rKTs


J564

(e-text produced by ADARSHA)

see text in transliteration
97.313a
།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ།[་\ུ0f00]་མུ་ནི་ཀན་ཏེ་མུ་ནི་པྲ་བྷ་སཝཱ་རེ་སཝཱ་ཧཱ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤུ་དག་མཐེ་བོང་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཟོས་ན་ཐོག་མའི་ཉིན་མོ་ཡི་གེ་ཤུ་ལོ་ཀ་སྟོང་ཀླགས་པ་ཙམ་གྱིས་ལོབས་པར་འགྱུར་རོ། །ཞག་གསུམ་ལོན་པའི་ཉིན་མོ་ཤུ་ལོ་ཀ་སུམ་སྟོང་ལོབས་པར་འགྱུར་རོ། །ཞག་བདུན་ལོན་པའི་ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ། །ཤུ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས། རྫོགས་སྷོ།།