rKTs


J72b

(e-text produced by ADARSHA)

see text in transliteration
50.180a
གླེགས་བམ་འདིའི་འཆོས་ཡི་གེ་རེ་རེ་ནས་ལེགས་པར་བཅོས། ཁྱད་པར་ཏུ་དབུ་བ་ཞེས་པ་ཝུ་བར་བསྒྱུར་འདུག་པ་དང་དངངས་སྐྲག་གི་དངངས་འདིས་སྔངས་སུ་བསྒྱུར་བ་ལ་སོགས་པ། སྡེབ་སྦྱོར་མདོ་དང་ལེགས་བཤད་ཀྱི་བསྟན་བཅོས་རྣམས་ལས་མ་གྲགས་པ་མང་པོ་ཕྱིས་ཀྱི་ཞུས་དག་པར་རློམ་པ་རྣམས་ཀྱིས་མ་དག་པར་བློ་བཟོ་བྱས་ནས་བྲི་གསུབ་བྱས་འདུག་པ་རྣམས་ཁོ་བོས་ལེགས་པར། སྔར་གྱི་མདོ་མང་པོ་དང ། ལེགས་བཤད་ལས་འབྱུང་བ་མང་པོ་དང་བསྟུན་ནས་གཏན་ལ་ཕབ་པ། ད་ཕྱིར་ཅད་སུས་ཀྱང་མི་བཅོས་པར་བཞག་གོ། །ཡི་གེ་མ་ཚང་བ་དང་ཉམ་པ་རྣམས་ཀྱང་གསོས་སོ། །དགེ་བ་འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག ། །།