rKTs


J659a

(e-text produced by ADARSHA)

see text in transliteration
98.217b
༄#། །རྒྱ་གར་སྐད་དུ། ་ཨཱརྱ་བ་སུ་དྷ་ར་ནཱ་མ་དྷཱ་ར་ཎི། ་བོད་སྐད་དུ། ་འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅྡོཾས་ཀཽ་ཤམ་བ་ནི་ཚེར་མ་ཅན་ཞེས་བྱ་བའི་ནགས་མཆོག་ཆེན་པོ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་ཐཾད་དང་ལྡན་པ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཀོའུ་ཤམ་བིའི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབང་པོ་ཉེ་བར་ཞི་བ་ཡིད་ཉེ་བར་ཞི་བ། བུ་ཕོ་དང ། བུ་མོ་དང ། བཟའ་མི་མང་པོ་དང་ལྡན་པ། དད་ཅིང་ཆེར་དད་པ་ཞིག་གནས་པ་དེ། བཅྡོཾས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་ཕྲག་དུ་མ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅྡོཾས་ལ
98.218a
འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོག་འགའ་ཞིག་ཞུ་ལགསོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ཁྱོད་ཀྱིས་ཇི་སྐད་དྲིས་པའི་དྲི་བ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། །ཁྱིམ་བདག་ཟླ་བ་བཟང་པོས་བཅྡོཾས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དབུལ་པོར་གྱུར་པ་ལས་ཇི་ལྟར་དབུལ་བ་མ་མཆིས་པར་འགྱུར་ཞིང ། བྲོ་ནད་ཀྱིས་ཐེབས་ན་ཡང་བྲོ་ནད་མ་མཆིས་པར་འགྱུར་བ་ལགས། དེ་ནས་བཅྡོཾས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ཅིའི་ཕྱིར་དབུལ་པོའི་དོན་དུ་འདྲི། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དབུལ་བ་མང་བ་དང ། གསོ་བ་མང་བ་དང ། བུ་ཕོ་དང ། བུ་མོ་མང་བ། གཟའ་མི་མང་པོ་དང་ལྡན་པ་ལགས་ཏེ། དེའི་སླད་དུ་གང་གིས་སེམས་ཅན་དབུལ་པོ་རྣམ་ཀྱི་དབུལ་བ་མ་མཆིས་པར་འགྱུར་བ་དང ། བྲོ་ནད་ཀྱིས་ཐེབས་པ་རྣམས་བྲོ་ནད་མ་མཆིས་པར་འགྱུར་བ་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་མཛོད་མང་པོ་དང་ལྡན་པར་འགྱུར་བ་དང ། སྡུག་པ་དང ། ཡིད་དུ་མཆི་བ་དང ། མཐོང་ན་ཡིད་དུ་འཐད་པ་དང །
98.218b
དབང་ཕྱུག་དུ་འགྱུར་བ་དང ། སྦྱིན་བདག་མཛོད་པས་མི་འཚལ་ཞིང ། དབྱིགས་དང ། གསེར་དང ། ནོར་དང ། འབྲུའི་མཛོད་དང ། བང་མཛོད་རྣམས་དང ། ནོར་བུ་དང ། མུ་ཏིག་དང ། རྡོ་རྗེ་དང ། བཻ་དཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། ས་ལེ་སྦྲམ་དང ། དབུལ་བས་མ་འཚལ་ཅིང་འབྱོར་པར་འགྱུར་བ་དང ། ཁྱིམ་གྱི་བུ་སྨད་དང ། བཟའ་མི་རྣམས་བརྟན་པར་འགྱུར་བའི་ཆོས་ཀྱི་རྣམས་གྲངས་དེ་བཅྡོཾས་ཀྱིས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅྡོཾས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་འདས་པའི་དུས་བསྐལ་པ་གྲངས་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅྡོཾན་འདས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པ་དེ་ལས་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་འདི་ཐོས་ཏེ་བཟུང་ཞིང་བཅངས་བཀླགས། ཀུན་ཆུབ་པར་བྱས། རྗེསུ་ཡི་རང་བར་བྱས་ཤིང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ་ད་ཡང་ངས་དེ་བཤད་པའོ། །རིགས་ཀྱི་བུ་བཟུང་སྔགས་འདིའི་མཐུས་མི་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །མི་མ་ཡིན་པ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གནོད་སྦྱིན་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །སྲིན་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ཡི་དགས་རྣཾས་རྣཾ་པར་ཐོ་འཚམ་པར་མི་བྱེད་དོ། །
98.219a
ཤ་ཟ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །འབྱུང་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གྲུལ་འབུམ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །བརྗེད་བྱེད་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གནོན་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ལུས་སྲུལ་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ལྷ་མ་ཡིན་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟསུ་ཁྲག་འཐུང་བ་རྣམས་དང ། ཟསུ་ཤ་ཟ་བ་རྣམས་དང ། ཟསུ་རྣག་འཐུང་བ་རྣམས་དང ། ཟསུ་ཞག་ཟ་བ་རྣམས་དང ། ཟསུ་རྐང་ཟ་བ་རྣམས་དང ། ཟསུ་ངར་སྣབས་ཟ་བ་རྣམས་དང ། ཟསུ་སྟོར་ཁུང་ནས་འབབ་པ་ཟ་བ་རྣམས་དང ། ཟསུ་དབུགས་རྔུབ་པ་དང ། འབྱུང་བ་ཟ་བའི་བར་རྣམས་རྣམ་པར་འཚེ་བར་མི་འགྱུར་རོ། །རིགས་ཀྱི་བུ་ནོར་གྱི་རྒྱུན་གྱི་གཟུངས་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གི་ཁྱིམ་ན་ཡོད་དམ། སྙིང་ལ་ཡོད་དམ། ལག་ན་ཡོད་དམ། གླེགས་བམ་དུ་ཆུད་དམ། ཐོས་པར་གྱུར་ཏམ། ཀུན་ཆུབ་པར་བྱས་སམ། གླགས་སམ། བཟུང་ངམ། རྗེསུ་ཡི་རང་བར་བྱས་སམ། གཞན་དག་ལ་རྒྱ་ཆེར་རབ་ཏུ་བསྟན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་ཡུན་རིང་པོའི་དོན་དང ། ཕན་པ་དང ། དགེ་བ་དང ། གྲུབ་པ་དང ། བདེ་བ་དང ། ལོ་ལེགས་པར་འགྱུར་རོ། །སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་འདི་ནམ་ཕྱེད་ན་ལན་གཉིས་སམ། ལན་གསུམ་འམ། ལན་བཞི་བཏོན་ན་དེའི་ལྷ་ཡིད་རངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང །
98.219b
ཆོས་གདགས་པ་བྱས་པས་དགའ་བ་དང ། དགེ་འདུན་གདགས་པ་བྱས་པས་དགའ་བ་དང ། ཆོས་སྨྲ་བ་ལ་དགའ་བ་དང ། ལྷག་པའི་བསམ་པས་བདག་ཉིད་འོངས་ཏེ། འབྲུ་ཆར་འབེབསོ། །ན་མོ་བཛྲ་དྷ་ར་སཱ་ག་ནི་ར་གྷོ་ཥཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་རུ་པེ། བྷ་དྲཱེ། བྷ་དྲཱ་བ་ཏི། ཨང་ག་ལེ། མང་ག་ལེ། མང་ག་ལ་བ་ཏི། ཨ་ལེ། ཨ་ཙ་ལེ། ཨ་ཙ་ལ་བ་ལེ། ཨུད་གྷ་ཏ་ནི། ཨུད་བྷེ་ད་ན། བ་སྱ་བ་ཏི། དཱ་ན་པ་ཏི། དྷ་མྱི་པྲ་ཏི། ཤྲི་མ་ཏི། པྲ་བྷ་བ་ཏི། ཨ་མ་ལེ་བི་མ་ལེ་ནིར་མ་ལེ། རུ་རུ། སུ་རུ་བེ། སུ་རུ་པ་མ་ལེ། བི་མ་ལེ། ཙ་ལེ། ཨ་ཙ་ན་སྟེ། ཨ་ན་ན་སྟེ། བི་ཤཝ་ཀེ་ཤི། བི་ཤ་ནི་ཤི། ཨང་ཀུ་རེ། མང་ཀུ་རེ། པྲ་བང་ཀུ་རེ། བི་ར་མེ། བི་དྷ་མེ། རི་རི་མེ། དི་དི་མེ། དུ་དུ་མེ། ཁ་ཁ་མེ། ཏ་ཏ་རེ། ཏ་ར་ཏ་ར། ཏ་ར་ཏ་ར། བཛྲེ་བཛྲེ་བཛྲེ་བ་མེ། ཊ་ཀེ་ཊ་ཀེ་།ཋ་ཀེ་ཋ་ཀེ་།ུག་ཀེ་།བུག་ཀེ་།ཋ་ཀེ་ཋ་ཀེ་། བརྟ་ནི་བ་ར་ཤ་ན། ཥ་ད་ནི་བཛྲ་དྷ་ར་སཱ་ག་ར་ནི་ར་གོ་ཥཱ་ན། ཏ་ཐཱ་ག་ཏ་མ་ནུ་སྨར། སྨྲ་ར་སྨྲ་ར། སརྦ་ཏ་ཐཱ་ག་ཏཱ་སཏྱ་མ་ནུ་སྨྲ་ར། དྷརྨ་སཏྱ་མ་ནུ་སྨྲ་ར། སང་གྷ་སཏྱ་མ་ནུ་སྨྲ་ར། ད་ཏ་ད་ཏ། པཱུ་ར་པཱུ་ར་ཡ། པཱུ་ར་ཡ། པུ་ར་ཎི། བྷ་ར་བྷ་ར་ནི། ཨ་མ་ལེ། སུ་མང་ག་ལེ། ཤཱན་ཏ་མ་ཏི། ཤུ་བཱ་མ་ཏི། མང་ག་ལ་བྷ་ནི། མ་ཧཱ་མ་ཏི། མ་ཧཱ་མ་ཏི། བྷ་དྲ་བ་ཏི། བྷ་བ་ཏི། སུ་ཙན་དྲ་མ་ཏི། ཨཱ་གཙྪ། ཨཱ་གཙྪ། ས་མ་ཡ་མ་ནུ་སྨྲ་ར་སཝཱ་ཧཱ། ཨ་བ་ར་ཎི་མ་ནུ་སྨྲ་ར་སཝཱ་ཧཱ། པྲ་བྷ་བ་མ་ནུ་སྨྲ་ར་སཝཱ་ཧཱ། དཱི་དཱི་མ་ནུ་སྨྲ་ར་སཝཱ་ཧཱ། ཏེ་ཛ་མ་ནུ་སྨྲ་ར་སཝཱ་ཧཱ། བི་ཛ་ཡ་མ་ནུ་སྨྲ་ར་སཝཱ་ཧཱ། ཧྲྀ་ད་ཡ་མ་ནུ་སྨྲ་ར་སཝཱ་ཧཱ། སརྦ་སཏྭ་བི་ན་ཡ་མ་ནུ་སྨྲ་ར་སཝཱ་ཧཱ། ཨོཾ་བ་སུ་དྷཱ་རེ་སཝཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སཝཱ་ཧཱ། ཨོཾ་ཤྲི་བ་སུ་སཝཱ་ཧཱ། ཨོཾ་བ་སུ་སཝཱ་ཧཱ། རིགས་ཀྱི་བུ་འདི་ནི
98.220a
ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་གཟུངས་སྔགས་འདིའི་མཐུས་མུ་གེ་དང ། ནད་དང ། འཆི་ངས་འབྱུང་བར་མི་འགྱུར་རོ། །རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་དུ་འགྱུར་རོ། །རྒྱས་པའི་དོན་དུ་བདག་གི་ཁྱིམ་འམ། གཞན་གྱི་ཁྱིམ་འམ། གནས་གཙང་མ་བང་མཛོད་དམ། གནས་གང་དུ་ཡང་རུང་བར་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐཾད་དང ། གསང་སྔགས་ཀྱི་ལྷའི་ཕྱིར་ཙན་དན་གྱིས་དཀྱིལ་འཁོར་གྲུ་བཞིར་བྱས་ཏེ། ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་བུ་དང ། འབྲུ་དང ། གསེར་དངུལ་དང ། ཡོ་བྱད་ཐཾད་ཀྱི་རྒྱུན་མི་ཆེན་པོའི་མཚན་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང ། གནོད་པ་ཐཾད་ཀྱང་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རབ་ཏུ་བསྒྲིབས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུང་ཞིང ། ཆོང་ཤིག་།ལྷོག་ཤིག་།སྟོན་ཅིག་།གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་ཅིག་དང ། དེ་ཁྱོད་ཀྱི་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར་རོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཁྱིམ་བདག་ཟླ་བ་བཟང་པོས་བཅྡོཾས་ལས་ནོར་གྱི་རྒྱུན་གྱི་གཟུངས་འདི་ཐོས་ནས་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང ། ཡིད་བདེ་བ་སྐྱེས་ཏེ། བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅྡོཾས་བདག་གིས་ནོར་གྱི་རྒྱུན་ཅེས་བགྱི་བ་བླངས་ལགས།
98.220b
གཟུངསུ་ཟིན་ལགས། བཟུང་ལགས། ཀླགས་ལགས། ཀུན་ཆུབ་པར་བགྱིས་ལགས། རྗེསུ་ཡི་བར་བགྱིས་ལགས་ཏེ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱི་ལགས་སོ། །དེའི་སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་པོའི་བང་མཛོད་རྣམས་ཡོངསུ་གང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ནོར་དང ། འབྲུས་ཡོངས་སུ་གང་བ་ཕུན་སུམ་ཚོགས་པ་དང ། མཛོད་ཆེན་པོ་དང ། བང་མཛོད་ཡོངས་སུ་གང་བ་རྣམས་ལ་ལྟོས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀོའུ་ཤམ་བིའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང ། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ག་ལ་བ་དེར་སོང་ཏེ་ཕྱིན་ནས་ནང་དུ་ཞུགས་པ་དང ། ནོར་དང ། འབྲུས་ཡོངསུ་གང་བ་ཕུན་སུམ་ཚོགས་པ་དང ། རིན་པོ་ཆེ་ཕུན་སུམ་ཚོགས་པ་དང ། ཡོ་བྱད་ཐམས་ཅད་ཀྱི་མཛོད་ཆེན་པོ་དང ། བང་མཛོད་རྣམས་ཀྱང་ཡོངསུ་གང་བར་མཐོང་ངོ ། །མཐོང་ནས་ཀྱང་ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རང་ཏེ་རབ་ཏུ་དགའ་བ་དང ། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡ་མཚན་དུ་འཛིན་ཅིང ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་བ་མཛོད་ཆེན་པོ་དང །
98.221a
བང་མཛོད་རྣམས་ཀྱང་ནོར་དང་འབྲུ་ཕུན་སུམ་ཚོགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ཅིང་དགེ་བའི་བསམ་པ་ཅན་དེས་ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང་ཞིང་རབ་ཏུ་བཏོན་ཏེ། བླངས་ཤིང ། ཀླགས། ཀུན་ཆུབ་པར་བྱས། རྗེསུ་ཡི་རང་བར་བྱས་ཤིང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་རོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཀྱང་ནོར་གྱི་གཟུངས་འདི་ལོང་ཞིག ། ཆོངས་ཤིག་ལྷོགས་ཤིག་སྟོན་ཞིག་།ཟུང་ཞིག་།ཀུན་ཆུབ་པར་གྱིས་ཤིག་།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཞིག་དང ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང ། མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བར་འགྱུར་རོ། །ཀུན་དགའ་བོ་སུ་ཞིག་རིག་སྔགས་འདི་ལས་གཞན་དུ་སྨྲ་བ་ནི་ལྷ་དང་བཅས་པ་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་ངོ ། །ལན་གཉིས་སུ་བཏོན་ཏམ། ལན་གསུམ་དུ་བཏོན་ཀྱང་འགལ་བར་བྱེད་པ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནི་མི་ཕྱེད་པ་ཡིན་ནོ། །ཀུན་དགའ་བོ་འདི་དག་ནི་སེམས་ཅན་དགེ་བའི་རྩ་བ་ཟད་པ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་ན་གླེགས་བམ་ལ་ཡི་གེར་བྲི་བ་དང ། ཡིད་ལ་གཟུང་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐཾད་ཀྱིས་བཀའ
98.221b
སྩལ་ཏེ། གཟུངས་སྔགས་འདི་ནི་སེམས་ཅན་དབུལ་པོ་དང ། ནད་སྣ་ཚོགས་ཀྱིས་གཟིར་བ་དང ། འཇིགས་པ་དང ། སེམས་ཅན་སྡང་བས་གནོད་པར་བྱས་པ་ཐཾད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐཾད་ཀྱིས་གསུངས་པ་དང ། བཤད་པ་དང ། རྗེསུ་ཡི་རང་བ་དང ། རབ་ཏུ་ཕྱེ་བ་དང ། བསྔགས་པ་དང ། བཀྲོལ་བ་དང ། གསལ་བར་མཛད་པ་དང ། བསྐྱེད་པ་དང ། བྱིན་གྱིས་བརླབས་པ་དང ། ཆོས་ཀྱི་ཕྱག་རྒྱས་བཏབ་པ་དང ། བསྟོད་པ་དང ། སྙན་པར་བརྗོད་པ་དང ། གོ་བར་མཛད་པ་དང ། བསྙད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། དེའི་ཚེ་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངྱས་བཅྡོཾས་བསཾ་གྱིས་མི་ཁྱབ་སྟེ། །སངྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས། །བསཾ་གྱིས་མི་ཁྱབ་པ་ལ་དད་རྣམས་ཀྱིས། །རྣམ་པར་སྨིན་པ་འང་བསཾ་གྱིས་མི་ཁྱབ་ལགས་ཞི་བ་ཅི་ཡང་མཁྱེན་པ་ཐཾད་མཁྱེན། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཡེ་ཤེས་ཕ་རོལ་བགྲོད་པར་ཕྱིན་གྱུར་པ། །སངས་རྒྱས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅྡོཾས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་བཅྡོཾས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ་ཞེས་བྱ་བར་ཟུང་ཤིག་།ནོར་དང ། འབྲུ་དང ། རིན་པོ་ཆེ་ཐཾད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུང་ཤིག་།དེ་བཞིན་གཤེགས་པ་ཐཾད་ཀྱིས་སྔགས་པ་ནོར་གྱི་རྒྱུན་གྱི
98.222a
གཟུངས་ཞེས་བྱ་བར་ཡང་ཟུང་ཞིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅྡོཾས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། ་རྫོགས་སྷོ།།