rKTs


J658

(e-text produced by ADARSHA)

see text in transliteration
98.214b
༄##། །རྒྱ་གར་སྐད་དུ། ་་གྲ་ཧ་མཱ་ཏྲི་ཀ་ནཱ་མ་དྷཱ་ར་ཎཱི། ་་བོད་སྐད་དུ། ་་གཟའ་རྣམས་ཀྱིས་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བདུད་དང ། ཉི་མ་དང ། ཟླ་བ་དང ། མིག་དམར་དང ། པ་བ་སངས་དང ། ཕུར་བུ་དང ། གཟའ་ལྷག་དང ། སྤེན་པ་དང ། སྒྲ་གཅན་འཛིན་དང ། འཇུག་རིངས་རྣམས་དང ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ། རྡོ་རྗེ་ཆེན་པོའི་དམ་ཚིག་གིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་ཅིག་སྟེ།
98.215a
འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་གཞུ་ཅན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་ཏོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་སྤྱན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཅིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། །བཀོད་པ་ཆེན་པོའི་རྒྱན་གྱི་ནོར་བུ་ཞེས་བྱ་བ་ཐོག་མར་དགེ་བ་དང ། བར་དུ་དགེ་བ་དང ། ཐ་མར་དགེ་བ་དང ། དོན་བཟང་པོ་དང ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངསུ་དག་པ། ཡོངསུ་བྱང་བའི་ཆོས་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་འཁོར་དེ་དག་ལ་བལྟས་ཏེ། ལངས་ནས་རང་གི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ
98.215b
བྱས་ཏེ་ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ། སྙེམས་པ་དང་བཅས་པས་སྐྱིལ་མོ་དཀྲུང་ལེགས་པར་བཅས་ནས། འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ། རྡོ་རྗེའི་ཐལ་མོ་རང་གི་སྙིང་གར་བཞག་ནས། བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟའ་མི་བཟད་པ། མི་བཟད་པའི་གཟུགས་ཅན། དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བ། ་་ཁྲོ་བའི་གཟུགས་ཅན་དག་སེམས་ཅན་ཐཾད་ལ་འཚེ་བར་བགྱིད་པ། ཐོ་འཚམ་པར་བགྱིད་པ། མདངས་ཀྱང་འཕྲོག་པར་བགྱིད་ཅིང ། ཁ་གཅིག་ནོར་ཟས་འཕྲོག་པར་བགྱིད། ཁ་ཅིག་ནི་སྲོག་འཕྲོག་པར་བགྱིད། སེམས་ཅན་ཚེ་རིང་བ་ཁ་ཅིག་ནི་ཚེ་ཐུང་ངུར་བགྱིད་དོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བགྱིད་པ་དེ་རྣམས་ཀྱི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམས་གྲངས་གང་གིས་སེམས་ཅན་ཐཾད་ལ་བསྲུང་བར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གསང་ཆེན་བས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། གཟའ་མི་བཟད་པའི་གཟུགས་ཅན་ཤིན་དུ་ཁྲོ་བ་དང ། ཤིན་དུ་འཇིགས་པར་བྱེད་པ་རྣམས་ཀྱིས་མཆོད་པ་དང ། མཆོད་ཡོན་དང ། བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་མཆོད་གྱུར་ཅིང ། །གནོད་པ་བྱས་ན་གནོད་བྱེད་དང ། །གཟའ་དེ་ཀུན་གྱི་ཁ་དོག་དང ། །ཇི་ལྟ་བུར་ནི་འགྱུར་བ་དང ། །ལྷ་རྣམས་དང་ནི་ལྷ་མིན་དང ། །མི་འམ་ཅི་དང་ཀླུ་དག་དང ། །གནོད་སྦྱིན་རྣམས་དང་སྲིན་པོ་དང ། །མི་རྣམས་དང་ནི་མི་མ་ཡིན། །དྲག་པོ
98.216a
གཟི་བརྗིད་ཆེན་པོ་དང ། །ཁྲོས་པ་ཞི་བར་བྱེད་པ་དེའི། །གསང་སྔགས་རྣམས་དང་མཆོད་པ་དང ། །རིམ་པ་བཞིན་དུ་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བཀྱེ་སྟེ། །གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ། །དེ་ནས་དེའི་མོད་ལ་ཉི་མ་ལ་སོགས་པའི་གཟའ་ཐམས་ཅད་ལངས་ཏེ། བཅྡོཾས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་བྱས་ཏེ། ཕྱག་འཚལ་ནས་པུས་མོ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ལ་སོགས་པས་ཆོས་སྨྲ་བ་རྣམས་ལ་བསྲུང་བར་འགྱུར་བ་དང ། ཡོངས་སུ་བསྐྱབ་པ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། མཚོན་ཆ་སྤང་བ་དང ། ཆད་པ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་རྣམས་བགྱིད་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་མཆོད་པ་དང ། གསང་སྔགས་བཀའ་སྩལ་ཏོ། །ོཾ་མཻ་གྷོལ་གཱ་ཡ་སཝཱ་ཧཱ། ཨོཾ་ཤི་ཏཾ་ཤ་བེེ་སཝཱ་ཧཱ། ཨོཾ་རཀ་ཏ་ཨོཾ་ག་ཀུ་མ་ར་ཡ་སཝཱ་ཧཱ། ཨོཾ་བུ་ད་ཡ་སཝཱ་ཧཱ། ཨོཾ་བྷྲྀ་ཧསྤ་ཏི་ཡེ་སཝཱ་ཧཱ། ཨོཾ་ཨ་སུ་རོད་ཏ་མ་ཡ་སཝཱ་ཧཱ། ཨོཾ་ཀྲྀཥྞ་བརྞྞ་ཡེ་སཝཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སཝཱ་ཧཱ། ཨོཾ་ཛྷྱོ་ཏི་ཀེ་ཏ་བཻ་སཝཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་གཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླགས་པས་གྲུབ་པ་ཡིན་ཏེ། ཁ་དོག་དང་འཐུན་པར་སྤོས་ཀྱིས་དཀྱིལ་འཁོར་སོར
98.216b
བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པ་འམ། ཟངས་ལ་སོགས་པ་འམ། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །ལག་ན་རྡོ་རྗེ་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ། །དེ་ནས་གཟའ་རྣམས་ཐཾད་བསྲུང་བ་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ལས་ཐར་བར་འགྱུར་རོ། །ཚེ་ཟད་པ་ལས་ཚེ་རིང་པོར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། གཞན་ཡང་སེམས་ཅན་གྱི་རིགས་གང་ཡིན་པ་དང ། གང་དག་གིས་རྣ་ལམ་དུ་གྲག་པ་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུསུ་མཆོད་པར་བྱ་སྟེ། ཉིན་གཅིག་བཞིན་དུ་ཀློག་པར་བྱེད་པའི་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གཟའ་ཐཾད་བདག་ཉིད་ཀུན་གྱིས་བསམ་པ་ཐཾད་ཡོངསུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་དང་རིགས་གཅིག་པ་རྣམས་ཀྱི་དབུལ་བ་ཡང་སེལ་བར་བྱེད་དོ། །དེ་ནས་བཅྡོཾས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བ་བཀའ་སྩལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །པད་མ་འཆང་ལ་ཕྱག་འཚལ་ལོ། །བསམ་པ་ཐཾད་ཡོངསུ་རྫོགས་པར་བྱེད་པའི་གཟའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་རྣམས་ལ་ཕྱག་འཚལོ། །གཟའ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཕྱག་འཚལོ། །ཏད་ཡ་ཐཱ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱི་ཌཱ་ཡ་ཀྲཱི་ཌཱ་ཡ།
98.217a
མཱ་ར་ཡ་མཱ་ར་ཡ། མརྡྷ་ཡ་མརྡྷ་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་བིགྷཱ་ནཾ། ཀུ་རུ་ཀུ་རུ། ཙྪིན་དྷ་ཙྪིན་དྷ། ཀྵཱ་པ་ཡ་ཀྵཱ་པ་ཡ། ཤཱན་ཏེ་ཤཱན་ཏེ། དཱན་ཏེ་དཱན་ཏེ། དཱ་མ་ཡ་དཱ་མ་ཡ། བཅོམ་ལྡན་འདས་མ་བདག་ཉིད་མྱུར་དུ་བསྟན་དུ་གསོལ། བདག་འཁོར་དང་བཅས་པ་དང ། སེམས་ཅན་ཐཾད་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། གཟའ་ཐཾད་དང ། རྒྱུ་སྐར་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ། བཅོམ་ལྡན་འདས་མ་རྫུ་འཕྲུལ་ཆེན་པོ་མངའ་བ་སྡང་བའི་སེམས་ཅན་རྣམས་བསལ་དུ་གསོལ། བདག་གི་སྡིག་པ་རྣམས་སྐམ་དུ་གསོལ། །ཙཎ་ཌེ་ཙཎ་ཌེ། ཏུ་རུ་ཏུ་རུ། ཙཎ་ཌེ་ནི་ཙཎ་ཌེ་ནི། མུ་ཡུ་མུ་ཡུ། མུ་ཙུ་མུ་ཙུ། བ་ཧ་བ་ཧ། ཨུ་གྲེ་ཨུ་གྲ་ཏ་མེ། པཱུ་ར་ཡ་མེ། མ་ནོ་ར་ཐཾ་པ་རི་པུ་ར་ཡ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་ས་མ་ཡེ་སཝཱ་ཧཱ། ཨོཾ་སཝཱ་ཧཱ། ཧཱུཾ་སཝཱ་ཧཱ། ཧྲཱིཾ་སཝཱ་ཧཱ། དྷྲུཾ་སཝཱ་ཧཱ། དྷྲྀཾ་སཝཱ་ཧཱ། པདྨ་དྷ་རཱ་སཝཱ་ཧཱ། ཨ་དི་ཏྱ་ཡེ་སཝཱ་ཧཱ། སཽ་མ་ཡ་སཝཱ་ཧཱ། དྷ་ར་ཎི་སུ་ཏཱ་ཡ་སཝཱ་ཧཱ། བྷུད་ཡ་སཝཱ་ཧཱ། བྷྲྀ་ཧསྥ་ཏི་ཡེ་སཝཱ་ཧཱ། ཤུ་ཀྲཱ་ཡེ་སཝཱ་ཧཱ། ཀྲྀཥྞ་བརྣ་ཡེ་སཝཱ་ཧཱ། ར་ཧ་བེ་སཝཱ་ཧཱ། ཀེ་ཏ་བེེ་སཝཱ་ཧཱ། བུད་དྷ་ཡ་སཝཱ་ཧཱ། བཛྲ་དྷ་རཱ་ཡ་སཝཱ་ཧཱ། པདྨ་དྷ་རཱ་ཡ་སཝཱ་ཧཱ། ཀུ་མ་ར་ཡ་སཝཱ་ཧཱ། སརྦ་གྲ་ཧེ་བྷྱ་སཝཱ་ཧཱ། སརྦ་ནཀྵ་ཏྲེ་བྷྱ་སཝཱ་ཧཱ། སརྦ་དྭ་ད་ཤ་རཱ་ཤི་ནཾ་བྷྱ་སཝཱ་ཧཱ། སརྦ་ཨུ་པ་ཏྲ་བེ་བྷྱ་སཝཱ་ཧཱ། ཨོཾ་སརྦ་བི་དྱེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཕྱག་ན་རྡོ་རྗེ་འདི་ནི་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཕྱག་ན་རྡོ་རྗེ་གང་ཡང་གཟའ་རྣམས་ཀྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་ཏེ། ཚེས་བཅུ་བཞིའི་བར་དུ་གཟའ
98.217b
རྣམས་ལ་མཆོད་པ་བྱས་ཏེ་གཟུངས་བར་བྱའོ། །དེ་ནས་ཟླ་བ་ཉའི་ཉིན་མཚན་ཐོག་ཐག་བཀླགས་ན་དེ་དག་ལ་ལོ་དགུའི་བར་འཆི་བའི་འཇིགས་པ་མི་འབྱུང་ངོ ། །གཟའི་འཇིགས་པ་དང ། སྐར་མདའ་ལྟུང་བ་དང ། རྒྱུ་སྐར་གྱི་གནོད་པས་འཇིགས་པར་མི་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །གཟའ་ཐམས་ལ་མཆོད་པ་བྱས་པར་འགྱུར་རོ། །ཐཾད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ། ལེགས་སོ་ལེགས་སོ་ཞེས་གསོལ་ཏེ་མི་སྣང་བར་གྱུར་ཏོ། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།