rKTs


J519

(e-text produced by ADARSHA)

see text in transliteration
97.159b
༄#། །རྒྱ་གར་སྐད་དུ། ་མ་ཧཱ་མན་ཏྲ་ཨ་ནུ་དྷ་ར་ནི་སཱུ་ཏྲ། ་་བོད་སྐད་དུ། ་གསང་སྔགས་ཆེན་པོ་རྗེསུ་འཛིན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་དང་བཅས་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། རིག་སྔགས་འདི་ནི་དོན་དུ་བསྒྲུབ། །རིག་སྔགས་འདི་དག་གྲུབ་གྱུར་ཅིག་།གང་ཕྱིར་དོན་དུ་བསྒྲུབས་པ་ཡི། །དོན་དེ་ཡང་ནི་གྲུབ་པར་ཤོག་།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང ། ལྷའི་དབང་པོ་རྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང ། གནོད་སྦྱིན་གྱི་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། འཕྲོག་མ་བུ་དང་བཅས་པ་གཡོག་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ
97.160a
མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་དབང་བགྱིད་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན་སྟོང་གི་འཇིག་རྟེན་གྱི་ཁམས་སུ་བསྲུང་བ་དང་ཡོངས་སུ་སྐྱོབ་པར་བགྱིད། ཡོངས་སུ་བཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་བཅོམ་ལྡན་འདས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་མངའ་མཛད་པ་ལགས་ཏེ། བཅོམ་ལྡན་འདས་ཀྱང་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམསུ་བསྲུང་བ་དང ། ཡོངས་སུ་སྐྱོབ་པ་དང་ཡོངས་སུ་བཟུང་བ་དང་ཞི་བ་དང་ལེགས་སུ་འགྱུར་བར་མཛད་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསུང་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བར་གནང་ངོ ། །དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་གནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་བ་བསུམ་མི་འཇེད་ཀྱི་བདག་པོ་ཚངས་པས་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པ་རྣམས་ང་ག་ལ་བ་དེར་ལྷགས་ཏེ་འོངས་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་སྟོང་གི་འཇིག
97.160b
རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་དབང་བགྱིད་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བར་བགྱིད་ཡོངས་སུ་སྐྱོབ་པར་བགྱིད་ཡོངས་སུ་བཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་བཅོམ་ལྡན་འདས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་ཕྱུག་ལ་མངའ་མཛད་པ་ལགས་ཏེ། བཅོམ་ལྡན་འདས་ཀྱང་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་ལགས་ན། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་བསྲུང་བ་དང་ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ་ཏོ། །དགེ་སློང་དག་ངས་ཀྱང་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བས་གནང་ངོ ། །དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་ངས་ཅང་མི་གསུང་བར་གནང་བར་རིག་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་འདི་ལྟ་སྟེ་སངས་རྒྱས་ཀྱི་བྱང་ཆུབ་འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཤོད་ཅིག་ཀུན་ཆུབ་པར
97.161a
གྱིས་ཤིག་ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདི་ནི་འཁོར་བཞི་པོ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་དང་བདེ་བར་གནས་པར་འགྱུར་བའོ། །ཏད་ཡ་ཐཱ། ཨུ་བུད་དྷེ། ནི་བུད་དྷེ། བི་བུད་དྷེ། ས་མ་བུད་དྷེ། བི་ཤཝཥྚ་བུད་དྷེ། ཨི་ཧ་བུད་དྷེ། ཏཏྟ་བིད་དྷེ། ནི་ཡཾ་ག་མེ། ཚ་བི་ལ། ཨ་ཕུ་ལ། ཏ་ཕུ་ལ། ཏཱ་ལེ་མཱ་ལེ། མཾ་ག་ག་མཾ་ག་མ་ནན། ཨི་མ། མ་བི་དྱཱ། ཧུ་དུ་མེ་ཧུ་ཧུ་མེ། པུརྦྦ་པྲ་ཧ་རེ། ཀུན་དགའ་བོ་ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་སྟོབས་དང ། མཐུ་རྩལ་དང་ལྡན་པ་འདི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་འདི་ལྟ་སྟེ་སངས་རྒྱས་ཀྱི་བྱང་ཆུབ་འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ། །ངས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །མཚམས་བཅད་དོ། །ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་བར་དུ་ཡང་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ཏདྱ་ཐཱ། ས་མུ་ཙ་བི་མུ་ཙ། ཕ་ལ་མུ་ཙ། ཛ་ག་དྷ་ར། མ་དསྠ་ལ། ན་ལ་ཀ་མ་ག་།ས་མུ་ཤཝ་བཱ་ཏི། བི་མུག་ཏི། ཡོ་ག་།ཧི་ན་ས་ག་མ། ཨ་ར་ད་མུ་ལ། བི་ཧཾ་ག་མི། ཨི་དི་ཙི་རི། བི་ཏ་ལཱ་ཁ་ཡོ། མ་ཁ་ཡོ། ལ་ག་བྷི་དྷ་ར་ཎི། པྲ་ཏི་པྲཱ་ཡོ་གི། ཨ་ཙཀྲ་པ་ཏི། ས་མ་སྲ་བ་ཏི། ཨི་ལཱ་ཡ། མི་ལཱ་ཡ། བ་ཧུ་སད་དྱ། ཨ་ན་ཏ་མ། ཨརྠ་བ་ཏི་ག་ར་བ་ཏི། ཏི་ཁི་ནི་ཏི་བེ། ཨ་ཀ་ན་ཏི། ས་ཀ་ན་ཏི། ས་མི་དི་མ། བ་སུ་བ་ཊེ། ཨ་ཊེ། ཨ་ཊེ། ཏ་ཏྭ་ཁ་རུ་སྨིན། ཐ་རུ་སྨིན། ལ་ཧ་ཏན། ལ་ཧཱུ་ཏན། སམ་བྷ་ར། སམ་བྷ་ར། བ་ཏི་རན་ཏན། ནི་རུ་ཏན། ཨི་ལ། ཏ་ཨི་ལ། ས་ར་ཕ་ལ། བ་ཧཱུ་ཕ་ལ། ས་ཏ་མ་ཏ། དཥྚི་མ་ཏ། ཀུན་དགའ་བོ་ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་ཀྱི
97.161b
སྟོབས་དང ། མཐུ་རྩལ་དང་ལྡན་པ་འདི་དག་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་ངས་བཤད་དོ། །མི་འཇེད་ཀྱི་བདག་པོ་ཚངས་པས་ཀྱང་བཤད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བཤད་དོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་བཤད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་ཀྱང་བཤད་དོ། །འཕྲོག་མ་བུ་དང་བཅས་གཡོག་འཁོར་དང་བཅས་པས་ཀྱང་བཤད་དོ། །ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདི་བཟུང་ནས་ཇི་ལྟར་བསྟན་པ་དང ། ཇི་ལྟར་ཀུན་ཆུབ་པར་བྱས་པ་དེ་བཞིན་དུ་ཤེས་སམ། མཐོང་ངམ། ལས་སུ་བྱེད་པ་དེ་ལ་ནི་ཇི་སྲིད་འཚོའི་བར་དུ་བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །ཀུན་དགའ་བོ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱའོ། །མཚམས་བཅད་དོ། །ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །དེ་བཞིན་དུ་ནུབ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ལྷོ་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །བྱང་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་བཅད་དོ། །
97.162a
ཀུན་དགའ་བོ་རྒྱལ་པོ་ཆེན་པོ་བཞི་ལམ་དང་ལམ་མ་ཡིན་པ་ན་གནས་པ་བཞི་ཡོད་དེ། དེ་དག་གང་ཞེ་ན། འདི་ལྟ་སྟེ་བཀྲ་ཤིས་ལྡན་དང ། ཀུན་ཤེས་དང ། གང་པོ་དང་དགའ་བའི་དཔལ་རྣམས་ཏེ། གང་དེ་དག་གི་མིང་ཤེས་པ་དང ། རུས་ཤེས་པ་དེ་ལ་ནི་རྒྱལ་པོ་ཆེན་པོའི་འཇིགས་པ་མི་འབྱུང་ངོ ། །ཆོམ་རྐུན་གྱི་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། མིའི་འཇིགས་པ་དང ། མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ ། །ཀུན་དགའ་བོ་ལག་ན་རྡོ་རྗེའི་ཕོ་བོ་ལག་མྱུར་ཞེས་བྱ་བ་གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ། གང་དེའི་མིང་ཤེས་པ་དང ། རུས་ཤེས་པ་དེ་ལ་ནི་དེས་བསྲུང་བར་བྱེད། ཡོངསུ་སྐྱོབ་པར་བྱེད། ཡོངསུ་འཛིན་པར་བྱེད། ཆད་པ་བཟློག་པར་བྱེད་ཞི་བ་དང་བདེ་ལེགསུ་འགྱུར་བར་བྱེད་དོ། །མིང་འདི་ཞེས་བྱ་བའི་ཕྱིར་ལག་ན་རྡོ་རྗེའི་ཕུ་བོ་ལག་མྱུར་ལ་གསོལ་ལོ། །གསོལ་བ་འདེབསོ། །འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣཾས་ཀྱི་བཀས་གང་མིང་འདི་ཞེས་བྱ་བ་ལ་སྐབས་ཚོལ་བ་དང ། གླགས་ལྟ་བའི་གནོད་སྦྱིན་ནམ། སྲིན་པོ་པ་འམ། ཡི་དགས་སཾ། ཤ་ཟ་འཾ། གྲུལ་བུཾ་འཾ། སྲུལ་པོའམ། ལུས་སྲུལ་པོ་རྣཾས་ཀྱིས་བདག་ལ་གླགས་རྙེད་པར་མ་གྱུར་ཅིག་།བདག་ལ་གླན་ཀ་རྙེད་པར་མ་གྱུར་ཅིག་།ཀུན་དགའ་བོ་སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་ཡང་སྲུང་སྲུང ། བལྟམ་པའི་ཚེ་ན་ཡང་སྲུང་བསྲུང ། བལྟམས་ཟིན་པའི་འོག་ཏུ་ཡང་སྲུང་བསྲུང ། སྐུ་འཁྲུང་པ་ན་ཡང་སྲུང་བསྲུང་སྟེ། བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ་སྟོབས་ལྡན་དང ། དྲི་མེད་དང ། སྒྲ་ཆེན་དང ། རབ་མཉེན་དང ། འཇིགས་བྱེད་མ་དང ། འཛམ་བུའི་མགྲིན་དང ། མཆོག་ལེན་དང ། བླ་མ་དང ། གྲགས་ལྡན་མ་དང ། རྨད་གྲགས་དང ། འཐབ་དགའ་དང ། རྩེད་མོ་དགའ་དང ། ས་འཛིན་དང ། འཐབ་འཇུག་རྣམས་སྟེ། གང་དེ་དག་གི་མིང་ཤེས་པ་དང ། རུས་ཤེས་པ་དེ་ལ་ནི་དེ
97.162b
དག་གིས་བསྲུང་བར་བྱེད། ཡོངས་སུ་སྐྱོབ་པ་དང ། ཡོངསུ་འཛིན་པར་བྱེད། ཞི་བ་དང་བདེ་ལེགསུ་འགྱུར་བར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་བརྒྱད་ཡོད་དེ། དེ་དག་ནི་སྐྱེས་པ་དང་བུད་མེད་གཉིད་ལོག་ཀྱང་རུང ། མ་ལོག་ཀྱང་རུང་སྟེ། གཟི་བྱིན་འཕྲོག་པར་བྱེད་དོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ་ར་དང ། ཐུབ་མེད་དང ། ངན་སློན་དང ། ཕྲ་མ་ཅན་དང ། བྲན་མོ་དམར་མོ་དང ། རབ་ཆེན་དང ། མིག་བཟང་དང ། བརྒྱད་པ་སྟེ་འཇིགས་བྱེད་དོ། །གང་དེ་དག་གི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གིས་བསྲུང་བར་བྱེད་དོ། །ཡོངསུ་བསྐྱབ་པ་དང ། ཡོངསུ་འཛིན་པ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་བདུན་ཡོད་དེ། དེ་དག་ནི་ཁྲག་གིས་དྲི་ཚོར་ན་དཔག་ཚད་རྒྱར་ཡང་རྒྱུག་གོ་།དེ་དག་གང་ཞེ་ན། འདི་ལྟ་སྟེ་གཟི་བརྗིད་མཆོག་དང ། དགའ་བརྩེགས་དང ། སྣ་ཚོགས་སྦྱིན་སྤོངས་དང ། བྲན་མོ་ཀར་མོ་བཟང་དང ། འཇུག་འདོད་དང ། གྲོང་ཁྱེར་འཁོར་ཡུག་དང ། བདུན་པ་སྟེ་རི་བསྲུང་ངོ ། །གང་དེ་དག་གི་མིང་ཤེས་པ་དང ། རུས་ཤེས་པ་དེ་ལ་ནི་དེ་དག་གིས་བསྲུང་བར་བྱེད་དོ། །ཡོངསུ་སྐྱོབ་པ་དང ། ཡོངསུ་འཛིན་པ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་ནག་མོ་ཆེན་མོ་ཞེས་བྱ་བ་བུ་སྟོང་ཡོད་པ་རྒྱ་མཚོའི་འགྲམ་ན་གནས་པ་མཚན་གཅིག་གིས་དཔག་ཚད་བརྒྱད་ཁྲིར་ཕྱིན་པ་ཞིག་ཡོད་དེ། གང་དེའི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེས་བསྲུང་བར་བྱེད། ཡོངསུ་སྐྱོབ་པ་དང ། ཡོངསུ་འཛིན་པ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱེད་དོ། །ཀུན་དགའ་བོ་སྲིན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་བདུན་བཅུ་རྩ་བདུན་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་གི་མི་རྣམ་བསྲུང་ཞིང་སྐྱོབ་པར་བྱེད་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་རྟག་ཏུ་མྱོས་དང ། རྗེསུ་མྱོས་དང ། སྟོབས་ཀྱིས་རྒྱགས་དང །
97.163a
འོད་མའི་སྦུབས་དང ། ལྔ་པ་སྟེ་འབྱོར་ལྡན་ནོ། །གང་དེ་དག་གི་མིང་ཤེས་པ་དང་རུས་ཤེས་པ་དེ་ལ་ནི་དེ་དག་གི་བསྲུང་བར་བྱེད། ཡོངསུ་སྐྱོབ་པ་དང ། ཡོངསུ་འཛིན་པ་དང་ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱེད་དོ། །དེ་བས་ན་བདག་གིས་མིང་འདི་ཞེས་བྱ་བའི་ཕྱིར་སྲིན་མོ་ལྔ་གནོད་སྦྱིན་འབུམ་ཕྲག་བདུན་བཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ། །གསོལ་བ་འདེབས་སོ། །འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས་མིང་འདི་ཞེས་བྱ་བ་ལ་བསྲུང་བ་གྱིས་ཤིག་།ཡོངསུ་སྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་གྱིས་ཤིག་།ཏད་ཡ་ཐཱ། བི་མུ་དེ། བྀ་ཏི་དེ། པི་ཙ་རི་དེ། པི་ག་རི་དེ། ཀ་ར་ཌི། ཀ་ར་བཱི་ར། སཝ་རི། མ་དྷུ་ར་གྷོ་ཥེ། ཤ་ཏ་ཧ་ནི་ཏ། བྷ་ཤི་ཏ་གྷེ་ཨཀ་ཀེ་།ནཀ་ཀེ་།བི་ཀ་།ཌི་ཏཱ། བི་ཀུ་ཊི་ཏེ། བི་ར་ཛེ། བི་གཥྚ་བཱ་དེ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེསུ་འཛིན་པ་འདིས་གང་ལ་བསྲུང་བར་བྱས་པ་དང ། སྦ་བ་བྱས་པ་དང ། ཡོངསུ་བསྐྱབ་པ་བྱས་པ་དང ། ཡོངསུ་བཟུང་བ་བྱས་པ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱས་པ་དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང ། ལྷ་དང ། མི་ཆི་ད་བཅས་པ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང་བཅས་པའི་འཇིག་རྟེན་ན་མི་འམ། མི་མ་ཡིན་པ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། ལྷ་མ་ཡིན་ནམ། དྲི་ཟ་འམ། ཀླུའམ། ནམཁའ་ལྡིང་ངམ། གསུང་བ་པ་འམ། ཡི་དགས་སམ། ཤ་ཟ་འམ། རོ་ལངས་སམ། བྱེད་སྟེམས་སམ། གཤེད་བྱེད་དམ། སྲུལ་པོ་འམ། ལུས་སྲུལ་པོ་འམ། སྨྱོ་བྱེད་དང ། བརྗེད་བྱེད་གླགས་ལྟ་བ་དང །
97.163b
གླན་ཀ་ཚོལ་བ་རྣམས་ཀྱིས་གླགས་བརྙེད་པའི་སེམས་ཅན་གང་ཡང་ངས་ཡང་དག་པར་མ་མཐོང་སྟེ་དེ་ནི་གནས་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགསོ། །དེ་བས་ན་ངས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅྡོཾས་རྣམས་ཀྱི་བཀས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེསུ་འཛིན་པ་འདིས་མི་འམ། མི་མ་ཡིན་པ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། ཤ་ཟ་འཾ། ལྷ་མ་ཡིན་ནམ། དྲི་ཟ་འམ། ཀླུ་འམ། ནམཁའ་ལྡིང་ངམ། གསང་བ་པ་འམ། ཡི་དགས་སམ། ཤ་ཟ་འམ། རོ་ལངས་སམ། བྱད་སྟིམས་སམ། གཤེད་བྱེད་དམ། སྲུལ་པོ་འམ། ལུས་སྲུལ་པོ་འཾ། སྨྱོ་བྱེད་དམ། བརྗེད་བྱེད་རྣམས་ལས་མིང་འདིས་ཞེས་བྱ་བ་ལ་བསྲུང་བ་བྱའོ། །ཡོངསུ་བསྐྱབ་པ་དང ། ཡོངསུ་བཟུང་བ་དང ། སྦ་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་བཟློག་པར་བྱའོ། །དུག་མེད་པར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེསུ་འཛིན་པ་འདིས་སྡང་བར་སེམས་པ་ཐཾད་དང ། གནོད་པར་སེམས་པ་ཐམས་ཅད་དང ། མི་ཕན་པར་སེམས་པ་ཐཾད་དང ། རབ་ཏུ་སྡང་བར་སེམས་པ་ཐཾད་དང ། བདུད་ཐམས་ཅད་དང ། གསེབ་ལམ་བསྲུང་བ་ཐཾད་དང ། ལ་གཅན་བསྲུང་བ་ཐཾད་དང ། ཤོ་གམ་གྱི་གནས་བསྲུང་བ། དེ་དག་ཐཾད་མྱོས་པར་བྱའོ། །རྣམ་པར་མྱོས་པར་བྱའོ། །རེངས་པ་དང་རྨུགས་པ་དང ། ལག་པ་གཟུང་བ་དང ། རྐང་པ་གཟུང་བ་དང ། སེམས་གཟུང་བ་དང ། ལྕེ་གཟུང་བར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་པོ་རྗེསུ་འཛིན་པ་འདིས་ནི་གང་དང་གང་དུ་ཡང་ཐར་བར་འགྱུར་རོ། །ཀྱེ་མ་བྲམ་ཟེ་མྱ་ངན་འདས། །འཇིག་རྟེན་དག་ན་སྲིད་ལས་རྒལ། །འཁོན་དང་འཇིགས་པ་ཀུན་འདས་པ། །རིང་མོ་ཞིག་ནས་གཟོད་མཐོང་ངོ ། །བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི། །
97.164a
མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང ། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་ནི། །གཞན་ལ་འཚེ་བས་དགེ་སྤྱོད་མ་ཡིན་ནོ། །ཡང་ན་མིག་དང་ལྡན་པ་དག་།མཐུ་རྩལ་དག་ཀྱང་ཡོད་པ་བཞིན། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངསུ་སྤང ། །ད་ལྟར་བྱུང་དང་འདས་པ་དང ། །མ་བྱོན་སངས་རྒྱས་གང་ཡིན་པ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །དེ་དག་ཀུན་ལ་བསྐྱབསུ་མཆི། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་ཅན་ལས། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམཁའ་དག་ལ་འོད་བྱེད་ཅིང ། །ལྷཾ་མེར་འདུག་པ་དཀར་བ་དང ། །རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང ། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །ཟླ་བ་རྣམ་པར་གཏོང་བར་བྱེད། །ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། །སངས་རྒྱས་ཚིགས་བཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །བདག་གི་མགོ་བོ་ཚལ་བདུན་འགས། །གསོན་ཡང་བདེ་བར་མི་འགྱུརོ། །ཀྱེ་མ་བདེན་པར་གཟིགས་པ་ཡི། །སངས་རྒྱས་རྣམས་ཀྱི་འབྱུང་བ་རྨད། །དེ་དག་གིས་ནི་ཚིགསུ་བཅད། །བརྗོད་ན་སྒྲ་ཅན་ཟླ་བ་གཏོང ། །བདེན་པ་དང་བདེན་པའི་ཚིགས་གང་གིས། །འཇིག་རྟེན་དུ་སེམས་ཅན་བརྗེད་ངས་པ་མེད་པའི་ཆོས་ཅན་བྱུང་བ་ནི་དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་དུསུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིནོ་ཞེས་བྱ་བ་དང །
97.164b
ཀུན་དགའ་བོ་གཞན་ཡང་ཚངས་པར་སྤྱོད་པ་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པས་ཚིགསུ་བཅད་པ་གསུངས་པ་གང་ཡིན་པ་དེ་དག་དང ། ཀུན་དགའ་བོ་གཞན་ཡང་ཚིགས་དེ་དག་གིས་བྱ་བ་གང་བྱེད་པའི་དོན་དང ། ཕན་པ་དང་བདེ་བ་ཡང་འདིས་བྱས་པར་འགྱུར་ཏེ། སྱཱཡ་ཐཻ་དན། སཝསྟི་མ་ཏི། བི་ལུ་མ་ཏི། པྲ་ཧ་ར་ཏི། ཀ་ཤུ་མད་ཚི། ནན་ད་མ་ཏི། བི་ཧ་གྲ་ཧེ། བི་དུ་མ་ཏི། ཨེ་ད་ཀྲ་ཏ་ཨརྠ་སུ་དྲི། ཤ་བྷུ་དྡྷི། བོ་དྷི་མ་ཏི། སུ་ཧུ་དུ་མེ། ཨ་ལ་ཁུ་མེ། ཨ་ལ་མི་ཏེ། ཧི་ག་ར་ཤ་ར། ཨ་ཤུ་ཧ། པྲ་ག་ཤི་ནཾ། ཀུན་དགའ་བོ་ས་བོན་གྱི་རྩ་བ་བཅུ་དང་ས་བོན་གྱི་རྩ་བའི་ཚིགས་བཅུ་དེ་བཞིན་གཤེགས་པས་གསུངས་པ་ཡོད་དོ། །ཀུན་དགའ་བོ་ཚིག་དེ་དག་དེ་བཞིན་གཤེགས་པས་གསུང་པར་འགྱུར་བ་དང ། སྟོན་པར་འགྱུར་བ་ཡང་ཡོད་དེ། དེ་དག་སྟན་པ་འདི་ལ་ཞུགས་པའི་མི་རྣམས་ཀྱི་ཁར་བརྗོད་ན། གནོད་སྦྱིན་དང་སྲིན་པོ་རྣམས་ཀྱང་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཕྱིར་མི་ལྡོག་པའི་སའི་ཚིག་བདེན་པ་རྣམས་ལ་འཇིག་རྟེན་གྱི་ཚིག་གི་མཆོག་དང ། དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ་བག་ཚ་བ་མི་མངའ་བ་སྟེ། མི་སྐྲག་མི་འབྲོས་ལ་འཇིག་པ་མེད་ཅིང་འཇིག་པ་དང ། འཇིགས་པར་བྱེད་པ་སྤངས་པ་སྐྱི་བུང་ཞེས་བྱེད་པ་མེད་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགསུ་གྱུར་ཅིག་།བདེན་པ་དང་བདེན་པའི་ཚིགས་གང་གིས་ཚུལ་ཁྲིམས་དང ། བརྟུལ་ཞུགས་དང་དཀའ་ཐུབ་དང་ཚངས་པར་སྤྱོད་པ་ལ་གནས་པ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཅེས་བྱ་སྟེ།
97.165a
བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགསུ་གྱུར་ཅིག་།གནས་བརྟན་རྒྱལ་པོའི་བུ་ཐུ་བོ་དང་འདྲ་བར་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ་དགེ་སློང་ཀུན་ཤེས་ཀཽ་དི་ནྱ་དང ། འདོད་པ་ཉུང་བ་དང་སྦྱངས་པའི་ཡོན་ཏན་ལ་གནས་པ་དང ། ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུང་ཆེན་པོ་དང ། ཤེས་རབ་ཆེ་བ་དང ། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤཱ་ར་དྭ་ཏིའི་བུ་དང ། རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བ་རྣམས་ཀྱི་མཆོག་མཽད་གལ་གྱི་བུ་ཆེན་པོ་དང ། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང ། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང ། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བར་འཁོར་དང ། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་པའི་བུ་གང་པོ་དང ། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་དང ། མལ་ཆ་དང ། སྟན་སྒོ་བ་རྣམས་ཀྱི་མཆོག་གྱད་བུ་ནོར་དང ། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བྷ་ར་དྭ་ཛ་བསོད་སྙོམས་ལེན་དང ། ཁྱིམ་པ་དད་པ་སྐྱེད་པ་རྣམས་ཀྱི་མཆོག་ནག་པོ་ཆར་ཀ་དང ། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་གི་བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངས་སུ་བསྐྱབ་པ་དང ། ཡོངསུ་གཟུང་བ་དང ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང ། ཆད་པ་བཟློག་པར་བྱའོ། །རྒྱལ་པོ་འམ། བློན་པོ་འམ། ཆོམ་རྐུན་ནམ། མེ་འམ། ཆུ་འམ། དགྲ་འམ། མི་མཛའ་བ་འམ། ལམ་དུ་འགྲོ་བ་འམ། ལམ་གོལ་བར་འགྲོ་བ་འམ། གཉིད་ལོག་པ་འམ། ར་རོ་བ་འམ། བག་མེད་པ་ལ་བསྲུང་བར་བྱའོ། །བདེན་པ་དང
97.165b
བདེན་པའི་ཚིག་གང་གིས་སེམས་ཅན་རྐང་པ་མེད་པ་འམ། རྐང་གཉིས་པ་འམ། རྐང་བཞི་པ་འམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པ་འམ། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ། བདེན་པ་དང ། བདེན་པའི་ཚིག་དེས་མིང་འདི་ཞེས་པ་ལ་བསྲུང་བར་བྱའོ། །ཡོངསུ་བསྐྱབ་པ་དང ། ཡོངསུ་གཟུང་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། འཆང་བ་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ། །ཡོངསུ་བསྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང་ཆད་པ་བཟློག་པར་བྱའོ། །བདེན་པ་དང ། བདེན་པའི་ཚིག་གང་གིས་ཚོག་སམ། འདུས་པ་འམ། མང་པོ་འམ། འཁོར་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེས་རྒྱལ་ཁམས་སམ། ཡུལ་འཁོར་རམ། གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཁྱིམ་འམ། གནས་སམ། ཞིང་ངམ། ནད་པ་འདི་ལ་བསྲུང་བར་བྱའོ། །ཡོངསུ་བསྐྱབ་པ་དང ། ཡོངསུ་གཟུང་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང །
97.166a
མཚམས་གཅད་པར་བྱའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ། །གཟི་བྱིན་འཕྲོག་པ་རྣམས་བཟློག་པར་བྱའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཟད་པར་བྱ་བའི་ཕྱིར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང ། བཤད་པ་དང་བརྗོད་པའི་བདེན་པ་དང ། བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག་མེད་པར་གྱུར་ཅིག་།ཞི་བར་གྱུར་ཅིག་།རབ་ཏུ་ཞི་བར་གྱུར་ཅིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། མི་མཇེད་ཀྱིས་བདག་པོ་ཚངས་པ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་མདོའ་རྫོགསྷོ།། །།པཎ་ཌི་ཏ་ཤཱི་ལེན་དྲ་བོ་དྷི་དང ། ཛྙ་ན་སིདྷི་དང ། ཤཱཀྱ་པྲ་བྷཱ་བ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ། །
97.166b
[ཎོ་ཨེxིསྟིང་པགེ]
97.167a
[ཎོ་ཨེxིསྟིང་པགེ]