rKTs


J538c

(e-text produced by ADARSHA)

see text in transliteration
97.268a
༄#། །རྒྱ་གར་སྐད་དུ། ་ཨཱརྱ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ན་མ་ཨ་པ་རཱ་ཛི་ཏ་དྷཱ་ར་ནི། ་་བོད་སྐད་དུ། ་འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལོ། །འདི་སྐད་བདག་གི་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་གནས་ན། ཆོས་བཟང་ལྷའི་མདུན་ས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། ཐབས་གཅིག་ཏུ
97.268b
བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམ་པའི་ཉིད་ལ་བཞུགས་ཏེ། གཙུག་ཏོར་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགསོ། །སྙོམ་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུ་ནས་གསང་སྔགས་ཀྱི་ཆོ་ག་འདི་དག་བྱུང་ངོ ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོག་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང ། ཕན་འདོག་ནུས་པ་རྣམས་ལ་ཕྱག་འཚལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལོ། །ཚངས་པ་ལ་ཕྱག་འཚལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་ལྷན་ཅིག་པ་ལ་ཕྱག་འཚལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་རྩེགའཇིགས་པར་བྱེད་པ། དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །པད་མའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག
97.269a
པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུག་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་ལ་ཕྱག་འཚལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་བསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུག་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཞེས་བྱ་བ་ཕྱིར་བཟློག་པ་ཆེན་མོ་འདི་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པ། གཞན་གྱི་རིག་སྔག་གཅོད་པ། དུས་མ་ཡིན
97.269b
པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིང་པ་ཐམས་ཅད་འགྲོལ་བ། སྡང་བ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་ཐམས་ཅད་བཟློག་པ། གདོན་བརྒྱད་ཁྲི་བཞི་སྟོང་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་བཟློག་པ། མ་རུངས་པ་དང ། སྡང་བ་དང ། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་མཚོན་དང་མེ་དང་ཆུ་ལས་སྒྲོལ་བ་སྟེ། གཞན་གྱི་མི་ཐུབ་དྲ་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབ་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕག་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པད་མའི་མངོན་མཚན་རྡོ་རྗེ་མཚན། །གཞན་གྱི་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང ། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིགས་གསེར་ཕྲེང ། །ལེབ་རྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེའི་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང ། །གསེར་འོད་ལྟ་བུའི་སྤྱན་མངའ་བ། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པད་མའི་སྤྱན་དང་ཟླ་འོད་དང ། །ཕྱག་རྒྱའི་ཚོག་དེ་དག་ཐམས་ཅད་ཀྱི་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་རྀ་ཤི་ག་ཎ་པྲ་ཤསྟ་ཡ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲུཾ། ཛམྦྷ་ན་ཀ་རཱི་ཧཱུཾ་དྲུཾ། སྟམ་བྷ་ན་ཀ་རཱི་ཧཱུཾ་དྲུཾ། མ་ཧཱ་བིདྱ་སམ་བྷ་ཀྵ་ཎ་ཀ་རཱི་ཧཱུཾ་དྲུཾ། པ་ར་བིདྱ་སམ་བྷ་ཀྵ་ཎ་ཀ་རཱི་ཧཱུཾ་དྲུཾ། སརྦ་དུཥྚཱ་ནཱཾ་སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཏཱཾ་བིདྷྭ་ནྶ་ན་ཀ་རཱི་ཧཱུཾ་དྲུཾ། ཙ་ཏུར་ར་ཤཱི་ཏཱི་ནཱཾ། གྲ་ཧ་ས་ཧ་སྲཱ་ཎཱཾ། བི་དྷྭན་ས་ན་ཀ་རཱི་ཧཱུཾ་དྲུཾ། ཨཥྚ་བི་ཤ་ཏཱི་ནཱཾ། ནཀྵ་ཏྲཱ་ནཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲུཾ། ཨཥྚ་ནཱ་མ་མ་ཧཱ་གྲ་ཧཱ་ཎཱ་མ་བིད་དྷྭན་ས་ན་ཀ་རཱི་ཧཱུཾ་དྲུཾ། རཀྵ་མམ། བསྲུང་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི
97.270a
གདུག་དཀར་པོ་ཅན་རྡོ་རྗེའི་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན་རྡོ་རྗེ་ཡངས་པ་ཆེན་མོ། ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ། ཀུན་ནས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་དང ། མེ་ཡི་འཇིགས་པ་དང ། ཆུ་ཡི་འཇིགས་པ་དང ། དུག་གི་འཇིགས་པ་དང ། མཚོན་གྱི་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོག་ཀྱིས་འཇིགས་པ་དང ། མུ་གེ་ཡི་འཇིགས་པ་དང ། དགྲ་ཡི་འཇིགས་པ་དང ། ནད་གྱི་འཇིགས་པ་དང ། ལྕེ་འབབ་པའི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང ། ས་གཡོ་བའི་འཇིགས་པ་དང ། སྐར་མདའ་ལྟུང་བའི་འཇིགས་པ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་དང ། ལྷ་ཡི་འཇིགས་པ་དང ། ཀླུ་ཡི་འཇིགས་པ་དང ། གློག་གི་འཇིགས་པ་དང ། ནམ་མཁའ་ལྡིང་གི་འཇིགས་པ་དང ། གཅན་ཟན་ཁྲོ་བོའི་འཇིགས་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། རླང་ལྷའི་གདོན་དང ། ནམ་མཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མི་འམ་ཅིའི་གདོན་དང ། ལྟོ་ཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དག་ཀྱི་གདོན་དང ། མཁའ་འགྲོ་མའི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུམ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། རྗེད་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། གནོན་པོའི་གདོན་དང ། དེ་དག་ལས་ཀྱང་བདག་བདེ་ལེག་སུ་གྱུར་ཅིག་།གཟི་བརྗིད་འཕྲོག་པ་དང ། མདངས་འཕྲོག་པ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་ཞག་ཟ་བ་དང ། ཟས་སུ་ཤ་ཟ་བ་དང ། ཟས་སུ་ཚིལ་ཟ་བ་དང ། ཟས་སུ་རྐང་ཟ་བ་དང ། ཟས་སུ་བཙས་པ་ཟ་བ་དང ། སྲོག་འཕྲོག་པ་དང ། ཟས་སུ་སྐྱུགས་པ་ཟ་བ་དང ། ཟས་སུ་མི་གཙང་བ་ཟ་བ་དང ། ཟས་སུ་གཅིན་འཐུང་བ་དང །
97.270b
ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་དང ། ཟས་སུ་ལྷག་མ་ཟ་བ་དང ། ཟས་སུ་མཆིལ་མ་ཟ་བ་དང ། ཟས་སུ་སྣབས་ཟ་བ་དང ། ཟས་སུ་ངར་སྣམས་ཟ་བ་དང ། ཟས་སུ་སྣབས་ཟ་བ་དང ། ཟས་སུ་གཏོར་མ་ཟ་བ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་དྲི་ཟ་བ་དང ། ཟས་སུ་གདུག་པ་ཟ་བ་དང ། སེམས་འཕྲོག་པ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་འབྲས་བུ་ཟ་བ་དང ། ཟས་སུ་ལོ་ཏོག་ཟ་བ་དང ། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།དེ་དག་ཐམ་ཅད་དང ། གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་དུ་རྒྱུས་བྱས་པའི་རིག་སག་གཅད་དོ། །ཕུར་བུ་གདབ་བོ། །མཁའ་འགྲོ་དང ། མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕྱུགས་བདག་ཆེན་པོས་བྱས་པའི་རིགས་སྔགས་བཅད་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔག་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་ཡང་དག་པ་དང ། ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང ། མ་མོའི་ཚོགས་ཀྱི་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། རྒྱལ་བར་བྱེད་པ་དང ། སྦྲང་རྩིར་བྱེད་པ་དང ། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞི་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲིང་གི་རི་ཊི་དང ། དགའ་བྱེད་དབང་ཕྱུག་དང ། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །
97.271a
ཕུར་བུས་གདབ་བོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུག་དཀར་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ན་ལཱ་རྐཱ་པྲ་བྷཱ་སྥུ་ཊ། བི་ཀ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཙྪིན་ད་ཙྪིན་ད། བིན་ད་བིན་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཧེ་ཧེ་ཕཊ་ཧོ་ཧོ་ཕཊ། ཨ་མོ་གྷེ་ཕཊ། ཨ་པྲ་ཏི་ཧ་ཏ་ཕཊ། བ་ར་པྲ་དཱ་ཕཊ། ཨ་སུ་རི་བ་དྲཱ་བ་ཀ་ཕཊ། སརྦ་དེ་བེ་བྷྱཿ ཕཊ། སརྦ་ནཱ་གེ་བྷྱཿ ཕཊ། སརྦ་ཨ་སུ་རེ་བྷྱཿ ཕཊ། སརྦ་མ་རུ་ཏ་བྷྱཿ ཕཊ། སརྦ་གཾ་དྷ་རྦེ་བྷྱཿ ཕཊ། སརྦ་ཀིན་ན་རེ་བྷྱཿ སརྦ་མ་ཧོ་ར་གེ་བྷྱཿ ཕཊ། སརྦ་ཡཀྵེ་བྷྱཿ ཕཊ། སརྦ་རཱཀྵེ་སེ་བྷྱཿ ཕཊ། སརྦ་པྲེ་ཏེ་བྷྱཿ ཕཊ། སརྦ་པི་ཤཱ་ཙི་བྷྱཿ ཕཊ། སརྦ་བྷུ་ཏེ་བྷྱཿ ཕཊ། སརྦ་ཀུམ་བྷཱ་ཎྜེ་བྷྱ་ཕཊ། སརྦ་པཱུ་ཏ་ནི་བྷྱ་ཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱ་ཕཊ། སརྦ་སྐཾ་དྷེ་བྷྱ་ཕཊ། སརྦོནྨཱ་ནྡེ་བྷྱཿ བྷ་ཕཊ། སརྦ་ཙྪཱ་ཡེ་བྷྱ་ཕཊ། སརྦ་ཨ་པ་སྨཱ་རེ་བྷྱ་ཕཊ། སརྦ་ཨོ་སྟ་ར་ཀེ་བྷྱ་ཕཊ། སརྦ་དུར་ལཾ་གི་ཏེ་བྷྱ་ཕཊ། སརྦ་དུཥྤྲེ་ཀྵི་ཏེ་བྷྱ་ཕཊ། སརྦ་ཛྭ་རེ་བྷྱ་ཕཊ། སརྦ་ཀྲྀ་ཏྱ་ཀར་མ་ཀཱ་ཁོརྡ་བྷྱ་ཕཊ། ཀི་ར་ཎ་བེ་ཏཱ་ཌ་བྷྱ་ཕཊ། ཙིཙྪ་པྲེ་ཤ་ཀ་དུ་ཤྩྪ་ར་དི་ཏེ་བྷྱ་ཕཊ། དུར་བྷུཀ་ཏེ་བྷྱ་ཕཊ། སརྦ་ཏིར་ཐི་ཀེ་བྷྱ་ཕཊ། སརྦ་ཤྲ་མ་ཎེ་བྷྱ་ཕཊ། སརྦ་བིདྱཱ་དྷ་རེ་བྷྱ་ཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་རེ་བྷྱ་ཕཊ། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་བིདྱ་ཙ་རེ་བྷྱ་ཕཊ། ཙ་ཏུ་བྷྱོ་བྷ་ག་ནཱི་བྷྱ་ཕཊ། སརྦ་ཀཽ་མཱ་རཱི་ཡེ་བྷྱ་ཕཊ། བིདྱ་ར་ཛྙི་ཡེ་བྷྱ་ཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱ་ཕཊ། བཛྲ་ཤྲིངྐལཱ་ཡ། པྲ་ཏྱཾ་གི་ར། རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲི་ག་ཎ་ན་མ་སྐྲྀ་ཏ་ཡེ་ཕཊ། བིཥྞ་བི་ཡེ་ཕཊ། བྲཧྨ་ཎཱ་ཡ་ཕཊ། བྲཧྨ་ཎཱ་ཡ་ཕཊ། ཨགྣ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཨི་ནྡཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙཱ་མུཎྜཱི་ཡེ་ཕཊ། ར་ཏྲཱི་ཡེ་ཕཊ། ཀ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་ད་ཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀ་ཏེ་སྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ། སེམས་ཅན་གང་སུ་དག་བདག་ལ
97.271b
སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། བཟི་བརྗིད་འཕྲོག་པ་རྣམས་དང ། ཟས་སུ་མདངས་ཟ་བ་དང ། ཟས་སུ་མངལ་ཟ་བ་རྣམས་དང ། ཟས་སུ་ཁྲག་འཐུང་བ་རྣམས་དང ། ཟས་སུ་ཞག་ཟ་བ་རྣམས་དང ། ཟས་སུ་ཤ་ཟ་བ་རྣམས་དང ། ཟས་སུ་ཚིལ་ཟ་བ་རྣམས་དང ། ཟས་སུ་རྐང་ཟ་བ་རྣམས་དང ། ཟས་སུ་བཙས་པ་ཟ་བ་རྣམས་དང ། སྲོག་ཕྲོག་པ་རྣམས་དང ། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང ། ཟས་སུ་མི་གཙུང་བ་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང ། ཟས་སུ་ལྷག་མ་ཟ་བ་རྣམས་དང ། ཟས་སུ་མཆིལ་མ་འཐུང་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་རྣག་ཟ་བ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་ཕྲེང་བ་ཟ་བ་རྣམས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟསུ་བདུག་པ་ཟ་བ་རྣམས་དང ། སེམས་འཕྲོག་པ་རྣམས་དང ། ཟསུ་མེ་ཏོག་ཟ་རྣམ་དང ། ཟས་སུ་འབྲས་བུ་ཟ་བ་རྣམ་དང ། ཟས་སུ་ལོ་ཏོག་ཟ་བ་རྣམས་དང ། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། ལྷའི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། ལྷག་མ་ཡིན་གྱི་གདོན་རྣམས་དང ། རླུང་ལྷའི་གདོན་རྣམས་དང ། ནམ་མཁའ་ལྡིང་གི་གདོན་རྣམས་དང ། དྲི་ཟའི་གདོན་རྣམས་དང ། མིའམ་ཅིའི་གདོན་རྣམས་དང ། ལྟོ་ཕྱེ་ཆེན་པོའི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། ཡི་དགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། སྲུལ་པོའི་གདོན་རྣམས་དང ། ལུས་སྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣམས་དང །
97.272a
སྨྱོ་བྱེད་ཀྱི་གདོན་རྣམས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། རྗེད་བྱེད་ཀྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའ་འགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། གཤིན་རྗེའི་གདོན་རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། ཀུན་དུ་འབྲེང་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན་རྣམས་དང ། རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་མི་བཟད་པ་རྣམས་དང ། རིམས་ལྡང་དུབ་པ་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣམས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ནད་ཐམས་ཅད་དང ། གླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། ཀླད་པ་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། རྐེད་པ་ན་བ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། རྗེ་ངར་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་དག་།བསལ་དུ་གསོལ། བསྲུང་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ནས་བྱུང
97.272b
བ་ཕྱིར་ཟློག་པ་ཆེན་མོ་འདིས། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། རིམས་དང ། ཤུ་བ་དང ། གཡའ་བ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང ། ཕོལ་མིག་དང ། བས་བལྡགས་དང ། མེ་དཔལ་དང ། གཡན་པ་དང ། ལྷོག་པ་དང ། སྐེམ་པ་དང ། སྐྲག་པ་དང ། དབྱིག་དུག་དང ། དུག་སྦྱར་མ་དང ། བྱད་དང ། མེ་དང ། ཆུ་དང ། མི་ངས་དང ། དགྲ་དང ། གནོད་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་བུ་ཏྱ་ཀ་དང ། ཏྲཻ་ལ་ཏ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོ་དང ། སེང་གེ་དང ། སྟག་དང ། དོམ་དང ། དྲེད་དང ། སྤྱང་ཀི་དང ། ཆུ་སྲིན་དང ། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་པར་བྱའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་གྱི་རིག་སྔགས་བཅིང་བར་བྱའོ། །གདོན་ཐམས་ཅད་བཅིང་བར་བྱའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཤད་དེ་བི་ཤད་དེ། བཻ་ར་བཻ་ར། བཛྲེ་དྷ་རི། བན་དྷ་བན་དྷ་ནི། བཛྲ་པཱ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། བན་དྷ་ཕཊ་ཕཊ་སཝཱ་ཧཱ། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་འདི་གྲོ་ག་འམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ། མགུལ་དུ་བཏགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགསོ། །དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི
97.273a
འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང ། རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཕྲག་ཁྲིག་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང ། བསྐྱབ་པ་དང ། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུརོ། །བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང ། སྲིན་པོ་དང ། ཡི་དགས་དང ། སྲུལ་པོ་དང ། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲང་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་འགྱུར། བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར། བསྨྱུང་བ་མ་བྱས་པ་ཡང་བསྨྱུང་བ་བྱས་པར་འགྱུར། མཚམས་མེད་པ་ལྔ་བྱས་པའི་སྡིག་པ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །བུད་མེད་བུ་འདོད་པ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་མ་ཆེན་མོ་འདི་འཆང་ན། བུ་འདོད་པ་དེས་བུ་རྙེད་དེ་ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ན་ཡང་འཇིག
97.273b
རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང ། ཕྱུགས་ནད་དང ། གནག་ནད་དང ། ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་ཐམས་ཅད་དང ། ཕ་རོལ་གྱི་དམགས་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་འགྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་ཆེན་པོའི་སྒོར་ཞུགས་ལ། གྲོང་ཁྱེར་རམ། གྲོང་ངཾ་གྲོང་རྡལ་ལཾ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །གཞན་གྱི་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདི་རིམ་འགྲོ་ཆེར་བྱས་ཏེ། གཙུགས་མ་ཐག་ཏུ་གཡུལ་ཁམས་ཞི་བར་འགྱུར་རོ། །ཡམ་ཀྱི་ནད་དང ། འཚེ་བ་དང ། གནོད་པ་དང་འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚོཾ་བན་དྷ་བན་དྷ། བདག་ལ་སྲུངས་ཤིག་སྲུང་ཤིག་སཝཱ་ཧཱ། རཀྵ་རཀྵ་མཾ་ཨོཾ་ཧཱུཾ་ཥྚོཾ་བན་དྷ་བན་དྷ་བཛྲ། བདག་ལ་སྲུངས་ཤིག་སྲུངས་ཤིག་།རཀྵ་རཀྵ་མཾ། བཛྲ་པ་ཎི་ཡེ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཨ་བ་ལོ་ཀི་ཏེ་མཱུར་དྷ་ཏེ་ཛོ་རཱ་ཤྨི། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ་།ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིན་དྷ་བྷིན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུད་དྷ་ཨ་དྷིཥྠཱ་ན་ཨ་དྷིཥྛི་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཝཱ་ཧཱ། ཧཱུཾ་མ་མ་ཧཱུཾ་ནི་སཝཱ་ཧཱ། སངས་རྒྱས་རྣལ་འབྱོར་དུ་བྱའོ། །ཀླུའི་རྒྱལ་པོ་རྣམས་ཀྱང་དུས་དུས་སུ་ཆར་འབེབས་སོ། །
97.274a
སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅད་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།གཙུག་ཏོར་ལྷ་ཡུ་ལ་མ་ཆུང་བ་ཁ་ཆེའི་པཎྜི་ཏ་མ་ཧཱ་ཛྙཱ་ནས་རང་འགྱུར་དུ་མཛ་པའོ། །