rKTs


J521a

(e-text produced by ADARSHA)

see text in transliteration
97.168b
༄#། །རྒྱ་གར་སྐད་དུ། ་མཱ་ཡཱ་མཱི་རཱི་ཙྱཻ་ཛཱ་ཏ་ཏནྟཱ་ཏུ་དྷྀ་ཏཾ་ཀལྦོ་རཱ་ཛཱ་ན་མ། ་བོད་སྐད་དུ། ་སྒྱུ་མའི་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བའི་རྟོག་པའི་རྒྱལ་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མོ་འོད་ཟེར་ཅན་འདིའི་གཟུངས་ཀྱི་རྟོག་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ཆེན་པོས་ཡོངས་སུ་གཟུང་བའོ། །ཟླ་བའི་གཟུགས་བརྙན་ནམ། ཉི་མའི་སྟེང་དུ་འོད་ཟེར་ཅན་རྣམ་པར་བསམ་བར་བྱའོ། །དེའི་འོད་ཟེར་ལས་ཡོངས་སུ་གྲུབ་པའི་ཁབ་དང་སྐུད་པ་དང་བཅས་པས་གདུག་པ་ཅན་རྣམས་ཀྱི་མིག་དང་ཁ་དྲུབས་བཞིན་བར་མདུན་དུ་རྣམ་པར་བསམ་བར་བྱའོ། །ཕྱི་རོལ་མཐོང་བའི་སྤྱོད་ཡུལ་དུ་མཚམས་བཅིང་བ་བྱས་ལ་ཟླ་བ་དང་ཉི་མ་གཉིས་དག་གི་འོད་ཟེར་ལས་ཡོངསུ་རྫོགས་བཞིན་པས་ལྷ་མོ་འོད་ཟེར་ཅན་མཉན་ཡོད་ན་བཞུགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ནི་རྒྱལ་བས་བཀའ་སྩལ་པའོ། །དེ་ཉི་མ་དང་ཟླ་བའི་མདུན་དང་མདུན་ནས་འགྲོ་ཡང་ལྷའི་ཚོགས་མང་པོས་ཀྱང་མཐོང་བར
97.169a
མི་འགྱུར་རོ། །དེའི་ཚེ་བདག་ཀྱང་བལྟར་མེད་པའི་ཞེས་བྱ་བ་ལ་སོགས་པ་འདི་དང ། དེ་ཡང་དགུ་ཕྲག་གསུམ་ཡིན་ནོ། །སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། ཨོཾ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨ་ད་ཡ་མ་སི། པུ་ད་མ་སི། ནཻ་ར་མ་སི། ཨན་ཏརྷཱ་ན་མ་སི། མིང་ཉིད་རབ་ཏུ་སྦྱར་ཏེ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག་།བདག་ལམ་ལོག་པ་ལས་སྐྱོབས་ཤིག་།རྒྱལ་པོ་དང ། མེ་དང ། དགྲ་དང་སེང་གེའི་འཇིགས་པ་ལས་བདག་སྐྱོབས་ཤིག་།བདག་དུ་ཐམས་ཅད་དུ་ཕུན་སུམ་ཚོགས་པར་གྲུབ་པར་གྱིས་ཤིག་།ན་མོ་རདྣ་ཏྲ་ཡཱ་ཡ། ཨོཾ་ཨཱ་ལོ་ཀཱ་ལོ་ཏཱ་ལོ་སཙྪ་ལོ། སཾ་མུརྟི། རཀྵ་རཀྵ་མཱཾ། སརྦ་བྷ་ཡེ་ཤུ་སཝཱ་ཧཱ། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི། ཨོཾ་བ་རཱ་ལི། བ་ཏཱ་ལི། པ་ཏ་ལི། བ་རཱ་ལི། བ་རཱ་ཏ་མུ་ཁེ། སརྦ་དུཥྚ་ནཱཾ་མུ་ཁཾ། བན་དྷ་བན་དྷ། དུས་ཐམས་ཅད་དུ་ལེགས་པར་བསྲུང་བར་འགྱུར་རོ། །བསྐུལ་ཚིག་བཞི་བཅུ་རྩ་བཞི་ནི། རྒྱ་མཚོ་གསུམ་ནི་མཚན་བརྗོད་པའི། ཨོཾ་དང་བཅས་པའི་སྙིང་པོ་དང ། ཉི་ཤུ་རྩ་གཉིས་པ་དང ། ཡི་གེ་དྲུག་པ་ནི་འཇིགས་པ་ཐམས་ཅད་ལས་བསྲུང་བར་བྱེད་དོ། །སྙིང་པོའི་སྔགས་འདི་འཛིན་ན་བློ་རྣོ་བར་བྱེད་དོ། །གླེང་བཞི་དང་བཅས་པ་སྔགས་འདི་བཟླས་པ་བྱས་ན་ནོར་དང་འབྲུ་དང ། གཡོག་འཁོར་འཕེལ་བར་བྱེད་པའི་མཆོག་སྦྱིན་པར་བྱེད་དོ། །དོན་དེ་སྒྲུབ་པར་འདོད་པས་ཐང་ཀ་འམ། ཤིང་ལེབ་ལ་བྲིས་སྐུ་བྱ་བ་ནི་མྱ་ངན་མེད་ཀྱི་ཤིང་གི་སྡོང་པོའི་རྩར་པད་མ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྗང་ཁུ་དང ། ་ཀ་རག་སྔོན་པོ་དང་སྟོད་གཡོགས་སྔོན་པོ་དང ། མགོ་བོ་ན་མཆོད་རྟེན་ཡོད་པ། གཞོན་ནུ་མ། གཡོན་པའི་ཕྱོགས་སུ་གཟིགས་པའི་སྤྱན་ཅན། མྱ་ངན་མེད་པའི་འོད་ཟེར་ཅན་ཞེས་བྱ་བ་བྲི་བར་བྱའོ། །སྔོན་དུ་བསྟན་པའི་ཆོ་གས་ཐང་སྐུ་འདི་མདུན་དུ་བལྟ་ཞིང་མཆོག་ཏུ་སྒྲུབ་པའི་སྙིང་པོ་བཟླས་པ་སྟོང་བྱའོ། །ོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ཞེས་བྱའོ། །མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར་རོ། །རིམས་ཐམས་ཅད་མེད་པར་བྱེད་དོ། །ནད་ཐཾད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན
97.169b
སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བ་བསྐྱེད་པར་བྱེད་དོ། །ཞོ་དང་དུར་བ་གཉིས་ཀྱི་སྦྱིན་སྲེག་གིས་ནི་ངེས་པར་ནད་མེད་པར་བྱེད་དོ། །སྦྲང་རྩི་དང་མར་གྱི་སྦྱིན་སྲེག་གིས་ནི་རྒྱལ་པོ་རྣམས་དབང་དུ་བྱེད་དོ། །ཞོ་དང་འབྲས་སཱ་ལུ་དང ། བུ་རམ་གྱི་སྦྱིན་སྲེག་གིས་ནི་གནོད་སྦྱིན་མོ་འགྲུབ་པར་བྱེད་དོ། །ཚ་བའི་མར་དང་ནིམ་བའི་ཡལ་ག་སྟོང་གི་སྦྱིན་སྲེག་གིས་ནི་རིམས་ནད་མེད་པར་བྱེད་དོ། །རང་གི་ཁྲག་དང ། རུས་པ་དང ། དུག་དང ། སྐེ་ཚེ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་པས་དགྲ་བོ་འཆིའོ། །འོ་མའི་སྦྱིན་སྲེག་གིས་ནི་ཞི་བར་འགྱུར་རོ། །རྟག་ཏུ་བཟླས་ན་དུག་འཇོམས་པར་བྱེད་ཅིང་འབད་པ་མེད་པར་མཁའ་འགྲོ་མ་རྣམས་འཇོམས་སོ། །ཉི་མ་རེ་རེ་བརྒྱ་རྩ་བརྒྱད་བཟླས་ན་འཛིན་བློ་རྣོ་བར་འགྱུར་རོ། །ོཾ་བ་ར་ལེ། བ་ད་ལེ། བཏྟཱ་ལེ། བ་དཱ་ཧྲ་མུ་ཁི་སརྦ་དུཥྚ་པྲ་དུཥྚ་ནཾ་བན་དྷ་བན་དྷ། མུ་ཁཾ་སཝཱ་ཧཱ། འོད་ཟེར་ཅན་གྱི་སྙིང་པོའོ། །ོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་གསང་བའི་སྙིང་པོ་ཡི་གེ་དྲུག་པའོ། །སྙིང་པོའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་རྣམ་པར་སྦྱར་བར་བྱས་པ་འམ་ཁ་ཕྱེ་བ་ཡང་རུང་སྟེ་འཐེབ་ཆེན་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་ཕན་ཚུན་རེག་ལ་ཟླུམ་པོའི་རྣམ་པ་མཚན་མར་བྱས་ལ། སྐྱིལ་མོ་དཀྲུང་དུ་གནས་པའི་ལྟེ་བའི་ཕྱོགས་སུ་གཏུག་པར་བྱའོ། །ཕྱག་རྒྱ་འདི་མཆོག་གཙོ་བོ་སྟེ། །ལས་རྣམས་ཀུན་ལ་སྦྱར་བར་བྱའི། །ཐ་མ་དང་ནི་འབྲིང་ལ་ཡང ། །མཆོག་རྣམས་ལ་ཡང་འདི་བསྟན་ནོ། །མྱུར་དུ་འདི་ཡིས་དོན་བྱེད་ཅིང ། །ཀུན་དུ་གྲུབ་ཅིང་མཆོད་པར་འགྱུར། །དག་བྱེད་བསོད་ནམས་ཆེན་པོ་སྟེ། །བཀྲ་ཤིས་སྡིག་པ་ཉམས་བྱེད་ཅིང ། །བསོད་ནམས་སྡིག་པ་ཀུན་ཟད་པ། །དངོས་གྲུབ་རྒྱུ་ནི་ཕྱག་རྒྱ་ཡིན། །བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་མཚན་བརྒྱད་བརྗོད་ན་བསྲུང་བ་དང ། སྐྱོབ་པ་དང ། སྦེད་པར་འགྱུར་རོ། །ཏད་ཡ་ཐཱ། ཨརྐྐ་མ་སི། མརྐ་མ་སི། ཨུར་མ་མ་སི། བ་ར་མ་སི། ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྡ་རྡྷཾ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏད་ཡ་ཐཱ།
97.170a
ོཾ་བ་རཱ་ལི། བ་རཱ་ལི། མར་ཏ་མུ་ཁི་སརྦ་དུཥྚ་པྲཱ་དུཥྚཱ་ནཱཾ། མུ་ཁཾ་བན་དྷ་བན་དྷ་སཝཱ་ཧཱ། རིག་པ་འཛིན་པའི་སྡེ་སྣོད་ལས་ཕྱུང་བའི་རྟོག་པ་ནི་འདི་ཡིན་ནོ། །དེ་ནས་སྦྱོར་བ་གཞན་ནི་འདི་ཡིན་ཏེ། གསེར་མདོག་ཅན་གྱི་ཕག་པ་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་པོའི་ཤམ་ཐབས་ཅན་བསྒོམ་པར་བྱའོ། །དེའི་སྤྱི་བོར་མཆོད་རྟེན་དང ། གཡོན་པའི་ཕྱག་གིས་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ། །འཇིགས་པ་ཆེན་པོའི་དུས་སུ་ཡང་བདག་ཉིད་ཕག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསྒོམ་པར་བྱའོ། །སྙིང་གར་ཆོས་གོས་ཀྱི་སྣེའུ་བཟུང་སྟེ། ལན་བདུན་དུ་སྔགས་ལ་མདུད་པ་བདུན་བྱས་ན་ལམ་དུ་རྐུན་མ་ལ་སོགས་པས་ཆོམས་པར་མི་འགྱུར་རོ། །དེ་ནས་མདུད་པ་ཡོངས་སུ་བཀྲོལ་བར་བྱའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་རྟོག་པ། རྫོགས་པའོ།། །།རང་གི་སྙིང་གར་ཟླ་བ་ལ་ལཾ་རྣམ་པར་བསམས་ལ་དེ་ཉིད་ཡིད་ཀྱིས་བརྗོད་པས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཡང་ནམ་མཁའི་ཕྱོགས་སུ་བསམ་པ་ནི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པད་མའི་ལྟེ་བར་སེང་ལྡེང་གི་ཁྲི་ལ་རྡོ་རྗེའི་སྐྱིལ་དཀྲུང་གིས་བཞུགས་པ། གསེར་གྱི་མདོག་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ། རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ། ཡི་གེ་མཾ་ཉིད་ཀྱིས་བརྗོད་པའི་རྣམ་པར་བསམ་པར་བྱའོ། །དེ་ནས་མདུན་དུ་ཟླ་བའི་གཟུགས་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ལས་བྱུང་བའི་འོད་ཟེར་ཅན་མ། ཨོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ཞེས་བྱ་བས་གསེར་གྱི་མདོག་ཅན་གྱི་སྐུད་པ་དང་བཅས་པའི་ཁབ་འཛིན་པའི་ཕྱག་གིས་གདུག་པ་ཅན་གྱི་ཁ་དང་མིག་ཡང་དག་པར་དྲུབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ། །བུ་མོས་བཀལ་བའི་སྐུད་པ་ཉི་ཤུ་རྩ་གཅིག་ལ་རྩ་བའི་སྔགས་ཀྱི་རིག་པ་ལན་གཅིག་ཡོངས་སུ་བཟླས་པ་ན་དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། མཱ་རཱི་ཙྱཻ་དེ་བ་དཏྟཱ་ཡེ་ཧྲྀ་ད་ཡ་ཨཱ་བརྟ་ཡེ་ཥུ། ཏད་ཡ་ཐཱ། ཨོཾ་བ་ཏི། ཏི་ལི། བཏྟ་ལི་བཏྟི་ལི། བ་རཱ་ལི། བ་རཱ་ཧ
97.170b
མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ། བན་དྷ་མི་སཝཱ་ཧཱ། ཞེས་བྱ་བ་དང ། ཡང་ལན་བརྒྱ་རྩ་བརྒྱད་འདི་བཟླས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། མཱ་རཱི་ཙྱཻ་དེ་བ་དཏ་ཏཱ་ཡཻ། ཏད་ཡ་ཐཱ། ཨོཾ་བ་ཏཱ་ལི། བ་ཏཱ་ལི། བ་རཱ་ལི་བ་ར་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཾ། གྲནྠི་བན་དྷ་མི་སཝཱ་ཧཱ། ཞེས་བྱ་བ་བརྗོད་དོ། །དེ་སྐུད་པ་ལ་རང་ཉིད་བསྲུང་བའི་ཆེད་དུ་མདུད་པ་བདུན་བྱའོ། །གཡོག་པོའི་ཆེད་དུ་བྱ་སྟེ། མིང་ཡོངས་སུ་བཟུང་བའི་སྦྱོར་བས་མདུད་པ་གཅིག་བྱའོ། །འགྲོ་བ་དང་འོང་བས་སྐུད་པ་དེ་རྐེད་པ་ལ་བཅིངས་ཏེ་གླེང་བཞི་དང་བཅས་པའི་འོད་ཟེར་ཅན་གྱིས་རིག་པ་བཀླག་སྟེ་མདུན་དུ་འགྲོ་བར་བྱའོ། །དེ་ལྟར་བྱས་ན་རང་བཞིན་གྱིས་བསྲུང་བར་འགྱུར་རོ། །ནུབ་མོ་མདུན་དུ་ཟླ་བ་ལ། ཉིན་མོ་ནི་ཉི་མའི་དཀྱིལ་འཁོར་ལ་སྔོན་དུ་གསུངས་པ་བཞིན་དུ་རང་གི་གནས་སུ་བྱའོ། །དེའི་རྗེས་སུ་ཇི་ལྟར་གསུངས་པའི་རིག་པ་ལན་བདུན་དུ་བརྗོད་པར་བྱ་སྟེ། ན་མཿ སརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ ཏདྱ་ཐཱ། ཨོཾ་ཨཱ་ལོ། ཀ་ལོ། ཏ་ལོ། སཙྪ་ལོ། སཾ་པ་མཱུརྟྟི། རཀྵ་རཀྵ་མཾ་སརྦ་བྷ་ཡེ་ཥུ་སཝཱཧཱ། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི་རིག་པའོ། །ཏད་ཡ་ཐཱ། ཨོཾ་མཱ་རཱི་ཙྱཻ་བ་ཏཱ་ལི། བ་ད་ལི། བ་ར་ལི། བ་རཱ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚ་ནཱཾ། བན་དྷ་བན་དྷ་མུ་ཁཾ་སཝཱ་ཧཱ། ཏད་ཡ་ཐཱ། ཨོཾ་བ་དཱ་ལི། བ་ཏཱ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚ་ནཾ། བན་དྷ་བན་དྷ་མུ་ཁཾ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ངེས་པར་འདི་ཡིན་ནོ། །ོཾ་མཱ་རཱི་ཙྱཻ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུཏྟ་ཡ་མ་སི། ནཻ་ར་མ་སི། ཨརྐ་མ་སི། མརྐ་མ་སི། ཨཱུརྨ་མ་སི། བན་དྷ་མ་སི། གུལྨ་མ་སི། ཙཱ་བི་རཱི་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨནྟ་རྡྷ་ན་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏད་ཡ་ཐཱ། ཨོཾ་བ་ཏཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཁི་སརྦ་དུཥྚ་པྲ་དུ་ཥྚཱ་ནཾ། བན་དྷ་བན་དྷ་མུ་ཁཾ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ནི་ངེས་པར་འདི་ཡིན་ནོ། །ོཾ་མཱ་རཱི་ཙྱཻ་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུཏྟ་ཡ་མ་སི། ནཻ་ར་མ་སི། ཨརྐ
97.171a
མ་སི། མརྐ་མ་སི། ཨུམྟ་མ་སི། བན་དྷ་མ་སི། གུལྨ་མ་སི། ཙཱི་བཱ་རཱ་མ་སི། མ་ཧཱ་ཙི་བཱ་རཱ་མ་སི། ཨནྟ་རྡྷ་མ་སི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏད་ཡ་ཐཱ། ཨོཾ་བཏྟ་ལི། བ་དཱ་ལེ། བ་རཱ་ལེ། བ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲཱ་དུཥྚ་ནཱཾ། བན་དྷ་བན་དྷ་སཝཱ་ཧཱ། ཨོཾ་བཏྟ་ལི། བཏྟ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། ཙཀྵུརྨུ་ཁཾ་བན་དྷ་མི་སཝཱ་ཧཱ། ཞེས་བྱའོ། །ོཾ་བཏྟ་ལི། བ་དཱ་ལི། བ་ར་ལི། བ་ར་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ནཱཾ། བན་དྷ་བན་དྷ་མི་སཝཱ་ཧཱ། ཞེས་བརྗོད་པར་བྱའོ། །རང་ཉིད་བསྲུང་བའི་དོན་དུ་སྔགས་འདི་བྱ་སྟེ། ཨོཾ་ཨརྐ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་ཨནྡྷ་རྡྷ་ན་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ུཏ་ཏ་ཡ་ཨོཾ་ཏེ་ཛོ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་ཨུཏ་ཏ་ཡ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་གུལ་མ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་བ་ནཱ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་ཙི་བ་རཱ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་བ་ཏཱ་ཀྲ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་བ་རཱ་ཀྲ་མ་སི་སཝཱ་ཧཱ། ཞེས་བྱ་བ་དང ། ོཾ་ཨུར་མ་མ་སི་སཝཱ་ཧཱ། ཞེས་བྱ་བའོ། །དེ་ནས་ལས་གཞན་ཡིན་ཏེ། ས་མཆོག་ཏུ་གྱུར་པའི་སྔགས་ནི། ཨོཾ་མཱ་རཱི་ཙྱེ་སཝཱ་ཧཱ། ཞེས་བྱ་བའི་སྔགས་འདིའི་ལས་ནི་ཞི་བ་དང ། རྒྱས་པ་དང ། དབང་དང ། མངོན་སྤྱོད་དང ། དགུག་པའོ། །བདག་གི་དོན་དུ་སྙིང་གར་ཏྲི་དང ། སྤེལ་བའི་སྙིང་པོ། ཨོཾ་དང་སྤེལ་བ་བྱས་ལ། མགལ་མེའི་འཁོར་ལོ་ལ་གནས་པ་ལྕགས་ཀྱུ་དང་ཞགས་པས་དགུག་པར་བྱ་བ་ནི་དཔག་ཚད་བརྒྱ་ཡིན་དུ་ཟིན་ཀྱང་ལྷ་རྫས་ཀྱི་བུད་མེད་འགུགས་པར་བྱེད་དོ། །དེ་ནས་སྦྱོར་བ་གཞན་ཡིན་ཏེ། ཉི་མ་འཆར་ཀའི་ཚེ་བྱ་སྟེ། གཞོན་ནུ་མ་ལ་སྔགས་བརྒྱ་བཟླས་ཏེ་བའི་ལྕི་བས་དཀྱིལ་འཁོར་བྱས་ལ་བཞག་པར་བྱ་སྟེ། ཙན་དན་དཀར་པོས་ཡན་ལག་བྱུགས་ལ། མེ་ཏོག་དང་ལེགས་པར་ཁྲུས་བྱས་ཤིང་གོས་དཀར་པོ་བཀོན་ལ་གུ་གུལ་གྱི་བདུག་པ་སྦྱིན་ཏེ་མཐེ་བོང་ལ་རྒྱ་སྐྱེགས་དང་མར་ནག་གིས་བསྐུས་ལ་སྔགས་བརྒྱད་བརྒྱ་བཟླས་ཏེ། དབང་བསྐུར་བ་བསྟན་པར་བྱའོ། །ལྷ་ལ་སོགས་པ་ཐམས་ཅད་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་ཏེ། ཨོཾ་ཙི་རི་ཙི་རི་མུ་སཝཱ་ཧཱ། ཞེས་བྱ་བ་ནི་སྔགས་སོ། །ོཾ་མཱཾཿ སྔགས་འདིས
97.171b
མར་མེ་ལ་བརྒྱད་བརྒྱ་མངོན་པར་སྔགས་ནས་གཞོན་ནུ་མ་ལ་བསྟན་པར་བྱས་ན་སྔོན་བཞིན་དུ་མཐོང་བར་འགྱུར་རོ། །མ་མོའི་ཚོགས་ཐམས་ཅད་ཀྱི་དགེ་བ་དང ། མི་དགེ་བ་ཡང་ཐོས་པ་ནི། ཨོཾ་བ་ཏཱ་ལི་ཡཾ་མུ། སྔགས་འདི་ཁྲི་ཚོ་གཅིག་བཟླས་ཏེ་བསྟན་པར་བྱའོ། །ཡང་ན་དགྲ་བོ་རིམས་ཀྱིས་བཟུང་བར་འདོད་ན་མིའི་རུས་པའི་ཕྱེ་མ་དང ། དུར་ཁྲོད་ཀྱི་ཐལ་བ་དང ། ཆུ་བོའི་ངོགས་གཉིས་ཀྱི་ས་དང ། རྐང་རྗེས་ཀྱི་རྡུལ་དང་བཅས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང ། མེ་དང ། རྐེ་ཚེ་དང ། ཉིན་ཕྱེད་དང ། འོ་མ་དང་ལྡན་པ་དུར་ཁྲོད་ཀྱི་རས་ལ་སྔགས་དང་སྤེལ་བ་བྲིས་བཞིན་པ་བྱས་ཏེ། ཨོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་རིམས་ཀྱིས་ཟུང་ཤིག་ཟུང་ཤིག་ཧཱུཾ་ཕཊ་སཝཱ་ཧཱ། ཞེས་བརྒྱད་བརྒྱ་བཟླས་པས་དགྲ་བོའི་ཁང་པར་སྦས་ན་རིམས་ཀྱིས་འཛིན་པར་འགྱུར་རོ། །ཡང་ན་ཐོད་པ་ལ་སྔོན་དུ་བསྟན་པའི་རྫས་ཉིད་ཀྱིས་མིང་བྲིས་ཏེ་ཡི་གེ་ཨ་བཞི་ནང་དུ་བཅུག་ནས་མེའི་ནང་དུ་ཡང་མཱཾ་གིས་ཡོངས་སུ་བསྐོར་ལ། ཁྲོས་པས་སེང་ལྡེང་གི་མེ་ལ་བདུག་པར་བྱའོ། །སྟེང་ནས་འགུལ་པ་བཅིངས་པའི་ཐོད་པ་དགྲ་བོའི་ཁང་པར་སྦས་ན་འཕྲལ་དུ་རིམས་ཀྱིས་འཛིན་པར་འགྱུར་རོ། །ཡང་ན་དུར་ཁྲོད་དུ་བྱའོ། །དེ་ནས་དགྲ་བོ་བསད་པར་འདོད་ན་དུག་དང ། ཚཝ་དང ། སྐེ་ཚེ་དང ། ཁྲག་གིས་མིའི་རུས་པའི་སྨྱུག་གུས་ཐོད་པ་ལ་མིང་མངོན་པར་བྲིས་ཏེ་ཧཱུཾ་དང་ཕཊ་གཉིས་ཀྱི་ནང་དུ་བཅུག་ན་གསོད་པར་འགྱུར་རོ། །སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་ཧཱུཾ་ཆེ་གེ་མོ་སོད་ཅིག་ཧཱུཾ་ཞེས་བྱ་བ་སྟོང་ཕྲག་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །དུར་ཁྲོད་དུ་བྲིས་ན་ནི་ཞག་གསུཾ་གྱིས་ཉཾས་པར་འགྱུར་རོ། །ཡང་ན་བསྐྲོད་པར་འདོད་ན། ཨོཾ་མཱ་རཱི་ཙྱཻ། ཙ་ལ་ཙ་ལ། པྲ་ཙ་ལ་ཙ་ལ། ཤི་གྷྲཾ་ག་མི་ནི་ཆེ་གེ་མོ་སྐྲོད་ཅིག་ཧཱུཾ་ཕཊ། སྔགས་འདི་བྱ་རོག་གི་ཤོག་པ་བླངས་ལ་སྟོང་ཕྲག་བརྒྱད་བཟླས་ཏེ། དགྲ་བོའི་ཁྱིམ་དུ་འབད་པས་སྦ་བར་བྱས་ལ། རྔ་མོའི་སྟེང་དུ་ཞོན་པ་བསྒོཾ་པར་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། །ཡང་ན་དབྱེ་བར་འདོད་ན་དུར་ཁྲོད་ཀྱི་ཐལ་བ་དང །
97.172a
ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་དང ། རྐང་རྗེས་ཀྱི་ས་དང ། ཡང་དག་པར་བསྟན་པས་སོ་སོར་གཟུགས་བརྙན་བྱས་ལ་རྒྱབ་སྤྲད་ཏེ། མ་ཧེའི་ཤ་དང་རྟའི་མགོ་སྤུས་ལེགས་པར་བཅིངས་ལ་དུག་དང ། སྐེ་ཚེ་དང ། ཚ་བ་གསུམ་གྱིས་ལུས་བྱུགས་ལ། དེ་ཉིད་དང་མ་ཧེའི་ཤ་དང ། རྟའི་ཁྲག་དང་ལྡན་པའི་དུར་ཁྲོད་ཀྱི་རས་ལ་ཕཊ་བཞིའི་དབུས་སུ་ཧཱུཾ་གིས་སྤེལ་བའི་མིང་བྲིས་ལ་མཱཾ་གྱིས་ཡོངས་སུ་བསྐོར་ལ་དེའི་སྙིང་གར་བཅུག་སྟེ་སྔགས་བཟླས་ཤིང་མ་ཧེ་དང ། རྟ་གཉིས་ལ་ཞོན་པ་གཉིས་ག་ཡང་འཐབ་བཞིན་རྣམ་པར་བསམས་ན་དབྱེ་བར་བྱེད་དོ། །འཕྲོག་བྱེད་དང ། དཀའ་བཟློག་མ་དང ། བཅས་པས་དུར་ཁྲོད་དུ་ས་བརྐོས་ལ་སྦའོ། །ོཾ་མཱ་རཱི་ཙྱཻ་ཆེ་གེ་མོ་དང་ཆེ་གེ་མོ་ཕྱེ་ཤིག་ཧཱུཾ་སཝཱ་ཧཱ། ཞེས་པ་ནི་སྔགས་སོ། །དེ་ནས་སྦྱོར་བ་གཞན་ནི་མ་ཧེའི་རཝ་དང་རྟའི་རུས་པ་ལ་གཟུགས་བརྙན་བྱས་ཏེ། དུག་དང་གཏུམ་བའི་ས་བོན་དང ། མ་ཧེའི་ཥྴ་དང་རྟའི་ཁྲག་གིས་སྙིང་གར་མིང་མངོན་པར་བྲིས་ལ་སྔགས་བཟླ་ཞིང་སེང་ལྡེང་གི་མེ་ལ་གདུངས་ན་དེ་མ་ཐག་ཏུ་འབྱེད་པར་བྱེད་དོ། །ཡང་ན་དགྲ་བོའི་ཁྱིམ་དུ་སྦས་ན་ཡང་འབྱེད་པར་བྱེད་དོ། །དེ་ཡང་དག་པར་བརྗོད་པར་བྱ་བ་ནི་འོད་ཟེར་ཅན་ཆེན་པོ་འབྱུང་བའི་རྒྱུད་ལས་བྱུང་བ་ནི་དགྲའི་དཔུང་རེངས་པར་བྱེད་པའི་ཚིག་སྟོན་ཏེ། ཁ་ཅིག་ཏུ་རྒྱལ་པོའི་དཔུང་གི་ཚོགས་གཡོས་པར་འགྱུར་ཞིང་གཞན་གྱི་ཡུལ་ཁམས་ཕུང་བར་བྱེད་པར་བརྩོན་ན་གང་གི་ཚེ་དེ་ལ་རྒྱལ་པོ་འོངས་ནས་སླར་བྱེད་ཅིང་མཆོད་དེ་སྔགས་པ་ལ་གསོལ་བ་འདེབས་ན་དེའི་ཚེ་སློབ་དཔོན་གྱིས་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བས་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་བྱའོ། །དེ་ལ་འཆོག་ཆས་དགོས་པ་ཐམས་ཅད་དང་ལྡན་ཞིང་ལེགས་པའི་གྲོགས་པོས་དེ་ཆེད་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐང་སྐུ་བཀྲམ་ལ། ཙན་དན་དཀར་པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས་མེ་ཏོག་དཀར་པོ་བཀྲམ་པ། བདུག་སྤོས་དང ། དྲི་དང ། ཕྲེང་བ་དང ། གཏོར་མ་ཡང་བྱིན་ལ། ཞོ་དང ། སྦྲང་རྩི་དང ། བུ་རམ་དང་ལྡན་པས་ལན་བདུན་དུ་སྔགས་ལ་འབུལ་བར་བྱའོ། །སྔགས་ནི་ཨོཾ་མཱ་རཱི་ཙྱཻ་ཨརྒྷམ་པྲ་ཏཱིཙྪ་སཝཱ་ཧཱ།
97.172b
ོཾ་མཱ་རཱི་ཙྱཻ་གན་དྟ་པྲ་ཏཱིཙྪ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་པུཥྤེ་པྲ་ཏཱིཙྪ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་དྷཱུ་པེ་པྲ་ཏཱིཙྪ་སཝཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་དཱི་པཾ་པྲ་ཏཱིཙྪ་སཝཱ་ཧཱ། དེ་ནས་བཅོམ་ལྡན་འདས་མ་ལ་མཆོད་ཅིང་ཡོངས་སུ་བསྔོ་སྟེ་དགྱེས་པར་བྱས་ལ་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་དམིགས་ཤིང་རང་ཉིད་ང་རྒྱལ་དང་ལྡན་པས་ཁྲི་ཕྲག་གསུམ་བཟླས་པ་བྱའོ། །དེའི་སྔོན་དུ་སོང་བའི་བསྙེན་པ་ཡིན་ཏེ་མི་དགེ་བའི་མཚན་མ་མཐོང་བར་འགྱུར་རོ། །དེ་ནས་ཕྱིས་ནི་སྦྱིན་སྲེག་བྱ་སྟེ་སྔོན་དུ་བསྟན་པའི་ཆོ་གས་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱ་སྐྱེགས་ཀྱི་ཤིང་དང ། བྱང་ཆུབ་ཀྱི་ཤིང་དང ། ུ་དུམ་བ་རའི་ཡམ་ཤིང་གིས་མེ་སྦར་ལ། ཞོ་དང ། འོ་མ་དང ། མར་དུ་བསྙུགས་པའི་དུར་བ་ཉག་མ་རེ་རེ་རྣམས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ོཾ་བ་ཏཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི་སརྦ་བི་པུ་སྱཻ་བྷྱེཾ་སྟམ་བྷཱ་ཡ་སཝཱ་ཧཱ། འདི་ནི་རེངས་པར་བྱེད་པའི་སྔགས་ཏེ་རེངས་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །སྔགས་འདིས་བཟླས་པ་དང ། སྦྱིན་སྲེག་ཀྱང་བྱའོ། །ཕྱིས་ནི་རྒྱལ་པོ་དང་མདུན་ན་འདོན་ནི་གྲོ་ག་འམ། རས་ལ་གུར་གུམ་འམ། གིའུ་ཝང་དག་གིས། བསྒྲུབ་བྱའི་མིང་དང་སྔགས་སྤེལ་ཏེ་མཱཾ་གིས་དཀྲིས་པ་ཡང་ཡི་གེ་བཞིས་ཡོངས་སུ་བསྐོར་ཏེ། ཨོཾ་མཱཾ་བཱཾ་མཱཾ། མཱཾ། ཕྱི་རོལ་དུ་བ་ཡི་གེས་ཡོངས་སུ་བསྐོར་བའི་འཁོར་ལོ་འདི་བྲིས་ལ་གང་གི་སྤྱི་གཙུག་གམ། མགུལ་བ་འམ། དཔུང་པ་ལ་བཏགས་ན་ལས་ཐམས་ཅད་ཉིད་ལ་བསྲུང་བར་བྱེད་པ་ཡིན་ནོ། །གཡུལ་ངོར་ཞུགས་ན་མཚོན་ཆས་ལུས་ལ་མི་ཆོད་པར་འགྱུར་རོ། །གཡུལ་ངོ་ལས་དེ་ནི་རྒྱལ་བར་འགྱུར་རོ། །དེ་ནས་ཡང་ཕྱིས་ནས་མཆོག་ཏུ་གྱུར་པའི་གླང་པོ་ཆེ་འམ། མཆོག་ཏུ་གྱུར་པའི་ཤིང་རྟ་ལ་རྡོ་རྗེ་སློབ་དཔོན་ཞོན་ཏེ་གཡུལ་ལ་མངོན་པར་ཕྱོགས་པས་བཅོཾ་ལྡན་འདས་མའི་ཐང་སྐུ་བཀྲཾ་ལ་རྒྱལ་མཚན་སེར་པོ་བཙུགས་ཏེ་རས་སེར་པོའི་ཤམ་ཐབས་དང་སེར་པོའི་ཐོད་བཅིངས་ཏེ་འཚོགས་ཆས་རྡོ་རྗེ་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་སྔོན་བཞིན་ཕག་པའི་ཤིང་རྟ་ལ་བསྒོཾས་ལ་སྔགས་བརྗོད་པར་བྱའོ། །ོཾ་མ་རི་ཙྱཻ་བ་ཏ་ལི་བ་དལི།
97.173a
བ་རཱ་ལི། བ་རཱ་ཧཱ་མུ་ཁི་སརྦ་དུཥྚེ་རི་པུ་སྱཻ་བྷྱཾ་སྟཾ་བྷ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། ཕག་པས་བསྐོར་བའི་ནང་དུ་བསྒོམས་ནས་དེ་མ་ཐག་ཏུ་དགྲའི་དཔུང་ཚོགས་ལས་རྒྱལ་བར་འགྱུར་རོ། །མཚོན་གྱིས་བཅད་པའི་མི་ཤི་བའི་རོ་གོས་སམ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་འདི་བ་བླ་འམ། ཡུང་བའི་ཁུ་བས་བྲིས་ཏེ་ཆུ་བོའི་ངོགས་གཉིས་ཀྱི་ས་འམ། རིའི་རྩེ་མོའི་ས་འམ་དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་དགྲའི་དཔོན་གྱི་གཟུགས་བརྙན་བྱས་ལ་འཁོར་ལོ་དེའི་སྙིང་གར་བཅུག་ལ་ཡང་ས་དེ་དང་ལྷན་ཅིག་ཏུ་འབྲས་སཱ་ལུའི་ཁུ་བ་ལ་ཡུང་བའི་ཁུ་བ་དང་ལྡན་པས་ཕག་པའི་གཟུགས་བྱས་ལ་དེའི་ཁ་རུ་དགྲ་བོའི་གཟུགས་བརྙན་ཁ་ཐུར་དུ་བསྟན་ལ་བཅུག་ཏེ། ཕག་པ་དེ་ཁམ་སྐྱོང་ཁ་སྦྱར་གྱི་ནང་དུ་བཅུག་ལ་སོང་ཏེ་དགྲའི་དཔུང་པ་ལ་མངོན་དུ་ཁ་བལྟས་པས་གཞག་པར་བྱའོ། །ཟན་དང་ཉ་དང ། ཤ་རློན་པ་དང་ལྡན་པས་གཏོར་མ་བྱིན་ལ་སོར་བརྒྱད་པའི་སེང་ལྡེང་གི་ཕུར་བུས་བཏབ་ལ་ས་བརྐོས་ཏེ་བཟླས་ལ། སྔགས་སྟོང་ཕྲག་བརྒྱད་རྡོ་རྗེ་ཁྲོ་བོའི་སྟོབས་དང་ལྡན་པས་བཟླས་པ་བྱས་ན་དགྲ་བོའི་དཔུང་རེངས་པར་འགྱུར་རོ། །དེ་ནས་གཞན་ཡང་ཁོར་ལོའི་མཚན་ཉིད་ནི་སྒྲུབ་བྱའི་མིང་ཡི་གེས་ཡོངསུ་དཀྲིས་པར་བྱས་ལ་ཡང་ཙའི་ཡི་གེས་ཡོངསུ་སྐོར་བར་བྱའོ་ཡི་གེ་དེ་གཉིས་ཀྱི་བར་དུ་པ་ཏཱ་ལི་ལ་སོག་པའི་སྔག་ཀྱི་ཕྲིང་བས་ཡོངསུ་སྐོར་བར་བྱའོ། །ཡང་དེ་ལ་བསྐོར་བར་བྱས་ལ་ཡང་ཡི་གེ་བཞི་ཡོངསུ་བསྐོར་ཞིང་གྲུ་བཞིའི་ཕྱོག་དེ་མཚམས་སུ་རྡོ་རྗེས་མཚན་པར་བྱས་ནས་དེ་ཉིད་ཀྱིས་དེ་མ་ཐག་ཏུ་དགྲ་བོའི་དཔུང་རིངས་པར་བྱེད་ཅིང་ཉམས་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། །དགྲ་བོའི་དཔུང་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་འཁོར་ལོ་འདི་སློབ་དཔོན་གྱི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་གཞན་ཡང་རིངས་པར་བྱེད་པ་དང་འབྱེད་པར་བྱེད་པ་དང ། གསོད་པར་བྱེད་པའི་སྦྱོར་བའི་དབང་དུ་བྱས་པའི་འཁོར་ལོ་ཡིན་ཏེ། གྲོག་བཟང་པོ་དང་ལེགས་པར་བསྲུང་ཏེ། མིའི་བགེགས་ཡོངསུ་སྤང་ཏེ་དུར་ཁྲོད་དུ་གནས་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་ཐང་སྐུ་བཀྲམ་ལ། དེའི་བདུན་དུ་ལྕི་བའི་དཀྱིལ་འཁོར་བྱས་ཏེ། ཅི་ལྟར
97.173b
འབྱོར་པའི་མཆོད་པ་རྣམ་པ་ལྔ་དང་ལྡན་པར་མཆོད་ལ་གོས་ནག་པོ་བགོ་ཞིང་ཐོད་ནག་པོ་བཅིངས་ལ་འཚོག་ཆས་དང ། རྡོ་རྗེ་དྲིལ་བུའི་མཆོག་རྟེན་པས་ཁྲོས་པས་སྔོན་བཞིན་དུ་ལྷ་མོ་འོད་ཟེར་ཅན་བསྒོམ་པར་བྱ་སྟེ། ཕག་པའི་ཞལ་གསུམ་པ་སྤྱན་གསུམ་པ། ཞལ་འགྱུར་ཞིང་མཆེ་བ་གཙིག་པ། གློག་བཞིན་ལྗགས་འཇིག་པར་བྱེད་པ། ཉི་མ་བཅུ་གཉིས་དང་འདྲ་བའི་འོད་འབར་ཞིང་འཕྲོ་བ། མུ་མེན་ལྟ་བུའི་གོས་སྔོན་པོའི་སྨད་དཀྲིས་བྱས་ཤིང་ཤང་གྟག་དང་སྟོད་གཡོག་སྣ་ཚོགས་པའི་གོས་ཀྱིས་བྱས་པ། རྒྱན་ཐམས་ཅད་ཀྱིས་རྒྱན་པ། ཕྱག་བརྒྱད་པ། གཡས་ན་མདའ་དང་རྡོ་རྗེ་དང ། ཁབ་དང ། ལྕག་ཀྱུ་བསྣམས་པའི་ཕྱག་གོ་།གཡོན་དུ་གཞུ་དང་ཞགས་པ་དང ། ཤིང་མྱ་ངན་མེད་པའི་ཡལ་ག་དང ། སྐུད་པ་བསྣམས་པའི་ཕྱག་གོ་།མཆོད་རྟེན་མགོ་ལ་ཡོད་པའི་སྐྲ་དང་ལྡན་པ། ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཁྲོས་པས་རྐང་པས་བསྒྲུབ་བྱ་མནན་པ་ཉིད་དུ་བསམ་པར་བྱའོ། །ཆུ་བོའི་ངོགས་ཀྱི་ས་དང ། མིའི་རུས་པའི་ཕྱེ་མ་དང ། དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་གཟུགས་བརྙན་བྱས་ལ། ཚ་བ་གསུམ་དང་དུག་དང་ཁྲག་དང ། ཚཝ་དང ། སྐྱེ་ཚེ་དང ། ད་དུ་ར་ཡིས་རོའི་གོས་ལ་བསྒྲུབ་བྱའི་མིང་སྔགས་དང་ངེས་པར་བྱས་ལ་སྙིང་གར་གཞུག་པར་བྱ་སྟེ། ཨོཾ་མཱ་རཱི་ཙྱཻ་བཏ་ལི་བ་དཱ་ལི་བ་རཱ་ལི་བ་རཱ་ཧཱ་མུ་ཁི་ཧཱུཾ། ཆེ་གེ་མོ་སོད་ཅིག་ཧཱུཾ་ཕཊ་སཝཱ་ཧཱ། སྔགས་འདི་དང་མིང་སྤེལ་ཏེ་མི་ཤ་སྐམ་པོ་དང ། གུ་གུལ་དང ། ཡང་དག་པར་ལྡན་པས་རིལུ་བྱས་ལ་མིའི་ཚིལ་དང་བསྲེས་ཏེ་རོ་བསྲེགས་པའི་ཤིང་གིས་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཚ་བའི་མར་ནག་གིས་གཞན་གྱི་དཔུང་གི་རྒྱལ་པོའི་མིང་བཟུང་སྟེ་གལ་ཏེ་གསོད་པར་འདོད་ན་དེ་ཉིད་གྱི་བདུགས་ན་འཆི་བར་འགྱུར་རོ། །གལ་ཏེ་རེངས་པར་འདོད་ན་ཡང་རེངས་པར་འགྱུར་རོ། །ཡང་ན་གཡུལ་ངོ་ལ་མངོན་དུ་བལྟས་ཏེ་མིའི་རུས་པའི་ཕྱེ་མ་འམ། མི་ཚིལ་དང་བསྲེས་པས་སྔགས་བཟླ་ཞིང་སྦྱིན་སྲེག་བྱས་ན་དགྲའི་དཔུང་གི་ཚོགས་དེ་མ་ཐག་ཏུ་རེངས
97.174a
པར་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བ་ནི། ལྕེ་སྤྱང་གི་ཉེ་བར་འཚེ་བ་ཞི་བར་བྱ་བར་འདོད་ན་གནག་གི་གནས་སུ་སོང་སྟེ་གནག་འཇུག་པའི་སྒོའི་རྟ་བབས་ལ་སྔགས་མངོན་པར་བྲིས་ཏེ། རྒྱལ་མཚན་དཀར་པོའི་རྩེ་མོ་ལ་བཙུགས་ཏེ་ཙན་དན་དཀར་པོ་དང ། གུར་གུམ་དང ། གིའུ་ཝང་གི་ཁྱུ་མཆོག་གི་གཙོ་མོ་རྒན་པ་དང་ཕྱུགས་རྫིའི་མིང་དང་སྤེལ་ཞིང་བྱང་བུ་ལ་བྲིས་ཏེ་ཁྱུ་མཆོག་གི་རཝ་དང ། ཕྱུགས་རྫི་རྣམས་ཀྱི་མགུལ་པར་འཁོར་ལོ་བཅིང་ངོ ། །འཁོར་ལོ་ནི་ཨོཾ་མཱཾ་བཱཾ་མཱཾ། ཡང་བ་ཡིག་གིས་བསྐོར་ཅིང་ཡང་ཙྱཻ་ཡི་བསྐོར་ཏེ། དེའི་ཕྱི་རོལ་དུ་མཱཾ་གིས་བསྐོར་ལ་འཁོར་ལོ་དེ་ཉིད་བྱའོ། །སྒོར་ཡང་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ། སྔགས་ལན་བདུན་དུ་བཟླས་ནས་ཕུར་བུ་གདབ་བོ། །ོཾ་མཱ་རཱི་ཙྱཻ་སརྦ་བིགྷ་ནཱ་བུད་ས་དྷཱ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། བགེགས་བསྐྲད་པའི་ཕུར་བུའི་སྔགས་སོ། །དེ་ནས་ཕྱིས་ནི་གནག་ལྷས་ཀྱི་དབུས་སུ་བཅོམ་ལྡན་འདས་མའི་ཐང་སྐུ་ཁ་ཤར་དུ་བལྟས་པ་བཀྲམ་ལ་བློ་དང་ལྡན་པས་འབད་པ་དང་བཅས་པས་བྱའོ། །དེའི་མདུན་དུ་སྦྱིན་བསྲེགས་གི་ཐབ་ཁུང་གྲུ་བཞི་པ་ལ་ཁྲུ་གང་ཙམ་བརྐོ་བར་བྱ་སྟེ་མཚམས་བཞི་རུ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་འབྲུ་སྣ་ལྔ་དང ། དྲི་ཞིམ་པོའི་ཆུས་ཡོངས་སུ་བཀང་ལ་ཙན་དན་དཀར་པོས་བྱུགས་ལ་གོས་དཀར་པོ་ཟུང་གིས་སྦྲེལ་བ་ཡལ་ག་རྣམ་པ་ལྔ་སྟེ། ནྱ་གྲོ་དྷ་དང ། བྱང་ཆུབ་ཀྱི་ཤིང་དང ། ུ་དུམ་བ་ར་དང ། ་འབྲས་དང ། ཤིང་ཨརྐའི་ཡལ་གས་བརྒྱན་པ། བརྒྱ་ཕྲག་བརྒྱད་ཀྱི་མངོན་པར་སྔགས་ལ་བཞག་གོ་།ཐབ་ཁུང་དེ་ཉིད་ཀྱི་མཚམས་བཞི་རུ་སེང་ལྡེང་གི་ཕུར་བུ་སྔོན་དུ་བསྟན་པའི་སྔགས་བཟླས་ལ་གདབ་པར་བྱའོ། །ཡང་ཕྱིས་ནི་ལྕི་བས་མལ་ཉེ་བར་བྱུགས་ལ་ཁྲག་གི་གཏོར་མ་དང ། ཀུ་མུ་ཏ་དང ། ུད་པ་དང་པད་མའི་ཕྲེང་བ་དང་དྲི་ཞིམ་པའི་མེ་ཏོག་གི་རྣམ་པར་བཀྲམ་ལ། དྲི་ཞིམ་པོ་དང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ་ཞོ་དང་སྦྲང་རྩི་དང་བུ་རམ་དང་ལྡན་པས་ཟས་ཁམ་ཅིག་གིས་ལྷ་ཤོས་དབུལ་བར་བྱའོ། །བའི་མར་གྱི་མར་མེའི་ཕྲེང་བས་ལེགས་པར་རྒྱན་ཅིང་བླ་རེ་རྒྱན་ལ་མེ་ཏོག་གི་ཕྲེང་བ་སྤྱངས་ཤིང་གོས
97.174b
དཀར་པོའི་རྒྱལ་མཚན་ཀྱི་རྩེ་མོར་སྔགས་བྲིས་ལ་བཙུགས་ལ་གུ་གུལ་གྱི་བདུག་སྤོས་སྦྱིན་ནོ། །དེ་ལྟར་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་མ་ཡང་དག་པར་མཆོད་ལ་མཉེས་པར་བྱས་ཏེ་སྔོན་དུ་བསྟན་པའི་སྔགས་ཀྱི་མངོན་པར་སྔགས་ལ་ཉེ་བར་མཁོ་བ་ཐམས་ཅད་དབུལ་བར་བྱའོ། །ཡང་ཐང་སྐུའི་མདུན་དུ་སྦྱིན་སྲེག་གི་ཐབ་ཁུང་ཁྲུ་གང་ཙམ་བརྐོས་པའི་གྲུ་བཞི་པ་ཁ་ཁྱེར་སོར་བཞི་པ། རྡོ་རྗེའི་ཕྲེང་བས་བསྐོར་བ་རྩ་བ་དང་བཅས་པའི་པད་མའི་རྣམ་པར་བྱའོ། །དེའི་དབུས་སུ་པད་མ་ལ་རྡོ་རྗེས་མཚན་པར་བྱས་ཏེ་བ་གླང་གི་ལྕི་བས་དཀྱིལ་འཁོར་ལེགས་པར་བྱུག་ལ་མེ་ཏོག་གི་རྣམ་པ་བཀྲམ་པར་བྱའོ། །དེ་ནས་སྔགས་པས་ཁྲུས་བྱ་ཤིང་གཙང་མས་གོས་དཀར་པོ་གོན་ལ་ཉེ་བར་མཁོ་བའི་ཐོད་དཀར་པོ་བཅིངས་ཏེ་རྡོ་རྗེ་དང་དྲིལ་བུ་བཟུང་ཞིང་བསྙེན་པ་དང་བཅས་པས་འཇུག་པར་བྱའོ། །ཐབ་ཁུང་གི་མདུན་དུ་སྔགས་ཀྱིས་བགེག་བསྐྲད་ལ་སེང་ལྡེང་གི་ཕུར་བུ་ཡིས་ཐམ་ཁུང་སྤྱི་ཕྱི་རོལ་གྲཝ་བཞིར་གདབ་པར་བྱའོ། །དེ་ནས་སྔོན་བཞིན་དུ་ཐབ་ཁུང་གི་ཤར་ནས་ནུབ་དུ་མངོན་པར་ཕྱོག་པར་གནས་ལ་སྔགས་དང་ཕྱག་རྒྱས་བྱིན་ཀྱི་བརླབས་པའི་སྔགས་པས་ཀུ་ཤ་ཆང་བུའི་སྟེང་དུ་གནས་ལ་ཐབ་ཁུང་གི་ཕྱོག་བཞིར་ཀུ་ཤ་དགྲམ་པར་བྱའོ། །དེ་ནས་དགོས་པ་ཐམས་ཅད་ལ་སྔགས་བརྒྱ་བཟླ་ཏེ་གཡས་ཕྱོགས་སུ་བཞག་པར་བྱའོ། །གཡོན་ཕྱོག་སུ་ཆུའི་སྣོད་བཞག་ཅིག་མདུན་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ཆུ་དང་མེ་ཏོག་གིས་བཀང་བ་བཞག་ལ་ཞོ་དང་བུ་རམ་དང ། སྦྲང་རྩི་དང་ལྡན་པ་ཡང་བཞག་ཏེ། རྩུབ་ཤིང་གིས་བཏོན་པའི་མེ་ཐབ་ཁུང་གི་ནང་དུ་གཞུག་སྟེ་ནྱ་གྲོ་དྷ་དང ། དབུ་དུམ་བ་ར་དང ། པ་ལ་ཤའི་ཡབ་ཤིང་གིས་མེ་སྦར་ལ་དེ་ནས་ཡང་ཨོཾ་ཡོང་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རཾ། ཡོངས་སུ་གྱུར་པ་ལས་མེ་ལྷ་བསྒོམ་ལ་གཞན་པ་མེ་ལྷ་སྔགས་ཀྱི་སྤྱན་དྲངས་ཏེ། ཨཱོཾ་ཨེ་ཧྱེ་ཧི་ཡ་ཧྱ་བྷུ་ཏ་དེ་བ་ཏྭི་ཛ་རྀ་ཥི་སཏྟ། པར་གྲྀ་ཧྲཱི་ཏྭཱ་ཧུ་ཏི་མ་ཧཱ་ར་སྨིནྶ་ནྣི་ཧི། ཏོ་བྷཱ་བ། མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ོཾ་ཨ་གྣི་ཡེ་དཱི་བྱ་དཱི་པྱ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཧཱ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སཝཱཧཱ། མེ་ལྷའི་སྔགས་སོ། །ཟླ་བའི་དཀྱིལ་འཁོར་ལ་གནས
97.175a
པའི་ཞལ་དཀར་ཟླུམ་པ། ཕྱག་བཞི་པ་འབབ་བའི་སྤྱན་གསུམ་པ། མེ་ལྷ་བཟང་པོ་སྟོན་ཀའི་ཟླ་བའི་འོད་འདྲ་བ། དྲི་མ་མེད་པ་བདུད་རྩི་རྒྱུན་འབབ་ཅིང་ཞི་བ། དབྱུ་གུ་དང ། རིལ་བ་སྤྱི་བླུགས་དང ། ཕྲེང་བ་དང ། མཆོག་སྦྱིན་པ་འཆང་བས་བསམ་ལ་མཆོད་ཡོན་སྦྱིན་ལ་སྔོན་དུ་བསྟན་པའི་སྣོད་དུ་མཆོད་པ་རྣམ་པ་ལྔ་དང་བཅས་པས་དེའི་ཞལ་དུ་དགང་བླུགས་གསུམ་དབུལ་བར་བྱའོ། །ཡང་ཆུ་བསངས་ལ། ཞི་བ་ལ་ནི་འབར་བའི་ངོ་བོ་ཉིད་དུ་ཡོངསུ་གྱུར་ནས་གཞན་ཡང་དེ་ཉིད་དུ་ལྷ་མོ་འོད་ཟེར་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ། སྟོན་ཀའི་ཟླ་བ་ལྟ་བུ་དཀར་ཞིང་གཞོན་ནུ་མ་ལ་ཨུད་པ་ལ་སྔོན་པོའི་སྤྱན་ཅན་ན་བཟའ་དཀར་པོ་འཆང་བ། ཞི་བ་ལ་ནི་སྣ་ཚོགས་པའི་ངོ་བོ་བདུད་རྩིའི་བུམ་པ་འཆང་ཞིང་འབབ་ལ། འབར་བའི་མེ་ཏོག་ལྷ་བཞེངས་པ་ལྟ་བུ་གཞོན་ནུ་མ་འགྲོ་བ་ལ་བདུད་རྩིའི་རྒྱུན་གྱི་འབབ་བཞིན་པའི་ལྷ་མོ་བསམ་ལ་དེའི་ཞལ་དུ་དགང་བླུགས་དབུལ་བར་བྱའོ། །ཕྱུགས་ཀྱི་མགོ་སྤུ་དང་རུས་པ་དང ། དའུར་བ་དང་ལྡན་པས་ཞོ་དང་སྦྲང་རྩི་དང་མར་དང་འོ་མ་དང་བསྲེས་ལ་ལན་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱའོ། །གཞན་ཡང་གནག་ལྷས་ནས་ཕྱིར་སོང་ལ་འབྱུང་པོ་ཐམ་ཅད་པའི་གཏོར་མ་མཆོད་པ་དང་བཅས་པ་ཞོ་དང་ཞོ་ཐུག་དང་འོ་མ་དང ། ཏམྦུ་འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་པའི་གོང་བུ་བྱས་ལ་སྙིང་པོ་གསུམ་གྱི་མར་དང ། འབྲས་དང་སྲན་མ་མ་ཥ་དང་ཆང་དང ། ཤ་དང་ཉ་དང་ནང་དུ་སྲན་མ་བླུགས་པའི་ཁུ་བ་དང ། སྲན་མ་ཥ་དང་བུ་རམ་དང་བསྲེས་པའི་འཁུར་བ་དང ། བཅས་པ་ལ་ལན་བདུན་དུ་མངོན་པར་སྔགས་ཏེ་སྦྱིན་པར་བྱའོ། །འོ་ཐུག་གི་ཀླུ་རྣམ་ལའོ། །འོ་མ་ནི་ལྷ་མ་ཡིན་རྣམ་ལའོ། །ཞོ་དང་འོ་མ་ནི་ལྷ་རྣམ་ལའོ། །སྙིང་པོ་གསུམ་གྱི་མར་ནི་གནོད་སྦྱིན་རྣམ་ལའོ། །འབྲས་ཀྱི་ཕྱེ་མ་བུ་རམ་དང་བསྲེས་ཏེ་གོང་བུ་བྱས་པ་ནི་ཚོགས་ཀྱི་བདག་པོ་ལའོ། །མཁུར་བ་ནི་ཤ་ཟ་རྣམ་ལའོ། །འབྲས་དང་མ་ཤམ་བསྲེས་པ་ནི་འབྱུང་པོ་རྣམ་ལའོ། །ཤ་ནི་སྲིན་པོ་རྣམ་ལའོ། །ཉ་ནི་ཡི་དག་རྣམ་ལའོ། །ོཾ་བྷཱ་བ་ཁཱ་ཧི་ཁཱ་ཧི་གྲི་ཧྞ་གྲྀ་ཧྞ་ཧཱུཾ་སརྦ་བྷཱུ་ཏ་བ་ལིང་སཝཱ་ཧཱ། ཡང་ལྷའི་ཁང་པར་བཞུག་ཏེ། སྔགས
97.175b
བརྒྱད་བརྒྱ་བཟླས་ཏེ་བུམ་པ་ཆུས་ཀང་བ་ཁྱུ་མཆོག་ལ་གཏོར་བར་བྱའོ། །དེ་ནི་ལྕེ་སྤྱང་གི་ཉེ་བར་འཚེ་བ་ཞི་བར་འགྱུར་རོ། །དེ་ལྟར་བྱས་ཏེ་དུས་གསུམ་དུ་ཞི་བའི་བཟླས་པས་སྦྱིན་སྲེས་ཞག་བདུན་དུ་བྱས་ན་ཞི་བར་འགྱུར་རོ། །ཱོཾ་མཱ་རཱི་ཙྱཻ་སཝཱ་ཧཱ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ་གཉིས་སྦྱར་བ་འམ། རྩེ་མོ་ཁ་ཕྱེ་ཡང་རུང་སྟེ་མཐེ་བོང་གཉིས་བཀུག་ལ། གུང་མོ་ལ་བསྡིགས་མཛུབ་གཉིས་འཁྲིལ་བའི་ཚུལ་དུ་སྦྱར་བའི་རྣམ་པས་མཚན་པའོ། །སྐྱིལ་དཀྲུང་དུ་འདུག་སྟེ་ལྟེ་བའི་ཕྱོག་སུ་གདུག་པར་བྱའོ། །ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །གླང་པོ་ཆེ་དང་རྟ་དང་ཕྱུགས་དང ། མ་ཧེ་ཤ་དང་མེ་དང་མི་མོ་དང ། རྒྱལ་པོ་དང་བྱིས་པ་རྣམ་ནི་འདིས་ཐེ་ཚོམ་མེད་པར་ཞི་བར་འགྱུར་རོ། །དེ་ནས་སྦྱིན་སྲེག་གིས་ཐབ་ཁུང་གི་མཚན་ཉིད་ཡིན་ཏེ་ཞི་བ་ལ་ནི་པད་མ་དཀར་པོའི་རྣམ་པ་སྡོང་བུ་བཅས་པ་ཟླུམ་པོ་ཡིན་ནོ། །དབུས་ཀྱི་པད་མ་ལ་རྡོ་རྗེས་མཚན་པ་ཁ་ཁྱེར་ཟླུམ་པོ་ལ་རྡོ་རྗེའི་ཕྲེང་བས་བརྒྱན་ཅིང་བསྐོར་བའོ། །ཁྲུ་གང་ཙམ་བརྒོས་པའི་ཐབ་ཁུང་དུ་པ་ལ་ཤ་དང ། ནྱ་གྲོ་དྷའི་ཡམ་ཤིང་བྱས་ལ་དུར་བ་ཉག་མ་རེའི་སྦྱིན་སྲེག་བྱའོ། །ཚེ་འདོད་པ་དང་ཞི་བར་འདོད་པས་མང་ས་བེ་དའོ་ཞེས་བྱ་བའི་མེ་ལྷ་ཐམས་ཅད་དཀར་བའི་རང་བཞིན་ནི་ཞི་བ་ལ་བསྲེག་པར་བྱའོ། །རྒྱས་པ་ལ་ནི་གྲུ་བཞི་པ་ཁ་ཁྱེར་སོར་བཞི་པ་ལ་རྡོ་རྗེའི་ཕྲེང་བས་བརྒྱན་ཅིང་པད་མ་དང་འཁོར་ལོ་དང ། རིན་པོ་ཆེ་ཡང་དག་པར་བརྒྱན་པ་ཐབ་ཁུང་གི་མཚམསུ་སྣ་ཚོག་རྡོ་རྗེས་མཚན་པ་ལ་ཨ་རྒ་དང ། ུ་དུམ་བཱ་རའི་ཡམ་ཤིང་གིས་ཀུ་མུ་ཏ་དང་ཨུད་པ་ལ་དང་པད་མ་དཀར་པོ་དང་ཞོ་དང་མར་དང ། སྦྲང་རྩི་དང་བསྲེས་པའི་རྫས་ཀྱི་གསེར་ལྟ་བུའི་ཤིང་སེར་བས་མེ་ལྷ་ལེགས་པར་བརྒྱན་པའི་གནས་པར་བསམས་ལ་ཉེ་བར་མཁོ་བ་ཐམས་ཅད་སེར་པོ་ནི་རྒྱས་པ་ལ་དྲན་པར་བྱའོ། །ཡང་དབང་ལ་ནི་གྲུ་གསུམ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་ལྟ་བུའི་ཐབ་ཁུང་དེའི་དབུསུ་ཡང་པད་མ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལྟ་བུ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ། ཁ་ཁྱེར་ལ་རྡོ་རྗེ་ལྕག་ཀྱུའི་ཕྲེང་བས་རྣམ་པར་རྒྱན་པ། བྱང་ཆུབ་ཀྱི་ཤིང་གིས་ཡམ་ཤིང་བྱས་ལ་ཏིལ་དང་ཚཝ་དང ། སྐེ་ཚེའི་རྫས་དང་གོས་དམར་པོ་དང་ཕྲེང་བ་དམར་པོ
97.176a
དང ། ཙན་དན་དམར་པོ་དང ། ཀ་མ་ཏོ་ཞེས་བྱ་བའི་མེ་ལྷ་བན་དུ་ཀ་དང ། ཛཱ་མའི་མེ་ཏོག་ལྟ་བུ་ལ་དམར་པོ་བསམ་མོ། །མངོན་སྤྱོད་ལ་ནི་ཟླ་ཕྱེད་ཀྱི་རྣམ་པ་ལྟ་བུའི་ཐབ་ཁུང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བརྒྱན་པ། དབུསུ་རྡོ་རྗེ་ཁ་ཕྱེ་བའོ། །རོ་སྲེག་པའི་ཤིང་དང་གཏུམ་མོའི་མེ་ལ་མི་ཤ་དང ། མིའི་རུས་པའི་ཕྱེ་མ་དང ། མིའི་ཚིལ་དང་བསྲེས་པའི་རྫས་ནི་མངོན་སྤྱོད་ལ་ལྟ་སྟེ། ཀྲོ་དྷ་ན་ཞེས་བྱ་བའི་མེ་ལྷ་ནག་པོ་གོས་ནག་པོ་འཆང་བ་མཆེ་གཙིག་པའི་ཞལ་འཇིག་པར་བྱེད་པ། འཇིག་པར་བྱེད་པའི་བསྐལ་པའི་མེ་ལྟ་བུ་ལངས་པའི་རང་བཞིན་ནོ། །རྒྱུ་མ་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བ་རྟོག་པའི་རྒྱལ་པོ་ཡང་དག་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་ནི་སྙེད་པ་རྫོགས་སོ།། །།