར་བགྱིད། །མ་མོ་ཡིས་ནི་ཟིན་གྱུར་ན། །རྒོད་ཅིང་དེ་བཞིན་སྒྲ་ཡང་འབྱིན། །ཛ་མི་ཀས་ནི་རབ་ཟིན་ན། །ནུ་ཞོ་ནུ་བར་མངོན་མི་དགའ། །འདོད་པ་ཅན་གྱིས་རབ་ཟིན་ན། །མལ་ན་གཉིད་ལོག་ངུ་བར་འགྱུར། །ནམ་གྲུ་རབ་ཏུ་ཟིན་གྱུར་ན། །ལྕེ་ལ་སོས་ནི་འཆའ་བར་བགྱིད། །སྲུལ་པོས་རབ་ཏུ་ཟིན་གྱུར་ན། །ཀུ་ཅོ་འདོན་ཅིང་སྒྲ་ཡང་འབྱིན། །མ་དགའ་བྱེད་པས་ཟིན་གྱུར་ན། །རྣམ་པ་སྣ་ཚོགས་གཟུགསུ་འགྱུར། །བྱ་ཡིས་རབ་ཏུ་ཟིན་གྱུར་ན། །མནམ་པའི་དྲི་ནི་འབྱུང་བར་འགྱུར། །གཉའ་ལག་ཅན་གྱིས་ཟིན་གྱུར་ན། །མགུལ་པ་རབ་ཏུ་འགག་པར་འགྱུར། །བཞིན་བརྒྱན་གྱིས་ནི་ཟིན་གྱུར་ན། །རིམ་ཀྱིས་བཏབ་ཅིང་འཁྲུ་བར་འགྱུར། །མིག་འཕྱང་བས་ནི་ཟིན་གྱུར་ན། །སྐྱིགས་བུ་དང་ནི་སྡམ་པ་འབྱུང ། །བྱིས་པ་ཇི་ལྟར་སྐྲ་བགྱིད་པ། །དེ་ཡི་གཟུགས་ནི་བརྗོད་པར་བགྱི། །འཇམ་བ་པོ་ནི་བ་ལང་གཟུགས། །རི་དགས་རྒྱལ་པོ་རི་དག་འདྲ། །སྐེམ་བྱེད་པ་ནི་གཞོནུའི་གཟུགས། །བརྗེད་བྱེད་པ་ནི་བ་འདྲའོ། །ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །མ་མོ་དེ་ནི་མི་ཡི་གཟུགས། །ཛ་མི་ཀ་ནི་རྟ་ཡི་གཟུགས། །འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །ནམ་གྲུ་ཁྱིའི་གཟུགས་ཀྱིས་ཏེ། །སྲུལ་པོ་ཕག་གིས་གཟུགས་ཀྱིས་སོ། །མ་དགའ་བྱེད་པ་བྱི་ལའི་གཟུགས། །བྱ་ནི་འདབ་ཆགས་གཟུགས་ཀྱིས་སོ། །གཉའ་ལག་ཅན་ནི་བྱ་གག་གཟུགས། །བཞིན་རྒྱན་འུག་པའི་གཟུགས་སུ་སྟེ། །མིག་འཕྱང་བ་ནི་ཕ་བང་གཟུགས། །འདི་དག་བྱིས་པ་སྐྲག་པར་བགྱིད། །འདི་དག་བུ་འཕྲོག་མ་རུང་པ། །བྱིས་པ་རྣམས་ལ་འཇིགས་བགྱིད་པ། །མདོ་སྡེའི་ཞགས་པས་དྲངས་ནས་ནི། །འདི་དག་ཤིན
97.90a
དུ་དགུག་པར་བགྱི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི། །དྲི་ཟ་ཙན་དན་ཞེས་བགྱི་བ། །ཡི་གེ་ཕྱག་རྒྱ་དེ་སྩལ་ཏེ། །སོང་ལ་གདོན་ནི་དྲག་པོ་པ། །བཅཝ་ལྔ་དེ་དག་ཁུག་ཤིག་ཅེས། །ཕོ་ཉར་ཡང་ནི་བཏང་བར་བགྱི། །དེ་དག་རྣམས་ནི་སྐད་ཅིག་གིས། །བཅིང་བ་ལྔ་ཡིས་བཅིང་བཞིན་བཀུག་།དེ་ནས་འཇིག་རྟེན་མགོན་པོ་ལ། །ཚངས་ཆེན་ཐལ་སྦྱར་འདི་སྐད་གསོལ། །སྲོག་ཆགས་ས་བོན་འཇིགས་བགྱིད་པ། །འབྱུང་པོ་འདི་དག་རྣམས་ལྷགས་ཏེ། །མགོན་པོ་ཡི་ནི་སྤྱན་སྔ་རུ། །འདི་དག་ཆད་པ་བཤད་པར་བགྱི། །བུད་མེད་གང་དག་བུ་མི་འཚལ། །གང་ཞིག་བཙས་པ་འཛིན་འཚལ་བས། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །བསླབ་བཟུང་དམ་ཆོས་སྐྱབས་མཆིས་ལ། །མཆོད་རྟེན་ལེགས་པར་མཆོད་པར་བགྱི། །ཁྲུས་བགྱིས་ཤིན་དུ་བརྒྱན་ནས་ནི། །ས་བཞིར་ཡུངས་ཀར་གཏོར་ནས་སུ། །མེ་ཏོག་སྤོས་ཀྱིས་བརྒྱན་པར་བགྱི། །སྣ་ལྔའི་ཚོན་གྱི་སྐུད་པས་ནི། །འཁོར་ཡུག་ཏུ་ནི་བསྐོར་བར་བགྱི། །ནམ་ཕྱེད་བར་དུ་མཆིས་ནས་ནི། །སྤྱི་བོར་ཡུངས་ཀར་བཞག་ནས་སུ། །ཚངས་པས་རབ་ཏུ་བྱས་པ་སྟེ། །ཚངས་པས་སྤྲུལ་ཅེས་བརྗོད་པར་བགྱི། །ལོ་གྲངས་བཅུ་གཉིས་བར་དུ་ནི། །གཞོན་ནུ་རྣམས་ལ་ཕན་བགྱིད་པ། །ཚངས་པས་སྤྲུལ་པའི་མདོ་སྡེ་ཡི། །རིག་སྔགས་འདི་ལ་གང་འདའ་བ། ། རྫ་ཀ་ཡི་དོག་པ་བཞིན། །མགོ་བོ་ཚལ་པ་བདུན་དུ་འགས། །སྱཱད་ཡཱ་ཐེ་དན། ཨཾ་གེ། བཾ་གེ། བཾ་གི་ནི། བྷ་བ་ནེ། ཨི་ནན་དི། བི་ནན་དི། སུ་ར་ལི། གི་རི་གི་རི། ཤ་བ་རི། ག་རུ་ཎི། ཤ་རུ་ཎི་གི་རི། ག་བ་རེ། ལོ་ཙ་ནི། རོ་ཥ་ཎི། ལ་ས་ནི། རོ་ཙ་ནེ། ཨ་ལ་བྷེ། ཨ་ག་ནེ། ཨ་ལི་བྷེ། ཏ་ལ་བྷེ། པྲ་ཀར་ཥི་ཎེ་སཝཱ་ཧཱ། མངལ་ན་བདེ་བར་གནས་གྱུར་ཅིག་།དབང་པོ་ཡང་དག་འཕེལ་བར་ཤོག་།མངལ་ན་འདུག་པ་བདེ་གྱུར་ཅིག་།བཙས་པ་འཇིག་པར་མ་གྱུར་ཅིག་།མངལ་ན་བདེ་བར
97.90b
གནས་གྱུར་ཅིག་།དུས་བཞིན་དུ་ནི་འབྱུང་བར་ཤོག་།ཚོན་སྐུད་སྣ་ཚོགས་རྣམས་དང་ནི། །ཡུངས་དཀར་འབྲུ་ནི་མ་གྲུགས་པ། །དེ་དག་བསྲུང་བར་གསུངས་པ་སྟེ། །བྱིས་པ་རིང་དུ་འཚོ་བར་ཤོག་།དེ་ནས་སྟོན་པ་ཀུན་མཁྱེན་གྱིས། །རིག་པའི་སྔགས་ནི་འདི་དག་གསུངས། །མངལ་ན་འདུག་པ་བསྲུང་བར་ཤོག་།བྱིས་པ་རྣམས་ནི་བདེ་གྱུར་ཅིག་།སྱཱད་ཡ་ཐེ་དན། བོ་དྷི་བོ་དྷི། མ་ཧཱ་བོ་དྷི། བོ་དྷ་ཨ་ནུ་མ་ཏེ། ཕ་ལི་ནི། བ་ཧུ་ཕ་ལེ། ཤིཀྵ་ཤིཀྵ། སཱ་ར་བ་ཏེ། སཱ་ག་ལི། དུ་རཱ་ས་དེ། དུ་རཱ་ག་མེ། ཤཱུ་ར་པྲཱཔྟེ། ཤཱུ་ར་བ་ཏེ། བྷ་གེ། བྷ་ག་བ་ཏེ། བྷ་གེ་ནི་ནི་བཱ་ར་ཎི་སཝཱ་ཧཱ། དེ་ནས་གདོན་ནི་བཅཝ་ལྔ་པོ། །རྟག་ཏུ་ཁྲག་ལ་འཐུང་རྣམས་ཀྱིས། །འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །གྲོང་ངམ་ཁྱིམ་འམ་གྲོང་ཁྱེར་རམ། ། གང་ན་ལེགས་པར་གསུངས་པ་ཡི། །མདོ་སྡེ་འདི་ནི་བཞུགས་པ་དེར། །བྱིས་པ་རྣམས་ནི་འཆི་མི་འགྱུར། །ཐུབ་ཆེན་ཁྱོད་ནི་ཇི་བཞིན་དུ། །རྗེས་སུ་འཐུན་པར་འཇུག་པར་བགྱི། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །འཚངས་པ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་།གྲུབ་པར་གྱུར་ཅིག་།རིག་སྔགས་ཀྱིས་སྒྲོལ་བར་གྱུར་ཅིག་།ཚངས་པས་བསམ་པར་གྱུར་ཅིག་སཝཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་གང་ལ་ལ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཛིན་ཏམ། འཆང་ངམ། སྟོན་ཏམ། ཀློག་གམ། ཀུན་ཆུབ་པར་བགྱིད་པ་དེས་མང་དུ་ཐོས་པ་ལ་བཙོན་པར་བགྱིའོ། །མཆོད་རྟེན་མཆོད་པ་ལ་བརྩོན་པར་བགྱིའོ། །ཚེས་བརྒྱད་དང ། བཅུ་བཞི་དང ། བཅཝ་ལྔའི་དུས་སུ་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ནས་རིག་སྔགས་བཀླག་པར་བགྱིའོ། །ཚེས་བརྒྱད་ཀྱི་ཚེ་ནི་རྒྱལ
97.91a
པོ་ཆེན་པོ་བཞིའི་སྐྱེས་བུ་དག་རྒྱལ་པོ་ཆེན་པོ་རྣམས་ཀྱིས་མདུན་ན་དེ་ལ་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །ཚེས་བཅུ་བཞིའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ཉིད་མདུན་ན་སེམས་པར་བགྱིད། མིང་ནས་ཀྱང་འདོན་པར་བགྱིད་དོ། །ཚེས་བཅཝ་ལྔའི་ཚེ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་ནི་སེམས་པར་བགྱིད་ཅིང་མིང་ནས་ཀྱང་འདོན་པར་བགྱིད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ལེན་པ་དང ། འཆང་བ་དང ། སྟོན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བགྱིད་པ་དེ་ནི་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་བགྱིད་པ་ལགསོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་དེ་ལ་གོས་དང ། ཟས་དང ། མལ་ཆ་དང ། སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྟི་སྟང་བགྱིད་པར་འགྱུར། །རྒྱལ་པོ་དང ། བློན་པོ་དག་གིས་ཀྱང་བླ་མར་བགྱི་བ་དང ། རིམ་གྲོ་བགྱི་བ་དང ། མཆོད་པར་བགྱི་པར་འགྱུར་རོ། །གཞན་མུ་སྟེགས་ཅན་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་ཅན་དང ། ཀུན་དུ་རྒྱུ་དང ། མཛའ་བ་དང ། མི་མཛའ་བ་དག་གིས་ནང་དུ་མཆིས་ཀྱང་མཆོད་པར་འགྱུར་རོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དེས་གཙང་མར་བགྱིས་ཏེ། ལུས་གཙང་བ་དང ། གོས་དང ། རྒྱན་དང ། མལ་ཆ་དང ། སྟན་དང ། ཡོ་བྱད་ཁྱད་པར་ཅན་གཙང་མར་བགྱི། ཡུལ་ངན་པ་རྙེད་པར་མི་བགྱི། ཡུལ་ངན་པའི་འཛའ་བོ་དང་བསྟེན་པར་མི་བགྱི། ཡུལ་ངན་པ་ན་གནས་པ་ལ་བསྔགས་པར་མི་བགྱིའོ། །གང་འབྱུང་པོའི་གདོན་གྱིས་ཟིན་པའི་མདུན་དུ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་དྲན་པར་གྱུར་ན། དེ་ལ་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་བསྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བགྱིད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་མཐུ་ཆེ་སྟེ། གང་གིས་རང་གི་ཁྱིམ་དུ་མཚན་གཅིག་གམ། ཉིན་གཅིག་ཀྱང་རུང་ཡང་དག་པར་བསམ
97.91b
ན། དེ་ལ་ལོ་གཅིག་གི་བར་དུ་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་རོ། །འབྱུང་པོའི་ཚོགས་ཐམ་ཅད་ཀྱིས་ཕྱག་བགྱི་བའི་འོས་སུ་འགྱུར་བ་ལགས་སོ། །གང་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཆང་བ་དེ་འཚལ་ན། རྒྱལ་པོ་ཆེན་པོ་བཞི་ཡང་བཞིན་བསྟོན་པར་འགྱུར་ན། གནོད་སྦྱིན་དང ། སྲིན་པོ་དང ། ཕལ་པ་གཞན་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་རྣམས་ལ་སྨན་པའི་སླད་དུ་འཇིག་རྟེན་ལ་གང་སུ་དག་རིག་སྔགས་བགྱིད་པ་དེ་དག་པས་གསང་སྔགས་ཀྱི་ཚིགས་འདི་དག་རབ་མཆོག་།གཙོ་བོ། ཁྱད་པར་དུ་འཕགས་པ། དམ་པ། ཟབ་པ། རྒྱ་ཆེ་བ། ཚད་མ་མཆིས་པ། འཇུག་པར་དཀའ་བ། ཐུན་མོང་མ་ལགས་པའི་སླད་དུ་སྟེ། འདི་ནི་ཆོས་ཀྱི་ཕྱག་རྒྱ་ལགས་སོ། །དེ་ནས་དབང་པོ་མིག་སྟོང་པོ། །ལྷ་ཡི་རྒྱལ་པོ་བདེ་སོགས་ཁྱོད། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །འཇིག་རྟེན་ཀུན་ལ་ཕན་བགྱིད་པ། །རིག་སྔགས་འདི་ནི་ལེགས་པར་གསུངས། །གསང་སྔགས་སྨན་དང་ལྡན་པ་ཡི། །རིག་སྔགས་བདག་གིས་བརྗོད་པར་བགྱི། །ཤི་རཱི་ཤ་མེ་ཏོག་ཨ་པ་མཱ་རྒ་དང ། །ཀ་ཏ་ཀཱ་ཡི་འབྲས་བུ་ཨ་ག་རུ། །རྡོ་དྲེག་དང་ནི་མི་དཱ་བཙོད་རྣམས་དང ། །སུ་ཀ་རཱི་དང་ཛཱ་ཡ་མརྒ་ཏི། །པ་རི་པེ་ལ་ར་སད་བཱི་རཱ་དང ། །སཱ་མ་ཀ་དང་པའུསྤ་རྒྱ་སྤོས་དང ། །ཙན་དན་ཨ་བར་ཏ་ག་རུ་རྟ་དང ། །སྡེར་མོ་ལོ་མ་ཀ་ཊ་མ་རཱ་དང ། །པྲི་ཡང་ཀུ་དང་འབྲུ་གསུག་སྨིག་བཅུད་དང ། །ཡུངས་ཀར་དག་དང་ལྡོང་རོས་རྣམས་དང་ནི། །ཤིང་ཚ་ཤུ་དག་གུར་གུམ་ཤིང་ཀུན་དང ། །ལོ་མ་དག་དང་ལྡན་པའི་བརྣ་ཀཾ། །དེ་དག་སྦྱར་ཏེ་རིང་བུར་བགྱིས་པ་ནི། །གནོད་རྣམས་ཀུན་ལས་གྲོལ་བར་བགྱིད་པ་སྟེ། །འབྱུང་པོ་དག་ནི་ཀུན་གྱི་འགྱུར་བ་ལ། །མིག་ལ་དེ་ཡིས་བསྐུས་པ་བགྱིས་ན་ནི། །དེ་ནས་འབྱུང་པོ་རྡོ་རྗེ་དང ། །གནམ་ལྕགས་མདའ
97.92a
ཡིས་ཟིན་ལས་ཐར། །ལྗོན་ཤིང་ཆེ་དང་དེ་བཞིན་དུ། །མཆོད་རྟེན་ཆེ་ལ་བསྐུས་བགྱིས་ན། །གང་གིས་གནས་དེ་མཐོང་བ་དེ། །འབྱུང་པོ་ལ་ནི་འཇིགས་མ་མཆིས། །དེར་ནི་འབྱུང་པོ་མི་གནས་ཏེ། །གནོད་བྱེད་གཞན་ཡང་མ་ལགས་སོ། །རྔ་ཆེན་དུང་དང་རྫ་རྔ་དང ། །རྔ་བྲན་དག་ལ་བསྐུས་ན་ནི། །དེ་དག་སྒྲ་ནི་གར་གྲག་པར། །འབྱུང་པོའི་དཀྱིལ་འཁོར་སྐྲག་པར་འགྱུར། །གྲོང་དུ་རྒྱུ་བའི་བྱ་རྣམས་ཀྱི། །འདབ་མ་དག་ལ་བསྐུས་ན་ནི། །ཡུལ་དང་ཕྱོགས་ནི་གཞན་དག་དུ། །བྱ་དེ་གང་དུ་མཆིས་པ་དེར། །འབྱུང་པོ་རྣམས་ནི་མི་གནས་ཏེ། །གནོད་བྱེད་གཞན་ཡང་མ་ལགས་སོ། །ཆུ་མིག་མཚོ་དང་ལྟེང་ཀ་འམ། །གང་དང་གང་དུ་བོར་ཡང་རུང ། །དེར་ནི་དཔག་ཚད་ཁོར་ཡུག་དུ། །བདེ་བ་དང་ནི་ཞི་བར་འགྱུར། །ཕ་རོལ་དམག་ཚོགས་ནང་མཆིས་ཏེ། །མཚོན་ཆ་དག་ནི་འབབ་པ་ན། །གནས་རྣམས་ཀུན་ཏུ་བྱུག་བགྱིས་ན། །བདེ་བླག་ཏུ་ནི་ཐར་པར་འགྱུར། །ལྦ་བ་དང་ནི་གཞང་ནད་དང ། །མེ་དབལ་དང་ནི་འབྲས་བྱུང་དང ། །བདུག་པས་ཟིན་དང་དུག་འཐུངས་པས། །འཐུངས་སམ་བྱུགས་ནས་ཐར་པར་འགྱུར། །ལུས་ལ་དེ་ཡིས་བྱུགས་ན་ནི། །བྱད་སྡེམས་ཐམས་ཅད་གཅོད་པར་བགྱིད། །རྩོད་པ་རྣམས་ལས་ཐར་བར་འགྱུར། །རྒྱལ་པོའི་གྱོད་ལས་ཐར་བར་འགྱུར། །མ་གྲུབ་པ་ཡང་གྲུབ་པར་འགྱུར། །དབུལ་པོ་ལས་ནི་ཕྱུག་པོར་འགྱུར། །བུ་མ་མཆིས་པ་བུ་རྙེད་འགྱུར། །ནོར་མ་མཆིས་པ་ནོར་རྙེད་འགྱུར། །རིག་སྔགས་འཆང་གནས་བར་དུ་ཡང ། །འདི་ནི་གསང་སྔགས་གྲུབ་པར་བགྱིད། །དུད་འགྲོའི་སྐྱེ་གནས་གྱུར་པ་དང ། །ལྗོན་ཤིང་རྣམས་ཀྱི་འབྲས་བུ་དང ། །རིག་སྔགས་འཆང་བ་ཐོབ་ལ་ཡང ། །འདི་ནི་ཞི་བའི་ལས་དགེ་བྱེད། །འདི་ལ་གསང་སྔགས་ཚིག་མཆི་ཏེ། །དཔེར་ན་དབང་པོའི་ཚིགས་བཞིན་ནོ། །སྱཱད་ཡ་ཐེ་དན། ཨ་ཀྲ་མེ། བི་ཀྲ་མེ། བྷའུ་ཏ་གྷོ
97.92b
ཥེ་བྷཱུ་ཧཾ་ག་མེ། ད་ཧ་ནི་དྷ་དྷ་ནེ། དྷ་ར་བ་རེ། ད་དྷི་ནི། ནི་ཁུ་མེ། ཁུ་ཁུ་མེ། ཁ་ཁ་ཁ་ཁ། སཱ་རཾ་ག་མེ། ཙན་དྲེ། ཙ་པ་ལེ། ཧ་ལི་མེ། ཧ་ལེ། ཧཱ་རཱི་ཎེ་སཝཱ་ཧཱ། ཕྱོགས་ཐམས་ཅད་ནས་བདག་གི་སྡིག་པ་ཐམ་ཅད་ཞི་བར་གྱུར་ཅིག་སཝཱཧཱ། དེ་ནས་ཚང་པ་དབང་པོ་དང ། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང ། །འཕྲོག་མ་བུ་དང་བཅས་པ་ཡང ། །ཐལ་མོ་དག་ནི་རབ་སྦྱར་ནས། །སྒྲ་སྐད་གཅིག་ཏུ་འདི་སྐད་གསོལ། །ཉི་མ་སྟོང་ལྟར་གསལ་བ་པོ། །ཟླ་བ་ཉ་ལྟར་འོད་གསོལ་བ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ཁྱོད་དང་འདྲ་བ་ཡོང་མ་མཆིས། །ལེགས་བསམ་ལེགས་པར་སྦྱར་ན་ནི། །གནོད་སྦྱིན་སྲིན་པོ་རྣམས་འཇོམས་པ། །རྒྱལ་སྲིད་ཐར་བགྱིད་ཅེས་བགྱི་བ། །རིག་སྔགས་རྒྱལ་སྲིད་རབ་སྦྱོར་བ། །སྟོང་ཆེན་གྱི་ནི་འཇིག་རྟེན་ན། །བསྲུང་བའི་མདོ་སྡེ་དམ་པ་ལགས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། །དེ་ཉིད་དུ་ནི་མི་སྣང་གྱུར། །དེ་ནས་བཅོམ་ལྡན་འདས་ནུབ་ཁའི་དུས་ཀྱིས་ཚེ། ་ནང་དུ་ཡང་དག་འཇོགས་ལས་བཞེངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་སྡེ་ལོང་ཤིག་།ཆོངས་ཤིག་།ལྷོགས་ཤིག་།སྟོན་ཅིག་།ཀུན་ཆུབ་པར་གྱིས་ཤིག་དང ། དེ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཡུན་རིང་པོའི་དོན་དང ། ཕན་པ་དང ། །། ་་་་་་་་་་།། ་་་་་་་་་།། ་་་་་།། ་་་་་།། ་་་་་་་་།། ་་་་་་་་།། ་་་་་་་་།། ་་་་་་་་་་་་་།། ་་་་་་་་་་་་།། ་་་་་་་་་་་་་་་་་་།། ་་་་་་་་་་།། ་་་་་་་་་་་་་།། ་་་་་་་་་་་་།།
97.93a
བདེ་བ་དང ། ་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །དགེ་སློང་དག་ངའི་དགེ་སློང་གང་ལ་ལ་ཞིག་གིས་སྟོང་ཆེན་པོར་རབ་ཏུ་འཇོམ་པའི་མདོ་སྡེ་འདིས་ཤིང་སྐམ་པོ་ལ་སྐུད་པས་བཅིངས་ན་དེ་ལ་ལོ་མ་དང ། མེ་ཏོག་དང་འབྲས་བུ་རྣམས་སྐྱེས་བར་འགྱུར་ན། རྣམས་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་ལྔ་གསུངས་པ་དེ་དག་ནི་འདི་ལྟ་སྟེ། སྟོང་ཆེན་པོ་རབ་ཏུ་འཇོམ་པ་དང ། རྨ་བྱ་ཆེན་མོ་དང ། བསིལ་བའི་ཚལ་ཆེན་མོ་དང ། སོ་སོར་འབྲང་བ་ཆེན་མོ་དང ། གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་དག་ཟས་རྣམ་པ་ལྔ་ཡོངས་སུ་སྤངས་ལ་ཆོངས་ཤིག་ཅེས་ཀྱང་བཀའ་སྩལ་ལ། ཟས་བསོད་སྙོམས་ལ་བརྟེན་ཏེ་རབ་ཏུ་བྱུང་ཤིག་ཅེས་ཀྱང་གསུངས་ན། བཅོམ་ལྡན་འདས་ཟས་རྣམ་པ་ལྔ་དང་མ་འདྲེས་པའི་བསོད་སྙོམས་ནི་ཉུང ། འདི་ལྟར་ཟས་རྣམ་པ་ལྔ་དང་འདྲེས་པ་དེ་ནི་མང་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དེ་ཉིད་ཀྱི་ཕྱིར་སུ་སྟོང་ཆེན་པོ་རབ་ཏུ་འཇོམ་པའི་མདོ་སྡེ་འདི་འཆང་བ་དེས། རྨ་མེད་པའི་ནོར་བུའི་གཟུངས་ཞེས་བྱ་བ་དེ་བདག་ཉིད་བསྲུང་བར་བྱ་བའི་ཕྱིར་ཆོངས་ཤིག་།དེས་བསོད་སྙོམས་ལེན་པའི་ཚེ་ཟས་ལ་མི་མཐུན་པ་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཟས་རྣམ
97.93b
པ་ལྔ་དང་འདྲེས་པའི་བསོད་སྙོམ་ལ་ཡང་ཟས་རྣམ་པ་ལྔ་དང་མ་འདྲེས་པའི་འདུ་ཤེས་བསྐྱེད་པར་བྱ། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང ། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང ། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་སྐྱེད་པར་བྱའོ། །ཟས་རྣམ་པ་ལྔ་པོ་དག་ག་ལ་ཡོད། ཟས་རྣམ་པ་ལྔ་པོ་སུའི་ཡིན། སུ་ཞིག་ཟས་རྣམ་ལྔ་པོ་ཟ། སེམས་ཅན་དམིགས་སུ་མེད་དོ། །དེ་ལ་ཟས་རྣམ་ལྔ་དང་འདྲེས་ན་ཚེས་བརྒྱད་དང ། བཅུ་བཞི་དང ། བཅཝ་ལྔ་ལ་བདག་བསྲུངས་བ་བྱས་ཏེ། རྒྱལ་རིགས་ཀྱི་བུ་མོ་ལེགས་པར་དཀྲུས་པ། ཤིན་དུ་བརྒྱན་པ། ཉིན་ཞག་གཅིག་ཟས་བཅད་པ། བསླབ་པའི་གནས་ལྔ་བཟུངས་བ། སྐུད་པ་དམར་པོ་བཞི་སྒྲིལ་དུ་འཁལ་དུ་བཅུག་ལ་གསང་སྔགས་འཛིན་པས་རིག་སྔགས་དྲན་པར་བྱས་ཏེ་སྐུད་པ་དེ་མདུད་པ་མདུད་ལ། སྐུད་པ་དེ་མཚོན་སར་པས་བཅད་དེ་བསྲེགས་ལ་རིན་པོ་ཆེའི་སྣོད་དམ། ལྕགས་ཀྱི་སྣོད་ཀྱང་རུང ། ཆུས་ཁོང་སྟེ་མེ་ཏོག་གིས་ཁྱབ་པར་ཁྲོམ་ལ་བདུག་པ་སྣ་ཚོགས་ཀྱིས་བདུགས་ཏེ། སྣོད་ཀྱི་ནང་ནས་སྐུད་པ་དེ་སླར་འབྱོར་ཏེ་མ་བྱུང་གི་བར་དུ་རིག་སྔགས་འདི་བརྗོད་པར་བྱའོ། །དེ་ཡང་ལག་པ་ལ་བཅིངས་ལ་ཚིགས་འདི་སྐད་བརྗོད་དོ། །བྲམ་ཟེ་རྣམས་ཀྱིས་བསླུས་ནས་སུ། །ཤཱཀྱ་སེང་གེ་སྐྱོབ་པ་ལ། །དཔལ་སྦས་ཀྱིས་ནི་དུག་ཅན་གྱི། །བསོད་སྙོམས་དག་ནི་ཕུལ་བ་དང ། །དེ་ལས་དེ་ནི་བླངས་ནས་སུ། །སྟོན་པས་དུག་ནི་བསད་ནས་གསོལ། །བདེན་པའི་ཚིག་ནི་འདིའི་སུ། །ཟས་ནི་བདུད་རྩིར་འགྱུར་བར་ཤོག་།རྣམ་པར་གཟིགས་པ་ལྷ་གང་དང ། །གཙུགས་གཏོར་ཅན་དང་ཀུན་སྐྱོབ་དང ། །ལོགས་པར་དད་པ་སེལ་བ་དང ། །སྟོབས་ཆེན
97.94a
ལྷ་གང་དད་པ་དང ། །གསེར་དང་དཔལ་ལྡན་འོད་སྲུང་དང ། །ཤཱཀྱ་ཡི་ནི་སེང་གེ་ལ། །རབ་དད་ལྷའི་དབང་པོ་དང ། །ཚངས་དབང་སུམ་བཅུའི་དབང་ཕྱུག་དང ། །འཇིག་རྟེན་སྐྱོང་བ་བཞི་དག་དང ། །ནོར་བུ་བཟང་དང་དབང་ཕྱུག་ཆེ། །སྲིན་མོ་ནག་མོ་ཆེན་མོ་དང ། །དེ་བཞིན་གདོལ་མ་གཏུམ་མོ་དག་།མེ་ཏོག་དང་ནི་བདུག་པ་དང ། །བདག་གི་སྦྱིན་བསྲེག་འདི་བཞེས་ཤིག་།དེ་དག་ཚིམ་ཞིང་མཆོད་གྱུར་ནས། །བདག་གི་ཁ་ཟས་བྱང་བར་མཛོད། །ཟས་ལྔ་དག་དང་འདྲེས་པ་ཡང ། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཁ་ཟས་ལྔ་དང་འདྲེས་པ་ཡང ། །ཟས་དེ་ཀུན་ནི་བཟའ་བར་བགྱི། །ས་བོན་དག་གིས་ཚོགས་ཀུན་ལ། །སའི་བཅུད་ནི་ཞུགས་པ་ཡི། །ཁ་ཟས་འདྲེས་པ་ཐམས་ཅད་ཀྱང ། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཇི་ལྟར་སྐུད་པ་བཅད་བསྲེགས་པ། །དེ་ལྟ་བུ་ཡང་སླར་འབྱོར་བ། །དེ་ལྟར་ཟས་རྣམས་འདྲེས་པ་ཡང ། །མ་འདྲེས་པར་ཡང་བདག་ལ་མཛོད། །སྱཱད་ཡ་ཐེ་དན། ཁ་ཁ་མེ། ཁ་ཁ་ཁ་ཁ། ཁུ་ཁུ་མེ། ཤི་མེ་ཤི་མེ། ཤི་ཧུ་མེ། ཤི་མེ་ཤི་མེ། སཝཱ་སྟི་སཝ་སྟི་སཝ་སྟི་སཝ་སྟི། མ་མ་ཤཱན་ཏེ། ཤཱ་རཱ་གྲི། ཁ་ཟས་ལྔ་དང་འདྲེས་པ་ཡང ། །ཇི་ལྟར་མ་འདྲེས་ཟས་བཞིན་དུ། །གང་གིས་ཇི་ལྟར་སྐུད་བསྲེགས་པ། །དེ་འདྲའི་བདེན་པ་མཛད་དུ་གསོལ། །སྱཱད་ཡ་ཐེ་དན། ཀ་ལ་ཀེ་།ཀ་ལ་ལེ། བ་ལ་ནི། ཀ་རུ་ཏ་ཨ་ལ་ཡེ། ཨ་གྣེ། སཾ་ཀྲཱ་མ་ཎེ
97.94b
སཝཱ་ཧཱ། སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན། །བདེ་གཤེགས་ཀུན་སྐྱོབས་སངས་རྒྱས་ལོག་པར་དད་སེལ་དང ། །གསེར་ཐུབ་འོད་སྲུང་ཤཱཀྱ་ཐུབ་པ་གཽ་ཏ་མ། །བསྙེངས་པ་མི་མངའ་བ་ལ་བསྐྱབས་སུ་ཉེ་བར་མཆི་བར་བགྱི། །མི་མཆོག་བདུན་པོ་དེ་དག་གི་ནི་སྐུ་རྣམས་ལ། །མེ་ཏོག་དག་དང་སྤོས་རྣམས་ཀྱིས་ནི་མཆོད་པར་བགྱི། །ལུས་དང་ངག་དང་རབ་ཏུ་དང་བའི་སེམས་ཀྱིས་ནི། །དེ་དག་རྣམ་ལ་བསྐྱབས་སུ་ཉེ་བར་མཆི་བར་བགྱི། །སངས་རྒྱས་རྫུ་འཕྲུལ་ཆེ་དང་ལྡན་པ་དེ་དག་ལ། །ལྷ་གང་མངོན་པར་རབ་ཏུ་དང་བ་ཡོད་པ་ཡི། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགར་གྱུ་ནས། །རབ་ཏུ་དང་བས་ཡིད་ཀྱིས་བདག་ལ་བསྲུང་དུ་གསོལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང ། ཛྙཱ་ན་སིདྷི་དང ། ཤཱཀྱ་པྲ་བྷ་དང ། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་བསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།སླར་ཡང་ལོ་ཙ་བ་གཞོན་ནུ་དཔལ་གྱིས་ཆོས་རྗེ་ཕྱག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུ་དག་པར་བགྱིས་སོ། །སྟག་ལུང་རྒྱུད་འབུམ་དང་བདུར་ཞུས་དག་རྡག་་་་་་་་་ ། ་་་་་་་་་་་་་་་ ། ་་་་་་་་་ ། ་་་་་་་་་ ། ་་་་་་་་་་་་ ། ་་་་་་་་་་་་ ། ་་་་་་་་་་་་་ ། ་་་་་་་་་་་ ། ་་་་་་་་་་་་།