rKTs


J520

(e-text produced by ADARSHA)

see text in transliteration
97.167b
རྒྱ་གར་སྐད་དུ། ་ཨཱརྱ་མཱ་རཱི་ཙྱཻ་ནཱ་མ་དྷཱ་ར་ཎི། ་བོད་སྐད་དུ། ་འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉི་མ་དང ། ཟླ་བའི་མདུན་དང་མདུན་ནས་འགྲོ་སྟེ། དེ་ལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །དགེ་སློང་དག་གང་གིས་ཀྱང་ལྷ་མོ་འོད་ཟེར་ཅན་དེའི་མིང་ཤེས་པ་དེ་ཡང་ལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་དུ་མེད། བརྒལ་དུ་མེད།
97.168a
རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་བར་བྱར་མེད། དེ་དགྲའི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་གྱི་མིང་ཤེས་ཀྱིས་བདག་ཀྱང་བལྟར་མེད་པར་གྱུར་ཅིག་།གཟུང་དུ་མེད་པར་གྱུར་ཅིག་།བཅིང་དུ་མེད་པར་གྱུར་ཅིག་།དགག་ཏུ་མེད་པར་གྱུར་ཅིག་།བརྒལ་དུ་མེད་པར་གྱུར་ཅིག་།རྨོངས་པར་བྱར་མེད་པར་གྱུར་ཅིག་།ཆད་པས་གཅད་དུ་མེད་པར་གྱུར་ཅིག་།མགོ་བྲེག་དུ་མེད་པར་གྱུར་ཅིག་།གཞུར་མེད་པར་གྱུར་ཅིག་།ཚིག་པར་བྱར་མེད་པར་གྱུར་ཅིག་།དགྲའི་དབང་དུ་མི་འགྲོ་བར་གྱུར་ཅིག་།དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ཏད་ཡ་ཐཱ།[་\ུ0f00]་པ་ཏཱ་ཀྲ་མ་སི། པ་ར་ཀྲ་མ་སི། ཨུ་ད་ཡ་མ་སི། ནཻ་ར་མ་སི། ཨརྐྐ་མ་སི། མརྐ་མ་སི། ཨུར་མ་མ་སི་བ་ན་མ་སི། གུལ་མ་མ་སི། ཙི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨན་ཏར་དྷྭཾ་ན་མ་སི་སཝཱ་ཧཱ།[་\ུ0f00]་ལྷ་མོ་འོད་ཟེར་ཅན་བདག་ལཾ་དུ་སྐྱོབས་ཤིག་།བདག་ལམ་ལོག་པ་ལས་སྐྱོབས་ཤིག་།བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག་།བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག་།བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག་།བདག་མེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག་།བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཕྱིར་རྒོལ་བ་དང ། དགྲ་ཐམས་ཅད་ལས་སྐྱོབས་ཤིག་།འཁྲུག་པ་དང ། མ་འཁྲུགས་པ་དང ། ཉམས་པ་དང་མ་ཉམས་པ་ཐམས་ཅད་དུ་བདག་སེང་གེ་ལས་སྲུངས་ཤིག་སཝཱ་ཧཱ། །བདག་འཇིགས་པ་ཐམས་ཅད་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་།ན་མོ་རད་ན་ཏྲ་ཡཱ་ཡ། ཏད་ཡ་ཐཱ།[་\ུ0f00]་ཨཱ་ལོ། ཏ་ལོ་ཀ་ལོ་སད་ཙྪ་ལོ་ས་མ་བ
97.168b
མུར་དྷ་ཊི་རཀྵ་རཀྵ་མཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང ། འཇིགས་པ་དང ། ནད་ཐམས་ཅད་ལས་སྲུངས་ཤིག་སཝཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏད་ཡ་ཐཱ། ཨོཾ་བ་དཱ་ལི། བ་ཏཱ་ལི། བ་ར་ལེ། བ་ར་ཧ་མུ་ཁི། སརྦ་དུཥྚཱ། པྲ་དུཥྚཱ་ནཾ། ཙཀྵུར་མུ་ཁཾ་བྷན་དྷ་བན་དྷ། བན་དྷ། མུ་ཁི། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ཨོཾ་བ་ར་ལེ། བཱ་ལེ། བད་ཏཱ་ལི། བ་ར་ཧ་མུ་ཁི། སརྦ་དུཥྚཱ་ནཱཾ། པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ་བན་དྷ་བན་དྷ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང་མི་དང་ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། རྫོགསྷོ།། །།པཎ་ཌི་ཏ་ཨ་མོ་གྷ་བཛྲ་དང ། ལོ་ཙ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ། །