rKTs


J614c

(e-text produced by ADARSHA)

see text in transliteration
98.58b
༄། །རྒྱ་གར་སྐད་དུ། ་་ཨཱརྱ་ཙན་དན་ཨང་ག་ནཱ་མ་དྡཱ་ར་ཎཱི། ་་བོད་སྐད་དུ། ་འཕགས་པ་ཙན་དན་གྱི་ཡན་ལག་ཅེས་བྱ་བའི་བཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ཏུ་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་གིས་དགེ་འདུན་ཆེན་པོ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང ། གཞན་ཡང་ལྷ་ཁྱད་པར་ཅན་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གྱིས་ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་སོ། །དེ་ནས་བཅོཾ་ལྡན་འདས་ཀྱིས་འཁོར་དེར་བྱང་ཆུབ་སེམ་པ་སེམས་དཔའ་ཆེན་པོ། སྤྱན་རས་གཟིགས་དབང་ཕྱུགས་དང ། ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། རིག་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་འཇིག་རྟེན་གྱི་ཁཾས་བྱེ་བ་ཁྲག་ཁྲིག་འབུཾ་ཕྲག་གང་གཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་འདས་པ་ན། ཅན་དན་གྱིས་དཔལ་ཞེས་བྱ་བའི་འཇིག་རྟེན་གྱིས་ཁཾས་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོཾ་པ་ཡཾ་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱི་ཡན་ལག་ཅེས་བྱ་བ་ད་ལྟར་ཡཾ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཾ་འཇིག་རྟེན་གྱི་ཁཾས་དེའི་སེཾ་ཅན་དེ་དག་ཐཾད་ནི་ཕྱིར་མི་ལྡོག་པར་འགྱུར་བ་ཤ་སྟག་སྟེ། བཅོཾ་ལྡན་འདས་དེ་བཞིན
98.59a
གཤེགས་པ་དགྲ་བཅོཾ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱི་འི་ཡན་ལག་དེས་སེམས་ཅན་ཐཾད་ཀྱི་དོན་གྱི་ཕྱིར་ཙན་དན་གྱི་ལན་ལག་ཅེས་བྱ་བའི་གཟུངས་ཀྱི་རིག་པའི་གསངས་སྔགས་ཀྱི་བཞི་གསུངས་པ་འདི་ཐོས་ནས་ཕྱིར་མི་ལྡོག་པ་དེ་སྡིག་པ་དང་བྲལ་ཞིང་བྱང་ཆུབ་ཀྱིས་སེཾས་དང་མི་འབྲལ་ལོ། །བཅོཾ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དང ། དེ་བཞིན་གཤེགས་པ་མར་མེ་མཛད་དང ། དེ་བཞིན་གཤེགས་པ་རྣཾ་པར་སྣཾ་མཛད་དང ། གཞན་ཡཾ་འདས་པའི་སངས་རྒྱས་བཅོཾ་ལྡན་འདས་རྣཾས་ཀྱིས་ཀྱང་སྔོན་ཆད་གསུངས་ཏེ། ངེས་ཀྱང་ཁྱེད་རྣཾས་ལ་བཤད་ཀྱིས། སེཾན་ཐཾད་རྗེས་སུ་བཟུང་བའི་ཕྱིར་ལེག་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་།ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་རྒྱ་ཐ་མ་ལ་དཾ་པའི་ཆོས་རྣཾ་པར་འཇིག་པའི་ཚེ་ཐཾད་ཆོས་དང་མི་ལྡན་པ། མཚམས་མེད་པ་བྱེད་པ་དང ། དཾ་པའི་ཆོས་ལ་རྨོད་པ་དང ། མཆོད་རྟེན་འདྲལ་བ། དགེ་འདུན་གྱི་རྫས་ལ་རྐུ་འཕྲོག་བྱེད་པ་དང ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་སློབ་དཔོན་དང ། མཁན་པོ་སྤོང་བ་དག་འབྱུང་སྟེ། དེ་དག་རྗེས་སུ་གཟུང་བའི་ཕྱིར་ཙན་དན་གྱིས་ཡན་ལག་གི་གཟུངས་ཀྱི་གསང་སྔགས་གཞི་སངས་རྒྱས་ཐཾད་ཀྱིས་བྱིན་གྱིས་བརླབས་པ་འདི་བཤད་ཀྱིས་བྱང་ཆུབ་སེཾདའ་རྣཾས་ང་ལ་ཉོན་གཅིག་།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང ། ཟླ་འོད་གཞོན་ནུར་གྱུར་པས་བཅོཾ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བསྐུལ་བ། བྱང་ཆུབ་སེམས་དཔའ་སེཾདའ་ཆེན་པོ་རྣཾས་དང ། གཞན་ཡཾ་སེམས་ཅན་ཁྲག་ཁྲིག་ཁྲག་འབུཾ་རྣཾས་ལ་ཐུགས་རྩེ་བ་དང ། སྡེག་པ་བྱང་བར་བགྱི་བའི་སླད་དུ་བཅྡོཾས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་བཞིན་གཤེགས་པ་བཤད་དུ་གསོལ། བདག་ཅག་གིས་ཀྱང་གཟུངས་ཀྱི་གསང་སྔགས་གཞི་དེ་དག་གཟུང་བར་བགྱི་སྟེ། སེཾན་ཐཾད་ཀྱི་དོན་དུ་རྒྱ་ཆེར་ཡང་དག་པར་བཤད་པར་བགྱིའོ། །སངྱས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ཙི་རཱ་ཏེ། མ་རཱི་ཙཱི་ཀི། དུ་ར་ད་མེ། དུར་དན་ཏེ
98.59b
དུ་ར་ནུ། པྲ་བིཥྚེ། ཙནྡ་ནཱང་ག་ཛེ། ས་མནྟ་པ་རི་ཤོ་དྷ་ནི། བི་ཤུདྡྷ་ཤཱི་ལེ། ཙ་རི་ཏྲ་བ་ཏེ། ཨ་ན་ཙེདྱ་པྲ་ཏི་བྷཱ་ནེ། སརྦ་བུདྡྷཱ་དྷི་ཏེ། བྷ་ག་བ་ཏེ། པཱ་པཀྵ་ཡཾ། ཨཱ་ཤཱ་མེ་པ་རི་པཱུ་ར་ཡ་སཝཱ་ཧཱ། རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་འཛིན་ཏམ། ཀློག་གམ། སྟོན་ཏམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་འདི་ཉིད་ལ་མིག་རྣམ་པར་དག་པར་འགྱུར་རོ། །ཐོས་མ་ཐག་ཏུ་སྡིག་པ་ལས་རབ་ཏུ་གྲོལ་བར་འགྱུར། བྱང་ཆུབ་སེམས་དཔའ་ཐཾད་ཀྱིས་བྱིན་གྱིས་བརླབ་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱང་མཐོང་བར་འགྱུར། ཟླ་བ་ཕྱེད་ཀྱི་བར་དུ་བཟླས་པ་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། ཟླ་འོད་གཞོན་ནུར་གྱུར་པ་མཐོང་བར་འགྱུར། མཚམས་མེད་པ་ལྔའི་སྡིག་བྱས་པ་ཡང་འབྱང་བར་འགྱུར། སྐྱེ་བ་དྲན་པར་འགྱུར། ཚེ་བརྗེས་ནས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། ཁྱིམ་བདག་ཆེན་པོ་སྐྱིད་པ་དག་གི་ནང་དུ་སྐྱེ་བར་འགྱུར། སྐྱེ་བོ་ཐཾད་དགའ་བར་འགྱུར་རོ། །འདི་ལྟར་ས་ཆེན་པོ་མ་ལུས་པ་འདི་ནི་གྲུམ་པར་འགྱུར་ཡང་སྲིད། རྒྱ་མཚོ་ནི་སྐམས་ཀྱང་སྲིད། དེ་བཞིན་དུ་རིའི་རྒྱལ་པོ་རི་རབ་ནི་འཇིག་པར་འགྱུར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཟླ་བ་དང་ཉི་མ་ནི་སའི་སྟེང་དུ་ལྟུང་ཡང་སྲིད། ནམ་མཁའ་ནི་ལག་པ་གཉིས་ཀྱིས་མནན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐཾད་ཀྱི་སེམས་ནི་གཅིག་ཏུ་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པས་གསུངས་ཤིང་བྱིན་གྱིས་བརླབས་པ་ནི་གཞན་དུ་འགྱུར་མི་སྲིད་དེ། སུས་ཀྱང་བསྐྱོད་པའམ། བསྒུལ་བར་མི་ནུས་སོ། །འདི་ལ་ནི་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅྡོཾས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅྡོཾས་བདག་གིས་ཀྱང་གཟུངས་འདིའི་ཆོ་ག་བཤད་པར་བགྱིའོ། །ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་རིང་བསྲེལ་དང་བཅས་པའམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོའི་དཀྱིལ་འཁོར་བགྱིས་ཏེ། མེ་ཏོག་སིལ་མ་གཏོར་ལ་ཙནྡན་གྱི་བདུག་པས་བདུགས་ཏེ། ཟླ་བ་ཚེས་པ་ནས་བརྩམས་ནས་ཚེས་བཅོ་ལྔའི
98.60a
བར་དུ་དུས་གསུམ་དུ་ཁྲུས་བགྱི་ཞིང་གོས་ཀྱང་ལན་གསུཾ་དུ་བརྗེས་ཏེ། ཁ་ཟས་བསྲེག་བྱ་འཚལ་ཞིང་གསོ་སྦྱོང་དང་ལྡན་པ། སེམས་ཅན་ཐཾད་ལ་སེམས་སྙོམས་པས་ཟླ་བ་ཉའི་ཉིན་པར་ཞག་ཅིག་བསྙུང་བ་བགྱིས་ཏེ། རྩཝ་བམ་གྱི་སྟེང་ན་མཆིས་ཤིང་རྩཝ་བམ་བཏིང་བའི་སྟེང་དུ་ཉལ་ནས་སེཾས་རྩེ་གཅིག་ཏུ་བཟླས་པ་བགྱིད་ཅིང་མེ་ཏོག་དྲི་ཞིམ་པོ་ལན་རྒྱ་སྟོང་དུ་གཏོར་ན་གཡོ་བར་འགྱུར། བདག་ཉིད་ཀྱང་བཅྡོཾས་དེ་བཞིན་གཤེགས་པ་འོད་དཔག་མེད་དང ། སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར། གཟུངས་ཆེན་པོ་ཐོས་མ་ཐག་ཏུ་ཅི་འདོད་པ་དེ་ཐོབ་པར་འགྱུར། ཐོས་པ་འཛིན་པ་ཡང་འགྱུར། ལས་ཀྱི་སྒྲིབ་པ་ཐཾད་ཀྱང་བྱང་བར་འགྱུརོ། །བཅོཾ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། བྱང་ཆུབ་སེཾདའ་དེ་དག་དང ། ཐཾད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོཾ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ། །འཕགས་པ་ཙན་དན་གྱི་ཡན་ལག་ཅེས་བྱ་བའི་གཟུངས། རྫོགས་སྷོ།།