rKTs


J537

(e-text produced by ADARSHA)

see text in transliteration
97.248a
༄#། །རྒྱ་གར་སྐད་དུ། ་ཨརྱ་སརྦ་ཏ་ཐ་ག་ཏོཥྞཱི་ཥ་སི་ཏ་ཏ་པ་ཏཾ་ནཱ་མ་ཨ་པ་རཱ་ཛི་ཏ་པྲ་ཏྱཾ་གི་ར་མ་ཧ་བིདྱཾ་རཱ་ཛཱི། ་བོད་སྐད་དུ། ་འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག
97.248b
པའི་རིགས་བསྔགས་ཀྱི་རྒྱལ་མོ་ཆེན་མོའོ། ་།དཀོན་མཆོགས་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟངས་ལྷའི་འདུན་ས་ན། དགེ་སློང་གིས་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ཐབ་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས། གཙུག་ཏོར་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་སོ། །སྙོམ་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ ། །ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥཱ་ཡ་ཤུད་དྷེ་བི་ར་ཛེ་བི་མ་ལེ་སཝཱཧཱ། བཅོམ་ལྡན་འདས་གཙུག་ཏོར་ཐོགས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡངས་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་པོ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་དམོད་པའི་མཚོན་ཆ་ཅན་དམོད་པས་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །
97.249a
ལྷ་ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་མའི་བདག་པོ་དང་ལྷན་ཅིག་པ་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ལེག་ལྡན་སྲིད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དགའ་བྱེད་དབང་ཕྱུག་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེག་འཇིག་པར་བྱེད་པ་ཁ་ཆེ་ཞིང་དུར་ཁྲོད་ཆེན་པོ་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་དང་ལྷན་ཅིག་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པད་མའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྒྱལ་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ལས་ཀྱི་གདུང་ལ་ཕྱག་འཚལོ། །བཅོམ་ལྡན་འདས་རིན་པོ་ཆེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཏི་མུག་གི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཆགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་ཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པ་རྒྱ་མཚོ་འཇོམ
97.249b
པ་ལ་ཕྱགས་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་དཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཤིན་དུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་མཆོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །
97.250a
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གིས་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་རྒྱས་པ་དང་ཨུདྤ་ལའི་དྲིའི་ཏོགི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རབ་ཏུ་བརྗོད་པར་བྱའོ། །འཐབ་པ་དང་འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འབྱུང་པོ་དང་གདོན་ཐམས་ཅད་ཟློག་པར་བྱེད་པ། ཕ་རོལ་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ལས་ཡོངས་སུ་སྐྱོབ་པ། སེམས་ཅན་བཅིངས་པ་ཐམས་ཅད་ཐར་བར་བྱེད་པ། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་འཇོམས་པར་བྱེད་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་རྣམ་པར་རླག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་པོ་རྣམས་རྣམ་པར་འཇོམས་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རབ་ཏུ་སྒྲུབ་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། གཟའ་ཆེན་པོ་བརྒྱད་རྣམ་པར་རླག་པར་བྱེད་པ། དྲག་ཤུལ་དང ། སྡང་བ་དང་རྨི་ལམ་ངན་པ་རྣམས་རྣམ་པར་འཇོམས་པར་བྱེད་པ། དུག་དང་མཚོན་དང་མེད་དང་ཆུ་ལས་སྐྱོབ་པར་བྱེད་པ། ངན་འགྲོའི་འཇིགས་པ་ཐམས་ཅད
97.250b
ལས་སྒྲོལ་བ། དུས་མ་ཡིན་པར་འཆི་བ་བརྒྱད་ཀྱི་བར་དུ་ཡོངས་སུ་སྐྱོབ་པར་བྱེད་པ་སྟེ། གཞན་གྱི་མི་ཐུབ་དྲག་ཤུལ་ཆེ། །སྟོབས་ཆེན་གཟི་བརྗིད་ཆེན་མོ་སྟེ། །གཏུམ་པ་ཆེན་མོ་དཀར་མོ་ཆེ། །གསལ་བ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་ཕྲེང་བ་ཆེ། །གོས་དཀར་མོ་ནི་ཆེན་མོ་སྟེ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པད་མའི་སྣང་བ་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཆུ་ཅན་རྣམས་སྒེག་མ། །ཞི་བ་ལྷ་རྣམས་ཀྱིས་མཆོད་པ། །ཞི་གཟུགས་དཀར་མོ་ཆེན་མོ་སྟེ། །འབར་བ་དང་ནི་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །འཆི་མེད་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེའི་རྡོ་རྗེ་དང ། །དེ་བཞིན་རིག་སྔགས་གསེར་ཕྲེང་ཅན། །ལེ་བརྒན་རྩི་དང་རིན་ཆེན་མ། །རྣམས་པར་སྣང་མཛད་རིགས་ཀྱི་འོད། །དེ་བཞིན་གཤེགས་རིགས་གཙུག་ཏོར་མ། །རྣམ་པར་བསྒྱིང་མའི་ཕྲེང་བ་དང ། །རྡོ་རྗེ་གསེར་འོད་ལྟ་བུའི་སྤྱན། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པད་མའི་སྤྱན་དཔལ་སངས་རྒྱས་སྤྱན། །དེ་བཞིན་རྡོ་རྗེ་ཟླ་བའི་འོད། །དེ་བཞིན་རྡོ་རྗེ་འཛིན་མ་དང ། །རྡོ་རྗེ་ཕྲེང་བ་སྒྱུ་འཕྲུལ་ཆེའི། །ལྷ་མོ་དང་ནི་གསེར་འོད་ཅན། །སྤྱན་མཛེས་མ་དང་དཀར་མོ་དང ། །པད་ཡི་ནི་སྤྱན་ཅན་དང ། །རྣམ་དུལ་ཞི་བའི་སེམས་དང་ནི། །ཟླ་འོད་བདག་གི་ཡོན་ཏན་ཤེས། །ཕྱག་རྒྱའི་ཚོག་དེ་དག་དང ། མ་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་ལ་བསྲུང་བ་མཛད་དུ་གསོལ། ཨོཾ་རཱི་ཥི་ག་ཎ་པྲ་ཤསྟེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། ཛམྦྷ་ནི་ཧཱུཾ་དྲའུ་ཧྲཱིཿ ཥྚོཾ། སྟམྦྷ་ནི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། མོ་ཧ་ན་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། པ་རི་བི་དྱཱ་ས་མ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། སརྦ་བིདྱཱ་ཙྪེ་ད་ན་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། སརྦ་དུཥྚ་ཊཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུཾ་དྲའུུཾ་ཧྲཱིཿ ཥྚོཾ།
97.251a
ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་དྷྭནྶ་ན་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། ཨཥྚ་བི་ཤཾ་ཏཱི་ནཱཾ་ན་ཀྵ་ཏྲཱ་ཎཱ་མྤྲ་སཱ་དྷ་ན་ཀ་རཱི་ཧཱུཾ་དྲའུཾ་ཧྲཱིཿ ཥྚོཾ། ཨཥྚཱ་ནཱཾ་མ་ཧཱ་གྲ་ཧཱ་ཎཱ་མྦི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོཾ། རཀྵ་རཀྵ་མཱཾ་སརྦ་ས་ཏྭཱཾཤྩ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས། ས་གསུམ་གྱི་དཀྱིལ་འཁོར་དུ་མངའ་མཛད་མ།[་\ུ0f00]་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་མཛད་དུ་གསོལ། རྒྱལ་པོའི་འཇིགས་པ་དང ། ཆོམ་ཀུན་ཀྱི་འཇིགས་པ་དང ། མེ་ཡི་འཇིགས་པ་དང ། ཆུ་ཡི་འཇིགས་པ་དང ། དུག་གི་འཇིགས་པ་དང ། མཚོན་གྱིས་འཇིགས་པ་དང ། དགྲ་ཡི་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོག་གྱི་འཇིག་པ་དང ། མུ་གེས་ཡི་འཇིག་པ་དང ། དགྲ་ཡི་འཇིགས་པ་དང ། ཐོག་གི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བའི་འཇིག་པ་དང ། ས་གཡོ་བའི་འཇིགས་པ་དང ། སྐར་མདའ་ལྷུང་བའི་འཇིགས་པ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་དང ། གཅན་ཟན་གཏུམ་པོའི་འཇིགས་པ་དང ། ཀླུ་ཡི་འཇིགས་པ་དང ། གློག་གི་འཇིགས་པ་དང ། བྱེ་མ་ཚ་མོའི་འཇིགས་པ་དང ། ནམ་མཁའ་ལྡིང་གིས་འཇིགས་པ་དང ། ཡམས་ཀྱི་ནད་དང ། གནོད་པ་དང ། འགོ་བའི་ནད་དང ། འཁྲུག་པ་ཐམས་ཅད་ཀྱིས་འཇིག་པ་དང ། གདོན་གྱིས་འཇིག་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། དྲི་ཟའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། ནམ་མཁའ་ལྡིང་གི་གདོན་དང ། རླུང་ལྷའི་གདོན་དང ། མི་འམ་ཅི་འི་གདོན་དང ། ལྟོ་འཕྱེ་ཆེ་ཆེན་པོའི་གདོན་དང ། མིའི་གདོན་དང ། མི་མ
97.251b
ཡིན་པའི་གདོན་དང ། འབྱུང་པོའི་གདོན་དང ། ཡི་དགས་གྱི་གདོན་དང ། ཤ་ཟའི་གདོན་དང ། གྲུལ་བུམ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གདོན་གྱི་གདོན་དང ། རྗེད་བྱེད་གྱི་གདོན་དང ། གནོན་པོའི་གདོན་དང ། མཁའ་འགྲོ་མའི་གདོན་དང ། ལུས་ཆགས་མའི་གདོན་དང ། ནམ་གྲུའི་གདོན་དང ། ཚེར་མ་འདོན་པའི་གདོན་དང ། རེ་ལྡེ་འདོན་པའི་གདོན་དང ། བྱའི་གདོན་དང ། མ་མོ་དགའ་བར་བྱེད་པའི་གདོན་དང ། ཀུན་དུ་འཕྲེང་བར་བྱེད་པའི་གདོན་དང ། འཕྱང་བའི་གདོན་དང ། མཁའ་འགྲོ་མའི་གདོན་དང ། ལུས་མཁའ་འགྲོ་མའི་གདོན་དང ། ཀ་ཊང་ཀ་ཊའི་ཚོག་ཅན་གྱི་གདོན་དང ། གདོན་ཐམས་ཅད་དང ། མདངས་འཕྲོག་པ་དང ། མངལ་ཟ་བ་དང ། ཁྲག་འཐུང་བ་དང ། ཞག་ཟ་བ་དང ། ཤ་ཟ་བ་དང ། ཚིལ་ཟ་བ་དང ། རྐང་ཟ་བ་དང ། བཙས་པ་ཟ་བ་དང ། སྲོག་འཕྲོག་པ་དང ། གཏོར་མ་ཟ་བ་དང ། ཕྲེང་བ་ཟ་བ་དང ། དྲི་ཟ་བ་དང ། མེ་ཏོག་ཟ་བ་དང ། བདུག་པ་ཟ་བ་དང ། འབྲས་བུ་ཟ་བ་དང ། ལོ་ཏོག་ཟ་བ་དང ། བསྲེག་བྱ་ཟ་བ་དང ། རྣག་འཐུང་བ་དང ། བཤང་བ་ཟ་བ་དང ། གཅིན་འཐུང་བ་དང ། མཆིལ་མ་ཟ་བ་དང ། སྣབས་ཟ་བ་དང ། ངར་སྣབས་ཟ་བ་དང ། སྐྱུགས་པ་ཟ་བ་དང ། ནོམ་བུ་ཟ་བ་དང ། མི་གཙང་བ་ཟ་བ་དང ། སྟོར་ཁུང་ནས་འབབ་པ་འཐུང་བ་དང ། ནོར་འཕྲོག་པ་དང ། སེམས་འཕྲོག་པ་རྣམས་དང ། དེ་དག་ཐམས་ཅད་དང་གདོན་ཐམས་ཅད་ཀྱི་བྱས་པའི་རིག་སྔགས་ཐམ་ཅད་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ཀུན་དུ་རྒྱུས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་ཅད་རལ་གྲིས་གཅད་དོ། །
97.252a
རྡོ་རྗེ་ཕུར་བུས་གདབ་བོ། །ཚངས་པས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །བརྒྱ་བྱིན་གྱིས་བྱེས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །སྲིད་མེད་ཀྱི་བུས་བྱས་པའི་རིག་སྔགས་རིལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ཕྱུགས་བདག་ཆེན་པོ་དང་དྲག་པོས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུ་གདབ་བོ། །རི་ཁྲོད་པས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གཡུང་པོས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །སྐར་མདའ་གདོང་གིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུ་གདབ་བོ། །རྡོ་རྗེ་གཞོན་ནུ་མས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གཤིན་རྗེ་གཤེད་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གཤིན་རྗེའི་ཕོ་ཉས་བྱས་པས་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ཀླུ་མ་རུངས་པས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུ་གདབ་བོ། །མེའི་ལས་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ལོག་འདྲེན་གྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུ་གདབ་བོ། །གཞོན་ནུས་བྱས་པའི་རིགས་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །རྒྱལ་པོ་ཆེན་པོ་བཞིས་བྱས་པས་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པས་བྱས་པས་རིག
97.252b
སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་སྦྲང་རྩིར་བྱེད་པ་དང་གྲུབ་པར་བྱེད་པ་དང་དོན་ཀུན་སྒྲུབ་པས་བྱས་པས་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །བྷྲིང་གི་རི་ཊི་དང ། དགའ་བྱེད་དབང་ཕྱུག་དང་སྨིན་དྲུག་གི་བུ་དང་ཟླ་བ་དང་ཉི་མ་དང་ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔག་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུ་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །སྤྱན་རས་གཟིགས་དབང་ཕྱུག་གིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གང་དང་གང་དུ་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །གང་གིས་བྱེད་དུ་བཅུག་པ་དེས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ཕོ་ཉ་དང་ཕོ་ཉ་མོ་དང་བྲན་ཕོ་དང་བྲན་མོས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །དྲང་སྲོང་གིས་མཆོག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། །མི་ཕན་པར་འདོད་པ་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་རལ་གྲིས་གཅད་དོ། །རྡོ་རྗེ་ཕུར་བུས་གདབ་བོ། ཨོཾ་བཅོམ་ལྡན་འདས་མ་བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་ཐམས་ཅད་དང ། སྡང་བ་དང་རབ་ཏུ་སྡང་བ་ཐམས་ཅད་དང ། ཕྱིར་རྒོལ་བ་འམ། མི
97.253a
མཛའ་བ་འམ། མི་ཕན་པར་འདོད་པ་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་མེ་དང་ཉི་མ་ལྟར་འོད་གསལ་ཞིང་དཀར་བ་རྒྱས་པ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ། །ོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཚྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། སརྦ་དུཥྚཱ་ན་ཧཱུཾ་དྲཱུཾ། ་སརྦ་དུརླཾ་གྷི་ཏེ་བྷྱཿ ཕཊ། སརྦ་དུརྩྪཱ་ཡེ་བྷྱཿ ཕཊ་སརྦ་དུརླཾ་ཁི་ཏེ་བྷྱཿ ཕཊ། སརྦ་དིག་བྷྱཿ ཕཊ། སརྦ་དུརྦྷུ་ཀྟེ་བྷྱཿ ཕཊ། སརྦ་དུ་ཏེ་བྷྱཿ ཕཊ། སརྦ་ཨ་བ་དྷཱ་ཏེ་བྷྱཿ ཕཊ། སརྦ་དུ་པྲེཀྵ་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿ ཕཊ། སརྦ་ཨ་པ་སྨ་རེ་བྷྱཿ ཕཊ། སརྦ་ཨོ་སྟཱ་ར་ཀེ་བྷྱཿ ཕཊ། སརྦ་ཌཱ། ཀི་ནཱི་བྷྱཿ ཕཊ། སརྦ་རེ་བ་ཏཱེ་བྷྱཿ ཕཊ། སརྦ་ཀ་ཊ་བཱ་སི་ནཱི་བྷྱཿ ཕཊ། སརྦ་ཛཱ་མ་ཀཻ་བྷྱཿ ཕཊ། སརྦ་ས་ཀུ་ནཱི་བྷྱཿ ཕཊ། སརྦ་མཱ་ཏྲི་ནནྡི་ཀེ་བྷྱཿ ཕཊ། སརྦ་ག་རེ་བྷྱཿ ཕཊ། སརྦ་བྀཥེ་བྷྱཿ ཕཊ། སརྦ་ཡོ་གེ་བྷྱཿ ཕཊ། སརྦ་ཨ་ལམྦ་ཀེ་བྷྱཿ ཕཊ། སརྦ་བྷ་ཡེ་བྷྱཿ ཕཊ། སརྦོ་པ་དྲ་བེ་བྷྱཿ ཕཊ། སརྦོ་པ་སརྒོ་པཱ་ཡ་སེ་བྷྱཿ ཕཊ། སརྦ་ཨུ་ཏྲ་སེ་བྷྱཿ ཕཊ། སརྦ་བྱཱ་དྷི་བྷྱཿ ཕཊ། སརྦ་ཤྲ་མ་ཎེ་བྷྱཿ ཕཊ། སརྦ་གྲ་ཧེ་བྷྱཿ ཕཊ། སརྦ་ཏཱིརྠི་ཀེ་བྷྱཿ ཕཊ། སརྦ་པྲ་ཏྱརྠི་ཀེ་བྷྱཿ ཕཊ། སརྦ་པཱ་ཏ་ཀེ་བྷྱཿ ཕཊ། སརྦོ་ནྨཱ་དེ་བྷྱཿ ཕཊ། སརྦ་ཙྪ་ཡེ་བྷྱཿ ཕཊ། སརྦ་བྱི་དྱཱ་དྷ་རེ་བྷྱཿ ཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར་སིད་དྷི་ཀ་ར་སརྦ་ཨརྠ་སཱདྷ་ཀེ་བྷྱཿ ཕཊ། སརྦ་བིདྱཱ་ཙཱརY་བྷྱཿ ཕཊ། སརྦ་བིདྱཱ་རཱ་ཛེ་བྷྱཿ ཕཊ། སརྦ་སདྷ་ཀེ་བྷྱོ་བིདྱཱ་ཙཱརYེ་བྷྱཿ ཕཊ། ཙ་ཏུ་རྦྷྱོ་བྷ་གི་ནཱི་བྷྱཿ ཕཊ། བཛྲ་ཀཽ་མཱ་རཱི་ཡེ་བིདྱཱ་རཱ་ཛྙི་ཡི་ཕཊ། སརྦ་བི་གྷྣ་བི་ནཱ་ཡ་ཀཱ་ནཱཾ་ཕཊ། བ་ད་དཱ་ཡ་ཕཊ། པ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་ཨ་སུ་རེ་བྷྱཿ ཕཊ། སརྦ་ག་རུ་ཌེ་བྷྱཿ ཕཊ། སརྦ་མ་ཧོ་ར་གེ་བྷྱཿ ཕཊ། སརྦ་མ་ནུཥྱཱ་མ་ནུ་ཥྱཱ་བྷྱཿ ཕཊ། སརྦ་མ་རུ་ཏེ་བྷྱཿ ཕཊ། སརྦ་པི་སཱ་ཙེ་བྷྱཿ ཕཊ། སརྦ་ཀུམྦྷཱ་ཎྜེ་བྷྱཿ ཕཊ། བཛྲི་སིང་ཁ་ལཱ་ཡ་མཱཏྟ་པྲ་ཏྱངྒི་རཱ་བྷྱཿ ཕཊ། སརྦོ་པ་སརྒྒེ་བྷྱཿ ཕཊ། མ་ཧཱ་པྲ་ཏྱངྒི་རེ་བྷྱཿ ཕཊ། ཙྪིནྡ་ཙྪིནྡ་ཕཊ། བྷིནྡ་བྷིནྡ་ཕཊ། ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ།
97.253b
་པྲ་ཏེ་ཧ་ཏཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་པ་ཎ་ཀ་རཱ་ཕཊ། སརྦ་དེ་བེ་བྷྱཿ ཕཊ། སརྦ་ནཱ་གེ་བྷྱཿ ཕཊ། སརྦ་ཡ་ཀྵེ་བྷྱཿ ཕཊ། སརྦ་རཱཀྵ་སེ་བྷྱཿ ཕཊ། སརྦ་གནྡྷ་རྦེ་བྷྱཿ ཕཊ། སརྦ་ཀིནྣ་རེ་བྷྱཿ ཕཊ། སརྦ་པྲེ་ཏེ་བྷྱཿ ཕཊ། སརྦ་བྷུ་ཏེ་བྷྱཿ ཕཊ། སརྦ་ཀུམྦྷཱཎྜེ་བྷྱཿ ཕཊ། སརྦ་དཱུ་ཏ་ནེ་བྷྱཿ ཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿ ཕཊ། སརྦ་སྐནྡེ་བྷྱཿ ཕཊ། སརྦོ་ནྨཱ་དེ་བྷྱཿ ཕཊ། བཛྲ་ཤཾ་ཀ་ལཱ་ཡ་མ་ཧཱ་པྲ་ཏྱང་གི་ར་ར་ཛཱ་ཡ་ཕཊ། ཀཱ་ལཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་ཕཊ། མཱ་ཏྲི་ག་ཎཱ་ཡ་ཕཊ། མ་ཧཱ་མཱ་ཏྲྀ་ག་ཎ་ནཱ་མསྐྲྀཏཱ་ཡ་ཕཊ། བཻཥྞ་བཱི་ཡེ་ཕཊ། ཏཱི་ཡེ་མ་ཧེ་ཤཝ་རཱི་ཡེ་ཕཊ། བྲཧྨ་ཎཱི་ཡེ་ཕཊ། ཨགྣེ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལ་དཎ་ཌ་ཡེ་ཕཊ། ཨིན་དྲི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཙཱ་མུཎ་ཌཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། མ་ཧཱ་བཱ་རཱ་ཧཱི་ཡེ་ཕཊ། རཱ་ཏྲཱ་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎ་ཌཱི་ཡེ་ཕཊ། ཀཱ་པཱ་ལཱི་ཡེ་ཕཊ། མ་ཧཱ་ཀཱ་པཱ་ལཱི་ཡེ་ཕཊ། ཀཽ་མཱ་རཱི་ཡེ་ཕཊ། ཡཱ་མཱྀ་ཡེ་ཕཊ། བཱ་ཡ་བྱེ་ཕཊ། ཀཽ་བེ་རཱི་ཡེ་ཕཊ། ནཻ་རི་ཏཱི་ཡེ་ཕཊ། དཱ་རུ་ཎཱྀ་ཡེ་ཕཊ། མཱ་རུ་ཏཱི་ཡེ་ཕཊ། མ་ཧཱ་མཱ་རུ་ཏཱི་ཡེ་ཕཊ། སཽ་མྱེ་ཕཊ། ཨཻ་སཱ་ནཱི་ཡེ་ཕཊ། པཽཀྐ་སཱི་ཡེ་ཕཊ་ཨ་ཐརྦ་ཎཱི་ཡེ་ཕཊ། ཤ་བ་རཱི་ཡེ་ཕཊ། ཀྲིཥྞ་ཤ་བ་རཱི་ཡེ་ཕཊ། ཡ་མ་དཱུ་ཏཱི་ཡེ་ཕཊ། ནི་སི་དི་བཱ་ཙ་རེ་བྷྱ་ཕཊ། ཏྲ་སན་ཀྚཽབྷྱཿ ཕཊ། ད་ར་ཎཱི་ཡེ་ཕཊ། ཨ་དྷི་མུཀྟི་ཀ་ཀ་སྨི་ར་མ་ཧ་སྨ་ཤ་ན་ནཱི་བཱ་སི་ནཱི་ཡེ་ཕཊ། ཨེ་བྷྱ། སརྦ་བྷ་ཡེ་བྷྱཿ སརྦ་དོ་ཥེ་བྷྱཿ ཕཊ། ཨོཾ་ཧཱུཾ་ཥྚོཾ་བྷནྡྷ་བནྡ་སརྦ་དུཥྚཱན་རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ་སཝཱ་ཧཱ། གང་སུ་དག་བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་ལ་སྡང་བ་སྡང་བའི་སེམས་དང་ལྡན་པ་རྣཾས་དང ། དྲག་ཤུལ་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། སྡིག་པ་སྡིག་པའི་སེམས་དང་ལྡན་པ་རྣམས་དང ། འཁྲུག་པ་འཁྲུག་པའི་སེམས་དང་ལྡན་པ་རྣམས་དང ། མི་མཛའ་བ་མི་མཛའ་བའི་སེམས་དང་ལྡན་པ་དེ་རྣཾས་ལས་བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་བསྲུང་བ་མཛད་དུ་གསོལ། ལོ་བརྒྱ་མཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་གྱུར་ཅིག་།གྱུར་ཅིག་།བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་ལ་གདོན་དང་གནོད
97.254a
སྦྱིན་གང་སུ་དག་གནོད་སྦྱིན་གྱི་གདོན་རྣམས་དང ། མདངས་འཕྲོག་པ་རྣམས་དང ། མངལ་ཟ་བ་རྣམས་དང ། ཁྲག་འཐུང་བ་རྣམས་དང ། ཞག་ཟ་བ་རྣམས་དང ། ཤ་ཟ་བ་རྣམས་དང ། ཚིལ་ཟ་བ་རྣམས་དང ། རྐང་ཟ་བ་རྣམས་དང ། བཙས་པ་ཟ་བ་རྣམས་དང ། སྲོག་འཕྲོག་པ་རྣམས་དང ། གཏོར་མ་ཟ་བ་རྣམས་དང ། ཕྲེང་བ་ཟ་བ་རྣམས་དང ། དྲི་ཟ་བ་རྣམས་དང ། མེ་ཏོག་ཟ་བ་རྣམས་དང ། བདུག་པ་ཟ་བ་རྣམས་དང ། འབྲས་བུ་ཟ་བ་རྣམས་དང ། ལོ་ཏོག་ཟ་བ་རྣམས་དང ། བསྲེག་བྱ་ཟ་བ་རྣམས་དང ། ནོར་འཕྲོག་པ་རྣམས་དང ། སེམས་འཕྲོག་པ་རྣམས་དང ། རྣག་ཟ་བ་རྣམས་དང ། བཤང་བ་ཟ་བ་རྣམས་དང ། གཅིང་འཐུང་བ་རྣམས་དང ། མཆིལ་མ་འཐུང་བ་རྣམས་དང ། སྣབས་ཟ་བ་རྣམས་དང ། ངར་སྣབས་ཟ་བ་རྣམས་དང ། སྐྱུགས་པ་ཟ་བ་རྣམས་དང ། ནོར་བུ་ཟ་བ་རྣམས་དང ། མི་གཙང་བ་ཟ་བ་རྣམས་དང ། སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། ལྷའི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། དྲི་ཟའི་གདོན་རྣམས་དང ། ལྷ་མ་ཡིན་གྱི་གདོན་རྣམས་དང ། ནམ་མཁའ་ལྡིང་གི་གདོན་རྣམས་དང ། མི་འམ་ཅིའི་གདོན་རྣམས་དང ། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང ། མི་འི་གདོན་རྣམས་དང ། མི་མ་ཡིན་པའི་གདོན་རྣམས་དང ། རླུང་ལྷའི་གདོན་རྣམས་དང ། ཡི་དགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། སྲུལ་པོའི་གདོན་རྣམས་དང ། ལུས་སྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣམས་དང ། སྨྱོ་བྱེད་ཀྱི་གདོན་རྣཾས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། རྗེད་བྱེད་ཀྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའ་འགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། ཀུན་དུ་འབྲེང་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན
97.254b
རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། བུམ་པ་ལྟ་བུའི་གདོན་རྣམས་དང ། འཕྱང་བའི་གདོན་རྣམས་དང ། ལུས་མཁའ་འགྲོ་མའི་གདོན་རྣམས་དང ། ཀ་ཊད་ཀ་ཊའི་ཚོགས་ཅན་གྱི་གདོན་རྣམས་དང ། གདོན་ཐམས་ཅད་བསལ་དུ་གསོལ། བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་ལ་རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། ཟླ་བ་ཕྱེད་པ་རྣམས་དང ། ཟླ་བ་གཅིག་པ་རྣམས་དང ། ཉིན་མོ་པ་རྣམས་དང ། ཉི་མ་ཕྱེད་པ་རྣམས་དང ། ཡིད་ཙམ་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་མི་བཟད་པ་རྣམས་དང ། འབྱུང་པོའི་རིམས་རྣཾས་དང ། ཡི་དགས་ཀྱི་རིམས་རྣམས་དང ། ཤ་ཟའི་རིམས་རྣམས་དང ། མིའི་རིམས་རྣམས་དང ། མི་མ་ཡིན་པའི་རིམས་རྣམས་དང ། རྒྱུན་མི་ཆད་པའི་རིམས་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣཾས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ཐམས་ཅད་དང ། ཀླད་པ་ན་བ་བསལ་དུ་གསོལ། བདག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་ཀྱི་གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང་མིག་ནད་དང་སྣ་ནད་དང་ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། བྲང་ན་བ་དང ། སྙིང་ན་བ་དང ། གནད་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། རྐེད་པ་ན་བ་དང ། མདོམས་ན་བ་དང ། གཞང་ན་བ་དང ། སྐྱེ་གནས་ན་བ་དང ། རབ་ཏུ་སྐྱེ་གནས་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་བསལ་དུ་གསོལ། བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐམས་ཅད་ལ་འབྱུང་པོ་དང ། ཡི་དགས་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། རིམས་དང ། ཤུ་བ་དང ། མིག་སེར་དང ། གཡའ་བ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང ། ཕོལ་མིག་དང ། བས་བལྡགས་དང ། མཆིན་ནད་དང ། མཚན
97.255a
བར་རྡོལ་བ་དང ། གཡན་པ་དང ། གཞང་འབྲུམ་དང ། མེ་དབལ་དང ། ལྷོག་པ་དང ། སྐྲེམ་པ་དང ། དབུགས་མི་བདེ་བ་དང ། སྐྲག་པ་དང ། ལུད་པ་དང ། བརྒྱལ་བ་དང ། དབྱིག་དུག་དང ། དུག་སྦྱར་མ་དང ། དུག་དང ། བྱད་དང ། མེ་དང ། ཆུ་དང ། མི་ངས་དང ། བདུད་དང ། འཐབ་མོ་དང ། མཁོན་དང ། གནོད་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་བུ་ཏྲེཾ་མ་བུ་ཀ་དང ། ཏྲེ་ལཱ་ཊ་ཀ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོ་དང ། སེང་གེ་དང ། སྟག་དང ། དོམ་དང ། དྲེད་དང ། གཡག་རྒོད་དང ། ཆུ་སྲིན་དང ། སྤྱང་ཀི་དང ། ཆོམ་པོ་དང ། དེ་དག་ལ་སོགས་པ་སྲོག་འཕྲོག་པར་བྱེད་པ་གཞན་ཐམས་ཅད་ཀྱང་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོའི་རིག་སྔགས་ཀྱི་མཐུས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དམ། དཔག་ཚད་ལྔ་བརྒྱ་འི་ནང་ཚུན་ཆད་དུ་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །རིག་སྔགས་ཐམས་ཅད་བཅིང་བར་བགྱིའོ། །གཞན་གྱི་རིགས་སྔགས་བཅིང་བར་བགྱིའོ། །མཚམས་གཅད་པར་བགྱིའོ། །ས་བཅིང་བར་བགྱིའོ། །ཕྱོགས་བཅུ་བཅིང་བར་བགྱིའོ། །ནཁའ་བཅིང་བར་བགྱིའོ། །གཞན་གྱི་སྡེ་རབ་ཏུ་རེངས་པར་བགྱིའོ། །ཏདྱ་ཐཱ་ཨོཾ་ཨ་ན་ལེ་ཨ་ན་ལེ། ཨ་ཙ་ལེ་ཨ་ཙ་ལེ། ཁ་ཁ་མེ་ཁ་ཁ་མེ། བི་ཤ་དེ་བི་ཤ་དེ། བཱི་རེ་བཱི་རེ། བཻ་ར་བཻ་ར། སཽ་མྱེ་སཽ་མྱེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བཛྲ་དྷ་ར་བན་དྷ་བན་དྷ་ནི་བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུཾ་དྲཱུཾ་ཧྲི་ཥྚོཾ་ཕཊ་ཕཊ་སཝཱ་ཧཱ། ཨོཾ་བཛྲ་པཱ་ཎི་བན་དྷ་བན་དྷ་བཛྲ་པཱ་སེ་ན་སརྦ་དུཥྚ་བིགྷྣ་བི་ནཱ་ཡ་ཀཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དྲཱུཾ་བད་དྷ་ཕཊ། རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ་སཝཱཧཱ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིག
97.255b
སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ། མགུལ་དུ་ཐོགས་པ་བྱས་ནས་བཅང་བར་བྱ། བཀླག་པར་བྱ་སྟེ། དེ་དག་ལ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། རིམས་ཀྱི་མི་ཚུགས། ནད་ཀྱི་མི་ཚུགས། ཚད་པས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། བསྒྱུར་བའི་ལས་ཐམས་ཅད་ཀྱིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང་ལོག་འདྲེན་ཐཾད་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་རོ། །བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིར་སྐྱེ་བ་དང ། སྐྱེ་བར་ཚེ་རབས་དྲན་པར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞིའི་རིག་སྔགས་ཀྱི་ལྷས་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་མཉམ་པར་བཞག་ནས་དེ་ལ་རྟག་པར་བསྲུང་བ་དང་བསྐྱབ་པ་དང ། སྦེད་པར་བྱེད་དོ། །རྡོ་རྗེ་ཕོ་ཉ་མོ་མངག་གཞུག་བརྒྱད་བཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་བྱེད་དེ་དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་ཉིད་དང ། སྲིན་པོ་ཉིད་དང ། འབྱུང་པོ་ཉིད་དང ། ཡི་དགས་ཉིད་དང ། ཤ་ཟ་ཉིད་དང ། སྲུལ་པོ་ཉིད་དང ། ལུས་སྲུལ་པོ་ཉིད་དང ། མི་དབུལ་ཉིད་དུ་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་བཤེག་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུག་དཀར་པོ་ཅན་ཞེས་བྱ་བ་གཞན་གྱི་མི་ཐུབ་མ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་འཆང་ན། ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར
97.256a
སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་བྱས་པར་འགྱུར་རོ། །བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར་རོ། །གང་དག་མཚམས་མེད་པ་ལྔ་བྱས་པ་དེ་ཡང་སྡིག་པ་མ་ལུས་པ་འབྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །བུད་མེད་གང་ལ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོག་ནས་བྱུང་བའི་གདུག་དཀར་པོ་ཞེས་བྱ་བ་གཞན་གྱི་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་འཆང་ན་བུ་འདོད་པ་དེས་ཀྱང་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་ལྡན་ནོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་དང ། རྒྱགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །གང་ལ་ལ་ཞིག་གིས་མི་ནད་དང ། བ་ལང་གི་ནད་དང ། ནག་ནད་དང ། ཡམས་ཀྱི་ནད་དང ། གནོད་པ་དང ། འགོ་བའི་ནད་དང ། འཁྲུག་པ་ཐམས་ཅད་དང ། ཕ་རོལ་གྱི་དམག་ཚོགས་འོང་བ་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཕམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུག་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིགས་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་འགྲོ་ཆེར་མཆོད་པ་ཆེན་པོ་བྱས་ནས། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གཙུག་ལག་ཁང་ངམ། གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། གྲོང་རྡལ་ལམ།
97.256b
དུར་ཁྲོད་དམ། རིའམ། དགོན་པའི་གནས་སུ་གཟུགས་སོ། །གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་རིམ་གྲོ་ཆེར་བྱས་ཏེ། གཙུགས་པ་ཙམ་གྱིས་གཡུལ་ཞི་བར་བྱས་པར་འགྱུརོ། །ཡམ་གྱི་ནད་དང ། གནོད་པ་དང ། འགོ་བའི་ནད་དང ། འཁྲུག་པ་ཐམས་ཅད་དང ། ཕ་རོལ་གྱི་དམག་ཚོགས་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ཀླུའི་རྒྱལ་པོ་མཐའ་ཡས་དང ། ཀླུའི་རྒྱལ་པོ་དུང་སྐྱོང་དང ། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་བོ་དང ། གཞན་ཡང་ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་གློག་འབྱིན་ཏོ། །དུས་དུས་སུ་འབྲུག་སྒྲོགས་སོ། །ནད་དང་གནོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ོཾ་ཧཱུཾ་ཥྚོཾ་བན་དྷ་བན་དྷ་སརྦ་དུཥྚཱན་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་སཏྭཱཾ་ཤྩ་སཝཱཧཱ། ཨོཾ་ཧཱུཾ་ཥྚོཾ་བན་དྷ་བན་དྷ་སརྦ་དུཥྚཱན་རཀྵ་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་སཏྭཱཾཤྩ་བཛྲ་པཱ་ཎི་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་པ་ལོ་ཀེ་ཏེ་མཱུརྡྷ་ནི་ཏེ་ཛོ་རཱ་ཤི། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། དྷ་ཀ་དྷ་ཀ་།ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིན་དྷ་བྷིན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་རཀྵ་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་སཏྭཱཾཤྩ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཝཱ་ཧཱ། ཧཱུཾ་རཀྵ་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་ས་སཏྭཱཾ་ཤྩ་ཧཱུཾ་ཕཊ་སཝཱ་ཧཱ། ཏདྱ་ཐཱ་ཨོཾ་ཨ་ན་ལེ་ཨ་ན་ལེ། ཨ་ཙ་ལེ་ཨ་ཙ་ལེ། ཁ་ས་མེ་ཁ་ས་མེ། བཱི་རེ་བཱི་རེ། བཻ་ར་བཻ་ར། སཽ་མྱེ་སཽ་མྱེ།
97.257a
སརྦ་བུད་དྷ་ཨ་དྷིཥྛཱི་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་པ་ཏྲེ་སརྦ་དུཥྣ་ཙིཏ་ཏཱ་ན་ཧཱུཾ་ཕཊ་སཝཱ་ཧཱ། སངས་རྒྱས་ཀྱི་རྣལ་འབྱོར་གྱིས་ཤིག་པ་ཐམས་ཅད་ལ་ལན་གསུམ་བཟླས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ། རྫོགས་སྷོ།། །།