rKTs


J625

(e-text produced by ADARSHA)

see text in transliteration
98.73b
༄། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱི་མརྡེ་ནྡྲ་ནཱ་མ་དྷཱ་ར་ཎཱི། འཕགས་པ་སའི་དབང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུའི་གནས་ལྷ་དང་ལྡན་པ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་སའི་དབང་པོ་ཤིང་ས་ལ་ཆེན་པོ་ལྟ་བུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ག་ལ་ག་དེར་སོང་སྟེ་ཕྱིན་ནས། བཅོཾམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱི་ཞབས་ལ་མགོ་བོས
98.74a
ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་སའི་དབང་པོ་ཤིང་ས་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ལགས་ན། གང་གིས་བདག་སྐྱེ་བ་དྲན་པར་འགྱུར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྗིད་པར་མི་འགྱུར་བའི་ཐབས་དེ་བཅོཾམ་ལྡན་འདས་ཀྱིས་བདག་ལ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ཀྱིས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་བུ་ཁྱོད་གལ་ཏེ་དེ་ལྟར་སྨོན་ན་དེའི་ཕྱིར་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་ཟུང་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་གང་ཞེ་ན། ཏདྱ་ཐཱ། ཨ་མོ་ད་ནི། པྲ་མོ་ད་ནི། བི་མོ་ད་ནི། སཾ་མོ་ད་ནི། པྲི་ཡཾ་ཀ་ར་ནཾ། ཤྲཱ་ཀ་ར་ཎི། ཤྲཱ་ཀ་ར་ཎི། བོ་དྷྀ་ཀ་ར་ཎི། ཨ་ནུདྷ་ར་སྱཾ་སཾ་མྱཀ་སཾ་བུདྡྷ་ཀ་ར་ཎི། ཨ་ནུཏྟ་ར་ཨཱརྱཱ་ཀ་ར་ཎི། ཨ་ནུཏྟ་ར་པྲཛྙ་ཀ་ར་ཎི། ཨ་ནུདྟ་ར་བ་ཤཱི་ཀ་ར་ཎི། ཨ་ནུཏྟ་ར་སརྦ་ཀླེ་ཤོ་།པ་ཀླེ་ཤ་བི་དྷ་ར་ནཱི། ཨ་བ་དྱཱ་ན་དྷ་ཀ་ར་བི་དྷཾ་ནི། ཨ་ནུཏྟ་ར་བིདྱཱ་ཨ་ལོ་ཀོད་པ་ད་ནི། ཨ་ནུཏྟ་ར་ཤཻ་ཀྵ་ཤི་ལ་བིདྱཱ་ཙ་ར་ཎ། བི་མུག་ཏེ་གུ་ཎ་ག་ཎ། སཾ་བྷ་དྷ་ནི། ཨ་ནུཏྟ་ར་སརྦ་ཀུ་ཤ་ལ་མཱུ་ལོདྡྷེ་ནི། ཨ་ནུཏྟ་ར་བྷོ་ན་མཱུ་ལ་ནི། ཨ་ནུཏྟ་རཱ་ར་ག་ཏོ་ཥ་མོ་ཧ་ན་མཱུ་ལ་ནི། ཨ་ནུ་ཏྟ་རེ་ཤཻ་ཀྵ་མ་ཎ་ཨ་བིདྱཱ། ཨནྡྷ་ཀཱ་རཱ། བི་དྷ་མ་ནི། ཨ་ནུཏྟ་རཱ་སཱི་ཨ་པྲ་ཏེ་ཧ་ཏ་བ་ལ་ཙ་ཀྲ། ཨ་ནུཏྟ་རཱ་སརྦ་ལཱ་ར་བ་བི་དྲཱ་མ་ནི། ཏྭཾ་ཧི་བྷ་དྲེ། ཨ་ནུཏྟ་རཱ་བ་ལ་བྷ་དྲ། སུ་བྷ་དྲ། ཤྲཱི་བྷ་དྲ། ཨ་ནུཏྟ་ར་བྷ་དྲ། ས་མནྟ་བྷ་དྲ། ཨ་ས་མ་ས་མ་བྷ་དྲ། ཨ་ནུཏྟྱ་ར་མ་ཧཱ་པུ་རུ་ཥ་བྷ་དྲ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་སེ་བི་ཏཱ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ
98.74b
་ནུ་བརྟ་ནཱི། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་དྷརྨཱ་དེ་ཤི་ཀཱ། ཨ་ནུཏྟ་ར་མ་ཧཱ་པུ་རུ་ཥ་དྷརྨ་ཀོ་ཥ་སཾ་བྷ་དྷི་ཀཱ། ཨ་ནུཏྟར་མ་ཧཱ་པུ་རུ་ཥ་ནྀརྦཱ་ཎ། ཨ་ནུཏ་པྲ་ཏར་ཤི་ཀཱ། ཏྭཾ་ཧི་བྷ་དྲེ། གང་ག་སི་ཏ་བཀྵུ། སམྱཀ་སཾ་བུདྷེ་ཨ་སེ་བི་ཏ། བྷ་བི་ཏཱ། བ་ཧུ་ལཱི་ཀྲོ་ཏ། སྟུ་སྟོོ་མི་ཏ་སྟཽ་མི་བིརྣ་ཏཱ། པྲ་ཤ་སྟ། བུ་འདི་ནི་ཀུན་ཏུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན་བུ་ཁྱོད་ཀྱིས་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བ་ན་ཡང་ཡིད་ལ་གྱིས་ཤིག་།བུ་གང་ལ་ལ་ཞིག་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་མྀང་དང ། རིགས་དང ། རིགས་ཀྱི་བྱེ་བྲག་གང་ཡིད་ལ་བྱེད་དམ། སྐྱེས་པ་འམ། བུད་མེད་དམ། ཁྲེའུ་འམ། བུ་མོ་འམ། ལྷ་འམ། ལྷ་མོ་འམ། ཀླུ་འམ། ཀླུ་མོ་འམ། དྲི་ཟ་འམ། དྲི་ཟ་མོ་འམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོ་འམ། མི་འམ་ཅི་འམ། མི་འམ་ཅི་མོ་འམ། ལྟོ་འཕྱི་ཆེན་པོ་འམ། ལྟོ་འཕྱི་ཆེན་པོ་མོ་འམ། ཡི་དགས་སམ། ཡི་དགས་མོ་འམ། ཤ་ཟ་འམ། ཤ་ཟ་མོ་འམ། གྲུལ་བུམ་འམ། གྲུལ་བུམ་མོ་འམ། ལུས་སྲུལ་པོ་འམ། ལུས་སྲུལ་པོ་མོ་འམ། ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འཆང་ངམ། ཀློག་གམ། ལུང་འབོག་གམ། སྟོན་ཏམ། འཆང་ན་དེ་ཚེ་རབས་བདུན་གྱིས་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་ཇི་སྲིད་འཁོར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། །ལྷར་གྱུར་ཀྱང་རུང ། མིར་གྱུར་ཀྱང་རུང་སྟེ། དེ་མཚོན་ཆ་འམ། དུག་གམ། ཆུ་འམ། མེས་བར་མ་དོར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་རྒྱལ་བ་འོད་སྲུང་གི་རྀགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འཆི་མེད་འོད་ཆེན
98.75a
པོ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཉམ་བ་མེད་པ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མི་མཉམ་པ་དང་མཉམ་བ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དྲང་སྲོང་ཆེན་པོ་འོད་སྲུང་གི་རིགས་དང་བཅས་པ་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །ཞི་བའི་དབྱིངས་སུ་ཞུག་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་སྟོད་དོ། །འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །