rKTs


J548b

(e-text produced by ADARSHA)

see text in transliteration
97.287a
༄། །རྒྱ་གར་སྐད་དུ། ་ཨཱརྱ་ཛྙཱ་ནོ་ལྐོ་ནཱ་མ་དྷཱ་ར་ཎཱི་སརྦ་ག་ཏེ་པ་རི་ཤོ་དྷ་ནི། ་བོད་སྐད་དུ། ་འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། བྱང་ཆུབ་སེཾདའ་འཇམ་དཔལ་གཞོན་ནུ་གྱུར་པ་དང ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང ། བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག
97.287b
དང་དེ་བཞིན་གཤེགས་པ་དེ་དག་ཟླ་བ་དང ། ཉི་མའི་གནས་ན་བཞུགས་སོ། །དེ་ནས་ལྷའི་བུ་ཟླ་བ་དང ། ཉི་མ་གཉིས་དེ་བཞིན་གཤེགས་པ་དེ་དག་ག་ལ་བཞུགས་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་ག་ལ་བ་དེར་སོང་ནས། དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་ལ་བཞུགས་པ་རྣམས་དང ། ཁང་པ་བརྩེགས་པ་འཛམ་བུའི་རྒྱལ་མཚན་བརྩེགས་པ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་དེ་དག་འཁོད་པ་ཡང་མཐོང་ངོ ། །དེ་ནས་ལྷའི་བུ་ཟླ་བ་དང ། ཉི་མ་གཉིས་ཅིག་ལ་ཅིག་སེམས་ཏེ། དེ་ལྟར་བྱས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་རྣམས་དང ། བྱང་ཆུབ་སེཾདའ་འདི་རྣམས་ལས་སེཾན་ཐཾད་ལ་སྣང་བ་སྦྱིན་པ་དང ། མུན་པ་མུན་ནག་བསལ་བའི་ཕྱིར་ཤར་བའི་གཟུངས་སྔགས་ཕྱོག་བཅུར་ཁྱབ་པའི་བློ་ཅན་ཞེས་བྱ་བ་གང་གི་མཐུས་བདག་ཅག་སེཾན་ཐཾད་ལ་སྣང་བར་བྱེད་པ་འཐོབ་པར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་བུ་ཟླ་བ་དང ། ཉི་མ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུག་ཀྱི་མཁྱེན་ནས། དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་དེ་དག་གི་གཟུངས་སྔག་འདི་བཀའ་སྩལ་པ། སྱཱད་ཡ་ཐཱེ་དན། ཙཀྵུ་ར་དད། ཙཀྵུ་ཤྴུ་གྷ་དྷུ་ལ་མེ་ཐཱ་ཀ་ལད་ཐ། ཨིད་ཏིད་ཐ་ན་ས། སཱུ་རད་ཊ་སཱུ་རད་ཊ། སུད་ཐཱ་ཡ། ཨིད་ཐ་ན་ས། ་བེ་ལཱ་བེ་ལཱ། པ་ཎི་ཙ་དུ་མཱུརྟི་ནི། ཨཱ་ར་ཎི་ཨཱ་ར་ཎི། ཀཱ་ལ་པ་ནི་ཀ་ལ་པ་ཎི། དུ་རུ་དུ་རུ། སི་ཏུ་རུ་དུ་ཧ་སི། དྷ་སཾ་ཏི་དྷ་སུ་ཏི། དྷི་རི་དྷི་རི། དྷུ་ར་དྷུ་ར། དྷུ་རུ་དྷུ་རུ། ཀཱ་ལ་ཀཱ་ལ། སད་ཐཱ་ས། གཱི་ལ་གཱི་ལ། གཱི་ལ་པ་ཡ། གཱི་ལ་པ་ཡ། དྷུ་སུ་དྷུ་སུ། སུན་དྷུ་སུམ་བྷུ། སིད་ཐཱ་སུ། ཨད་ཐཱ་སུ། ཨེ་ཐཱ་སུ་ཨཱ་ཐཱ་སཱ་པཱ་ནི། ཡུ་ཙུ་རེ་དྷེ། སུ་དྷ་རེ་ཀ་ར་ཀ་ར་ཀི་རི་ཀི་རི། ཀུ་རུ་ཀུ་རུ། ཀུརྨ་ཀུརྨ་ཀུརྨ་པ་ནི་ཀུརྨ་པ་ནི། ཀེ་ལུ་ཀེ་ལུ། ཀེད་པ་པ་ནི་ཀི་ལ་པ་ནི་ཀརྐཱ་རི་ཀརྐཱ་རི་ལ་རུ་བུདྷེ་དྷུ་རུ་དྷེ། དྷུ་རུ་དྷེ། མ་ཧཱ་དྷུ་རུ་དྷེ། ཀ་ར་ཀ་ར།
97.288a
ཀི་ར་ཀི་ར། པི་ཧུ་སི་པ་ཧུ་སི། དྷ་སུ་དྷ་སུ། ཧ་སུ་ཧ་སུ། ཧ་སུ་པ་ནི་སཝཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་ལྷའི་བུ་ཟླ་བ་དང ། ཉི་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱཻ་རིགས་ཀྱི་བུ་དག་གཟུངས་སྔག་འདི་ནི་སེཾན་ངན་སོང་དུ་འགྲོ་བ་རྣམས་ལ་ཕན་གདག་པའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞིས་གསུང་པ་ཡིན་ཏེ། རིག་ཀྱི་བུ་དག་ཨུ་དུམ་བ་རའི་མེ་ཏོག་ནི་ཆེས་རྙེད་པར་སླའི། གཟུངས་སྔགས་ཀྱི་ཚིག་འདི་དག་ནི་འཇིག་རྟེན་དུ་འབྱུང་བ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་དག་གཟུངས་སྔགས་ཀྱི་ཚིག་འདི་དག་ནི་ཆེས་རྙེད་པར་སླའི། འདི་དག་འཆང་བའམ། ཀློག་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་དག་སངས་རྒྱས་འབྱུང་བ་ནི་ཆེས་རྙེད་པར་སླའི། གཟུངས་སྔགས་ཀྱི་ཚིག་འདི་དག་འཇིག་རྟེན་དུ་འབྱུཾ་བ་ནི་དེ་ལྟ་མ་ཡིནོ་རིག་ཀྱི་བུ་དག་གལ་ཏེ་སེཾན་མནར་མེད་པ་ན་འཁོད་པ་སྐལ་པར་གནས་པ་མཚམ་མེད་པ་ལྔ་བྱེད་བྱེད་པ། དམ་པའི་ཆོས་སྤོང་བར་བྱེད་པའི་སེམས་ཅན་དེ་དག་གི་ཕྱིར་གཟུངས་སྔགས་ཀྱི་ཚིག་འདི་དག་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན། དེའི་ཚེ་གཟུངས་སྔགས་ཀྱི་ཚིག་འདི་དག་གི་མཐུས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཁ་བརྒྱར་གྱེས་པར་འགྱུར་ལ། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་བར་འགྱུར་ན། འཛམ་བུའི་གླིང་པའི་མི་རྣམས་ལྟ་ཅི་སྨོས་ཏེ། གང་དག་གི་རྣམ་ལམ་དུ་གྲག་པར་གྱུར་པ་དེ་དག་གིས་ནི་བདག་ཅག་ནི་དེ་བཞིན་གཤེགས་པ་བཞི་པོ་རྣམས་དང ། བྱང་ཆུབ་སེམས་དཔའ་བཞི་པོ་རྣམས་དང ། ཟླ་བ་དང ། ཉི་མ་རྣམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ནོ། །སྙམ་དུ་ཤེས་པ་ཁོ་ནར་བྱ་སྟེ། འདི་ལ་སོམ་ཉི་འམ་ཡིད་གཉིས་བསྐྱེད་པར་མི་བྱའོ། །ཏདྱ་ཐཱ། དྷུ་ན་ཊི། དྷུ་ན་ཊི། མ་ཧཱ་དྷུ་ན་ཊི། སུ་རུ་སུ་རུ་སཝཱ་ཧཱ། ཤུཀླ་བི་ཤོདྷ་ནི། ཏ་ར་ཏ་ར་སཝཱ་ཧཱ། ཛྱོ་ཏིཥྤྲ་དཱི་པེ། ཏུ་རུ་ཏུ་རུ་སཝཱ་ཧཱ། པདྨ་མཱ་ལ་ནི། སཏྱ་ཏ་ར་བུད་དྷི། ཧུ་རུ་ཧུ་རུ་སཝཱ་ཧཱ། སདྱ་བུད་དྷེ། སདྱ་ཨ་བ་ལོ་ཀི་ན། ཀ་ར་ཀ་ར། ཀི་རི་ཀི་རི་སཝཱ་ཧཱ། དྷ་ར་ན་པུ་ཊི་ཨ་པྲ་ཏི་ཧ་ཏ་བུད་དྷི། ཙུ་རུ་ཙུ་རུ་སཝཱ་ཧཱ། ལཀྵ་ན་ཙི་ཏེ། དྷུ་མ་པ་རི་ཧ་རེ། ཧུ་རུ་ཧུ་རུ། ཁུ་རུ་ཁུ
97.288b
རུ་སཝཱ་ཧཱ། དྷ་ར་དྷ་ར། མཱ་དྷ་ར། དྷ་ར་དྷ་ར། དྷ་ར་ཡན་ཏི་ཡེ་སཝཱ་ཧཱ། སུ་པྲ་ཏ་སུ་པྲ་ཏི། སུ་མ་ཏི། ཨ་པྲ་ཏི་ཧ་ཏ་བུད་དྷི། དྷ་ར་དྷ་ར། དྷ་ར་ཡན་ཏི་ཡེ་སཝཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་པ་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སཝཱ་ཧཱ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ་རྫོགས་སོ།། །།