rKTs


J636

(e-text produced by ADARSHA)

see text in transliteration
98.96a
༄#། །རྒྱ་གར་སྐད་དུ། ་ཨཱརྱ་ཨ་ཙ་ལ་ནཱ་མཱ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་གྱི་ཁང་བུ་རྩེགས་པ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། ནམ་མཁའི་སྙིང་པོ་དང ། སའི་སྙིང་པོ་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། འཇམ་དཔལ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། ལག་ན་རྡོ་རྗེ་དང ། བྱམས་པ་ལ་སོགས་པ་ས་བཅུ་པ་འབའ་ཞིག་དང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསལ་ཏོ། །བཅོམ་ལྡན་འདས་འཛམ་བུ་གླིང་ན་གནས་པའི་ལྷ་དང་ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་མ་རུངས་པ་དག་གིས་མི་ནད་དང ། ཕྱུག་ནད་དང ། ཡམས་དང ། རྣམས་པར་འཚེ་བ་དང ། དུས་མ་ཡིན་པའི་འཆི་བ་དང ། སྡང་བ་དང ། རྨི་ལམ་ངན་པ་དང ། དུས་མ་ཡིན་པའི་རླུང་དང ། སེར་བ་དང ། ས་གཡོས་པ་ལ་སོགས་པ་ཕྱུང་སྟེ། དེ་དག་ཞི་བར་མཛད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཅང་མི་གསུང་བར་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། སྐུའི་བ་སྤུའི་ཁུང་བུ་ནས་འོད་ཟེར་མེ་ལྕེ་རབ་ཏུ་འབར་བ་བྱུང་སྟེ། འདོད་པ་དང ། གཟུགས་དང ། གཟུགས་མེད་པ་ལ་ཐུག་པ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏོ། །
98.96b
དེའི་ཚེ་ཉི་མ་དང་ཟླ་བ་ལ་སོགས་པའི་འོད་ཀྱང་ལྷམ་མེ་དང ། ལྷན་ནེ་དང ། ལྷ་ངེ་མ་ཡིན་ཏེ། ལྷ་རྣམས་ཀྱི་འོད་ཀྱང་ལྷ་མེ་དང ། ལྷན་ནེ་དང ། ལྷང་ངེ་མ་ཡིན་ནོ། །ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་ལ་སོགས་པ་རྣམས་ནི་རླུང་དྲག་པོས་བདས་པའི་ཤིང་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམས་པར་མི་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། མཉམ་པའི་ཕྱག་རྒྱ་བཤིག་ནས་ཞབས་ཀྱིས་པུས་མོ་ས་ལ་བརྡབས་པས་ཐུགས་ཀྱིས་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་གྱི་ཁྲོ་བོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་དག་བྱུང་སྟེ། ཐབས་ལས་བྱུང་བའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ནས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པའོ། །འོད་ཀྱི་དཀྱིལ་འཁོར་དག་ན་བཞུགས་པ་ཚངས་པ་དང ། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང ། དྲག་པོ་ཆེན་པོ་བཞི་པོ་དག་ཧ་ཧཱུཾ་ཧྲིཿ ་ཞེས་བྱ་བས་སྐྲག་པར་བྱེད་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། སེར་སྣ་དག་འཇོམས་པ། ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་ཡི་དགས་ལ་སོགས་པ་ཧཾ་མཾ་ཞེས་བརྗོད་པས་སྐྲག་པར་མཛད་པ་དག་སྤྲུལ་ཏོ། །གསུངས་གི་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་ཞབས་ཕྱེད་ས་ལ་པུས་མོ་དང་མཐེ་བོ་བཙུགས་པ། ཞབས་གཅིག་ལངས་ཏེ་པུས་མོ་བཙུགས་པས་བཞུགས་པའི་ཁྲོ་བོ་བརྟན་པའི་སྐུ་ཅན། ཤེས་རབ་ཀྱི་བདག་ཉིད་རལ་གྲི་མེ་འོད་དང་བཅས་པས་འོད་ཀྱིས་འགེངས་པ་དག་སྤྲུལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཁྲོ་བོ་དག་གི་སྔགས་སྨྲས་པ། ན་མཿ ་ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎ་ཌ་མ་ཧཱ་རོ་ཤ་ཎ་སྥོ་ཊ་ཡ་ཧཱུཾ་བཛྲ་དྷྲྀ་ཀ་ཁང་པ། ཧཱུཾ་མཾ་ཧཱུཾ་མཾ་ཞེས་བརྗོད་དེ། ཕྱག་རྒྱ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། སྲིན་ལག་དང་མཐེའུ་ཆུང་གཉིས་བསྒྲེང
98.97a
བ་ནི་རལ་གྲིའི་ཕྱག་རྒྱ་སྟེ། གཡས་སྐོར་དུ་མཚམས་བཅད་དོ། །ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎ་ཌ་མ་ཧཱ་རོ་ཤ་ཎ། སྥོ་ཊ་ཡ་ཧཱུཾ། ཨ་མྲྀ་ཏ་ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །ཕྱག་རྒྱ་ནི་ལག་པ་སོར་མོ་རྣམས་བརྐྱང་སྟེ་མཐེའུ་ཆུང་མཐེ་བོས་མནན་པ་ནི་རྡོ་རྗེ་རྩེ་གསུམ་པའི་ཕྱག་སྟེ། གཡས་ནས་བསྐོར་ལ་བགེགས་བསྐྲད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམས་པར་དག་པའི་ཏིང་ངེ་འཛིན་གྱིས་བསྲུང་བ་གསྲུངས་པ་ནི་དམར་པོའི་ཡི་གེ་རཾ་སྤྱི་བོར་བསམ་སྟེ། རྣམས་པར་དག་པའི་ཡི་གེ་འདི་བསྟན་པར་བྱས་ནས་རྡོ་རྗེ་དང་རལ་གྲིས་ལུས་མེ་འོད་དང་བཅས་པར་བསྒོམས་ཏེ། ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཀ་ཏེ་བྷྱ། སརྦ་བི་ག་ཏེ་བྷྱོ། བི་ཤཝ་མུ་ཁེ་བྷྱཿ ་སརྦྭ་ཏ་ཐཱ་ག་ཏ་ཧ་མཱཾ། རཀྵ་ཞེས་བརྗོད་དེ་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་གུང་མོའི་རྒྱབ་དུ་སྦྱར་ཏེ་སྨིན་མཚམས་སུ་བཅའ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་རིག་པ་ཆེན་པོའི་བསྲུང་བ་གསྲུངས་པ་ནི་ཧཱུཾ་དང་གཞིའི་རྣམ་པས་བལྟས་ཏེ། ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎ་ཌ་མ་ཧཱ་རོ་ཥ་ན་ཏེ་བྷྱཿ སརྦྭ་བི་ག་ཏེ་བྷྱོ། བི་ཤཝ་མུ་གེ་བྷྱ། སརྦྭ་ཏ་ཐཱ་ག་ཏ་ཧ་མཱཾ། རཀྵ་མ་ཧཱ་བ་ལེ། སརྦྭ་ཏ་ཐཱ་ག་ཏ་པྲ་མེ་ནིར་གརྫ་ཧཱུཾ་ཧཱུཾ་ཕཊ་ཏྲ་ཐ་ཏྲ་ཐ། ཨ་པྲ་ཏི་ཧ་ཏེ་སཝཱ་ཧཱ། ཞེས་བརྗོད་དེ་ཕྱག་རྒྱ་ནི་རྡོ་རྗེའི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ནང་དུ་བཀུག་ལ་གུང་མོ་རྩེ་སྤྲད་དེ། སྲིན་ལག་གཉིས་རྐྱང་ནས་མཐེའུ་ཆུང་གཉིས་ཅུང་ཞིག་བཀུག་ལ་སྙིང་གར་བཅས་ཏེ་བསྲུང་བ་ནི་ཡུམ་གྱི་སྟེ། བགེགས་དང་ལོག་འདྲེན་དང་མ་རུངས་པ་ཐམས་ཅད་དྲན་བ་ཙམ་གྱིས་འབྱེར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁ་ཟས་བྱེ་བྲག་བཟའ་བ་དང ། བཅའ་བ་དང ། བཞིབ་པ་དང ། བཏུང་བ་དང ། བལྡག་པ་ལ་སོགས་པ་དང །
98.97b
གཟུགས་དང ། སྒྲ་དང ། དྲི་དང ། རོའི་བྱེ་བྲག་ལ་བྱིན་གྱིས་བརླབ་པ་མཛད་དེ། ཨོཾ་སརྦ་དྷརྨ་ཏ་སི་ཏ་ཧཱུཾ་ཞེས་བྱས་པས་དག་པར་བྱས་ཏེ། ཨོཾ་ཨ་མྲྀ་ཏ་ཨོཾ་ཧཱུཾ་ཧྲཾཿ ཞེས་བྱ་བས་ནི་འདོད་པའི་དོན་དུའོ། །ོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཞེས་བྱ་བས་ལན་བདུན་བཏབ་སྟེ་བསྔོས་པས་ཚིམ་པར་འགྱུར་རོ། །ཕྱག་རྒྱ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་གསུངས་པ། ལྡང་བར་འདོད་ན་སྔགས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙན་ཊ་བཛྲ་པཱ་ཎ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། དཾ་ཥྚྲོད་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎ་ཌ་ལི། ཁ་ཁ་ཁཱ་ཧཱི་ཁཱ་ཧི། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། གརྫ་གརྫ། བི་སྥ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བི་གྷ་ནཾ་བི་ནཱ་ཡ་ཀ་ནཱཾ་མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨན་དྷ་ཀ་རཱ་ཎ་སཝཱ་ཧཱ། ཞེས་བྱ་བ་བརྗོད་དོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་ཁ་ནང་དུ་བསྟན་ཏེ། མཛུབ་མོ་བསྒྲེང་ལ་བྲང་དུ་བསྣོལ་ལ་ཕྱག་རྒྱ་བཅིངས་ཏེ། གཏོར་མ་བཏང་ཞིང་འཆག་པའི་དུས་སུ་ཡང་དེ་བཞིན་ནོ། །ཉེ་རེག་བྱ་བ་དང ། ཁྲུས་བྱ་བ་ནི་རིན་པོ་ཆེའི་བུམ་པར་དྲི་ཞིམ་པོའི་ཆུ་ལ། ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཡ་ཨ་མྲྀ་ཏ་ཞེས་ལན་བདུན་བདུན་བཏབ་སྟེ། ལག་པ་གཡོན་པས་བུམ་པ་བཟུང་ནས་གཡས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་ཙམ་བཀུག་ལ། རི་མོ་ཅན་གྱི་ནང་དུ་ཨ་བསམས་ལ་ཆུ་བླུགས་ཏེ། ཨོཾ་ཤུད་དྷ་དུན་ཏེ་ཤོ་དྷ་ན་ཡེ་སཝཱ་ཧཱ། ཞེས་བྱ་བས་ཁྲུས་བྱའོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ལའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང ། སུམ་བཅུ་རྩ་གསུམ་ཀྱི་ལྷ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི
98.98a
ལྷ་རྣམས་ཀྱིས་མེ་ཏོག་དང ། རྔ་དང ། བདུག་སྤོས་དང ། ལྷའི་ཞལ་ཟས་དང ། ལྷའི་བུ་ཕོ་དང ། བུ་མོ་དག་རིན་པོ་ཆེའི་རྒྱན་དང་བཅས་པས་ཤིང་རྟ་དཔག་ཏུ་མེད་པ་དང ། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྐོར་བ་རྒྱ་ཆེན་པོ་དག་བྱས་ཏེ་བྱང་ཆུབ་སེམས་དཔའ་བྱམས་པ་དང་ཐབས་གཅིག་ཏུ་འདུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྤྲོ་བ་དང ། ་ལྡན་པས་བཅོམ་ལྡན་འདས་ལ་བལྟའོ། །བཅོམ་ལྡན་འདས་ཀྱིས་བྱམས་པའི་བསམ་པ་མཁྱེན་ནས་བསམ་གཏན་དང་པོ་ལ་མཉམ་པར་བཞག་སྟེ། འདོད་པའི་བདེ་བ་སྤངས་ཏེ་དགའ་བར་རྟོག་པ་ཙམ་མོ། །དེ་ནས་བསམ་གཏན་དང་པོ་ནས་གཉིས་པ་ལ་མཉམ་པར་བཞག་སྟེ། རྩེ་གཅིག་པའི་རྟོག་སྤྱོད་སྤངས་ཏེ་དགའ་བདེ་ཙམ་མོ། །བསམ་གཏན་གཉིས་པ་ནས་གསུམ་པ་ལ་མཉམ་པར་བཞག་སྟེ། རྟོག་པ་དང་དཔྱོད་པ་སྤངས་ཏེ་བདེ་བ་ཙམ་མོ། །དེ་ནས་བསམ་གཏན་གསུམ་པ་ནས་བཞི་པ་ལ་མཉམ་པར་བཞག་སྟེ། ཚོར་བ་ཉེ་བར་ཞི་བའི་བདེ་བ་ཙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏིང་ངེ་འཛིན་དེ་དག་དང་ལྡན་ན་རྣམས་པར་དག་པའོ། །བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱིས་ནི་བྱང་ཆུབ་ཀྱྀ་སེམས་ཀྱི་རྒྱུད་སྤེལ་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་མཐའ་བཞི་ལས་རྣམ་པར་གྲོལ་བའོ། །ན་མཿ ས་མན་ཏ་བཛཱ་ཎཱཾ། དྷརྨ་དྷཱ་ཏུ་སཝ་བྷཱ་བ་ཨཱཏྨ་ཀོ་ཧཱཾ། ཞེས་བརྗོད་དེ་ཕྱག་རྒྱ་ནི་འདིའོ། །ལག་པ་གཉིས་སོ་སོར་ཁུར་ཚུར་བཅངས་ཏེ། མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་བསྒྲེང་བའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐྱིལ་མོ་དཀྲུང་བཅས་ཏེ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཐུགས་ཀྱི་ས་བོན་འོད་ཀྱིས་ནམ་མཁའ་ཀུན་ཁེངས་པར་བསམ་ཏེ།
98.98b
ས་བོན་དེ་ལས་ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བའོ་ཞེས་བྱ་བའི་སྒ་དང་བཅས་པས་འཕེལ་བ་དང་འགྲིབ་པའི་སྒྲ་འོད་ཟེར་འཕྲོ་འདུ་དང་བཅས་པའོ། །དེ་ནས་སྣ་ཚོགས་པའི་གདན་འདམ་ནས་སྐྱེས་པའི་དྲི་མ་མེད་བཅིང་ཡོང་སུ་རྒྱས་པ་ཚོགས་ཀྱི་བདག་པོའི་སྟེང་དུ་རྟ་བདུན་པ་ཀུན་ནས་འོད་འཕྲོ་བ་འདམ་སྐྱེས་དང་ལྡན་པ་དག་གི་སྟེང་དུ་ནམ་མཁའི་མདོག་ཅན་གྱི་ཐུགས་ཀྱི་ས་བོན་དང་བདག་ཉིད་གཅིག་པའི་ནམ་མཁའི་ཁམ་ཀུན་དུ་ཁྱབ་པར་འོད་ཀྱིས་འགེངས་པའི་ཤེས་རབ་ཀྱི་རལ་གྲི་སྔོན་པོ་དག་ཏུ་གྱུར་ཏེ། དེ་དག་ལས་བདུད་དང་མ་རུངས་པ་མཐའ་དག་འཇོམ་པའི་ཁྲོ་བོ་ཆེན་པོ་རྣམ་རྟོག་ཐམས་ཅད་ཡོངས་སུ་བཅོམ་པ། དྲི་མ་མེད་ཅིང་གཞོནུའི་སྐུའོ། །དེ་ཡང་གཞོན་ཞིང་སྐུའི་ཤ་རྒྱས་པ་ནི་དཔེར་ན་བུས་པ་གཞོན་ནུ་ལང་ཚོ་ལ་བབ་པའི་ལུས་ལྟ་བུ་སྟེ། དེའི་སྐུ་མདོག་ནི་མཐིང་ནག་ཏུ་གནས་ཏེ། དཔེར་ན་དབྱར་གྱི་ཆར་སྤྲིན་ནག་པོའི་མདོག་བཞིན་དུ་གནས་པའོ། །ནམ་མཁའ་མ་ལུས་པ་ཐམས་ཅད་དུ་འོད་ཀྱིས་འགེངས་པ་ནི་དཔེར་ན་རྟ་བདུན་པའི་འོད་ཀྱིས་གླིང་ཀུན་དུ་ཁྱབ་པ་བཞིན་ནོ། །དབུ་སྐྲ་གཅིག་ཏུ་བཅིངས་ཤིང་འཕྱར་བ་ནི་དཔེར་ན་ཤིང་ཨ་ལ་ཀའི་འབྲས་བུ་བཞིན་ནོ། །སྐུ་ཅུང་ཞིག་འགྱིང་བ་དང་གཡོ་བ་ནི་དཔེར་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་བཞིན་ནོ། །ཞབས་བརྐྱང་བསྐུམ་དུ་བཞུགས་པ་ནི་དཔེར་ན་གྱད་གྱི་འགྲོས་བཞིན་ནོ། །སྤྱན་གསུམ་ཤིན་དུ་དམར་བ་ནི་དཔེར་ན་པ་ལ་ཤའི་མེ་ཏོག་བཞིན་ནོ། །སྤྱན་སྟེང་འོག་ཏུ་བལྟ་བ་ནི་སྟེང་འོག་གི་བགེགས་བསྲེག་པ་སྟེ། དཔེར་ན་ལྷ་མ་ཡིན་གྱི་བྱ་གཏོར་མ་ཟ་བ་བཞིན་ནོ། །མཆེ་བ་གཙིག་པ་ནི་དཔེར་ན་ཟླ་བ་ཕྱེད་པ་བཞིན་ནོ། །ལྗག་ཤིན་ཏུ་འཁྱུག་པ་ནི་དཔེར་ན་ནམ་མཁའི་གློག་བཞིན་ནོ། །སྨིན་པ་ཁྲོ་གཉེར་དུ་བསྡུས་པ་ནི་དཔེར་ན་ཤིང་པ་ག་ཀྵའི་ལོ་མ་བཞིན་ནོ། །ཕྱག་གཡས་ན་རལ་གྲི་བསྣམ་པ་ནི་དཔེར་ན་གཟའ་ཆེན་པོའི་འོད་ལྷུང་བ་བཞིནོ། །སྦྲུལ་གྱི་ཞག་པ་གཡོན་ན་བསྣམ་པ་ནི
98.99a
དཔེར་ན་རྒྱ་མཚོ་མཆིང་བཞིན་ནོ། །དེ་ལྟ་བུའི་སྐུ་དེས་ནི་ཚང་པ་དང ། བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་པོ་དག་དང ། ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་དབང་དུ་བསྡུད་པ། ལྷ་དང་ཀླུ་མ་རུངས་པ་དང ། སྲིན་པོ་དང་ཤ་ཟ་དང ། གྲུལ་བུམ་དང ། ལྟོ་འཕྱེ་ལ་སོགས་པ་འཇོམས་པར་བྱེད་པ་དག་གོ་།དེའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ། ན་མཿ ས་མན་ཏ་བཛྲཱ་ཎཱཾ་ཏྲ་ཊ། ཨ་མོ་གྷ་ཙཎ་ཌ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུཾ། ཏྲ་ཏ་ཧཱཾ་མཾ་ཞེས་བརྗོད་པར་བྱའོ། །དེ་ནི་འཚེ་བ་དང ། རྣམ་པར་འཚེ་བ་དང ། སྡང་བ་དང ། རྣམ་པར་སྡང་བ་དང ། ལོག་འདྲེན་དང ། རྣམ་པར་ལོག་འདྲེན་དང ། སྲིན་པོ་དང ། ལྷ་དང ། ཀླུ་དང ། གྲུལ་བུམ་དང ། ཤ་ཟ་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འབྲས་དང ། ཤུ་བ་དང ། གཡན་པ་དང ། མཛེ་དང ། འབྲུམ་བུ་དང ། འབྲུམ་བུ་ཕྲ་མོ་དང ། རིམས་ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཟླ་བ་ཕྱེད་པ་དང ། ལྡང་དུབ་པ་དང ། ཡུད་ཙམ་པའི་རིམས་དང ། རྟག་པའི་རིམས་ལས་ཐར་བར་འགྱུར་རོ། །སེང་གེ་དང ། སྟག་དང ། དོམ་དང ། དྲེད་དང ། སྤྱང་ཀི་དང ། སྦྲུལ་དུག་ཅན་དང ། སྦྲང་བུ་དང ། ཤ་སྦྲང་དང ། བུང་བའི་གནོད་པ་ལས་ཐར་རོ། །རྒྱལ་པོའི་ཆད་པ་དང ། དམག་དཔུང་གི་འཇིགས་པ་ལས་ཐར་རོ། །རྐུན་པོ་དང ། བྲན་དང ། གཟའ་མི་འཐབ་ཅིང་རྩོད་པ་ལས་ཐར་རོ། །ཆུ་ཡིས་འཇིགས་པ་དང ། མེ་ཡིས་འཇིགས་པ་དང ། ས་གཡོས་པའི་འཇིག་པ་དང ། ལྕེ་འབབ་པའི་འཇིག་པ་ལས་ཐར་རོ། །རལ་གྲི་དང ། ཤག་ཏི་དང ། དགྲ་སྟ་དང ། མདུང་དང ། མདའ་དང ། མདའ་བོ་ཆེ་དང ། འཁོར་ལོ་དང ། མཚོན་ཆའི་འཇིགས་པ་ལས་ཐར་རོ། །འཆི་བ་དང ། དུས་མ་ཡིན་པར་འཆི་བ་ལས་ཐར་རོ། །མཚམ་མེད་ལྔ་ལ་སོགས་པའི་སྡིག་པ་ཀུན་འདག་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་གནས་དང ། ཡུལ་མཐའ་འཁོབ་དང ། དབང་པོ་མ་ཚང་བ་དང ། ལྷ་ཚེ་རིང་པོ་དང །
98.99b
ལོག་པར་ལྟ་བ་འཛིན་པ་དང ། སངས་རྒྱས་འབྱུང་བ་ལ་མཉེས་པ་མེད་པ་དག་ཏུ་མི་འགྱུར་རོ། །གཟུངས་སྔགས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། ལན་གཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་འདག་པར་འགྱུརོ། །འདི་བརྗོད་པའི་གང་ཟག་དེས་ནི་ཆོས་ཉིད་ཀྱི་ལམ་རྡོ་རྗེ་ལྟ་བུ་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ། །དེ་ནས་རྟ་བདུན་པའི་སྟེང་དུ་རྣམ་པར་དག་པའི་ཡི་གེ་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ་བསམ་ཏེ། བྱམ་པའི་ལྟ་བས་ལྟ་བའི་ཕྱིར་ཧཱཾ་སེར་པོ་མིག་ཏུའོ། །སྲོག་གི་ལམ་དུ་ནི་མཾ་ནག་པོ་བསམ་པར་བྱའོ། །སྤྱི་བོར་ཆོས་ཉིད་རྣམ་པར་དག་པའི་ཡི་གེ་བསམ་ཏེ། སྔག་འདི་བརྗོད་པར་བྱའོ། །ན་མཿ ས་མན་ཏ་བཛྲ་པཱ་ཎི། ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཞེས་བརྗོད་དེ་ལག་པ་ཐལ་མོ་སྦྱར་ཏེ། གུང་མོ་བསྒྲེང་བའི་རྒྱབ་དུ་མཛུབ་མོ་ཅུང་ཟད་བཀུག་ལ་སྲིན་ལག་ཀྱང་དེ་བཞིན་དུ་བྱས་ཏེ། རྡོ་རྗེའི་ཕྱག་རྒྱའོ། །འདིའི་བྱིན་གྱི་བརླབས་ཀྱིས་མ་རིག་པ་འཇོམས་ཤིང་ཡེ་ཤེས་ཀྱི་སྐུ་ཉིད་དུ་བྱིན་གྱིས་བརླབ་པའོ། །གསེར་ལ་སོགས་པའི་སྣོད་དུ་ཁ་ཟས་ཀྱི་བྱེ་བྲག་ནས་དང ། འབྲས་དང ། གྲོ་དང ། སོ་བ་དང ། ཏིལ་ལ་སོགས་པ་དང་ཞོ་དང ། འོ་མ་དང ། སྦྲང་རྩི་དང ། ཁ་ར་དང ། གསེར་དང ། དངུལ་དང ། ཟངས་དང ། མུ་ཏིག་དང ། བྱི་རུ་དག་བླུགས་ཏེ། འབྲུ་གསུམ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་སྔགས་འདི་བརྗོད་པར་བྱའོ། །ན་མ་ས་མན་ཏ་ཏ་ཐཱ་ག་ཏེ་བྷྱ། བི་ཤཝ་མུ་ཁེ་བྷྱ། སརྦ་ཏ་ད་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཧཾ་མཾ་ག་ག་ན་ཁཾ་ཞེས་བརྗོད་པར་བྱའོ། །ཕྱག་རྒྱ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏི། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུཾ་ཞེས་བྱ་བས་འབྱུང་པོ་ཀུན་ལ་མཆོད་པར་བྱའོ། །དེ་ནས་གསང་སྔག་འདི་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཨ་ས་མེ་ཏྲི། ས་མེ་མ་ཧཱ་ས་མ་ཡ། སརྦ་པ་པཾ་སཝཱ་ཧཱ། ཕྱག་རྒྱ་ཐལ་མོ་སྦྱར་ལ་གསོལ་བ་གདབ་སྟེ་དམ་ཚིག་གསོ་བའོ། །འཕག་པ་མི་གཡོ་བའི་གཟུངས་ལས་ལེའུ་གཉིས་པའོ།། །།
98.100a
དེ་ནས་དམ་ཚིག་ནི་འདི་ཡིན་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནི་འབྲས་བུ་དང ། ལམ་དང ། སྒྲུབ་པའི་ཁྱད་པར་ཏེ། གང་ནས་བརྩམ་ཏེ་ཁྱད་པར་གྱིས་མཆོད་ཅིང་ནམ་དུ་ཡང་མི་འབྲལ་བར་བྱའོ། །ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་སྒོམ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །སྔགས་དང ། ཕྱག་རྒྱ་དང ། སྔགས་དང་ཕྱག་རྒྱའི་རྟེན་རྒྱུན་དུ་བཅང་ཤིང་བྲལ་བར་མི་བྱའོ། །ལྷ་དང ། བླ་མ་དང ། བྱང་ཆུབ་ཀྱི་གྲོགས་ལ་ཁོད་ནས་འཁྲུག་པའི་སེམས་སྤང་ངོ ། །སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་སྔོན་དུ་སོང་བས་གནོད་པ་དང ། རྣམ་པར་འཚེ་བ་སྤངས་ཏེ་ནམ་ཡང་དོར་བར་མི་བྱའོ། །སེར་སྣ་སྤངས་ཏེ་སེམས་ཅན་ལ་སྦྱིན་པ་སྦྱིན་པར་བྱའོ། །སེམས་ཅན་ལ་གནོད་པ་དང ། རྣམ་པར་འཚེ་བ་སྤངས་པའི་ཚུལ་ཁྲིམས་བསྟེན་པའོ། །རང་ལ་རྣམ་པར་འཚེ་བ་ལ་བཟོད་པར་བྱའོ། །རང་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དོར་བར་མི་བྱའོ། །རྣམ་པར་གཡེང་བ་སྤངས་ཏེ་བསམ་གཏན་ལ་མཉམ་པར་བཞག་གོ་།ཉལ་བ་དང་ལྡང་བ་ཀུན་ཏུ་རང་བཞིན་གྱིས་རྣམ་པར་དག་པའི་དོན་ལ་མ་ཡེངས་པར་བྱའོ། །དམ་ཚིག་མེད་ཅིང་མི་གནས་པ་ལ་བསམ་གཏན་དང ། ཏིང་ངེ་འཛིན་དང ། སྔགས་དང ། ཕྱག་རྒྱ་ལ་སོགས་པ་ཀུན་བསྟན་ཅིང་བཤད་པར་མི་བྱའོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ཕྱིན་ཅི་ལོག་པ་དང་བརྫུན་དུ་སྨྲ་བ་ནི་ཚངས་པར་སྤྱོད་པ་དང ། སྤྱད་པར་འདོད་པས་སྤང་བར་བྱའོ། །དགེ་སློང་རྣམས་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། དམ་ཚིག་དང་ལྡན་པ་ལ་གུས་པར་བྱ་ཞིང་བརྙས་པར་མི་བྱའོ། །ཐུན་མཚམས་ཀྱི་སྦྱོར་བ་དང་ལྡན་པར་བྱའོ། །ཁྲོ་བ་དང ། བབ་ཆོལ་དུ་སྨྲ་བ་དང ། ལད་ལུད་དང ། བཤང་གཅི་འདོར་བ་དང ། དྲི་མ་འཁྲུ་བ་དང ། སྐྲ་དང་སེན་མོ་ལ་སོགས་པའི་མི་གཙང་བ་དེ་དག་དང ། དྲི་ང་བ་དང ། དྲི་མ་མི་ཞིམ་པ་དཀུ་ཞིང་མནམ་པ་དང་ལྡན་པ་ཐམས་ཅད་སྤང་བར་བྱའོ། །ཁང་པ་ནི་སྤོས་ཀྱི་ཁང་པ་ཡིད་དུ་འོང་བ་གཙང
98.100b
ཞིང་དྲི་མ་མེད་པ་དག་བཀྲ་ཤིས་པའི་སྒོ་ཤར་དུ་བསྟན་པ། གསེང་སྐར་དང་བཅས་པའི་ཁང་པ་འམ། བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་ཀུན་དགའ་ར་བ་འམ། ལྷ་ཁང་ངམ། རི་བོའི་རྩེ་འམ། བྱ་སྐད་སྒྲོགས་པའི་ས་འམ། དགོན་པ་འམ། བས་མཐའ་འམ། སྤང་ལྗོངས་དག་ཏུ་དྲི་ཞིམ་པོའི་ཆུས་བརྐྱང་ནུལ་བྱས་ལ། རྩའི་སྟན་བཏིང་སྟེ་གནས་པར་བྱའོ། །ཁྲི་ལ་འདུག་པ་སྤང་བར་བྱའོ། །ཞོ་དང་འོ་མ་དང ། མར་དང ། ལ་དུ་དང ། ལག་པན་དང ། སྣུམ་མཁུར་དང ། མཁུར་སྐྱ་དང ། འབྲས་དང ། འབྲས་ཟན་ལ་སོགས་པ་དག་བསྨྱུང་བ་དང་ལྡན་པས་བཟའ་བར་བྱའོ། །ཤ་དང ། ཆང་དང ། སྒོག་པ་ལ་སོགས་པ་དཀུ་བའི་ཟས་རྣམས་ཀུན་དུ་སྤང་བར་བྱའོ། །ཟླ་བ་དང ། སྐར་མ་དང ། ཚེས་གྲངས་ལ་སོགས་པ་ནི་ཡར་གྱི་ངོ་དག་ལ་དཀོན་མཆོག་ལ་གསོལ་བ་བཏབ་ལ་བསྒྲུབ་པར་བྱའོ། །རེ་བ་དང་རྔ་མ་དང ། རྩུབ་པ་དག་ནི་མ་ཡིན་ནོ། །འདོད་པའི་དོན་དུ་འཇམ་ཤིང་གནག་པ་ལ་ནི་འགལ་བ་མེད་དོ། །དུས་རྟག་ཏུ་ཡིད་དམ་ལ་དད་པ་བསྐྱེད་པའི་ཕྱིར་བྱམས་པའི་བསམ་པ་དང་ལྡན་པས་བསྒྲུབ་པར་བྱའོ། །སྤྲུལ་པའི་ཁྲོ་བོ་རྡོ་རྗེ་ཤུགས་ཅན་ནི་ཁ་དོག་ཤིན་དུ་གནག་པ་སྟེ། ང་དང་ང་ཡིར་འཛིན་པའི་བདག་ཉིད་གནམ་ལྕགས་ཀྱི་འཁོར་ལོ་བསྣམས་པའོ། །རྡོ་རྗེ་ཆགས་ཆེན་ནི་མདོག་དམར་པོ་ཆགས་པ་དང་ཆགས་པར་བྱེད་པའི་བཞིན་གྱི་མདའ་གཞུའོ། །རྡོ་རྗེ་རྣོན་པོ་ནི་ལྗང་ཁུ་སྟེ། འཛིན་ཅིང་ཡོངས་སུ་འཛིན་པའི་བདག་ཉིད་ལྕགས་ཀྱུ་འཛིན་པའོ། །རྡོ་རྗེ་འབར་བ་ནི་མདོག་དམར་པོ་སྟེ། མི་ཤེས་པ་དང་མི་ཤེས་པ་འཇོམ་པའི་བདག་ཉིད་ཀྱི་རྡོ་རྗེའི་བྲག་འཛིན་པའོ། །རྡོ་རྗེ་ཁྲོ་བོ་ནི་སེར་པོ་སྟེ། ཁྲོ་བ་དང་ཁྲོ་བོའྀ་བདག་ཉིད་ཀྱི་རལ་གྲི་འབར་བ་བསྣམས་པའོ། །རྡོ་རྗེ་གཏུམ་ཆེན་ནི་མདོག་ལྗང་ནག་སྟེ། བཏང་སྙོམས་དང་བཏང་སྙོམས་སུ་གྱུར་པའི་བདག་ཉིད་ཀྱི་སྤྲིན་གྱི་ཞགས་པ་འཛིན་པའོ། །རྡོ་རྗེ་ཐབ་བདག་ནི་དུ་བའི་མདོག་ཅན་བྱ་བ་དང་བྱེད་པའི་བདག་ཉིད་ཀྱི་རྫ་རྔ་བསྣམས་པའོ། །རྡོ་རྗེ་སྟོབས་ཆེན་ནི་མཐིང་ག་སྟེ། དམན་པ་དང །
98.101a
དམན་པའི་རང་བཞིན་ཅན་གྱི་གནམ་ལྕགས་ཀྱི་འཁོར་ལོ་འཛིན་པའོ། །རྡོ་རྗེ་རྒྱུའི་སྟོབས་ནི་དམར་ནག་སྟེ། རྟེན་འབྲེལ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཀྱི་བེ་ཅོན་འཛིན་པའོ། །རྡོ་རྗེ་རབ་འབྱེད་ནི་སྣ་ཚོགས་ཕྲིན་ལས་ཀྱི་མདོག་ཅན་མཐའ་དང་མཐའ་ལས་གྲོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་རྩེ་གཅིག་པ་བསྣམས་པའོ། །དེ་དག་ནི་བཅུའི་བདག་ཉིད་ཅན་གྱི་མེ་འབར་བའི་སྐུའི་ལས་རབ་ཏུ་འཕྲོ་བའོ། །འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས་ལས་ལེའུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཐུན་མོང་དུ་དེ་དག་པའི་ཕྱིར་དེའི་ཆོ་ག་གསུངས་པ། གནས་ཁང་ཡིད་དུ་འོང་བར་དྲི་ཞིམ་པོ་དང་ལྡན་པའི་ས་ལ་མཎ་ཌལ་མདའ་གང་བ་བྱས་ཏེ། བའི་རྣམ་ལྔའི་བརྐྱང་ནུལ་བྱས་ལ། མེ་ཏོག་སྔོན་པོ་དགྲམ་པར་བྱའོ། །དེ་ནས་བུམ་པ་གསེར་རམ། དངུལ་ལམ། ཟངས་ལས་བྱས་པའི་ལྷུང་བཟེད་གྱི་ཚད་དུ་བྱ་སྟེ། དེར་རིན་པོ་ཆེ་གསེར་དང་དངུལ་དང ། ཟངས་དང ། བྱི་རུ་དང ། མུ་ཏིག་དང ། རྣམ་པ་ལྔ་གཞུག་པར་བྱའོ། །སྦྲང་རྩི་དང ། བུ་རམ་དང ། ཁ་ར་དང ། ཞོ་དང ། འོ་མ་དང ། མར་རྣམས་གཞུག་པར་བྱའོ། །ནས་དང ། འབྲས་དང ། སོ་བ་དང ། ཏིལ་དང ། གྲོ་དང ། ཅུ་རྩེ་རྣམས་གཞུག་པར་བྱའོ། །བཅུ་གང་དང ། གུར་ཀུམ་དང ། ཛཱ་ཏི་དང ། སུག་སྨེལ་དང ། ཀ་ཀོ་ལ་དང ། ལི་ཤི་རྣམས་གཞུག་པར་བྱའོ། །ཙན་དན་དང ། ་ཀ་རུ་དང ། དུ་རུ་ཀ་དང ། གླ་རྩི་དང ། རྒྱ་སྤོས་དང ། ག་བུར་ལ་སོགས་པའི་དྲི་རྣམས་ཀྱང་གཞུག་པར་བྱའོ། །མཚོ་དང་རྫིང་དང ། ལྟེང་ཀ་དང ། འབབ་ཆུ་དང་ལུ་མ་བཀོད་མ་རྣམས་གྱི་ཆུ་ཡང་བླུགས་ལ་བ་ལའི་རས་ལ་དྲིའི་ཆུས་བསང་བས་མགུལ་པ་བཅིངས་ཏེ་གཞག་པར་བྱའོ། །དྲི་དང ། མེ་ཏོག་དང་འབྲས་བུ་དང་བཅས་པའི་ཤིང་ལ་ཁ་རྒྱན་བྱས་ཏེ། དྲི་དང ། སྤོས་དང ། མེ་ཏོག་དང ། མར་མེ་དང ། བྱུག་པ་དང ། ལྷ་བཤོས་དང ། རོལ་མོའི་སྒྲ་དག
98.101b
ཀྱང་བཤམ་པར་བྱའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་ཆ་བདུན་ནམ་ལྔ་ལ་སོགས་པ་བྱའོ། །ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཨ་ཙ་ལ་ཙཎ་ཌ་མ་ཧཱ་རོ་ཥ་ཎ། སརྦ་བིགྷ་ནན་སྤོ་ཊ་ཡ། བཛྲ་དྷྲྀག་ཁངྒ་ཧཱུཾ་ཞེས་བྱ་བས་མཚམས་རྣམས་བཅིང་བར་བྱའོ། །དེ་བཞིན་དུ་བསྲུང་བའི་ཆོ་ག་རྫོགས་པར་བྱ་སྟེ། བུམ་པ་ལ་གཟུངས་ཀྱི་ཐག་པ་བཏགས་ནས་རྣམ་པར་དག་པའི་ཡི་གེས་ཡོངས་སུ་བསྒྱུར་བའི་བུམ་པ་ལ་ཧཱུཾ་ཞེས་བྱ་བའི་ས་བོན་ལས་ཁ་དོག་དང ། ཚད་དང་ལྡན་པ་འི་བུམ་པའོ། །ཐུགས་ཀྱི་ས་བོན་ལས་བྱུང་བའི་བཅོམ་ལྡན་འདས་དོན་དེ་ཁོ་ན་ཉིད་ལས་མཉམ་པར་བཞུགས་པ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། འཕགས་པའི་གང་ཟག་དང་བཅས་པ་གང་ན་སེང་གེའི་སྟེང་ན་སྣ་ཚོགས་པའི་གདན་པད་མ་དང་ཟླ་བའི་སྟེང་ན་བཞུགས་པའོ། །ཆོས་ཉིད་དང་ལྡན་པའི་རྣམ་པ་དྲུག་གིས་བཅོམ་ལྡན་འདས་བསམ་པར་བྱའོ། །ཆོས་ཉིད་དང ། སེམས་དང ། སེམས་ཀྱི་རྣམ་པ་དང ། སྒྲ་དང ། སྒྲ་བརྙན་དང ། གཟུགས་དང ། གཟུགས་བརྙན་དང་བཅས་པའི་སྐུར་ཉི་མའི་གདན་པད་མ་དང་ཚོགས་ཀྱི་བདག་པོ་གླང་སྣའི་སྟེང་དུ་བསམས་ཏེ། ཐུགས་ཀྱི་ས་བོན་ལས་རལ་གྲི་མེ་འོད་དང་བཅས་པས་ནམ་མཁའ་ཀུན་ཏུ་ཁེབས་པའོ། །དེ་ལས་བདུད་ཚར་གཅོད་པའི་བཅོམ་ལྡན་འདས་ཀྱི་སྐུར་བསམས་ཏེ། མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཨོཾ་ཨཱཿ ཧཱུཾ། པྲ་བྲ་བྷ་སད་ག་ར་པྲ་ཏི་ཛ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཨོཾ་ཨཱ་ཧཱུཾ། སརྦྦ་དེ་བ་ཏ་ཨ་ཙིན་ཏྱ་ཨ་མྲྀ་ཏ་དྷ་ར་ཡ་སཝཱ་ཧཱ། ཞེས་བརྗོད་པར་བྱའོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཨ་ཧ་ར་བྷ་ག་བཱ་ན། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སཝཱ་ཧཱ། ཞེས་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ། ཨོཾ་ཨཱ་ཧཱུཾ། དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་དྷཱུ་པེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ། ཨོཾ་ཨཱ་ཧཱུཾ། མ་ཧཱ་མཻ་ཏྲི་བྷྱ་ག་ཏེ་པུཥྤེ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ་ཨོཾ་ཨཱཿ ཧཱུཾ་སརྦྲ་ཏ་ཐཱ་ག་ཏ་ཨ་ཙི་པྲ་ན་ཨ་བྷ་བ་ག་ག་ན་བྷྱ་ནིརྱ་ཨཱ
98.102a
ལོ་ཀེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཨོཾ་ཨ་ཧཱུཾ། ག་ག་ན་ས་མ་ཡ་གན་དྷེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ། ཨ་ཧ་ར་སརྦྭ་ཏ་ཐཱ་ག་ཏེ་ནི་ཝེ་དྱེ་པཱུ་ཛ་ན་སྥ་ར་ཎ་ཡེ་ཧཱུཾ་སཝཱ་ཧཱ། ཞེས་བརྗོད་པར་བྱའོ། །ན་མ་ས་མན་ཏ་བུད་དྷ་ནཱཾ། ཨ་བི་སྨ་ར་ཡེ། སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ། ཨཱ་ཀཱ་ཤཱ་ཡ། ས་མན་ཏ་ཡ། སརྦ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་མཎ་ཌ་ལེ། མ་མ་པྲ་ནི་ཏི་པུ་པུ་ཛ་ན་མ་བེ་ལེན། དྷརྨ་དྷཱ་དུ། ཨ་དྷིཥྛཱ་ན་པཱ་ཙ་ཧཱུཾ་སཝཱ་ཧཱ། ཞེས་བརྗོད་དོ། །རྡོ་རྗེ་དང་དྲིལ་བུ་བསིལ་བར་བྱའོ། །ཐལ་མོ་བཀན་ལ་མཛུབ་མོ་གཉིས་གུང་མོའི་རྒྱབ་དུ་ཅུང་ཞིག་བཀུག་ལ་སྦྱར། སྲིན་ལག་དང་མཐེའུ་ཆུང་བསྣོལ་ལ་མཐེ་བོ་ཅུང་ཞིག་བཀུག་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་གུང་མོ་ལ་བརྟེན་ཏེ་ཅུང་ཟད་བཀུག་ནས་གུང་མོ་བསྒྲེང་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ཏེ་ནང་དུ་བཅུག་ནས། མཛུབ་མོ་མཐེ་བོས་མནན་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །མཐེ་བོ་དང་གུང་མོའི་སོར་མོ་རྩེ་སྤྲད་དེ། ལྷག་མ་ཁུ་ཚུར་བཅང་པ་ནི་མར་མེའི་ཕྱག་རྒྱའོ། །མི་འཇིགས་པའི་ཕྱག་རྒྱ་ལག་པ་གཡོན་པས་འཁྲིག་མ་བཏེག་པ་ནི་དྲིའི་ཕྱག་རྒྱའོ། །ཐལ་མོ་བཀན་པའི་ཟུར་སྦྱར་ཏེ། མཐེའུ་ཆུང་གཉིས་གཤིབས་ནས་བསྒྲེང་བ་ནི་ལྷ་བཤོས་ཀྱི་ཕྱག་རྒྱའོ། །སྤྱི་བོར་ལག་པ་བསྐོར་ཏེ། ཐལ་མོ་ཁོང་སྟོང་སྦྱར་ནས་དགྲོལ་བ་ནི་རྒྱ་ཆེན་པོའི་མཆོད་པ་སྟེ་མཆོད་པའི་རྫས་རྣམས་རང་བཞིན་གྱིས་དག་པའི་ལྷ་མོས་རྫས་སྦྱངས་པའོ། །ན་མ་ས་མན་ཏ་བུད་དྷཱ་ནཱཾ། ཨ་བྷཱ་བ་སཝ་བྷཱ་བ་མུད་ག་ཊ་ནཱཾ། ན་མ་པྲེ་ཏ་ཀ་བུད་དྷ་ཨཱརྱ་ཤྲ་ར་བ་ཀ་ནཾ། ན་མོ་བོ་དྷི་སཏྭ་ནཱཾ། ད་ཤ་བྷུ་མི་པྲ་ཏིཥྛི་ཤ་ར་ཎཾ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ནཾ། ཏདྱ་ཐཱ། ཨཱོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུཥྚ་སཏྭཱ་ཀ་མ་ཀྲ་ཨ་སི་མུ་ས་ལ་པ་ར་ཤུ་བ་ཤ་ཧསྟཱ་ཡ། ཙ་ཏུར་བྷུ་ཛཱ། ཙ་ཏུར་མུ་ཁ་ཥཊ་ཙ་ར་ཎ། གཙྪ་ཡ་གཙྪ་ཡ། སརྦ་བིགྷ་ནཾ་གྷ་ཏ་བི་ཀྲཾ་ཏ་ནཱན། སརྦ་བྷུ་ཏ་བ་ཡཾ་ཀར་ཨཊྚ། ཧ་ས་ནི་ནཱི་ཏེ་བྱཱ་གྷྲ་ཙ་མཾ་བཱ་ས་ནི། ཀུ་རུ་ཀུ་རུ་སརྦ་དྷརྨ་ཎཱཾ། ཙྪིན་དྷ་ཙྪིན་དྷ། སརྦ་མན་ཏྲ། བྷིན་དྷ་བྷིན་དྷ། པ་ར་མན་ཏྲ། ཨཱ་ཀཪྵཱ་ཡ། ཨཱ་ཀཪྵཱ་ཡ། སརྦ་བྷཱུ་ཏ།
98.102b
ནིར་མ་ཐ་ནིར་མ་ཐ། སརྦ་དུཥྚཾ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། མཎ་ཌ་ལ་མ་དྷེ་བྷཻ་བ་ས་ཏྭཱ་ཛི་བི་ཏནྟ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མ་མ་སརྦ་ཀ་དྱམ། ད་ཧ་ད་ཧ། པ་ཙ་པ་ཙ། མ་བི་ལམྦ། ས་མ་ཡ། ཨ་ནུ་སྨ་ར་ཧཱུཾ་ཧཱུཾ་སྤོ་ཊ་ཡ་སྥོ་ཊ་ཡ། སརྦ་ཥཊ་པ་རི་པུ་ར་ཀ་།ཧེ་བྷ་ག་བཱ་ན། ཀཉྩི་རཱ་ཡ་སི། མ་མ་སརྦཱ་ཐཾ་སཱ་དྷ་ཡ། ཨ་མོ་གྷ། ཙཎ་ཌ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཏྲ་མ་ཧ་མཾ། ཞེས་པ་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བར་དམིག་ལ་ལས་དང་རྣམ་པར་སྨིན་པ་དང ། འཇིག་པ་དང་གནོད་པ་དང ། རྣམ་པར་འཚེ་བ་དང ། ནད་ལ་སོགས་པ་ཞི་བར་དམིགས་ཏེ་བཟླས་པར་བྱའོ། །དེ་ནས་གཏོར་བར་འདོད་པས་ཟློས་པའི་ཚེ་གདམ་པའི་ཚུལ་གྱིས་དབུལ་བར་བྱའོ། །འཕགས་པའི་མི་གཡོ་བའི་གཟུངས་ལས་ལེའུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་རས་རིས་ཀྱི་ཆོ་ག་གསྲུངས་པ། ཤིང་བལ་ཤིན་དུ་དྲི་མ་མེད་པ་ལ་བྲམ་ཟེ་འམ་གཙང་སྦྲ་དང་ལྡན་པས་ཁྲུས་བྱས་ཏེ། དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ལ་བརྟག་པར་བྱའོ། །རིགས་ངན་དམང་རིགས་ལ་སོགས་པའི་རས་དག་ནི་སྤང་བར་བྱའོ། །རས་དེ་གུར་ཀུམ་དང་གླ་རྩི་དང ། ་ཀ་རུ་ལ་སོགས་པའི་ཆུས་དཀྲུས་ཏེ་དག་པར་བྱའོ། །དེ་ནས་སྔགས་འདི་གྲོ་ག་འམ་རས་ལ་བྲིས་ནས་གདགས་པར་བྱའོ། ། ཨཱ་ཨི་ཨཱི་ཨུ་ཨུ། རྀ་རཱྀ་ལྀ་ལཱྀ། ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཞེས་བྱ་བ་བྲིས་ཏེ་དགོད་པར་བྱའོ། །དེ་ནས་སྔགས་འདི་ལན་བདུན་བརྗོད་པར་བྱའོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་ཐ་ཧཾ་མཾ། ཨོཾ་བཱ་ཀྱེ་དཾ་ན་མ་ཞེས་བྱ་བ་ལས་ཐམས་ཅད་འགྲུབ་པ་སྟེ། གུར་ཀུམ་དང་ཙན་དན་དང ། གླ་རྩིའི་ཆུ་ལ་བསྔགས་ཤིང་གཏོར་བར་བྱའོ། །དེ་ནས་རི་མོ་མཁན་ཁྲུས་དག་པར་བྱ་སྟེ། བྲམ་ཟེའི་རིགས་ཀྱིས་བྲི་བར་བྱའོ། །ཚོན་ནི་གསེར་དང་དངུལ་དང ། ཟངས་དང ། ལྕགས་རང་གིས་བྲི་བར་བྱ་བ་འམ། ཡང་ན་དཀར་རྩི་དང ། མཚལ་དང །
98.103a
ལྡོང་རོས་དང ། བ་བླ་དང ། སྤང་མ་དང ། མཐིང་ཤུན་དང ། རྒྱ་སྐྱེགས་དང ། རྡོ་སོལ་དང ། སྣག་ཚ་དང ། དེ་ལ་སོགས་པའི་ཚོན་རྣམས་ལ་ཨ་ཀ་རུ་དང ། དུ་རུ་ཀ་དང ། ཙན་དན་དང ། གླ་རྩི་དང ། རྒྱ་སྤོས་ལ་སོགས་པ་རྣམས་དང་སྦྱར་ལ་སྔགས་འདི་ལན་བདུན་བརྗོད་དེ་བྲི་བར་བྱའོ། །ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ཐ་ཧཾ་མཾ། བཱ་ཀྱེ་ཧཱུཾ། ཨོཾ་ཨ་བི་ར་ཧཱུཾ། ཁེ་ཙ་ར་མཾ་ཞེས་བརྗོད་ལ་བྲི་བར་བྱ་སྟེ། ཁྱད་པར་བཟང་པོ་འཛོམ་པའི་དུས་སུ་ཚུལ་ཁྲིམས་དང་ལྡན་ཞིང་དག་པ་ལ་ཁ་ཟས་བྱིན་ཏེ་སྤྱན་དབྱེ་བར་བྱའོ། །བྲི་བ་ཡང་དེ་བཞིན་ཏེ། སྤྱན་འབྱེད་པའི་དུས་སུ་སྔགས་འདི་བརྗོད་དོ། །ན་མཿ ས་མན་ཏ་བུད་དྷ་ནཱཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ཐཱ་ཧཱཾ་མཱཾ། ག་ག་ན་བ་ར་ལ་ཀྵ་ཎ་ཀ་རུ་ཎ་མ་ཡ། སརྦ་ཏ་ཐཱ་ག་ཏ་ཙཀྵུ་ཨོཾ་ཨཱ་ཧཱུཾ་སཝཱ་ཧཱ། ཞེས་སྦྲང་རྩི་གསེར་གྱི་ཐུར་མ་ལ་བྱུགས་ལ་ལན་གསུམ་དུ་བྱུགས་པར་བྱའོ། །བྲི་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང ། འདྲི་མཁན་ལ་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱ་སྟེ། གསེར་རམ། དངུལ་ལམ། ཟངས་སམ། རཝའམ་རྡོ་བ་དག་ལས་བྱེད་ན་ཡང་དེ་བཞིན་དུ་བྱའོ། །གཟུགས་དང་སྐུའི་ཁྱད་པར་གྱི་རང་བཞིན་མ་ཡིན་པས་ཁྱད་པར་ཐ་དད་པར་དག་ཏུ་སྟེ། རང་བཞིན་དང་ལྡན་པ་ལ་བར་ཆད་ཞི་བར་བྱ་བའི་ཕྱིར་གཟུགས་སྐུ་ལས་ནི་ཡོངས་སུ་བསྒྱུར་ནས་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ཁྱད་པར་བཟང་པོའི་དུས་སུ་ཁང་པ་བའི་རྣམ་ལྔས་བྱུགས་པར་བྱས་སྟེ། རས་རིས་དང ། ཐང་ཀ་དང ། པོ་ཏི་དང ། གླེགས་བམ་ལ་སོགས་པ་མཎ་ཌལ་གྱི་སྟེང་དུ་བཞུགས་སུ་གསོལ་ཏེ། སྤོས་དང ། མེ་ཏོག་དང ། མར་མེ་དང ། དྲི་དང ། ལྷ་བཤོས་ལ་སོགས་པའི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་བཤམས་ཏེ། གཏོར་མ་ཡང་དེ་བཞིན་དུའོ། །གདུགས་དང ། རྒྱལ་མཚན་དང ། བ་དན་དང ། བླ་རེ་ལ་སོགས་པ་ཡང་བྲི་བར་བྱའོ། །དེ་ནས་ཁྲོ་བོའི་སྐུ་དང་ལྡན་པས་སྔགས་བརྗོད་པར་བྱ་ཏེ། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཨ་མོ་གྷ་ཨེ་ཧི།
98.103b
་པྲ་ཏི་ཧ་ཏ་ཨ་ཙ་ལ་ཙེ་ཏ་ཨེ་ནཾ་ཏ་ཀ་ཎཾ། ཏིཥྛ་ཏིཥྛ། ཙུ་རུ་ཙུ་རུ། ཏ་དི་ཏ་དི། ཏ་ཊ་ཏ་ཊ། བིགྷ་ན་ན་གྷ་ཏཱ་ཡ། མཱ་ར་ཡ་ཁ་ད་ཡ། སྥོ་ཊ་ཡ། ས་ཏཾ་ཙ་མེ། ཨ་ནུ་བན་དྷ་ཡ། ཨ་ཛྙཾ་ཀུ་རུ། ཨ་དྷ་ཧ་དྷ་ཧ་ནཾ་ཀྲ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ཧཾ་ཧཾ་མཾ་མཾ། ཨེ་ཏེ་བ་ལ་ཨེ་ཏེ་བ་ལ། ཨེ་ཧི་མ་ཧཱ་ནུ་ནི་བི་ཤ་ན། ནཊྚ་ནཊྚ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཨ་ཙ་ལེ་ཙེ་ཧ། ཏ་ཊ་ཏ་ཊ། ད་མ་ད་མ། ཕཊ་ཕཊ། ཞེས་འབུམ་བརྗོད་པར་བྱ་སྟེ། ལྷའི་སྐུ་གཉིས་ལ་ནི་བྱེ་བའོ། །ཞི་བ་ནི་སྤྲུལ་པའི་སྐུ་སྟེ། སྔོན་དུ་ནི་དེ་བཞིན་དུ་ཤེས་པར་བྱའོ། ། ཀ་རུ་དང ། དུ་རུ་ཀ་དང ། ཙན་དན་དང ། ག་པུར་དང ། གླ་རྩི་དང ། རྒྱ་སྤོས་ཀྱི་ཆུ་ལ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏེ་བྷྱ། ཨར་ཧ་ཏེ་བྷྱ། སམྱཀ་སམ་བུད་དྷཱ་ཡ། ཏདྱ་ཐཱ། མུ་ནི་མུ་ནི་མ་ཧཱ་མུ་ནི་ཨོཾ་ཛ་ཡེ། ཛ་ཡེ། བཱ་ཀྱེ་ཤེ་སཝཱ་ཧཱ། ཨོཾ་བཱ་ཀྱེ་བཾ་ཛ་ཡ། ཨོཾ་བཱཀྱེ་ནིཥྚེ་ཡེ། ཨོཾ་བཱཀྱེ་ན་མཿ ོཾ་བཱཀྱེ་དཾ་ན། ཨོཾ་ཨཱཿ ཧཱུཾ་ཧཾ་མཾ་ཞེས་བྱ་བས་སྐུ་ཁྲུས་བྱའོ། །དེ་ནས་རོལ་མོ་བསྒྲག་པར་བྱ་སྟེ། རྫས་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ནས། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཧཾ་མཾ། ཨོཾ་ཨཱདྱཱ་ནུཏ་པན་ན་ཏྭཏ་པྲ་བྷ་སཝ་ར་སུ་བི་ཤུད་དྷ། དྷརྨ་དྷཱ་ཏུ། སཝ་བྷཱ་བ་ཨཏྨ་ཀོ\ུ0f85་ཧཱཾ། ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཏུ་བརྗོད་པའི་གཟུངས་སྔགས་སོ། །ན་མ་སྟྲཻ་ཡད་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ནཾ་ཙཎ་ཌ་ཙཎ་ཌ། བ་ལ་བ་ལ། བ་ཏྲ་བ་ཏྲ། ཤཱནྟེ་ཤཱནྟེ། ཧ་ལ་ཧ་ལ། བ་ར་བ་ར། མ་རཱ་ན་མ་རཱ་ན། བཛྲ་ད་ལ་སྥོ་ཊ་ལ། ལི་ཏི་ཏ་ཤི་ཁར། ས་མན་ཏ་བཛྲ་ནི་ཛྭ་ལ་ཛྭ་ལ། ན་མོ་ཏུད་ཏེ། ཨ་མོ་གྷ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ས་སཾ་ར་ན་ར་ན། ཧཾ་ཧཱུ་ལ་བཛྲ་སྥོ་ཊ་མཾ་སཝཱ་ཧཱ། ན་མ་སྟྲཻ་ཡད་དྷྭི་ཀཱ་ནཾ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་དྲ་ཨ་པྲ་ཏི་ཧ་ཏཱ་བཱ་པ་ཏི་དྷརྨ་ཏ་བ་ལི་ནཱཾ། ཨཾ་ཨ་ས་མ་ས་མ་ས་མན་ཏོ་ཨ་ནཱཾ་ཏ་ཏཱ་བཱ་པ་ཏི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་།བུད་དྷ་དྷརྨྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ
98.104a
ག་རེ་སཝཱ་ཧཱ། ན་མཿ ས་མན་ཏྲ་བུད་དྷཱ་ཡ། ན་མཿ སརྦ་བུད་དྷ་བོ་དྷི་སཏྭ་ནཱཾ། ཨོཾ་ཨ་ར་ཛེ་བི་ར་ཛེ། མ་ཧཱ་བི་ར་ཛེ། མ་ཧཱ་བི་ར་ཛེ། སཝ་ར་ཏེ་སཝ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མ་ནི། སཾ་བྷ་ཛ་ནི་ར་མ་ཏི། སིད་དྷ་ཨ་ཏྲེ་ཏྲཾ་སཝཱ་ཧཱ་ཞེས་བརྗོད་དོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་རྣམ་པར་དག་པའི་གཟུངས་ཏེ། ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་ལྷ་དང ། སྔགས་དང ། ཕྱག་རྒྱ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་དམ་ཚིག་གསུམ་དང་ལྡན་པའི་གཟུངས་འདིས་ལྷ་དང ། སྔགས་དང ། ཕྱག་རྒྱ་བཅིངས་པ་རྣམས་ནུས་པ་དང་ལྡན་པར་འགྱུར་རོ། །ལྷ་དང ། སྔགས་དང ། ཕྱག་རྒྱ་རྣམས་ཀྱིས་ལྟས་དང་མཚན་མ་བར་ཆད་མེད་པར་འགྱུར་རོ། །སྲོད་དང་ཐོ་རངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་གཟུངས་འདི་རྗེས་སུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསུམ་བཀོད་པའི་ཁྲུས་འདི་ལ་བརྩོན་པར་བྱའོ། །ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཏད་ཡ་ཐཱ། ཨོཾ་ཨི་ཧོ་ཤུད་དྷེ། མཾ་ཧོ་ཤུད་དྡྷེ་ཤུད་དྡྷེ་རཾ་ཧོ་ཤུད་དྡྷེ་ཤུད་དྷེར་ཧོ་ཨཾ་ཤུད་དྷེ་ཤུད་དྷེ། ཨ་ཤུ་མཾ་བི་ཤུད་དྷེ། ཤུད་དྷེ་ཤུད་དྷྲེ། ས་མ་ཡ་སཝཱ་ཧཱ་ཞེས་བརྗོད་དོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིགས་གསུམ་བཀོད་པའི་བཟུངས་ཏེ། ཆུ་ལ་སྔགས་བཟླས་ནས་ཁྲུས་བྱས་ན་སྡིག་པ་ཀུན་འདག་པར་འགྱུར་རོ། །རྨིག་ལམ་ངན་པ་དང ། ལྟས་ངན་པ་དང ། མཚན་མ་ངན་པ་དང ། དུས་མ་ཡིན་པའི་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིམ་དང་འབྲུམ་བུ་དང ། ལྷ་གོར་དང ། འབྲས་དང ། ཤུ་བ་དང ། འགོ་བའི་ནད་དང ། འཚེ་བ་ལས་ཐར་བར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། མི་འམ་ཅི་དང ། ལྟོ་ཕྱེ་ལ་སོགས་པ་ཙར་གཅད་པའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་གསུང་པ། དང་པོ་ཆོས་ཀྱི་དབྱིང་ཀྱི་རང་བཞིན་གྱི་ཨེའི་རྣམ་པ་ཅན་གྱི་ནམ་མཁའོ། །
98.104b
རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་ཅན་ཡཾ་ལས་བྱུང་བའོ། །ཆུའི་དཀྱིལ་འཁོར་གངས་ལྟར་དཀར་བའི་ཟླུམ་པོ་བུམ་པ་ཅན་བཾ་ལས་སོ། །སའི་དཀྱིལ་འཁོར་གསེར་གྱི་མདོག་ཅན་གྲུ་བཞི་རྡོ་རྗེ་ཅན་ལཾ་ལས་བྱུང་བའོ། །དེའི་སྟེང་དུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཚད་དང་ལྡན་པ་ཨོཾ་ལས་བྱུང་བའོ། །མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བ་འབར་བ་དང་བཅས་པ་རཾ་ལས་སོ། །དེའི་ནང་དུ་བྷྲུཾ་ཁ་དོག་སྣ་ཚོགས་ལས་བྱུང་བའི་ཁང་བུ་བརྩེགས་པ་གྲུ་བཞི་པ་ལ་སྒོ་བཞི་དང་བཅས་པའི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ནི་ཤེལ་དང ། བཻ་དཱུརྱ་དང་བྱི་རུ་དང་ཨིན་དྲ་ནཱི་ལ་དང ། གསེར་ལས་གྲུབ་པའོ། །དེའི་ནང་སྣ་ཚོགས་པའི་པད་མ་འདབ་མ་བརྒྱད་པའི་གདན་ནོ། །ཤར་ཀྱི་འདབ་མ་ནི་ཤེལ་ལས་གྲུབ་པའོ། །ལྷོའི་འདབ་མ་ནི་བཻ་དཱུརྱ་ལས་གྲུབ་པའོ། །ནུབ་ཀྱི་འདབ་མ་ནི་བྱི་རུ་ལས་གྲུབ་པའོ། །བྱང་གི་འདབ་མ་ནི་ཨིན་དྲ་ནཱི་ལའོ། །མཚམས་རྣམས་ཀྱང་ཤེལ་དང ། བཻ་དཱུ་རྱ་དང ། བྱི་རུ་དང ། ིན་དྲ་ནཱི་ལ་ལས་གྲུབ་པའོ། །དབུས་སུ་ནི་ཚོགས་བདག་གླང་སྣའི་སྟེང་དུ་སྣ་ཚོགས་པའི་འདམ་སྐྱེས་དང་ཉི་མའི་གདན་ནོ། །ཤར་དུ་བརྒྱ་བྱིན། ལྷོར་ལྷ་ཆེན་པོ། །ནུབ་ཏུ་ཁྱབ་འཇུག་།བྱང་དུ་ཐགས་བཟངས་རིས་སོ། །ཤར་ལྷོ་མཚམས་སུ་ཚངས་པ། ལྷོ་ནུབ་མཚམས་སུ་གཞོན་ནུ། ནུབ་བྱང་དུ་དགའ་བྱེད། བྱང་ཤར་དུ་ཀུན་དུ་རྒྱལ་བ་ཏེ། ལྷ་ཆེན་པོ་བརྒྱད་ཀྱི་སྟེང་དུ་པད་མ་དང་ཉི་མའི་གདན་ནོ། །ཡི་གེ་རཾ་ལས་བྱུང་བའི་ཉི་མ་དང ། མཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མཾ་དང་ལྡན་པ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་མི་གཡོ་བ། ནམ་མཁའི་མདོག་ཅན། ་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པའོ། །རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་སྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞག་པ་སྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ཤར་དུ་བཅོམ་ལྡན་འདས་རྡོ་རྗེའི་རིགས
98.105a
ཡི་གེ་ཙཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཙཾ་དང་ལྡན་པ་ལས། བཅོམ་ལྡན་འདས་རྡོ་རྗེའི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་ཤེལ་ཀྱི་མདོག་ཅན། ཉི་མའི་སྙིང་པོ་ལས་པུས་མོ་རེག་ཅིང་བཞུག་པ། རིན་པོ་ཆེའི་རྒྱན་དང་ལྡན་པའོ། །བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱི་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་པ་ན་ཀླུ་ནོར་རྒྱས་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ལྷོར་བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཡི་གེ་དྷཱི་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་དྷི་དང་ལྡན་པ་ལས། བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་མི་གཡོ་བ། བཻ་དཱུརྱའི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུག་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱི་འགེངས་པ། ཕྱག་གཡས་ན་རལ་གྲི་སྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞག་པ་སྣམ་པའོ། །ཕུཿ ཕཱུཿ ཞེས་བྱ་བའི་སྒྲ་འདོན་པའོ། །ནུབ་ཏུ་བཅོམ་ལྡན་འདས་པད་མའི་རིགས་ཡི་གེ་མཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མཾ་དང་ལྡན་པ་ལས། བཅོམ་ལྡན་འདས་པད་མའི་རིགས་ཀྱི་བདག་ཉིད་ཅན་ཀྱི་མི་གཡོ་བ་བྱི་རུའི་མདོག་ཅན། ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱི་འགེངས་པ། གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་ཆུ་ལྷ་བསྣམས་པ་ཕུཿ ཕུཿ ཞེས་བྱ་བའི་སྒྲ་འདོན་པའོ། །བྱང་དུ་བཅོམ་ལྡན་འདས་ལས་ཀྱི་རིགས་ཡི་གེ་ཧཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཧཾ་དང་ལྡན་པ་ལས། བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་གདག་ཉིད་ཅན་གྱི་མི་གཡོ་བ་ཨིན་དྲ་ནཱི་ལའི་མདོག་ཅན། ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱི་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་རིག་ལྡན་བསྣམས་པ། ཕུཿ ཕུཿ ཞེས་བྱ་བའི་སྒྲ་འདོན་པ། ཤར་ལྷོ་མཚམས་སུ་རཾ་ལས་བྱུང་བའི་ཏྲི་ཤའུ་ལ་རཾ་གྱི་མཚན་པ་དང་ལྡན་པའི
98.105b
ཞལ་གཅིག་ཕྱག་བཞི་པའི་ཁམས་གསུམ་རྣམ་པར་རྒྱལ་བ་གཡས་ཀྱི་དང་པོ་ན་ཏྲི་ཤཱུ་ལ། གཡོན་ཀྱི་དང་པོ་ན་ཀླུ་མཐའ་ཡས་ཀྱི་བུ། གཡས་གཡོན་ཀྱི་འོག་མ་ན་རྡོ་རྗེ་དང་ཐོད་པ་བསྣམ་པ། ལྷོ་ནུབ་མཚམས་སུ་ཥཾ་ལས་བྱུང་བའི་དབྱུག་ཐོ་ཥཾ་གིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་གཤིན་རྗེ་གཤེད་པོ་བཻ་དཱུརྱའི་མདོག་ཅན། གཡས་ཀྱི་དང་པོ་ན་རྡོ་རྗེའི་དབྱུག་ཐོ། གཡོན་གྱི་དང་པོ་ན་ཀླུ་དགའ་བོ་བསྣམས་པའོ། །གཡས་གཡོན་གྱི་འོག་མ་གཉིས་ན་ཐོ་བ་ཕུར་བུ་བསྣམས་པ། ནུབ་བྱང་མཚམས་སུ་ཎ་ལས་བྱུང་བའི་ཁ་ཏྭཱཾ་ག་ཎའི་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་རྟ་མགྲིན་བྱི་རུའི་མདོག་ཅན། གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་གཡོན་གྱི་དང་པོ་ན་ཀླུ་པད་མ་ཆེན་པོ་བསྣམས་པ། གཡས་གཡོན་གྱི་འོག་མ་ན་ལྕགས་སྒྲོག་བསྣམས་པའོ། །བྱང་ཤར་མཚམས་སུ་ཧཱུཾ་ལས་བྱུང་བའི་བེ་ཅོན་ཧཱུཾ་གི་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་གཞི་པའི་བདུད་རྩི་འཁྱིལ་པ་ཨིན་དྲ་ནཱི་ལའི་མདོག་ཅན། གཡས་དང་པོ་ན་བེ་ཅོན། གཡོན་གྱི་དང་པོ་ན་ཀླུ་སྟོབ་ཀྱིས་རྒྱུ་བསྣམས་པ། གཡས་གཡོན་གྱི་ཐ་མ་གཉིས་བསྣོལ་ནས་བསྡིགས་པའོ། །ཤར་ལྷོའི་གྲུ་ཆད་ལ་ལྷ་མོ་བདུག་པ་མ་མདོག་མཐིང་ག་སྤོག་ཕོར་འཛིན་པ་དང་ལྡན་པ། ལྷོ་ནུབ་དུ་ལྷ་མོ་མེ་ཏོག་མ་མདོག་དཀར་མོ་མེ་ཏོག་།འཛིན་པ་དང་ལྡན་པའོ། །ནུབ་བྱང་དུ་ལྷ་མོ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་ལྷ་མོ་དྲི་ཆབ་མ་ལྗང་གུ་དྲི་ཆུ་བསྣམས་པའོ། །དེ་དག་ནི་གཞོན་ནུ་ལང་ཚོ་ལ་བབ་པ། མཛེས་པའི་ཚུལ་ཅན་ཧཱུཾ་ལས་བསྐྱེད་པར་བྱའོ། །ཤར་ཕྱོགསུ་ལྷ་མོ་རྟྞའི་གདོང་ཅན་ཁ་དོག་དཀར་མོ། ་ལྕག་ཀྱུ་བསྣམས་པའོ། །ལྷོ་ཕྱོགསུ་ལྷ་མོ་གསེར་གྱི་མདོག་ཅན་ཞགས་པ་འཛིན་པའོ། །ནུབ་ཕྱོགསུ་ལྷ་མོ་དམར་མོ་ལྕགས་སྒྲོག་འཛིན་པའོ། །བྱང་ཕྱོགས་སུ་ལྷ་མོ་ལྗང་གུ་དྲིལ་བུ་འཛིན་པའོ། །དེ་དག་ནི་ཅུང་ཞིག་ཁྲོས་པའི་ཚུལ་ཅན་གྱི་ཕཊ་ལས་སྐྱེད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཡོངསུ་གནས་པར་བསྒོམ་པར་བྱའོ། །དེ་ནས
98.106a
བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་པའི་གཟུངས་འདི་གསུངས་སོ། །ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཨོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མཿ ས་མན་ཏ་བཛྲ་ནཱཾ། ཏྲཻ་ལོ་ཀྱ་བཱི་ཛ་ཡ་ཧཱུཾ་ཕཊ། ན་མ་ས་མན་ཏ་བཛྲ་ནཱཾ། ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧཱུཾ་ཕཊ། ན་མ་ས་མན་ཏ་བཛྲ་ནཱཾ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ན་མ་ས་མན་ཏ་བཛྲ་ནཱཾ། ཏྲ་ཐ་ཨ་མོ་གྷ་ཨ་མྲྀ་ཏ་ཀུཎ་ཌ་ལཱི་ཧཱུཾ་ཕཊ། ན་མ་ས་མན་ཏ་བུད་དྷཱ་ནཱཾ། ཏྲ་ཐ་བཛྲ། ཨ་ཙ་ལ་ཙེ་ཏ་ད་ཧ་ད་ཧ་ཧཱུཾ་ཕཊ། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཏྲ་ཐ་རཏྣ་ཨ་ཙ་ལ་པ་ཙ་ལ་ཧཱུཾ་ཕཊ། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཏྲ་ཐ་པདྨ་ཨ་ཙ་ལ་ཙ་ལ་བན་དྷ་ཧཱུཾ་ཕཊ། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཏྲ་ཐ་ཨ་མོ་གྷ་ཀརྨ་ཨ་ཙ་ལ་ཧ་ན་ཧ་ན་ཧཱུཾ་ཕཊ་ཞེས་བྱ་བ་གསུངས་ཏེ། ལྷ་མ་ཡིན་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང ། ལྷ་དང་ཀླུ་དང ། མ་རུངས་པ་དང་སྡང་བ་རྣམས་ཞི་བར་བྱེད་ཅིང་སྡིག་པ་དམན་པའི་ལས་རྣམས་འདག་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཀྱི་ནང་དུ་གཟུངས་སྔགས་འདི་གཀའ་སྩལ་ཏོ། །ན་མཿ ས་མན་ཏ་བུད་དྷཱ་ནཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཨ་ཙ་ལ་ཀ་ན། ཙཎ་ཌ་ཙཎ་ཌ། ན་ཏ་ན་ཏ། མ་ཏ་ཊ་མ་ཏ་ཊ། མོ་ཊ་ཏ་མོ་ཊ་ཏ་ཤ་ཏ་ཤ་ཏ། ཊ་ཏ་ཊ་ཏ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་སརྦ་པཱ་པཾ་ཀ་ར། ཧ་ས་ཧ་ས། བཛྲ་ཧ་ས་ཨ་མོ་གྷ་ཀུ་རུ། ཧ་ས་ཧ་ས། མར་ཏ་མར་ཏ། གརྫ་གརྫ། བན་དྷ་བན་དྷ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨཱ་བེ་ཤ་ཡ། ཨ་བཱི་ཤ་ཡ། མ་ཧཱ་མན་ཏྲ་པ་ལ་ཀ་།དུ་ན་དུ་ན། ཏི་ནི་ཏི་ནི། ཁཏ་ཁཏ། སརྦ་བིགྷ་ནཾ། མ་ར་ཡ་མ་ར་ཡ། སརྦ་དུཥྚཱ། བྷཀྵ་བྷཀྵ། སརྦ་བིགྷྣ་ནན། ཀུ་རུ་ཀུ་རུ། མ་ཧཱ་བི་ཥ། སརྦ་པཱ་པཾ། མ་ཧཱ་བཛ། སྥོ་ཊ་ཡ་སྥོ་ཊ་ཡ། ཧྲི་བ་ལི་ཏ་ར་གྷ་ན་ཏ་ཀ་།ཧཱུཾ་ཧཱུཾ་མཾ་མཾ་ཧཾ་ཧཾ། ན་མ་ས་མན་ཏ་བུད་དྷཱ་ནཱཾ། མ་ཧཱ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཡ། ཨ་མོ་གྷ་ཨེ་ཧི། ཨ་པྲ་ཏི་ཧ་ཏ་ཨེ་ཧི། ཨ་ཙ་ལེ་ཙེ་ཏ་ཨ་ནན་ཏ་ཀ་ནཱཾ། ཏིཥྛ་ཏིཥྛ། ཙ་རུ་ཙ་རུ། ཏ་དི་ཏ་དི། ཏ་ཊ་ཏ་ཏ། བིགྷ་ནན་གྷ་ཏ་ཡ། མ་ར་ཡ། ཁ་ཏྲ་ཡ། སྥོ་ཊ་ཡ། ས་ཙ་མེ།
98.106b
་ནུ་བནདྷ། ཨཛྙ་ཀུ་རུ་ཀུ་རུ། ཨ་ཧ་ས། ཨ་ད་ན། ཀྲ་ཀ་ཏ་མ་ཊ། མ་ཊ་མ་ཊ། ཧཾ་ཧཾ། ཨ་ཏི་པ་ལ་ཨི་ཏི་མ་ཧཱ་གུ་ཎ་བ་ཤི་ན། ནཊ་ཏ་ནཊ་ཏ། ཨ་བི་ཤ་ཡ། ཨ་ཙ་ལ་ཙེ་ཏ། སརྦ་ཏྲ། ཨ་ནུ་ཏྲ་རེ། ཀ་ཙེ། ཏ་ཏ་ཊ་ཏ་ཊ། ཌ་མ་ཌ་མ། ཧཾ་ཧཾ་མཾ་མཾ་ཕཊ་ཕཊ་ཧཱུཾ། ན་མཿ ས་མན་ཏ་བཛྲཱ་ཎཱཾ། ཏྲ་ཨ་མོ་གྷ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཧཱུཾ་ཏྲ་ཊ། ཧཾ་མཾ། ཨོཾ་བ་ལིན་ཏ་ཏེ་ཛོ་བ་ལི་ན་སཝཱ་ཧཱ། ན་མ་ས་མན་ཏ་བུད་དྷཱ་ནཱཾ། ཙཎ་ཌ་མ་ཧཱ་རོ་ཥ་ཎ། ཨ་ཙ་ལ་ཙེ་ཏ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ། ཨ་ས་མན་ཏི་ཀ་ཏྲ་ཏ། མ་ཧཱ་བ་ལ་ཥཊ་པ་ར་མན་ཏྲཾ། ཨཾ་ཨཾ་ཧཾ་ཧཾ། ཤུད་དྷ་ཏྲཻ་ལོཀྱ་ཏུ་ཥྱེ་ཏུ་བཛྲ། ཨ་པྲ་ཏི་ཧ་ཏ་བི་ལི་བྷྱ། ན་མཿ ཛ་ལ་ཡ་ཏྲ་ཏ། ཨ་ཏ་ཧ་ས་ན་མཾ་ཧཾ་སཝཱ་ཧཱ། ཞེས་གསུངས་མ་ཐག་ཏུ་འཛམ་བུ་གླིང་ན་གནས་པའི་ལྷ་དང ། ལྷ་མ་ཡིན་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། མི་འམ་ཅི་དང ། ལྟོ་འཕྱེ་ལ་སོགས་པ་ཐམ་ཅད་བསྲེག་ཅིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་ཆོ་ག་གསུངས་པ་དང ། ལྕགས་སྣ་ལྔ་ལས་བྱས་པའི་རལ་གྲི་ཁྲུ་ཚད་གསུམ་པ་བྱས་ཏེ། སྔགས་ཕྲེང་བ་མཾ་ཧཾ་ཞེས་བྱ་བ་བཀོད་ལ། ཁྲུ་དོ་དང་ལྡན་པའི་སྤོས་ཀྱི་མཎ་ཌལ་བྱས་ཏེ། མཆོད་པའི་རྫས་དང་ལྡན་པའི་དྲི་བཞག་སྟེ། གཟུངས་སྔགས་འདི་ཁྲི་ཕྲག་དུ་བརྗོད་ཅིང་བཟླས་ན་རལ་གྲི་ནམ་མཁའ་ལ་འཕགས་པར་འགྱུར་རོ། །དེ་ནས་གཡུལ་དུ་ཞུགས་ན་དཔག་བསམ་གྱི་ཤིང་ཡང་དུམ་བུ་དུམ་བུར་གཅོད་པར་འགྱུར་ཏེ། གཡུལ་ལས་རྒྱལ་བར་བྱེད་དོ། །ལྕགསྣ་ལྔ་ལས་བྱས་པའི་ལྷུང་བཟེད་བྱས་ཏེ་ཧཾ་མཾ་ཞེས་བྱ་བའི་ཡི་གེ་བཀོད་དེ་གསེར་དང ། དངུལ་དང ། ཟངས་ལས་བྱས་པའི་བུམ་པར་གདུགས་དང ། རྒྱལ་མཚན་དང ། དཔལ་བེའུ་དང ། མེ་ཏོག་དང ། འཁོར་ལོ་དང ། ཉ་དང ། དུང་གཡས་སུ་འཁྱིལ་བ་རྣམས་དང ། བྱི་རུ་བཅུག་པའམ། ཡང་ན་ཟངས་ལ་བྱི་རུ་བཅུག་པ་བྱས་ལ་གསང་སྔགས་འདི་གྲོ་ག་འམ་རས་ལ་བྲིས་ཏེ། ཁོང་པ་འམ་མགུལ་དུ་བཏགས་ནས་གཟུངས་སྔགས་བྱེ་བ་བཟླས་ལ་ལྷུང་བཟེད་བྱེ་བ་བཟླས་ལ་འཕག་ཏེ་གསོལ་བ་བཏབ་ན་འདོད་པའི་ཡོན་ཏན
98.107a
ཅི་འདོད་པ་འབྱུང་སྟེ། ལྗོན་པའི་ཤིང་བཞིན་ནོ། །ནམ་མཁའི་ཏྲི་ཏའི་ལྕེ་དང ། འུག་པའི་མིག་དང ། གཉིས་ཆ་མཉམ་པ་དང ། ལྕགས་སྣ་གསུམ་གྱི་ཕྱེ་མ་ལ་ཁཝ་ཏའི་ཁྲག་གི་རི་ལུ་བདུན་ནམ་ཉི་ཤུ་རྩ་གཅིག་བྱས་ཏེ། ཐོད་པ་དུམ་བུ་གཅིག་པར་བཅུག་ལ་གཟུངས་སྔགས་ཧཾ་མཾ་ཞེས་བྱས་པས་པད་མ་ལ་བསྐོར་ཏེ། གཟུངས་སྔགས་བྱེ་བ་བཟླས་ན་པད་མ་ནམ་མཁའ་ལ་འཕག་ཏེ། དེ་མི་དབུགས་དང་བྲལ་མ་ཐག་གི་སྙིང་གི་ཁྲག་རླང་དང་སྦྱར་ཏེ། མིག་ནི་སྣང་བྱེད་དུ་བསམ་ཞིང་རལ་གྲིའི་ཕྱག་རྒྱས་མིག་དང་རྣ་བ་ལ་བསྐུས་ན་ཐམས་ཅད་མཐོང་ཞིང་ཐོས་ལ། ཁར་བཅུག་ན་རང་ཉིད་སུས་ཀྱང་མི་མཐོང་བར་འགྱུར་རོ། །ན་མཿ ས་མན་ཏ་བུད་དྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་བྱཱ་བཱ་ལོ་ཀི་ཏེ། ཛ་ཡ་ཛ་ཡ། བཱཀྱེ་དཾ་ན་ཝ་ནི་ཙཀྵུར་བི་ཤོ་དྷཱ་ཡ་སཝཱ་ཧཱ། རྟ་པགས་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུག་ནས་མཉེས་ཏེ་ལྷམ་བྱས་ལ། ཧཾ་དང་མཾ་རང་གི་རྐང་འཐིལ་ལ་བྲིས་ཏེ། གཟུངས་སྔགས་བྱེ་བ་བཟླས་ན་ལྷམ་ནམ་མཁའ་ལ་འཕག་སྟེ། རྐང་པ་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུག་ནས་གོན་ན་གར་འདོད་པར་ཕྱིན་ནོ། །ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ཨོཾ་བྲུཾ་མ་ཧཱ་ཡེ་གྲྀ་ཏ་སཝཱ་ཧཱ། ཞེས་བྱ་བས་ནམ་མཁའ་ལ་འགྲོ་ཞིང་འཕགས་སྟེ། བྱ་རྒོད་བཞིན་དུའོ། །སྐྱེ་བ་བདུན་པའི་ཤ་དང ། བྱ་རྒོད་ཀྱི་ཤ་དང ། རྩངས་པའི་ཤ་དང ། སྦྲང་རྩི་རྣམས་སྦྱར་ལ་འདེ་གུ་བྱས་ཏེ། གཟུངས་སྔགས་བྱེ་བ་བརྗོད་དེ་ལུས་ལ་བྱུགས་ནས་རམ་ཉེ་བ་དང ། ཉེའུ་ཤིང་པ་དང ། པྲ་མ་ཀ་རའི་མར་དང་སྦྱར་བའི་འདེ་གུ་རྣམ་ནང་རེ་ལ་སྲང་རེའི་ཆ་སྦྲང་རྩི་དང ། བ་སེར་སྐྱའི་འོ་མ་རྣམས་བཏང་ཏེ། ཟླ་བ་གཅིག་ཏུ་བསྒྲུབས་ན་ནམ་མཁའ་ལ་ཐོགས་པ་མེད་དོ། །རྟ་ནག་པོའི་མིག་གཉིས་དཀར་པོ་འམ། བྱི་བ་ནག་པོ་རྣ་བ་གཉིས་དཀར་བ་འམ། ཕ་བང་དཀར་པོ་འམ། མི་མངལ་ནས་སྐྲ་དཀར་བའི་སྲོག་ཆགས་ལ་རྨ་བྱའི་ཆུ་འཁར་ཕོར་དུ་བླུག་པ་ལ་གཟུངས་སྔགས་བྱེ་བ་བཟླས་ཏེ་བླུད་ལ། དེའི་མིག་གཉིས་མ་ནོར་བར་བཏོན་པ་གྲིབ་མ་ལ་སྐམས་ནས་མ་རུལ་བའི་ཕྱེ་མ་ལ་སྔགས་འདི་བཏབ་ཏེ། གཡས་གཡོན
98.107b
མ་ནོར་བར་བྱུགས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །འཕག་པའི་སྤྱན་དང་ལྡན་པར་འགྱུར་རོ། །མོན་སྤོས་དང ། གིའུ་ཝང་དང ། སྟག་མའི་ཤུན་པ་དང ། ཉ་མཁྲིས་དང ། རུ་རྟ་དང ། ཕུག་རོན་གྱི་མིག་དང་ལྕེ་དང ། གོ་རོ་ཙ་ན་དང ། རྟུག་པ་རྣམས་ལ་རིལ་ལུ་བྱས་ཏེ། ཁམ་པའི་ག་འུར་རི་ལུ་རེ་རེ་ལ་གཟུངས་སྔགས་ཧཾ་མཾ་ཞེས་བྱ་བ་བརྗོད་དེ། གའུ་ནམ་མཁའ་ལ་འཕགས་ནས། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ན་མ་ཡཾ་ན་མ་ཧཱ་རི་བིནྟི་ནྟི། ཧྲིཿ ཞེས་ལན་བདུན་བཏབ་ནས་བྱིན་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །བྱ་རྒོད་དང ། བྱ་གག་དང ། ཁྲ་དང ། སྟག་དང ། སྤྱང་ཀི་དང ། ཝ་དང ། དེ་རྣམས་ཀྱི་མཆེ་བ་དང ། སྡེར་མོ་དང ། བྲམ་ཟེའི་རུས་པའི་ཐལ་བ་ལ་གཟུངས་སྔགས་བཟླས་ཏེ། བསྒྲུབ་པ་བྱས་ནས་དུས་མ་ཡིན་པའི་སྤྲིན་དང་སེར་བ་དག་ལ་གཏོར་ན་སྤྲྀན་རྣམས་འཐོར་ཞིང་སེར་བ་དང ། འབྲུག་དང ། ཐོག་ལ་སོགས་པ་ཞི་བར་འགྱུར་རོ། །གཅན་ཟན་ཐམས་ཅད་དང ། ཤ་ཟ་ཐམས་ཅད་དང ། ཁྱི་དང ། ཕག་དང ། རྔ་མོའི་རྟུག་པ་དང ། གུ་གུལ་དང་སྦྱར་ཏེ། དུད་པས་བདུགས་ན་དོམ་ཀུན་འབྲོས་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་བདུན་པའོ།། །། ཨོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཟུངས་སྔགས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ལན་གཅིག་བརྗོད་པས་ཀྱང་འཛམ་བུའི་གླིང་གི་ལྷ་དང ། ཀླུ་དང་གནོད་སྦྱིན་ལ་སོག་པ་ཀུན་ཞི་བར་འགྱུར་རོ། །རིམས་ཉིན་གཅིག་པ་དང ། ཟླ་བ་ཕྱེད་པ་དང ། ཟླ་བ་གཅིག་པ་དང ། ལྡང་དུབ་པ་དང ། རྟག་པའི་རིམས་དང ། ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང ། ལྷ་གོར་དང ། ཤུ་བ་དང ། མེ་དབལ་དང ། གཡན་པ་དག་ཞི་བར་འགྱུར་རོ། །ལན་གཅིག་བརྗོད་པས་ཀྱང་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། །རིག་བྱེད་ཀྱི་ཚིག་གི་དང་པོ་དང ། །གཉིས་པའི་དང་པོར་བཅས་བ་ནི་གསུམ་པ་དག་གི་ལྔ་པར་ལྡན་ཞིང ། །བཞི་པའི་ནི་བཞི་པ་དང ། །ལྔ་པ་དག་གི་ལྔ་པའོ། །ུཥྨའི་རྣམས་ཀྱི་བཞི་པ་དང ། །མཐར་གནས་པའི་གཉིས་པ་ལ་ནི། །ོ་ཡིས་མཚན་པ་བྲིས་ཏི། །ུཥྨ་རྣམས་ཀྱི་གཉིས་པ་དང ། །བཞི་པའི་ཡི་གེ་ལྔ་པ་དང ། །ུཥྨའི་ཡི་གེ་བཞི་པ
98.108a
ལ་ཨུ་ཡིས་རྒྱན་ཅིང་ཐིག་ལེར་བཅས་པའོ། །སྡེ་ཚན་ལྔ་པ་དག་གི་ནི། །དང་པོའི་ཡི་གེ་སྤངས་པ་དང ། །བཞི་པ་དང་པོར་བཅས་པ་ནི་སྙིང་པོའི་ཡི་གེ་བཅུ་པ་དག་གོ་།འཁོར་ལོ་རྩིབས་བཅུ་པ་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ཏེ། ཁྱི་ནག་པོའི་ཐོད་པའི་ནང་དུ་བཞུག་ལ། གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཡུངས་ཀར་གྱིས་བྲབ་པར་བྱའོ། །དེ་ནས་ཀླུ་ཡོད་པའི་གནས་སུ་ཁྱེར་ལ་རང་གི་ལུས་ལ་གླ་རྩིས་བྱུགས་ཏེ། ཆུ་མིག་ཏུ་ཐོད་པ་བཅུག་ལ་གཟུངས་སྔགས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩ་ཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མོ་བྷ་ག་བ་ཏེ་བུད་དྷ་བི་ར་ཡ། ཏདྱ་ཐཱ། ཕུ་ཊ་ཕུ་ཊ། བྷ་ར་བྷ་ར། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི་སོར་མོ་རྣམས་བརྒྱང་ཏེ། མཐེའུ་ཆུང་བཀུག་ལ་མཐེ་བོས་མནན་ཏེ་བསྐོར་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩཎྜ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ན་མི་མི་ལི་ཙི་ལི་དྷོ། བན་དྷ་ཡ། ཀྲོ་དྷ་ཡ། བཛྲ་ལ་མ་ཡ། མ་ཀ་ན་ཡ། ཨོཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ། སརྦ་ནཱ་ག་བན་དྷ་བན་དྷ། ནཱ་ག་ནི་ས་ར་ས་ར། བ་ས་ར་སརྦ་དུཥྚཱཾ། ཧྲི་ད་ཡ། ཤོ་ཥ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི་ལག་པའི་ཟུར་གཉིས་གཤིབས་ཏེ། སྲིན་ལག་གཉིས་རྒྱབ་ཏུ་བསྣོལ་ལ་འཛུབ་མོ་གཉིས་ཀྱིས་མནན་ནས་མཐེའུ་ཆུང་གཉིས་གཤིབས་བསྒྲེང་ལ། གུང་མོ་དང་མཐེའོ་གཉིས་གཤིབ་ཏེ་སྤྱི་བོར་བཞག་ནས་སྔགས་ལན་བདུན་བརྗོད་དེ་ལྡང་བར་བྱའོ། །གུ་གུལ་དང ། ཡུངས་ཀར་དང ། ཤིང་ཀུན་དང ། དྲི་ཆེན་དང ། ཉའི་མཁྲིས་པ་དང ། སྒོག་སྐྱ་དང ། ཤུ་དག་རྣམ་སྦྱར་ཏེ་ལུས་ལ་བྱུགས་ན་རྫས་ཀྱི་བསྲུང་བའོ། །རྒྱ་སོལ་གྱི་མེ་ལ་བསྲེགས་ཏེ་བདུགས་ན་སེར་བ་དང ། དུས་མ་ཡིན་པའི་རླུང་རྣམས་ཞི་བར་འགྱུར་ཞིང ། གདོན་རྣམས་འབྲོས་པར་འགྱུར་རོ། །ཞོ་དང ། འོ་མ་དང ། མར་དང ། སྦྲང་རྩི་དང ། བུ་རམ་དང ། ཁ་ར་དང ། འབྲས་ཡོས་དང ། དུང་དང ། མཚལ་དང ། རྒྱ་མཚོའི་ལྦུ་བ་ལ་སོགས་པ་དག་འཁར་གཞོང་དུ་བླུགས་ཏེ། ཡུངས་དཀར་ལ་གཟུངས་སྔགས་འདི་བརྗོད་ཅིང ། ཀླུ་མཆོད་པར་བྱའོ། །ན་མོ་ར
98.108b
ཏྣ་ཏྲ་ཡཱ་ཡ། ན་མཥྩཎ་ཌ་བཛྲ་ཀྲོ་དྷ་ཡ་ཧཱུཾ་ཧཱུཾ། ཏད་ཡ་ཐཱ། ཨོཾ་ཨཱ་ནན་ཏ་ཀ་།ཏཀྵ་ཀྵ། ཤཾ་ཁ་ར། བ་སུ་ཀི་མ་ཧཱ་པདྨ། ཨོཾ་ག་ཏ་བ་ལ་ཝ་ཏ། ཀ་རྐྐོ་ཊ་ཕུ་སཝཱ་ཧཱ། ཞེས་བརྗོད་པས་ཀླུ་རྣམས་བདེ་བ་དང་ལྡན་པར་འགྱུར་རོ། །ཆར་དབབ་པར་འདོད་ན་དྲི་ཞིམ་པོའི་ཆུས་མཎ་ཌལ་བྱས་ཏེ། སྤྲ་ཚིལ་ལ་ཀླུའི་གཟུགས་སོར་ཉི་ཤུ་རྩ་ལྔ་པ་བྱས་ནས་མཎ་ཌལ་གྱི་སྟེང་དུ་མེ་ཏོག་གཏོར་ལ་གཟུངས་ཐག་བཏགས་ཏེ་གཞག་པར་བྱའོ། །སྙིང་གར་གོང་གི་དེ་གྲོ་ག་ལ་གིའུ་ཝང་གི་བྲིས་ལ་གཞུག་པར་བྱས། ཉིན་མཚན་དུ་མཆོད་ཅིང་བལ་པོ་སེའིུ་ལྕུག་མས་བྱབ་པར་བྱས་ནས་གཟུངས་སྔགས་འདི་བརྗོད་པར་བྱའོ། །ོཾ་སུཾ་སུ་པྲ་ཏི་བཛྲ་དུན་ཏེ་མི་ལི་མི་མི་ལི་བ་རི་ཤཱ་ཡ་བ་རི་ཤ་ཡ་སཝཱ་ཧཱ། ཞེས་བརྗོད་དེ། རང་བསྨྱུང་བར་གནས་པར་བྱའོ། །གལ་ཏེ་ཀླུ་རྣམ་གྱིས་ཆར་མི་འབེབས་ན་ཀླུ་རྣམས་ཀྱི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་འགྱུར་རོ། །སྤོས་ཀྱི་མཎ་ཌལ་བྱས་ཏེ། རྒྱ་སྤོས་ཀྱི་མེ་ལ་གཟུགས་བསྲོ་ཞིང་གཟུངས་སྔགས་བརྗོད་པ་ནི་སྤོགས་པའི་ཆོ་གའོ། །དྲི་ཞིམ་པོའི་མི་ལ་བུ་རམ་དང་སྦྲང་རྩི་དང ། ཁ་ར་དང ། ཏིལ་ལ་སོགས་པའི་དགང་བླུགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱ་སྟེ། ཨོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཤཱནྟི་ཀུ་རུ་སཝཱ་ཧཱ། ཞེས་བྱ་བས་མཆོད་པར་བྱའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་བརྒྱད་པའོ།། །། དེ་ནས་འདམ་སྐྱེས་པད་མ་སྣ་ཚོགས་པའི་འདབ་མ་ཅན་གྱི་སྟེང་དུ་ཨ་ལས་བྱུང་བའི་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་མུཾ་གྱི་ས་བོན་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མུཾ་དང་ལྡན་པ་ལས་འཕགས་པ་འཇམ་དཔལ་མགོན་པོའི་སྐུ་བྱིས་པ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ། གསེར་བཙོ་མ་འམ་གུར་ཀུམ་གྱི་ཁ་དོག་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་པོ་ཏི་ཐུགས་ཀར་འཛིན་པའི། ཤར་གྱི་པད་མའི་འདབ་མ་ལ། འཇམ་དཔལ་དཔའ་བོ་སྐུ་མདོག་ཁ་བ་ལ་གུར
98.109a
གུམ་གྱིས་གཏོར་བ་འདྲ་བའི་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་ཨུད་པ་ལའི་སྡོང་བུ་དང་བཅས་པ་ཐུགས་ཀ་ན་འཛིན་པའོ། །ལྷོའི་པད་མའི་འདབ་མ་ལ་འཇམ་དཔལ་གསུང་གི་དབང་ཕྱུག་སྐུ་མདོག་མཐིང་ག ། ་ཞལ་གཅིག ། ་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། ཕྱག་གཡོན་པ་ན་འཁོར་ལོ་ཐུགས་ཀ་ན་འཛིན་པའོ། །ནུབ་ཀྱི་པད་མའི་འདབ་མ་ལ་འཇམ་དཔལ་རྣོན་པོ་སྐུ་མདོག་བྱི་རུ་བཅག་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ལ་སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ཕྱག་གཉིས་ན་ཨུད་པ་ལ་གཉིས་བསྣམས་པའོ། །བྱང་གི་པད་མའི་འདབ་མ་ལ་འཇམ་དཔལ་ཤེས་རབ་རལ་གྲི། ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་གྱི་དང་པོ་ན་ཨུད་པ་ལ་སྡོང་བུ་དང་བཅས་པ་ཐུགས་ཀར་འཛིན་པ། གཡས་ཀྱི་འོག་མ་ན་མདའ་འཛིན་པ། གཡོན་གྱི་འོག་མ་ན་རིན་པོ་ཆེའི་གཞུ་འཛིན་པའོ། །སྐུ་དེ་དག་ནི་མ་རིག་པའི་མུན་པ་ཐམས་ཅད་གསལ་བའི་ནམ་མཁའ་མ་ལུས་པའི་འོད་ཀྱིས་འགེངས་པའི་སྐུའོ། །ོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤཝ་རི་མུཾ་ཞེས་བརྗོད་པས་ཤེས་རབ་དང་ལྡན་ཞིང་ཐོས་པ་འཛིན་པ་དང་ཡིད་གཞུངས་པར་འགྱུར་རོ། །རིན་པོ་ཆེའི་བུམ་པ་བཅུ་གང་དང ། གུར་གུམ་དང ། ་ཀ་རུ་དང ། ཙན་དན་དཀར་པོ་དང ། གླ་རྩི་ལ་སོགས་པ་དྲི་ཞིམ་པའི་ཆུ་བླུགས་ཏེ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱ། ཨ་ར་ཧ་ཏེ་བྷྱ། སམྱག་སཾ་བུད་དྷཱ་བྷྱ། ཏདྱ་ཐཱ། ཨཱོཾ་ཀུ་མ་ར་བྷཱུ་ཏ་ཡ། དྷཱ་ར་ཎཱི། བི་ཤཝ་སམ་བྷ་བ། ཨ་གཙྪ་ཡ། ཨ་གཙྪ་ཡ། ཧུ་ལུ་ཧུ་ལུ། བྲུཾ་བྲུཾ་བྲུཾ། ཧཱུཾ་ཧཱུཾ། ཛི་ན་ཛིག་།མཉྫུ་ཤྲཱི་ཡེ། སུ་ཤྲཱི་ཡེ་ཏ་ར་ཡ་མཾ་ཧཾ། སརྦ་དུ་ཁེ་བྷྱ་ཕཊ་ཕཊ། ཨ་མྲྀ་ཏོད་བྷ་བ་ས་མ་ཡ་ས་མ་ཡ། ཨུད་བྷ་བེ།
98.109b
སརྦ་པཱ་པཾ་མེ་ནཱ་ཤཱ་ཡ་སཝཱ་ཧཱ། ཞེས་གཟུང་སྔགས་འདི་བུམ་པའི་ཆུ་ལ་ལན་བདུན་བརྗོད་དེ་ཁྲུས་བྱས་ན་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །དབང་པོ་རྣོ་ཞིང་ཐོས་པ་འཛིན་པར་འགྱུར་རོ། །ན་མཿ སརྦ་ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧད་ཏེ་བྷྱཿ ། སམྱཀ་སཾ་བུད་དྷ་ཡ། ན་མོ་མཉྫུ་ཤྲཱི་ཡེ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཨོཾ་མཉྫུ་གྷོཥ། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཊ་མ་ཊ། མ་ཐ་མ་ཐ། བི་དྷྭཾ་ས་ཡ། ཀ་ར་ཀ་ར། ཏུ་ཏྲ་ཏུ་ཏྲ། བྷཉྫ་བྷཉྫ། ཨ་བི་ཤ་ཡ། ཨ་བི་ཤ་ཡ། ཏུ་ཏྲ་ཏུ་ཏྲ། ཏུ་ཊ་ཏུ་ཊ། སྥུ་ཊ་ས་སྥུ་ཊ་ས། ཧྲི་ད་ཡ་སཱ་དྷ་ནྀ། ན་མཿ སཾ་བོ་དྷཱ་ནི། པྲ་བེ་ཤ་ཡ། ལཽ་ཧུ་ཏ། ཀྲཻ་ཏེ་ཀྲཻ་ཏེ། པྲ་བན་དྷ་པྲ་བན་དྷ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཧཾ་མཾ་སརྦ་བིགྷ་ནཱན། ཧཱུཾ་ཧཱུཾ་ཕཊ་ཕཊ། སཝཱ་ཧཱ། ཞེས་བྱ་བས་ནད་པ་ལ་འབྲས་ཀྱི་སྙེ་མ་འམ། ཏིལ་ལ་བཏབ་སྟེ་ཁྲུས་བྱའོ། །གཟུངས་སྔགས་ཟླས་པའི་ཁྲུས་བྱས་པས། ལས་དང་ཉོན་མོངས་པ་དང ། རྣམ་པར་སྨིན་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཀ་རའི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན་ཡང་ཞི་བར་འགྱུར་རོ། །རལ་གྲི་ལ་བཏབ་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །སྨྱུང་བ་དང་ལྡན་པས་སྐུ་གཟུགས་ཀྱི་མདུན་དུ་བསྒྲུབ་པར་བྱ་ཞིང་འཕགས་པ་ལ་གསོལ་བ་གདབ་པར་བྱའོ། །གྲོ་ག་འམ་རས་ལ་བྲྀས་ཏེ། སྡུག་བསྔལ་གྱིས་ཉེན་པ་ལ་གདགས་པར་བྱའོ། །སྐུད་པ་ལ་གཟུངས་སྔགས་བཏབ་ཏེ་མདུད་པ་བྱས་ལ་སྲིད་ཀྱིས་གདུངས་པ་ལ་བཏགས་ཏེ། འཕགས་པ་ལ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུ་འམ་བུ་མོ་དག་སྨྱུང་བས་འདུག་སྟེ། ཡི་དམ་དུ་འདོན་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ཡི་དག་དང་ཤ་ཟ་ལ་སོག་པའི་གདོན་མི་འབྱུང་ངོ ། །གཟའ་དང ། རྒྱུ་སྐར་དང ། ལྕེ་འབབ་པ་དང ། དུས་མ་ཡིན་པའི་འཆི་བ་དག་ལས་གྲོལ་བར་འགྱུར་རོ། །སྟག་དང ། དོམ་དང ། དྲེད་ལ་སོག་པའི་དུད་འགྲོ་དག་གི་གནོད་པ་དང ། རླུང་དང ། སེར་བ་དང ། དུས་མ་ཡིན་པའི་ས་གཡོ་བ་རྣམས་ཞི་བར་འགྱུརོ། །ཡིད་གཞུང་ཤིང་ཐོས་པའི་འཛིན་པ་དང ། ཉོན་མོངས་པའི་བག་ཆགས
98.110a
སྤོང་བ་ལ་གཞོལ་བར་འགྱུར་རོ། །འཕགས་པའི་སྐུ་ཐམས་ཅད་ཐོག་པ་མེད་པའི་སྤྱན་གྱིས་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དང་བུ་མོ་དག་གིས་འདི་ལན་གཅིག་གམ། ལན་གསུམ་འམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱེད་ན་དེའི་ལུས་ལ་མཛེ་དང ། ཕོལ་མིག་དང ། འབྲས་དང ། ཤུ་བ་དང ། གཡན་པ་དང ། ལྐོག་མའི་ལྷ་གོར་ན་བ་དང ། མིག་དང ། རྣ་བ་དང ། སོ་ན་བ་ལ་སོགས་པ་དག་མི་འབྱུང་ངོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། རྣམ་པར་ཐར་པའི་སྒོ་ཀུན་ནས་འཇུག་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། སེམས་ཅན་དམྱལ་བ་དང ། ཡི་དག་དང ། དུད་འགྲོ་དང ། གླིང་བཞིའི་མིའི་འཇིག་རྟེན་དུ་འོད་ཀྱི་ཁྱབ་པར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང ། སུམ་བཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི་གནས་མན་ཆད་ཁྱབ་པར་མཛད་དོ། །བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ་།བསམ་གཏན་དང་པོ་ནས་ལངས་ཏེ་བསམ་གཏན་གཉིས་པ་ལ་མཉམ་པར་བཞག་གོ་།གཉིས་པ་ལས་ལངས་ཏེ་བསམ་གཏན་གསུམ་པ་ལ་མཉམ་པར་བཞག་གོ་།གསུམ་པ་ནས་ལང་ནས་བསམ་གཏན་བཞི་པ་ལ་མཉམ་པར་གཞག་གོ་།བསམ་གཏན་བཞི་པ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།དེ་ལས་ལངས་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ་།དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང ། ནམ་མཁའི
98.110b
སྙིང་པོ་དང ། སྒྲིབ་པ་རྣམ་པར་སེལ་བ་དང ། འཇམ་དཔལ་དང ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང ། ཕྱག་ན་རྡོ་རྗེ་དང ། བྱམས་པ་ལ་སོགས་པ་རྣམས་མངོན་པར་དགའོ། །ལྷ་དང ། མི་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ། །འཕག་པ་མི་གཡོ་བའི་གཟུངས་ལེའུ་དགུ་པའོ། །འཕག་པ་མི་གཡོ་བ་ཞེས་བྱ་བའི་གཟུང ། རྫོགསྷོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང ། བོད་ཀྱི་ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོ་སྒྱུར་ཅིང་ཞུས་ཏེ་ཏན་ལ་ཕབ་པའོ། །