rKTs


J594

(e-text produced by ADARSHA)

see text in transliteration
97.317b
།།རྒྱ་གར་སྐད་དུ། ་ཨ་གྲ་བིདྱཱ་མནྟྲ། ་བོད་སྐད་དུ། ་མཆོག་ཐོབ་པའི་རིག་སྔགས། ་བཅོམ་ལྡན་འདས་ལྷ་མོ་དུང་ཅན་མ་ལ་ཕྱག་འཚལ་ལོ། །བསྙན་པ་རྫོགས་པར་བྱེད་པ། གཟི་རྗིད་རྒྱས་པར་བྱེད་པ་ལོངས་སྤྱོད་འཕེལ་བར་བྱེད་པ་དབང་ཕྱུག་འཕེལ་བར་བྱེད་པ་འཁོར་འཕེལ་བར་བྱེད་པ་ཚེ་འཕེལ་བར་བྱེད་པ། དགྲ་ཞི་བར་བྱེད་པ། བགེགས་ཞི་བར་བྱེད་པའོ། །དཀོན་མཆོག་གསུཾ་ལ་མཆོད་པ་ཕུལ་ལ། སེཾས་བྱཾས་པ་ལ་གནས་པས། ཅིག་ལ་ལན་རྒྱ་རྩ་རྒྱད་རྗོད་པར་བྱའོ། །འདི་ལྟ་སྟེ་ན་མཿ ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ཤང་ཁི་ནི་དེ་བི་ཏ་ཨ་གཙྪ། ཏིཥྚ་དྷ་ནེ་དྷ་ན་ཛྭ་ཡེ། བྲཱི་བྲཱི་བྲཱིད་དྡྷེ་ཀ་རི་དྷྲི་དྷྲི་དྷྲི་ཏེ་ཀ་རི་ནན། བི་བིདྱ་བེ་ཤ་བསྟ། ཨ་ཡུདྷ་ར་ནི་ཡུ་ཡུ། ་ཨ་ཡུཥྦཱ་ལ་ནི་ཏ་ཐཱ་ག་ཏཱ་སྨ་ར་བོ་དྷི་ཙིཏཏ། མི་ཏཱ་ལཾ་བོ་ད་ར། དེ་ཧི་མེ་པ་ར་ན་ཤང་ཁི་ནི་སཝཱ་ཧཱ། བདག་དགེ་བ་འདི་ཉིད་ཀྱི་སྤྲུལ་པའི་སྐུ་འདི་ཉིད་དུ་མཐོང་བར་གྱུར་ཅིག་སྟོང་པ་ཉིད་ལ་བཟོད་པར་གྱུར་ཅིག་།སྟོང་པ་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཅིག་།སྟོང་པ་ཉིད་ཀྱི་དོན་མཐོང་བར་གྱུར་ཅིག་སྟོང་པ་ཉིད་ཀྱི་དོན་བྱེད་པར་གྱུར་ཅིག་འདི་རྗོད་པས་བར་དུ་གཅོད་པ་ཐཾད་ཀྱང་རྣཾམ་པར་སལ་བར་འགྱུར། འཕགས་པ་མཆོག་ཐོབ་པ་རྫོགས་སོ།།